CLOSE WINDOW

N1555: bstan pa'i nor thams cad pa zhes bya ba'i sgrub pa'i thabs
Wyliee-texts based on the ACIP/ALL Input

འོད་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པུ་ཎྱ་ཀཱི་རྟི་དང། བོད་ཀྱི་དགེ་སློང་བསོད་ནམས་རྒྱལ་བས་བརྒྱར་བའོ།། །།*། །བསྟན་པའི་ནོར་ཐམས་ཅད་པ་ཞེས་བྱ་བའི ་སྒྲུབ་ཐབས་པཎྜི་ཏ་རཏན་རཀྵི་ཏས་མཛད་པའོ།། །།*། །རྒྱ་གར་སྐད་དུ། སཱ་ས་ན་སརྦ་ཀ་སྭ་སཱ་དྷ་ན་ནཱ་མ། བོད་སྐད་དུ། བསྟན་པའི་ནོར་ཐམས་ཅད་པ་ཞེས་བྱ་བའི་སྒྲུབ་པའི་ཐབས། །དཔལ་འཇམ་པའི་རྡོ་རྗེ་ལ་ཕྱག ་འཚལ་ལོ། །སངས་རྒྱས་བསྟན་པ་བདུད་རྩི་ཡི། །རྒྱ་མཚོ་གཏིང་མཛའ་མེད་པ་ལ། །ནོར་ལྡན་རྣམས་ནི་གཞུག་པའི་ཕྱིར། །གོ་རིམས་བཞིན་དུ་བརྗོད་པར་བྱ། །གཽ་ཏ་མའི་བསྟན་ལ་དང། །གལ་ཏེ་རིགས་ཀྱི་བུ་འོངས་ན། །དང ་པོ་གསུམ་ལ་སྐྱབས་འགྲོ་སྦྱིན། །དེ་ཡི་རྗེས་ལ་བྱང་ཆུབ་སེམས། །དེ་ལ་འདི་ནི་སྐྱབས་སུ་འགྲོ་བ་མངོན་དུ་སོང་བའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་གའོ། །དུས་བཟང་པོ་ལ་དད་པ་དང་ལྡན་པའི་རིགས་ཀྱི་བུས་གཙང་བ་དང་གཙང་བའི ་གོས་ཀྱིས་ཡིད་དུ་འོང་བའི་ས་ཕྱོགས་སུ་དེ་བཞིན་གཤེགས་པའི་སྐུ་གཟུགས་རབ་ཏུ་མཆོད་ནས་དེའི་མདུན་དུ་དཀོན་མཆོག་གསུམ་དང་བླ་མ་ལ་དཀྱིལ་འཁོར་རྣམས་བྱས་ཏེ། ཇི་ལྟར་སྲིད་པའི་མེ་ཏོག་ལ་སོགས་པའི་རབ་ཏུ་སྦྱིན ་པ་སྔོན་དུ་སོང་བས་དཀོན་མཆོག་གསུམ་རྣམས་ལ་ཕྱག་བྱས་ཏེ། ཇི་ལྟར་དེ་ལྟར་ནུས་པས་རབ་ཏུ་མཆོད་ནས་བླ་མ་མཁས་པ་སྙིང་རྗེ་ཅན་ལ་ཡོན་ཕུལ་ནས་མེ་ཏོག་སྙིང་པ་སྔོན་དུ་འགྲོ་བས་ཞབས་གཉིས་ལ་གཏུགས་ཏེ། བུས་མེའི ་ལྷ་དང་བཙུགས་པ་འམ། ཙོག་ཙོག་པོས་ཐལ་མོ་སྤྱར་ནས་གནས་ཏེ་ལན་གསུམ་དུ་གསོལ་བ་གདབ་པར་བྱའོ། །དགེ་བའི་བཤེས་གཉེན་གྱིས་གསུམ་ལ་སྐྱབས་སུ་འགྲོ་བ་དང། བྱང་ཆུབ་ཀྱི་སེམས་ཀྱང་བདག་ལ་གསོལ་ཞེས་སོ། །ངེ་ནས? ་བླ་མས་ལྷག་པའི་བསམས་པས་རབ་ཏུ་ཞུགས་པའི་སློབ་མ་ལ་བལྟས་ཏེ། ཅི་ནུས་པས་སྦྱིན་པར་བྱའོ་ཞེས་སོ། །ཁས་བླངས་པ་སྔོན་དུ་སོང་བས་འདི་ལྟར་སྦྱིན་པར་བྱའོ། །ཚེ་དང་ལྡན་པ་ཁྱོད་ཀྱིས་འདི་སྐད་སྨྲོས་ཤིག་།ཕྱོགས་བཅུའི ་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་གང་ཅུང་ཟད ་ལུས་དང་ངག་དང་ཡིད་རྣམས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཕ་མ་གཉིས་དང། དེ་ལས་གཞན་པའི་སེམས་ཅན་གཞན་དག་ལ་ཡང་བསྟེན་ནས་སྐྱེ་བ་འདི་དང་སྐྱེ་བ་གཞན་དག་གམ་སྲིད་པ་བར་མ་རྣམས་སུ ་བདག་གིས་སྡིག་པའི་ལས་བགྱིས་པ་དང། བགྱིད་དུ་སྩལ་བ་དང། རྗེས་སུ་ཡི་རང་བ་ཡང་རུང། དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཤིང་མཉམ་པར་ཟླུམས་ཏེ། སྡོམ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་སློབ་དཔོན་གྱི ་མདུན་དུ་མཆོག་ཏུ་རབ་ཏུ་གཤགས་པས་བཤགས་པར་བགྱིའོ། །ཤེས་བཞིན་དྲན་པ་ན་རབ་ཏུ་མི་འཆེའོ། །འདི་ལྟར་ལན་གསུམ་དུ་འོ། །བདག་མིང་འདི་ཞེས་བགྱི་བས་འདི་ལྟར་སྡིག་པ་བཤགས་ནས་ཉི་མ་འདི་ནས་བཟུང་སྟེ། སྙིང ་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ཅན་ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས་པ་འཇིགས་པ་མི་ཟད་པ་ཐམས་ཅད་ལས་འདས་པ། སྐྱེས་བུ་ཆེན་པོ་མི་ཕྱེད་པའི་སྐུ། །བླ་མ་མེད ་པའི་སྐུ་ཆོས་ཀྱི་སྐུ་རྐང་གཉིས་རྣམས་ཀྱི་མཆོག་ལ་སྐྱབས་སུ་མཆིའོ། །བདག་མིང་འདི་ཞེས་བགྱི་བས་འདི་ལྟར་སྡིག་པ་བཤགས་ནས་ཉི་མ་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཞིས ་འདོད་ཆགས་དང་བྲལ་བའི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །བདག་མིང་འདི་ཞེས་བགྱི་བས་འདི་ལྟར་སྡིག་པ་བཤགས་ནས་ཉི་མ་འདི་ནས་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་ཚོགས་རྣམས་ཀྱི་མཆོག་ཕྱིར་མི་ལྡོག ་པའི་བྱང་ཆུབ་སེམས་དཔའ་ཨི་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་མིང་འདི་ཞེས་བགྱི་བ་འདི་ལྟར་སྡིག་པ་བཤགས་པ་དང་གསུམ་ལ་སྐྱབས་སུ་མཆིས་ནས། སེམས་ཅན་གྱི་ཁམས་མཛའ་མེད་པ་རྣམས་བསྒྲལ་བའི་ཆེད་དང། དབྱུང ་པའི་ཕྱིར་དང། འཁོར་བའི་སྡུག་བསྔལ་ལས་ཡོངས་སུ་བསྐྱབ་པའི་དོན་དང། ཐམས་ཅད་མཁྱེན་པའི་ཡེ་ཤེས་བླ་ན་མེད་པ་ལ་བཞག་པའི་ཕྱིར། ཇི་ལྟར་འདས་པ་དང། མ་བྱོན་པ་དང་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ ་རྣམས?་ཀྱིས་བྱང་ཆུབ་ཏུ་སེམས་སྐྱེད་ནས་སངས་རྒྱས་ཉིད་རྟོགས་པར་གྱུར་པ་དང་རྟོགས་པ་དང། རྟོགས་པར་འགྱུར་བ་དང་ཇི་ལྟར་སངས་རྒྱས་ཐམས་ཅད་སྒྲིབ་པ་དང་བྲལ་བའི་སངས་རྒྱས་ཀྱི་ཡེ་ཤེས་དང་སངས་རྒྱས་ཀྱི ་སྤྱན་གྱིས་གཟིགས་ཤིང་མཁྱེན་པ་དང། ཇི་ལྟར་ཆོས་རྣམས་ཀྱི་ཆོས་ཉིད་མཁྱེན་ཅིང་མཁྱེན་པའི་ཆོ་ག་དེས་བདག་མིང་འདི་ཞེས་བགྱི་བ། །སློབ་དཔོན་མཚན་འདི་ཞེས་བྱ་བའི་མདུན་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི ་ཐམས་ཅད་ཀྱི་མདུན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །འདི་ལྟར་ལན་གསུམ་དུའོ། །དེ་ནས་གལ་ཏེ་འདོད་ན་དགེ་བསྙེན་གྱི་སྡོམ་པ་སྦྱིན་ནོ། །གསུམ་ལ་སྐྱབས་སུ་འགྲོ་བ་སྔོན ་དུ་སོང་བའི་སློབ་མ་ལྔ་འཛིན་པ་ནི་དགེ་བསྙེན་གྱི་སྡོམ་པའོ། །དེ་ཡང་སྔར་གསོལ་བ་བཏབ་པ་དང་ལྡན་པ་སྐྱབས་སུ་སོང་བ་ལ་འདི་ལྟར་སྦྱིན་པར་བྱའོ། །ཚེ་དང་ལྡན་པ་ཁྱོད་འདི་སྐད་སྨྲོས་ཤིག་།སློབ་དཔོན་དགོངས་སུ་གསོལ་ཇི་ལྟར་འབབས ་པ་དགྲ་བཅོམ་པ་དེ་རྣམས་ཀྱིས་ཇི་སྲིད་འཆི་བའི་བར་དུ་ཐ་ན་སྲིན་བུ་གྲོག་མོ་ཡང་ཉེ་བར་བཟུང་སྟེ། སེམས་ཅན་ཐམས་ཅད་ལ་ངོ་ཚ་དང་སྙིང་རྗེ་དང་ལྡན་པས་སྲོག་གཅོད་པ་སྤངས་པ་དང། སྲོག་གཅོད་པ་ལས་སླར་ལོག་པ་དང་དབྱུག་པ་སྤངས ་པ་དང་མཚོན་ཆ་སྤངས་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བས་ཀྱང་ཐ་མ་སྲིན་བུ་གྲོག་མོ་ཡང་ཉེ་བར་བཟུང་སྟེ། སེམས་ཅན་ངོ་ཚ་དང་སྙིང་རྗེ་དང་ལྡན་པས་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལོག་པ་དང་དབྱུག་པ་སྤངས ་པ་དང། མཚོན་ཆ་སྤངས་པར་བགྱིའོ། །ཡན་ལག་དང་པོ་འདིས་འཕགས་པ་དགྲ་བཅོམ་པ་དེ་རྣམས་ཀྱི་བསླབ་པ་ལ་རྗེས་སུ་སློབ་པོ་རྗེས་སུ་སྒྲུབ་པོ་རྗེས་སུ་བགྱིད་དོ། །གཞན་ཡང་སླར་ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་རྣམས་ཀྱིས་ཇི ་སྲིད་མཚོའི་དང?་དུམ་ཕྱིན་པར་ལེན་པ་དང། འདོད་པས་ལོག་པར་གཡེམ་པ་དང། རྫུན་དུ་སྨྲ་བ་དང། འབྲུའི་ཆིང་མྱོས་པར་འགྱུར་བའི་གནས་སྤངས་ཤིང་མྱོས་པར་འགྱུར་བའི་གནས་ལས་སླར་ཡོག་པ་དེ་བཞིན་དུ་མིང་འདི་ཞེས་བགྱི་བ ་ཉི་མ་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་འདོད་པས་ལོག་པར་གཡེམ་པ་དང་རྫུན་དུ་སྨྲ་བ་དང་འབྲུའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤངས་ཤིང། འབྲུའི་ཆང་མྱོས་པར་འགྱུར་བའི་གནས ་ལས་སླར་ལོག་བར་བགྱིའོ། །ཡན་ལག་ལྔ་པ་འདིས་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་བསྒྲུབ་བོ། །རྗེས་སུ་བགྱིད་དོ། །བདག་ནི་སློབ་དཔོན་གྱིས་དགེ་བསྙེན་དུ་བཟུང་དུ་གསོལ། ། ་དེ་བཞིན་དུ་ལན་གཉིས་ལན་གསུམ་མོ། །དེ་བཞིན་དུ་གལ་ཏེ་གསོ་སྦྱོང་ལེན་པར་འདོད་ན་དེའི་ཚེ་གོ་མིའི་སྡོམ་པ་སྦྱིན་པར་བྱའོ། །སྐྱབས་སུ་འགྲོ་བ་སྔོན་དུ་སོང་བའི་བསླབ་པ་བརྒྱད་འཛིན་པ་ནི་གོ་མིའི་སྡོམ ་པའོ། །དེ་ཡང་གསོལ་བ་བཏབ་པ་དང་ལྡན་པ་གསུམ་ལ་སྐྱབས་སུ་འགྲོ་བ་སྔོན་དུ་སོང་བ་ལ་འདི་ལྟར་སྦྱིན་པར་བྱའོ། །ཚེ་དང་ལྡན་པ་ཁྱོད་ཀྱིས་འདི་སྐད་སྨྲོས་ཤོག་།བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་ཕྱིས་ཀྱི་མཚན ་མོའི་ཉི་མ་ཤར་བ་ལ་ཐུག་པ་དེ་སྲིད་དུ། སྲོག་གཅོད་ཀུན་དང་གཞན་གྱི་ནོར་འཕྲོག་དེ་བཞིན་མི་ཚངས་སྤྱོད། །ཕྲ་བརྫུན་དགའ་བ་སྐྱེད་བྱེད་ཆང་དང་དུས་མ་ཡིན་པའི་ཟས། །ཕྲེང་བ་ཚན་རྩི་གླུ་གར་རོལ་པ་ཁྲི་སྟན་ཆེན་པོ་དག་། ་བདག་ནི་དེ་རིང་སྤོང་བྱེད་དགྲ་བཅོམ་ཞུགས་པའི་ཡོན་ཏན་བརྒྱད། །དེ་བཞིན་དུ་ལན་གསུམ། །དེ་ནས་གཞན་ཡོང་དགེ་ཚུལ་གྱི་སྡོམ་པ་དང། དགེ་སློང་གི་སྡོམ་པ་དང། བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་དང། སྔགས་ཀྱི་ཚུལ་ལ་རྡོ་རྗེ་སེམས ་དཔའ་ཨི་སྡོམ་པ་ཡང་ཡོང་དེ། དེ་ཡང་སྦྱོར་བ་ཇི་ལྟ་བ་བཞིན་མོས་པ་ཇི་ལྟ་བ་བཞིན་དང། སྐབས་ཇི་ལྟ་བ་བཞིན་དང། ཆོ་ག་ཇི་ལྟ་བ་བཞིན་དུ་བླང་བར་བྱ་སྟེ། དེ་འདིར་མ་བསྟན་ཏེ་ཐུན་མོང་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་ལ་སྲོག ་གཅོད་པ་དང་མ་བྱིན་པར་ལེན་པ་དང། མི་ཚངས་པར་སྤྱོད་པ་དང། རྫུན་དུ་སྨྲ་བ་དང། འབྲུའི་ཆང་བག་མེད་པའི་གནས་དང། དུས་མ་ཡིན་པའི་ཟས་དང། གར་ལ་སོགས་པ་དང། ཕྲེང་བ་ལ་སོགས་པ་དང། ཁྲི་སྟན་ཆེན་པོ་དང། ་ཁྲི་སྟན་མཐོན་པོ་དད་གསེར་ལ་སོགས་པ་སྟེ་འདི་དག་སྤོང་ང་ན་དགེ་ཚུལ་གྱི་བསླབ་པའི་གནས་བཅུའོ། །དེ་བཞིན་ཕམ་པ་རྣམས་དང། དགེ་འདུན་གྱི་ལྷག་མ་རྣམས་དང། ལྟུང་བྱེད་རྣམས་དང་སོ་སོར་བཤགས་པར་བྱ་བ་དང། ཉེས་བྱ ་རྣམས་དེ་ལྟུང་བ་སྡེ་ལྔ་ནི་དགེ་སློང་རྣམས་ཀྱིའོ། །ཕམ་པ་དང། ཉེས་བྱས་ཏེ་ལྷུང་བ་སྡེ་གཉིས་ནི་བྱང་ཆུབ་སེམས་དཔའ་ཨི་སྡོམ་ཅན་གྱིའོ། །ཕམ་པ་རྣམས་དང་དགེ་འདུན་གྱི་ལྷག་མ་རྣམས་ཤེས་པ་ནི་རྩ་བའི་ལྟུང་བ་དང། ལྟུང་བ་སྦོམ་པོའི་སྒྲས ་བརྗོད་དེ། ལྟུང་བ་དེ་གཉིས་ནི་རྡོ་རྗེ་སེམས་དཔའ་ཨི་སྡོམ་པ་ཅན་གྱིའོ། །དེ་ལ་བླ་མ་ལ་བརྙས་པ་དང། དེ་བཞིན་གཤེགས་པའི་བཀའ་ལས་འདས་པ་དང་ཞེ་སྡང་གིས་རྡོ་རྗེ་སྤུན་གྱི་ཉེས་པ་བརྗོད་པ་དང། བྱམས་པ་སྤོང་བ་དང། བྱང་ཆུབ་ཀྱི་སེམས ་སྤོང་བ་དང། ཐེག་པ་གསུམ་ལ་སྨོང་པ་དང་ཡོངས་སུམ་སྨིན་པ་ལ་གསང་བསྒྲོགས་པ་དང། དེ་བཞིན་གཤེགས་པའི་བདག་ཉིད་ཕུང་པོ་ལྔ་སྨོད་པ་དང། ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པ་ལ་ཐེ་ཚོམ་ཟ་བ་དང། སྡང་བ་ལ་བྱམས ་པ་དང། ཆོས་ཐམས་ཅད་ཐོག་མ་དང་ཐ་མས་སྟོང་པ་ལ་ཐོག་མ་དང་ཐ་མར་རྟོག་པ་དང། དང་པ་དང་ལྡན་པའི་སེམས་རབ་ཏུ་སུན་འབྱིན་པ་དང་ཇི་ལྟར་རྙེད་པའི་དམ་ཚིག་མི་བསྟེན་པ་དང། བུད་མེད་ལ་སྨོད་པ་ཞེས་བྱ་སྟེ་རྩ་བའི་ལྟུང་བ་བཅུ་བཞིའོ ་དེ་བཞིན་དུ་སྟོབས་ཀྱིས་རྣལ་འབྱོར་མ་ལེན་པ་དང། སྟོབས་ཀྱིས་དེའི་བྱང་ཆུབ་ཀྱི་སེམས་ལེན་པ་དང། གསང་བ་མི་སྦེད་པ་དང། དམ་ཚིག་ལ་རྩོད་པ་དང། དད་པ་དང་ལྡན་པ་ལ་ཆོས་ལོག་པར་སྟོན་པ་དང། ཉན་ཐོས་ཀྱི་ཐེག་པ་ལ་ཞུགས ་པ་དང་ཞག་བདུན་དུ་ལྷན་ཅིག་གནས་པ་དང་རྣལ་འབྱོར་མི་ཤེས་པར་རྣལ་འབྱོར་པ་ཉིད་དུ་བརྒྱལ་བ་དང། དད་པ་དང་མི་ལྡན་པ་ལ་ཆོས་སྟོན་པ་ཞེས་པ་སྟེ། ལྟུང་བ་སྦོམ་པོ་བརྒྱད་དོ། །རྡོ་རྗེ་སེམས་དཔའ་ཨི་སྡོམ་པ་ལ་མོས་ནས་གནས་པ ་དེས་ཡོངས་སུ་ཀུན་ཏུ་སྤང་པར་བྱའོ། །སླར་ཡང་གཉིས་སུ་མེད་པའི་གནས་སྐབས་མངོན་སུམ་དུ་མ་བྱས་པའི་གནས་སྐབས་སུ་ལྷན་ཅིག་སྐྱེས་པ་བསམ་གྱིས་མི་ཁྱབ་པའི་རྣལ་འབྱོར་ལ་རེ་ནས་སྤྱོད་པ་ཅི་ཡང་རུང་ནང་རུས་པའི་རྨ་ལྡན་བཞིན་དུ་ཕྱི་རོལ་གྱི ་འགྱིད་གིས་གནས་པར་མི་བྱའོ། །གང་ཞིག་རིགས་མི་ལྡན་པ་ལ་སོགས་པས་སྡོམ་པ་གཅིག་ཀྱང་ཉེ་བར་ལེན་པར་མི་ནུས་པ་དེས་ཀྱང་གཞི་རྣམས་ལས་གཉིས་སམ་གཅིག་ཀྱང་རུང་བའི་བསླབ་པའི་གནས་ལ ་བསླབ་པར་བྱའོ། །དེ་ཡང་མི་ནུས་ན་སྐྱབས་སུ་འགྲོ་བ་སྔོན་དུ་སོང་བའི་བྱང་ཆུབ་ཀྱི་སེམས་དཔའ་ཙམ་འདི་ལ་སྦྱིན་པར་བྱའོ། །དེ་ཡང་དགེ་བསྙེན་དང་བྱང་ཆུབ་སེམས་དཔའ་ཡང་མཆོག་ཏུ་སྐྱབས་སུ་འགྲོ་བ་འདི་ཙམ་གྱི་ཕྱིར་རོ། །སྨོན་པ ་བྱང་ཆུབ་ཀྱི་སེམས་ཙམ་གྱི་ཕྱིར་འགྲོ་བ་ལས་རྒྱལ་བ་ལ་མི་དམན་པ་ཉིད་ཀྱི་ཕྱིར་རོ། །སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་སྡོམ་པའི་ཆོ་གའི་རབ་ཏུ་དབྱེ་བ་སྟེ་དང་པོའོ།། །། ་ལྷག་པའི་བསམ་པ་ལ་རབ་ཏུ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྟག་ཏུ་བཅོམ་ལྡན་འདས་ཀྱིས་མཆོད་པ་བྱ་བར་འོས་པས་མཆོད་པའི་ཆོག་བཤད་པར་བྱའོ། །ནང་བར་སྔར་ལངས་ནས་སམ་ཇི་ལྟར་སྐབས་ཡོད་པ ་ཡང་རུང། ཡིད་དུ་འོང་བའི་མ་ཕྱོགས་གཙང་སྦྲ་བྱས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་སྐུ་དང་ཐད་ཀ་དང། བོ་ཏི་རྣམས་དང་གཞན་ཡང་རུང། ཁྲུས་བྱ་བར་འོས་པ་འཆད་པར་འགྱུར་བའི་སྔགས་ཀྱིས་ཁྲུས་བྱས་ལ་རྨ་བྱའི ་རླུང་ཡབ་ལ་སོགས་པས་རྡུལ་བྱ་བས་ཏེ། ཇི་ལྟར་རྙད་པའི་ན་བཟའ་དང་དྲི་དང་རྒྱན་དང་མེ་ཏོག་ལ་སོགས་པས་རྩཝའི་རྩེ་མོའི་ཆུའི་ཚད་ཙམ་གྱིས་ཀྱང་འཆད་པར་འགྱུར་བའི་སྔགས་ཀྱིས་བྱིན་གྱིས་བརླབས་ལ་རབ་ཏུ་མཆོད་པར་བྱའོ། །དེ་ལ ་འདི་ནི་ཁྲུས་ཀྱི་སྔགས་ཏེ། ཨོཾ་ཨཱ(རྒྱུད་འགྲེལ་ལཾ་ཀ་རེ་སྭཱཧཱ་ཧཱུཾ། ཨོཾ་ཨཱ(རྒྱུད་འགྲེལ་མེད་ན་ཕྱོགས་བཅུ་དུས་གསུམ་དུ་བྱུང་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་དམིགས་ལ་གང་ཅུང་ཟད་འཆད་པར་འགྱུར་བའི་སྔགས་ཀྱིས་བྱིན་གྱིས་བརླབས་ལ་ལྕི་བ་ལ་སོགས་པས་བྱས་ཏེ། འཆད་པར་འགྱུར་བའི་སྔགས་ཀྱིས ་དཀྱིལ་འཁོར་བྱིན་གྱིས་བརླབ་བོ། །དེ་ལ་འདི་ནིས་གཞི་བྱིན་གྱིས་བརླབ་པའི་སྔགས་ཏེ། ཨོཾ་ཨཱ(རྒྱུད་འགྲེལ་བསྡུ:?་མཾ་པྲ་བར་སད་ཀ་ར་ཨརྒཾ་པྲ་ཏཱིཙྪ་སྭཱཧཱ་ཧཱུཾ། དེ་ལ་ཡང་དཀྱིལ་འཁོར་བའི་རང་གི་སྙིང་ན་གནས་པའི་དབྱངས་ཡིག་དང་པོ་དཀར་པོ་ཡོངས་སུ་གྱུར་པའི་ནང་ཟླ་བའི་དཀྱིལ་གྱི་དབུས་སུ་གནས་པ་གུར་གུམ་ལྟར་དམར་པའི་མཾ་ཡིག་གི་ས་བོན་ལས་འོད་ཟེར ་འཕྲོས་པས་ཐོགས་མ་མེད་པ་ནས་གྲུབ་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་བདག་ཉིད་འཇམ་དཔལ་རྡོ་རྗེ་གཙོ་བོར་གྱུར་པའི་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་འཁོར་ལོ་བཀུག་སྟེ། དེར་གནས་པ་དེ་རྣམས་ཀྱི་གནས་དང་མཚན་དང་ཁ་དོག་དང ་ཕྱག་མཚན་དང་ས་བོན་རྣམས་མངོན་དུ་བྱའོ། །དེ་ལ་རྩ་བ་གཅིག་ལ་ཡལ་ག་བཅུ་དགུ་བའི་སྣ་ཚོགས་པདྨ་ལ་མགོན་པོ་དང་བཅས་པའི་ལྷ་རྣམས་ཀྱི་གནས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་རྣམ་པར་བཀྲ་བའི་གཞལ་ཡས་ཁང་གི་དབུས་སུ་པདྨ་དང ་ཟླ་བའི་དཀྱིལ་འཁོར་ལ་འཇམ་དཔལ་རྡོ་རྗེ་གུར་གུམ་ལྟར་དམར་བ་རལ་གྲི་ནག་པོ་དང་མདའ་དམར་པོ་དང་ཨུཏཔ་ལ་སྔོན་པོ་དང་གཞུ་དམར་པོ་འཛིན་པ་གུར་གུམ་དམར་པོ་ལྟ་བུའི་མཾ་ཡིག་ནི་ས་བོན་ནོ། །དེའི་དབུ་ལ་མི་བསྐྱོད་པ་ནག་པོ་རྡོ་རྗེ་རྩེ་ལྔ་བ་ནས ་པོ་འཛིན་པ་ཧཱུཾ་ཡིག་ནག་པོ་ནི་ས་བོན་ནོ། །མདུན་དུ་རྣམ་པར་སྣང་མཛད་དཀར་པོ་འཁོར་ལོ་རྩིབས་བརྒྱད་པ་འཛིན་པ་བྲུཾ་ཡིག་དཀར་པོ་ནི་ས་བོན་ནོ། །གཡས་སུ་རིན་ཆེན་འབྱུང་ལྡན་སེར་པོ་མར་ག་ཏ་རིན་པོ་ཆེ་ཟུར་དགུ་ལ། ་ལྗང་གུ་འཛིན་པ་ཨ་ཡིག་ས་བོན་ནོ། །ནུབ་ཕྱོགས་སུ་སྣང་བ་མཛའ་ཡས་དམར་པོ་པདྨ་འཛིན་པ་ཛྲིཾ་ཡིག་དམར་པོ་ནི་ས་བོན་ནོ། །བྱང་ཕྱོགས་སུ་དོན་ཡོད་གྲུབ་པ་ལྗང་གུ་རལ་གྲི་ནག་པོ་འཛིན་པ་ཁཾ་ཡིག་ལྗང་གུ་ནི་ས་བོན་ནོ། །མེའི་མཚམས་སུ་ནི་སྤྱན ་མ་དཀར་མོ་འཁོར་ལོ་དཀར་པོ་འཛིན་པ་ལཾ་ཡིག་དཀར་པོ་ནི་ས་བོན་ནོ། །སྲིན་པོའི་མཚམས་སུ་མཱ་མ་ཀཱི་ནག་མོ་ཨུཏཔལ་དམར་པོ་འཛིན་པ་མཾ་ཡིག་ནག་པོ་ནི་ས་བོན་ནོ། །རླུང་གི་མཚམས་སུ་གོས་དཀར་མོ་དམར་མོ་པདྨ་དམར་པོ་འཛིན་པ་པཾ ་ཡིག་དམར་པོ་ནི་ས་བོན་ནོ། །དབང་ལྡན་གྱི་མཚམས་སུ་སྒྲོལ་མ་སེར་མོ་ཨུཏཔལ་འཛིན་པ་ཏཱཾ་ཡིག་སེར་པོ་ནི་ས་བོན་ནོ། །ཕྱིའི་མེའི་མཚམས་སུ་གཟུགས་རྡོ་རྗེ་མ་དཀར་མོ་མེ་ལོང་དཀར་པོ་འཛིན་པ་ཛ(རྒྱུད་འགྲེལ་པོའི་མཚམས་སུ་སྒྲ་རྡོ་རྗེ་མ་ནག་མོ་པི་ཝང་ནག་པོ་འཛིན་པ་ཧཱུཾ་ཡིག་ནག་པོ་ནི་ས་བོན་ནོ། །རླུང་གི་མཚམས་སུ་དྲི་རྡོ་རྗེ་མ་སེར་མོ་དྲི་ཆུ་སེར་མོས་བཀང་བའི་དུང་ཕོར་འཛིན་པ་བཾ་ཡིག་སེར་པོ་ནི་ས་པོན་ནོ། །དབང་ལྡན་གྱི་མཚམས་སུ་རོ་རྡོ་རྗེ་མ ་དམར་པོས་བཀང་བའི་སྣོད་དཀར་པོ་འཛིན་པ་ཧོ(རྒྱུད་འགྲེལ་དབྱིངས་རྡོ་རྗེ་མ་ཆོས་འབྱུང་དཀར་པོ་འཛིན་པ་རཾ་ཡིག་དཀར་པོ་ནི་ས་བོན་ནོ། །ཤར་སྒོ་རུ་གཤིན་རྗེ་མཐར་བྱེད་ནག་པོ་འཇིགས་པ་རྡོ་རྗེ་ཐོ་བ་ནག་པོ་འཛིན་པ་ཧཱུཾ་ཡིག་ནག་པོ་ནི་ས་བོན་ནོ། །ལྷོ་སྒོ་རུ་ཤེས་རབ་མཐར་བྱེད་དཀར་པོ་རྡོ་རྗེ་རྩེ་ལྔ ་པ་ནག་པོས་མཚན་པའི་དབྱུག་པ་དཀར་པོ་འཛིན་པ་ཧཱུཾ་ཡིག་དཀར་པོ་ནི་ས་བོན་ནོ། །ནུབ་སྒོར་རུ་པདྨ་མཐར་བྱེད་དམར་པོ་འཇིགས་པ་པདྨ་དམར་པོ་འཛིན་པ་ཧཱུཾ་ཡིག་དམར་པོ་ནི་ས་བོན་ནོ། །བྱང་སྒོ་རུ་བགེགས་མཐར་བྱེད་ནག་པོ་འཇིགས་པ་རྡོ ་རྗེ་ནག་པོ་རྩེ་ལྔ་པ་འཛིན་པ་ཧཱུཾ་ཡིག་ནག་པོ་ནི་ས་བོན་ནོ། །བསྲུང་བའི་འཁོར་ལོ་རྩིབས་བཅུ་པ་འཁོར་ལོ་ཁ་དོག་སེར་པོའི་ཤར་དང་ལྷོ་དང་ནུབ་དང་བྱང་གི་རྩིབས་ཀྱི་དབུས་རྣམས་སུ་གཤིན་རྗེ་མཐར་བྱེད་ལ་སོགས་འདི་དག་ཉིད་དོ། །མེའི་མཚམས ་ཀྱི་རྩིབས་ཀྱི་དབུས་ན་འདོད་པའི་རྒྱལ་པོ་མཛེས་པ་ནག་པོ་ལྕགས་ཀྱི་ནག་པོ་འཛིན་པ་ཧཱུཾ་ཡིག་ནག་པོ་ནི་ས་བོན་ནོ། །སྲིན་པོའི་མཚམས་ཀྱི་རྩིབས་ཀྱི་དབུས་སུ་དབྱུག་པ་སྔོན་པོ་འཇིགས་པ་ནག་པོ་དབྱུག་པ་ནག་པོ་འཛིན་པ་ཧཱུཾ་ཡིག་ནག་པོ་ནི་ས་བོན ་ནོ། །རླུང་གི་མཚམས་ཀྱི་རྩིབས་ཀྱི་དབུས་སུ་སྟོབས་པོ་ཆེ་འཇིགས་པ་ནག་པོ་རྩེ་གསུམ་ནག་པོ་འཛིན་པ་ཧཱུཾ་ཡིག་ནག་པོ་ནི་ས་བོན་ནོ། །དབང་ལྡན་གྱི་མཚམས་ཀྱི་རྩིབས་ཀྱི་དབུས་སུ་མི་གཡོ་བ་མཛེས་པ་བྱིས་པའི་ཆ་བྱད་ཅན་སྤྱན་ཡོ་བ་ནག་པོ ་རལ་གྲི་ནག་པོ་འཛིན་པ་ཧཱུཾ་ཡིག་ནག་པོ་ནི་ས་བོན་ནོ། །སྟེང་གི་རྩི་བམ་ཀྱི་དབུས་སུ་གཙུག་ཏོར་འཁོར་ལོ་སྒྱུར་བ་མཛེས་པ་སེར་པོ་འཁོར་ལོ་རྩིབས་བརྒྱད་པ་སེར་པོ་འཛིན་པ་འཁོར་ལོ་སེར་པོ་འབར་བས་ཡོངས་སུ་བསྐོར་བ་བྲུཾ་ཡིག་སེར་པོར་ནི་ས་བོན་ནོ། །འོག ་གི་རྩིབས་ཀྱི་དབུས་སུ་གནོད་མཛེས་རྒྱལ་པོ་མཛེས་པ་སྐུ་མདོག་ནག་པོ་རྡོ་རྗེ་རྩེ་ལྔ་པ་ནག་པོ་འཛིན་པ་ཧཱུཾ་ཡིག་ནག་པོ་ནི་ས་བོན་ནོ། །འཁོར་ལོའི་ལྟེ་བའི་དབུས་སུ་རྡོ་རྗེ་ཧཱུཾ་མཛད་མཛེས་པ་ནག་པོ་ཆོས་འབྱུང་བ་དཀར་པོ་བསྐྱེད་པ་སྟེ་ས་བོན་ནོ། །རྡོ་རྗེ ་ནག་པོ་རྩེ་ལྔ་པ་དང་རལ་གྲི་ནག་པོ་དང། ལྕགས་ཀྱུ་ནག་པོ་དང་ཞགས་པ་ནག་པོ་འཛིན་པ་ཞབས་གཡོན་པ་དང་གཡས་པ་གཉིས་ཀྱིས་ཨུ་མའི་ནུ་མའི་བུམ་པ་དང། བདེ་བྱེད་ཀྱི་རྣ་བ་གཡོན་པ་མནན་པ་སྟེ། ཧཱུཾ་ཡིག་ནག་པོ་ནི་ས་བོན་ནོ། །མདོར ་བསྡུས་པ་འདི་དྲན་པར་བྱས་ལ་མཆོད་པར་བྱའོ། །གལ་ཏེ་མངོན་པར་བརྩོན་པ་ཡོད་ན་གཞན་འདི་ཡང་དྲན་པར་བྱའོ། །འཇམ་པའི་རྡོ་རྗེ་ལ་སོགས་པ་ཐམས་ཅད་འདི་ལྟར་ཤེས་པར་བྱ་སྟེ། ཞལ་གསུམ་ཕྱག ་དྲུག་པ་རང་རང་གི་གཟུགས་ཀྱི་རྡུལ་ཕྲ་རབ་ལས་ཡོངས་སུ་བསྒྲུབས་པའི་གཟུགས་ཅན་རྣམས་ཡེ་ཤེས་སེམས་དཔའ་ཨི་སྙིང་གི་ས་བོན་ལས་བྱུང་བ་རང་རང་གི་དཀྱིལ་འཁོར་གྱི་འཁོར་ལོ་སྤྲོས་པས་སེམས་ཅན་གྱི་དོན་བྱེད་པ་དང། རྒྱན ་ཐམས་ཅད་འཛིན་པ་དང། རིན་པོ་ཆེའི་དབུ་རྒྱན་དང། རྡོ་རྗེའི་སྐྱིལ་མོ་ཀྲུང་དང་ཕྱག་གཉིས་གཙོ་བོ་གཉིས་ཀྱིས་རང་འོད་ཀྱི་རིག་མ་ལ་འཁྱུད་པ། མཛེས་མའི་མ་མཆུ་འཛིན་པ། ལྷག་མའི་ཕྱག་གཙོ་བོ་རྣམས་ཀྱི་ཕྱག་མཚན་རལ་གྲི་ནག ་པོ་དང། རིན་པོ་ཆེ་མར་གད་ལྗང་གུ་ཟུར་དགུ་པ་དང། པདྨ་དམར་པོ་འདབ་མ་བརྒྱད་པ་འཛིན་པའོ། །རལ་གྲི་དང་རིན་པོ་ཆེ་དང་པདྨ་རྣམས་དང། གཞན་གྱི་ཡང་ཕྱག་མཚན་གཙོ་བོའི་གནས་སུ་འཁོར་ལོ་རྩིབས་བརྒྱད་པའོ། །མི ་གཡོ་བའི་ནི་དེའི་གནས་སུ་རྡོ་རྗེ་ནག་པོ་རྩེ་ལྔ་པའོ། །ཐམས་ཅད་ཀྱི་ཡང་གཡས་དང་གཡོན་གྱི་ཞལ་ནི་སྔོན་པོ་དང་དཀར་པོ་སྟེ། དཀར་པོ་རྣམས་ཀྱི་ནི་སྔོན་པོ་དང་དམར་པོའོ། །སྔོན་པོ་རྣམས་ཀྱི་ནི་དཀར་པོ་དང་དམར་པོའོ། །ཁྲོ་བོ ་མ་གཏོགས་པ་ཐམས་ཅད་ཀྱང་ཤིན་ཏུ་སྒེག་པ་འབར་བ་ཡིད་དུ་འོང་བའི་གཟུགས་ཅན་རྣམས་སོ། །དེ་བཞིན་གཤེགས་པ་རྣམས་རྡོ་རྗེ་སེམས་དཔའ་དང་རང་འོད་མཛེས་མ་མ་གཏོགས་ནི་རལ་པའི་ཐོར་ཚུགས་ཅན་ནོ། །རྣམ་པར་སྣང ་མཛད་དང་རྡོ་རྗེ་སེམས་དཔའ་མ་གཏོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་དང། ཁྲོ་བོ་རྣམས་ཀྱི་ནི་ཉི་མའི་འོད་དང་ཉི་མའི་གདན་རྣམས་སོ། །ཁྲོ་བོ་ཐམས་ཅད་གཡོན་བརྐྱང་ངོ། །ཁྲོ་བོ་འཇིགས་པ་རྣམས་ནི་ཐུང་བ་གསུས་པ ་འབྱད་བ་སྨིན་མ་དང་སྨ་ར་དང་སྐྲ་གྱེན་དུ་འགྲེང་བ་རྣམས་སོ། །ཀླུ་མཛའ་ཡས་ཤིན་ཏུ་སྔོ་བས་མགོ་ལ་བཅིངས་པ་དང་འཇོག་བོ་དམར་པོས་རྣ་བའི་འདབ་མ་བརྒྱན་པ་དང། དཀར་པོ་པདྨ་ཆེན་པོས་བརྒྱན་དོ་ཤལ་བྱས་པ་དང། ལྗང་གུ་ཀར་ཀོ ་ཊས་ཚངས་པའི་སྐུད་པ་དང། སེར་པོ་དུང་སྐྱོང་གིས་གདུ་བུ་བྱས་པ་དང། ཁ་དོག་སྣ་ཚོགས་རིགས་ལྡན་གྱིས་ལེགས་པར་མཛེས་པའི་དབྱུང་རྒྱན་དང། པདྨ་སྐྱ་བོ་ལྟ་བུ་ནོར་ལྡན་གྱིས་སྐ་རགས་སྤྲས་བ་དང། པདྨའི་ཡུ་བ་སྐྱ་བོ་ལྟ་བུའི་པདྨས ་རྐང་རྒྱན་བྱས་པ་དང། སྟག་གི་པགས་པའི་གོས་འཛིན་པ་དང། ལྕེ་འདྲིལ་བ་དང་གདོང་འཇིགས་བ་དང་བཞད་པའི་གད་བརྒྱངས་དང། དཔྲལ་བའི་དབྱེས་ལ་ཁྲོ་གཉེར་དང་སྤྱན་ཟླུམ་པོ་ཅུང་ཟད་དམར་བ་རྣམས་སོ། །ཁྲོ་བོ་མཛེས་པ་རྣམས་ནི་མཛེས་པའི ་གཟུགས་དང། ཁྲོ་གཉེར་ཅུང་ཟད་དང་རྒྱན་ཐམས་ཅད་འཛིན་པ་དང་རིན་པོ་ཆེ་དབུ་རྒྱན་ཅན་ཏེ་སྨར་མེད་པའོ། །དཔལ་འཇམ་པའི་རྡོ་རྗེ་དང། རྣམ་པར་སྣང་མཛད་དང། རིན་ཆེན་འབྱུང་ལྡན་དང། སྣང་བ་མཛའ་ཡས་དང། དོན་ཡོད་གྲུབ་པ་དང། ་མཱ་མ་ཀཱི་དང་སྒྲ་རྡོ་རྗེ་དང། ཤེས་རབ་མཐར་བྱེད་དང་བགེགས་མཐར་བྱེད་དང། བསྲུང་བའི་འཁོར་ལོ་ལ་གནས་པའི་བགེགས་མཐར་བྱེད་དང། ཤེས་རབ་མཐར་བྱེད་དང། འདོད་པའི་རྒྱལ་པོ་དང། དབྱུག་པ་སྔོན་པོ་དང། སྟོབས་པོ་ཆེ་དང། མི ་གཡོ་བ་དང། གཙུག་ཏོར་འཁོར་ལོ་སྒྱུར་བ་དང། གནོད་མཛེས་རྒྱལ་པོ་དང། རྡོ་རྗེ་ཧཱུཾ་མཛད་རྣམས་ཀྱིས་རིགས་ཀྱི་བདག་པོ་ནི་མི་བསྐྱོད་པའོ། །མི་བསྐྱོད་པ་དང་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་གཉིས་ཀྱི་རིགས་ཀྱི་བདག་པོ་ནི་རྡོ་རྗེ་སེམས་དཔའ་ཨོ། །སྤྱན་མ་དང། ་གཟུགས་རྡོ་རྗེ་མ་དང། གཤིན་རྗེ་མཐར་བྱེད་དང། སྲུང་བའི་འཁོར་ལོ་ལ་གནས་པའི་གཤིན་རྗེ་མཐར་བྱེད་རྣམས་ཀྱི་བདག་པོ་ནི་རྣམ་པར་སྣང་མཛད་དོ། །གོས་དཀར་མོ་དང་རོ་རྡོ་རྗེ་མ་དང། པདྨ་མཐར་བྱེད་དང། བསྲུང་བའི་འཁོར་ལོ་ལ་གནས་པའི ་པདྨ་མཐར་བྱེད་རྣམས་ཀྱི་བདག་པོ་ནི་སྣང་བ་མཛའ་ཡས་སོ། །སྒྲོལ་མ་དང་རེག་བྱ་རྡོ་རྗེ་གཉིས་ཀྱི་བདག་པོ་ན་དོན་ཡོད་གྲུབ་པའོ། །དྲི་རྡོ་རྗེ་མའི་བདག་པོ་ནི་རིན་ཆེན་འབྱུང་ལྡན་ནོ། །དཀྱིལ་འཁོར་བ་ཐམས ་ཅད་ནི་དཀྱིལ་འཁོར་གྱི་བདག་པོ་ལ་ཞལ་བལྟས་པའོ། །རྣམ་པར་སྤྲོས་པ་འདི་དྲན་པར་བྱས་ལ་མན་ངག་ཇི་ལྟ་བ་བཞིན་དུ་ཞབས་བསིལ་བ་དང་ཞལ་བསིལ་བ་དང་ཨརྒ་ཕུལ་ལ་དྲིལ་བུ་དཀྲོལ་ཏེ། རང་རང་གི་ས་བོན་དེ་ཁོ་ན་ཉིད་གསུཾ ་གྱི་ནང་དུ་བཅུག་ལ་མངོན་པར་བསྔགས་ཏེ། གནས་ཇི་ལྟ་བ་བཞིན་དུ་མེ་ཏོག་ལ་སོགས་པ་དབུལ་བར་བྱའོ། །དེ་ནས་ཕྱིའི་སྐུ་ལ་སོགས་པ་དང། ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཡང་དྲིལ་བུ་དཀྲོལ་པ་དང་བཅས་པས་ཨོཾ་ཨཱ(རྒྱུད་འགྲེལ་ངེ་སྭཱཧཱ་ཧཱུཾ་འདི་ལ་སོགས་པ་སྔར་བསྟན་པའི་སྔགས་ཀྱིས་ཇི་ལྟར་རྙེད་པའི་སྤོས་དང། མར་མེ་དང་དྲི་དང་ལྷ་བཤོས་ལ་སོགས་པ་ཉེ་བར་བསྟབས་ལ་རང་གི་སྙིང་ག་ནས་བྱུང་བའི་བླ་ན་མེད་པའི་མཐར་ཐུག་པ་བྲག་པ་དང་བྲལ་བའི་གཟུགས ་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ལ་ཐུག་པའི་རབ་ཏུ་དབྱེ་བས་འདོད་པའི་ཡོན་ཏན་ལྔས་མཆོད་པར་བྱ་སྟེ་འདི་ནི་ཕྱིའི་མཆོད་པའོ། །གསང་བའི་མཆོད་པ་ནི་མན་ངག་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་བྱའོ། །དེ་ནས་མཆོད་པར་བྱ་བ་དང་མཆོད ་པར་བྱེད་པ་དང་མཆོད་པ་དང། ཕྱག་བྱ་བ་དང། ཕྱག་བྱེད་པ་དང། ཕྱག་དང་བཤགས་པར་བྱ་བ་དང། བཤགས་པར་བྱེད་པ་དང། བཤགས་པ་ལ་སོགས་པ་ཉིད་དང་མཚན་མ་མེད་པ་དང་རང་བཞིན་གྱིས་འོད་གསལ་བར ་བསྒོམ་པར་བྱའོ། །བླ་ན་མེད་པའི་མཆོད་པ་བདུན་པོ་གསལ་བར་བྱེད་པའི་ཚིགས་སུ་བཅད་པ་གཅིག་པུ་འདིའི་དོན་མདུན་དུ་བྱས་ལ་ལྷག་པའི་བསམ་པས་གདོན་པར་བྱའོ། །སྡིག་པ་ཐམས་ཅད་བདག་གིས་བཤགས་བགྱི་མཆོག་ཏུ ་དགའ་བས་དགེ་བ་རྣམས་ལ་རྗེས་ཡི་རང། །བཅོམ་ལྡན་འདས་ཀྱིས་དམ་པའི་ཆོས་ལ་ཡང་ནི་སྐྱེ་བ་ཇི་སྲིད་གནས་པར་གསོལ་བ་འདེབས། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི་བར་ཁས་འཆེས་ཡིད་ནི་བྱང་ཆུབ་མཆོག་ཏུ་སེམས་སྐྱེད་བགྱི། །དེ་ཡེ ་ལམ་ལ་ཡང་དག་གནས་བགྱི་དགེ་བའི་ཆོག་བྱང་ཆུབ་མཆོག་ཏུ་བསྔོ་བར་བགྱི། །འདི་ནི་རབ་ཏུ་རྟོགས་པའི་མཆོད་པའོ། །དེ་ནས་མི་བསྐྱོད་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ལྔ་དང་མངོན་པར་འདོད་པའི་བསྟོད་པ་གཞན་ཡང་རུང་བས ་བསྟོད་ལ་ཕྱག་བྱས་ཏེ། བསྐོར་བ་བྱས་ལ་སླར་ཡང་ཕྱག་བྱས་ཏེ། ཉེ་བར་འདུག་ནས་ཇི་ལྟ་བ་བཞིན་དུ་གསང་བ་འདུས་པའི་སྔགས་སམ། གཞན་གང་ཡང་རུང་བས་བཅོམ་ལྡན་འདས་ཛཾ་བྷ་ལ་ལ་ཆུ་དང། འབྱུང་པོ་ཐམས་ཅད་ལ་གཏོར་མ ་དང། ཡི་དགས་རྣམས་ལ་ཡང་ཆུ་སྦྱིན་པར་བྱའོ། །དེ་ལ་ཨོཾ་ཨཱ(རྒྱུད་འགྲེལ་ཨཱ(རྒྱུད་འགྲེལ་མཛའ་རུ་མངོན་པར་འདོད་པའི་སྨོན་ལམ་བཏབ་ནས། །ོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཇི་ལྟར་འདོད་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་མཛོད་ལ། །སླར་ཡང་འདི་རུ་གཤེགས་སུ་གསོལ། །མུ(རྒྱུད་འགྲེལ་བུའི་སྒྲ་སྔོན་དུ་སོང་བས་ཡེ་ཤེས་ཀྱི་དཀྱིལ་འཁོར་གཤགས་སུ་གསོལ་ནས་བདེ་བར་གནས་པར་བྱའོ། །དེ་བཞིན་དུ་རྡོ་རྗེ་འཇིགས་བྱེད་དང། གཤིན་རྗེ་གཤེད་ནག་པོ་ལ་སོགས་པ་དང། དེ་བཞིན་དུ་དགྱེས་པའི་རྡོ་རྗེ་དང། འཁོར་ལོ་སྡོམ ་བ་དང། སྒྱུ་མ་ཆེན་མོ་ལ་སོགས་པ་དང། དེ་བཞིན་དུ་དཔའ་ཨོ་གཅིག་སྒྲུབ་པ་དང། བརྟན་པའི་འཁོར་ལོ་དང། ཨ་ར་བ་ཙ་ན་དང། ཀུ་རུ་ཀུ་ལེ་ལ་སོགས་ཕ་དང། དེ་བཞིན་དུ་ཁ་སརྦ་ཎ་དང། སེང་ལྡེང་ནགས་ཚལ ་ལ་སོགས་པ་ཡང་ཇི་ལྟར་མོས་བ་ཇི་ལྟར་ཐེབ་པ་སྤྱན་དྲངས་ལ་རབ་ཏུ་མཆོད་དེ་གཤེགས་སུ་གསོལ་ལོ། །དྲོའི་དུས་སུ་གཏོར་མ་དང་བཤོས་གཙང་དང་སྡོམ་ཆང་གསུམ་དང་ཕུད་དང་ལྷག་མའི་ཁམས་རྣམས་ཏེ་རབ་ཏུ་སྦྱིན་པ་ལྔ་ཅིས་ཀྱང ་སྦྱིན་པར་བྱའོ། །དེ་ལ་སྔར་བསྟན་པའི་སྔགས་ཀྱིས་འབྱུང་པོ་ཐམས་ཅད་ལ་གཏོར་མ་སྦྱིན་ནེ། །ོཾ་ཨཱ(རྒྱུད་འགྲེལ་རཱི་ཏྱE་སྭཱཧཱ་ཧཱུཾ། འདིས་འཕྲོག་མ་ལ་སྡོམ་ཆང་གསུམ་སྦྱིན་པར་བྱའོ། །དེ་ཁོ་ན་ཉིད་གསུམ་གྱི་ནང་དུ་བཅུག་པའི་རང་གི་ས་བོན་གྱི་རང་བདག་པོའི་ལྷ་ལ་ཟས་ཕུང་དབུལ་བར་བྱའོ། །ོཾ་ཨཱ(རྒྱུད་འགྲེལ་མའི་ཁམས་སྦྱིན་པར་བྱའོ། །འདི་ནི་མཆོད་པའི་ཆོ་ག་སྟེ་གཉིས་པའོ།། །།དེ་ནས་བླ་མ་བསྟེན་པ་དང། སེམས་ཅན་བསྟེན་པ་དང། འགྲོ་བ་དྲུག་གི་ཚིག་ལེའུར་བྱས་པ་དང་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ ་འཇུག་པ་ལ་སོགས་པ་དང། དེ་བཞིན་དུ་རྣམ་པ་ལྔ་དང། སྒྲུབ་ཐབས་ཀུན་ལས་བཏུས་པ་དང། དཔའ་ཨོ་གཅིག་བསྒྲུབ་པ་དང། དབང་སྔོན་དུ་འགོར་བའི་དབང་གི་རབ་ཏུ་བྱེད་པ་དང་དཀྱིལ་འཁོར་གྱི་ཆོ་ག་དང་དཔལ་གསང་པ་འདུས་པ་ལ་སོགས ་པ་རྒྱུད་ཀྱི་རྒྱལ་པོ་རྣམས་ལ་མཉམ་ལ་ཤེས་རབ་དང་སྙིང་རྗེ་དང་ཤིན་ཏུ་ཡང་ལྡན་པས་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་སྤལ་ལྡན་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པར་བྱའོ། །ཡོན་ཏན་གང་དང་ལྡན་པས་བྱང་ཆུབ་སེམས ་དཔའ་བསྒོམ་པ་ལ་དབང་བར་འགྱུར་བའི་ཡོན་ཏན་དེ་རྣམས་བཤད་པར་བྱ་སྟེ། དེ་ལ་ལྕགས་ཀྱི་ཁང་པ་འབར་བར་རབ་ཏུ་ཞུགས་པ་དང་འདྲ་བར་ཁམས་གསུམ་པ་སྡུག་བསྔལ་གྱིས་གདུངས་པར་ངེས་པ་དང། སྙིང་རྗེ་དང་བྱམས་པ་དང། ་དགའ་བ་དང། བཏང་སྙོམས་དང། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང། མི་དགེ་བ་བཅུ་ལས་ལྡོག་པ་དང། བསླབ་པའི་གནས་ལྔ་ལ་སོགས་པ་ལ་ཞུགས་པ་དང། ཆོས་ཐམས་ཅད་ལ ་རྨི་ལམ་ལ་སོགས་པ་ལྟ་བུར་མོས་པ་དང། བདེན་པ་དང། དཀོན་མཆོག་དང། ལས་ཀྱི་འབྲས་བུ་ལ་མངོན་པར་ཡིད་ཆེས་པའི་མཚན་ཉིད་ཀྱི་དད་པ་དང་གསོན་པོའི་དེ་ཉིད་སེམས་ཅན་གྱི་དོན་བྱེད་པ་གཅིག་པུ་དང། གཅིག་པུ་དཀོན་མཆོག ་གསུམ་ལ་དགའ་བ་དང། བྱང་ཆུབ་པར་རིངས་པ་དང། ཐེ་ཚོམ་མེད་པ་དང། ཞེན་པ་མེད་པ་དང། འཆད་པར་འགྱུར་བའི་གནས་རྣམ་པ་ལྔ་ཡོངས་སུ་ཤེས་པ་དང། ཕ་རོལ་ཏུ་ཕྱིན་པ་བཅུ་སྤྱང་བ་ལ་གཅིག་ཏུ་དགའ་བ་རྣམས་ནི ་ཡོན་ཏན་ནོ། །ཐ་ན་ཡོན་ཏན་གྱི་བྱེ་བྲག་ཁྱད་པར་ཅན་བཅོ་བརྒྱད་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱིས་མངོན་པར་བྱང་ཆུབ་པ་ལ་དབང་ཡོད་པ་དེ་བཞིན་དུ་ཐབས་དང་ཤེས་རབ་གཉིས་སུ་མེད་པ་ཟབ་མོའི་ཚུལ ་ལ་ལྷག་པར་མོས་པ་དང། གསང་བ་འདུས་པའི་ཆོ་གས་ཆུའི་དབང་དང། དབུ་རྒྱན་དང། རྡོ་རྗེ་དང། དྲིལ་བུ་དང། མིང་དང། བུམ་པ་དང། གསང་བ་དང། ཤེས་རབ་ཡེ་ཤེས་དང། དབང་བཞི་པ་དང། བརྟུལ་ཞུགས་དང། ལུང་བསྟན ་པ་དང། དབུགས་དབྱུང་བ་དང། རྗེས་སུ་སྣང་བ་དང། བླ་མ་བསྟེན་པ་དང། ལྟུང་བ་སྦོམ་པོ་དང། རྩ་བའི་ལྟུང་པ་ཡོངས་སུ་སྤོང་བ་རྣམས་སོ། །ཐ་ན་ཡོན་ཏན་བྱེ་བྲག་ཅན་སུམ་ཅུ་རྩ་དྲུག་དང་ལྡན་པ་མཆོག་ཏུ་ཟབ་ཅིང་རྒྱ་ཆེ་བའི་ཆོས་ལ ་རབ་ཏུ་ཞུགས་པ་རྡོ་རྗེ་སེམས་དཔའ་ཨི་སྡོམ་པ་འཛིན་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་དཔལ་གསང་བ་འདུས་པ་ལ་སོགས་པའི་བཅོམ་ལྡན་འདས་ཀྱི་སྒོམ་པའི་སྣོད་ཡིན་ནོ། །ཞེས་པའོ། །སྣོད་ཀྱི་ཚིག? ་སྟེ་གསུམ་པའོ།། །།དེ་ནི་བསྒོམ་པའི་ཆོ་ག་བརྗོད་དེ་སྔོན་དུ་བསྟན་པའི་ཚོགས་བསྒོམ་པའི་བདག་པོར་གྱུར་པའི་རྣལ་འབྱོར་པ་ཐོ་རངས་ཀྱི་ཐུན་མཚམས་སུ་གཉིད་རབ་ཏུ་སངས་པ་ནི་ལྷ་མོའི་གླུའི་སྒྲས་རབ་ཏུ་སངས་པར་ལྷག་བཅད?་ནོས? ་པར་བྱ་སྟེ། །རང་གི་སྙིང་གར་དབྱངས་ཡིག་དང་པོ་དཀར་པོ་ཡོངས་སུ་གྱུར་པའི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཇི་སྲིད་དུ་ནམ་མཁའ་ཁྱབ་པའི་འོད་དང་ལྡན་པའི་མཾ་ཡིག་གུར་གུམ་ལྟ་བུ་གྱེན་དུ་འགྲེང་བ་འོད་ཟེར་འཕྲོ་བས་བསྒོམ་ནས ་དོ་ལ་སོགས་པ་བསྐུར་བར་བྱའོ། །དེ་ནས་ཟླ་བ་དང་ཉི་མ་དང་ཆུ་དང། སྨན་དང་དྲི་རྣམས་ཀྱིས་ཉེ་བར་བྱུགས་ལ་མེ་ཏོག་གིས་རྣམ་པས་ཉེ་བར་བརྒྱན་ཏེ། ཡིད་དུ་འོང་བའི་སའི་ཕྱོགས་སུ་སྟན་བདེ་བ་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་འདུག ་པའོ། །དེ་མི་ནུས་ན་ཡིད་ཀྱིས་དེ་ལྟར་ཐམས་ཅད་བསམ་པའམ། གང་དང་གང་དུ་དེ་དང་དེར་ཇི་ལྟར་བདེ་བར་འདུག་ནས་སྡུག་བསྔལ་གསུམ་གྱིས་སྡུག་བསྔལ་བའི་འགྲོ་བ་རྣམས་ལ་ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །དེ་ལ ་ལན་དུ་ཕན་འདོགས་པ་ལ་སོགས་པ་ལ་མི་བལྟོས་པར་འཁོར་བ་དང་དེའི་རྒྱུད་ལས་འགྲོ་བ་རྣམས་ཉེ་བར་གདོན་པའི་བསམ་པ་ནི་སྙིང་རྗེའོ། །སེམས་ཅན་རྣམས་སངས་རྒྱས་ཉིད་མཉམ་པ་མེད་པའི་ཐབས་ལ་ངེས་པར་འཛིན་པའི ་རབ་ཏུ་དགའ་བ་ནི་དགའ་བའོ། །སངས་རྒྱས་ཉིད་བསྒྲུབ་པ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་བདག་ཉིད་ལ་འཇུག་པ་དེའི་འཇིག་རྟེན་པའི་ཆོས་བརྒྱད་ལ་སོགས་པ་མཛའ་དག་སྐབས་མ་ཡིན་པའི་བྱ་བ་ལ་མི་བལྟོས་པ་ནི་བཏང ་སྙོམས་སོ། །དེ་ནས་སྙིང་གའི་ཟླ་བའི་ས་བོན་གྱི་འོད་ཟེར་གྱིས་བསྐུལ་ནས་སྙིང་རྗེ་ཆེན་པོས་ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་བླ་མ་དང། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཏིལ་གྱི་གང་བུ་བཞིན་དུ་ཀུན་ཏུ་བར་མཚམས ་མེད་པར་ནམ་མཁའ་ཨི་དབྱིངས་ཐམས་ཅད་དུ་མངོན་པར་ཁྱབ་པའི་འཇམ་དཔལ་རྡོ་རྗེའི་རྣལ་འབྱོར་པ་ལ་ཕན་པའི་ཆེད་དུ་ཉེ་བར་གནས་པར་དམིགས་ལ་ཞབས་བསིལ་དང་ཞལ་བསིལ་དང། མཆོད་ཡོན་རྣམས་ཕུལ་ལ་ཕྱི་དང་ནང་དང་སྒྲུབ ་པའི་མཆོད་པ་རྣམས་ཀྱིས་མཆོད་པར་བྱའོ། ། ཡིག་ཡོངས་སུ་གྱུར་པའི་པདྨའི་སྣོད་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་གྱི་མན་འཇིའི་སྟེང་དུ་བཞག་ལ་བདུད་རྩི་རྣམ་པ་ལྔ་དང་བརྩོན་འགྲུས་ལྔ་རྣམས་བྲུཾ་ལ་སོགས་པའི་ས་བོན་གྱིས་བྱིན་གྱིས་བརླབས ་པར་བལྟས་ན་དེ་ཁོ་ན་ཉིད་གསུམ་གྱིས་བྱིན་གྱིས་བརླབས་པའི་བླ་ན་མེད་པའི་ཆུ་དང་མེ་ཏོག་རྣམས་རབ་ཏུ་གསང་བ་དང། རང་གི་ས་བོན་དེ་ཁོ་ན་ཉིད་གསུམ་གྱི་ནང་དུ་སྨོས་པས་ཞབས་བསིལ་དང་ཞལ་བསིལ་དང་མཆོད་ཡོན་རྣམས་ཕུལ་ནས ་ཐུགས་ཀའི་ས་བོན་ལས་སྦྲོས་པའི་རིན་པོ་ཆེ་སྣ་བདུན་ལ་སོགས་པས་ཇི་སྲིད་དུ་རབ་ཏུ་ཕྱེ་བས་བླ་ན་མེད་པའི་འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས་སོ་སོར་མཆོད་པ་བྱེད་པ་ཞེས་བྱ་བ་ནི་ཕྱིའི་མཆོད་པའོ། །དེ་ནས་སྤྱན་མ་ལ་སོགས་པ་དཔག་ཏུ་མེད ་བ་རྣམས་ཀྱིས་སོ་སོར་དཀྱིལ་འཁོར་གྱི་བདག་པོ་དང། དཀྱིལ་འཁོར་པ་རྣམས་ལ་ཇི་སྲིད་དུ་ཐིམ་སྟེ་།དེ་རྣམས་ལ་མཆོད་པ་བྱེད་པ་ཞེས་བྱ་བ་ནི་གསང་བའི་མཆོད་པའོ། །དེ་ནས་བཅོམ་ལྡན་འདས་ཀྱི་གྲངས་ཀྱི་བདག་ཉིད་ཀྱི་དངོས་པོ ་རྣམས་མངོན་པར་སྤྲུལ་ལ་ཡིད་ཀྱིས་བསྟོང་ལ་སྙིམ་པ་མེ་ཏོག་གིས་བཀང་བ་སྔོན་དུ་འགྲོ་བས་ཕྱག་འཚལ་ཏེ་བླ་ན་མེད་པའི་མཆོད་པའི་ཚོགས་བདུན་བརྗོད་ལ་ཚིགས་སུ་བཅད་པའི་དོན་མངོན་སུམ་དུ་ལྷག་པའི་བསམ་པས་བརྗོད་དེ། སྡིག་པ་ཐམས་ཅད ་བདག་གིས་བཤགས་བགྱི་མཆོག་ཏུ་དགའ་བས་དགེ་བ་རྣམས་ལ་རྗེས་ཡི་རང། །བཅོམ་ལྡན་འདས་ཀྱིས་དམ་པའི་ཆོས་ལ་ཡང་ནི་སྐྱེ་བ་ཇི་སྲིད་གནས་པར་གསོལ་བ་འདེབས། །དཀོན་མཆོག་གསུམ་ལ ་སྐྱབས་སུ་མཆི་བར་ཁས་འཆེ་ཡིད་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བགྱི། །དེ་ཡི་ལམ་ལ་ཡང་དག་གནས་བགྱི་དགེ་བའི་ཆོ་ག་བྱང་ཆུབ་མཆོག་ཏུ་བསྔོ་བར་བགྱི། །ཞེས་བྱ་བ་ནི་བསྒྲུབ་པའི་མཆོད་པའོ། །དེ་བཞིན་དུ་ཡང་ཇི་སྲིད ་ནམ་མཁའ་ཨི་ཁམས་སུ་རྒྱུན་མི་འཆད་པར་འདི་དེ་རྣམས་ལ་བདག་གིས་མཆོད་པ་རྣམ་པ་གསུམ་གྱིས་ལྷག་པར་མོས་པར་བས་ནས་གཤེགས་སུ་གསོལ་བར་བྱའོ། །དེ་ནས་བདག་དཔལ་འཇམ་པའི་རྡོ་རྗེ་གྱུར་ནས་འཁོར་བའི་རྒྱ་མཚོར་གནས ་པའི་སེམས་ཅན་འདི་རྣམས་བླ་ན་མེད་པའི་ཆོས་བསྟན་པའི་གཟིངས་ཀྱིས་དཔལ་གསང་བ་འདུས་པ་རིན་པོ་ཆེའི་གླིང་ལ་ཉེ་བར་བཞག་པར་བྱའོ། །ཞེས་སྨོན་པ་བྱང་ཆུབ་ཀྱི་སེམས་རྣམ་པར་བསྒོམ་ཞིང། འཇུག་པ་བྱང་ཆུབ་ཀྱི་སེམས ་ཀྱི་རང་བཞིན་རྣམ་པར་ཐར་པའི་སྒོ་གསུམ་བསྒོམ་པར་བྱའོ། །སྟོང་པ་ནི་ལུས་དང་ལོངས་སྤྱོད་དང་གནས་ལ་སོགས་པའི་རྣམ་པ་དང། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང། རང་སངས་རྒྱས་དང། ཉན་ཐོས་སློབ་པ་དང། ་སོ་སོའི་སྐྱེ་པོའི་ཚོགས་ཀྱིས་བདག་ཉིད་རྒྱུ་བ་དང་མི་རྒྱུ་བ་སྣ་ཚོགས་པ་འདི་རྣམས་དོན་དམ་པར་གཟུང་བ་དང་འཛིན་པའི་རང་བཞིན་བདག་མེད་པའི་ཕྱིར་རོ། །མཚན་མ་མེད་པ་ནི་དོན་དམ་པར་རྒྱུ་མེད་པའི་ཕྱིར་རོ། །སྨོན་པ་མེད་པ་ནི ་དོན་དམ་པའི་རང་བཞིན་ཤིན་ཏུ་ལྷག་པའི་འབྲས་བུ་མེད་པའི་ཕྱིར་རོ། །སེམས་ཅན་སོ་སོ་དོན་དམ་པར་རང་བཞིན་གྱིས་འོད་གསལ་པ་གཟུང་བ་དང་འཛིན་པ་མེད་པ་རྒྱུ་དང་འབྲས་བུ་མེད་པ་ཇི་སྲིད་སྣང་བའི་མཐར་ཐུག་པའི་རྣམ་པ་སྣ ་ཚོགས་པ་རྣམས་གཉིས་སུ་མེད་པ་ཙམ་དུ་འདོད་པའི་ཕྱིར་རོ། །དེ་ལྟ་བས་ན་སོ་སོའི་རྣམ་པ་གཉིས་སུ་མེད་པ་ཙམ་གྱི་བདག་ཉིད་སྣ་ཚོགས་པའི་ཆོས་ཅན་རྣམས་གཟུང་བ་དང། འཛིན་པ་དང་རྒྱུ་དང་འབྲས་བུ་ལ་སོགས་པ་མཛའ་དག་ཏུ་རྟོག ་པས་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་དོ། །འདིར་ཡང་དེ་ལྟར་འདོད་པའི་རྟོག་པ་རྣམས་སྟོང་པ་ཉིད་དེ་ཇི་ལྟར་ལྷག་པའི་བསམ་པ་དངོས་པོ་མེད་པས་ཕུང་པོའི་ཚོགས་རྣམས་རྟག་པ་དང་རྒྱུ་མི་འཆད་པ་དང། མི་ཕྱེད་པ་ནི་ཆོས་ཀྱི་སྐུམ་བརྗོད། ་འདི་ཉིད་སྟོང་པ་ཉིད་ཀྱི་སྔགས་འདིས་བསྟན་པར་བྱ་སྟེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཉ་ཧཾ། ཞེས་བྱའོ། །དེ་ནས་ཀུན་རྫོབ་ཏུ་རྒྱུ་དང་འབྲས་བུའི་དངོས་པོ་ལ་བརྟེན་ནས་ལུས་དང་ལོངས་སྤྱོད་དང་གནས་ལ་སོགས་པའི་རྣམ་པའི་རང ་གི་སེམས་ཀྱི་རྒྱུད་ཡོངས་སུ་གྱུར་པ་ལས་ནམ་མཁའ་ལ་ལ་ཡིག་དམར་པོའི། །དེའི་སྟེང་དུ་ཧཱུཾ་ཡིག་ནག་པོ་མགོ་གྱེན་དུ་བལྟས་པ་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ནག་པོ་རྩེ་ལྔ་པ་གྱེན་དུ་འགྲེང་བར་གནས་པའོ། །དེའི་ལྟེ་པ་ལ་ཉི་མའི ་དཀྱིལ་འཁོར་གྱི་གནས་སུ་ཧཱུཾ་དེ་ཉིད་རྣམ་པར་བསྒོམ་པར་བྱའོ། །དེ་ནས་ཧཱུཾ་ཡིག་ལས་ཐམས་ཅད་སྤྲོས་པའི་རྡོ་རྗེ་རྩེ་ལྔ་པ་ནག་པོ་ནས་ཀྱི་འབྲུ་ཙམ་གྱི་རང་བཞིན་གྱི་འོད་ཟེར་རྣམས་འོག་ཏུ་གྱུར་པས། །ཇི་ལྟར་འདོད་པའི་རྡོ་རྗེའི་རང་བཞིན ་གྱི་ས་གཞི་དང། ལོགས་སུ་གྱུར་པས་རྡོ་རྗེའི་ར་བ་དང་སྟེང་དུ་གྱུར་པས་རྡོ་རྗེའི་གུར་རྣམ་པར་བསྒོམ་ཞིང་ཧཱུཾ་ཡིག་ཟད་པ་ལས་རྡོ་རྗེ་ལ་སོགས་པ་མེད་པར་རྣམ་པར་བསམ་པ་དང། རྡོ་རྗེའི་རང་བཞིན་གྱིས་གཞིའི་འོག་ཏུ་དེ་ལས་ལྷག་པར་ལཾ ་ཡིག་སེར་པོ་ཡོངས་སུ་གྱུར་པ་ལས་སའི་དཀྱིལ་འཁོར་རྡོ་རྗེ་རྩེ་གསུམ་པས་མཚན་པ་དང། དེའི་འོག་ཏུ་ཡཾ་དུ་བ་ལྟ་བུའི་ཡཾ་ཡིག་ཡོངས་སུ་གྱུར་པ་ལས་མཆུ་དང་ཞེང་དུ་གྲངས་མེད་པའི་རླུང་གི་དཀྱིལ་འཁོར་གཞུ་བརྡུངས་པ་ལྟ་བུ ་མཛའ་གཉིས་རླུང་གིས་བསྐྱོད་པ་དང་ལྡན་པའི་རྒྱལ་མཚན་སྔོན་པོ་གཉིས་ཀྱིས་མཚན་པ་དང། དེའི་ཡང་སྟེང་དུ་རྡོ་རྗེ་རབས་བསྐོར་པའི་ཤིན་ཏུ་རིང་པར་རཾ་ཡིག་དམར་པོ་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་གྲུ ་གསུམ་པ་སྤངས་སུ་རྡོ་རྗེ་རྭ་བའི་མཐར་ཐུག་པར་འབར་པ་དང། རྡོ་རྗེ་གུར་གྱི་སྟེང་དུ་བཾ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་ཆུའི་དཀྱིལ་འཁོར་བུམ་པས་མཚན་པ་རྦ་རླབས་ཀྱིས་བསྐྱོར་བ་མེའི་དཀྱིལ་འཁོར་འབར་བའི་མཐར་ཐུག་ལབ? ་གནས་པར་བསྒོམ་པར་བྱའོ། །རྡོ་རྗེའི་རང་བཞིན་གྱི་ས་གཞི་ལ་སོགས་པའི་དབུས་སུ་ལོགས་སུ་མ་རེག་པར་ནམ་མཁའ་བར་སྣང་ལ་གཤིན་རྗེ་གཤེད་ལ་སོགས་པ་ཁྲོ་བོ་བཅུ་གཅིག་ལྷག་པར་གནས་པ་འཁོར་ལོ་སེར་པོ་རྩི་བས་བཅུ? ་པ་མྱུར་དུ་འཁོར་བའི་སྲུང་བའི་འཁོར་ལོ་མན་ངག་ཇི་ལྟ་བ་བཞིན་དུ་རྣམ་པར་བསྒོམ་པར་བྱའོ། །དེ་ཡང་གཤིན་རྗེ་གཤེད་ལ་སོགས་པ་དང། འཇམ་པའི་རྡོ་རྗེ་ལ་སོགས་པ་འཆད་པར་འགྱུར་བའི་བཅོམ་ལྡན་འདས་ཐམས ་ཅད་ཉིད་མཆོད་པའི་ཆོ་གར་བཀོད་པ་བཞིན་དུ་ཕྱག་དང་ཞལ་དང་ཁ་དོག་དང་དབྱིབས་ལ་སོགས་པ་རྣལ་འབྱོར་པས་བལྟ་བར་བྱའོ། །བསྒོམ་པའི་ཆོ་གར་ཡང་གནས་དེ་དང་དེར་འདི་རྣམས་མཆོག་ཏུ་གཟུང་བར་བྱའོ། །ང་རྒྱལ་དང་བཅས ་པའི་སྔོན་དུ་བསྟན་པའི་སྲུང་བའི་འཁོར་ལོ་སྐད་ཅིག་ཙམ་གྱིས་རྣམ་པར་བསྒོམས་ནས་སྣ་ཚོགས་པའི་བདག་ཉིད་རྣམས་བགེགས་མེད་པར་མྱུར་བར་ལྷག་པར་མེས་པར་བྱའོ། །དཔལ་ལྡན་རྡོ་རྗེ་ཧཱུཾ་མཛད་ཡོངས་སུ་གྱུར་པ་ལས་ཆོས ་ཀྱི་འབྱུང་གནས་ཀྱི་ཕྱག་རྒྱ་ནམ་མཁའ་གྲུ་གསུམ་པ་ཁ་དོག་དཀར་པོ་གྲཝ་གཉིས་སྟེང་དུ་བལྟས་པ་རྣམ་པ་སྣ་ཚོགས་པའི་འོད་ཟེར་གྱིས་ཚོགས་ཀྱིས་ཕྱོགས་མཛའ་དག་བཏུ་ལ་ཏེ་འཁོར་ལོ་བསྒོམ་པར་བྱའོ། །དེའི་དབུས་སུ་ནམ་མཁའ་ ་ལ་སྣ་ཚོགས་པདྨ་དེའི་སྟེང་དུ་སྣ་ཚོགས་རྡོ་རྗེ་རྣམ་པར་བསྒོམ་པར་བྱའོ། །དེའི་ལྟེ་བ་ཇི་སྲིད་དུ་འདོད་པར་རབ་ཏུ་ཡངས་པར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་བྲུཾ་ཡིག་དཀར་པོ་རྣམ་པར་བསྒོམས་ལ་དེ་ཡོངས་སུ་གྱུར་པ་ལས་འཁོར་ལོ? ་དཀར་པོ་རྩིབས་བཅུ་གཉིས་པའོ། །དེའི་ལྟེ་བ་ལ་ཟླ་བ་ལ་གནས་པའི་བྲུཾ་ཡིག་གོ་།དེ་ལས་སྤྲུལ་པས་འགྲོ་བ་ཐམས་ཅད་རྣམ་པར་སྣང་མཛད་དུ་བྱས་ཏེ། སྤྲུལ་པ་དེ་རྣམས་སླར་དེ་ཉིད་དུ་ཐིམ་པར་བསྒོམས་ལ། བྲུཾ་ཡིག་དང་འཁོར ་ལོ་ཡོངས་སུ་གྱུར་པ་ལས་འཆང་བར་འགྱུར་བའི་མཚན་ཉིད་དང་ལྡན་པ་འཁོར་ལོ་དཀར་པོ་རྩིབས་བཅུ་གཉིས་པ་འཛིན་པ་རིག་མ་དང་ལྡན་པའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བསྒོམ་པར་བྱའོ། །དེ་ཡོངས་སུ་གྱུར་པ་ལས་བྱང་ཆུབ ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ཡོན་ཏན་ཡང་དག་པར་བརྩོམ་པ་སྟེ། གྲུ་བཞི་དང་སྒོ་བཞི་དང་རྟ་བབས་དང་ཡང་དག་པར་ལྡན་པ་དང། ཁྱམས་བཞིས་ཡོངས་སུ་བསྐོར་བ། ཁྱམས་བཞི་ལ་གནས་པའི་མཆོད་པ་རྣམ་པ་སྣ ་ཚོགས་པས་ཕྱག་བྲེལ་བའི་ལྷ་མོའི་ཚོགས་དཔག་ཏུ་མེད་པ་རྣམས་དང། རིན་པོ་ཆེ་ཁྱད་པར་མེད་པའི་རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་པ། ཇི་ལྟར་ལེགས་པར་གནས་པའི་རླུང་གིས་བསྐྱོད་པའི་རྒྱལ་མཚན་གྱི་དར་དབྱངས་ཀྱི་མཐར ་གནས་པའི་དྲིལ་བུའི་སྤྲས་ཕྱོགས་ཐམས་ཅད་དུ་འཁོར་བར་འཁྲོལ་བ། ཤིན་ཏུ་དྲི་མ་མེད་པས་མེ་ལོང་བཞིན་དུ་སྣ་ཚོགས་པས་འཕེལ་བའི་མཐར་ཐུག་པའི་གཟུགས་བརྙན་དང། དྲ་པ་དང་དྲ་བ་ཕྱེད་པ་དང། ཟླ་བ་དང་ཉི་མ་དང་མེ ་ལོང་དང། མེ་ཏོག་ཕྲེང་བ་དང་རྔ་ཡབ་དང་མེ་ཏོག་གི་རྣམ་པ་ལ་སོགས་པ་ཉེ་བར་བརྒྱན་པ་དང། འཁོར་ལོ་ལ་སོགས་པས་བརྒྱན་པའི་ཀཱ་བ་བརྒྱད་ཀྱིས་ཉེ་བར་བརྒྱན་པའི་སྟེང་དུ་རྡོ་རྗེ་ཕྲེང་བ་ཟླུམ་བོས་ཡོངས་སུ་བསྐོར་བ་དང། བླ་ན་མེད་པ་དང ་ཟག་པ་མེད་པ་དང། གཞལ་དུ་མེད་པའི་འདོད་པའི་ཡོན་ཏན་ལྔས་ཡོངས་སུ་གང་བ་དང་མཆོད་པ་ལྔས་བརྒྱན་པ་དང། བུམ་པ་བརྒྱད་ཀྱིས་ཉེ་བར་བརྒྱན་པ་དང། རིན་པོ་ཆེ་ཁ་དོག་ལྔའི་རྩིག་པས་ཡོངས ་སུ་བསྐོར་བ་དང། སྟེང་དུ་རིན་པོ་ཆེ་ཡིས་ཕུབ་པ་དང། རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་གྱི་གཙང་ཁང་བྱུར་བུས་བརྒྱན་པར་བྱས་པ། རྩ་བ་གཅིག་ལ་འདབ་མ་བཅུ་དགུ་པ་ཟླ་བ་དང་ཉི་མ་དང་སྣ་ཚོགས་པདྨ་དང་བཅས་པས་བརྒྱན ་པའི་ལྷའི་གནས་དང། རིན་པོ་ཆེ་ཁ་དོག་ལྔས་ཡོངས་སུ་རྫོགས་པ་དང། ཡན་ལག་སོ་སོ་ལས་འཕྲོ་ཞིང་འཇུག་པའི་དེ་བཞིན་གཤེགས་པ་རྣམས་སྤྲོས་པས་འགྲོ་བའི་དོན་བྱེད་པ་དང། རྣམ་པ་སྣ་ཚོགས་པ་གཉིས་སུ་མེད་པའི ་ཡིད་ཀྱི་རོལ་པའི་རང་བཞིན་མཉམ་པ་མེད་པའི་དཔལ་ལྡན་གཞལ་ཡས་ཁང་རྣམ་པར་བསྒོམ་པར་བྱའོ། །དེ་ལ་དེའི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་ཡིག་ལ་སོགས་པ་དཀར་པོ་མོག་གྱེན་དུ་འགྲེང་བའི་དབྱངས ་ཡིག་བཅུ་དྲུག་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པ་དག་གི་འོད་ཟེར་གྱིས་ཐོག་མ་མེད་པ་ནས་གྲུབ་པའི་དེ་བཞིན་གཤེགས་པའི་ཡན་ལག་ལས་མར་མེ་ལྟ་བུ་བཀུག་ལ་སྐྱེས་བུ་ཆེན་པོའི་མཆེན་སུམ་ཅུ་རྩ་གཉིས ་རྣམ་པར་བསྒོམས་ལ་དེ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ནམ་མཁའ་ལ་སོར་གཅིག་གིས་འཕགས་པར་ཟླ་བའི་དཀྱིལ་འཁོར་རྣམ་པར་བསྒོམས་ལ། ཨོཾ་ཙིཏྟ་བྲ་ཏི་བེ་དྷ་ནཾ་ཀ་རོ་མི་ཞེས་བྱ་བའི་སྔགས ་ཀྱིས་མངོན་པར་བསྔགས་ཏེ། ཤེས་རབ་ཆེན་པོའི་རང་བཞིན་དུ་ལྷག་པར་མོས་པར་བྱའོ། །དེ་ནས་དེའི་སྟེང་དུ་མཐར་གནས་པའི་ཝ་ཡིག་དང་ཀྵ་ཡིག་སྤངས་པའི་ཀ་ལ་སོགས་པ་གསལ་བྱེད་སུམ་ཅུ་རྩ་གཉིས་རྣམས ་ལུགས་དང་མཐུན་པ་དང། ཡང་དེ་ཉིད་ལུགས་དང་མི་མཐུན་པ་དག་གིས་ཕྲེང་བའི་དབུས་སུ་ཡང་ཨ་ཡིག་ལ་སོགས་པའི་དབྱངས་ཡིག་བཅུ་དྲུག་ལུགས་དང་མཐུན་པའོ། །གསལ་བྱེད་དེ་རྣམས་དང་དབྱངས་ཡིག་རྣམས་དཀར་པོ ་མགོ་གྱེན་དུ་འགྲེང་བ་རྣམས་ཀྱི་སྔོན་བཞིན་དུ་བཀུག་ལ་དཔེ་བྱང་བཟང་པོ་བརྒྱད་ཅུ་རྣམས་རྣམ་པར་བསྒོམ་སྟེ། དེ་ཡོངས་སུ་གྱུར་པ་ལས་དེའི་སྟེང་དུ་ནམ་མཁའ་ལ་སོར་གཅིག་གིས་འཕགས་པར་ནི་ཟླ་བའི་དཀྱིལ་འཁོར་གཉིས་ལ ་རྣམ་པར་བསྒོམས་ལ། ཨོཾ་བོདྡྷི་ཙིཏྟ་ཨུཏཔཱ་ཏ་ཡཱ་མི་ཞེས་བྱ་བའི་སྔགས་ཀྱིས་མངོན་པར་བསྔགས་ཏེ། སྙིང་རྗེ་ཆེན་པོའི་རང་བཞིན་དུ་ལྷག་པར་མོས་པར་བྱའོ། །དེ་ནས་ཟླ་བ་གཉིས་ཕན་ཚུན་གཟུགས་བརྙན་གསལ་བར་སྣང་བ་ནི་མེ ་ལོང་ལྟ་བུའི་ཡེ་ཤེས་སོ། །གཉིས་གཅིག་ཏུ་གྱུར་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེའི་སྟེང་དུ་ཧཱུཾ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་དམར་པོ་རྩེ་ལྔ་པའི་ལྟེ་བའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ལ་ཧཱུཾ་ཡིག་རྣམ་པར་བསྒོམས་ལ། ་དེ་བརྗོད་པར་བྱ་བ་དང། རྗོད་པར་བྱེད་པ་སྟོང་པ་ཉིད་དུ་སོ་སོར་རྟོག་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་ལས་སྤྲོས་པའི་རྡོ་རྗེ་སེམས་དཔའ་ཨི་འགྲོ་བ་ཐམས་ཅད་རྡོ་རྗེ་འཛིན་པར་བྱས་ནས་སླར་དེ་ཉིད་དུ་རབ་ཏུ་ཞུགས་ལ། ཨོཾ་བཛྲ་ཨཱཏྨ་ཀོ་ཉ་ཧཾ ་ཞེས་བྱ་བར་ང་རྒྱལ་བྱེད་པར་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །དེ་ནས་ཟླ་བ་དང་རྡོ་རྗེ་དང་ཧཱུཾ་ཡིག་རྣམས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་ལྟར་མེ་ལོང་ལྟ་བུའི་ཡེ ་ཤེས་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་སྐུ་མདོག་དཀར་པོ་རྡོ་རྗེ་རྩེ་ལྔ་བ་དམར་པོ་འཛིན་པ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་འདོད་ཆགས་ཆེན་པོའི་གདུལ་བྱར་ཁམས་གསུམ་པ་ལྷག་པར་ཡོས ་བར་བྱས་ལ་རང་གི་རིག་མ་དང་ལྷན་ཅིག་ཏུ་ཤིན་ཏུ་དགའ་བ་བརྩོམ་པ་དགའ་བའི་སྒྱུ་མའི་སྒྲས་དེ་བཞིན་གཤེགས་པ་རྣམས་བཀུག་ལ་རང་གི་ལུས་ཀྱི་བ་སྤུའི་བུ་གའི་ནང་དུ་ཞུགས་ཏེ་དེ་བཞིན་གཤེགས ་པ་རྣམས་དང་སྐུ་གཅིག་ཏུ་གྱུར་པས་བཅོམ་ལྡན་འདས་འདོད་པ་དང་ལྡན་པ་རང་གི་རིགས་མ་ལེགས་པ་དང་བླ་ན་མེད་པའི་བདེ་བའི་མཆོག་རྣམ་པར་བསྒོམ་པར་བྱའོ། །དེ་བཞིན་དུ་རང་གི་ལུས་ལས་རྣམ་པར་སྤྲོས་པ་རྣམས་སྤྱན ་ལ་སོགས་པའི་ལྷ་མོ་དགུའི་རིགས་སུ་གྱུར་པ་དཔག་ཏུ་མེད་པ་རྣམས་བཅོམ་ལྡན་འདས་མ་ལ་ཇི་སྲིད་དུ་ཐིམ་པར་བསྒོམ་པ་མཛའ་དག་ལྷ་མོའི་འཁོར་ལོའི་རང་བཞིན་དུ་གཅིག་ཏུ་གྱུར་པས་བཅོམ་ལྡན་འདས་མ་འདོད་པ་དང་ལྡན ་པའི་བདག་ཉིད་ཀྱང་བདེ་བ་ཤིན་ཏུ་གསལ་བར་མཐོང་བའོ། །དེ་ནས་ཡེ་ཤེས་པའི་ཐུགས་ཀའི་ཕྱག་མཚན་གྱི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་ཕྱོགས་བཅུར་ཁྱབ་པའི་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་ནས་ཞལ་དུ ་ཞུགས་ཏེ། ཐུགས་ཀའི་ཕྱག་མཚན་གྱི་ས་བོན་གྱི་འོད་ཟེར་གྱིས་རེག་པས་བདེ་བ་ཆེན་པོའི་དབང་དུ་གྱུར་པར་ཞུ་ནས་རྡོ་རྗེའི་ལམ་ནས་བྱུང་སྟེ་ལྷ་མོའི་པདྨའི་ནང་དུ་བབས་པར་བལྟ་བར་བྱའོ། །དེ་ནས་རྡོ་རྗེ་དང་པདྨ་བསྐྱོད་པ ་ལས་འོད་ཀྱི་གོང་བུ་དེ་ཡོངས་སུ་གྱུར་བ་ལས་གཙོ་བོ་མི་བསྐྱེད་པའི་རྟེན་དང་བརྟེན་པའི་བདག་ཉིད་དཔལ་དཀྱིལ་འཁོར་གྱི་འཁོར་ལོ་ཡིད་ཀྱིས་བསམས་ནས་དེར་སེམས་ཅན་ཐམས་ཅད་གཞུག་པར་བྱའོ། །དེས་ནས་གཙོ་བོ་རྣམ ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་སྔ་མ་བཞིན་དུ་བཀུག་སྟེ། རྡོ་རྗེའི་ལམ་ནས་བྱུང་ནས་མན་ངག་ཇི་ལྟ་བ་བཞིན་དུ་སེམས་ཅན་ཐམས་ཅད་ལ་རེག་པས་ཇི་ལྟར་ལྷག་པར་མོས་པས་ཇི་ལྟ་བ་བཞིན་དུ་སྐུ་གསུམ་གྱི ་བདག་ཉིད་སའི་སྙིང་པོ་ལ་སོགས་པའི་གཟུགས་སུ་བསྐྱེད་པ་རྣམས་འོག་ནས་འཆད་བར་འགྱུར་པའི་སྔགས་ཀྱིས་དབྱུང་བར་བྱའོ། །ཀླིཾ་དྲཾ་ཁཾ་གཾ་ཥྐཾ་སཾ་ཞེས་བྱ་བས་སའི་སྙིང་པོ་དང། ཕྱག་ན་རྡོ་རྗེ་དང། ནམ་མཁའ་ཨི་སྙིང་པོ་དང། འཇིག་རྟེན ་དབང་ཕྱུག་དང་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང། ཀུན་ཏུ་བཟང་པོ་རྣམས་སོ། །ཛ(རྒྱུད་འགྲེལ་རྗེ་མའོ། །ལཱཾ་མཱཾ་པཱུཾ་ཏཱཾ་ཞེས་བྱ་བས་སྤྱན་མ་དང། མཱ་མ་ཀཱི་དང། གོས་དཀར་མོ་དང། སྒྲོལ་མ་རྣམས་སོ། །བྲུཾ་ཨོཾ་ཛྲིཾ་ཁཾ་ཧཱུཾ་ཞེས་བྱ་བའི་ངས་རྣམ་པར་སྣང་མཛད་དང། རིན་ཆེན་འབྱུང་ལྡན་དང། འོད?་དཔག་མེད་པ་དང། དོན་ཡོང ་གྲུབ་པ་དང། མི་བསྐྱོད་པ་རྣམས་སྤྲོས་པ་དང། དེ་ཁོ་ནི་ཉིད་གསུམ་གྱིས་གཤིན་རྗེ་མཐར་བྱེད་ལ་སོགས་པ་སྤྲོས་པའོ། །འདི་ཉིད་ཀྱིས་གཞལ་ཡས་ཁང་ཇི་སྲིད་དུ་ཕྱི་རོལ་གྱི་གཞལ་ཡས་ཁང་ལ་ཐིམ་པར་བསྒོམ་པར་བྱའོ། །དེ་ནས ་ནམ་མཁའ་ཨི་ཕྱོགས་སུ་གང་ནས་བྱོན་ཅིང་ཚོགས་པའི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་ཀྱི་འཇམ་པའི་རྡོ་རྗེ་འདོད་ཆགས་ཆེན་པོའི་རོས་མྱོས་པར་བལྟ་སྟེ། ཞལ་དུ་ཞུགས་ནས་ཞུ་བར་གྱུར་པ་རྡོ་རྗེའི་ལམ་ན་པདྨར་བཅས་པར་བལྟས ་ལ་འོད་ཀྱི་གོང་བུ་དེ་ཡོངས་སུ་གྱུར་པ་ལས་ཧོ་ཡིག་དམར་པོ་གཉིས་ཀྱི་བར་དུ་དེ་ཁོ་ན་ཉིད་གསུམ་བལྟ་བར་བྱའོ། །དེ་ནས་ཡི་གེ་དེ་རྣམས་ཐབས་དང་ཤེས་རབ་ཀྱི་འདོད་ཆགས་ཆེན་པོ་འབར་བས་ཐབས་དང་ཤེས་རབ་གཉིས་ཀྱང ་གདན་ཟླ་བའི་དཀྱིལ་འཁོར་ལ་འོད་དཔག་ཏུ་མེད་པར་གསལ་བ་སྟེ། འདོད་ཆགས་ཆེན་པོ་འབར་བ་འཇའ་ཚོན་ལྟ་བུར་བལྟའོ། །དེ་ནས་དེའི་འོད་ཟེར་གྱིས་བསྐུལ་བའི་ཐོག་མ་མེད་པ་ནས་གྲུབ་པའི་འཇམ་པའི་རྡོ་རྗེ་ལས་བཀུག ་པའི་སྤྱན་མ་དང། མཱ་མ་ཀཱི་དང་གོས་དཀར་མོ་དང།། །།སྒྲོལ་མ་གནས་ཇི་ལྟ་བ་ན་གནས་པས་རང་རང་གི་ཚིགས་སུ་བཅད་པས་འོད་ཀྱི་གོང་བུ་དེ་ལ་བསྐུལ་བར་བསམ་པར་བྱའོ། ་སེམས་ཅན་ཁམས་ན་གནས་ཀྱི་དབང་ཕྱུག་ཁྱོད་ནི་རྡོ་རྗེ་ཐུགས། །དགའ་བའི་ཡིད་འོང་དོན་ཆེན་འདོད་པས་བདག་ལ་སྐྱབས་སུ་གསོལ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །སེམས་ཅན་ཡབ ་ཆེན་གཉེན་མཆོག་བདག་ལ་དགྱེས་པར་མཛད་དུ་གསོལ། །རྡོ་རྗེ་སྐུ་ཁྱོད་དཀའ་ཡི་འཁོར་ལོ་སེམས་ཅན་ཀུན་ལ་ཕན། །སངས་རྒྱས་དོན་དུ་བྱང་ཆུབ་དོན་དམ་རབ་ཏུ་ཕན་པར་གཟིགས། །མགོན་པོ་གལ་ཏེ་དེ་རིང་བདག་ནི ་གསོན་པར་མཆིས་བཞེད་ན། །འདོད་ཆགས་དམ་ཚིག་ཆགས་པས་བདག་ལ་དགྱེས་པར་མཛད་དུ་གསོལ། །ཁྱོད་ནི་རྡོ་རྗེ་གསུང་སྟེ་ཀུན་ལ་ཕན་ཞིང་ཐུགས་བརྩེ་བ། །འཇིག་རྟེན་དག་གི་དོན་དང་དགོངས་པ་མཛད་ལ་རབ་ཏུ ་བརྩོན། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །རབ་དགའ་ཨི་སྤྱོད་པ་ཀུན་ཏུ་བཟང་པོས་བདག་ལ་དགྱེས་པར་མཛོད། །ཁྱོད་ནི་རྡོ་རྗེའི་དམ་ཚིག་མཆོག་གི་ཕན་དོན་ཆེ། །ཡང་དག་རྫོགས་སངས ་རྒྱས་ཀྱི་གདུང་མཆོག་མཉམ་ཉིད་ཐུགས་བརྩེ་བ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །ཡོན་ཏན་རིན་ཆེན་མང་པོའི་གཏེར་གྱུར་བདག་ལ་དགྱེས་པར་མཛོད། །དེ་ནས་བསྐུལ་བའི་སྒྲས་རབ་ཏུ ་སངས་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བར་རྣམ་པར་བསྒོམས་ལ་འོད་ཀྱི་གོང་བུ་དེ་ལས་འོད་ཟེར་སྤྲོས་པའི་འཇམ་པའི་རྡོ་རྗེ་རྣམས་པར་སྤྲོས་པས་འགྲོ་བའི་དོན་བྱས་ནས་སྤྱན་མ་ལ་སོགས་པའི་ལྷ་མོ ་བཞིས་བགུག་ནས་འོད་ཀྱི་གོང་བུ་དེ་ལ་རབ་ཏུ་ཞུགས་པར་བལྟའོ། །དེ་ནས་འོད་ཀྱི་གོང་བུ་དེ་ཡོངས་སུ་གྱུར་པ་ལས་མི་ཡིག་བལྟས་ནས་དེ་ནས་ཡང་འཇམ་པའི་རྡོ་རྗེ་རྣམས་རྣམ་པར་སྤྲོས་པས་འགྲོ་བའི་དོན་བྱེད་པ་སྔོན་དུ་འགྲོ་བས་མོ ་ཡིག་ཡོངས་སུ་གྱུར་པ་ལས་རལ་གྲིའི་ཡུ་བ་ལ་ཟླ་བའི་གནས་སུ་མཾ་ཡིག་གིས་བྱིན་གྱིས་བརླབས་ལ་ཡང་འཇམ་པའི་རྡོ་རྗེ་རྣམས་རྣམ་པར་སྤྲོས་པས་འགྲོ་བའི་དོན་བྱས་ནས་མི་ཡི་གེ་དང་རལ་གྲི་ཡོང་སུ་གྱུར་པ་ལས་བཅོམ་ལྡན་འདས ་འཇམ་པའི་རྡོ་རྗེ་གུར་གུམ་ལྟ་བུའི་སྙིང་རྗེ་ཆེན་པོ་དང་ཤེས་རབ་ཀྱི་རྒྱུ་མཐུན་པ་དང། ཇི་སྲིད་ནམ་མཁའ་ཨི་ཁམས་འོད་ཀྱིས་ཁྱབ་པ། རིགས་དཔག་ཏུ་མེད་པ་སྤྲོས་པས་འགྲོ་བའི་དོན་བྱེད་པར་བརྩོམ་པ་རལ་གྲི་ནག་པོ་དང། མདའ ་དམར་པོ་དང། ཨུ་ཀྲ?་སྔོན་པོ་དང། གཞུ་དམར་པོ་འཛིན་པ་བསྒོམ་པར་བྱའོ། །དེ་ནས་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་གྱི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་བཅོམ་ལྡན་འདས་ཏེ། ལོངས་སྤྱོད་རྫོགས་པའི ་སྐུའི་བདག་ཉིད་མི་ཕྱེད་པ་བཟུང་བ་དང་འཛིན་པ་སྟོང་པ་ཉིད་ཀྱིས་ཆོས་ཀྱི་སྐུ་དེ་བཞིན་གཤེགས་པ་དང་ཆོས་ཐམས་ཅད་ལྷན་ཅིག་དབྱེར་མི་ཕྱེད་པར་རྟོག་པར་བྱ་བའི་ཕྱིར་འདིར་ལྷག་པར་མོས་པར་བྱའོ། །ོཾ་དྷརྨམཱ་དྷཱ་ཏུ་སྭབྷཱ་བ་ཨཱཏྨ ་ཀོ་ཉ་ཧཾ། ཞེས་བྱ་བའི་དཀྱིལ་འཁོར་ཀྱི་བདག་པོ་ཡོངས་སུ་རྫོགས་པ་ནི་ཆུང་ངུའི་རྒྱུ་མཐུན་པའི་འབྲས་བུ་དང་ཆུང་ངུའི་བསྙེན་པའོ། །དེ་ནས་མིག་འབྲས་ཀྱི་སྟོང་གཉིས་སུ་སོ་སོར་ཟླ་བའི་དཀྱིལ་འཁོར་ལ་ཀྵི་ཡིག་དཀར་པོ་དེ་ཡོངས་སུ ་གྱུར་པ་ལས་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའོ། །དེའི་ལྟེ་བའི་ནང་དུ་ཟླ་བ་ལ་གནས་པའི་ཀྵི་ཡིག་དེ་ལས་སའི་སྙིང་པོ་རྣམ་པར་སྤྲོས་པས་འགྲོ་བའི་དོན་བྱེད་པ་སྔོན་དུ་འགྲོ་བས་ཀྵ་ཡིག་དང་འཁོར་ལོ་ཡོངས་སུ་གྱུར་པ་ལས། ་མིག་གི་དབང་པོ་རྣམ་པར་དག་པ་རྣམ་པར་སྣང་མཛད་བཞིན་དུ་སའི་སྙིང་པོ་བསྒོམ་པར་བྱའོ། །དེ་ལྟར་རྣ་བ་གཉིས་ལ་སོ་སོར་ཟླ་བ་ལས་ཛྲཾ་ཡིག་ནག་པོ་དང་རྡོ་རྗེ་ཡོངས་སུ་གྱུར་པ་ལས་མི ་བསྐྱོད་པ་བཞིན་དུ་ཕྱག་ན་རྡོ་རྗེའོ། །སྣའི་རྩ་བར་ཟླ་བ་ལ་ཁཾ་ཡིག་སེར་པོ་དང་རིན་པོ་ཆེ་ཡོངས་སུ་གྱུར་པ་ལས་རིན་ཆེན་འབྱུང་ལྡན་བཞིན་དུ་ནམ་མཁའ་ཨི་སྙིང་པོའོ། །ལྕེའི་དབུས་སུ་ཟླ་བ་ལ་གཾ་ཡིག་དམར་མོ་དང་པདྨ་ཡོངས ་སུ་གྱུར་པ་ལས་འོད་དཔག་མེད་དེ་བཞིན་དུ་འཇིག་རྟེན་དབང་ཕྱུག་གོ་།དཔྲལ་བའི་དབུས་སུ་ཟླ་བ་ལ་ཥཀཾ་ཡིག་ལྗང་གུ་དང་རལ་གྲི་ནག་པོ་ཡོངས་སུ་གྱུར་པ་ལས་དོན་ཡོད་གྲུབ་པ་བཞིན་དུ་སྒྲིབ་པ་རྣམ་པར་སེལ་བའོ། །མགྲིན ་པའི་རྩ་བའི་འོག་ཏུ་ཟླ་བ་ལ་སཾ་ཡིག་དཀར་པོ་དང་རྡོ་རྗེ་དམར་པོ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་བཞིན་དུ་ཀུན་ཏུ་བཟང་པོ་བསྒོམ་པར་བྱའོ། །འདི་ནི་དབང་པོ་རྣམ་པར་སྦྱོང་བའོ།། །། ་དེ་བཞིན་དུ་ནམ་མཁའ་ལ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཛཾ་ཡིག་དཀར་པོ་དང་མེ་ལོང་ཡོངས་སུ་གྱུར་པ་ལས་གཟུགས་རྣམ་པར་དག་པ་རྣམ་པར་སྣང་མཛད་ཀྱི་རང་བཞིན་གཟུགས་རྡོ་རྗེ་མ་མེ་ལོང་འཛིན་པའོ། །ཧཱུཾ ་ཡིག་ནག་པོ་དང་པི་ལང་ཡོངས་སུ་གྱུར་པ་ལས་སྒྲ་རྣམ་པར་དག་པ་མི་བསྐྱོད་པའི་རང་བཞིན་སྒྲ་རྡོ་རྗེ་མ་པི་ཝང་འཛིན་པའོ། །བཾ་ཡིག་སེར་པོ་དང་དྲི་ཆུས་དཀར་བའི་དུང་ཕོར་ཡོངས་སུ་གྱུར་པ་ལས་དྲི་རྣམ་པར་དག་པ་རིན་ཆེན ་འབྱུང་ལྡན་གྱི་རང་བཞིན་དྲི་རྡོ་རྗེ་མ་དྲི་ཆུས་དཀང་བའི་དུང་ཕོར་འཛིན་པའོ། །ཧོ་ཡིག་དམར་པོ་དང་རོའི་སྣོད་ཡོངས་སུ་གྱུར་པ་ལས་རོ་རྣམ་པར་དག་པ་སྣང་བ་མཛའ་ཡས་ཀྱི་རང་བཞིན་རོ་རྡོ་རྗེ་མ་རོས་བཀང་བའི་སྣོད་དཀར་པོ ་འཛིན་པའོ། །ཁཾ་ཡིག་ལྗང་གུ་དང་གོས་སྣ་ཚོགས་ཡོངས་སུ་གྱུར་པ་ལས་རེག་བྱ་རྣམ་པར་དག་པ་དོན་ཡོད་གྲུབ་པའི་རང་བཞིན་རེག་བྱ་རྡོ་རྗེ་མ་གོས་སྣ་ཚོགས་འཛིན་པའོ། །རཾ་ཡིག་དཀར་པོ་དང་ཆོས་འབྱུང་ཡོངས་སུ་གྱུར་པ་ལས ་ཆོས་ཀྱི་ཁམས་རྣམ་པར་དག་པ་རྡོ་རྗེ་སེམས་དཔའ་ཨི་རང་བཞིན་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་ཆོས་འབྱུང་འཛིན་པ་སྟེ་འདི་ནི་ཡུལ་དྲུག་རྣམ་པར་སྦྱོང་བའོ། །།དེ་བཞིན་དུ་ལཾ་ཡིག་དཀར་པོ་དང ་འཁོར་ལོ་རྩིབས་བརྒྱད་པ་ཡོངས་སུ་གྱུར་པ་ལས་སའི་ཁམས་རྣམ་པར་དག་པ་རྣམ་པར་སྣང་མཛད་ཀྱི་རང་བཞིན་སྤྱན་མ་འཁོར་ལོ་རྩིབས་བརྒྱད་པ་འཛིན་པའོ། །མཾ་ཡིག་ནག་པོ་དང་ཨུཏཔ་ལ་དམར་པོ་ཡོངས་སུ་གྱུར་པ་ལས ་ཆའི་ཁམས་རྣམ་པར་དག་པ་མི་བསྐྱོད་པའི་རང་བཞིན་མཱ་མ་ཀཱི་ཨུཏཔ་ལ་དམར་པོ་འཛིན་པའོ། །པཾ་ཡིག་དམར་པོ་དང་པདྨ་ཡོངས་སུ་གྱུར་པ་ལས་མེའི་ཁམས་རྣམ་པར་དག་པ་སྣང་བ་མཛའ་ཡས་ཀྱི་རང་བཞིན་གོས་དཀར་མོ ་པདྨ་དམར་པོ་འདབ་མ་བརྒྱད་པ་འཛིན་པའོ། །ཏཾ་ཡིག་སེར་པོ་དང་གསེར་གྱི་ཨུཏཔ་ལ་ཡོངས་སུ་གྱུར་པ་ལས་རླུང་གི་ཁམས་རྣམ་པར་དག་པ་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་སྒྲོལ་མ་གསེར་གྱི་ཨུཏཔ་ལ་འཛིན་པའོ། །འདི་ནི་ཁམས ་བཞི་རྣམ་པར་སྦྱོང་བའོ།། །།དེ་བཞིན་དུ་བྲུཾ་ཡིག་དཀར་པོ་དང་འཁོར་ལོ་ཡོངས་སུ་གྱུར་པ་ལས་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པ་རྣཾ་པར་སྣང་མཛད་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་འཛིན་པའོ། ། ་ཨ་ཡིག་སེར་པོ་དང་རིན་པོ་ཆེ་ཡོངས་སུ་གྱུར་པ་ལས་ཚོར་བའི་ཕུང་པོ་རྣམ་པར་དག་པ་རིན་ཆེན་འབྱུང་ལྡན་རིན་པོ་ཆེ་ལྗང་གུ་འཛིན་པའོ། །ཛྲཾ་ཡིག་དམར་པོ་དང་པདྨ་ཡོངས་སུ་གྱུར་པ་ལས་འདུ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པ་འོད ་དཔག་ཏུ་མེད་པ་པདྨ་དམར་པོ་འདབ་མ་བརྒྱད་པ་འཛིན་པའོ། །ཁཾ་ཡིག་ལྗང་གུ་དང་རལ་གྲི་ཡོངས་སུ་གྱུར་པ་ལས་འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་པ་དོན་ཡོག་གྲུབ་པ་རལ་གྲི་ནག་པོ་འཛིན་པའོ། །ཧཱུཾ་ཡིག་ནག་པོ ་དང་རྡོ་རྗེ་ཡོངས་སུ་གྱུར་པ་ལས་རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་དག་པ་མི་བསྐྱོད་པ་རྡོ་རྗེ་ནག་པོ་འཛིན་པའོ། །འདི་ནི་ཕུང་པོ་ལྔ་རྣམ་པར་སྦྱོང་བའོ། །ཆུང་ངུའི་རྣམ་པར་སྨིན་པའི་འབྲས་བུ་ཆུང་ངུའི་ཉེ་བར་སྒྲུབ་པའོ།། །། ་ནུ་མ་གཉིས་ཀྱི་འོག་ཏུ་ཟླ་བ་ལ་གནས་པའི་ཧཱུཾ་ཡིག་ནག་པོ་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ནག་པོ་དེའི་དབུས་ཀྱི་ལྟེ་བ་ལ་ཟླ་བ་ལ་གནས་པའི་ཧཱུཾ་ཡིག་ནག་པོའོ། །དེ་ཡོངས་སུ་གྱུར་པ་ལས་སླར་ཡང་རྡོ་རྗེའི། །དེའི་ལྟེ་བའི་དབུས་སུ་ཟླ་བ ་ལ་གནས་པའི་ཧཱུཾ་ཡིག་སྟེ། དེ་ལས་ཐུགས་རྡོ་རྗེ་སྤྲོ་བ་དང་བསྡུ་བ་སྔོན་དུ་འགྲོ་བའི་ནང་ན་གནས་པའི་ཧཱུཾ་ཡིག་དང་རྡོ་རྗེ་ཡོངས་སུ་གྱུར་པ་ལས་ཕྱག་ན་རྡོ་རྗེ་ལྟ་བུའི་ཐུགས་རྡོ་རྗེ་བསྒོམ་པར་བྱའོ། །དེ་ནས་ཐུགས་རྡོ་རྗེའི་སྙིང་གར་ཟླ་བ་ལ ་གནས་པའི་རྡོ་རྗེའི་ལྟེ་བའི་དབུས་སུ་ཟླ་བ་ལ་གནས་པའི་ཧཱུཾ་ཡིག་ལས་བྱུང་བའི་ཐུགས་རྡོ་རྗེས་འགྲོ་བའི་དོན་བྱས་ནས་མདུན་དུ་བྱོན་ཏེ་གནས་པ་རྣམས་དང། གདོད་མ་ནས་གྲུབ་པའི་ཐུགས་རྡོ་རྗེ་རྣམས་ཀྱང་མདུན་དུ་སྤྱན ་དྲངས་ལ་གནས་པར་བལྟས་ཏེ། སྙིང་གའི་ས་བོན་ལས་བྱུང་བའི་ཕྱིར་དང་གསང་བའི་མཆོད་པས་ཡང་དག་པར་མཆོད་པས་དགྱེས་པར་བལྟས་ལ་རང་གིས་སྤྲུལ་པ་དང་ཐོག་མ་མེད་པ་ནས་གྲུབ་པ་རྣམས་ལ་ཚིགས་སུ་བཅད ་པ་གཉིས་ཀྱིས་གསོལ་བ་གདབ་པར་བྱའོ། །རྡོ་རྗེ་འཛིན་ཐུགས་དཔལ་དང་ལྡན། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི ་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་ཀྱི་མཛད་དུ་གསོལ། །དེ་ནས་གསོལ་བ་བཏབ་པའི་དེ་མ་ཐག་ཏུ་དགྱེས་པས་རང་གི་ཐུགས་རྡོ་རྗེའི་བདག་ཉིད་དུ་དག ་ཏུ་ཞུགས་པར་བསམས་ལ་འདིས་ལྷག་པར་མོས་པར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭབྷའ་བ་ཨཱཏྨ་ཀོ་ཉ་ཧཾ། དེ་བཞིན་དུ་ནུ་མ་གཉིས་ཀྱི་བར་དུ་ཟླ་བ་ལ་གནས་པའི་རལ་གྲིའི་ཡུ་བའི་དབུས་སུ་ཟླ་བ་ལ་གནས་པའི་མཾ་ཡིག ་དང་རལ་གྲི་ཡོངས་སུ་གྱུར་པ་ལས་གསོལ་བ་བཏབ་པ་མེད་པར་དམ་ཚིག་སེམས་དཔའ་བཞིན་དུ་ཡེ་ཤེས་སེམས་དཔའ་བསྒོམ་པར་བྱའོ། །དེ་བཞིན་ཐུགས་རྡོ་རྗེ་བསྐྱེད་པའི་རིམ་པ་ཉིད་ཀྱིས་མགྲིན་པའི་རྩ་བར་ཟླ་བ་ལ་གནས་པའི ་ཨཱ(རྒྱུད་འགྲེལ་ལྡན། །རྡོ་རྗེ་མི་ཕྱེད་གསུམ་བསྒོམ་ལ། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་གསུང་གི་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེར་བདག་བྱིན་གྱིས་བརླབས ་གནས་སུ། །རྡོ་རྗེ་གསུང་གིས་མཛད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་བཞུགས་པའི་དེ་མ་ཐག་ཏུ། །ོཾ་སརྦ་ཏ་ཐཱ་ག་ཏ་བཱཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཉ་ཧཾ། ཞེས་བྱ་བས་ལྷག་པར་མོས་པར་བྱའོ། །དེ་ན་སྡེ་ཉིད་ཀྱི་བསྐྱེད་པའི་རིམ ་པས་དཔལ་བར་ཨོཾ་ཡིག་དཀར་པོ་དང་འཁོར་ལོ་ཡོངས་སུ་གྱུར་པ་ལས་གསོལ་བ་བཏབ་པ་ལས་ལྷན་ཅིག་སའི་སྙིང་པོ་བཞིན་དུ་སྐུ་རྡོ་རྗེ་བསྒོམ་པར་བྱའོ། །དེ་ལ་འདི་ནི་གསོལ་བ་བཏབ་པའི་ཚིགས་སུ་བཅད་པ་གཉིས་ཏེ། །དཔལ་ལྡན ་རྡོ་རྗེ་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུ་ཡིས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད ་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུ་ཡིས་མཛད་དུ་གསོལ། །དེ་ནས་རབ་ཏུ་ཞུགས་པའི་དེ་མ་ཐག་ཏུ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཉ་ཧཾ། ཞེས་བྱ་བ་ལས་ལྷག་པར་མོས་པར་བྱའོ། ། ་དེ་ལྟར་ཐུགས་རྡོ་རྗེ་ལ་སོགས་པས་བྱིན་གྱིས་བརླབས་པ་ནི་ཆུང་ངུའི་སྐྱེས་བུ་བྱེད་པའི་འབྲས་བུ་དང་ཆུང་ངུའི་སྒྲུབ་པའོ།། །།དེ་ནས་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀའི་ཕྱག་མཚན་གྱི་ས་བོན་ལས་འོད་ཟེར་རྣམ་པར ་སྤྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་བསྐུལ་ཏེ། དེ་བཞིན་གཤེགས་པ་སོ་སོའི་སྐུ་ལས་རྣམ་པར་སྤྲོས་པའི་རང་རང་གི་སྐུ་མདོག་གི་རིན་པོ་ཆེའི་བུམ་པ་བྱང་ཆུབ་ཀྱི་སེམས་ཀྱིས་བཀང་བས་ཕྱག ་འདྲེལ་བ་རྣམས་ཀྱིས་ནམ་མཁའ་ཁྱབ་པས་རྒྱལ་མཚན་དང་བ་དན་ལ་སོགས་པས་ཕྱག་འབྲེལ་པའི་མཆོད་པའི་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་སྤྱན་མ་ལ་སོགས་པ་ཆོས་ཀྱི་རྡོ་རྗེ་མའི་མཐར་ཐུག་པའི་ལྷ་མོའི་ཚོགས་དཔག་ཏུ ་མེད་པས་བདག་ཉིད་དབང་བསྐུར་བས་བལྟས་ལ་སྤྱི་བོར་བབས་པའི་ལྷག་མ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་བསམས་ནས་བཀུག་པའི་བུམ་པ་རྣམས་གཞལ་ཡས་ཁང་གི་བུམ་པ་རྣམས་ལ་ཐིམ་པར་བསྒོམས་ནས། ལྷ་མོ་རྣམས ་ཀྱིས་གསང་བའི་མཆོད་པས་མཆོད་ཅིང། དགའ་བའི་ཚོགས་བླ་ན་མེད་པའི་བདག་ཉིད་ཀྱིས་ཤིན་ཏུ་བདེ་བའི་བལྟ་བའི་དབང་བསྐུར་བ་ནི་ཆུང་ངུའི་དྲི་མ་མེད་པའི་འབྲས་བུ་དང་ཆུང་ངུའི་སྒྲུབ་པ་ཆེན་པོ་སྟེ། །དེ་ལྟར་ཆུང་ངུའི་ཡན་ལག ་བཞིའོ།། །།དེ་ནས་རང་གི་འོད་ཀྱི་ཤེས་རབ་མའི་སེན་མོ་ནས་བརྩམས་ཏེ་སྐྲ་མཚམས་ཀྱི་མཐར་ཐུག་པའི་ཡན་ལག་དགའ་བ་ཤིན་ཏུ་རྒྱ་ཆེ་བ་འཁོར་བ་མ་ཡིན་པ་བླ་ན་མེད་པའི་བདེ་བ་ཆེན་པོའི་བདུད་རྩིའི་རྒྱུན ་འབྱུང་བར་བལྟས་པ་ནི་འབྲིང་གི་རྒྱུ་མཐུན་པའི་འབྲས་བུ་དང་འབྲིང་བ་སྙེད་པའོ། །དེ་ནས་གོང་མ་བཞིན་དུ་སའི་སྙིང་པོ་ལ་སོགས་པ་མིག་ལ་སོགས་པའི་སྐྱེ་མཆེད་དྲུག་བྱིན་གྱིས་བརླབ་པ་ནི་འབྲིང་གི་རྣམ་པར་སྨིན་པའི་འབྲས་བུ་དང། ་འབྲིང་གི་ཉེ་བར་སྒྲུབ་པའོ། །དེ་ནས་གསོལ་བ་གདབ་པ་མེད་པར་ཐུགས་དང་གསུང་དང་སྐུ་བྱིན་གྱིས་བརླབ་པ་ནི་འབྲིང་གི་སྐྱེས་བུའི་བྱེད་པའི་འབྲས་བུ་དང་འབྲིང་གི་སྒྲུབ་པའོ། །དེ་བཞིན་དུ་བཅོམ་ལྡ་འདས་ལྟར་ཡེ་ཤེས་སེམས་དཔའ་ ་བསྒོམས་ནས་དབང་བསྐུར་བར་བསྒོམས་པ་ནི་འབྲིང་གི་དྲི་མ་མེད་པའི་འབྲས་བུ་དང་འབྲིང་གི་སྒྲུབ་པ་ཆེན་པོའོ། །དེ་ལྟར་འབྲིང་གི་ཡན་ལག་བཞིའོ།། །།དེ་ནས་བཅོམ་ལྡན་འདས་མའི་སྤྱི ་བོའི་ཆད་དུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཨོཾ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་འཁོར་ལོའོ། །དེའི་ལྟེ་བའི་ནང་དུ་ཟླ་བ་ལ་གནས་པའི་ཨོཾ་ཡིག་དཀར་པོའོ། །དེ་ཡོངས་སུ་གྱུར་པ་ལས་ནུ་མ་གཉིས་ཀྱི་སྟེང་གི་མཚམས ་ནས་སྤྱི་བོའི་མཐར་ཐུག་པར་རྣམ་པར་སྣང་མཛད་ཀྱི་རྡུལ་ཕྲ་རབ་ཀྱི་རང་བཞིན་བལྟ་བར་བྱའོ། །དེ་བཞིན་དུ་ལྟེ་བའི་སྟེང་གི་ནང་དུ་ཉི་མ་ལ་གནས་པའི་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེའོ་དེའི་ལྟེ་བའི་ནང་དུ་ཉི་མ་ལ་གནས་པའི ་ཧཱུཾ་ཡིག་དང་པོའོ།། །།དེ་ཡོངས་སུ་གྱུར་པ་ལས་ལྟེ་བའི་སྟེང་ནས་ནུ་མ་གཉིས་ཀྱི་བར་མཐར་ཐུག་པར་མི་བསྐྱོད་པའི་རྡུལ་ཕྲ་རབ་ཀྱི་རང་བཞིན་བལྟ་བར་བྱའོ། །དེ་ནས་ལྟེ་བའི་འོག་གི་ནང་དུ་ཉི་མའི ་དཀྱིལ་འཁོར་ལ་གནས་པའི་སྭཱ་ཡིག་སེར་པོ་ཡོངས་སུ་གྱུར་པ་ལས་རིན་པོ་ཆེ་མ་རཱ་ག་ཏའོ། །དེའི་ནང་དུ་ཉི་མའི་དཀྱིལ་འཁོར་ལ་གནས་པའི་སྭཱ་ཡིག་སེར་པོའོ། །དེ་ཡོངས་སུ་གྱུར་པ་ལས་པདྨའི ་སྟེང་ནས་ལྟེ་བའི་མཐར་ཐུག་པར་རིན་ཆེན་འབྱུང་ལྡན་གྱི་རྡུལ་ཕྲ་རབ་ཀྱི་རང་བཞིན་བལྟ་བར་བྱའོ། །དེ་བཞིན་དུ་པདྨའི་ནང་དུ་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཨཱ(རྒྱུད་འགྲེལ་པོ་འདབ་མ་བརྒྱད་པའོ། །དེའི་ནང་དུ་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཨཱ་ཡིག་དམར་པོའོ། །དེ་ཡོངས་སུ་གྱུར་པ་ལས་པདྨ་ནས་བརྩམས་ཏེ་པུས་མོ་གཉིས་ཀྱི་སྟེང་གི་མཐར་ཐུག་པར་འོད་དཔག་མེད་ཀྱི་རྡུལ་ཕྲ་རབ་ཀྱི་རང ་བཞིན་བལྟ་བར་བྱའོ། །དེ་བཞིན་དུ་པུས་མོ་གཉིས་ཀྱི་འོག་ཏུ་སོ་སོར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱ་ཡིག་ལྗང་གུ་གྱུར་པ་ལས་རལ་གྲིའོ། །དེའི་ཡུ་བའི་ནང་དུ་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱ་ཡིག་གོ་། ་དེ་ཡོངས་སུ་གྱུར་པ་ལས་པུས་མོ་གཉིས་ནས་བརྩམས་ཏེ། རྐང་པའི་མཐར་ཐུག་པར་དོན་ཡོད་གྲུབ་པའི་རྡུལ་ཕྲ་རབ་ཀྱི་རང་བཞིན་བལྟ་བར་བྱའོ། །དེ་ལྟར་རིགས་ལྔའི་གཅིག་ཏུ་ཚོགས་པས་ཡོངས་སུ་མཉམ་པ་རང་གི་ཁ ་དོག་དང་དབྱིབས་ཀྱིས་བཅོམ་ལྡན་འདས་མ་གསལ་བར་བྱའོ། །དེའི་ཆུ་སྐྱེས་ལ་ཧཱུཾ་ཡིག་དམར་པོ་ཡོངས་སུ་གྱུར་པ་ལས་ཁ་འོག་ཏུ་བལྟས་པའི་པདྨ་ལྟ་བུ་ལ། ཨཱ(རྒྱུད་འགྲེལ་བསྒོམ་མོ། །དེ་བཞིན་ཧཱུཾ་ཡིག་དམར་པོ་ཡོངས་སུ་གྱུར་པ་ལས་རང་གི་རྡོ་རྗེའོ། །ོཾ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་ནོར་བུའི་རྡོ་རྗེ་རྩེ་ལྔ་པ་ལྟ་བུའི་རྗེས་སུ་བྱེད་པ་ཤིན་ཏུ་ཡིད་འཕྲོག་པ་བལྟས་ནས་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་རྗེས་སུ་ཆགས་པའི་དོན་བདག་ལ་བརྩོམ་པར་འགྲོས་ནས་གཉིས་ཀའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་ནས་རང་གི་ལུས་དང་ཡན་ལག་རྣམས་ལ་ཐིམ་པར་བསྒོམས་ལ་ཐུགས ་ཀའི་ས་བོན་གྱི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་ནས་ཞལ་དུ་ཞུགས་ཏེ། མན་ངག་ཇི་ལྟ་བ་བཞིན་དུ་གནས་ཇི་ལྟ་བ་བལྟས་ལ་སྔགས་བརྗོད་དོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཉ་ཧཾ། ཞེས་བྱ ་བའི་བར་ནི་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ཏོ། །དེ་ནས་ཐུགས་ཀའི་ས་བོན་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་ནས་ཞལ་ནས་ཞལ་དུ་ཞུགས་ཏེ་ཞུ་བར་གྱུར་པ་རྣམས་རྡོ་རྗེའི་ལམ་ནས་ཕྱུང་ནས་པདྨའི་ནང་དུ་གནས་པར་བལྟས་ལ ་འོད་ཀྱི་གོང་བུ་དེ་གྱུར་པ་ལས་མཾ་ཡིག་གོ་།དེ་ལས་བྱུང་བའི་མི་བསྐྱོད་པ་རྣམ་པར་སྤྲོས་པས་འགྲོ་བའི་དོན་བྱས་ནས་མཾ་ཡིག་དེ་ཡོངས་སུ་གྱུར་པ་ལས་གཙོ་བོ་མི་བསྐྱོད་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་བདག་ཉིད་གསང་བའི་དཀྱིལ་འཁོར ་བལྟའོ། །དེ་ནས་མི་བསྐྱོད་པ་ལ་སོགས་པ་རྣམས་སོ་སོར་མངོན་སུམ་དུ་བྱས་ཏེ་མན་ངག་ཇི་ལྟ་བ་བཞིན་དུ་རིགས་ཀྱི་བདག་པོ་ལས་རྗེས་སུ་གནང་བ་ཐོབ་ནས་རང་རང་གི་སྔགས་ཀྱིས་དབྱུང་བར་བྱའོ། །དེ་ལ་བཛྲ་དྷྲིཀ་ཅེས་བྱ་བའི་སྔགས་འདིས་ཉེ ་བར་ཕྱུང་བའི་བཅོམ་ལྡན་འདས་མི་བསྐྱོད་པའི་སྤྲུལ་པ་དཔག་ཏུ་མེད་པ་སྤྲོས་པས་འགྲོ་བའི་དོན་བྱས་ནས་འཇམ་པའི་རྡོ་རྗེའི་སྐུ་གསུང་ཐུགས་རྡོ་རྗེ་རྣམས་ལ་ཐིམ་པར་གྱུར་པར་བསམ་མོ། །དེ་བཞིན་དུ་འཛི་ན་ཛི་ཀ་ཅེས་བྱ་བའི་སྔགས་འདིས་འགྲོ ་བའི་དོན་བྱེད་པ་སྔོན་དུ་འགྲོ་བས་མདུན་དུ་རྣམ་པར་སྣང་མཛད་དོ། །དེ་བཞིན་དུ་རཏན་དྷྲིཀ་ཅེས་བྱ་བ་འདིས་ལྷོ་ཕྱོགས་སུ་རིན་ཆེན་འབྱུང་ལྡན་ནོ། །ཱ་རོ་ལ་ཀི་ཅེས་བྱ་བ་འདིས་ནུབ་ཕྱོགས་སུ་འོད་དཔག་མེད་དོ། །པྲཛྙཱ་དྷྲིཀ་ཅེས་བྱ་བ་འདིས་བྱང་ཕྱོགས ་དོན་ཡོད་གྲུབ་པའོ། །མོ་ཧ་ར་ཏི་ཞེས་བྱ་བ་འདིས་མེའི་མཚམས་སུ་སྤྱན་ནོ། །དྭེ་ཤ་ར་ཏི་ཞེས་བྱ་བ་འདས་བདེན་བྲལ་གྱི་མཚམས་སུ་མཱ་མ་ཀཱིའོ། །རཱ་ག་རྭ་ཏི་ཞེས་བྱ་བ་འདིས་རླུང་གི་མཚམས་སུ་གོས ་དཀར་མོའོ། །བཛྲ་ར་ཏི་ཞེས་བྱ་བ་འདིས་དབང་ལྡན་གྱི་མཚམས་སུ་སྒྲོལ་མའོ། །ོཾ་ཨཱ(རྒྱུད་འགྲེལ་རྡོ་རྗེ་མ་ལ་སོགས་པ་དྲུག་གོ་།ཡ་མཱནྟ་ཀྲི་ཏ་ཅེས་བྱ་བ་འདིས་ཤར་ཕྱོགས་ཀྱི་སྒོར་གཤིན་རྗེ་གཤེད་དོ། །པྲཛྙཱ་ཏ་ཀྲི་ཏ་ཅེས་བྱ་བ་འདིས་ལྷོའི་སྒོར་ཤེས་རབ་མཐར་བྱེད་དོ། །པདྨན་ཏ་ཀྲི་ཏ་ཅེས་བྱ་བ་འདིས་ནུབ་ཀྱི་སྒོར་པདྨ་མཐར་བྱེད?། ་བྷི་གྷཾ་ཏ་ཀྲི་ཏ་ཅེས་བྱ་བ་འདིས་བྱང་གི་སྒོར་བགེགས་མཐར་བྱེད་དོ། །ོཾ་ཨཱ(རྒྱུད་འགྲེལ་གྱི་ལྕགས་ཀྱུའི་རྣམ་པས་ཐོག་མ་མེད་པའི་གྲུབ་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་བདག་ཉིད་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་མདུན་དུ་སྤྱན་དྲངས་པའི་བཅོམ་ལྡན་འདས་རབ་ཏུ་བཞུག་པའི་ཕྱིར་གུར་མཚམས་དབྱེ་བ ་དང། སྒོ་ནས་ཞུགས་པ་ལ་གཤིན་རྗེ་གཤེད་ལ་སོགས་པས་བདུད་རྣམས་བསྐྲད་ནས་རྡོ་རྗེའི་གུར་སྔོན་བཞིན་དུ་བརྟན་པར་བལྟས་ལ་བཅོམ་ལྡན་འདས་རྣམས་ལ་ཞབས་བསིལ་དང་ཞལ་བསིལ་བ་དང་མཚོད་ཡོན ་རྣམས་ཕུལ་ནས་ཕྱིའི་དང་གསང་བའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་དོ། །གཤིན་རྗེ་གཤེད་ལ་སོགས་པས་མན་ངག་ཇི་ལྟ་བ་བཞིན་དུ་དགུག་པ་དང། གཞུག་པ་དང། བཅིང་བ་དང། དགྱེས་པ་བསྐྱེད ་པར་བྱའོ། །དེ་ནས་ཐོག་མ་མེད་པ་ནས་གྲུབ་པའི་འཇམ་པའི་རྡོ་རྗེ་དང་ལྷན་ཅིག་གཉིས་སུ་མེད་པའི་ལྷག་པར་མོས་པར་བྱའོ། །ཞེས་བྱ་བའི་བར་གྱིས་ཆེན་པོའི་རྒྱུ་མཐུན་པའི་འབྲས་བུ་དང་ཆེན་པོའི་བསྙེན་པའོ། །རྡ་སོགས་?? ་ད་ནས་དཀྱིལ་འཁོར་གྱི་བདག་པོ་དང། དཀྱིལ་འཁོར་པ་རྣམས་ཀྱི་རང་གི་རིག་མ་ལ་དང་བཅས་པར་གོང་མ་བཞིན་དུས་གཅིག་ཏུ་མིག་ལ་སོགས་པའི་སྐྱེ་མཆེད་དྲུག་བྱིན་གྱིས་བརླབས་པ་ཞེས་བྱ་བ་ནི་ཆེན་པོའི་རྣམ་པར་སྨིན་པ་དར་བ་ཆེན? ་པོའི་ཉེ་བར་སྒྲུབ་པའོ། །དེ་ནས་གསོལ་བ་བཏབ་པ་མེད་པར་ཐུགས་དང་གསུང་དང་སྐུ་བྱིན་གྱིས་བརླབས་པ་ཞེས་བྱ་བ་ནི་ཆེན་པོའི་སྐྱེས་བུ་བྱེད་པའི་འདྲས་བུ་དང། ཆེན་པོའི་སྒྲུབ་པའོ། །དེ་ནས་སོ་སོར་གོང་མ་བཞིན་དུ་ཡེ་ཤེས་སེམས ་དཔའ་བསྒོམས་ནས་དབང་བསྐུར་བ་ལ་སོགས་པ་ནི་ཆེན་པོའི་དྲི་མ་མེད་པའི་འབྲས་བུ་དང། ཆེན་པོའི་སྒྲུབ་པ་ཆེན་པོ་ཞེས་བྱ་བའི་བར་གྱིས་ཆེན་པོའི་ཡན་ལག་བཞིའོ། །ཆུ་ལྷག་མ་ཡོངས་སུ་གྱུར་པ་ལས་འཇམ་པའི་རྡོ་རྗེ་དང། ་རྣམ་པར་སྣང་མཛད་དང། རིན་ཆེན་འབྱུང་ལྡན་དང། འོད་དཔག་མེད་པ་དང། དོན་ཡོད་གྲུབ་པ་དང། མཱ་མ་ཀཱི་དང། སྒྲ་རྡོ་རྗེ་མ་དང། ཤེས་རབ་མཐར་བྱེད་དང། བགེགས་མཐར་བྱེད་དང། ཕྱག་ན་རྡོ་རྗེ་དང། ཐུགས་རྡོ་རྗེ་དང། འདོད ་པའི་རྒྱས་ཡོ?་དང། དབྱུག་པ་སྔོན་པོ་དང། སྟོབས་པོ་ཆེ་དང། མི་གཡོ་བ་དང། གཙུག་ཏེར་འཁོར་ལོས་སྒྱུར་བ་དང། གནོད་མཛེས་རྒྱལ་པོ་དང། རྡོ་རྗེ་ཧཱུཾ་མཛད་རྣམས་ཀྱི་དབུ་ལ་མི་བསྐྱོད་པའི། །སྤྱན་མ་དང། གཟུགས་རྡོ་རྗེ་མ་དང། ་ག་ཤིན་ཆེ་གཤེད?་དང། སའི་སྙིང་པོ་དང། རྡོ་རྗེ་དང། བསྲུང་བའི་འཁོར་ལོ་ལ་གནས་པའི་གཤིན་རྗེ་གཤེད་རྣམས་ལ་རྣམ་པར་སྣང་མཛད་དོ། །དྲི་རྡོ་རྗེ་དང། ནམ་མཁའ་ཨི་སྙིང་པོ་དག་ལ་རིན་ཆེན་འབྱུང་ལྡན་ནོ་།གློ?་ངས? ་དཀར་མོ་དང། རོ་རྡོ་རྗེ་མ་དང། པདྨ་མཐར་བྱེད་དང་འཇིག་རྟེན་དབང་ཕྱུག་དང། གསུང་རྡོ་རྗེ་དང། བསྲུང་བའི་འཁོར་ལོ་ལ་གནས་པའི་པདྨ་མ་ཐར་བྱེད་རྣམས་ལ་འོད་དཔག་མེད་དོ། །སྒྲོལ་མ་དང། ་རེག་ཕྱ་རྡོ་རྗེ་མ་དང། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་རྣམས་ལ་དོན་ཡོད་གྲུབ་པའོ། །ཆོས་ཀྱི་དབྱིངས་རྡོ་རྗེ་མ་དང། ཀུན་ཏུ་བཟང་པོ་དག་ལ་རྡོ་རྗེ་འཛིན་པའོ། །ཞེས་བྱ་བ་རིགས་ཀྱི་བདག་པོའོ། །དེ་ནས་ཐུགས་ཀའི་ས་བོན་གྱི་འོད ་ཟེར་གྱི་ཕྱོགས་བཅུ་ན་གནས་པའི་འདོད་པའི་ཡོན་ཏན་ལྔ་རྣམས་བཀུག་ནས་ཞལ་དུ་ཞུགས་ཏེ་ཞུ་བར་གྱུར་པ་རྡོ་རྗེའི་ལམ་ནས་ལྷ་མོའི་པདྨར་བབས་པར་བལྟས་ལ་འོད་ཀྱི་གོང་བུ་དེ་ཡོངས་སུ་གྱུར་པ་ལས་བླ་ན་མེད་པ་ཟག་པ་མེད་པ ་དཔག་ཏུ་མེད་པའི་ཡོན་ཏན་ལྔས་ཕྱག་འབྲེལ་བའི་གཟུགས་རྡོ་རྗེ་མ་ལ་སོགས་པའི་མཐར་ཐུག་པའི་ལྷ་མོའི་ཚོགས་བཅོམ་ལྡན་འདས་མའི་བ་སྤུའི་བུ་ག་སོ་སོ་ནས་རྣམ་པར་སྤྲོས་པས་དཀྱིལ་འཁོར་པ་རྣམས་མཆོད་ཅིང་བླ་ན ་མེད་པའི་བདེ་བ་ཆེན་པོས་ཚེམ་པའི་བདག་ཉིད་དུ་བལྟས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭབྷཱ་བ་ཨཱ་ཏྨ་ཀོ་ཉ་ཧཾ། ཞེས་བརྗོད་པར་བྱའོ། །དེ་ནས་དཀྱིལ་འཁོར་པ་རྣམས་དང་ལྷ་མོའི་ཚོགས་རྣམས་དང། གཞན་ཡང་ཀ་བ་དང་རྩིག་པ ་དང་རྟ་བབས་ལ་སོགས་པ་ཀུན་ནས་བསྟོད་པའི་བདག་ཉིད་དུ་བལྟ་བར་བྱའོ། །དེ་ལ་འདི་ནི་བསྟོད་པའི་ཚིགས་སུ་བཅད་པ་ལྔ་སྟེ། མི་བསྐྱེད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེའི་དབྱིངས་ནི་མཁས་ཆེན་པོ། །རྡོ་རྗེ་གསུང་མཆོག་དཀྱིལ་འཁོར ་གསུམ། །རྡོ་རྗེ་གསུངས་ཤིག་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བྱེད་དགའ་ཆེན་པོ། །རང་བཞིན་འོད་གསལ་མཆོག་གི་མཆོག་།སྟོན་ཅིག་རྡོ་རྗེ་ཕྱག་འཚལ་ལོ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ?། ། ་རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པ་གོས་པ་མེད། །རྡོ་རྗེ་བརྗོད་ཅིག་ཕྱག་འཚལ་ལོ། །རྡོ་རྗེ་མི་ཕྱེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེ་གསུངས་ཤིག་ཕྱག་འཚལ་ལོ། ། ་དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །རང་བཞིན་དག་པ་ཉིད་ལས་བྱུང། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་ལོ། །དེ་ནས་འཇམ་པའི་རྡོ་རྗེའི་མདུན་དུ་ཨཱ(རྒྱུད་འགྲེལ་བྲུཾ་ལ་སོགས་པ་ས་བོན་བྱིན་གྱིས་བརླབས་པའི་བདུད་རྩི་ལྔ་དང། བརྩོན་འགྲུས་ལྔས་ཡོངས་སུ་གང་བའི་པདྨའི་སྣོད་དཀར་པོ་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་གྱི་མན་འཇིའི་སྟེང་དུ་བལྟའོ། །དེའི་སྟེང་དུ་མཐོ་གང་ཙམ་གྱི་སྟེང་དུ་ཟླ ་བའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་དཀར་པོའི་ལྟེ་བའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་ཡིག་དཀར་པོས་བྱིན་གྱིས་བརླབས་པ་བལྟས་ནས་པདྨའི་སྣོད་ཀྱི་འོག་ཏུ་ཡཾ་ཡིག ་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་རོ། །རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་རཾ་ཡིག་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་རྣམ་པར་བསྒོམས་ནས་རླུང་གིས་སྦར་བའི་མེས་པདྨའི་སྣོད་རབ་ཏུ་དྲོས་པས་བདུད་རྩི་ལྔ་ལ་སོགས་པ ་ཞུ་སྟེ། དེའི་རླངས་པས་ཟླ་བ་དང། རྡོ་རྗེ་ལ་སོགས་པ་ཞུ་ནས་དེ་ཉིད་དུ་ལྟུང་བ་དེ་ཐམས་ཅད་བླ་ན་མེད་པའི་བདུད་རྩིས་ཡོངས་སུ་གང་བར་བལྟའོ། །དེའི་སྟེང་དུ་ཞུ་བའི་བདུད་རྩིའི་རྒྱུན་འབར་བའི་ཨོཾ་ཡིག་བལྟས་ནས་དེའི་འོད་ཀྱིས་དེ ་བཞིན་གཤེགས་བ་ཐམས་ཅད་ཀྱིས་བདུད་རྩིའི་རྣམ་པ་རྣམས་བཀུག་ནས་དེར་ཐིམ་པར་བསྒོམས་ལ་ཨོཾ་ཡིག་ཀྱང་ཞུ་བར་གྱུར་ནས་དེ་ཉིད་དུ་ཞུགས་པར་བལྟས་ནས། བདུད་རྩི་དེ་ཁོ་ན་ཉིད་གསུམ་གྱིས་ལན་མང་དུ་བྱིན་གྱིས་བརླབ་བོ། ། ་དེ་ནས་བཅོམ་ལྡན་འདས་དང་དཀྱིལ་འཁོར་བ་རྣམས་ཀྱི་ཐུགས་ཀར་གནས་པའི་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀའི་ཕྱག་མཚན་གྱི་དབུས་སུ་རང་རང་གི་ས་བོན་ཡོངས་སུ་གྱུར་པ་ལག་རང་བདག?་གོའི?་བོའི ་དཀྱིལ་འཁོར་གྱི་འཁོར་ལོ་སོ་སོའི་ལྕེའི་དབུས་སུ་ཧཱུཾ་དཀར་པོ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པ་ནས་བརྩམ་ནང་བུ་གུར་གྱུར་པ་ལྟེ་བ་ཧཱུཾ་ཡིག་གིས་བྱིན་གྱིས་བརླབས་པ་བལྟས་ནས་སྒྱུ་མ་ལྟ་བུར་གསལ་བར་སྣ་ཚོགས་པ་འདི་ཐམས ་ཅད་གཉིས་སུ་མེད་པ་ཙམ་དུ་ལྷག་པར་མོས་པར་བྱའོ། །རྡོ་རྗེ་རྩེ་ལྔ་པ་ཡི་འོད་ཟེར་གྱིས་དྲངས་ནས་རང་གི་སྙིང་གར་གནས་པའི་འཁོར་ལོ་ལ་སོགས་པ་དང། བདག་ཉིད་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་ཚིམ་པར་བྱའོ ་ཞེས་པ་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ཏོ། །དེ་ནས་ཐམས་ཅད་ཀྱི་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀའི་ཕྱག་མཚན་གྱི་དབུས་སུ་གནས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་གྱུར་པ་ལས་རང་རང་གི་ས་བོན ་བལྟས་ནས་མཾ་ཡིག་ལས་སྤྲོས་པས་འཇམ་པའི་རྡོ་རྗེ་རྣམས་སྤྲོས་པས་སེམས་ཅན་ཐམས་ཅད་འཇམ་པའི་རྡོ་རྗེར་བྱས་ཏེ་བཀུག་ནས་མཾ་ཡིག་ལ་རབ་ཏུ་ཞུགས་ཤིང་མཾ་ཡིག་དེ་ཡོངས་སུ་གྱུར་པ་ལས་སྲན་མའི་ཚད་ཙམ་གྱི ་ནང་སྟོང་པའི་ཐིག་ལེ་རྣམ་པར་བསྒོམས་ལ་དེའི་དབུས་སུ་ཡན་ལག་བཞི་དང་ལྡན་པའི་རྟེན་དང་བརྟེན་པའི་བདག་ཉིད་གཙོ་བོ་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་གྱི་འཁོར་ལོ་སྐད་ཅིག་ཙམ་གྱིས་བལྟ་བར་བྱའོ། །དེ་ནས ་དེའི་དཀྱིལ་འཁོར་གྱི་འཁོར་ལོ་བཀུག་ནས་སྤྲོས་པའི་འོད་ཟེར་དགག་པར་མི་ནུས་པ་འཕྲོས་པས་གོ་རིམ་བཞིན་དུ་རལ་གྲི་དང། ཡེ་ཤེས་སེམས་དཔའ་དང། རལ་གྲི་གཉིས་པ་དང། སྐུ་དང་གསུང་དང་ཐུགས་རྣམས་རང? ་སའི་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང། དམ་ཚིག་སེམས་དཔའ་རྣམས་དང། དཀྱིལ་འཁོར་པ་རྣམས་དང། མཆོད་པའི་ལྷ་མོ་དང། གཞལ་ཡས་ཁང་དང་སྣ་ཚོགས་རྡོ་རྗེ་དང། སྣ་ཚོགས་པདྨ་དང། ཆོས་ཀྱི་འབྱུང ་གནས་ཀྱི་ཕྱག་རྒྱ་དང་འཁོར་ལོའི་ལྟེ་བ་དང། རྩིབས་བཅུའི་ནང་ན་གནས་པའི་ཁྲོ་བོ་བཅུས་བྱིན་གྱིས་བརླབས་པས་མྱུར་དུ་འཁོར་བའི་སྲུང་བའི་འཁོར་ལོ་དང། རྡོ་རྗེའི་ས་གཞི་དང་ར་བ་དང་གུར་རྣམས་དང། ས་དང་རླུང་དང་མེ ་དང་ཆུའི་དཀྱིལ་འཁོར་རྣམས་དང། དེ་ནས་ཇི་སྲིད་ནམ་མཁའ་ཨི་ཁམས་སུ་གནས་པའི་འཇིག་རྟེན་གྱི་ཁམས་རྣམས་གསལ་བར་བྱས་ཏེ་འགྲོ་བ་རྫོགས་པའི་སངས་རྒྱས་སུ་བྱས་ནས་དེ་ཉིད་ཀྱི་རིམ་པས་དཀྱིལ་འཁོར་དེ་ཉིད་དུ་རབ ་ཏུ་ཞུགས་ཤིང། དེ་ཉིད་ནས་ཡང་སྒྲོ་བ་དང་འཇུག་པ་ཇི་སྙེད་འདོད་ཀྱི་བར་དུ་བྱ་བ་ནི་ཐིག་ལེའི་རྣལ་འབྱོར་རོ། །དེ་ནས་ཐིག་ལེའི་འཁོར་ལོ་དེ་ཡོངས་སུ་གྱུར་པ་ལས་མཾ་ཡིག་བལྟས་ནས་དེའི་འོད་ཟེར་གྱིས་དེ་བཞིན་གཤེགས ་པ་ཐམས་ཅད་ཡང་དག་པར་བཀུག་ནས་ཞལ་དུ་ཞུགས་ཤིང་རྡོ་རྗེའི་ལམ་ནས་སྤྲོས་ཏེ་ལྷ་མོའི་པདྨའི་དབུས་སུ་ཞུ་བར་རྗེས་སུ་བལྟའོ། །དེ་ནས་འོད་ཀྱི་གོང་བུ་ལས། རྡོ་རྗེ་དང་པདྨ་བསྐྱོད་པ་ལས་སྤྲོས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག ་ལེ་གཅིག་ཏུ་ར་བའི་ཡལ་གའི་རྩེ་མོ་ལ་ཟིལ་པོའི་ཐབས་པ་བཞིན་དུ་སྣའི་རྩེ་མོར་བལྟས་ནས་དེ་ཡོངས་སུ་གྱུར་པ་ལས་ནས་འབྲུ་ཙམ་གྱི་རལ་གྲིའོ། །དེའི་ཡུ་བའི་ནང་དུ་མཾ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བ་ལ་གནས་པཱི ་ཐིག་ལེ་ཕྲ་མོ་ནང་སྟོང་པ་ཁ་དོག་ལྔ་པ་ཡུངས་ཀར་གྱི་ཚད་ཙམ་མོ། །དེའི་ནང་དུ་འཇམ་པའི་རྡོ་རྗེས་གཙོ་བོ་མཛད་པའི་རྟེན་དང་བརྟེན་པའི་བདག་ཉིད་ཡན་ལག་བཞི་པའི་དཀྱིལ་འཁོར་གྱི་འཁོར་ལོ་མཚན་ཉིད་མཚན་མ་མཐོབ་ཀྱི། ་བར་དུ་སྤྲོ་བ་དང་བསྡུ་བས་སྟོང་པ་ཉིད་བསྒོམ་པར་བྱའོ། །མཚན་མ་ཐོབ་པའི་ཚེ་རྣམ་པར་སྤྲོས་ཏེ་དེ་བཞིན་གཤེགས་པ་ལྔ་ཡིས་གཙོ་བོ་བྱས་པའི་དཀྱིལ་འཁོར་གྱི་འཁོར་ལོ་འམ། དེའི་ལྟེ ་བ་ལ་བྱིན་གྱིས་བརླབས་པའི་ཕྱག་མཚན་གྱིས་འགྲོ་བའི་དོན་བྱེད་པ་ནི་ཕྲ་མོའི་རྣལ་འབྱོར་རོ། །དེ་ནས་ཡན་ངག་ཇི་ལྟ་བ་བཞིན་དུ་ཨོཾ་ཨཱ(རྒྱུད་འགྲེལ་སོར་བརྗོད་པའི་དུས་སུ་སྐུ་རྡོ་རྗེ་ལ་སོགས་པས་འགྲོ་བའི་དོན་བྱས་ནས་མདུན་དུ་བྱོན་པར་བལྟས་ལ་ཕྱི་ནང་གསང་བའི་མཆོད་པས་ཡང་དགེ་བར་མཆོད་དེ་རང་རང་གི་ས་བོན་ལ་ཐིམ་པར་གྱུར་པའོ། །དེ་བཞིན་དུ་དེ་ལྟར ་སྐད་ཅིག་མ་སོ་སོར་ལ་སྤྲོ་བ་དང་འཇུག་པ་ལྷག་པར་མོས་པ་ཤིན་ཏུ་ཐོགས་པ་དང་ཤིན་ཏུ་མྱུར་བ་དང། རྣམ་པར་གཡེང་བ་མ་ཡིན་པའི་སེམས་ཀྱིས་བཟླས་པ་བྱེད་པ་ནི་བཟླས་པའི་ཆོ་གའོ། །དེ་ནས་ངལ་བ་ཉིད་དུ་ཡུད་ཙམ ་གཅིག་ངལ་ལ་སོགས་ལ་ལྷ་མོའི་གླུའི་སྒྲས་ཆད་པ་ལས་བརྒྱལ་བ་སྟེ། སྤྱི་བོའི་སྟེང་མཐོ་གང་ཙམ་གྱི་སྟེང་ཟླ་བའི་དཀྱིལ་འཁོར་ལ་གནས་པ་བདུད་རྩིའི་རྣམ་པ་ལྔ་རབ་ཏུ་བསྒྲུབས་པ་ཨོཾ་ཡིག་དཀར་པོས་བྱིན་གྱིས་བརླབས ་པའི་བདུད་རྩི་འཛག་པར་བསམས་ནས་སྲེག་དང་རྩོལ་བའི་འོད་ཟེར་གྱི་ལྕགས་ཀྱུས་བཀུག་ནས་བདུང་རྩིའི་རྒྱུན་འབབ་པས་སྐུ་རྡོ་རྗེ་ལ་སོགས་པའི་སོ་སོའི་ཡན་ལག་གི་ངལ་བ་ཡོངས་སུ་སྤངས་པ་ནི་ཚིམ་པའི་ཆོ་གའོ། །དེ་ནས ་ཡང་མངོན་པར་འདོད་པའི་ཡིད་ཀྱིས་སླར་ཡང་ཐིག་ལེ་དང་ཕྲ་མོའི་རྣལ་འབྱོར་བསྒོམ་པར་བྱ་བ་དང་སྔགས་བཟླས་པར་བྱ་བ་དང་ཚིམ་པར་ཡང་བྱ་བ་སྟེ། ཇི་སྲིད་འདོད་ཀྱི་བར་དུ་ཡང་དང་ཡང་དུ་འཇུག་པར་བྱའོ། །སེམས་ཞུམ་ན ་ཡང་ལྷ་མོའི་གླུའི་སྒྲས་རབ་ཏུ་སངས་པར་བྱ་བ་དང། རྣམ་པར་གཡེང་བ་ཕྲ་མོའི་རྣལ་འབྱོར་གྱིས་ཞི་བར་བྱའོ། །དེ་ནས་ལྡང་བར་འདོད་ན་སྐད་ཅིག་ཙམ་གྱིས་མཆོད་པ་དང་བསྟོད་པ་དང། བདུད་རྩི་མྱང་བར་བྱས་ནས་རྣམ་པར ་སྣང་མཛད་དང་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབས་པ་རྣམས་ཧཱུཾ་ཡིག་ལ་ཐིམ་པར་བསྒོམ་པར་བྱ་བ་དང། འོད་དཔག་ཏུ་མེད་པ་དང། འོད་དཔག་མེད་ཀྱིས་བྱིན་གྱིས་བརླབས་པ་རྣམས་ཨཱ(རྒྱུད་འགྲེལ་གཞན་དཀྱིལ་འཁོར་པ་རྣམས་ཧཱུཾ་ཡིག་ལ་ཐིམ་པར་བསྒོམས་ལ་བདག་ཉིད་འཇམ་པའི་རྡོ་རྗེའི་རང་བཞིན་ཨོཾ་ཡིག་ལ་སོགས་པ་ལས་དང་ཆོས་དང་དམ་ཚིག་དང་ཕྱག་རྒྱ་ཆེན་པོའི་རང་བཞིན་དུ་བྱིན་གྱིས་བརླབས་པ་དང། མཆོད ་པའི་ལྷ་མོ་ལ་སོགས་པ་དང་བཅས་པ་ཇི་ལྟར་བསྟན་པའི་དཀྱིལ་འཁོར་གྱི་དབུས་སུ་གནས་པ་དང། སྣ་ཚོགས་པ་རྣམས་གཉིས་སུ་མེད་པ་ནམ་མཁའ་ཨི་བདག་ཉིད་དུ་ལྷག་པར་མོས་པར་བྱའོ། །འཁྲུལ་དང་མ་འཁྲུལ་རྟོག་དང་མི་རྟོག ་དང། །བདེ་དང་དཀར་པོ་ལ་སོགས་དབང་པོ་ལས་སྐྱེས་རྣམས། །ཤེས་རྣམས་ཐ་དད་མིན་ཏེ་ལྷན་ཅིག་དམིགས་པའི་ཕྱིར། །སྔོན་དང་ཕྱི་མར་ཡང་ནི་དབྱེ་བ་མེད་པ་ཉིད། །ཅེས་ཇི་ལྟར་བསྟན་པ་ནི་ལས་ཀྱི་རྒྱལ་པོ་མཆོག་གི་ཏིང་ངེ ་འཛིན་ཏོ། །བསྒོམ་པར་མི་ནུས་ན་བཟླས་པ་བྱ་བ་རྣམས་བསྟན་པ་ནི་ཁྲོ་བོ་རྣམས་མ་གཏོགས་པ་འཇམ་པའི་རྡོ་རྗེ་ལ་སོགས་པ་རྣམས་ཀྱི་སྔོན་དུ་བསྟན་པའི་ས་བོན་དེ་ཉིད་གསུམ་གྱི་བར་དུ་བཅུག་པ་མན་ངག་ཇི་ལྟ་བ་བཞིན་དུ ་བཟླས་པར་བྱའོ། །གཞལ་ཡས་ཁང་དང་བསྲུང་བའི་འཁོར་ལོ་ལ་གནས་པའི་གཤིན་རྗེ་གཤེད་ལ་སོགས་པ་བཞིའི་འབྱིན་པའི་སྔགས་དེ་ཁོ་ན་ཉིད་གསུམ་གྱི་བར་དུ་བཅུག་ལ་བཟླས་པར་བྱའོ། །འདོད་པའི་རྒྱལ་པོ་ལས?། ་སོགས་པ་བདུན་གྱི་སྔགས་བརྗོད་དེ། ཨོཾ་ཨཱ(རྒྱུད་འགྲེལ་བཛྲ་ཧཱུཾ་ཞེས་པའོ། །ོཾ་ཨཱ(རྒྱུད་འགྲེལ་བནདྷ། ཧ་ན་ཧ་ན། ད་ཧ་ད་ཧ། གརྫ་གརྫ། བི་སཕོ་ཊ་ཡ་བི་སཕོ་ཊ་ཡ། སརྦ་བི་གྷ་ན་བི་ན་ཡ་ཀ། མ་ཧཱ་ག་ན་པ་ཏི་ཛཱི་བི་ཏནྟ། ཀ་རཱ་ཡ་ཧཱུཾ་ཕཊ་སྭཱཧཱུཾ། འཇིགས་པ་ཐམས་ཅད་ལས་སྐྱོབ་པ་བདུད་རྩི་འཁྱིལ་པའི་སྔགས་འདི་རྟགས ་ཏུ་བཟླས་པར་བྱ་ཞེས་བྱ་བ་ནི་བསྒོམ་པའི་ཆོ་གའོ། །བསྒོམ་པ་ལས་ལངས་པའི་དུས་སུ་རང་གི་ལྷའི་རྣལ་འབྱོར་གྱིས་ལ་གནས་ནས་བརྟན་པ་དང་གཡོ་བའི་ཁམས་གསུམ་པ་ཐམས་ཅད་རང་གི་ལྷག་པའི་ལྷའི་གཟུགས་ཀྱིས ་སམ་སྦྱར་བ་ཇི་ལྟ་བ་བཞིན་དུ་གཟུགས་རྡོ་རྗེ་མ་ལ་སོགས་པའི་གཟུགས་ཀྱིས་ལྷག་པར་མོས་པས་བྱ་བ་ཐམས་ཅད་བྱེད་པ་དང་ཟས་ལ་སོགས་པ་བདུད་རྩི་མྱང་བའི་ཆོ་གས་བྱ་བ་དང། སྤྲོས་པ་མེད་པའི་རང་རིག་པའི་དཀྱིལ ་འཁོར་གྱི་འཁོར་ལོའི་བདག་ཉིད་གཉིས་སུ་མེད་པར་རབ་ཏུ་གསལ་བའི་མེས་སྐད་ཅིག་གཅིག་ལ་སྐྱེས་པའི་རྟོག་པ་ཐམས་ཅད་ཀྱི་བུད་ཤིང་བསྲེག་པ་དང། དཀོན་མཆོག་གསུམ་ལ་མཆོད་པ་བྱ་བ་དང། སེམས་ཅན་གྱི་དོན ་ཙམ་གྱི་ཕྱིར་ལུས་ལ་སོགས་པའི་བྱ་བ་བྱེད་པ་དང། དམ་ཚིག་ལ་གནས་པ་གྲོགས་དམ་ཚིག་ལ་གནས་པ་དང། ཤིན་ཏུ་གསང་སྟེ། བདེ་བ་དང། མི་འགལ་བར་དམ་ཆོ་ག་བསྟེན་པ་དང། དམ་ཚིག་ལ་ཉམས་དབོན? ་ཡོད་གྲུབ་པའི་རྣལ་འབྱོར་གྱི་ལངས་ཏེ་བླ་མ་ལ་ཆེན་པོར་མི་བྱེད་ལ་སོགས་པའི་རྩ་བའི་ལྟུང་བ་བྱུང་ན་སྡོམ་པ་གཟུང་བ་སྔོན་དུ་འགྲོ་བས་ཡོན་ཕུལ་ནས་བཟོད་པར་གསོལ་བ་དང། སོ་སོར་བཤགས་པ་དང། ཡང་སྡོམ་པ་བཟུང་བར ་བྱའོ། །དབང་བསྐུར་བའི་ཆོ་གིས་ཕྱིའི་ཁྲུས་བྱ་བ་དང། ཐུན་གྱི་མཆེམས་སུ་ཡང་ལས་དང་པོ་པས་གོང་མ་བཞིན་དུ་བསམ་གཏན་བྱའོ། །གྲུབ་པའི་མཚན་མ་ཐོབ་ནས་གྱུར་དུ་བསྟན་པའི་རིམ་པས་དངོས་གྲུབ་པ་དང། བགེགས་སོ་སོ ་ཉེ་བར་བྱུང་ན་བདུད་རྩི་ཟབ་སྦྱོར་གྱི་རྣལ་འབྱོར་གྱིས་ཕྱེ་མར་བྱ་བ་དང། རྒྱུ་མཐུན་པ་དང་རྣམ་པར་སྨིན་པ་དང། སྐྱེས་བུ་བྱེད་པ་དང། དྲི་མ་མེད་པ་ཞེས་བྱ་བའི་འབྲས་བུ་བཞིན་ངེས་པ་དང། བསྙེན་པ་དང་ཉེ་བར་བསྒྲུབ་པ་དང་སྒྲུབ་པ ་དང་སྒྲུབ་པ་ཆེན་པོ་ཞེས་པའི་བྱ་བའི་ཡན་ལག་བཞིར་ངེས་པ་དང། ལས་དང་པོ་པ་དང། ཡེ་ཤེས་ཅུང་ཟད་ལ་དབང་ཐོབ་པ་དང། ཡེ་ཤེས་ལ་དབང་ཐོབ་པ་དང། ཡང་དག་པའི་ཡེ་ཤེས་ལ་དབང་ཐོབ་པ་ཞེས་བྱ་བའི་རྣལ ་འབྱོར་བ་བཞིར་ངེས་པ་དང། སྨིག་རྒྱུ་ལྟ་བུ་དང། དུ་བ་ལྟ་བུ་དང། མེ་ཁྱེར་ལྟ་བུ་དང། མར་མེ་ལྟ་བུ་དང། རྟག་ཏུ་ནམ་མཁའ་ལ་གསལ་བར་སྣང་བཞེས་བྱ་བའི་མཚན་མ་ལྔར་ངེས་པ་དང། སྦྱོར་བ་དང་པོ་དང། དཀྱིལ་འཁོར ་རྒྱལ་བོ་མཆོག་དང། ལས་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་དུ་ངེས་པ་དང། དཀྱིལ་འཁོར་གྱི་བདག་པོའི་རྣམ་པར་ངེས་པ་དང། ཐུན་མཚམས་བཞིའི་རྣམ་པར་ངེས་པ་དང། ཐུགས་ཀའི་ཞུགས་པའི་དཀྱིལ་འཁོར ་གྱི་འཁོར་ལོས་ཁམས་གསལ་བར་བྱས་ཏེ་ཉལ་བར་བྱས་ཞེས་བྱ་བ་ནི་བསྒོམ་པའི་རྣལ་འབྱོར་སྤྱོད་པའི་ཆོ་གའོ། །རྒྱ་ཆེ་བས་ཆོ་ག་བརྗོད་ནས་ད་ནི་མཆོག་ཏུ་ཟབ་པའི་གནས་བསྟན་པ་ཐམས་ཅད་ཀྱི་ནོར་གྱི་ཚིག་དོན་ལྔ་པོ་བརྗོད་པར་བྱ ་སྟེ། འདིར་ངེས་པར་དོན་དམ་པར་ཆོས་ཐམས་ཅད་གཅིག་དང་དུ་མ་དང་གཟུང་བ་དང་འཛིན་པ་དང། རྒྱུ་དང་འབྲས་བུ་རྟག་པ་དང་རྟག་མིན་རྟག་ལ་སོགས་པའི་སྤྲོས་པ་དང་བྲལ?་བས་སྒྱུ་མ་དང་སྨིགས ་རྒྱུ་དང་རྨི་ལམ་དང་ཆུ་ཟླ་དང་གཟུགས་བརྙན་ལྟ་བུར་སོ་སོའི་རྒྱུད་མངོན་པར་འདོད་པས་གསལ་བ་སྣ་ཚོགས་གཉིས་སུ་མེད་པ་ཙམ་ཡིན་ཡང་ཀུན་རྫོབ་ལ་བརྟེན་ཏེ་རྒྱལ་བའི་སྲས་ཀྱིས་ཇི་ལྟར་རིག་པར་ལྡོག་པར་བྱས་པའི་བྱེ་བྲག ་གིས་མཚན་མ་དང། གཞལ་བྱ་དང། དེ་ཁོ་ན་ཉིད་དང། བསྒྲུབ་བྱ་དང། དེ་ཁོ་ན་ཉིད་དང། སྒྲུབ་ཐབས་ཀྱི་རྣམ་པར་བཞག་པ་བྱ་སྟེ། །བྱང་ཆུབ་རབ་ཏུ་རྟོག་པར་བྱའོ། །དེ་ལ་འདིར་ཚད་མ་ནི་རང་རིག་པའི་མངོན་པར ་མངོན་སུམ་སྟེ། གསལ་བ་སྣ་ཚོགས་པའི་རྣམ་པ་སྣ་ཚོགས་པའི་ཆོས་ཅན་གཞན་ལ་བལྟོས་པ་མེད་པ་རབ་ཏུ་གསལ་བ་བེམས་པོ་ལས་ལོག་པའི་ཆོས་སོ། །གཞལ་བྱ་ནི་རིང་རིག་པའི་ཚད་མ་ལས་ལོག་ན་མེད་པ་ཐ་མི་དད་པའི་ངོ ་བོའི་བཞིན་གཟུགས་དང་སྒྲ་དང་དྲི་དང་ངོ་དང་རེག་བྱ་དང། བདེ་བ་དང་སྡུག་བསྔལ་དང་བཏང་སྙོམས་ཀྱི་བདག་ཉིད་སྣ་ཚོགས་ཀྱི་རྣམ་པའི་ཚོགས་སོ། །དེ་ཁོ་ན་ཉིད་ནི་སྟོང་པ་ཉིད་ནི་སོ་སོའི་རྒྱུད་དུ་མངོན་པར་འདོད་པ་རྣམས་ཀྱི ་སྣ་ཚོགས་གཉིས་སུ་རབ་ཏུ་གསལ་བའི་བདག་ཉིད་སེམས་ཅན་ཐམས་ཅད་ཀྱི་གཟུང་བ་དང་འཛིན་པ་ལ་སོགས་པར་བཏགས་པའི་སྤྲོས་པ་རྣམ་པར་གྲོལ་བའོ། །ཡུལ་དང་དངོས་པོ་ཐམས་ཅད་ལ་ཁྱབ་པ་དམིགས་པ་ན་སངས ་རྒྱས་ཐམས་ཅད་ཀྱི་ཡོན་ཏན་སྐྱེ་བའི་རྒྱུ་སྟེ། མི་སྟག་པ་ལ་སོགས་པ་བཞིན་དུ་བརྟགས་པ་ཐུན་མོང་གི་ཆོས་སོ། །དེ་ཉིད་ཀྱང་ལོངས་སྤྱོད་རྫོགས་པའི་རྟེན་དུ་ངེས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་རུ་ཤེས ་བསྒྲུབ་བྱ་ནི་སངས་རྒྱས་ཉིད་དེ། འདི་ལྟར་ཡང་གཙང་མའི་གནས་ཀྱི་སྟེང་ན་སྟུག་པོ་བཀོད་པའི་མིང་ཅན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཏེ། ཇི་ལྟར་བཅོམ་ལྡན་འདས་དགའ་བའི་རང་བཞིན་སྟོབས་དང་མི་འཇིགས ་པ་ལ་སོགས་པ་ཐམས་ཅད་མཁྱེན་པ་ལ་སོགས་པ་ཡིད་ཀྱི་ཡོན་ཏན་གྱིས་རྒྱས་པར་གྱུར་པ་མཚན་དང་དཔེ་བྱང་ཀྱིས་འབར་བར་གྱུར་པ་ལོངས་སྤྱོད་རྫོགས་པའི་བདག་ཉིད་དེ་བརྟགས་པས་སྟོང་པའི་མཚན་ཉིད་ཆོས་ཀྱི་སྐུ་མངོན ་སུམ་དུ་བྱེད་པའོ། །།སྦྲུལ་པ་སྤྲོས་པས་མཚམས་མེད་པར་འགྲོ་བའི་དོན་ཡང་དག་པར་རྫོགས་པར་བྱེད་པ་ཉན་ཐོས་དང་རང་སངས་རྒྱས་དང། ས་དགུ་པའི་བྱང་ཆུབ་སེམས་དཔས ་ཀྱང་མི་མཐོང་པའི་སྐུ། །ས་བཅུའི་བྱང་ཆུབ་སེམས་དཔའ་དབང་ཕྱུག་མཆོག་གིས་ཆོས་ཉན་པའི་སྒོ་ནས་འཁོར་བ་ཇི་སྲིད་ཀྱི་བར་དུ་བཞུགས་པ་སྟེ་དེ་ཉིད་བསྒྲུབ་བྱའོ། །སྒྲུབ་ཐབས་ནི་སླར་ཡང་ལྕགས་ཀྱི་ཁང་པ་འབར་བར་རབ ་ཏུ་ཞུགས་པར་གྱུར་པའི་སྡུག་བསྔལ་གསུམ་གྱིས་སྡུག་བསྔལ་པའི་ཁམས་གསུམ་པ་ངེས་པ་ལ་སོགས་པས་ཚིག་དོན་ལྔ་པོ་ངེས་པ་ལ་ཐུགས་པས་ཡོན་ཏན་བཅོ་བརྒྱད་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་བཅུ་ལ ་གོམས་པ་ནི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱིས་གནས་པའོ།། །།དཔལ་ལྡན་སྔགས་ཀྱི་ཐེག་པའི་ཚུལ་ལ་ཚད་མ་དང། གཞལ་བྱ་དང་དེ་ཁོ་ན་ཉིད་ནི་དེ་རྣམས་ཉིད་དོ། །བསྒྲུབ་བྱ་དང་སྒྲུབ་ཐབས་དག ་ལ་ཁྱད་པར་ཡོད་དེ། དེ་ལ་བསྒྲུབ་བྱ་ནི་བཅོམ་ལྡན་འདས་དེ་ཉིད། འོན་ཀྱང་འདིར་བྱེ་བྲག་ནི་རླུང་དང་མེ་དང་ས་དང་ཆུའི་དཀྱིལ་འཁོར་གྱི་དབུ་ཡངས་པ་ན་རྡོ་རྗེ་ས་གཞི་ལ་སོགས་པའི་དབུས་ན་གནས་པའི་བསྲུང་བའི་འཁོར་ལོའི་ལྟེ ་བར་དཔལ་ལྡན་ཆོས་ཀྱི་འབྱུང་གནས་ཀྱི་ནང་ན་གནས་པའི་གཞལ་ཡས་ཁང་དུ་ཇི་ལྟར་འདོད་པའི་ཡོན་ཏན་ལྔའི་དབང་ཕྱུག་ཡིད་དུ་འོང་བའི་གནས་ཕུན་སུམ་ཚོགས་པ་ན་སངས་རྒྱས་ཐམས་ཅད་ཡོན་ཏན ་གྱིས་དག་པའི་རྟེན་དང་བརྟེན་པའི་རང་བཞིན་དག་ཡོད་པ་ན་བསྒྲུབ་བྱར་འདོད་པའི་རྒྱལ་བ་ལྷ་མོས་འདོད་པས་དམ་པར་འཁྱུད་པའི་བྱ་བར་གནས་ཤིང་ཆགས་པའོ། །དེ་ནས་གཞན་དུ་ཡང་འགྱུར་བ་སྟེ། མཆོག་ཏུ་རྣམ ་པར་གཡེང་བའི་དགའ་བ་འཇིགས་པ་དང་ཆགས་པའི་བསྐལ་པ་ལྟ་བུར་དེར་དེ་དག་ལ་རྟོག་པ་མེད་ཅིང་ཐབས་ཀྱི་བློ་དང་ཏིང་ངེ་འཛིན་ལས་བྱུང་བ་བདེ་བས་རབ་ཏུ་གང་བ། བདེ་བ་ཆེན་པོ་གང་སྐྱེས་པ། །འདོད་པ་ཡོན་ཏན ་ལྔ་རྣམ་པ། །བསྒོམ་པའི་སྟབས་ཀྱིས་གསལ་བ་ནི། །ཉིན་མཚན་རྒྱུན་དུ་མི་འཆད་པའོ། །དེ་ཡི་ཡེ་ཤེས་རྟོགས་རང་བཞིན། །གསལ་བ་ཡིན་པས་རྟོགས་པ་མེད། །སྣ་ཚོགས་གཉིས་སུ་མེད་རང་བཞིན། །ཡོད་མེད་རྟོགས ་པས་བརྗོད་བྱེད་ཕྱིར། །ཐུགས་རྗེས་སྤྲོ་བ་དང་བསྡུ་བ། །སྔར་གོམས་པ་ཡི་དབང་གིས་ཡིན། །ལྷུན་གྲུབ་སེམས་ཅན་དོན་ཡིན་ཏེ། །དེས་ན་ཡིད་བཞིན་ནོར་བུ་བཞིན། །དེ་ནི་ལྷུན་གྱི་གྲུབ་པས་ན། །རྟག་ཏུ་མ་ཉམས ་པ་ཡིས་སོ། །ནམ་མཁའ་ཨི་མཐས་གཏུགས་འགྲོ་བ་ཡི། །དོན་བྱེད་པ་ལ་རབ་ཏུ་འཇུག་།དེ་བས་འདི་ལྟར་སྐུ་དང་ལྡན་པ་ཤེས་རབ་ལ་འཁྱུད་རང་གསལ་རང་བཞིན་ཏེ། །མཆོག་ཏུ་ཐུགས་རྗེས་རབ་ཏུ་རྒྱུན་ཆུད་པ་དང། རྣམ ་པར་བྲལ་བའི་སྐུ། །དཔེ་མེད་པ་ཡི་བདེ་གང་རྟེན་དང་བརྟེན་པའི་རང་བཞིན་ནི། །ཐུབ་པའི་དབང་བོའི་ཡན་ལག་བདུན་དང་ལྡན་ཕྱག་འཚལ། །འདི་ལྡན་ཡན་ལག་བདུན་དང་ལྡན་པའི་བཞི་པ་ནི་བསྒྲུབ་བྱའོ། །འདི ་ཉིད་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཏུ་བརྗོད་དོ། །ཁ་ཅིག་སླར་ཡང་འདི་ལྟ་བུ་བསྒྲུབ་བྱ་ཡིན་པར་སྨྲ་སྟེ། ཤེས་རབ་དང་ཡེ་ཤེས་ཀྱི་དབང་གི་དུས་ན་བླ་མའི་མན་ངག་གིས་སོ་སོར་བདག་ཉིད་རིག་ཅིང། མཆོག་དགའ་དང་དགའ་བྲལ་བའི ་དུས་སུ་གནས་པ་ཆོས་ཐམས་ཅད་ཀྱི་གཅིག་ཏུ་ལྷན་ཅིག་སྐྱེས་པ་ཕྱག་དང་ཞལ་དང་ཁ་དོག་དང། དབྱིངས་ལ་སོགས་པའི་རྣམ་པ་ཐམས་ཅད་ཀྱི་དྲི་མ་ལས་གྲོལ་བ། ནམ་མཁའ་དང་མཚུངས་པ་མཛའ་ཡས་པའི་དེ་བཞིན་གཤེགས ་པའི་ཡོན་ཏན་རིན་པོ་ཆེ་རྫོགས་པའི་བདག་ཉིད་འགྲོ་བ་མ་ལུས་པའི་དོན་བྱེད་པ་ཀུན་རྫོབ་ཏུ་ལོངས་སྤྱོད་རྫོགས་པ་དང། སྤྲུལ་པའི་སྐུ་གཉིས་ཀྱི་རྟེན་དུ་གྱུར་པ། །ཡིད་བཞིན་ནོར་བུ་བཞིན་དུ་རྟོག་པ་མེད་ཀྱང་མངོན་པར་འདོད ་པའི་དོན་སྒྲུབ་པར་བྱེད་པ། །ཐོག་མ་དང་ཐ་མ་མེད་པ་སྒྱུ་མ་ལྟ་བུ་སྤྲོས་པ་ཐམས་ཅད་དང་བྲལ་བ། གསལ་བ་ཟག་པ་མེད་པ་བདེ་བ་ཆེན་པོའི་རང་བཞིན་ཙམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀི་སྐུའི་བདག་ཉིད ་བླང་བར་བྱའོ། །འདི་ཡང་རྟག་ཏུ་ཤར་བའི་ཕྱིར་མ་རིག་པ་ཙམ་རྣམ་པར་ལོག་པས་ཐོབ་པར་བྱའོ། །མེད་པ་ཉིད་ཡིན་ན་ཡང་བསྒོམ་པའི་སྟོབས་ཀྱིས་རྫོགས་པར་བྱའོ། །འདི་ནི་ངེས་པར་གདམས་དག་ངན་པ་ཡིན་པའི་ཕྱིར་ཐག ་རིང་དུ་སྤང་བར་བྱའོ། །འདི་ལྟར་ཡང་བདེ་བ་ཆེན་པོ་གཅིག་པུ་མངོན་པར་འདོད་པའི་བསྒྲུབ་བྱ་ཡིན་པ་ཉིད་དུ་ཅི་ལུང་གིས་བསྒྲུབས་པས་སམ། །དགག་པར་བྱ་བ་མ་ཡིན་པས་སམ། །དེ་གཅིག་ཏུ་རྫོགས་པར་བྱེད་པའི་ཚོགས་པ་ཡོང ་པས་སམ། དེ་གཅིག་པུ་འདོད་པ་སྲིད་པས་སམ། ཤེས་རབ་ཡེ་ཤེས་ཀྱི་དུས་ན་དེ་ཙམ་རབ་ཏུ་སྣང་བས་སམ། མན་ངག་བརྒྱུད་པ་ལས་འོངས་པ་ཡིན་ཞེས་བརྟག་པ་བདུན་ནོ། །ཁྱེད་ཀྱི་བདེ་བ་ཙམ་ལ་གཅིག་ཏུ་ལུང་བསྒྲུབ་པར་བྱེད ་པ་མ་ཡིན་ལ་སླར་ཡང་གནོད་པར་བྱེད་པ་ཉིད་ཡིན་ཏེ། །རྟག་པ་གཉིས་ཀྱིས་རྒྱལ་པོ་ལས་ཇི་སྐད་གསུངས་པ། རྡོ་རྗེ་སྙིང་པོས་གསོལ་བ་རྫོགས་པའི་རིམ་པའི་རྣལ་འབྱོར་འདི། །མཆོག་གི་བདེ ་བ་དམ་པར་འདོད། །རྫོགས་པའི་བསྒོམ་པ་དམན་པ་ལ། །བསྐྱེད་པ་དགོས་པ་ཅི་ཞིག་ཡོད། །བཅོམ་ལྡན་འདས་ཀྱིས་གསུངས་པ། ཀྱེ་མ་དད་པའི་ཤུགས་ཀྱིས་ནི། །བྱང་ཆུབ་སེམས་དཔའ་ཆེན་པོ་ཉམས། །ལུས ་ཀྱི་དངོས་མེད་གང་ལས་བདེ། །བདེ་བ་སྨྲ་བ་མི་འཐད་དོ། །ཁྱབ་བྱ་ཁྱབ་བྱེད་དངོས་པོ་ཡིས། །བདེ་བས་འགྲོ་བ་ཁྱབ་པ་ཉིད། །ཇི་ལྟར་མེ་ཏོག་ལ་བརྟེན་དྲི། །མེ་ཏོག་མེད་པས་རྙེད་མི་འགྱུར། །དེ་བཞིན་གཟུགས ་སོགས་མེད་པས་ན། །བདེ་བ་ཉིད་ནི་དམིགས་མི་འགྱུར། །ཞེས་པ་ལ་སོགས་པའོ། །དེ་བཞིན་དུ་རྡོ་རྗེ་གུར་ལས་ཀྱང་བསྟན་ཏེ། ཅི་བཅོམ་ལྡན་འདས་ལུས་དང་ལྡན་པ་བསྒོམ་པ་འདི་ལ་དགོས་པ་ཅི་ཞིག་བདོག་། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ་དགོས་པ་ཡོད་དོ། །བཅོམ་ལྡན་འདས་ཅི་ཞིག་བརྗོད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་སངས་རྒྱས་ཉིད་དོ། །སངས་རྒྱས་ཇི་ལྟ་བུ་ལགས། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ཕྱག་ན་རྡོ་རྗེ་གསོལ་པ། ལུས་དང་བཅས་པ་གཅིག་བཅོམ་ལྡན་འདས་ལགས་སམ། འདི་ནི་བདེན་ཏེ་འདི་ཉིད་ནི། །སྟེན་པ་སུམ ་ཅུ་རྩ་གཉིས་མཚན། །ཁྱབ་བདག་དཔེ་བྱད་བརྒྱད་ཅུར་ལྡན། །དེ་ནི་ཇི་ལྟར་མི་འདྲ་བའི། །རྒྱུ་ཡིས་ཇི་ལྟར་བསྒྲུབ་བྱར་འགྱུར། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམ་པ་མེད་པའི་བྱང་ཆུབ་ཅེས་པ་ལ་སོགས ་པ་དེ་ལྟར་མ་བརྗོད་ཅིག་།བསྒྲུབ་བྱ་བརྗོད་ནས་འདི་ཉིད་དུ་སྒྲུབ་ཐབས་ཀྱང་བརྗོད་དོ། །ལྟ་བ་ལས་དམན་གྱུར་པ་རྣམས། །བདག་ཏུ་ལྟ་བ་ཚོལ་འདོད་ལ། །བདག་ཏུ་ལྟ་བ་གསལ་བའི་ཕྱིར། །རྒྱལ་བས་སྟོང་པ་ཉིད་ནི ་བསྟན། །དེ་ཕྱིར་དཀྱིལ་འཁོར་འཁོར་ལོར་གྲགས། །ཐབས་ཡིན་བདེ་བའི་སྒྲུབ་ཐབས་སོ། །སངས་རྒྱས་ང་རྒྱལ་སྦྱོར་བ་ཡིས། །སངས་རྒྱས་ཡུལ་མི་རིང་བར་འགྱུར་ཞེས་བྱ་བ་ལ་སོགས་པའོ། །དཔལ་འཁོར་ལོ་སྡོམ་པ་ལ ་སོགས་པ་ཡང་རྒྱ་ཆེས་པས་འཇིགས་པས་མ་གྲིས་སོ། །བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་དང་རྣལ་འབྱོར་བླ་ན་མེད་པ་དང་རྣལ་འབྱོར་མ་ལུས་པ་བླ་ན་མེད་པའི་རྒྱུད་ཀྱི་རབ་ཏུ་དབྱེ་བ་དཔལ་གསང་བ་འདུས་པ་ལ་ཐུག་པ་རྣལ ་འབྱོར་གྱི་ཐེག་པ་མཛའ་དག་ཏུ་ལོངས་སྤྱོད་རྫོགས་པ་སྐུའི་བདག་ཉིད་བཅོམ་ལྡན་འདས་ཀྱི་རིགས་ཀྱི་གནས་ཡིན་ཏེ། ཇི་ལྟར་བདག་གིས་ཇི་སྲིད་བྲི་བར་བྱ། །ངག་འདི་དག་ནི་དྲང་བའི་དོན་ཡང་ཡིན་ནོ། །ཞེས་བརྗོད་པར་མི ་བྱའོ། །བདེ་བ་ཉིད་གཟུགས་ལ་སོགས་པའི་རྣམ་པ་སྟེ། འཁོར་ལོ་ཡང་རང་རིག་པའི་ཚད་མས་གྲུབ་པའི་ཕྱིར་འདིས་ནི་ལུང་གིས་གསལ་བར་ཞིག་བསྒྲུབ་བྱ་ཡིན་ནོ། །འདི་དགག་པར་བྱ་བ་མ་ཡིན་ཏེ། རང་རིག་པའི་བདེ ་བའི་རྣམ་པ་བཞིན་དུ་གཟུགས་ལ་སོགས་པའི་རྣམ་པའི་འཁོར་ལོ་ལ་ཡང་མི་གནོད་པའི་ཕྱིར་རོ། །ཅི་སྟེ་བདེ་བ་ཉིད་སེམས་ཀྱི་རང་བཞིན་ཡུལ་ན་མི་གནས་པས་གནོད་པར་མི་ནུས་སོ། །ཞེ་ན་མ་ཡིན་ཏེ། དེ་ལྟར་སྡུག་བསྔལ ་ལ་སོགས་པ་ཡང་དེ་བཞིན་དུ་ཐལ་བར་འགྱུར་རོ། །གཞན་ཡང་བདེ་བ་ལ་སོགས་པ་ཆ་ཤས་དང་བཅས་པ་ཡིན་ན་ཡན་ལག་ཅན་གྱི་རྫས་དང་འདྲ་བའི་སྐྱོན་དང། ཆ་ཤས་མེད་ན་རྡུལ་ཕྲ་རབ་བཞིན། །དེ་ལས ་གཞན་པའི་རྣམ་པ་ནི་ཡོད་པ་མ་ཡིན་ཏེ། དོན་མེད་པར་རྫུན་དུ་སྨྲ་བ་ཉིད་དོ། །གལ་ཏེ་རང་རིག་པས་གྲུབ་པས་གནོད་པ་མེད་ན། འདི་ལྟར་རྣམ་པའི་ཚོགས་ཀྱང་རང་རིག་པས་གྲུབ་པའི་ཕྱིར་ཞེ་སྡང་སྟག་པ?? ་ཉི་དོ། །དེ་བཞིན་དུ་བྱེད་པ་དང་ཤེས་པར་བྱེད་པ་ཡང་བདེ་བ་ལ་ཡིན་པ་བཞིན་དུ་རྣམ་པའི་ཚོགས་ཀྱང་དེ་མ་ཐག་པ་རང་རིག་པའི་བདག་ཉིད་ཀྱི་རྒྱུད་རབ་ཏུ་གྲུབ་པ་ཉིད་དོ། །འདོད་པ་ཡང་བདེ་བ་ཆེན་པོ་རྒྱས་པ་བླ་ན་མེད་པའི་སྐུ་སྤངས་ཏེ་བདེ་བ་ཙམ་ཉིད་འདོད་པ་ནི་ཕྱུགས་ལ་ཡང་སྲིད་དོ། །ཇི་ལྟར་གསུངས་པ་འཁོར་ལོའི་སྐོར་གྱིས་མ་གོས་ཤིང། །མཚན་དང་དཔེ་བྱད་དག་འབར་བ། །བདག་གི་དངོས་པོ་སྤངས་པ་ཉིད། །གལ་ཏེ་འདོད་ན་ནམ་མཁའ་ཙམ། །ཤེས ་རབ་ཡེ་ཤེས་ཀྱི་དུས་ན་དེ་ཙམ་རབ་ཏུ་སྣང་བ་ནི་མ་ཡིན་ནོ། །བདེ་བ་ཤར་བ་ན་ཡང་དབྱེར་མེད་པའི་གཟུགས་ལ་སོགས་པའི་རྣམ་པའི་འཁོར་ལོ་ལ་ཡང་མི་གནོད་པའི་ཕྱིར་དང། ཚོགས་པ་ལ་སོགས་པ་སྐྱེ་ཞེས་པའི་རིགས་པས་སོ། ། ་གཟུགས་ལ་སོགས་པའི་རྣམ་པ་སྣང་བ་ལ་རབ་ཏུ་ཞེ་སྡང་བས་མར་མེ་ལ་སོགས་པ་བསལ་ན་ཡང། །ཡང་ས་དང་ཆུ་དང་འོག་གི་སྟན་དང་གཉིས་ཀྱིས་ལུས་ལ་སོགས་པ་འཁྱུད་པ་ལས་སྐྱེས་པའི་རྒྱུ་མ་ཚད་བ་མེད་པའི་རབ་ཏུ་སྣང ་བ་གཞན་མི་སྲེད་པ་དང་བྲལ་བའི་ཕྱིར་རོ། །ཇི་ལྟར་གསུངས་པ། གང་ཞིག་འབྲས་བུ་སྐྱེད་པར་བྱེད་རིག་ན། །དེ་ཡི་ཚོགས་པ་ཡོད་པ་ཡིན་ན་ཡང། །དེ་དང་ཉེ་བས་འབྲས་བུ་དང་ལྡན་མ་ཡིན་ན། །ཅུང་ཟད་ལས་ཀྱང་སྐྱེ་པར་མ ་འབྱུང་ངོ། །སྐྱེད་པར་བྱེད་པ་མ་ཚང་བ་མེད་དེ། །དེའི་སྔར་གྱི་བདེ་བ་ཡང་མི་སྐྱེ་བར་ཐལ་བར་འགྱུར་བས་སོ། །འདི་ཡང་མ་ཡིན་ཏེ། ཐམས་ཅད་ཉེ་བར་དམིགས་པ་ལ་འགལ་བ་མེད་པའི་ཕྱིར་རོ། །གཅིག་ཏུ་དེའི་གཟུགས་སྐབས ་ན་ཡང་རྣམ་པ་སྣ་ཚོགས་པའི་སེམས་དབྱེར་མེད་པར་གྱུར་པའི་སོ་སོ་རང་རིག་པ་ཙམ་ན་ཡང་བདེ་བ་ལ་ཆགས་པའི་ཕྱིར་དང། བླ་མས་ཀྱང་དེ་ཙམ་བླང་བར་བྱ་བ་ཉིད་དུ་བསྟན་པའི་ཕྱིར་དེ་དྲན་པ་སྲིད་པ་ན་དེ་ཉིད་གསལ་ཞེས་པ་ཤེས་རབ་དམན་པའི་ཐ་སྙད་དོ། །བདེ་བ་ཙམ་གསལ་བར་གྱུར་པ་དེ་ལྟ་ན་ཡང་ཅི་དེ་ཙམ་གྱིས་དེ་ཁོ་ན་ཉིད་དེ་བསྒྲུབ་བྱར་འགྱུར། །ནད་མི་བཟད་པ་བསྣུན་པའི་སྡུག་བསྔལ་ཡང་དེ་ཙམ་རབ་ཏུ་སྣང་བའི་ཕྱིར་དེ་ཡང་དེ་ལྟར་དེ་ཉིད་དུ་ཐལ་བར ་འགྱུར་བས་སོ། །འདོད་པ་ཉིད་ཀྱང་མ་ཡིན་ཏེ། དེ་ལས་ལྷག་པའི་རྣམ་པ་སྣ་ཚོགས་པའི་སྐུ་སྐྱེ་བོ་ཐམས་ཅད་ལ་གྲགས་སོ། །རྩ་བ་མེད་པའི་མན་ངག་ཙམ་ནི་བག་མེད་པའི་གནས་སོ། །སྡུག་བསྔལ་ལ་སོགས་པ་མི་དམིགས ་པ་འདི་རྟག་ཏུ་ཤར་པ་ཡང་མ་ཡིན་ནོ། །ཅི་སྟེ་གང་གོམས་པར་བྱས་པ་དེ་གསལ་བར་འགྱུར་ཏེ་བདེ་ལ་ཡང་དེའི་ཚོགས་པ་དམིགས་ཏེ་གོམས་པར་བྱས་པས་གསལ་བར་འགྱུར་རོ་ཞེ་ན། མ་ཡིན་ཏེ་བདེ་བ་ནི་ཡང་རྒྱུ་ཚོགས་པ་ཁྱད ་པར་ཅན་དང་རབ་ཏུ་འབྲེལ་བ་ཡིན་ཏེ། དེ་ལྟར་བསྒོམས་པས་གསལ་བ་ལ་ཡང་ཁྱད་པར་དུ་འཕགས་པའི་ཚོགས་པ་བསྒོམས་པ་དང་རབ་ཏུ་འབྲེལ་པ་མཐོང་སྟེ། ཇི་ལྟར་འདོད་ཅན་མེད་ལས་སྐྱེས་པའི་བདེ་བ་ལ་གཞན་གྱིས་གནོད་པ ་ན་ཡང་འདེད་པ་ཅན་བདེ་བ་འདོད་པས་བུད་མེད་ལ་རྟོག་པ་ནི་དང་པོར་རྒྱུ་ཁྱད་པར་ཅན་བསྒོམ་སྟེ། བདེ་བ་སྐྱེས་བ་ན་དེ་ཡོངས་སུ་སྤོང་ཞེས་པ་ཡང་མི་རིགས་སོ། །བསྒོམས་པས་རང་གི་དང་གིས་འབྱུང་བའི་བདེ་བ་ཉིད་བཞིན་དུ་དེ་སྤོང་བ ་དང་བྲལ་བའི་ཕྱིར་རོ། །དེ་ལྟར་ན་ཡང་ཅི་དེ་ཙམ་གྱིས་དེ་ལྟ་བུ་རི་ལོངས་སྤྱོད་པ་ལས་ཕྱི་རོལ་ཏུ་གྱུར་པས་ཀོ་བུ་ལ་དང་རིག་བྱེད་པ་སྙིང་པོར་བྱས་ལས་དགོས་པར་འགྱུར་ཏེ། གཟུགས་ལ་སོགས་པའི་ཚོགས་པ་དེ་སྐྱེད་པར་བྱ་བའི ་བདེ་བའི་རིགས་མི་མཐུན་པའི་རྒྱུ་ལས་མི་སྐྱེའོ། །དབང་པོ་གཉིས་ཁོ་ན་ལས་སྐྱེས་པ་ཁོ་ན་བདེ་བ་མ་ཡིན་ཏེ། འོན་ཡང་ཐུན་མོང་པའི་སྐྱེས་བུའི་དབང་པོ་ལྔ་ལས་སྐྱེས་པའི་བདེ་བ་ལྔ་རྣམས་སུ་རབ་ཏུ་གྲགས་སོ།། ་དེ་ལ་ཇི་ལྟར་དབང་པོ་གཅིག་ལས་སྐྱེས་པའི་ཁོ་ནའི་བདེ་བ་དམིགས་ནས་གསལ་པོར་བྱས་པས་གྲུབ་པ་བདག་ཉིད་བསླུ་བ་ཡིན་།དེ་ལྟར་ན་ལུང་དང་རིགས་པའི་འདོད་པས་རབ་འཁྲུགས་ཏེ། །འཁོར་ལོ་མེད་པས་རིགས་མི་མཐུན ་པ་ཡི། །ལོངས་སྤྱོད་ལས་སྐྱེས་པ་ཡི་ཡོན་ཏན་དུ། །སྒྲོ་བཏགས་དམ་བཅས་ཙམ་གྱིས་སངས་རྒྱས་འགྲུབ། །ཀོ་ལ་ལ་སོགས་པ་ཡང་འདོད་པས། །འདི་འདྲའི་བག་མེད་པ་ཡི་གནས་ཡིན་ཏེ། །རྟག་ཏུ་ཤར་ལ ་མི་སྡུག་བྱེད་པ་ནི། །གྲངས་ཅན་བཞིན་དུ་འདི་ནི་ཕྱུགས་ཡིན་ནོ། །གཞན་དག་ན་རེ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ནི་རང་བཞིན་མེད་པ་སྟེ། ཀུན་རྫོབ་ཏུ་ཕུང་པོ་ལྔ་པོ་ཙམ་ཉིད་དོ། །ཕུང་པོ་ལྔའི་བདག་ཉིད་དམ་གཟུགས་ཀྱི ་ཕུང་པོ་ཙམ་གྱི་བདག་ཉིད་ཀྱི་དེ་བཞིན་གཤེགས་པ་ནི་བསྒྲུབ་བྱ་ཡིན་ནོ་ཞེས་སོ། །ཡང་གཞན་ན་རེ་གཅིག་ཏུ་དྲི་མ་མེད་པའི་དགའ་བར་རབ་ཏུ་སྣང་བ་ཙམ་ཆོས་ཐམས་ཅད་ཀྱི་རང་བཞིན་དེའི་བདག་ཉིད་ཁོ་ན་བསྒྲུབ་བྱའོ། །ཞེས་སོ། ། ་ཡང་ཁ་ཅིག་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་མ་སྐྱེས་པ་ནི་དེ་ཁོ་ན་ཉིད་དེ་སངས་རྒྱས་ཀྱི་དེའི་བདག་ཉིད་ཁོ་ན་ཏེ། བསྒྲུབ་བྱ་ཞེས་སོ། །གཞན་ཡང་ཆོས་ཐམས་ཅད་ནི་མི་དམིགས་པ་སྟེ་མི་དམིགས་པ་ཡང་མི་དམིགས ་པ་ནི་དེ་ཁོ་ན་ཉིད་དེ། དེའི་བདག་ཉིད་ནི་བསྒྲུབ་བྱ་ཞེས་སོ། །ཁ་ཅིག་ནི་སྤྱོད་པ་ཐམས་ཅད་ལས་འདས་པ་སོ་སོ་རང་གིས་རིག་པ་བསམ་གྱིས་མི་ཁྱབ་པའི་གནས་སྐབས་ཁྱད་པར་ཅན་ནི་དེ་ཁོ་ན་ཉིད་དེ། དེའི་རྟོགས་པ ་ཉིད་ནི་བསྒྲུབ་བྱ་ཞེས་བྱའོ། །ཡང་ཁ་ཅིག་ན་རེ་རྨི་ལམ་སྒྱུ་མ་དང་དྲི་ཟའི་གྲོང་ཁྱེར་ལྟ་བུ་རྫུན་པའི་རྣམ་པར་ཤེས་པ་ཙམ་ནི་དེ་ཁོ་ན་ཉིད་དེ། དེ་ལྟ་བུའི་དེ་བཞིན་གཤེགས་པ་ནི་བསྒྲུབ་བྱ་ཞེས་འདོད་དོ། །དེ་ལ་དང་པོའི་ཕྱིར ་གཉིས་ནི་མི་རིགས་ཏེ། རྣམ་པ་དང་བཅས་པའི་རབ་ཏུ་གསལ་བ་ཙམ་གྱིས་ཚད་མས་གྲུབ་པའི་ཕྱིར་རོ། །སྐྱེ་བ་མེད་པའི་ཕྱོགས་ལ་ཡང་ལངཀར་གཤེགས་པར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། སེམས་ཙམ་ཉིད་དུ་རྣམ་བཞག་པ། ། ་སྐྱེ་བ་མེད་པར་ངས་བརྗོད་དོ། །ཞེས་སོ། །དེ་བཞིན་དུ་མི་དམིགས་པ་དང་བསམ་གྱིས་མི་ཁྱབ་པའི་གནས་ཀྱང་རྣམ་པ་སྣ་ཚོགས་པའི་སེམས་ཙམ་ཉིད་དུ་རྟོགས་པར་བྱའོ། །རྫུན་པ་ཉིད་དུ་སྨྲ་བ་ཡང་རང་རིག་པའི་མངོན་སུམ་ཉིད་ཀྱིས ་སྣོད་དོ། །དེ་ལྟ་བས་ན་བཏགས་པ་ཙམ་གྱིས་སྟོང་པ་ཉིད་ནི་དེ་ཁོ་ན་ཉིད་དོ། །ཡན་ལག་བདུན་དང་ལྡན་པའི་དཀྱིལ་འཁོར་གྱི་འཁོར་ལོ་བསྒྲུབ་བྱ་ཉིད་དོ་ཞེས་རྟོགས་པར་བྱ་སྟེ། ཇི་སྐད་དུ་གསུངས་པ་ལོངས་སྤྱོད་རྫོགས་དང་ཁ་སྦྱར ་བདེ་ཆེན་སྣ་ཚོགས་སེམས། །སྙིང་རྗེས་ངེས་གང་རྒྱུན་མི་འཆད་དང་འགོག་པ་མེད། །ཡན་ལག་བདག་འདོད་འདིར་ནི་བདུན་པོ་ཉིད་ལྡན་པ། །བསྒྲུབ་བྱར་ཚད་མས་ཡོངས་བསྒྲུབས་བློ་ཡིས་བསྔགས་ཞེས་ཏེ་ཡན་ལག་བདུན་དང ་ལྡན་པ་སྔར་བརྗོད་པ་ཉིད་ཀྱིས་བསྒྲུབ་བྱ་བླང་བར་བྱའོ། །ཇི་ལྟ་བུའི་ཡང་དཀྱིལ་འཁོར་དེ་དབྱེར་མེད་པར་མྱུར་པ་བདེ་བ་ཆེན་པོའི་རང་བཞིན་བླང་བར་བྱ་བ་སྟེ། གང་དང་གང་དུ་ཡང་དེ་ཉེ་བར་མཚོན་པར་བྱའོ། །ཇི་ལྟར་ཡོང་ལོངས ་སྤྱོད་དང་ཆོས་ཀྱི་སྐུའི་དོན་རྫོགས་པར་འགྱུར་པའོ། །བླ་ན་མེད་པའི་བླ་མའི་ཞབས་ཀྱི་བཀའ་དྲིན་གྱིས་རྟོགས་པར་བྱའོ། །ཡང་བསྒྲུབ་ཐབས་ནི་དབང་གི་ཆོ་གར་རྟོགས་པར་བྱས་པའོ། །ཡོན་ཏན་སུམ་ཅུ་སོ་དྲུག་གི་རིན་པོ་ཆེས་འདུ? ་བར་གྱུར་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ཡོན་ཏན་རྩོམ་པའོ། །རང་རིག་པའི་ཚད་མས ་རྟོགས་པའི་དྲི་མ་མེད་པའི་ཆོས་ཀྱི་དབྱིངས་གསལ་བ་རིགས་མ་ལུས་པས་བརྒྱན་པ་ནམ་མཁའ་ཐམས་ཅད་ཀྱི་དཀྱིལ་འཁོར་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཐམས་ཅད་ཀྱི་དོན་རྣམ་པར་དག་པའི་ཡན་ལག་དང་སོ་སོའི་ཡན་ལག ་ཐབས་དང་ཤེས་རབ་ཀྱི་རང་བཞིན་དྲི་མ་མེད་པའི་ཏིང་ངེ་འཛིན་ལས་བྱུང་བར་བྱུང་བའི་རྒྱ་ཆེ་བའི་བདེ་བས་ཡོངས་སུ་རྒྱས་པ། རྟེན་དང་བརྟེན་པའི་བདག་ཉིད་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་འཁོར་ལོ་གང་དེའི ་བདག་ཉིད་སྡོམ་པ་དང་བྲལ་བ་རབ་ཏུ་གསལ་བ་སྦྱངས་པ་སྟེ། དེ་བརྗོད་པ་དེ་ལྟ་བས་ན་ཆོས་བཏགས་པ་དེ་ཉིད་ཀྱི་ངོ་བོས་སྟོང་པ་ཐམས་ཅད་སྣང་བའི་སྣོད་དོ། །ཁ་ཅིག་གིས་སྣ་ཚོགས་གཉིས་སུ་མེད་པ་སེམས་ཀྱི་འཁོར་ལོ ་འདིར་སྒོམ་པར་བྱ་བ་སྟེ། བསྒོམ་པར་བྱ་བས་སྤྲོས་པ་ཞི་བའི་ཕྱིར་རོ། །མངོན་སུམ་བྱས་ན་འཁོར་བར་འཁོར་བར་མི་འགྱུར་ཇི་སྲིད་འདི་ཡི་གནས་སྐབས་སུ། །བླང་བྱ་དོར་བྱ་བསྒྲུབ་བྱར་འབྱུང་བ་ཡོངས་ཤེས་དེ་སྲིད་དུ་ནི ་མི་གཡོ?་ཡོད། །དེ་ལྟ་བས་ན་ཚོགས་གཉིས་གོམས་པས་ཡོངས་སུ་གྱུར་པ་སྐུ་དང་ཐུགས་ཀྱི་ཡོན་ཏན་དག་།རྣལ་འབྱོར་དབང་ཕྱུག་འདི་ནི་དཔེ་མེད་པ་ཡི་གནས་སུ་བྱང་ཆུབ་ཐོབ་ཅེས་གྲགས། །དེ་ལ་ཡང་མཆོག་གི ་ཕྱག་ཟུང་དག་གིས་དགའ་བར་བརྩོམ་པའི་དགོད་པའི་རོའི་རོལ་པའི་ཤུགས་སྟོབས་ཀྱིས་གསེར་གྱི་སྐ་རགས་ཀྱི་མདུད་བ་གྲོལ་བ་རང་འོད་ཀྱི་རིགས་མའི་མཆོག་ལང་ཚོ་བབ་པ་མགྲིན་པ་དང་བཅས་པ་ཞེན་པས་བཟུང་བ་ཁྱབ ་པའི་མཆོག་ཏུ་བདེ་བའི་རྩེ་མོའི་རང་བཞིན་མ་ལུས་པ་གཉིས་སུ་རྟོགས་པ་ཡོངས་སུ་སྤངས་པ་རང་རིག་པ་ལ་གཞོལ་བའི་གནས་སྐབས་ན་ཡང་དུ་མ་མཁྲེད་བའི་བ་སྤུའི་ཚོགས་ལངས་པའི་ལུས་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས ་པའི་རྩེ་མོར་གྱུར་པའི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་བཅོམ་ལྡན་འདས་མ་ཡང་འཇིག་རྟེན་གསུམ་ན་སྦྲོ་བ་ཆེན་པོ་ལ་གང་ཞིག་ལྷན་ཅིག་སྐྱེས་པ་དང། བསམ་གྱིས་མི་ཁྱབ་པར་བྱིན་གྱིས་བརླབ་པའང་མི་པ་དང། རྡོ་རྗེ་འཛིན ་པ་ཆེན་པོ་དང། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དང་།དོན་དམ་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། དེ་བཞིན་ཉིད་དང། སྟོང་པ་ཉིད་དང། ཐུག་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཟབ་མོ་དང། སྟོང་པ་ཉིད་དང་ཞི་བ་དང ་འབའ་ཞིག་པ་དང། དྲི་མ་མེད་པ་དང། མཛའ་མེད་པ་དང། ནམ་མཁའ་དང་མཚུངས་པ་དང། རབ་ཏུ་གསལ་བ་དང། དྲི་མ་མེད་པ་དང། མ་གོས་པ་དང། མ་བསྒྱུར་པ་དང། གཉིས་སུ་མེད་པ་དང། མ་སྐྱེས་པ་དང། མ་འགགས ་པ་དང། ཞི་པ་དང་རང་བཞིན་གྱིས་འོད་གསལ་བ་ལ་སོགས་པའི་ཚིགས་རྣམས་ཀྱིས་བསྒྲུབ་བྱ་གཞན་ཁས་ལེན་པ་ནི་བག་མེད་པའོ། །དེ་ལ་ཐམས་ཅད་མཁྱེན་པས་ཀྱང་བློ་གྲོས་བརྟུལ་པོ་རྣམས་རྟོགས་པར་མཛད་ནུས་པ་མ་ཡིན ་ན་ཇི་ལྟར་ན་ཁོ་བོ་ཅག་རིགས་པ་ལེགས་པར་འདར་བའི་རལ་གྲི་ཐོགས་པ་རྣམས་ཀྱིས་ཀྱང་ནུས། གཅིག་ཏུ་དད་པ་ལ་གཞོལ་བ་དེ་ཁོ་ན་ཉིད་ངན་པ་དང་ལྡན་པ་ཚིག་ལ་ཡིད་ཆེས་པ་ཙམ་ཡིན་པའི་ཕྱིར་སྙིང་གརྩེ་ལ་མཆོག་ཏུ་གཞོལ ་བས་ཚད་མ་དང་ལྡན་པའི་འཁོར་ལོ་རྣམས་སུ་གཞུག་པར་བྱ་བ་ཡིན་ཡང་དམ་པ་རྗེས་སུ་འབྲང་བ་རྣམས་ལ་དམ་བཅས་པ་ཙམ་ཡིན་ཏེ། སྤྲོས་པས་ཡང་ཁོ་བོ་ཅག་གི་བླ་མས་མཛད་པའི་གསུང་རབ་གྱི་ཚིག་གི་སྒྲོལ་མ་དཔལ་ལྡན་རྣཾ ་པ་བསྡུས་པར་བཤད་པ་ཡིན་ནོ། །དགེ་བ་འདི་ལས་སྣ་ཚོགས་ཀུན། །བྱང་ཆུབ་སེམས་དཔའ་ཨི་བདེ་འབྱུང་གནས། །མཐར་ཐུག་འཇམ་པའི་རྡོ་རྗེར་གྱུར། །དེ་རྣམས་སྡིག་ཀུ་བདག་ལ ་སྨིན། །བདག་ནི་འཇམ་པའི་རྡོ་རྗེར་གྱུར། །འཇམ་པའི་དབྱངས་དང་འཇམ་པའི་ངག་།འཇམ་པའི་སྨྲ་བའི་རྒྱལ་པོ་དང། །འཇམ་གཞོན་རྒྱལ་བའི་ཁུར་ཁྱེར་ཤོག་།གང་གི་ནང་ན་གསང་འདུས་དཀྱིལ་འཁོར་ཡིན་པ་ལ ་ཀྱེ་མ་སྐུ་ཡི་ཆ་བྱད་གནས་པ་དགེ་སློང་གཟུགས། །སངས་རྒྱས་བསྟན་པ་དག་གི་ཕུང་པོར་བྱས། །འདི་ནི་བཤེས་གཉེན་ཞབས་དཔལ་ལས་ཡིན་ན། །བྱིས་པ་ཡིན་ཡང་འཕྲལ་དུ་དོན་འདི་འགྱུར། །བདག་གི་ཁ་ནི་?? ་དང་འདྲ་གྱུར་ཀྱང། །འདི་ནི་རྙེད་པར་དཀའ་བའི་བདུད་རྩི་ཡིན། །འཇིག་རྟེན་གསུམ་གྱི་མགོན་པོ་ཐོབ་པར་ཤོག་།འགྲོ་བ་ཕུན་སུམ་ཚོགས་ཉམས་སྐོབ་དང་ཕན་པ་བགྱིད། །བརྟུལ་ཞུགས་ཆན་པོས་གནས་པ་ཐུབ་པཱི ་རྒྱལ་པོའི་སྲས། །ཟབ་དང་རྒྱ་ཆེའི་ཆུལ་ལ་རང་ཏུ་ཞུགས་པ་གང་ཡིན་པར། །འདི་རྣམས་ཇི་ལྟར་གྱུར་པའི་ཆོ་ག་རྣམ་པར་ཕྱེ་བ་ཡིན། །འདི་ནི་བསྟན་པའི་ནོར་ཐམས་ཅད་པ་སྟེ། པཎྜི་ཏ་ཆེན་པོ་རཏན་ཀཱི་རྟིས་མཛད་པ ་རྫོགས་སོ།། །།པཎྜི་ཏ་རཏན་ཀཱི་རྟི་དང། ལོ་ཙ་པ་ཆིངས་ཡོན་ཏན་འབར་གྱིས་སྒྱུར་བ་ལེགས།། །། *། །ཁྲོ་བོ་བཅུའི་གཏོར་མའི་ཆོ་ག་དང་དེའི་ལག་ལེན་བཞུགས་སོ། ་