| Wylie | e-texts based on the ACIP/ALL Input |
དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།པནཊི་ཏ་དེ་ཉིད་དང། ལོ་ཙ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་བའོ།། །།*། །དེ་ཁོན་བྱེ?་བཅུ ་པ་སློབ་དཔོན་ཆེན་པོ་རྒྱན་པས་མཛད་པ་བཞུགས་སོ།། །།*། །རྒྱ་གར་སྐད་དུ། ད་ཤ་ཏ་ཏྭ། བོད་སྐད་དུ། དེ་ཁོ་ན་ཉིད་བཅུ་པ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དཀྱིལ་འཁོར ་ཡང་དག་ཇི་ལྟ་བར། །རབ་ཏུ་རྟག་པར་སུ་ཡིས་ནུས། །རང་གི་འཁོར་ལོ་གནས་བསྙེན་པ། །བྱས་ནས་དེ་འོག་དཀྱིལ་འཁོར?་གྲི། །དཀྱིལ་འཁོར་ས་ནི་སྤྱང་བྱ་བ། །ཕྱི་རོལ་མཆོག་པའི་ཡོན་གྱིས་ཏེ། །དགོངས་ཀ་ནང་གི་ས ་དག་པ། །བཏབ་ནས་ས་གཞི་ཡོངས་སུ་གཟུང། །ལྷག་པར་གནས་པ་ཉིན་གཉིས་པ། །རབ་གནས་ཆོ་གས་བུམ་པ་དང། །མེ་ལོང་ཨརྒ་བླ་རེ་སོགས། །ལས་ནི་ཐམས་ཅད་པ་ཡི་སྣོད། །སྲོད་ལ་སློབ་མ་དམ་པ་དང། །ས་དང ་འཁོར་ལོ་གཙོ་བ་སྐྱོབ། །ཡེ་ཤེས་སྲད་བུ་སྦྱངས་ནས་ནི། །དེ་ནས་ཚོན་ཡང་དགྱེ་བྱས་ཏེ། །ཉིན་གསུམ་པ་ལ་མཚན་མ་ནི། །དགོད་པ་ལ་སོགས་རྫོགས་པར་བལྟ། །དཀྱིལ་འཁོར་མཚན་མ་བསྒྲུབ་བྱ་ཞིང། །གསོལ་གདབ ་ཕྱོགས་སྐྱོང་གཏོར་མ་སྦྱིན། །གདོང་གཡོགས་ལ་སོགས་ཆོ་ག་བཞིན། །སོ་སོར་རང་སྔགས་ལྡན་པ་ཡིས། །བླ་མ་བདག་པོ་བློ་ཡིས་ནི། །འཇུག་པར་སློབ་དཔོན་ཡང་དག་བྱ། །ཆུ་དང་ཅོད་པན་རྡོ་རྗེ་བདག། མིང་དང་བུམ་པ་གསང་བ ་དང། །ཤེས་རབ་ཡེ་ཤེས་དབང་བསྐུར་བ། །ཡང་དག་བརྗོད་དེ་བཞིན་པས། །བརྟུལ་ཞུགས་ལུང་བསྟན་དབུགས་དབྱུང་ལ། །རྗེས་གནང་མཛའ་ཡི་རིམ་པས་ཀྱང། །དེ་ནས་འདི་ལྟར་སློབ་མ་གཞུག་།ཡོན་བླངས་ནས་ནི་དབང་བསྐུར ་ཞིང། །ཐོག་མ་དབུས་དང་ཐ་མ་རུ། །སྦྱིན་བསྲེག་བྱས་ནས་འཁོར་ལོ་གཤེགས། །གསང་བའི་ཚིག་ཅེས་བྱ་བ་ཡི། །བཅུ་པོ་འདི་དག་བླ་མས་ཀྱང། །གཞན་དུ་མི་འགྱུར་སློབ་མ་ལ། །མན་ངག་དག་ནི་བསྟན་པར་བྱ། །བསྲུང ་དང་ཕྱིར་བཟློག་འཁོར་ལོ་དང། །ཁ་སྦྱར་དབྱེ་དང་གཏོར་མ་དང། །མ་དང་སྔགས་ཏུ་བཟླས་བརྗོད་དང། །དྲག་པོ་དཀྱིལ་འཁོར་སྒྲུབ་བའོ། །སློབ་དཔོན་ལས་ནི་བྱས་པ་ཡིས། །བདག་གིས་དགེ་བ་གང ་ཐོབ་པས། །འཇིག་རྟེན་འགྲོ་དོན་གྱིས་བརྒྱན་ཅིང། །དཔལ་ལྡན་གསང་འདུས་ལ་གནས་ཤོག་།ཚིགས་སུ་བཅད་པ་བཅུ་པའོ། །བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །དེ་ལ་སོགས་པའི་ཡོན་ཏན་ལྡན། །སློབ་མའང་ཡོན་ཏན་དེ་ལྟ་བུ ་ཅུང་ཟད་དམན་པས་གསོལ་བ་གདབ། །དེ་ནས་དཔལ་ལྡན་སྔགས་ཚུལ་བཤད། །ཐར་རྒྱལ་འབྲས་བུ་འདོད་པས་བྱ། །གཞན་དུ་བླ་མ་སློབ་མ་དག་།དེས་བར་ཉམས་པ་ཉིད་དུ་འགྱུར། །དེ་ལ་སློབ་དཔོན་ལ་སློབ་མས་དཀྱིལ ་འཁོར་བྲི་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་གསོལ་བ་བཏབ་ནས་དེའི་ཚེ་སེམས་ཅན་གྱི་ཁམས་འདི་དག་ཐམས་ཅད་བླ་ན་མེད་པའི་བདེ་བའི་གནས་ལ་བདག་གིས?་དགོད་པར་བྱའོ། །ཞེས་ལྷག་པའི་བསམ་པ་བསྐྱེད་ལ། །སློབ་མ་ལ་ཁྱོད་ཀྱིས་ཡོ ་བྱད་ཐམས་ཅད་ཚོགས་པར་བྱས་སམ་འོན་ཏེ་མ་བྱས་ཞེས་དྲི་བར་བྱའོ། །གལ་ཏེ་ཅུང་ཟད་ནི་ཚོགས་སོ་ཅུང་ཟད་ནི་མ་ཚོགས་སོ། །ཞེས་ཟེར་ན། དེའི་ཚེ་དེའི་ལྟེ་བ་ལ་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་གི་འོད་ཟེར་རྣམས་ཀྱིས ་སྙིང་གར་གནས་པའི་ཀཾ་ལས་བྱུང་བའི་སྡིག་པ་ཁ་དོག་གནག་པ་མ་སྡུག་པ་ཤ་ཟ་ལྟ་བུ་སྣའི་རྩེ་མོར་བྱུང་བ་དང། ཧཱུཾ་དེ་ཡང་སྙིང་གར་ཕྱིན་ཏེ་བདུད་རྩི་ཐབ་སྦྱོར་གྱི་གཟུགས་སུ་གྱུར་ནས་བྱུང་སྟེ། ཨོཾ་ཨཱ་ན་མ(རྒྱུད་འགྲེལ་ཙིཏྟ་བཛྲ་ཎཱཾ། ན་མོ་བཛྲ་ཀྲོ་དྷཱ་ཡ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་ཟ་རུ་བཅུག་ནས་སློབ་མ་དེ་ཡང་སཾ་ལས་ཀུན་ཏུ་བཟང་པོའི་གཟུགས་སུ་བསྐྱེད་དེ། བདུད་རྩི་ཐབ་སྤྱོད་གྱི་ཕུར་བུས་དེའི་སེམས་ཀྱི་བགེགས་ལ་བཏབ་ནས་བགེཊ? ་ཞི་བར་བྱ་བའི་ཕྱིར་བདུད་རྩི་ཐབ་སྦྱོར་གྱི་སྔགས་འདི་བཟླས་པར་སྦྱིན་པོར་བྱའོ། །བདག་ཉིད་ཀྱང་སྔོན་དུ་བསྙེན་པ་བྱ་བའི་ཕྱིར་ཏིང་ངེ་འཛིན་གསུམ་བསྐྱེད་དེ་ཐུན་བཞིར་བཟླས་པས་འཁོར་ལོ་ཅན་སྔགས་འབུམ་བཟླས་ཞེས་བྱ་བ་ལ ་སོགས་པའི་གྲངས་བཟུང་བ་ལ་བཟློས་བརྗོད་པར་བྱའོ། །ཡང་ན་ཕྲ་མོའི་རྣལ་འབྱོར་དང། ཐིག་ལེའི་རྣལ་འབྱོར་ལ་གནས་པས་སེམས་ཀྱི་སྤྱོད་པ་རྩེ་གཅིག་པས་བྱའོ། །སྔོན་དུ་བསྙེན་པའི་ཆོ་གའོ། །དེ་ནས་དཀྱིལ་འཁོར་གྱི་ཁང་པའི ་ཕྱིར་ས་ཡོངས་སུ་བརྟག་པར་བྱ་སྟེ། གཙུག་ལག་ཁང་ངམ་མཆོད་རྟེན་དང་འདུ་ཁང་ལ་སོགས་པ་གནས་ཤིས་པ་རྣམས་སུ་མཆོད་ཡོན་དབུལ་བ་ལ་སོགས་པའི་ཆོ་ག་ཇི་ལྟ་བས་བརྐ་ཞིང་སླར་དགང་བ་ལ་སོགས་པའི་བཤད་པ་རྣམས་དེ ་བཞིན་དུ་བྱ་སྟེ། དཀྱིལ་འཁོར་གྱི་ཁང་པ་བརྩིག་པར་བྱའོ། །ཟུག་རྡུའི་ཉེས་པ་ཐམས་ཅད་ནི། །གལ་ཏེ་དབྱུང་བར་མ་ནུས་ན། །ལེག་བས་མནན་ཞིང་ཡི་གེ་གསུམ། །སྔགས་བཟླས་པས་སླར་ནི་བརྐོ་བར་བྱའོ། །ཁང་ཏོག ་དང་ནི་རྡོ་ལེབ་དང། །བ་ལང་ལྷས་དང་གཙུག་ལག་ཁང། །མཆོད་རྟེན་དྲུང་དང་འབབ་ཆུའི་འགྲན། །ས་གཞི་སྔར་ནི་ཡོངས་སྦྱངས་པར། །ཁུང་བུ་བཀང་པ་ལ་སོགས་པས། །སླར་ནི་སྦྱང་སོགས་བྱ་མི་དགོས། །ཕྱི་ཡིས་སྦྱང་བའི ་ཆོ་གའོ། །མཚན་མོ་དེར་བདུད་རྩི་ཐབ་སྦྱོར་གྱི་འཁོར་ལོའི་སྦྱོར་བས་གནས་ཏེ། ས་གཞི་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པ་ནི་ནང་གི་ས་གཞི་ཡོངས་སུ་སྦྱོང་བའི་ཆོ་གའོ། །དེ་ནས་ཐིག་འདེབས་པའི་སྲད་བུས་ཐིག་བཏབ་ལ། །ཇི ་སྐད་དུ་བཤད་པའི་དཀྱིལ་འཁོར་དང་དཀྱིལ་འཁོར་གྱི་ཁང་བའི་དབུས་སུ་འདུག་སྟེ། རྣལ་འབྱོར་པ་ཏིང་ངེ་འཛིན་གསུམ་གྱི་སྦྱོར་བ་བསྒོམས་ལ་སྒོ་བསྲུངས་ཀྱི་རང་གི་སློབ་མ་བཞི་སློབ་དཔོན་དུ་བསྐོས་པས་དེ་བཞིན་གཤེགས་པ་ཀུན་ཞི་བ ་ཞེས་པ་ལ་སོགས་པ་ནས། ཁ་ལོ་བསྒྱུར་བ་ལ་ཐུག་པའི་ཚིགས་སུ་བཅད་པ་རེ་རེ་འདོན་དུ་གཞུག་པར་བྱའོ། །དེ་ནས་སློབ་དཔོན་གྱིས་སྤྲུལ་པའི་འཁོར་ལོ་ཡིད་ཀྱིས་ནམ་མཁའ་ལ་བཏག་ལ་རང་གི་ལྷ་ཁྲོ་བོའི་སྦྱོར ་བ་བསྒྱིངས་པ་དང་བཅས་པའི་རྡོ་རྗེ་འགྲོས་ཀྱིས་གར་བྱེད་ཅིང་ལྷ་ལ་སོགས་པ་ཞེས་པ་ནས་གདོན་མི་ཟབ་ལ་ཐུག་པ་བརྗོད་པར་བྱ་སྟེ། །བགེགས་མེད་པར་བྱ་བའི་ཕྱིར་ཕུར་བུས་གཏབ་ལ་རྡོ་རྗེར་བའི་ཕྱི་རོལ་ཏུ་དབང་ཆེན་དང་མེའི་དཀྱིལ ་འཁོར་དག་གིས་ཕྱོགས་དང་མཚམས་བཅིང་བ་བྱས་ནས་མཉམ་པར་བཞག་པས་དེ་ཉིད་དུ་ཉལ་བར་བྱའོ། །དང་པོས་ཡོངས་སུ་གཟུང་བའི་ཆོ་གའོ།། །།ཉི་མ་གཉིས་པ་ལ་བུམ་པ་བཅུ ་དགུ་ལ་སྣ་ཚོགས་པདྨ་ལ་གནས་པའི་ཟླ་བ་དང་ཉི་མ་ལ་རང་གི་འཁོར་ལོ་ཇི་ལྟ་བ་བཞིན་དུ་ལྷ་བཅུ་དགུའི་མཚན་མ་རྣམས་བྲིས་པའི་དཀྱིལ་འཁོར་དང་རྗེས་སུ་མཐུན་པར་བྲི་བར་བྱའོ། །དེ་ཡང་སྤྱན་གྱི་ནི་མིག་གོ་།མཱ་མི་ཀཱའི ་ནི་རྡོ་རྗེ་སྔོན་པོའོ། །བུམ་པ་བཅུ་བྱེད་ན་རྣམ་པར་རྒྱལ་བའི་བུམ་པའི་ཁའི་སྟེང་དུ་གཙོ་བོའི་མཚན་མ་དང་ངོས་བཞིར་དེ་བཞིན་གཤེགས་པ་བཞིའི་མཚན་མ་དང་གཟུགས་རྡོ་རྗེ་ལ་སོགས་གཞན་གཅིག་ལའོ། །ལྷག་མ ་བརྒྱད་ལ་སྦྱན་མ་སོགས་པ་དང་གཤིན་རྗེ་གཤེད་ལ་སོགས་པའི་མཚན་མ་དགོད་དོ། །བུམ་པ་ལྔ་བྱེད་ན་སྦྱན་ལ་སོགས་པའི་ལྷ་མོ་བཞིའི་མཚན་མ་རྣམས་བུམ་པ་གཅིག་ལ་བྲི། གཤིན་རྗེ་མཐར་བྱེད་དང། ཤེས ་རབ?་མཐར་བྱེད་དང། པདྨ་མཐར་བྱའི?་??་མཚན་མ་གཅིག་ལ་བྲི་།བདུད་རྩི་ཐལ་སྦྱོར་གྱི་མཚན་མ་ལས་ཐམས་ཅད་པའི་བུམ་པ་ལ་བྲི། བུམ་པ་ལྷག་མ་གཉིས་ལ་ནི་སྔ་མ་བཞིན་དུའོ། །དེ་བཞིན་གཤེགས་པ་མདུན ་གྱི་མཚན་མ་རྡོ་རྗེ་བྲི་སྟེ། རིགས་མི་ཤེས་པ་རྣམས་ཀྱི་ཡང་དེ་བཞིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྷ་མོ་གཉིས་སུ་མེད་པ་ལས་གླེགས་བམ་གྱིས་ཕྱེ་ནས་ཐུགས་ཀྱི་ནང ་དུ་འདུས་པ་ཡིན་ནོ། །མཆོད་རྟེན་ནི་འཁོར་ལོ་སྟེ། དེ་བཞིན་གཤེགས་པའི་རིགས་ཡིན་པའི་ཕྱིར་རོ། །གླེགས་བམ་གཞན་དག་ནི་པདྨའི་མཚན་མ་སྟེ། གསུང་རྡོ་རྗེའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་དག་ཀྱང་ཀུན་ནས་འཁོར ་བར་བཞག་ལ་དེ་རྣམས་སུ་མཆོད་ཡོན་གྱི་སྣོད་ལས་སྤོས་ཆུ་ཅུང་ཟད་བཅུ་གནས་རང་རང་གི་འཁོར་ལོ་བསམས་ལ་མཆོད་པ་ལྔས་མཆོད་དེ། རང་རང་གི་ས་བོན་ཡི་གེ་གསུམ་གྱི་ནང་དུ་བཅུག་སྟེ། འཁོར་ལོའི་དབང་པོ་རྣམ་པར་རྒྱལ་བ་ལ ་བཟླས་པར་བྱའོ། །ལས་ཐམས་ཅད་པ་ལ་རིགས་ཀྱི་བདག་པོ་དང་རིགས་ཀྱི་སྙིང་པོ་དང་རིགས་ཀྱི་རིགས་མ་རྣམས་ཀྱི་བཟླས་པ་བྱའོ། །དཔལ་ཧེ་རུ་ཀའི་རིགས་ཀྱི་བདག་པོ་མི་བསྐྱོད་པའོ། །རིགས་ཀྱི་སྙིང་པོ་ནི་ཧཱུཾ་ཡིག་གོ། ་རིགས་ཀྱི་རིག་མ་ནི་མཱ་མ་ཀཱིའོ། །བཛྲ་དྷྲིཀ་ཅེས་བྱ་བའི་སྔགས་ཡི་གེ་གསུམ་གྱི་ནང་དུ་བཅུག་པ་དང། མཱ་མ་ཀཱིའི་སྔགས་ཡི་གེ་གསུམ་གྱི་ནང་དུ་བཅུག་པ་ནི་རིགས་ཀྱི་བདག་པོ་དང། རིགས་ཀྱི་སྙིང་པོ་དང་རིགས་ཀྱི་རིགས ་རྣམས་ཀྱི་ལས་ཐམས་ཅད་པའི་བུམ་པ་ལ་བཟླས་པར་བྱའོ། །བཟླས་བརྗོད་བྱས་ནས་སྣོད་གཅིག་ཏུ་ཡང་མཆོད་ཡོན་སྩལ་ལ་བླ་ན་ཡོད་པ་དང་བཅས་པའི་ཕྱིའི་མཆོད་པ་དང་།རབ་གནས་ཀྱི་ཆོ་གར་བཤད་པའི་རིམ་པས་བུམ ་པ་ལྷག་པར་གནས་པ་དང་མེ་ལོང་ལ་སོགས་པ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ་བོ། །ཉེ་བར་མཁོ་བ་ལྷག་པར་གནས་པའི་ཆོ་གའོ། །དགོངས་ཀའི་དུས་སུ་ཡང་དཀྱིལ་འཁོར་གྱི་ཁང་པའི་སྔ་ཁང་དམ་ཁྱམས་སུ་སློབ་དཔོན་འདུག་སྟེ ་མདུན་དུ་འདུག་པའི་སློབ་མ་ཕྲེང་བ་ཐོགས་བ་དགེ་བསྙེན་མ་ཡིན་པ་ལ་དགེ་བསྙེན་གྱི་སྡོམ་པ་བྱིན་ནས་སྦྲོ་བ་བསྐྱེད་པར་བྱ་བའི་ཕྱིར་དཀྱིལ་འཁོར་གྱི་ནི་ཞེས་བྱ་བ་ནས་འབྲས་བུ་རྒྱས་ཞེས་བྱ་བའི ་བར་དུ་བཤད་པར་བྱའོ། །དེ་ནས་དེ་རང་གི་ལུས་སུ་བཅུག་སྟེ། རང་གི་རྡོ་རྗེའི་ལམ་ནས་ཕྱུང་ནས་རང་གི་ཤེས་རབ་ཀྱི་ཆུ་སྐྱེས་ཀྱི་ནང་དུ་དེ་བཅུག་ལ་འགྲོ་བའི་ལུས་བཞིན་དུ་དབང་བསྐུར་ཏེ། སའི་སྙིང་པོ་ལ་སོགས་པ་བཞིན་དུ་ཕྱུང་ནས ་དགའ་ཆེན་ཞེས་བྱ་བ་ནས་འཇུག་པར་འཚལ་ཞེས་བྱ་བའི་བར་དུ་ལན་གསུམ་འདོན་དུ་གཞུག་གོ་།སློབ་དཔོན་གྱིས་ཀྱང་ཁྱོད་ནི་ཚུལ་ཆེན་ཞེས་བྱ་བ་ནས་བུ་ཡིས་བློ་གྲོས་འདི་གྱིས་ཤིག་།ཅེས་བྱ་བ་ལ་སོགས་པའི་བར་གྱི ་ཚིག་སྦྲོ་བ་བསྐྱེད་པར་བྱ་བའི་ཕྱིར་ལན་གསུམ་བརྗོད་པས་གཟེངས་བསྟོད་ལ། །གང་ཞིག་ཐོག་མེད་ཅེས་བྱ་བ་ནས་ད་ནི་གནས་པར་བགྱི་ཞེས་བྱ་བ་ལ་སོགས་པའི་བར་དུ་བརྗོད་པར་བྱའོ། །དེ་ནས་བསྙེན་པ་ལ་སོགས་པའི ་ཡན་ལག་དང་ལྡན་པས་ལྷར་བསྐྱེད་ལ་ཕྱི་རོལ་གྱི་དྲི་ལ་སོགས་པས་ཀྱང་མཆོད་ནས་ཐལ་མོ་དེ་རྣམས་ལ་སོ་ཤིང་སྦྱིན་པར་བྱའོ། །དེས་ཀྱང་འཆོས་ནས་མདུན་དུ་བའི་ལྕི་བས་བྱུགས་པའི་གྲུ་བཞི་པའི་ས་ལ་བལྟོས་བ་མེད་པར ་དོར་བར་བྱའོ། །དེ་ནས་ཧཱུཾ་ལས་བསྐྱེད་པའི་ཆུ་དེ་ཉིད་བཟླས་པ་འཐོར་འཐུང་བྱ་བའི་ཕྱིར་སྦྱིན་པར་བྱ་ཞིང། ཨོཾ་ཧྲི(རྒྱུད་འགྲེལ་སྟེ། སྲད་བུ་སུམ་སྒྲིལ་མདུད་པ་གསུམ་དང་ལྡན་པས་དཔུང་པ་གཡས་པར་བཅས་ལ། །ཧཱུཾ་ལས་བསྐྱེད་པའི་ཀུ་ཤ་སར་པ་མ་ཉམས་པ་གཅིག་ནི་སྔགས་བྱ་བའི་ཕྱིར་སྦྱིན། །གཉིས་པ་ཡང་ཧཱུཾ་ལས་བསྐྱེད་དེ་འོག་ཏུ་སྟན་དུ་གདིང ་བའི?་ཕྱིར་བྱིན་ལ་བདུད་རྩི་ཐབ་སྦྱོར་གྱིས་ཡང་དག་པར་བསྲུངས་ཏེ་ཆོས་བསྟན་པས་གཟེངས་བསྟོད་པའི་ཕྱིར། འཇིག་རྟེན་དུ་ནི་ཞེས་བྱ་བ་ལ་སོགས་པ་ནས་དེ་བཞིན་གཤེགས་པ་རྣམས་སུ་འགྱུར་ཞེས་བྱ་བའི་བར་གྱི་ཚིག་སུ ་བཅད་པ་བརྗོད་ལ་ནང་པར་ང་ལ་རྨི་ལམ་སྨྲོས་ཤིག་ཅེས་བསྒོ་སྟེ། ཁང་པ་གཞན་དུ་སེངྒེའི་ཉལ་ཐབས་ཀྱིས་ཉལ་དུ་གཞུག་གོ་།སློབ་དཔོན་དོན་དུ་གཉེར་བའི་སློབ་མ་ལ་ནི་ཐུབ་པ་ཉི་མ་མ་ལུས་པ་ཞེས་བྱ་བ་ནས་མཆོད་པའི་ལས ་ཀྱང་ཅི་ནུས་བྱ་ཞེས་བྱ་བའི་བར་དུ་འཁོར་ལོར་ཕྱིར་མི་ལོག་པའི་དབང་བསྐུར་བའི་སྔོམ་པ་བྱིན་ལ་ཁྱེད་ཀྱི་རྟག་ཏུ་བསྲུང་བར་བྱ། ཞེས་བརྗོད་ལ་དེ་ལ་ཁྱད་པར་གྱི་སྡོམ་པ་བསྒྲགས་ཤིང་དེ་བཞིན་དུ་སྡིག་པ་བཤགས་པ་ལ་སོགས ་པ་བྱེད་དུ་གཞུག་གོ་།སློབ་མ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་བླ་མ་དེ་ལས་གཞན་པའི་སློབ་དཔོན་བཞི་དང་བཅས་པར་དཀྱིལ་འཁོར་གྱི་ཁང་པར་ཞུགས་ལ་ཕྱོགས་སུ་ཕུར་བུས་ཡང་དག་པར་གདབ་སྟེ། རྡོ་རྗེ་ར་བའི་ཕྱི ་རལ་དུ་དབང་ཆེན་དང་མེའི་དཀྱིལ་འཁོར་གཉིས་ཀྱིས་ཕྱོགས་དང་མཚམས་བཅིང་བ་བྱས་ལ་འདི་ལས་བཤད་པའི་སའི་ལྷ་མོ་རྣམས་མཆོད་ལ། སྐྱོབ་པ་སངས་རྒྱས་ཞེས་བྱ་བ་ནས་དཀྱིལ་འཁོར་བྲི། ཞེས་བྱ་བའི་བར་གྱིས། ། ་གསོལ་བ་གདབ་བོ། །སའི་ལྷ་མོ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་ནམ་མཁའ་ན་གནས་པའི་དཀྱིལ་འཁོར་ཡིད་ཀྱིས་བཀུག་ལ་བདུད་རྩི་ལྔའི་དཀྱིལ་འཁོར་བཅུ་དགུ་ལ་རང་ཇི་ལྟ་བ་བཞིན་དུ་བཅུག་སྟེ། ཡང་དག ་པར་མཆོད་ནས་མི་བསྐྱོད་པ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་བསྟོད་ཅིང་བདུད་རྩི་ལྔས་བསྟབས་ཏེ། བུས་མོ་གཡས་པའི་ལྷང?་ས་ལ་གཙུགས་ནས་སྦོས་ཁང་ཐོགས་ལ་བཅོམ་ལྡན་ཞེས་བྱ་བ་ནས་མཛད་དུ་གསོལ་ཞེས ་བྱ་བའི་བར་གྱི་ཚིགས་སུ་བཅད་པ་ལན་གསུམ་བརྗོད་པ་འདིས་ནི་འཁོར་ལོའི་གཙོ་བོ་དང་སངས་རྒྱས་ཐམས་ཅད་ལྷག་པར་གནས་པར་བྱའོ། །དཀྱིལ་འཁོར་གྱི་ལྷ་ལྷག་པར་གནས་པའི་ཆོ་གའོ། ། ་དེ་ནས་ཇི་སྐད་དུ་བཤད་པའི་སྣོད་ལྔ་ལ་བཞག་པའི་ཁ་དོག་སྣ་ལྔ་པའི་སྲད་བུ་ལ་རྟག་པ་ལ་སོགས་པའི་འཁོར་ལོའི་གཙོ་བོ་རྣམས་བཀོད་དེ། རང་གི་ཕྱོགས་ན་བཞུགས་པའི་རྟག་པ་ལ་སོགས་པའི་སྙིང་པོར་གྱུར་པ་དེ་ཁ་དོག་རྣམས ་དང་ལྡན་པའི་འོད་ཟེར་སྲད་བུར་བསམས་ཏེ། ཨོཾ་ཨཱ(རྒྱུད་འགྲེལ་པ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །དེ་ལྟར་གསོལ་བ་གདབ་པས། མཉེས་པ་དེ་རྣམས་གཞུག་པའི་སྲད་བུ་ལ་རྫི་མ་མྱུར་བར་འདེགས་ཤིང་མིག་མགུལ་བའི་འབར་བའི་ལྟ་བས་བཀུག་སྟེ། གཅིག་ཏུ་བྱས་ནས་ལྔ་པོ་འདི ་ལྟར་གཅིག་ཏུ་བྱས་ནས་སྒྲིལ་བར་བྱའོ། །ོཾ་ཨཱ(རྒྱུད་འགྲེལ་རྩི་ཐབ་སྦྱོར་གྱི་སྦྱོར་བས་རྡོ་རྗེ་དྲིལ་བུ་ཐོགས་པའི་སློབ་མ་སྲད་བུ་མཛའ་ནས་འཛིན་པ་དང་བཅས་པས་སློབ་དཔོན་རྡོ་རྗེ་ཐོགས་ལ་ཡེ་ཤེས་ཀྱི་སྲད་བུ་གཡོན་བའི་ཁུ་ཚུར་གྱིས་གཟུང་སྟེ། ཛ་ཞེས་ལན་གསུམ་བརྗོད་ལ་སློབ་མ་ལ ་བཏང་ནས། ཛ་ཛ་ཛ་ཞེས་བརྗོད་ཅིང་སློབ་མ་ཡང་འགྲོ་བར་བྱའོ། །སློབ་དཔོན་ནུབ་ཕྱོགས་ཀྱི་སྒོར་ཤར་ཕྱོགས་སུ་བལྟས་ཏེ་འདུག་ལ་ཚངས་པའི་ཐིག་གདབ་པར་བྱའོ། །དེ་ནས་ཡང་གཡས་ཕྱོགས་སུ་བསྐོར་ནས་ལྷོ་ཕྱོགས་ཀྱི་སྒོར། ་སོང་ཏེ་བྱང་དུ་བལྟས་ལ་འདུག་ལ་ཚངས་པའི་ཐིག་གཉིས་གདབ་པར་བྱའོ། །དེ་བཞིན་དུ་དེ་ཉིད་དུ་ཤར་ལྷོ་མཚམས་སུ་སོང་སྟེ། །བྱང་ཕྱོགས་སུ་ཁ་བལྟས་ཏེ། འདུག་ལ་ཤར་ཕྱོགས་ཀྱི་ཐིག་གདབ་པར་བྱའོ། །དེ་ནས་དེ་བཞིན་དུ་བྱང་ཕྱོགས་སུ ་སོང་སྟེ། ལྷོ་ཕྱོགས་སུ་བལྟས་ནས་འདུག་ལ་ནུབ་ཕྱོགས་ཀྱི་ཐིག་གདབ་པར་བྱའོ། །དེ་བཞིན་དུ་དེ་ཉིད་ཤར་ཕྱོགས་སུ་བལྟས་ཏེ། འདུག་ལ། བྱང་ཕྱོགས་ཀྱི་ཐིག་གདབ་པར་བྱའོ། །དེ་ནས་དེ་བཞིན་དུ་ཤར་ལྷོ་མཚམས་སུ་སོང་སྟེ། ནུབ ་ཕྱོགས་སུབ་ལྟས་ནས་འདུག་ལ་ལྷོ་ཕྱོཊ་ཀྱི་ཐིག་གདབ་པར་བྱའོ། །དེ་ནས་དེ་ཉིད་དུ་འདུག་སྟེ་ནུབ་བྱང་ཕྱོགས་སུ་བལྟས་ལ་མཚམས་ཀྱི་ཐིག་གདབ་པར་བྱའོ། །དེ་ནས་དེ་བཞིན་དུ་སོང་སྟེ། ལྷོ་ནུབ་མཚམས་སུ་འདུག་ལ་བྱང་ཤར་མཚམས་སུ ་བལྟས་ལ། མཚམས་ཀྱི་ཐིག་གདབ་པར་བྱའོ། །སློབ་མ་ཡང་བསྐོར་ཕྱོགས་སུ་སོང་སྟེ། དེ་ཡང་དེར་སློབ་དཔོན་ལ་མདོན་དུ་ཕྱོགས་ནས་གདབ་པར་བྱའོ། །འདི་ནི་ཡེ་ཤེས་ཀྱི་སྲད་བུ་མངོན་པར་འདུག་བྱ་བ་དང་གདབ་པའོ། ། ་དེ་བཞིན་དུ་ཚོན་རྩི་ལྔ་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛོད་ལ་སོགས་པ་ཡེ་ཤེས་ཀྱི་ཚོན་གང་ཡིན་པ་དེ་བཞིན་དུ་བཀུག་སྟེ། གཟིག་བསྐྱེད་ལ་སློབ་དཔོན་ནང་དུ་གནས་ནས་ཤར་དུ་བལྟས་ཏེ། བྱང་ཤར་མཚམས་ནས ་བརྩམས་ཏེ། གཡས་སུ་བསྐོར་ཞིང་སོ་སོར་ཚོན་རྩི་དགྱེ་བར་བྱའོ། །དེའི་འོག་ཏུ་གཞན་དག་ནི་སློབ་མའི་སློབ་དཔོན་བཞེ་དང་བཅས་ཏེ། དགྱེ་བར་བྱའོ། །ཉི་མ་གསུམ་པ་ལ་ཚོན་རྩི་དགྱེ་བ་དང་མཚན་མ་དགོད་པ་ལ་སོགས ་པ་ལེགས་པར་རྫོགས་པ་དང། རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བས་ཞུགས་ལ་བསྐོར་བ་བྱ་སྟེ། བལྟས་ལ་མཆེང?་བ་དང་ལྷག་པའི་ཉེས་པ་བསྐང་བའི་ཕྱིར་ཞི་བ་འམ་རྒྱས་པའི་སྦྱིན་སྲེག་བྱའོ། །བུམ་པ་རྣམས་ཀྱང་འཁོར་ལོའི་ཕྱི་རོལ ་གྱི་མཚམས་སུ་བཞག་ལ་རྣམ་པར་རྒྱལ་བའི་བུམ་པ་ཤར་ཕྱོགས་ཀྱི་སྒོ་དང་ཉེ་བའི་གཡས་ཀྱི་ཆེ་སྒྲོའི་ཕྱི་རོལ་ཏུ་བཞག་གོ་ཞེས་ཟེར་རོ། །ལ་ལ་ནི་ལྷོ་ཕྱོགས་ཀྱི་སྒོའི་ཕྱི་རོལ་ཏུ་བཞག་གོ ་ཞས་ཟེར་རོ། །གཞན་དག་ནི་ཁྲིའི་སྟེང་དུ་རྣམ་པར་རྒྱལ་བའི་བུམ་པ་བདག་པོའི་གཡས་དང་བདུང་རྩི་ལྔའི་སྣོད་དབུས་སུ་བཞག་གོ་།ཞེས་ཟེར་རོ། །འཇུག་པར་འདོད་པས་ཀུ་ཤའི་ཆུན་པ་དང་བཅས་པའི་བདུང་རྩི་ཐབ་སྦྱོར ་གྱི་བུམ་པ་དཀྱིལ་འཁོར་གྱི་ཁང་པའི་ཤར་གྱི་ཕྱོགས་སུ་བཞག་ཅིང་སློབ་དཔོན་གྱི་སྟན་ཡང་བཏིང་ལ་དགོངས་ཀའི་དུས་སུ་དཀྱིལ་འཁོར་བསྒྲུབས་ལ་བླ་ན་ཡོད་པ་དང་བཅས་པའི་མཆོད་པས་མཆོད་ལ། །མགོན་པོ་དངོས་གྲུབ ་ཐམས་ཅད་ཀྱི་ཕྱིར་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དེ་ན་མཛོད་ཅིག་ཅེས་གསོལ་བ་གདབ་པར་བྱའོ། །དེ་ནས་ཕྱིར་བྱུང་ལ་འདི་ལས་བཤད་པའི་གཏོར་མཆོག་བཞིན་དུ་བྱིན་གྱིས་བརླབས་ཏེ། དེའི་འོག་ཏུ་སློབ་མ ་འདྲུག་པའི་ཆོ་ག་བཞིན་དུ་སློབ་དཔོན་ཞུགས་ལ་སོ་སོར་ཕྱག་བྱ་སྟེ། དབང་བསྐུར་བ་ལ་སོགས་པ་ཡིད་ཀྱི་བླངས་ནས་རང་གི་བདག་བོའི་བདག་ཉིད་ཀྱི་སློབ་དཔོན་དུ་གྱུར་པ་ལ་ཐམས་ཅད་བྱེད་པར་མོས་པར་བྱའོ། ། ་འཁོར་ལོའི་དེ་ལོ་ན་ཉིད་ཀྱང་ཆེས་ཉིད་ཀྱི་གཟུགས་བརྙན་བཞིན་དུ་ཤེས་པར་བྱས་ལ། ནམ་མཁའ་ལས་བྱུང་ཞེས་བྱ་བ་ནས་དྲི་མ་མེད་མཐོང་ཤོག་ཅེས་བྱ་བའི་བར་དུ་བརྗོད་པར་བྱའོ། །དེ་ནས་སློབ་མ་སྐལ་པ་ཆེན་པོའི ་ཆ་ལུགས་དང་ལྡན་པ་ལ་ཕྱི་རོལ་ཏུ་གདོང་གཡོགས་དམར་པོས་གདོང་བཀབ་སྟེ། ཐལ་མོས་མེ་ཏོག་དཀར་པོ་ཅིག་ཐོགས་ལ་སྐྱེས་བུ་རིག་པས་ཁྲིད་ལ་ཡོལ་བ་གཉིས་ཀྱི་བར་དུ་ཐེབ་པ་ལ་བཞག་སྟེ། བླ་མས་ཧཱུཾ ་གིས་ཡོལ་བའི་ཕྱོགས་གཅིག་བཏེག་ནས་ཀུ་ཤའི་ཆུན་པོས་བསང་གཏོར་བྱས་ལ་སྡུག་པ་ཁྱོད་སུ་ཡིན་ཞེས་དྲི་བར་བྱའོ། །དེས་ཀྱང་བདག་ནི་སྐལ་པ་བཟང་པོ་ཞེས་སྨྲ་བ་དང་ཡང་དག་པར་མཆོད་ལ་དཀྱིལ་འཁོར་གྱི་?? ་པར་བཅུག་སྟེ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏཔལ་ཏ་ཡ་མི་ཞེས་བྱ་བ་དང། བྱང་ཆུབ་ཀྱི་སེམས་དམ་པ་བསྐྱེད་ལ་དེའི་སྙིང་གར་ས་བོན་ལས་རྡོ་རྗེ་བསྐྱེད་ལ། ཨོཾ་སུ་ར་ཏ་ས་མ་ཡ་སྟཝཾ། ཞེས་བྱ་བ་ནས་མ་དང་པར་མི་བྱའོ། །ཞེས ་བྱ་བའི་བར་དུ་བརྗོད་ཅིང། ཛ་ཧཱུཾ་ཞེས་བྱ་བ་གཉིས་ཀྱིས་ཡིད་ཀྱིས་བཀུག་ལ་དེར་གཞུག་སྟེ། དཀྱིལ་འཁོར་གྱི་ཆོ་གར་བཤད་པའི་ཡི་གེ་ལྔ་པོ་ཨ་ཁཾ་བཱ་རི་ཧཱུཾ་ཞེས་བརྗོད་དེ། འཇུག་པའི་སྒོའི་སྟན་གྱི་སྟེང་དུ་བཞག་ལ་རྣམ ་པར་སྣང་མཇད་དང་གཤིན་རྗེ་གཤེད་ཀྱི་བར་དུ་བཞག་ནས་དེང་ཁྱོད་ཅེས་བྱ་བ་ནས་དམ་ཚིག་ཉམས་པར་གུར་ཏ་རེ་ཞེས་བྱ་བའི་བར་དུ་བརྗོད་ལ་དེའི་སྙིང་གར་རྡོ་རྗེ་བཞག་ནས་ཨོཾ་རྡོ་རྗེ་སེམས་དཔའ་ངེད་ཁྱོད་ཀྱི་ཞེས་བྱ་བ་ལ་སོགས ་པའི་ཚིགས་སུ་བཅད་པ་བརྗོད་པར་བྱའོ། །དེ་ནས་བདུད་རྩི་ལྔ་དུང་ཆོས་ལས་མཐེ་བོ་སྲིན་ལག་གིས་དེའི་ཁར་མངོན་དུ་བྱིན་ལ། འདི་ནི་ཞེས་བྱ་བ་ནས་ཐ་ཞེས་བྱ་བའི་བར་དུ་བརྗོད་པར་འཐུང་དུ་བཅུག་ལ་སློབ་མའི་དམ་བཅའ་ ་བ་བརྟན་པར་བྱ་བའི་ཕྱིར་དང་ཕྱིན་ཆད་ཅེས་བྱ་བ་ནས་གྱུར་ཏ་རེ་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ལ་རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་གྱུར་ཅིག་ཅེས ་སྨར?་བཅུག་ལ་སློབ་མ་རླུང་དང་ཆུ་དང་དབང་ཆེན་གྱི་དཀྱིལ་འཁོར་ལ་བཞག་སྟེ། ཧ་ཨ་ཧཱུཾ་ཞེས་བྱ་བའི་སྐུ་གསུང་ཐུགས་ཀྱི་སྙིང་པོ་བཀོད་པ་དང། རྐང་པ་གཉིས་ཀྱི་འོག་ཏུ་ཛཧཻ་ཞེས་བྱ་བ་རླུང་དང་མེའི་དཀྱིལ་འཁོར་བསམས་ལ། ་ཨཱ་བེ་ཤ་ཡ་ན་ཛཧཻ་ཞེས་བྱ་བའི་བར་དུ་དྲིལ་བུ་དཀྲོལ་ཞིང་ལན་གསུམ་བརྗོད་པར་བྱའོ། །སྒོ་བསྲུངས་ཀྱི་སློབ་དཔོན་བཞིས་ཀྱང་དྲིལ་བུ་དཀྲོལ་བར་བྱའོ། །དེ་ནས་དེའི་ལྕེ་ལ་ཨ་དམར་པོ་དང། ་འོད་དཔག་ཏུ་མེད་པར་བསམས་ཏེ་བབས་པར་གྱུར་པ་དང། བྷུ་ཧི་བཛྲ་ཤུ་བྷ་ཨ་ཤུ་བྷ་དྲི་བ་དང་བབས་པ་བརྟན་པར་བྱ་བའི་ཕྱིར། ཏིཥྛ་བཛྲ་ཞེས་བརྗོད་པས་ཉེ་བར་བསྡུ་བ་ནི་དབབ་པའི་ཆོ་གའོ། །དེ་ནས་བྲ་ཏཱིཙྪ་བཛྲ་ཧོ: ་ཞེས་འདོན་དུ་བཅུག་ལ་དེའི་ལག་པ་ན་གནས་པའི་མེ་ཏོག་དཀྱིལ་འཁོར་དུ་འདོར་དུ་བཅུག་ལ་མེ་ཏོག་དེ་གང་གི་རིགས་སུ་བབས་པར་ཤེས་པར་བྱ་སྟེ། བླངས་ནས་དེའི་མགོ་ལ་བཅིངས་ལ་པྲ་ཏི་གྲིཧཊཊཱ་ཏྭ་མི་ས་ཏྭ་མ་ཧཱ་བ་ལ་ཞེས ་བརྗོད་པར་བྱས་ནས་རྒྱུད་གཞན་ལས་བཤད་པའི་ཕྲེང་བའི་དབང་བསྐུར་བར་འགྱུར་རོ། །དེ་ནས་དེའི་མིག་གཉིས་ལ་ཨོཾ་བསམས་ལ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་དེ། གདོང་གཡོཊ ་དཀྲོལ་ཏེ། དཀྱིལ་འཁོར་གྱི་བདག་པོ་ལས་བརྩམས་ཏེ་བདུད་རྩི་ཐབ་སྦྱོར་གྱི་བར་དུ་བརྟན་པར་བྱའོ། །སློབ་མ་འཇུག་པའི་ཆོ་གའོ། །སྟན་དེ་ཉིད་ལ་ཤར་ཕྱོགས་སུ་ཁ་བསྟན་ནས་སྐྱིལ་མོ་ཀྲུང་གིས་འདུག་ཏུ་བཅུག་སྟེ། སྔར ་བཤད་པའི་རྣམ་པར་རྒྱལ་བའི་སྟེང་དུ་མཆོད་ཡོན་གྱི་སྣོད་བཞག་པའི་ནང་དུ་བུམ་པ་ཐམས་ཅད་ལས་ཆུ་ཉུང་ཟད་ཙམ་ཞིག་བླུགས་ལ་ལ་མའི་ཆུན་པོས་བླངས་པའི་ཆུ་དང་སློབ་མ་ལ་བསྙེན་པ་ལ་སོགས་པའི་རིམ་པས་རང་གི ་ལྷར་བསྐྱེད་པའི་མགོ་ལ། ཨོཾ་བཛྲ་ཨ་བྷི་ཥིཉྩ། ཞེས་བརྗོད་ཅིང་དབང་བསྐུར་བར་བྱ་བ་ནི་ཆུའི་དབང་བསྐུར་བའོ། །གོས་ལ་སོགས་པས་བརྒྱན་པའི་ཅོད་བན་དེའི་རིག་ཀྱི་གཙོ་བོས་མཆན་བར་བསམས་ལ་དེའི་མགོ་ལ་བསྐོན་ལ ་འཆད་པར་འགྱུར་པ་རྣམས་བྱའོ། །ཅོད་པན་དང་དར་དཔྱངས་ཀྱིས་དབང་བསྐུར་བའོ། །དེའི་སྙིང་གར་རྡོ་རྗེ་བཞག་ལ་དེས་ལག་པ་གཡས་པས་གཟུང་ནས་སངས་རྒྱས་ཀུན་གྱི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་པར ་བྱ་བ་ནི་རྡོ་རྗེའི་དབང་བསྐུར་བའོ། །རང་གི་བདག་པོའི་སྦྱོར་བ་དང་ལྡན་པ་ལས་དོའི་སྙིང་གར་རྡོ་རྗེ་དང་དྲིལ་བུ་གཟུང་ནས་ལག་པ་གཡས་དང་གཡོན་གྱིས་འཁྱུད་ཅིང། ཨོཾ་བཛྲ་ཨ་དྷི་པ་ཏ་ཏྭ་ཨ་བྷི་ཥིཉྩ་མ་ཏ་ཥྛི་བཛྲ་ས་མ་ཡ་སྟཾ། ཞེས ་བརྗོད་པར་བྱ་སྟེ། འདི་ནི་བདག་པོའི་དབང་བསྐུར་བའོ། །རྡོ་རྗེ་དང་དྲིལ་བུ་དང་ལྡན་པ་དེའི་མགོ་ལ་དེའི་ལག་པ་བཞག་སྟེ། ཨོཾ་བཛྲ་ས་ཏྭ་སྟཝཾ། ཨ་བྷི་ཥྙྩི་མི། བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ་ཀྱེ་ཆེ་གེ་མོ་ཞེས་བརྗོད་པར་བྱ་སྟེ། འདི་ནི ་ན་དི་གི་དབང་བསྐུར་བའོ། །ལ་ལ་དག་ནི་མེ་ཏོག་གང་དུ་བབས་པ་དེའི་རིགས་དང་རྗེས་སུ་མཐུན་པར་མིང་གདགས་པར་བྱའོ་ཞེས་ཟེར་རོ། །དེ་ནས་རང་གི་བདག་པོ་ཞེས་བྱ་བ་ནས་དབང་བསྐུར་བ་ཡང་འདི་ཡིན་ཞེས་བྱ་བའི་བར་དུ ་བརྗོད་ཅིང་ཆོས་བཤད་དེ། དབང་བསྐུར་ལྔ་པོས་ནི་མི་བསྐྱོད་པ་ལ་སོགས་པའི་རྣམ་པར་དག་པ་ཤེས་པར་བྱའོ། །འདི་རིག་པའི་དབང་བསྐུར་བའོ། །དབང་བསྐུར་བ་དེ་རྣམས་ཀྱིས་ནི་འབྲས་བུར་གྱུར་པའི་ཡེ་ཤེས་ལྔ་རྫོགས ་པར་འགྱུར་ཏེ། དེ་བས་སློབ་ན་མི་ཕྱེད་པར་གྱུར་ཅིང་སྟོང་པ་ཉིད་ཀྱི་ཁམས་སོ། །རིགས་ཀྱི་སྐྱེ་བའི་གནས་སུ་འགྱུར་ཞིང་བྱང་ཆུབ་ལ་དབང་བའི་སྐལ་པ་དང་ལྡན་པར་འགྱུར་རོ། །དེ་ནས་དེ་ལ་རྡོ་རྗེའི་བརྟུལ་ཞུགས་དང་ལུང་བསྟན ་པ་དང་དབུགས་དབྱུང་བ་དག་བསྟན་པར་བྱ་སྟེ། དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་ལ་དེའི་ལག་ཏུ་རྡོ་རྗེ་བྱིན་ཏེ། ཨོཾ་སརྦབ་ཏ་ཐཱ་གཱ་ཏ་ཞེས་བྱ་བ་ལ་སོགས་པ་བརྗོད་ནས་དེའི་ལག་པ་གཡས་པར ་འཛིན་དུ་གཞུག་སྟེ། འདི་ནི་རྡོ་རྗེའི་བརྟུལ་ཞུགས་སོ། །དེ་ནས་ཐོག་མཛའ་མེད་པའི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བླ་མས་བརྗོད་ལ་དེ་ཁོ་ན་ཉིད་ཀྱིས་རྡོ་རྗེ་གཟུང?་བར་བྱའི། གནས་འདི ་དེ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་ལ་ལག་པ་གཡོན་པར་དྲིལ་བུ་འཛིན་དུ་བཅུག་ནས་སྲིད་པ་ངོ་བོ་ཉིད་ཀྱིས་དག་ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་དུ་བཅུག་ལ་སྙིང་པོ་བསྙེན་པ་ལ ་སོགས་བཤད་པ་ཞེས་བྱ་བ་ནས་བསྒོམས་པས་སོ་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །དེ་ལྟར་སྲིད་པའི་ལོངས་སྤྱོད་རྣམ་པར་དག་པའི་ཐབས་བསྟན་ནས་དེའི་འོག་ཏུ་ཕྱིར་མི་ལྡོག་པའི་དབང་བསྐུར་བ་མི་བྱེད་ན་ལུང ་བསྟན་པ་དང་དབུགས་དབྱུང་བ་དག་བྱ་སྟེ། འདི་ནི་རིག་པའི་དབང་བསྐུར་བ་དང་རྗེས་སུ་འབྲེལ་བའི་ཆོ་གའོ། །དེ་ནས་བབས་ལ་སློབ་དཔོན་ལ་མཆོད་ལ། བླ་མ་ལ་བྱང་ཆུབ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད ་པ་བརྗོད་པར་བྱའོ། །དེ་ནས་བླ་མ་མགུ་བས་སྡོམ་པ་བཞི་བྱིན་ནས་སྟན་དེ་ཉིད་ལ་སྔ་མ་བཞིན་དུ་འདུག་ཏུ་བཅུག་ནས་ཡན་ལག་བཞིའི་ཆོ་གས་རང་གི་སྔགས་ཀྱི་སྦྱོར་བ་བྱ་སྟེ། རང་གི་སྙིང་ག་ལས་སྤྲུལ་པའི་རིག་པ་མཆོད་པཱི ་ལྷ་མོ་རྣམས་ཀྱི་དབང་བསྐུར་བ་ནི་རྡོ་རྗེ་ཆེ་ཞེས་བྱ་བའི་ཚིགས་སུ་བཅད་པ་ཟློས་པས་དབང་བསྐུར་བར་བྱའོ། །དེ་ནས་དཀྱིལ་འཁོར་ལ་བལྟས་ཏེ་སྔ་མ་བཞིན་དུ་བསྟན་ལ་འདུག་ཏུ་བཅུག་ལ་མི་མཉམ་མེད་པ་ཞེས་བྱ་བ་ནས ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའོ་ཞེས་བྱ་བའི་བར་དུ་བསྟན་པར་བྱ་སྟེ། འདི་ནི་ཕྱིར་མི་ལྡོག་པའི་དབང་བསྐུར་བའོ།། །།གལ་ཏེ་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་མི? ་སྟེར་ན་དེའི་ཚེ་འདིར་ལུང་བསྟན་པ་དང། དབུགས་དབྱུང་བ་བྱིན་ལ་རྗེས་སུ་གནང་བ་བྱིན་པར་བྱ་སྟེ། དེ་ནི་བྱ་བའི་རྒྱུད་དང་སྤྱོད་པའི་རྒྱུད་དང། རྣལ་འབྱོར་གྱི་རྒྱུད་ལ་སོགས་པ་སྟོན་པ་ལ་སོགས་པ་ལ་དབང་བར་གྱུར་ཏེ། འདིའི་མེད་ནི་སློབ ་དཔོན་དུ་དབང་བསྐུར་བ་ཞེས་བྱའོ། །དེ་ནས་ཡང་དག་པར་མཆོད་ལ་ཤེས་རབ་གཏད་ནས། བྱང་ཆུབ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་བླ་མ་གསོལ་བ་གདབ་སྟེ། དེས་སྡོམ་པ་བཞི་བྱིན་ལ་སློབ་མ་ཡོལ་བས་བར་དུ ་བཅད་པར་བཞག་ནས་གསང་བའི་མཆོད་པའི་མཐར་ཡོལ་བའི་མཛའ་མ་བཏེག་སྟེ། མཐེ་བོད་དང་སྲིན་ལག་གིས་རྡོ་རྗེ་གཟུང་ནས་གསང་བའི་དབང་སྦྱིན་པར་བྱའོ། །དེས་ཀྱང་ཀྱེ་མ་བདེའོ་ཞེས་བརྗོད་དེ་མྱང་བར་བྱའོ། །སློབ་དཔོན ་རང་ཉིད་ཕྱིར་ལོག་ནས་པདྨ་ལ་གནས་བ་རང་གིས་མྱང་སྟེ། དེས་ཀྱང་ཁ་ཡིས་རང་གི་རྡོ་རྗེ་མྱང་དུ་བཅུག་ནས་རང་གི་སྟན་ནང་ཆངས་ཅན་ལ་སོགས་པ་ལ་འདུག་པར་བྱའོ། །དེ་ནས་ཕན་ཡོན་བརྗོད་པར་བྱ་སྟེ། ཞུགས་པར་གྱུར ་པའི་སློབ་མ་ལ། །འདི་ནི་རྡོ་རྗེ་ཅན་ཀུན་གྱིས། །ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ། །ལ་ལ་དག་ནི་ཡང་དེ་བཞིན་དུ་གསོལ་བ་བཏབ་པར་བྱའོ། །ཞེས་ཟེ་རོ། །དེ་ནས་བདུན་དུ་འདུག་པ་དེ་དག་གི་ལག་པ་གཡས་པ ་གཡོན་པའི་སྟེང་དུ་བཞག་སྟེ། མངོན་སུམ་དུ་ཤེས་རབ་ཡན་ལག་འདུས་ཞེས་བྱ་བ་ལ་སོགས་པ་ནས་ཁོངས་སུ་གཏོགས་པར་བསམ་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །ཡོལ་བའི་ནང་དུ་གསངས་ཏེ་འདུག་ནས་གསང་བའི་མཆོད་པ ་ལ་གནས་པའི་སློབ་མ་ལ་བལྟས་ཏེ། གལ་ཏེ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་འམ། དེའི་རིགས་ཀྱིས་རྣལ་འབྱོར་པ་ཡིན་ན་དེའི་ཚེ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་བྱས་ལ་རང་གི་སྙིང་ག་ནས་རྣམ་པར་སྣང་མཛད་སྤྲོ་བ་ནི། རིག ་མ་ལ་འཁྱུད་པའི་ལུས་བདེ་བ་ཆེན་པོའི་ཆ་བྱ་དུ་བྱས་ལ། རྡོ་རྗེ་དང་པདྨ་དག་ལས་བདུད་རྩི་ཆུ་རྒྱུན་འབབ་པར་བསམས་ལ་འབབ་པ་དེ་ཉིད་བཅོམ་ལྡན་འདས་ཀྱིས་ཟླ་བའི་ཁ་དོག་དང་ལྡན་པས་དེ་ལ ་དབང་བསྐུར་བར་བསམས་ནས། རྣམ་པར་སྣང་མཛད་སློབ་མ་དེ་ཉིད་ལ་ཐིམ་པར་བྱས་ལ་མར་གྱི་བུམ་པ་བཞིན་དུ་ཞུགས་པར་སེམས་ཀྱིས་བསམ་པར་བྱའོ། །ཡང་ན་རིགས་གཞན་གྱི་རྣལ་འབྱོར་བ་ཡིན་ན་དེའི་ཚེ་དེའི ་རིགས་ཀྱི་ལྷ་སྤྲོས་ཏེ། དེའི་རིགས་ཀྱི་མདོག་དང་ལྡན་པའི་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བ་དེ་བཞིན་དུ་བསམ་པར་བྱ་ཞིང། །གཏི་མུག་ཅེས་བྱ་བ་ནས་རང་ཉིད་གྱུར་ཅེས་བྱ་བའི་བར་དུ་བརྗོད་པར་བྱའོ། །མཐར་བླ ་མ་ཡོལ་བ་ནས་བྱུང་སྟེ། རང་གི་སྟན་ལ་འདུག་པ་དེ་དག་མདུན་ན་ཙོག་ཙོག་པོར་འདུག་པ་ལ། དེ་དག་གི་རིག་མའི་ལག་པ་གཡོན་བསློབ་མའི་ལག་པ་གཡས་པར་བཞག་པ་བཟུང་ནས། རང་གི་ལག་པ་གཡས ་བ་སློབ་མའི་མགོ་བོར་བཞག་ནས། ཐབས་གཞན་གྱིས་ནི་ཞེས་བྱ་བ་ནས་མཆོག་མ་ཡིན་ཞེས་བྱ་བའི་བར་དང། བྱང་ཆུབ་སྦྱོད་གཞན་ཞེས་བྱ་བ་ནས་ཐོབ་མི་འགྱུར་ཞེས་བྱ་བའི་བར་དུ་བརྗོད་དོ། །དེ་ནས་སློབ་དཔོན་དེ་ལྷ་ལས ་བབས་པའི་ཕྱག་རྒྱ་དང་ལྡན་པས་འདི་ཉིད་ཅེས་བྱ་བ་ནས། བདེ་བར་གཤེགས་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །རྗེས་སུ་གནང་བ་ཡང་བྱིན་ནས་ཇི་ལྟ་ཇི་ལྟ་ཞེས་བྱ་བ་ནས། བྱང་ཆུབ་མཆོག་ཏུ་འགྱུར་ཞེས ་བྱ་བའི་བར་དུ་བརྗོད་ལ། དབུགས་དབྱུང་བའི་ཕྱིར། མཐོང་བ་དང་ནི་ཞུགས་པ་ཞེས་བྱ་བ་ལ་སོགས་པ་ནས་འགྱུར་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །གཞན་དག་ནི་ཕྱག་རྒྱ་བྱིན་གྱིས་བརླབ་ཅེས་བྱ་བ་ལ་སོགས ་པ་ཡང་འདིར་བརྗོད་པར་བྱའོ་ཞེས་ཟེར་རོ། །དེ་ནས་སློབ་མ་བླ་མའི་ཞབས་གཉིས་ལ་ཕྱག་བྱས་ཏེ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་བཞིན་དུ་ནི་བགྱིད་པར་འཚལ། །ཞེས་བརྗོད་པར་བྱའོ། ། ་ཕྱག་བཙལ་བ་དང་ལེགས་པར་གནས་སོ། །ཞེས་བཀྲ་ཤིས་པའི་ཚིག་ཀྱང་བརྗོད་པར་བྱའོ། །དེ་ནས་འདི་ལ་གསང་བའི་གནས་སློབ་པར་བྱའོ། །ཧཱུཾ་བཛྲ་ཀྲིཏ་བྷུ་མོ་བྷུ་ཞེས་བྱ་བས་རྡོ་རྗེ་ར་བ་དང་གུར་གྱི་ཕྱི་རོལ་ཏུ་དབང་ཆེན་ལ ་སོགས་པའི་དཀྱིལ་འཁོར་བཞི་ནི་བསྲུང་བ་ཡིན་པར་ལ་ལ་དག་འདོད་དེ། ས་བོན་ལ་སེར་པོ་ལས་སའི་དཀྱིལ་འཁོར་ཟུར་བཞི་པ་མཚམས་སུ་རྡོ་རྗེ་རྩེ་གསུམ་བས་མཚན་པ་དང། ཡཾ་སྔོན་པོ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར ་གཞུ་ལྟ་བུ་བ་དན་གྱིས་མཚན་པ་དང། དེའི་ཕྱི་རིམ་དུ་ཆུའི་དཀྱིལ་འཁོར་བསམ་པར་བྱ་སྟེ། ས་བོན་བཾ་ལས་བྱུང་བ་མདོག་དཀར་པོ་དང། དེའི་ཕྱིར་རིམ་དུ་ས་བོན་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་དམར་པེ་བསམ་མོ། །མཆོག ་ཏུ་བསམ་པ་ནི་ནམ་མཁར་ལ་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་བྷྲཱུཾ་འོད་ཟེར་སེར་བོ་དང་ལྡན་པ་བསམས། བྷྲུཾ་ལས་བྱུང་བའི་འཁོར་ལོ་མདོག་སེར་པོ་རྩིབས་བཅུ་པ་བསམས་ལ། དེའི་དབུས་སུ་དཔལ་རྡོ་རྗེ་ཧཱུཾ་མཛད་བསམས་ཏེ ་དེས་ལྷ་ཆེན་པོ་དང་ཨུ་མ་མནན་པར་བསམ་མོ། །དེ་ཡང་གཡས་ན་རྡོ་རྗེ་རལ་གྲི་སྟེ། གཡོན་ན་ཞགས་པ་ལྕགས་ཀྱུ་བསྣམས། །སྒེག་པ་ཁྲོ་བོའི་གཟུགས་འཆང་ཞིང། །ཁམས་གསུམ་དག་ནི་འདུལ་བར་བརྩོན། །གཤིན་རྗེ ་གཤེད་སོགས་ཁྲོ་བོ་རྣམས། །མཁས་པས་ཕྱོགས་ཀྱི་རྩིབས་ལ་བསམ། །འདོད་རྒྱལ་དབྱུག་སྔོན་སྟོབས་མི་གཡོ། །ཤར་ལྷོ་མཚམས་སོགས་རྩིབས་ལ་བསམ། །གཙུག་ཏོར་འཁོར་ལོ་སྒྱུར་བ་སྟེ། །གནོད་མཛེས ་འོག་སྟེ་རིམ་བཞིན་བསམ། །ཞེས་བཤད་པ་ཡིན་ནོ། །དེ་ལ་ཁྲོ་བོ་བཅུའི་ས་བོན་ནི་ཡི་གེ་ཧཱུཾ་སྟེ་གཞན་གཙུག་ཏོར་འཁོར་ལོས་སྒྱུར་པའི་ས་བོན་ནི་ཡི་གེ་བྲུཾ་ངོ། །གཞན་དག་ནི་པྲཾ་དང་ཧཾ་དག་གཞན ་གྱིས་མི་ཐུབ་པ་དང། སྟོབས་པོ་ཆེའི་ས་བོན་ཡིན་པར་འདོད་དོ། །འདོད་པའི་རྒྱལ་པོ་གནོད་མཛེས་དང། །མི་གཡོ་གཙུག་ཏོར་འཁོར་ལོས་སྒྱུར། །འཁོར་ལོའི་གཙོ་བོ་དང་བཅས་པ། །ག་ཚོམས་མེད་པ་རིན་ཆེན་ཅོད། ། ་གཞན་དག་དེ་ལས་ཟློག་པའོ། །ཀུན་ཀྱང་ཉི་མའི་དཀྱིལ་འཁོར་ལ། །གཡོན་བརྐྱང་ནས་བཞུགས་པ། །ཉི་མའི་འོད་དང་ལྡན་པ། །རང་སྣང་རིག་པའི་བདེ་མྱང་དང། །ལྡན་པ་འཁྱུད་པ་ཡི་ནི་ལུས། །ཁྲོ་བོ་ཆེན་པོ་པདྨ་མཐར ་བྱེད་ཀྱི་ཞལ་དང་པོ་དང། སྐུ་མདོག་དམར་པོ་ཞལ་གཡས་ནག་པོ་གཡོན་དཀར་པོའོ། །གཙུག་ཏོར་འཁོར་ལོས་སྒྱུར་བའི་ཞལ་དང་པོ་དང་སྐུ་མདོག་སེར་པོ་ཞལ་གཡས་སྔོན་པོ་གཡོན་དཀར་པོའོ། །ཤེས་རབ་མཐར་བྱེད་ཀྱི ་ཞལ་དང་པོ་དང། སྐུ་མདོག་དཀར་པོ་ལ་ཞལ་གཡས་སྔོན་པོ་གཡོན་དམར་པོའོ། །གང་གཞན་སྐུ་མདོག་སྔོན་པོར་བཞུགས་པ་དེ་དག་གི་ཞལ་གཡས་དཀར་པོ་གཡོན་དམར་པོ་སྟེ། ཞལ་དང་པོ་སྐུའི་མདོག་དང་མཐུན་ནོ། ། ་ཐམས་ཅད་ཀྱི་ཅོད་པན་ལ་ནི་མི་བསྐྱོད་པ་བཞུགས་པར། །གཤིན་རྗེ་གཤེད་ཀྱི་ཅོད་པན་ལ་རྣམ་པར་སྣང་མཛད་པདྨ་མཐར་བྱེད་ཀྱི་ཅོད་པན་ལ་འོད་དཔག་ཏུ་མེད་པ་བཞུགས་པའོ། །ཐམས་ཅད་ཀྱི་ཡང་ཕྱག་གཡས་ན་རལ་གྲི ་ཕྱག་གཡོན་གཉིས་ན་རིན་པོ་ཆེ་དང་པདྨ། པདྨ་མཐར་བྱེད་ཀྱི་ཕྱག་གཡས་གཉིས་ན་པདྨ་དང་རལ་གྲི་གཡོན་གཉིས་ན་འཁོར་ལོ་དང་རིན་པོ་ཆེ་བསྣམས་པའོ། །རྩིབས་བཅུ་ལ་གནས་པའི་ཁྲོ་བོ་བཅུ་པོ་རྣམས་ཀྱི་ཕྱག་གཡས ་ཀྱི་དང་པོ་ནི་རྩ་བའི་ཕྱག་མཚན་ཐོ་བ་དང། ལྕགས་ཀྱུ་དང། དབྱུག་པ་དང། དབྱུག་པ་སྔོན་པོ་དང། པདྨ་དང། རྩེ་གསུམ་པ་དང། རྡོ་རྗེ་དང་རལ་གྲི་དང། འཁོར་ལོ་སེར་པོ་དང་རྡོ་རྗེ་བསྣམས་པའོ། །ཁྲོ་བོ་མི་གཡོ ་བའི་ཁྱད་པར་བཤད་པར་བྱ་སྟེ། ཕྱག་གཡས་ན་རྡོ་རྗེ་དང་རལ་གྲི་འཛིན་པ། གཡོན་ན་འཁོར་ལོ་དང་ཞགས་པ་བསྣམས་པ། སྤྱན་ཡོ་བ་བྱིས་པའི་རྒྱན་གྱིས་བརྒྱན་པ་བསམ་པར་བྱའོ། །སྤྱན་ཡོ་རྡོ་རྗེ་འཛིན་པ་ནི། །མི ་གཡོ་བྱིས་པའི་རྒྱན་གྱིས་བརྒྱན། །ཞེས་བྱ་བ་ཡིན་ནོ། །འདིའི་མཚོན་ཆ་གཙོ་བོ་ནི་རྡོ་རྗེར་ཁ་གཅིག་འདོད་དོ། །མི་གཡོ་བའི་མཚོན་ཆའི་གཙོ་བོ་ནི་རལ་གྲི་ཡིན་པར་ཁ་ཅིག་འདོད་དོ། །འོག་གི་ཆའི་འཁོར་ལོའི་རྩིབས ་ལ་གནོད་མཛེས་རྒྱལ་པོ་ཕྱག་གཡས་ན་རྡོ་རྗེ་ནག་པོ་བསྣམས་པའོ། །སྟེང་གི་རྩིབས་ལ་བཞུགས་པའི་གཙུག་ཏོར་འཁོར་ལོས་བསྒྱུར་བའི་ཕྱག་གཡས་ན་འཁོར་ལོ་རྩིབས་བརྒྱད་པ་བསྣམས་པ་འོད་ཀྱི་འཁོར་ལོ་ཅན ་བསམ་པར་བྱའོ། །ཁྲོ་བོ་འཇིགས་ཕྱག་ལྡན་པས་ཁྱབ། །འབར་བའི་ཕྲེང་བས་འཁྲུག་པའི་འོད། །མི་འགྱུར་ལྟ་བུའི་ཤུགས་ཀྱིས་ནི། །གཡས་ཕྱོགས་བསྐོར་བས་འཁོར་བར་འགྱུར། །ཕྱོགས་བཅུར་གནས་པའི་ཁྲོ་བོ ་ནི། །སྟོབས་ཚན་ཕ་རོལ་གནོན་པ་སྟེ། །དེ་རྣམས་གཡོ་བ་མེད་པར་ནི། །ཤེས་རབ་ཐབས་ཀྱི་བདེ་བའི་བདག་།བསྲུང་ཕྱིར་རྣལ་འབྱོར་པས་བཏབས་བསམ། །ཐེག་པ་དམན་པར་ལྷུང་རྣམས་ལ། །བསྲུང་བའི་དོན་དུ ་འཁོར་ལོ་འདི། །ལྟ་ནར་ཁོང་སྟོང་གནས་པ་ཡང། །རྡོ་རྗེ་ཧཱུཾ་མཛད་སྙིང་དབུས་སུ། །ཆོས་ཀྱི་འབྱུང་གནས་ཕྱག་རྒྱ་དེར། །གཞལ་ཡས་ཁང་སོགས་བསྒོམ་པར་བྱ། །འཁོར་ལོ་སེར་པོ་རྩིབས་བཅུ་ལ། །དེ་ཡི ་དབུས་སུ་བསྒོམ་པར་བྱ། །ཞེས་ལེའུ་བཅོ་བརྒྱད་པ་ལས་བརྗོད་པའི་དབུས་ཀྱི་སྒྲའི་དགོས་པ་ནི་འདིས་བཤད་པར་འགྱུར་རོ། །དེ་བཞིན་གང་ཚེ་དེས་འཁོར་ལོ། །དབུས་སུ་གཙུག་ཏོར་གྱིས ་བརྒྱན་ན། །སྟེང་གི་རྩིབས་ལ་ཧཱུཾ་མཛད་དེ། །གཡོན་དུ་འཁོར་བར་བསམ་པར་བྱ། །མཆོད་པ་ལ་སོགས་སྔོན་བྱས་ནས། །མཚན་མོ་དག་ནི་ལན་གསུམ་ཞིག་།གསང་སྔགས་བརྗོད་དེ་མཆོད་བྱས་ན། །ཕྱིར་ཟློག ་ཞེས་བྱར་གྱུར་པ་ཡིན། །ོཾ་ཨཱ(རྒྱུད་འགྲེལ་པ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། བིདྷཝན་ས་ཡཱ། བིདྷཝན་ས་ཡཱ། ཤ་ཏ་སཱ་ཧ་སྲ་དྷ་བི་ཙུར་ཎ་ཡ། བི་ཙུར་ཎ་ཡ། ཨུ་ཥྞཱི་ཥ་བཛྲ་ཙ་ཀྲ་བརྟི། བྷཱུཾ་བྷུཾ་བྷྲུཾ། ཧཱུཾ་ཧཱུཾ་ཧཱུཾ། ཞེས་ཉིན་མོ་དང་མཚན་མོ་ལན་གསུམ་བརྗོད་ནས་རྣལ ་འབྱོར་པ་འམ་འགའ་ཞིག་གནོད་པ་བྱ་བར་རྩོམ་པ་དེ་ཉིད་ལ་དེ་ཐམས་ཅད་དབབ་པར་འགྱུར་རོ། །ཕྱིར་ཟློག་པའོ། །གྲོག་ལ་སོགས་པ་ལ་འཁོར་ལོ་གཉིས་བྲིས་ཏེ། ཞེས་བྱ་བ་ལ་སོགས་པའི་དོན་ནི་འདི་ཡིན་ཏེ། རྣམ ་པར་སྣང་མཛད་ཀྱི་སྦྱོར་བ་ཇི་ལྟ་བ་དང་ལྡན་པས་གྲོ་ག་འམ་དང་དར་ལ་སོགས་པ་ལ་སྐྱེས་པ་བསྲུང་བའི་ཕྱིར་གུར་གུམ། །བུད་མེད་ཀྱི་ཕྱིར་ནི་གཱི་ཝང་གིས་དཀྱིལ་འཁོར་ཟུར་བཞི་པ། སྒོ་བཞི་པ། རྟ་བབས་བཞི་དང་ལྡན་པ ་བྲིས་ལ་དེའི་ནང་དུ་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པའི་ལྟེ་བ་ལ་འཁོར་ལོ་རྩིབས་བརྒྱད་པ་དེའི་ལྟེ་བ་ལ་གྲུ་གསུམ། སྟེང་དུ་ཟླ་བ་ཕྱེད་པ་ལ་ཐིག་ལེས་བརྒྱན་པ་ལ་ནས་དྲུག་པར་འགྱུར་བའི་ས་བོན་ན་ནི་ཧ་ཞེས་བྱ་བའི་དོན ་ཏེ། དེའི་ནང་དུ་ཨོཾ་ཨཱ(རྒྱུད་འགྲེལ་རྩིབས་ལ་ནི་སྤྱན་ལ་སོགས་པ་ཕྱུང་བའི་སྔགས་བྲིའོ། །འཁོར་ལོའི་མུ་ཁྱུད་ལ་ནི་ཨོཾ་ཨཱ(རྒྱུད་འགྲེལ་བསྟན་ལ་གཡས་ཕྱོགས་སུ་བསྐོར་ནས་འཁོར་བར་བྲིའོ། །ཤར་ལ་སོགས་པའི་སྒོ་བཞིར་ནི། །གཤིན་རྗེ་གཤེད་ལ་སོགས་པ་ཕྱུང་བའི་སྔགས་བྲིའོ། །གཟུགས་རྡོ་རྗེ་ལ་སོགས་པ་ལྷ་མོ་དྲུག་གི་གནས་སུ་ནི་ཨོཾ་ཨཱ(རྒྱུད་འགྲེལ་ཡི་གེ་གསུམ་འམ། རང་རང་གི་ས་བོན་དང་བཅས་པ་སྟེ། ཨོཾ་ཛ(རྒྱུད་འགྲེལ་སོགས་པས་བྱུགས་ལ། རབ་ཏུ་གནས་པར་བྱས་ནས་དཔུང་པ་འམ་མགུལ་དུ་གདགས་པར་བྱའོ། །དེ་ནས་ཏིང་ངེ་འཛིན་གསུམ་དང་ལྡན་པའི་སློབ་དཔོན་གྱིས་རང་གི་འདོད་པའི་ལྷའི་ཐུགས་ཀར་བཤད་མ་ཐག་པའི་གཞལ་ཡས ་ཁང་གི་ནང་དུ་ཆུད་པའི་འཁོར་ལོ་དེར་གནས་ཇི་ལྟ་བར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་པའི་ལྷ་བཅུ་དགུའི་ངོ་བོ་ཉིད་ཀྱིས་སྔགས་དང་ལྡན་པ་དང། མུ་ཁྱུད་ལ་བཀོད་པའི་ཡི་གེ་རེ་རེའི་འོད་ལས་བྱུང་བའི ་འཕགས་པ་བདུད་རྩི་ཐབ་སྦྱོར་གྱི་ཚོགས་རྣམས་ཀྱིས་རྣམ་པར་འཚེ་བ་ཐམས་ཅད་རྣམ་པར་འཇིག་ཅིང། དེའི་ལྟེ་བ་ལ་རང་གི་མིང་གི་ཡི་གེ་དང་པོ་ལས་བསྒྲུབ་པར་བྱ་བ་བསམས་ནས་དེའི་ཤེས་པ་བཀུག་སྟེ། གཅིག་ཏུ་བྱས ་ནས་ཡི་གེ་ཧཾ་གི་ཚོགས་གོ་བསྐོན་པའི་ལུས་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འབྱིན་པའི་སྔགས་ཀྱི་ཕྲེང་བ་ལས་བདུད་རྩིའི་རྒྱན་འཇིག་པས་ལུས་ཁྱབ་པར་བསམས་ལ། །འོད་ཀྱི་སྒོ་བས ་བྱུང་བའི་ལྷ་སྐུ་མདོག་དཀར་པོ་དང་ལྡན་པའི་ལྷའི་ཚོགས་བུམ་པ་དཀར་པོ་ལས་བདུད་རྩིས་དབང་བསྐུར་རོ། །ཡང་ན་ཡང་དག་པར་སྦྱོར་བ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱིས་སམ། །ཡང་ན་ཞུ་པར་གྱུར་ནས་བདག ་ཉིད་ལ་ཞུགས་པའི་དབང་བསྐུར་བས་དབང་བསྐུར་བ་དང། ཉེས་པ་ཐམས་ཅད་དང་བྲལ་བར་བསམས་ལ་ཡང་དང་ཡང་དུ་གསང་སྔགས་བཟླས་བརྗོད་བྱས་ནས་བླ་ན་ཡོད་པ་དང་བཅས་པའི་མཆོད་པ་བྱས་ལ། ལྷའི་མཆོད་པའི ་གནས་སུ་ཁ་སྦྱར་ལ་བཞག་པའམ། མགུལ་ལ་སོགས་པར་གདགས་པར་བྱ་སྟེ། །དེ་དེ་ནས་ཞི་བར་འགྱུར་བ་ནི་ཞི་བའི་ལས་ཡིན་ལ་ལས་ཐམས་ཅད་ནི་འདི་ནང་དུ་འདུས་པ་ཡིན་ཏེ། མངོན་པར་འདོད་པ་མ་ཡིན་པའི་ཉེས ་པ་ཐམས་ཅད་ཞི་བར་བྱེད་པའི་ཕྱིར་ཞི་བའི་བསྲུང་བའོ། །རིག་པའི་དོན་དུ་ནི་ཕྱིར་ཟློག་པའི་འཁོར་ལོའོ། །གང་ཞིག་དཀོན་མཆོག་གསུམ་གནོད་བྱེད། །མི་གང་སློབ་དཔོན་ལ་འཁུ་དང། །ཕ་དང་མ་ནི་གསོད་བྱེད་དང། ། ་དེ་བཞིན་གཞན་ཡང་རྟག་གསོང་པ། །དེ་ལ་རྣམ་དབང་མགོན་པོས་ནི། །བརྩེ་བས་གཞན་དབང་འགྱུར་སེམས་ཀྱིས། །སྦྱིན་དང་བརྗོད་པས་ལས་དེ་ལས། །བཟློག་པར་བྱ་ཞིང་གསོལ་བ་གདབ། །གལ་ཏེ་རྨོངས་པ ་མི་ལྡོག་ན། །དེ་ཆེ་ལས་འདི་བརྩམ་པར་བྱ། །ཁ་སྦྱོར་དབྱེ་བ་བཤད་པར་བྱ་སྟེ། །ཐུན་མཚམས་དང་པོའི་མཐར་རང་གི་ལྷའི་སྦྱོར་བ་རང་གི་ཕྱག་རྒྱ་ལེགས་པར་བསླབས་པ་དང་ལྷན་ཅིག་སྐད་ཅིག་གིས་བྱས་ལ་ཡེ་ཤེས ་སེམས་དཔའ་ཨི་ཐུགས་ཀའི་ས་བོན་ལས་སངས་རྒྱས་ཐམས་ཅད་ཀྱི་ཚོགས་སྤྲོས་ལ་འོད་ཟེར་དེ་ཉིད་ལས་བསྒྲུབ་བྱ་སྤྲོས་ཏེ། རང་གི་མདུན་དུ་ཡང་སྤྲོས་པའི་སངས་རྒྱས་ཀྱི་སྐུ་དང། ཕྱོགས་བཅུར་གནས་པའི་སེམས་ཅན་ཐམས ་ཅད་ཀྱི་ཚོགས་བསྒྲུབ་པར་བྱ་བ་དེས་མཚོན་ཆ་སྣ་ཚོགས་ཀྱིས་དུམ་བུ་བརྒྱར་བྱས་ཤིང་ཕྱེ་མར་བྱས་པ་དང་ཁྲོས་པའི་སེམས་དང་དག་རྩུབ་པོས་ཀྱང་གནོད་པ་བྱས་པར་བསམས་ལ་སེམས་ཅན་གདུག་པ་དེ་ང་ནི་སངས་རྒྱས་གསོད ་པའོ་ཞེས་འགྱོད་པ་སྐྱེས་ཤིང་དམྱལ་བའི་འཇིགས་པས་སྐྲག་ཅིང་སྐྱབས་མེད་པར་བལྟས་ནས་དེ་གདོན་པར་བྱ་བའི་དོན་དུ་སྙིང་རྗེ་ཆེན་པོས་ཁྲོ་བ་བསྐྱེད་ལ། དེ་ལས་གང་བྱས་པ་རང་གི་བདག་པོ་ལ་གདངས་བར་གསོལ་ལོ། །དེ་ནས ་བདག་པོ་དེ་དཀྱིལ་འཁོར་དང་བཅས་པར་སྔོན་པོར་གྱུར་པ་ལ། མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བར་བྱས་ནས་ལས་ཡང་དག་པར་བརྩམ་པར་བྱ་སྟེ། རང་གི་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀའི་མཚན་མ་ལ་གནས་པའི་སྙིང ་པོའི་འོད་ཟེར་གྱིས་གཙོ་བོ་དྲངས་ལ། རྡོ་རྗེའི་ལམ་ན་ས་ཞུ་བར་གྱུར་པས་ཆུ་སྐྱེས་སུ་གནོད་མཛེས་ལྟ་བུར་བྱུང་བར་བསམ་མོ། །ལ་ལ་དག་ནི་འདིའི་ཕྱག་ན་ལྕགས་ཀྱུ་དང། རལ་གྲི་དང་རིན་པོ་ཆེ་དང། ཞགས་པ་བསྣམས ་པའོ། །ཞེས་ཟེར་རོ། །གཞན་དག་ནི་གནོད་མཛེས་ཞེས་བྱ་བའི་སྒྲ་རྡོ་རྗེ་ཧཱུཾ་མཛད་ལ་བྱའོ་ཞེས་ཟེར་རོ། །དེས་སྒྲུབ་པར་བྱ་བའི་བསྲུང་བ་ཕྲོགས་པར་བློ་དང་ལྡན་པས་བསམ་པར་བྱའོ། །སྟེང་དང་འོག་གི་ཆར་ཡང་ཧཱུཾ་དང་བཾ་ལས་བྱུང ་བའི་ཁ་སྦྱོར་རི་མོ་པ་བཞིན་དུ་མགོ་དང་རྐང་པ་ལ་གནས་པའི་ཕྱིའི་བསྲུང་བའི་ཁ་སྦྱོར་དང་མགོར་གནས་པའི་དབྱངས་ཀྱི་ཡི་གེ་ཐ་མ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་བྱིན་གྱིས་བརླབས་པ་དྲངས་ཏེ། གནོད་མཛེས་ཉིད་ཀྱིས་སྒྲུབ་པ ་པོའི་གཡོན་ཕྱོགས་སུ་བཞག་ལ། དེ་ནས་ཡང་བསྒྲུབ་པར་བྱ་བའི་རྡོ་རྗེའི་ལམ་ནས་དེ་བཅུག་ནས། སྙིང་གར་གནས་པའི་མི་བསྐྱོད་པའི་ཡེ་ཤེས་སེམས་དཔའ་ཨི་མདུན་ཕྱོགས་ན་གནས་པའི་དཔལ་ལྡན ་གནོད་མཛེས་ཀྱིས་ཡེ་ཤེས་སེམས་དཔའ་ལ་རིགས་པ་མང་པོས་གསོལ་བ་གདབ་སྟེ། གང་ཞིག་ལས་ནི་འདི་ལྟ་བུ། །གནས་བྱུར་རྣམ་པ་ཐམས་ཅད་དུ། །ཕྱིར་ལེགས་འགྱུར་ཕྱིར་སྤང་དུ་གསོལ། །འདི་ནི་མདད་པར་སྨྲ ་བ། །སློབ་དཔོན་ལ་སྨོད་པ། །སངས་རྒྱས་མང་པོ་གསོད་པར་བྱེད་པ་ལགས་ཀྱིས། འདི་ལ་བྱིན་གྱིས་རློབ་པ་དང། བསྲུང་བ་སྤང་དུ་གསོལ། དེ་ལྟ་མ་ཡིན་ན་ཁྱེད་རྣམས་ནི་རྫུན་དུ་སྨྲ་བ་དང། རང་གིས་གསུངས་པའི ་དམ་ཚིག་ལས་འདས་པ་ཡིན་ནོ། །དེ་ནས་ངེད་ཀྱིས་ནི་འདིའི་ལུས་བཏང་གིས་ཇི་ལྟར་འདོད་པ་བཞིན་དུ་གྱིས་ཤིག་ཅེས་གསུང་ཞིང་ཞལ་གྱིས་བཞེས་ཏེ། ཡེ་ཤེས་སེམས་དཔའ་དགྱེས་ནས་ནི། བསྒྲུབ་པར་བྱ་བའི་ལུས ་ལས་གཤེགས། །གནོད་མཛེས་སྐད་ཅིག་དེ་ཉིད་ལ། །ཁ་སྦྱར་འབྱེད་ཅིང་གསོད་པར་བྱེད། །ཇི་ལྟ་བུའི་ཁ་སྦྱར་བཀུག་ནས་ཁྱེར་ཏེ་འོངས་པ་དེ་ལྟ་བུ་བཤད་པར་བྱ་སྟེ། རྡོ་རྗེའི་ཁ་སྦྱར་དང། རལ་གྲི་ཁ་སྦྱར་དང། པདྨའི ་ཁ་སྦྱར་དང། ནོར་བུའི་ཁ་སྦྱར་དང། འཁོར་ལོའི་ཁ་སྦྱར་རིམ་པ་ཇི་ལྟ་བ་བཞིན་དུ་སྟེང་འོག་གི་ཆར་ཁ་སྦྱར་གྱི་དབུས་སུ་གནས་པའི་ཡེ་ཤེས་སེམས་དཔའ་དང་ལྷན་ཅིག་བཀུག་ལ་གཡོན་ཕྱོགས་སུ་བཏད་ནས། དེ་ཉིད་དུ་རང་གི ་གྱུ?་མོའི་པདྨ་ལ་བསྲུང་བ་དང། འཁྲུལ་འཁོར་དང། སྔགས་དང། ཡམས་དང། འཚེ་བ་ལ་སོགས་པ་བྱེད་པ་ཞུ་བར་གྱུར་ནས། རྡོ་རྗེའི་ལམ་ནས་བགེགས་མཐར་བྱེད་ཀྱི་ཕུར་བུའི་གཟུགས་ཀྱིས་གཙོ་བོའི་ས་བོན་བྱིས?་དྲངས ་ལ་ལག་པ་གཡོན་པས་མགུལ་ནས་བཟུང་བའི་ཕུར་བུ་བདུད་རྩི་འཁྱིལ་པ་ཕུར་བུ་འདེབས་བྱེད་ཀྱི་ལག་པ་གཡས་ན་གནས་པའི་རྡོ་རྗེ་ཐོ་བས་བརྡུངས་ནས་དེའི་སྔགས་གསལ་བོར་བརྗོད་ཅིང་ཐམས་ཅད་ལ་ཕུར་བུས་གདབ་པར་བྱའོ། །དེའི ་སྔགས་ནི་ཨོཾ་གྷ་གྷ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེ་ནས་ལུས་ལ་ཏིལ་མར་གྱིས་བསྐུས་པ། གོས་མེད་པ། བསྐྱབ་མེད་པ། འཇིགས་པས་ཉེན་པ། སྐྲ་གྲོལ་བ། ནུས་པ་དང་བྲལ་བ། མེའི་དཀྱིལ་འཁོར་གྱི་མདུན་ན་གནས ་བ། སྲུང་བ་ཐམས་ཅད་སྤངས་པར་བསམས་ལ། །ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀའི་སྙིང་པོའི་འོད་ཀྱིས་སངས་རྒྱས་སྤྲིན་གྱི་ཚོགས་བཀུག་ལ་རང་གི་ལུས་ལ་གཞུག་པར་བྱའོ། །དེ་ནས་དེ་ཞི་བའི་ཚུལ་ལས་ཁྲོ་བོའི་ཉམས་དང། ཆ ་ལུགས་སུ་བསྒྱུར་ཏེ། ཤིན་ཏུ་ཚ་བའི་ཏིལ་མར་གྱི་ནང་དུ་ཆུ་བསིལ་བཞུགས་པ་བཞིན་དུ་ཡོངས་སུ་གྱུར་ཅིང། ཤིན་ཏུ་འབར་བ་ཁྲོ་བས་འཁྲུགས་པར་རྣམ་པར་འགྱུར་ཞིང། གཅིགས་པ་འཇིགས་སུ་རུང་བ། རྡོ་རྗེ་ལ་སོགས་པའི་མཚོན ་ཆ་སྣ་ཚོགས་ས་པ་བསྣམས་པ་སྤྲོས་ཏེ། དེ་རྣམས་ཀྱིས་གཏུབས་པ་དང། ཅེ་སྦྱང་ལ་སོགས་པས་ཟོས་པ་དང། ནད་ཀྱིས་གདུངས་ཤིང་ཕྱེ་མར་བྱས་ནས་བསང་བར་བསམས་ལ། །འཁྲུལ་འཁོར་དང་སྔགས་ལ་སོགས་པས་བྱའོ། ། ་དེ་ལྟར་བསྒྲུབ་པར་བྱ་བ་བསད་ནས། བསམ་གཏན་དང་སྔགས་ལ་སོགས་པའི་ལས་ཀྱིས་ཞུ་བའི་དངོས་པོར་གྱུར་པ་དང། ལྷ་མོ་ཐམས་ཅད་ཀྱིས་ཡོངས་སུ་བསྐུལ་ལ། དེའི་ཚེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཧཱུཾ་གིས་མཚན་པས། མི ་བསྐྱོད་རྡོ་རྗེ་འམ། གཞན་དག་ཏུ་སྔགས་པས་བྱའོ། །དེ་ནས་ཨོཾ་ཨཱ(རྒྱུད་འགྲེལ་མ་རྣམས་ཀྱིས་ཡེ་ཤེས་རྡོ་རྗེ་ཅན་ལ་དབང་བསྐུར་ཞིང་རིག་པ་དེ་དག་དེ་ཉིད་དུ་ཞུགས་པར་བསམས་པར་བྱའོ། །དེ་ནས་ཡེ་ཤེས་རྡོ་རྗེ་ཅན་དེ་ཉིད་ཀྱི་སྙིང་གར་བཞག་སྟེ། ཡང་དེ་བཞིན་དུ་དབང ་བསྐུར་ལ། དེ་ཞུ་བར་གྱུར་ནས་ཞུགས་པ་དང། དེ་མི་བསྐྱོད་པའི་བདག་ཉིད་དུ་བྱ་སྟེ། མཆོད་ཅིང་བསྟོད་པ་དང་བདུད་རྩི་མྱང་བ་ལ་སོགས་པ་བྱའོ། །ཡང་དག་གསུངས་པས་ཇི་སྐད་དུ། །བཤད་པའི་ཆོ་ག་འདི ་ཡིས་ནི། །མི་བསྐྱོད་རྡོ་རྗེ་སངས་རྒྱས་ཀྱི། །ཞིང་དུ་སྡིག་ཅན་ཁྲིད་འགྱུར་ཏེ། །རྨོངས་པ་འདི་ཡིས་འཆི་བ་ནི། །ཕྱིན་ཅི་ལོག་ཏུ་བཏགས་པར་ཟད། །ཆགས་དང་ཞེ་སྡང་གཏི་མུག་གིས། །གང་གིས་ལོག་པར་བཟུང ་གྱུར་ནས། །འགྲོ་བ་རྣམས་ནི་བསད་བྱས་ན། །འོག་ཏུ་བལྟས་ཏེ་མནར་མེད་སྐྱེ། །གལ་ཏེ་སེམས་ཅན་གདུག་པའི་འདོད་པའི་ལྷ་ཤེས་ན་དེའི་ཚེ་དེ་ལྟ་བུའི་སེམས་དཔའ་ཨི་ཧཱུཾ་ལ་སོགས་པ་ལས་བྱུང་བ་རྡོ་རྗེ་ལ ་སོགས་པའི་ཁ་སྦྱོར་གྱི་ནང་ན་གནས་པའི་རིམ་གྱིས་རང་གིས་རིགས་དང་རྗེས་སུ་མཐུན་པའི་མཚན་མའི་ཁ་སྦྱར་ཕྱི་རོལ་ན་གནས་པ་མཆོག་ཏུ་ཁ་སྦྱར་བྱས་པར་འགྱུར་རོ། །གལ་ཏེ་དེའི་ལྷག་པའི་ལྷ་མ་ཤེས་ན་དེའི་ཚེ ་མི་བསྐྱོད་པའི་གཟུགས་སུ་བལྟ་བར་བྱའོ། །གཞུང་གཞན་དག་ནི་རང་གི་མཚན་མ་གཅིག་གི་ནང་དུ་ཆུད་པའི་ཡེ་ཤེས་སེམས་དཔའ་ཨོ་ཞེས་འདོད་དོ། །བསྒྲུབ་པར་བྱ་བ་ལ་ལས་འདི་བྱས་ནས་དགེ་བའི་བཤེས་གཉེན་མཉེས ་པར་བྱས་ནས་སྡིག་པ་སྦྱང་བའི་ཐབས་ཉམས་སུ་མ་བླངས་ན་འཆི་བའི་འོག་ཏུ་ངན་འགྲོར་བསྐྱེས་བར་འགྱུར་ཏེ། གང་ཞིག་མངོན་པར་ཤེས་པ་ཐོབ་ཅིང། ཤིན་ཏུ་ཤེས་པ་དག་གིས་མངོན་སྤྱོད་ཀྱི་ལས་བྱ་བར་བཅོམ་ལྡན་འདས་ཀྱིས ་རྗེས་སུ་གནང་བ་ཡིན་ནོ། །དེ་ཡང་གང་གིས་ཐོག་མཐར་དབུས་དག་ཏུ། །སྙིང་རྗེ་ཉམས་པར་མ་གྱུར་ཅིང། །གང་གིས་སྙིང་རྗེས་སྔོན་བྱས་པ། །དེ་ཡིས་བྱ་ཡི་གཞན་གྱིས་མིན། །དེ་ལ་དང་པོ་ཁོ་ནར་སྔགས་པས་བཟའ་ ་བ་དང། བཅའ་བ་དང་བཞིབ་པ་དང། ལྡག་པ་ལ་སོགས་པ་རྣམ་པ་མང་པོ་སྣ་ཚོགས་པ་དང་ལྡན་པ་དང། དྲི་དང་ཕྲེང་བ་དང། བྱུག་པ་དང་ཕྱེ་མ་དང། གོས་དང། གདུགས་དང། རྒྱལ་མཚན་དང། བ་དན་དང། དྲིལ ་བུ་ལ་སོགས་པ་ཡོངས་སུ་རྫོགས་པ་དང། རོལ་མོའི་སྒྲ་ཆེན་པོ་རྣམ་པ་ལྔ་བཞག་ལ། གཏོར་མ་མདུན་དུ་བཞག་པ་ནི་ཤིང་རྟ་འམ་ཙེལ་པོ་འམ་ཁུར་བུ་བཞག་པ་འམ་ཐ་ན་སྙིམ་པ་གསུམ་ཡན་ཆད་ཅི་འབྱོར་བ་འམ། ་མ་འབྱོར་ན་ཐམས་ཅད་ཡིད་ཀྱིས་བསྐྱེད་ལ། གཏོར་མ་བལྟས་ཏེ། སྐད་ཅིག་མས་རང་གི་འདོད་པའི་ལྷ་སྐུ་མདོག་ནག་པོ་དང་ལྡན་པས་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀའི་སྙིང་པོའི་འོད་ཟེར་གྱིས་འཇིག་རྟེན་སྐྱོང་བ་ཐམས་ཅད ་བཀུག་ལ་རང་རང་གི་གཟུགས་ཀྱིས་རང་རང་གི་ཕྱོགས་སུ་བཞག་སྟེ། རང་གི་སྙིང་གའི་འོད་ཟེར་ལས་བྱུང་བའི་ཕུར་བུ་བཅུའི་སྟེང་དུ་རང་གི་ཕྱོགས་ཀྱི་ཁྲོ་བོ་དབྱིབས་སུ་གནས་པ་ལ་ལྟེ་བ་མན་ཆད་རྡོ་རྗེ་རྩེ་གཅིག་པ་ལྟ་བུ་ཤེས ་རབ་དམ་པ་ལ་འཁྱུད་པ། བསྲུང་བའི་འཁོར་ལོར་བཤད་པའི་མཚོན་བྱ་ལ་སོགས་པ་དང་ལྡན་པ་སྤྲོ་བར་བྱའོ། །སྤྲོས་ནས་རང་གི་ལྷག་པའི་ལྷ་མཆོག་ཁྲོས་ནས་གཡས་ན་རྡོ་རྗེ་ཐོ་བ་བསྣམས་པ། གཡོན་པས་ཕུར་བུའི ་མགུལ་ནས་བཟུང་སྟེ། སྤྱི་བོ་ནས་བརྡུངས་ཤིང་སྤྱི་བོ་ནས་རྐང་པའི་མཐར་ཐུག་གི་བར་དུ་ཕྱོགས་སྐྱོང་རྣམས་ལ་ཕུར་བུ་གདབ་པར་བྱའོ། །གསང་སྔགས་འདི་ཡང་བསྒྱིངས་པ་དང་བཅས་པས་གདོན་པར་བྱ་སྟེ། ཨོཾ་ཨཱ(རྒྱུད་འགྲེལ་ཀྲིཏ་སརྦ་དུཥྚ་ནནྡྲི་པཎྜི་ས་པ་རི་བཱ་ར་ཎ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱ(རྒྱུད་འགྲེལ་ཕཊ། ཨོཾ་ཨཱ(རྒྱུད་འགྲེལ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱ(རྒྱུད་འགྲེལ་བ་རཱི་བཱ་རི་ཀཱ་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱ(རྒྱུད་འགྲེལ་ཀྱི་མཚན་མ་ལ་སོགས་པ་བཤད་པར་བྱ་སྟེ། རྡོ་རྗེ་མཚོན་ཆ་ནི་ལུས་དང་གདོང་དང་པོ་སེར་པོ་གཡས་ནག་པོ། གཡོན་དཀར་པོ། ལག་པ་གཡས་གཉིས་ན་རྡོ་རྗེ་དང་རལ་གྲི་ཐོགས་པ། གཡོན་གཉིས་ན་རིན་པོ་ཆེ་དང་པདྨ་ཐོགས་པ། ་ཟླ་བའི་སྟེང་ན་འདུག་པ། རིན་པོ་ཆེའི་ཅོད་པན་གྱི་སྟེང་དུ་མི་བསྐྱོད་པས་མཚན་པ། །མིག་སྟོང་དང་ལྡན་པ་ཤར་དུ་གནས་བར་བསམ་པར་བྱ་སྟེ། དེ་དང་ཧ་ཅི་རིང་བའི་གཡོན་ལོགས་སུ་རྡོ་རྗེ་སྒྱུ་མ་སྔོན་པོ། གདོང་གཡས་དཀར་པོ། ། ་གཡོན་དམར་པོ་ལག་པ་གཡས་པ་གཉིས་ན་འཁོར་ལོ་དང་རལ་གྲི་ཐོགས་པ། གཡོན་གཉིས་ན་དུང་དང་པདྨ་ཐོགས་པ། ཉི་མའི་སྟན་ལ་གནས་པ། ཉི་མའི་འོད་ཡོད་པ། མི་བསྐྱོད་པའི་ཅོད་པན་ནོ། །མེའི་ཕྱོགས་སུ་རྡོ་རྗེ ་མེ་གདོང་དང་བོ་དང་ལུས་མདོག་དམར་པོ། །གདོང་གཡས་སྔོན་པོ། །གཡོན་དཀར་པོ་ལག་པ་གཉིས་ན་བགྲང་ཕྲེང་དང་མི་འཇིགས་པ་སྟེ། ལག་པ་གཡོན་གཉིས་ན་དབྱིག་བ་དང་གུཎྜེ་ཐོགས་པ་མའི་དཀྱིལ་འཁོར ་གྱི་སྟེང་དུ་ཉི་མའི་གདན་ལ་འདུག་པ་ཉི་མའི་འོད་ཅན་མི་བསྐྱོད་པའི་ཅོད་པན་ནོ། །ལྷོ་ཕྱོགས་སུ་རྡོ་རྗེ་ནག་པོ་མདོག་གདོང་གཡས་དཀར་བོ། གཡོན་དམར་པོ། ལག་པ་གཡས་གཉིས་ན་དབྱུག་པ་དང་རལ་གྲི་ཐོགས་པ། གཡོན ་གཉིས་ན་པདྨ་དང་རིན་པོ་ཆེ་ཐོགས་པ། མིག་དམར་བ། ཉི་མའི་སྟན་ལ་འདུག་པ། ཉི་མའི་འོད་ཡོད་པ། མི་བསྐྱོད་པའི་ཅོད་པན་ཅན་ནོ། །བདེན་བྲལ་གྱི་ཕྱོགས་སུ་རྡོ་རྗེ་ག་ཏུན་ཤིང་མདོག་ནག་པོ། གདོང་གཡས་དཀར་པོ། གཡོན ་དམར་པོ། ལག་པ་གཡས་གཉིས་ན་གྲི་གུག་དང་རལ་གྲི་ཐོགས་པ། གཡོན་གཉིས་ན་རིན་པོ་ཆེ་དང་ཁྲག་གི་བཀང་བའི་ཐོད་པ་ཐོགས་པ། སྐྲ་ཁམ་པ་གྱེན་དུ་མཛེས་པ། ཨག་ཚོམས་ཀྱི་ཕྲེང་བས་རྣམ་པར་མཛེས་བ། ཉི ་མའི་སྟན་ལ་གཡོན་བརྐྱང་བས་གནས་པ། མི་བསྐྱོད་པའི་ཅོད་པན་ཅན་ནོ། །ནུབ་ཕྱོགས་སུ་རྡོ་རྗེ་ཀླུ་མདོག་དཀར་པོ། གདོང་གཡས་སྔོན་པོ། གཡོན་དམར་པོ། ལག་པ་གཡས་གཉིས་ན་སྦྲུལ་གྱི་ཞགས་པ་དང། རལ་གྲི་ཐོགས་པ། གཡོན ་གཉིས་ན་རིན་པོ་ཆེ་དང། པདྨ་ཐོགས་པ། ཟླ་བའི་སྟན་དང། པདྨའི་འོད་ཡོད་པ་འོད་དཔག་མེད་ཀྱི་ཅོད་པན་ཅན་ནོ། །རླུང་གི་ཕྱོགས་སུ་རྡོ་རྗེ་རླུང་མདོག་ལྗང་གུ་གདོང་གཡས་སྔོན་པོ། གཡོན་དཀར་པོ། ཕྱག་གཡས་པ་གཉིས་ན་གོས་དང ་རལ་གྲི་ཐོགས་པ། གཡོན་གཉིས་ན་རིན་པོ་ཆེ་དང་པདྨ་ཐོགས་པ། ཟླ་བའི་སྟན་དང་ཟླ་བའི་འོད་ཡོད་པ། དོན་ཡོད་གྲུབ་པའི་ཅོད་པན་ཅན་ནོ། །དེ་དང་ཧ་ཅང་མི་རིང་བའི་གཡོན་ལོགས་སུ་རྡོ་རྗེ་སྣ་མདོག་དཀར་པོ། །གདོད་གཡས་སྔོན ་པོ། གཡོན་དམར་པོ། །ལག་པ་གཡས་གཉིས་ན་ལ་དུ་དང་རལ་གྲི་ཐོགས་པ། །གཡོན་གཉིས་ན་རིན་པོ་ཆེ་དང་ཆང་གིས་བཀང་བའི་ཁམ་ཕར་ཐོགས་པ། ཟླ་བའི་སྟན་ལ་འདུག་པ་ཟླ་བའི་འོད་ཡོད་པ ་མི་བདཀྱོད་པའི་ཅོད་པན་ཅན་ནོ། །བྱང་ཕྱོགས་སུ་རྡོ་རྗེ་འཇིགས་བྱེད་མདོག་སེར་པོ། གདོང་གཡས་ནག་པོ། གཡོན་དཀར་པོ། ལག་པ་གཡས་གཉིས་ན་བ་ཇི་པུ་ར་དང་རལ་གྲི་ཐོགས་པ། གཡོན་གཉིས་ན་པདྨ་དང་ནེ་ལ ་ཐོགས་པ། ཉི་མའི་སྟན་ལ་འདུག་ཅིང་ཉི་མའི་འོད་ཡོད་པ། མི་བསྐྱོད་པའི་ཅོད་པན་ཅན་ནོ། །དབང་ལྡན་གྱི་ཕྱོགས་སུ་རྡོ་རྗེ་ཁྲོ་བོ་མདོག་དཀར་པོ། གདོང་གཡས་སྔོན་པོ། གཡོན་དམར་པོ། །ལག་པ་གཡས་གཉིས་ན་རྩེ་གསུཾ ་དང་རལ་གྲི་ཐོགས་པ། གཡོན་གཉིས་ན་རིན་པོ་ཆེ་དང་པདྨ་བསྣོམས་པ། མིའི་རུས་པའི་བརྒྱན་ཅན་ཟླ་བའི་སྟན་ལ་འདུག་ཅིང་ཟླ་བའི་འོད་དང་རྒྱན་ཡོད་པ་འོད་དཔག་ཏུ་མེད་པའི་ཅོད་བན་ཅན་ནོ། །སྟོང་གི་ཕྱོགས་ཀྱི་ཆ་ལ། ་རྡོ་རྗེ་འོད་མདོག་དཀར་པོ། །གདོང་གཡས་སྔོན་པོ། གཡོན་དམར་པོ། ལག་པ་གཡས་གཉིས་ན་པདྨ་དམར་པོ་དང་རལ་གྲི་ཐོགས་པ། གཡོན་གཉིས་ན་རིན་པོ་ཆེ་དང་འཁོར་ལོ་ཐོགས་པ། ཟླ་བའི་སྟན་ལ་འདུག་ཅིང་ཟླ་བའི ་འོད་ཡོད་པ་མི་བསྐྱོད་པའི་ཅོད་པན་ཅན་ནོ། །དེ་ཉིད་ཀྱི་གཡོན་ལོགས་སུ་རྡོ་རྗེ་འཁྱིལ་པ་མདོག་དམར་པོ་གདོང་གཡས་སྔོན་པོ། གཡོན་དཀར་པོ། ལག་པ་གཡས་གཉིས་ན་པདྨ་དམར་པོ་དང་རལ་གྲི་ཐོགས་པ། གཡོན་གཉིས་ན ་རིན་པོ་ཆེ་དང་འཁོར་ལོ་ཐོགས་པ། ཉི་མའི་སྟན་ལ་འདུག་ཅིང་ཉི་མའི་འོད་ཡོད་པ། རིན་ཆེན་འབྱུང་ལྡན་གྱི་ཅོད་པན་ཅན་ནོ། །འདི་ཉིད་ཀྱི་གཡོན་ལོགས་སུ་རྡོ་རྗེ་མི་སྨྲ་བ་མདོག་སེར་པོ། གདོང་གཡས་ནག་པོ། གཡོན་དཀར་པོ ་ལག་པ་གཡས་གཉིས་ན་པདྨ་སེར་པོ་དང། རལ་གྲི་ཐོགས་པ། གཡོན་གཉིས་ན་རིན་པོ་ཆེ་དང་འཁོར་ལོ་ཐོགས་པ། ཟླ་བའི་གདན་ལ་འདུག་ཅིང་ཟླ་བའི་འོད་ཡོང་པ། རྣམ་པར་སྣང་མཛད་ཀྱི་ཅོད་པན་ཅན་ནོ། །འོག་ཏུ་ཐག ་བཟང་རིས་མདོག་སྔོན་པོ། གདོང་གཡས་དཀར་པོ། གཡོན་དམར་པོ། ལག་པ་གཡས་གཉིས་ན་རྡོ་རྗེ་དང་འཁོར་ལོ་ཐོགས་པ། གཡོན་གཉིས་ན་རིན་པོ་ཆེ་དང་པདྨ་ཐོགས་པ། ཉི་མའི་གདན་ལ་འདུག་ཅིང་ཉི་མའི་ཡོད་ཡོད ་པ་མི་བསྐྱོད་པའི་ཅོད་པན་ཅན་ནོ། །དེའི་གཡོན་ལོགས་སུ་སའི་ལྷ་མོ་མདོག་སེར་བ། གདོད་གཡས་སྔོ་བ། གཡོན་དཀར་བ། ལག་པ་དང་པོ་གཉིས་ཀྱིས་རང་སྣང་བ་ལ་འཁྱུད་པ་ལྟུར་བྱེད་པ། གཡས་གཉིས་ན། པདྨ་སེར་པོ ་རལ་གྲི་ཐོགས་པ། གཡོན་གཉིས་ན་རིན་པོ་ཆེ་དང་འཁོར་ལོ་ཐོགས་པ། ཟླ་བའི་གདན་ལ་འདུག་ཅིང་ཟླ་བའི་འོད་ཡོད་པ། རྣམ་པར་སྣང་མཛད་ཀྱི་ཅོད་པན་ཅན། །འདི་དག་ཐམས་ཅད་ཀྱང་སྣ་ཚོགས་པདྨའི་སྟེང་ན་རྡོ་རྗེ་སྐྱིལ ་ཀྲུང་གིས་བཞུགས་པ། ལག་པ་དང་པོ་གཉིས་ཀྱིས་རང་སུང?་ལ་འཁྱུད་བའི་རིན་པོ་ཆེའི་ཅོད་པན་ཅན་ནོ། །རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དང། ལྷའི་གོས་དང་ཕྲེང་བ་དང། བྱུག་པ་དང་ལྡན་པ། མཚན་དང་དཔེ་བྱ་ཉེ་བར་འབར ་པ། ཕྱག་རྒྱ་བཞིས་རྒྱས་བཏབ་པ་སྟེ། དེ་ལྟ་བུར་གྱུར་པ་བདེ་བར་གཤེགས་པ་དང་འདྲ་བར་བསམས་ལ། འདོད་པའི་ལྷ་སྐུ་མདོག་སྔོན་པོ་ཡོངས་སུ་གྱུར་ཏེ། ལྷན་ཅིག་སྐྱེས་པའི་མདོག་དང་ལྡན་པའི་འདོད་པའི་ལྷའི་དཀྱིལ ་འཁོར་གྱི་འཁོར་ལོ་མཆོད་པར་བཤད་པའི་ཆོ་གས་ཤེས་རབ་ཀྱི་པ་སྤུ་རེ་རེ་ནས་བྱུང་བ། འོད་ཟེར་སྣ་ཚོགས་རྒྱ་ཆེན་པོ་འཐེན་པ་ལས་བྱུང་བའི་གཟུགས་རྡོ་རྗེ་ལ་སོགས་པའི་ལྷ་མོ་རྣམས་དང་དེ་བཞིན་དུ་ཕྱིའི་དྲི་ལ་སོགས་པ་ཐམས ་ཅད་ཀྱིས་ཀྱང་མཆོད་ལ། སྔར་ཡང་དག་པར་བརྟགས་པའི་གཏོར་མ་བདུད་རྩི་ལྔ་དང་ལྡན་པ་ལ་གཏོར་མའི་སྔགས་མངོན་པར་བཟླས་པས་ཚིམ་པར་བྱ་ཞིང། མི་བསྐྱོད་པ་ནི་ཡེ་ཤེས་ཆེ་ནས ་བྱ་བའི་ཚིགས་སུ་བཅད་པས་བསྟོད་ལ། །དགའ་ཞིང་མགུ་ནས་མངོན་པར་འདོད་པའི་དངོས་གྲུབ་སྟེར་བར་བརྩན་པ་རྣམས་ལ་གསོལ་བ་བཏབ་ནས་བཟོད་པ་གསོལ་ཏེ། སྔགས་འདིས་གཤེགས་སུ་གསོལ་བར་བྱ་སྟེ། ཨོཾ་ཨཱ: ་ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨམཱ་ནཾ། ཨཱ་དྱ་ནུ་ཏཔནན་ཏྭཱཏ་ཧཱུཾ་མུ(རྒྱུད་འགྲེལ་ཏུ་ཨཱ་ནནྟ་ག་ག་ན་ས་མུ་དྲ་མེ་གྷ་བྱུ་ཧ་པྲ་ས་ར་པ་མཱ་ནུ་ར་ཛོ་མཎྜ་ལ་པ་རི་པ་ར་ཨནྟ་རཱ་ག་ཏ་ས་མ་པཏྱུ་པསྠཱི་ཏཱ(རྒྱུད་འགྲེལ་ཧ་པྲ་ས་ར་ག་ག་ན་ས་མཱ་སརྦ་ལོ་ཀ་པཱ་ལཱ་སརྦ་སཏྭ་ས་ཙ། ཏདྱ་ཐཱ་བཛྲ་ཨཱ་ཡུ་དྷ། མ་ཡ་བཛྲ་བཛྲ་ཨ་ན་ལ། བཛྲ་ཀཱ་ལ། བཛྲ་མུ་ཥ་ལ། ནཱ་ག་བཛྲ། བཛྲ་ཨ་ནཱི་ལ། བཛྲེ་ཤོ་ན་ཌ། བཛྲ་བཻ་ར་བ། བཛྲ་ཀྲོ་དྷཱ། ་བཛྲ་པྲ་བྷཱ། བཛྲ་ཀུཎྜ་ལི། མུ་ན་བཛྲ། བི་མ་ཙིཏྟར་པྲི་ཐཝི་དེ་བ་ཏ། ས་པ་རི་བ་ར་ཨི་དཾ་པུཥཔེ་དྷཱུ་པ། དཱི་པ། གནདྷ་ནཻ་བི་དྱ། དི་སཾ་ཡུ་ག་ཏཾ། བ་ལིཾ་ཨུ་པ་ཧ་རཾ་པྲ་ཏཱིཙྪ། ཨུ་པ་བྷུ་ཛཡ་མ་མ་སརྦ་སཏྭ་ནཱཾ་ཙ་ཧི་རཎཎྱུ་སུ་བརྣ། དྷ ་ན་དྷཱ་ནྱ། ཨཱ་ཡུ(རྒྱུད་འགྲེལ་ཀྱ། སཚུ་ཁཱ་ནི་མཧཱ་སུ་ཁཱ་ནི། པྲ་བྲིདྡྷ་ཡེ། ཡཱ་བཱད། ཨ་བོ་དྷི། མཎྜ་པརྱཾ་ཏཾ། ཌཽཀ་ཡ་ཏ། མ་ཏ་སྭ་ཧ། ཡ་ཏཾ། ཤཱནྟིཾ་རཀྵཾ་ཀ་རུ་ཧཱུཾ། ཨོཾ་ཨཱ(རྒྱུད་འགྲེལ་གྱི་ཁང་པའི་ཕྱི་རོལ་ཏུ་ཕྱོགས་དང་མཚམས་རྣམས་སུ་མཎྜལ་ཟླུམ་པོ་བྱའོ། །དབང་ལྡན་དང་དབང་པོའི་མཎྜལ་གྱི་བར་དུ་ཟླ་བ་དང་ཉི་མ་དང། ཕ་ཆེན་པོའི་མཎྜལ་གཅིག་བྱའོ། །དེ་བཞིན་དུ་སྲིན་པོ་དང། ཆུ་ལྷའི་མཎྜལ་གྱི་དབུས ་སུ་ཐག་བཟང་རིས་དང། ས་ཡི་ལྷ་མོའི་མཎྜལ་གཅིག་བྱའོ། །དེར་རྡོ་རྗེ་མཚོན་ཆ་ལ་སོགས་པ་ལ་སྔགས་ཀྱིས་མངོན་པར་བསྔགས་ཏེ། གཏོར་མ་དང། དྲི་དང། མེ་ཏོག་དང། བདུག་པ་དང། མར་མེ་དང། ཆང་ལ་སོགས ་པ་དབུལ་བར་བྱའོ། །རིག་པའི་དབང་བསྐུར་བ་དང། ཕྱིར་མི་ལྡོག་པའི་དབང་བསྐུར་བ་འདི་གཉིས་ནི་བུམ་པའི་དབང་བསྐུར་བ་སྟེ། དང་པོར་བཤད་པ་ཡིན་ནོ། །དེ་ནས་ཀྱེ་མ་བདེ་བ་ཞེས་བརྗོད་དེ། སེམས་ཀྱི་དམ་པ་མྱང་བ་ནི་གཉིས ་པའོ། །རྨོངས་པ་ཞེས་བྱ་བའི་ཚིགས་སུ་བཅད་པའི་དོན་ཉམས་སུ་བླང་བ་གསུམ་པའོ། །བདག་གི་སྟོན་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པའི་དོན་བྱེད་པས་དེ་ཡང་ཞེས་བྱ་བའི་ཚིགས་སུ་བཅད་པའི་དོན་ཡང་བཤད་པ་ནི་བཞི་པའོ། ། ་སྔར་བཤད་པའི་བྲིས་པའི་དཀྱིལ་འཁོར་རཾ། ཡིད་ཀྱིས་བརྟགས་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་རམ། རས་ཀྱི་རི་མོ་ལ་དམིགས་པ་ཡང་རུང་སྟེ། གཙང་ཞིང་ཉམས་དགའ་བ་རྣམ་པར་དབེན་པའི་ས་ཕྱོགས་སུ་བུམ་པའི་དབང ་བསྐུར་བ་ཐོག་པའི་སློབ་མ་སྔགས་དང་རྒྱུད་ལེགས་པར་བསླབས་པ་བཞིན་ལེགས་པ་མིག་ཡངས་པ། དེ་ཁོ་ན་ཉིད་རིག་པ་ལ་བཅོན་པ་དང། དམ་ཚིག་བསྲུང་བ་ལ་བརྩོན་པ། རང་གི་རིགས་སམ་གཞན་ཡང་རུང་སྟེ། རྒྱུད་ལས ་བཤད་པའི་བདེན་པའི་རྒྱུ་ཐམས་ཅད་དང་ལྡན་པ་རྡོ་རྗེ་སློབ་དཔོན་ལ་དབུལ་བར་བྱའོ། །དེ་ནས་དེ་གཡོན་ལོགས་སུ་གནས་པ་དང་ལྷན་ཅིག་བཞུགས་པའི་བླ་མ་ལ། །ལོ་མ་དང་མར་མེ་དང་སྙེན ་བཀུར་བ་དང། དྲི་དང་ཕྲེང་བ་ལ་སོགས་པ་རྒྱ་ཆེན་པོས་མཆོད་ལ་ཕྱི་རོལ་གྱི་ཡོ་བྱེད་བླ་ན་ཡོད་པའི་མཆོད་པ་དང་བཅས་པས་ཀྱང་ཡང་དག་པར་མཆོད་ལ་པུས་མོ་གཡས་པའི་ལྷ་ངས་ལ་གཙུགས་ནས་ཐལ་མོ་སྦྱར་ལ། སློབ་དཔོན ་ཆེན་པོ་ལ་གསོལ་བ་གདབ་པར་བྱ་སྟེ། ཁྱེད་ཀྱི་ཞབས་ཀྱི་བཀའ་དྲིན་གྱིས། །བླ་མེད་བྱ་བ་བདག་གིས་རིག་།ད་ཡང་དབང་བསྐུར་རིན་ཆེན་གྱིས། །མགོན་པོ་རྗེས་སུ་བཟུང་བར་མཛོད། །བདེ་ཆེན་དཔལ་གྱི་མགོན་པོ་ཡིས། ། ་སངས་རྒྱས་སྐྱོབ་པ་ཇི་ལྟར་ནི། །བདག་པོའི་དེ་ཉིད་བསྟན་མཛད་པ། །དེ་བཞིན་བདག་ལ་མགོན་དགྱེས་མཛོད། །སྡུག་བསྔལ་ཀུན་གྱི་གནས་གྱུར་པའི། །དམྱལ་ལས་གཙོ་བོས་གདོན་དུ་གསལ། །སྡུག་བསྔལ་ཐམས་ཅད ་བཅད་པ་དང། །མགོན་མེད་པ་ལ་སྙིང་རྗེ་མཛོད། །ཁྱོད་ཞབས་པདྨ་སྤངས་ནས་ནི། །གཙོ་བོ་གཞན་ལ་སྐྱབས་མ་མཆིས། །འགྲོ་ན་དཔའ་བོ་ཐུབ་ཆེན་པོ། །དེ་བས་སངས་རྒྱས་མཆོག་མཉེས་མཛོད། །དེ་ལྟར་གསོལ་བའི་ཆོ་ག ་མཆོག་།དམ་པ་དེ་ནི་ཐོས་གྱུར་ནས། །བླ་མ་དཔལ་ལྡན་ཡོན་ཏན་མཆོས། །སྙིང་རྗེ་སློབ་མ་ལ་བསྐྱེད་ལ། །བཞིན་ནི་རབ་ཏུ་དང་གྱུར་པས། །རང་གི་རྩེ་བར་དགའ་ཞིང། །རྣལ་འབྱོར་རྒྱུད་ལས་འབྱུང་བའི་མཆོག་།དམ་ཚིག ་བཟང་པོ་བསྟན་པར་བྱ། །སྲོག་ཆགས་བུ་ཁྱོད་ཀྱིས་སོང་ཅིག་།རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །མ་བྱིན་པར་ཡང་བླང་བར་བྱ། །གཞན་གྱི་ཆུང་མ་བསྟེན་པར་བྱ། །དམ་ཚིག་སྡོམ་པ་མཆོག་བཞི་ནི། །བཟང་པོ་ཁྱོད་ཀྱིས་བསྐྱབ ་བར་བྱ། །དྲི་ཆུ་བཤད་དང་ཤ་འཚལ་ཆེན། །ལྔ་པ་སེམས་ལས་བྱུང་བ་དང། །ཁྱི་མི་རྟ་དང་གླང་ཆེན་བ། །སྦྱང་བ་ལ་སོགས་ཆོ་གས་ནི། །ཁྱོད་ཀྱིས་རྟག་ཏུ་བཟའ་བྱ་སྟེ། །དམ་ཚིག་འདི་ནི་རྨད་བྱུང་བའོ། །དེ་ནས་སྔར་བཤད ་པའི་དཀྱིལ་འཁོར་ཉིད་དུ་བསྒོམས་པས་ཡོངས་སུ་བརྟགས་པའི་དཀྱིལ་འཁོར་ལ་སློབ་དཔོན་ན་ལྷ་ཐམས་ཅད་ཀྱི་འཁོར་ལོའི་དབུས་སུ་གནས་ཏེ་རང་གི་ལྷག་པའི་ལྷའི་སྦྱོར་བ་ཇི་ལྟ་བ་དང་ལྡན་པས་རང་གི་རིག་མའི་པདྨར་བདུད་རྩི་རྣམ་པ་ལྔ ་བཅུག་སྟེ། མན་ངག་ཇི་ལྟ་བ་བཞིན་དུ་དེའི་རྣམ་འབྱོར་དང་ལྡན་པས། །དབང་བསྐུར་བར་བྱ་བའི་རང་གི་ལྷག་པའི་ལྷ་སྤྲོས་ནས་དེས་སེམས་ཅན་གྱི་དོན་བྱེད་དུ་བཅུག་སྟེ། །བཀུག་ནས་རང་གི་ལུས་ལ་བཅུག་སྟེ། དེའི་རྣམ་པར ་གྱུར་པས་སློབ་མ་ཡང་དེའི་རང་བཞིན་དུ་བྱིན་གྱིས་བརླབས་ཏེ། མིག་ལ་སོགས་པ་རང་གི་ལྷ་དང་ལྡན་པར་བསྒོམས་ཏེ། རང་གི་བ་སྤུའི་བུ་ག་རྣམས་ལས་བྱུང་བའི་འོད་ཟེར་གྱི་ལྕགས་ཀྱུའི་ཚོགས་ཀྱིས་ནམ་མཁའ་ཨི་ཁམས་ཐམས ་ཅད་དུ་ཁྱབ་པའི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ། རང་གི་ལུས་ལ་བཅུག་ནས་ལས་ལ་གནས་པ་ཞུ་བར་གྱུར་ཏེ། མཆོག་ཏུ་དགའ་བའི་གནས་སྐབས་ན། རྡོ་རྗེའི་ལམ་ནས་བྱུང་ནས་མཐེ་བོ་དང་སྤྲིན་ལག ་གིས་བཟུང་སྟེ། སློབ་མའི་ཁ་རུ་སྦྱིན་པར་བྱའོ། །རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་དང་ལྡན་པའི་སློབ་མས་བདེ་བ་ཆེ་ཞེས་བརྗོད་ནས་སེམས་ལས་བྱུང་བ་འདི་བཏུང་བར་བྱའོ། །འདི་ནི་རྡོ་རྗེ་ཅན་ཀུན་གྱི། །དབང་བསྐུར་ཆོ་ག ་མཆོག་ཡིན་ཏེ། །སྔགས་འདི་ཐམས་ཅད་འགྲུབ་པ་དང། །ལས་ཀྱི་མཆོག་ནི་འགྲུབ་པར་འགྱུར། །ཞེས་བྱ་བ་ནི་གཉིས་པའོ། །དེ་ནས་པདྨ་ལ་གནས་བླ། །མེ་ཏོག་དང་ལྡན་སེམས་བྱུང་བ། །རང་གི་ཁ་ཡིས་མཆོད ་དོན་དང། །རྡོ་རྗེ་སོན་པའི་རིག་མའི་ཁས། །མི་ཡི་ཐོད་པའི་ནང་བླུགས་པ། །དྲི་ཚན་དྲི་ཆུ་ཤ་ལྡན་པ། །ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ནས་དེ་འམ་གཞན་ཤིན་ཏུ་དད་པ་དང་ལྡན་པ་ཤེས ་རབ་ཆེ་བ། གཟུགས་བཟང་བ། སྒྲུབ་པ་པོ་ལ་དགའ་བ། སྦྱོར་བ་གཅིག་པའི་བྱ་བ་ལ་གོམས་པ། དམ་ཚིག་ཤེས་ཤིང་ལེགས་སྦས་པ། །བླ་མ་ལ་ནི་སྒྲུབ་པ་པོས། །ཡོན་གྱི་དོན་དུ་དབུལ་བར་བྱ། །དེ་ནས་ཡང་སློབ ་མས་བླ་མ་ལ་སོགས་པ་ལ་མཆོད་པ་ལ་སོགས་པ་བྱས་ཏེ། བླ་མས་བྱིན་གྱིས་བརླབས་ནས་ཕྱག་རྒྱ་དེ་སློབ་མའི་ཆེད་དུ་སྦྱིན་པར་བྱའོ། །མེ་ཏོག་ལ་སོགས་དམ་ཚིག་ལྡན། །སངས་རྒྱས་སོགས་པས་བྱིན་གྱིས་བརླབས། །དེ ་དང་རྣལ་འབྱོར་སྙོམས་འཇུག་ཅིང། །བླ་ན་ཡོད་དང་བཅས་པས་མཆོད། །སློབ་མ་ཕྱི་རོལ་མཆོད་པ་ཡིས། །རྡོ་རྗེ་འཛིན་ནི་གཉིས་པ་བཞིན། །བཀྲ་ཤིས་སྣ་ཚོགས་སྒྲོགས་པ་དང། །རོལ་མོའི་སྒྲ་ནི་དུ་མ་དང། །རྔ་ཡབ ་རྒྱལ་མཚན་གདུགས་ལ་སོགས། །མེ་ཏོག་ཕྲེད་བཟང་ཙན་དན་སོགས། །རྡོ་རྗེ་སྐྱིལ་ཀྲུང་སྦྱོར་བ་ཡིས། །བསྟན་ཞིང་མཉམ་པར་བཞག་ནས་སུ། །དེ་ལ་ཆོ་ག་བཞིན་དབང་བསྐུར། །མེ་ཏོག་ཕྲེང་ཐོགས་བཞི་ཐལ་སྦྱར ་དེར་སློབ་དཔོན་རང་གི་བདག་པོའི་སྦྱོར་བ་དང་ལྡན་པས་སློབ་མ་ཡང་དེའི་སྦྱོར་བ་དང་ལྡན་པར་བྱེད་དུ་བཅུག་ལ་མཉམ་པར་བཞག་ནས་རང་གི་རིགས་ཀྱི་སའི་སྤྲིན་རྣམས་བྱང་ཆུབ་ཀྱི་སེམས་ཀྱིས་ཡོངས་སུ་གང་བའི་ཆུ་ཤེལ་གྱི ་བུམ་པ་ཐུགས་པ་སྤྲོས་ཏེ། དེས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་ཕབ་པས་དབང་བསྐུར་བ་སྩལ་ནས་དེ་དག་ཐམས་ཅད་མཆོག་ཏུ་བདེ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་ཞུ་བར་གྱུར་ཏེ། ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར ་རེད་ནས་སློབ་མའི་ལུས་ལ་ཞུགས་པ་དང་དེ་ཡང་ལྷའི་ལུས་བདེ་བ་ཆེན་པོའི་ངོ་བོ་ཉིད་དུ་གྱུར་པར་བསམ་པར་བྱའོ། །ཞེས་བྱ་བའི་དོན་འདི་སྟོན་པ་ཡིན་ཏེ་རྨོངས་པའི་གཏི་མུག་སྦྱོར་བ་ཅན་ཞེས་བྱ་བ་ནས། ཤེས་རབ་ཡེ་ཤེས་བདག ་ཉིད་འགྱུར་ཞེས་བྱ་བའི་བར་ནི་གསུམ་པ་ཡིན་ནོ། །དེ་ལྟར་གནས་པའི་རིག་མ་ཡི། །དེ་ཚེ་བླ་མས་ལག་བཟུང་ནས། །སློབ་མ་ཡིན་ལག་ཏུ་གཏད། །དེ་བཞིན་གཤེགས་པ་དབང་དུ་སྩོལ། །བདག་གིས་དེ་རིང་ནས་བསམས ་ནས། །བསྒྲུབ་པ་པོ་ལ་བུ་མོ་གཏད། །བྱང་ཆུབ་ཆེན་པོ་བསྒྲུབ་པའི་ཕྱིར། །དེ་བཞིན་གཤེགས་པ་མཁྱེན་པར་གསོལ། །ཅེས་སོ་དེ་ནས་དེ་ལ། །གཟུངས་མ་དེ་ཉིད་ཉམས་དགའ་བ། །ཁྱོད་ཀྱིས་རྟག་ཏུ་བསྒྲུབ་པར་བྱ་ཞེས ་བརྗོད་དོ། །ལག་པར་བཏད་ནས། ཞེས་པ་ནས་མཆོག་མ་ཡིན་ཞེས་བྱ་བའི་བར་ཏེ་འདི་ནི་བཞི་པའོ། །དེ་ནས་བརྩམས་ཏེ་དེ་ལ་ནི། །གསང་བའི་མཆོག་ནི་བཤད་པར་བྱ། །རྒྱད་ཀུན་ཏུ་ནི་གང་སྦས་པ། །ཡི་གེ་ཕྱག་རྒྱ་སྦས ་རྣམས་ཀྱང། །བཤད་མ་ཐག་པའི་ཆོ་གས་འདི་ལ་བྱིན་གྱིས་བརླབས་ལ་དེ་ལ་བླ་མས་སྦྱིན་པར་བྱ་སྟེ། །འདི་ནི་སངས་རྒྱས་མ་རུ་བསྒྲགས། །ཞེས་བྱ་བའི་ཕྱིར་དང། རྡོ་རྗེ་འཛིན་པའི་སྤྲུལ་པའི་བདག་ཉིད་བླ་མ་དང་འབྲེལ་བ་དེ ་མ་ཐག་ཏུ་ལོངས་སྤྱོད་པའི་ཕྱིར་རོ། །སེམས་ཅན་ཁམས་ནི་དཔག་མེད་པ། །ཞེས་བྱ་བ་ལ་སོགས་པའི་དོན་ནི་འདི་ཡིན་ནོ། །དེ་ཉིད་གསུམ་དང་འབྱིན་པ་སྤེལ། །ཞེས་བྱ་བའི་དོན་ནི་འབྱིན་པའི་སྔགས་དེ་ཁོ་ན་ཉིད་གསུམ་དང་སྤེལ ་བར་བྱ་སྟེ། ཨོཾ་ཨཱ(རྒྱུད་འགྲེལ་གེའི་ནང་ན་གང་དང་པོ་ཡོད་པ་དེ་ཐིག་ལེ་དང་བཅས་ནས་སྙིང་པོའི་ས་བོན་དུ་འགྱུར་ཏེ། དེ་བ་དང་ཏྭ་ཞེས་བྱ་བ་ལ་དེ་ཞེས་བྱ་བ་ལ་དེ་ཞེས་བྱ་བ་ལ་སོགས་པའོ། །ཕྲེད་བའི་སྔགས་ཀྱང་ཡི་གེ་གསུམ་དང་སྤེལ་ན ་སྔགས་ཞེས་བྱ་བའི་མིང་ཐོབ་སྟེ། ཨོཾ་ཨཱ(རྒྱུད་འགྲེལ་རྒྱས་པ་ལ་སོགས་པའི་དུས་སུ་ནི་སྭཱཧཱའི་གནས་སུ་ཨོཾ་ལ་སོགས་པར་འགྱུར་ཏེ། པུཥྚ་ཀུ་རུ་ཨོཾ། ཤཱནྟ་ཀུ་རུ་སྭཱཧཱ། སིདྡྷི་མེ་བ་ཤི་ཀུ་རུ་ཧོ། ཨཱ་ཀ་རཥ་ཡ་ཛ(རྒྱུད་འགྲེལ་ཧཱུཾ་ཕཊ། ཅེས་བྱ་བ་གང་ཡང་རུང་བའོ། །མཱ་ར་ཡ་ཕཊ། དེ་སྐད་དུ་བརྗོད་པ་རྒྱས་པ་དང་ཞི་བ་ལ་སོགས་པའི་སྔགས་ཀྱི་མཛའ་མར་བསྐུལ་བའི་ཚིག་གཞུག་པར་བཤད་པ་ནི་འདི་དག་གིས་བྱའོ་ཞེས་པའོ། །ཡང་ཞེས་བྱ་བའི ་སྒྲས་ནི་མིང་ནང་དུ་ཆུད་པས་ཐོག་མ་དང་ཐ་མར་འདི་དག་སྤེལ་བར་བྱའོ་ཞེས་ཕྱོགས་གཉིས་པ་སྟོན་པ་ཡིན་ཏེ། སྭཱཧཱ་དེ་བ་དཏྟ་ཤཱནྟི་ཀུ་རུ་སྭཱཧཱ། ཞེས་བྱ་བ་ལ་སོགས་པ་རྒྱས་པའི་ལས་རྣམས་ལ་ཡོད་དོ། །ཇི་ལྟ་བ་བཞིན་དུ ་གནས་པའི་སྔགས་ཉིད་ལས་ཐམས་ཅད་བྱེད་དེ། པུལཊི་ཀུ་རུ་ཞེས་བྱ་བ་ལ་སོགས་པ་སྤེལ་བར་གཞན་དག་གོ་།ཡང་ཞི་བ་ལ་སོགས་པ་བསྐུལ་བའི་དབང་གིས་ལས་གང་བྱེད་པར་གྱུར་པ་དེ་ནི་རིག་པ་ཞེས་བྱ་བ་སྟེ། ཨོཾ་ཨཱ ་ཛི་ན་ཛི་ཀ་ཆེ་གེ་མོ་ཤཱནྟི་ཀུ་རུ་ཧཱུཾ། ཞེས་བྱ་བ་ལ་སོགས་པའོ། །ཕྲེང་བའི་སྔགས་ཀྱང་རིག་པ་ཞེས་བྱ་སྟེ། དེ་ལས་བཤད་པའི་ལས་རྣམས་བྱེད་པའོ་ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་གསལ་ཞེས་བྱ་བ་ལ་སོགས་པ་ལ་རླུང ་དང་ཆུ་དང། དབང་ཆེན་དང། མེའི་དཀྱིལ་འཁོར་ལ་གནས་པའི་སྐུ་ལ་སོགས་པའི་ས་བོན་བསམ་པར་བྱའོ། །ཞེས་ལ་ལ་ཟེར་རོ། །རྡོ་རྗེ་ཞེས་པ་ནི་མི་ཤིགས་པ་ཡིན་པས་ཟླ་བའི་དཀྱིལ་འཁོར་བཞིན་ནོ། །གསལ ་བ་ཞེས་པ་ཡང་དེ་བཞིན་ནོ། །ཆོས་ཞེས་བྱ་བ་ཡང་རང་གི་མཚན་ཉིད་འཛིན་པ་ཡིན་པས་ཟླ་བའི་གཟུགས་སོ། །དེར་འཁོར་ལོ་ཞེས་བྱ་བ་ནི་སྟན་དེར་ཡེ་ཤེས་སེམས་དཔའ་ཨི་ས་བོན་གང་སྔར་གནས་པའི་ཟླ་བའི་གདན་ནམ་ཉི ་མའི་གདན་ནོ། །དེ་སྐད་དུ་ལེའུ་བཅོ་བརྒྱད་པ་ལས་བཟླས་པ་ལ་ནི་སྤྲོ་བ་དང། བསྡུ་ཞེས་བྱ་བ་ལ་སོགས་པ་ནས་དེ་ཉིད་བསྐུལ་བར་སྨྲ་བའོ། །ཞེས་བྱ་བའི་བར་རོ། །སྣ་ཚོགས་ཞེས་པ་ནི་སྣ་ཚོགས་པའི་རང་བཞིན་ཡེ་ཤེས ་སེམས་དཔའ་ཨི་ས་བོན་ནོ། །དུས་གསུམ་ས་བོན་ནི་ཡི་གེ་གསུམ་དང་ལྷན་ཅིག་ཏུ་བཟླས་པའོ། །ལེའུ་བཅུ་གསུམ་པ་ལས་གསུངས་པ། །དམ་ཚིག་དེ་ནི་རྡོ་རྗེ་གསུམ། །དབུ་མའི་དམ་ཚིག་རྡོ་རྗེ་ཅན། །དེ་ཉིད་དམ་ཚིག ་རྡོ་རྗེ་ཡི། །བཟླས་པ་མ་ནིང་ཞེས་བརྗོད་དོ། །རྡོ་རྗེ་གསུམ་ནི་སྐུ་དང་གསུང་དང་ཐུགས་རྣམས་སོ། །དམ་ཚིག་ཞེས་བྱ་བ་ནི་འདའ་བར་མི་བྱ་བའོ། །དེ་ཁོ་ན་ཉིད་ནི་ས་བོན་ཏེ། ཨོཾ་ཨཱ(རྒྱུད་འགྲེལ་ཅན་རྣམས་ནི། །དམ་ཚིག་སེམས་དཔའ་ཨི་དེ་ཁོ་ན་ཉིད་ཡིན་ལ། །སྙིང་པོ་དང་འབྱིན་པ་དང་ཕྲེང་བའི་སྔགས་ཀྱང་དབུས་སུ་འགྱུར་ཏེ། ཨོཾ་ཨཱ(རྒྱུད་འགྲེལ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །དེ་ལྟར་ཡང་བཤད་དོ། །ཡང་ན་གཞན་དུ་བཤད་པར་བྱ་སྟེ། རྒྱུད་ཀྱི་རྒྱལ་པོ་ཡང་ཡིད་བཞིན་གྱི་རིན་པོ་ཆེ་ལྟ་བུ་ཡིན་པའི་ཕྱིར། དམ་ཚིག་རྡོ་རྗེ་གསུམ་ནི་སྐུ་དང་གསུང་དང་ཐུགས་དབྱེར ་མེད་པའི་ལྷ་ལ་དམིགས་པའི་ངོ་བོའོ། །དེའི་དེ་ཉིད་ནི་དབྱེར་མི་ཕྱེད་པའི་ཤེས་རབ་ལྷ་མོའི་རྣམ་པར་ཡོངས་སུ་གྱུར་པའོ། །དེ་དག་གི་དབུས་སུ་ཡང་དག་པར་སྦྱོར་བ་ལས་བྱུང་བ་བདེ་བ་ཆེན་པོའོ ་དམ་ཚིག་རྡོ་རྗེའི་ཞེས་པ་གཏི་མུག་གི་རིགས་ཀྱི་ལྷ་རྣམས་སོ། །དེ་སྐད་དུ་ཡང་གསུངས་པ། འདོད་ཆགས་སྐྱེས་པ་བུད་མེད་ནི། །ཞེས་སྡང་གཏི་མུག་གཉི་ག་སྤངས་པའོ། །ཞེས་སོ། །དེ་ཉིད་ཐུན་མོང་བ་ཉིད་དུ་བསྟན་པར་འདོད ་ནས་གསུངས་པ། དེ་ཉིད་ཅེས་པ་ནི་རྡོ་རྗེ་ཅན་ཐམས་ཅད་ཀྱི་རིགས་ཀྱི་ལྷ་རྣམས་སོ། །བུད་མེད་དང་སྐྱེས་པའི་རྣམ་པར་རྟོག་པ་མེད་པས་མ་ནིང་གི་བཟླས་པ་ཞེས་སོ། །དེ་ལྟར་ཡེ་ཤེས་ཞབས་ཀྱིས་གསུངས་པ། རྒྱ ་མཚོ་ཆུ་རུ་པད་ཆེན་པོ། །འོད་ཟེར་འབར་བས་ཡང་དག་འཁྲུག་།དེ་རྣམས་རིག་མ་དང་ལྡན་པ། །རྨི་ལམ་ཡོངས་སུ་གསལ་བར་མཐོང། །དེ་རུ་གང་དེ་སྐྱེ་འགྱུར་བ། །རྫུན་དང་བདེན་པ་སྤངས་པའོ། །འདི་ལྟར་ཆོས་རྣམས ་ཐམས་ཅད་ཀྱི། །རང་བཞིན་རྟོགས་བྱ་མཁས་པ་ཡིས་ཞེས་སོ། །ཕྱི་རོལ་དོན་མེད་ཀྱང་དཀར་པོ་དང་བདེ་བ་ལ་སོགས་པའི་རྣམ་པའི་ཤེས་པ་ལས་དཀར་པོ་བདེ་བ་ལ་སོགས་པའི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་རོ། །བག ་ཆགས་གཙོ་བོར་གྱུར་པ་སད་པ་ལས་རྨི་ལམ་ལ་སོགས་པ་བཞིན་ནོ། །གང་རྣམ་འགྲེལ་ལས། གང་གི་ཅུང་ཟད་དེ་ཉིད་ནི། །ནང་གི་བག་ཆགས་སད་བྱེད་ཡིན། །དེ་ལ་བློ་ནི་ངེས་པ་སྟེ། །ཕྱི་རོལ་དོན་ལ་བལྟོས་པ ་ཡིན། །གང་ཞིག་གང་གི་རྣམ་པར་བསྒོས། །དེ་ནི་དེ་ཡི་རྣམ་པར་བསྐྱེད། །གང་དང་རང་གི་དངོས་པོ་ཡིས། །མི་རྣམས་ཡིད་ནི་ཡང་དག་སྦྱར། །དེ་རྣམས་དེ་ཡི་རང་བཞིན་འཐོབ། །ཇི་ལྟར་སྣ་ཚོགས་ནོར་བུ་བཞིན་ཞེས ་བརྗོད་པའི་ཕྱིར་རོ། །དེ་ཡང་སྔོན་པོ་ལ་སོགས་པའི་རྣམ་པར་གང་གི་ཚེ་རྗེས་སུ་མཐུན་པའི་གཟུགས་དེས་རབ་ཏུ་སྣང་བ་ཡིན་ཏེ། དེའི་ཚེ་བདེ་བ་ལ་སོགས་པའི་ངོ་བོ་ཉིད་དུ་བརྗོད་དེ། རྗེས་སུ་འཛིན་པ་ལ་སོགས་པའི་ངོ་བོ་ཡིན་པའི ་ཕྱིར་རོ། །ཐམས་ཅད་ཉིད་འཁོར་བར་འགྱུར་ཏེ་བདེ་བ་འདོད་པ་དང་སྡུག་བསྔལ་དང་བྲལ་བར་འདོད་པའི་ཕྱིར་རོ། །ལན་ནི་དེས་ན་འདི་རྣམས་མཆོག་ཏུ་དགའ་བའི་བདག་ཉིད་ཁོ་ནའི་ཁྱད་པར་དུ་འཕགས་པའི་རྣམ་པར་འགྱུར་ལ་དེ་ཡང ་བསྒོམས་པའི་སྟོབས་ཀྱིས་གསལ་པོར་འགྱུར་རོ་ཞེས་ཏེ། བདེ་བའི་ངོ་བོ་སྔོན་པོ་ལ་སོགས་པའི་རྣམ་པར་ཤེས་པ་ནི་དེ་ཁོ་ན་ཉིད་དེ་ཁོ་ན་ཉིད་དུ་འགྱུར་རོ་ཞེས་སོ། དེ་སྐད་དུ་ཡེ་ཤེས་ཞབས་ཀྱིས་གསུངས་པ། ཤེས་རབ་ཐབས་ཀྱི་བདག ་ཉིད་དྲི་མ་མེད་པ་ཡི། །ཏིང་འཛིན་ལས་བྱུང་དམ་པའི་བདེས་གང་བར། །འཁོར་ལོ་བསམས་ནས་ཤེས་པ་དང། །རྟོག་པ་ཀུན་ལས་ངེས་གྲོལ་མཆོག་།བདེ་བའི་རྒྱུ་རུ་གྱུར་པ་རྣམས་ཀྱིས་ནི་ཞེས་ཀྱང་ངོ། །འདིར་ཚིགས་སུ ་བཅད་པ་རྣམས་སུ་འགྱུར་ཏེ། དཔལ་ལྡན་ཆོས་འབྱུང་ནང་གནས་པ། །ཇི་ལྟར་གཞལ་ཡས་ཁང་བརྗོད་པར། །འདོད་པའི་ཡོན་ཏན་ལྔས་དབང་ཕྱུག་།ཡིད་འོང་གནས་ནི་ཕུན་ཚོགས་པར། །བསྒོམས་ཏེ་རྒྱལ་བའི་སྙོམས་འཇུག ་འདོད། །དགའ་བས་ཟབ་མོའི་ལས་གནས་པ། །དེ་ཡི་རྗེས་ལ་ཆེན་པོར་གྱུར་པ་རྒོད་ལ་འདོད། །འཇིགས་ཆགས་ཆེན་པོ་དང་ནི་འདྲ་བར་འགྱུར་བ་ཡིན། །དེ་དག་དེ་རུ་རྟོག་མེད་པ་སྟེ་ཐབས་དང་བློ། །ཏིང་འཛིན་ཡང་དག་བྱུང་བས ་རབ་ཏུ་བདེ་བས་གང། །གང་ཞིག་བདེ་བ་ཆེན་པོ་སྐྱེས། །འདོད་པའི་ཡོན་ཏན་ལྔ་རང་བཞིན། །བསྒོམས་པའི་སྟོབས་ཀྱིས་གསལ་བ་ནི། །ཉིན་མཚན་རྟག་ཏུ་རྒྱུན་མི་ཆད། །དེ་ཤེས་རྟོགས་པའི་རང་བཞིན་ཕྱིར། །གསལ་བར ་སྣང་བ་རྟོག་པ་མེད། །མ་དཔྱད་ཉམས་དགར་ཡོད་པ་སྟེ། །འདིར་ནི་བརྗོད་མེད་རྟོག་བྲལ་བས། །སྔར་གྱི་གོམས་པའི་སྟབས་ཀྱིས་ཀྱང། །སྙིང་རྗེས་སྤྲོ་དང་བསྡུ་བ་ཡིན། །ལྷུན་གྱིས་གྲུབ་པར། ་སེམས་ཅན་དོན། །དེ་ཕྱིར་ཡིད་བཞིན་ནོར་བུ་བཞིན། །འཚོ་བ་མེད་དང་ཡང་དག་དོན། །ངོ་བོ་ཉིད་ལ་ཕྱིན་ལོག་གིས། །འབད་དུ་ཟིན་ཀྱང་མི་བཟློགས་ཏེ། །བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ། །ཞེས་རིགས་པ་ལས་སོ། །དེ་ནི ་རྟོག་པ་མེད་པའི་ཆོས་ཡིན་ཏེ། །བུད་མེད་སྐྱེས་པའི་རྟོག་སྤངས་པ། །དེ་ནི་མ་ནིང་བཟླས་པ་ཡིན། །ཕྱི་རོལ་དགའ་བ་སྐད་ཅིག་སྟེ། །དཔེ་དང་བྲལ་བས་བརྗོད་པར་བྱ། །རྡོ་རྗེ་པདྨ་འདུས་པ་ལས། །ལས་ཀྱི་ཕྱག་རྒྱ་དང ་ལྡན་པ། །གང་ཞིག་འདི་ནི་བསྒོམས་པ་ལས། །བདེན་པ་གསུངས་པས་མངོན་གསུམ་བརྗོད། །དེ་ནི་ལས་དང་སེམས་ཅན་གྱི། །བྱང་ཆུབ་སེམས་ནི་བསྟན་པ་ལ། །གང་ལ་ལས་ཀྱི་ཕྱག་རྒྱ་སྤངས། །གཞན་དུ་མཚོན་པ་ནུས ་མ་ཡིན། །རྟོག་པ་དང་པོའི་ལས་ཅན་གྱིས། །གཞན་དུ་རིག་པ་མ་ཡིན་ནོ། །བཟང་པོའི་གནས་ལ་དེ་ནུས་པ། །ཐོག་མཛའ་བར་དུ་དྲི་མེད་ལ། །འདི་ལྟར་དེ་ནི་མཆོག་ཞི་པ། །ནམ་མཁའ་ཁམས་སུ་གྲགས་པར་གནས། ། ་རྡོ་རྗེ་པདྨའི་སྦྱོར་བ་ནི། །ཡང་དག་རབ་སྦྱིན་ལས་ཀྱང་ཐོབ། །དང་པོའི་ལས་ཀྱི་སེམས་ཅན་རྣམས། །མཚོན་ཆ་ཡིད་ཆེས་བྱེད་པའོ། །རྡོ་རྗེ་ནམ་མཁའ་ཨི་ཁམས་སྦྱོར་དང། །རེག་པ་ལས་ཀྱང་རྨད་བྱུང་ཆེ། །གང་དེ་བདེ་བ ་བསྐྱེད་བྱེད་པ། །མཆོག་ཏུ་དགའ་བ་བྱེད་པ་པོ། །དེ་ཟད་པ་ལས་དགའ་བྲལ་ཏེ། །བྲལ་དགའ་མཛའ་ཡིན་དེ་ནི་མཆོག་།རང་གི་ངོ་བོ་བསྟན་དུ་མེད། །ཅུང་ཟད་དེ་རུ་སྐྱེ་འགྱུར་བ། །དབང་པོ་ཀུན་ལས་གྲོལ་བ་ཡིན། །རྩོད ་མེད་མཆོག་ཏུ་ཞི་བ་པོ། །ཁྱབ་དང་དངོས་པོ་མེད་པ་ཡིན། །དེ་ནི་བྱང་ཆུབ་གནས་མཆོག་གོ་།ཀུན་ཏུ་བཟང་པོར་གྲགས་པ་བཟང། །བྲལ་དགའ་མཛའ་རུ་རྣར་གནས། །སྒྲུབ་པ་པོ་ཡི་མཆོག་གསང་སྟེ། །དེ་ནི་གྲོལ་བའི་གནས་སུ ་སྒྲགས། །གཞན་དག་གི་བརྗོད་པ་ནི་དགའ་བ་དང། །མཆོག་ཏུ་དགའ་བ་དང། དགའ་བྲལ་དུ་གྲགས་པའི་སྐད་ཅིག་མ་གསུམ་རིམ་གྱིས་སྐྱེ་བར་འགྱུར་ཏེ། །དགའ་བྲལ་གྱི་དབུས་སུ་དེ་བཞིན་གཤེགས་པ་དྲུག་པ་ནི་དེ ་ཡིན་ནོ། །ཞེས་སོ། །གཞན་དག་བརྗོད་པ་ནི་སྐད་ཅིག་མ་དང། ཕྲ་བ་དང་རྟེན་དང། དེ་བཞིན་དུ་རྣམ་པར་གནོན་པའི་མཛའ་དང། ཆོས་ཐམས་ཅད་གཏོད་པར་བྱེད་པ་ཞེས་པ་སྟེ། དགའ་བའི་སྐད་ཅིག་མའི་ངོ་བོ་ཞེས་སོ། །དེ་རྣམས ་ལས་གཞན་པ་ནི་དགའ་བའི་སྐད་ཅིག་མ་སྟེ། དོན་དམ་པར་བརྗོད་དུ་མེད་པ་དང། སྒྲས་ཀྱང་བརྗོད་དུ་མེད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་དྲུག་པའོ། །དགའ་བའི་སྐད་ཅིག་མ་འདི་རྣམས་ནི་ཕྲ་མོའི་རྣལ་འབྱོར་བསྒོམས ་པས་བརྟན་པར་བྱས་པའི་སེམས་རྣལ་འབྱོར་པ་བསྒོམ་པ་ལ་མངོན་པར་དགའ་བའི་བསྒོམ་པའི་སྟོབས་ཀྱིས་རང་གི་རིག་པའི་སྐད་ཅིག་མ་གསལ་བའི་རྣམ་པ་སྐྱེ་བར་འགྱུར་རོ་ཞེས་པ་ལོགས་པའོ། །རིག་པའི་བརྟུལ་ཞུགས་ཀྱི ་སྐབས་སུ་གསུངས་པ་ནི། །པདྨར་རྡོ་རྗེ་སྦྱར་བྱས་ནས། །བྱང་ཆུབ་སེམས་ནི་བཏང་མི་བྱ། །བསྐྱེད་པར་བྱས་ནས་དགའ་བ་དེ། །སེམས་ཀྱིས་གང་བྱས་བསྒོམ་པར་བྱ། །རྣལ་འབྱོར་པ་ཡི་བྱང་ཆུབ་སེམས། །ཇི་སྲིད་གཏོང་བར་མི་བྱེད ་པ། དེ་སྲིད་རྒྱུན་མི་འཆད་པ་ནི། །དགའ་བ་ཅུང་ཟད་འབྱུང་བ་བདེ། །དེ་ཉིད་དང་ལྡན་བདག་ཉིད་ནི། །བསྒོམས་པས་ངེས་པར་གྲོལ་བར་འགྱུར། །བྱང་ཆུབ་སེམས་ནི་ལྟུང་གྱུར་ན། །དངོས་གྲུབ་ཀུན་གྱི་གཏེར་གྱུར་པ། །རྣམ ་ཤེས་ཕུང་པོ་རྒྱལ་གྱུར་པ། །མ་སྨད་དངོས་གྲུབ་ཇི་ལྟར་འགྱུར། །ཕྱག་རྒྱ་ཆེན་པོར་ལྡན་པ་གང། །བདེ་བ་ཆེན་པོ་མྱོང་བྱེད་པ། །ཡེ་ཤེས་བདུད་རྩི་དེ་ཉིད་མཆོག་།དེ་ནི་སྨྲ་བར་དུས་ཉིད ་མིན། །གུས་པར་བསྒོམས་པས་གོ་བྱ་གང། །རང་རིག་རང་གི་མཚན་ཉིད་ཡིན། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །སྤྲོ་དང་བསྡུ་བ་མཛད་པ་པོ། །རྒྱུའི་གནས་སྐབས་སུ་མཆོག་ཏུ་དགའ་བའི་མཚན་ཉིད་ཀྱི་དཀྱིལ ་འཁོར་གྱི་འཁོར་ལོའི་རྣམ་པའི་ཡེ་ཤེས་ལ་སྦྱང་བར་བྱ་སྟེ། །འདིས་ཀྱང་དེའི་རང་བཞིན་ཉིད་ཀྱི་ངོ་བོར་གྱུར་པ་ནི་དགའ་བའི་རང་བཞིན་གྱི་བྱང་ཆུབ་ཏུ་བརྗོད་དོ། །དོན་དམ་པར་ནི་ཡུལ་དང་ལྷན་ཅིག་པའི་བདེ་བའི ་སེམས་ལས་སྐྱེས་པས་བདེ་བ་དག་སྲིད་པ་མ་ཡིན་ཏེ། དེའི་ཚེ་བདེ་བ་དང། བདེ་བ་མ་ཡིན་པའི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །འོན་ཀྱང་ཇི་ལྟར་གོམས་པའི་རྣམ་པར་བསྒོམས་པའི་སྟོབས་ཀྱིས་གསལ་བའི་རྣམ ་པ་ནི་རང་རིག་པའི་མཐར་ཐུག་པ་སྦ་བར་ནུས་པ་མ་ཡིན་པའི་གསལ་བ་ཉིད་དོ་ཞེས་གཞན་དག་གོ་།མི་རྟོག་པ་ཉིད་ཀྱིས་དབང་པོའི་མངོན་སུམ་བཞིན་དུ་རྣལ་འབྱོར་གྱི་མངོན་སུམ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ་འཛིན་པ་གཞན་ན་དེ་གཞན་མིན། །ཁྱོད་ཀྱང་དེ་བཞིན་ང་ཡང་གཞན། །ཀྱེ་སྙིང་ཁྱོད་ཀྱང་མཉམ་གྱུར་ན། །ང་ཡིན་ཞེས་ནི་སུ་ཡིན་ཞེས། །འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུས་མ་དམིགས་པ་མ་ཡིན་ཏེ། ་བུད་མེད་ཐམས་ཅད་རྒྱུ་ཕྱག་རྒྱ། །དམིགས་མེད་ཐེག་པ་བླ་ན་མེད་ཅེས་སྡོམ་པ་ལས། །བདེ་བ་ཆེན་པོའི་རྗེས་སུ་དམིགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་སེམས་ཀྱིས་བསྒོམ་པར་བྱ་སྟེ། །དེ་ཡང་མ་ནིང་གི་རྟགས ་ཡིན་པས་མ་ནིང་གི་བཟླས་པར་བརྗོད་དོ། །དགའ་བྲལ་གྱི་ནི་དབུས་སུ་ནི། །གང་དུ་མཆོན་བྱ་རབ་ཏུ་གནས། །སྔོན་སོགས་རྣམ་པ་དང་བྲལ་བ། །བསྒོམ་པར་བྱ་བར་ཁ་ཅིག་གོ་།དབང་པོ་གཉིས་ཀྱིས་སྙོམས་པར་འཇུག་པ་ལྷ་རྣམས་དམིགས ་པ་མེད་པ་ནི། །རྟེན་མེད་པ་ལ་བསྒོམ་པ་ནི། །ནུས་པར་མིན་ཞེས་གཞན་སྨྲའོ། །རོག་ལས་སྐྱེས་ཀྱང་དགའ་མཚུངས་པ། །བདེ་དང་སྒྲུབ་པ་ཟག་པ་མེད། །ཇི་ལྟར་གཞན་འདྲ་རྒྱུ་ལས་ནི། །དེ་འདྲའི་འབྲས་བུ་ཇི་ལྟར་འདོད་ཅེས་སོ། །ཏིང་ངེ ་འཛིན་གསུམ་གྱི་སྦྱོར་བ་དང་ལྡན་པ། ཇི་སྐད་བཤད་པའི་ཆོ་ག་ཡིས། །ཐུན་མཚམས་བཞིར་བྱིན་གྱིས་རློབ་པ་ལ་བརྩོན་པ། དམ་ཚིག་དང་སྡོ་པ་ལ་གནས་ཏེ། །མཚན་མ་ཐོབ་ནས་ཟླ་བ་དྲུག་ཏུ་བསྒོམ་པར་བྱའོ། །དེ་ལྟར་ན་ཡང ་འདོད་པའི་ལྷ་མ་གྲུབ་ན་སླར་ཡང་ཆོ་ག་མ་ཚང་བ་མེད་པས། དམ་ཚིག་ལ་སོགས་པ་ལ་གནས་ཏེ་སླར་ཡང་ཟླ་བ་བཅོ་བརྒྱད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ལྟ་ན་ཡང་གལ་ཏེ་མ་གྲུབ་ན་ཐུན་མཚམས་ཀྱི་མཐར་དྲག་པོའི་སྦྱོར་བ་བརྩམ ་པར་བྱའོ། །གང་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་ཁ་དོག་ནག་པོ་དང་ལྡན་པ་སྦྱངས་པའི་ཤེས་རབ་མ་དང་ལྷན་ཅིག་གཉིས་སུ་མེད་པའི་སྦྱོར་བ་དང་ལྡན་པས་དཀྱིལ་འཁོར་པ་དང་ཟླ་བའི་དཀྱིལ་འཁོར་ལ་སོགས་པ་དང། གཞལ་ཡས་ཁང ་ཡང་མངོན་སྤྱོད་ཀྱི་ཆོ་ག་བཞིན་དུ་ནག་པོར་བསྒོམས་ཏེ་མཆོད་པ་དང། བསྟོད་པ་དང་བདུད་རྩི་མྱང་བ་བྱས་ནས་དེའི་རྗེས་ལ་རང་གི་སྙིང་གའི་ས་བོན་གྱིས་དེ་བཞིན་གཤེགས་པའི་ཚོགས་བཀུག་སྟེ། ཤེས་རབ་དང་ཐབས་ཀྱིས་སྦྱོར་བས ་ཆུ་སྐྱེས་སུ་བོར་ནས་ཇི་ལྟར་བསྒོམས་པའི་གཟུགས་ཀྱིས་དཀྱིལ་འཁོར་གྱི་རྣམ་པར་མེའི་དཀྱིལ་འཁོར་ལ་འཇིགས་ཤིང་འདར་བ་དང་ལྡན་པ་བལྟ་བར་བྱའོ། །དེ་ནས་སྙིང་གའི་ས་བོན་གྱི་འོད་ཟེར་འབར་བས། དེ་བཞིན་གཤེགས་པའི ་ཚོགས་བཀུག་སྟེ། ཤེས་རབ་དང་ཐབས་ཀྱི་སྦྱོར་བ་དང་ལྡན་པས་ཤུ་བར་གྱུར་པ་རྡོ་རྗེའི་ལམ་ནས་བྱུང་སྟེ། གཤིན་རྗེ་མཐར་བྱེད་ཀྱི་ཕུར་པའི་གཟུགས་སུ་བྱས་ལ། དེ་བཞིན་དུ་གཞན་ཡང ་གི་བདག་པོ་ཁ་དོག་ནག་པོ་ཁྲོས་པ་རྡོ་རྗེ་ནས་ཕྱུང་སྟེ། ཕྱག་གཡོན་པས་སྐེ་ནས་བཟུང་ནས་ཕྱུང་བའི་ཕུར་བའི་མགོ་བོར་བརྡུང་བ་ནི་གཡས་པའི་ཕྱག་གི་རྡོ་རྗེ་བས་གདབ་པར་བྱ་སྟེ། བསྒྱིངས་པ་དང་བཅས་པས་སྔགས ་ཟློས་ཤིང་ངོ། །ོཾ་ཨཱ(རྒྱུད་འགྲེལ་དེ་ནས་ཨོཾ་ཨཱ(རྒྱུད་འགྲེལ་པའི་སྔགས་བརྗོད་ཅིང་ཕུར་པས་བཏབ་པའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་དབང་བསྐུར་བ་སྦྱིན་པར་བྱའོ། །འདི་ཞག་བརྒྱད་དམ་ཟླ་བ་ཕྱེད་ཀྱིས་ཇི་སྲིད་དུ་མ་གྲུབ་པ་དེ་སྲིད་དུ་བྱའོ། །འདིའི་རྗེས་སུ་འབྲངས་པས་དེའི་རིགས ་རྣམས་ཀྱིས་དྲག་པོའི་སྒྲུབ་པའི་ཐབས་བལྟ་བར་བྱའོ། །རྣམ་པར་སྣང་མཛད་ཀྱི་རིགས་ཀྱི་དྲག་པོའི་བསྒྲུབ་པའོ། །དེ་བཞིན་དུ་ཁ་དོག་ནག་པོ་སྣང་བ་མཛའ་ཡས་ཀྱི་དཀྱིལ་འཁོར་པའི་ལྷ་རྣམས་དང། ཟླ་བའི་གད་ན་དང ་གཞལ་ཡས་ཁང་ལ་སོགས་པ་རྣམས་ལྷན་ཅིག་ཏུ་བསྒོམས་ཏེ། པདྨ་མཐར་བྱེད་ཁ་དོག་དམར་པོའི་ཕུར་པས་གདབ་པར་བྱ་སྟེ། ཨོཾ་ཨཱ(རྒྱུད་འགྲེལ་ཕཊ་འོད་དཔག་ཏུ་མེད་པ་དང་དེའི་རིགས་ཀྱི་ལྷ་རྣམས་ཀྱི་དྲག་པོའི་སྒྲུབ་ཐབས་སོ། །མི་བསྐྱོད་པ་དང་རིན་ཆེན་འབྱུང་ལྡན་དང། །དོན་ཡོད་གྲུབ་པའི་སྦྱོར་བ་ཡིས། །ཁ་དོག་ནག་པོར་དཀྱིལ་འཁོར་དང་བཅས་པར་བསྒོམས་ནས ་འདི་རྣམས་དང་འདི་རྣམས་ཀྱི་རིགས་ཀྱང་བདུད་རྩི་འཁྱིལ་བའི་ཕུར་པས་སྔགས་འདིས་གདབ་པར་བྱ་སྟེ། ཨོཾ་ཨཱ(རྒྱུད་འགྲེལ་ལྡན་དང། དོན་ཡོད་པར་གྲུབ་པའི་སྒྲུབ་ཐབས་སོ། །གདབ་པར་བྱ་བ་དང་ཕུར་བུ་དང་འདེངས་པར་བྱེད་པ་འདི་དག་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པས་བྱ་སྟེ། གཞན་དུ་ན་འགྲུབ་པར་མི་འགྱུར་རོ། །དྲག་པོའི་སྒྲུབ་པའི་དུས ་སུ་དེ་བཞིན་གཤེགས་པ་རྣམས་ཀྱི་དབུ་རྒྱན་དུ་རྡོ་རྗེ་སེམས་དཔའ་བསྒོམ་པར་བྱའོ། །གནོད་མཛེས་རྒྱལ་པོ་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་དབུ་བརྒྱན་གཉིས་པར་བསྒོམ། །ཡང་ནི་རྡོ་རྗེ་འཛིན་པ་སངས་རྒྱས་རྣམས ་ཀྱི་གཡས་ལྔ་རྣམས་སུ་བསྒོམ་པར་བྱ་སྟེ། སྤྱི་བོ་དང་ལྐོག་མ་དང་ཐུགས་ཀ་དང། ལྟེ་བ་གསུམ་འདུས་གསང་བ་རྣམས་སུའོ། །དེ་ནས་རྣལ་འབྱོར་དམ་ཚིག་མཆོག་།ཅེས་བྱ་བ་ལ་སོགས་པ་ནས་འཁོར་ལོ་ཡང་དག་ལེགས ་གྲིས་ལ། །སྔར་ཞེས་བྱ་བ་ལ་སོགས་པའི་གཞུང་གི་དོན་ནི་འདི་ཡིན་ཏེ། ཚོན་ནི་རྩ་དགྱེ་བ་དང། མཚན་མ་དགོད་པ་ལ་སོགས་པ་རྫོགས་པ་དང། རྡོ་རྗེ་ར་བ་དང། འོད་ཀྱིས་བསྐོར་བའི་ཕྱི་རོལ་ཏུ་དཀྱིལ་འཁོར་གྱི་ཁང་པའི ་ས་གཞི་བོ། ལྕི་བའི་བྱུགས་ལ་སྤོས་ཆུས་ཆག་ཆག་བཏབ་སྟེ། མེ་ཏོག་གི་སེལ་མ་གཏོར་ལ་བུམ་པ་རྣམས་གཞན་དུ་བཞག་སྟེ། བླ་རེས་ལ་སོགས་པ་བྲེ་བ་དང། མཆོད་པ་རྣམ་པ་ལྔ་དང། ཕྱི་ནང་གི་མཆོད་པས་རྒྱ ་ཆེར་མཆོད་པར་བྱའོ། །དེའི་ཆོ་ག་ནི་འདི་ཡིན་ཏེ། ཤར་ཕྱོགས་ཀྱི་སྒོར་སྟན་ཤིན་ཏུ་བཟང་པོར་སློབ་དཔོན་ཤིན་ཏུ་ཁྲུས་བྱས་པ་ཡན་ལག་དྲེས་བྱུགས་པ་ཕྲེང་བ་དང་གོས་གྱིས་བརྒྱན་པ་ལྷ? ་ལ་མངོན་པར་ཕྱོགས་ནས་འདུག་སྟེ། ལོ་བཅུ་གཉིས་ལོན་པ་རྒྱུད་ལས་བཤད་པའི་མཚན་ཉིད་དང་ལྡན་པའི་ཕྱི་རོལ་གྱི་བུད་མེད་ཡོང་པར་གྱུར་ན་དེ་དང་ལྷན་ཅིག་སྙོམས་པར་ཞུགས་ལ། ཏིང་ངེ་འཛིན་གསུམ་གྱི ་སྦྱོར་བ་དང་ལྡན་པས་དཀྱིལ་འཁོར་བསྒྲུབ་པར་བྱའོ། །དེའི་རིམ་པ་ནི་འདི་ཡིན་ཏེ་རྡུལ་ཚན་གྱི་དཀྱིལ་འཁོར་བསྒྲུབ་པ་ལ་སྒྲུབ་ཐབས་ཀྱི་ཆོ་གའི་རིམ་པས་དང་པོའི་སྦྱོར་བ་ཇི་ལྟ་བ་བཞིན་དུ་བྱས་ལ། དེ་ནས་རང་འོད་ཀྱི་ཆུ ་སྐྱེས་སུ་ཡིད་ཀྱིས་གཞལ་ཡས་ཁང་བསྐྱེད་ནས་སྙིང་པོ་འོད་ཀྱིས་དྲངས་པའི་དེ་བཞིན་གཤེགས་པའི་ཚོགས་རང་གི་ལུས་ལ་བཅུག་སྟེ། ཞུ་བར་གྱུར་པའི་རྡོ་རྗེ་ལམ་ནས་བཏོན་ཏེ་སྤྲུལ་པའི་གཞལ་ཡས་ཁང་ན་གནས ་པའི་སྣ་ཚོགས་པདྨ་ལ་གནས་པའི་ཟླ་བ་དང་ཉི་མ་ལ་གནས་པའི་གདན་བཅུ་དགུ་ལ་རང་གི་རིགས་ཀྱི་མདོག་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་གཟུགས་སུ་བསམས་ལ་དེ་ཡོངས་སུ་གྱུར་པ་ལས་འཁོར་ལོའི ་གཙོ་བོའི་ས་བོན་ལས་བྱུང་བའི་ལྷ་བཅུ་དབུའི་བདག་ཉིད་ཇི་སྐད་དུ་བཤད་པའི་དཀྱིལ་འཁོར་བསམས་ནས་དེར་སློབ་མ་ལ་འཇུག་པའི་ཆོ་གས་ཞུགས་ཏེ། དབང་བསྐུར་བ་ཐམས་ཅད་ཐོབ་པའི་འོག་ཏུ་རྗེས་སུ་གནང་བ ་ཐོབ་ནས་ཇི་ལྟ་བ་བཞིན་དུ་ཕྱུང་སྟེ་རང་གི་མཚན་མ་ཇི་ལྟ་བའི་གནས་སུ་བཞག་ནས་རྡོ་རྗེ་དང་ཆུ་སྐྱེས་བསྐྱོང་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་བཀུག་ལ་དཀྱིལ་འཁོར་གྱི་འཁོར་ལོའི་ངོས་ལ་བཞག་ཅིང ་འཁོར་ལོ་ཅན་དང་ལྷན་ཅིག་འོངས་པའི་བགེགས་རྣམས་གཤིན་རྗེ་གཤེད་ལ་སོགས་པའི་སྦྱོར་བས་བསྐྲད་ལ་རྡོ་རྗེར་བ་ཁ་གྱེས་པའི་མཚམས་ཡིད་ཀྱིས་སྐད་ཅིག་ཙམ་གྱིས་བརྟན་པར་གྱུར་པར་བལྟའོ། །དེ་ནས་ཨོཾ་ཨཱ(རྒྱུད་འགྲེལ་བ་ར་སད་ཀ་པྲ་ཏཱི་ཙྪ་ཧཱུཾ་ཞེས་པ་འདི་ཡིས་དེ་ལ་ཨརྒ་དབུལ་བར་བྱའོ། །ོཾ་ཨཱ(རྒྱུད་འགྲེལ་པས་བསྟོང་ལ་སྒོ་བ་རྣམས་ཀྱི་སྒོའི་བྱ་བའོ། །ོཾ་ཨཱ(རྒྱུད་འགྲེལ་ཛྙཱ་ན་ཏ་ཀྲིཏ་ཏ་ཛྙཱ་ན་མཎྜ་ལ་པྲ་བེ་ཤ་ཡ་ཧཱུཾ་ཧཱུཾ་ཞེས་བྱ་བས་དམ་ཚིག་གི་དཀྱིལ་འཁོར་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་གཞུག་པར་བྱའོ། །ོཾ་ཨཱ(རྒྱུད་འགྲེལ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་བཅིང་བར་བྱའོ། །ོཾ་ཨཱ་བགྷྣིན་ཏ་ཀྲིཏ་ན་ཛྙཱ་ན་མཎྜལ་ལ་ཏོ་ཥ་ཡད་ཧོ་ཧཱུཾ་ཞེས་བྱ་བས་བདུད་རྩི་འཁྱིལ་བའི་འོད་ཟེར་རྣམས་ཡི་དཀྱིལ་འཁོར་བ་དངོས་གྲུབ་སྟེར་བ་ལ་མངོན་དུ་ཕྱོགས་པར ་བྱའོ། །ཡེ་ཤེས་ཀྱི་དཀྱིལ་འཁོར་དང་ལྷན་ཅིག་དམ་ཚིག་གི་དཀྱིལ་འཁོར་གཅིག་ཏུ་བྱས་ཏེ། ཡེ་ཤེས་སེམས་དཔའ་ཡང་དཀྱིལ་འཁོར་གྱི་བདག་པོར་འགྱུར་ཏེ་འདི་ནི་ཆེ་པོའི་བསྙེན་པའོ། །རང་འོད་ཀྱི་ལྷ་མོའི་སྙིང ་གའི་ཡེ་ཤེས་སེམས་མ་ནི་བདག་པོ་མེད་པ་ཡིན་ནོ། །ཆེན་པོའི་ཉེ་བར་སྒྲུབ་པ་དང། སྒྲུབ་པ་དང། སྒྲུབ་པ་ཆེན་པོ་དང་ལྡན་པའི་དཀྱིལ་འཁོར་ཡང་དག་པར་མཆོད་ནས་མེ་ཏོག་དང། བདུག་པ་དང། མར་མེ་དང། ཕྲེང ་བ་དང། བྱུག་པ་དང། ཕྱེ་མ་དང། ཆོས་གོས་དང། གདུགས་དང། རྒྱལ་མཚན་དང། བ་དན་དང། བ་རེས་དང། རྔ་ཡབ་ལ་སོགས་པ་དང། བཟའ་དང། བཅའ་བ་དང། ལྔག་པ་དང། ་བཞི་བ་པ་དང། བཏུང་བ་ལ་སོགས་པའི་གཏོར་མའི་ཉེ་བར་སྤྱོད་པ་དང། གླུ་དང་གར་དང་རོལ་མོ་དང་རྒྱན་དང་རང་གིས་བརྟགས་པའི་གླང་པོ་ཆེ་དང་རྟ་དང་བ་ཡང་གི་ཁྱུ་ལ་སོགས་པ་བསྟབས་ཏེ་དྲིལ་བུ་དཀྲོལ་ཞིང་མི་བསྐྱོད་རྡོ་རྗེ་ཞེས ་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་བསྟོད་པ་བྱའོ། །སྒོ་སྐྱོང་བཞི་ཡིས་ཀྱང་བརྗོད་མ་ཐག་པའི་དཀྱིལ་འཁོར་བསྒྲུབ་པའི་ཆོ་ག་དང། དྲིལ་བུ་དཀྲོལ་ཞིང་བསྟོད་པ་ལ་ཐུག་པ་ཐམས་ཅད་ཉམས་སུ་བླང་བར་བྱའོ། ། ་ཕྱི་ནས་ལས་ཀྱི་ཕྱག་རྒྱའི་ཆུ་སྐྱེས་ལ་གནས་པར་རང་གི་ཁས་མེ་ཏོག་དང་བཅས་པའི་རང་གི་སེམས་ལས་བྱུང་བ་བླངས་ཏེ་རང་གི་རྡོ་རྗེ་ལ་གནས་པ་ཡང་རིག་པའི་ཁ་ཡིས་བླངས་ནས་ཅིན་ཙན་དན་བཟང་པོ་ལ་སོགས་པ་དང་ལྡན་པའི ་པདྨའི་སྣོད་དུ་བླུགས་པའི་ཡེ་ཤེས་ཀྱི་བདུད་རྩི་བསྐྱེད་པ་ལ་མཆོད་པའི་དོན་དུ་དབུལ་བར་བྱའོ། །མགོན་པོ་རྣམས་དང་རང་ཉིད་ཀྱིས་སྤྲུལ་པ་ལ་ཡང་ཕྱག་བྱ་སྟེ། བཟོད་པར་གསོལ་ནས་དངོས་གྲུབ་ཐམས་ཅད་ཀྱི་རྗེས་སུ ་སེམས་ཅན་གྱི་དོན་མཛོད་ཅིག་ཅེས་གསོལ་བ་བཏབ་ནས་བསྒྲུབ་པའི་གྲོགས་མཆོག་དཀྱིལ་འཁོར་དུ་བཞག་སྟེ། ཕྱིར་བྱུང་ལ་གཏོར་མ་བཏང་ནས་འདི་སྐད་བརྗོད་པའི་རིམ་གྱིས་སློབ་མ་གཞུག་པའི་ཆོ་གས་སློབ་དཔོན་ཉིད ་འཇུག་པར་བྱའོ། །སླར་ཡང་བཟང་པོ་ཞབས་ཀྱིས་བརྗོད་པའི་དོན། །སྒོ་རྣམས་ཀུན་ཏུ་ཤེས་བྱས་ལ། །རང་གི་འཁོར་ལོར་རབ་གསལ་བར། །ཞེས་པ་ལ་སོགས་པའི་དོན་ཡིན་ནོ། །ཕྱི་རོལ་གྱི་རིག་མཛད་དུ་ཡང?? ་འདི་ཁོ་ན་ལྟར་དཀྱིལ་འཁོར་བསྒྲུབ་པར་བྱའོ། །སྔགས་བཏུ་བ་དང་གཏོར་མ་བསྒྲུབ། །ཕུར་བུས་གདབ་དང་འཁོར་ལོ་སྒྲུབ། །ཁ་སྦྱར་དབྱེ་དང་དབང་བསྐུར་བཟླས། །ཕྱིར་ཟློག་པ་ནི་གཉིས་སུ་གྲགས། །གང་ཡང་བདག་པོ ་གཏི་མུག་པས། །ལེགས་བྱས་འདི་ལ་ཉེས་བྱས་གང། །གང་ཕྱིར་ལུས་ཅན་སྐྱབས་འགྱུར་བ། །དེ་ནི་མགོན་པོས་བཟོད་པར་མཛོད་དོ། །གཙོ་བོས་ནུས་པ་མ་མཆིས་ཤིང། །མ་རྙེད་པ་དང་མ་འབྱོར་པ། །འདི་ནི་བྱས་པ་གང ་བྱས་རྣམས། །དེ་དག་ཐམས་ཅད་བཟང་པར་མཛོད། །དེ་ཁོ་ན་ཉིད་བཅུ་པ་སློབ་དཔོན་རྒྱན་པས་མཛད་པ་རྫོགས་སོ།། །།བོད་ཀྱི་ལོ་ཙ་བ་དགེ་སློང་དར་མ་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ ་གཏན་ལ་ཕབ་པའོ།། །།*། །རབ་ཏུ་གནས་པའི་ཆོ་ག་སློབ་དཔོན་ཆེ་པོ་ཟླ་བའི་འོད་ཀྱིས་མཛད་པ་བཞུགས་སོ། །*། །རྒྱ་གར་སྐད་དུ་།པྲ་ཏིཥྛ་བི་དྷི། བོད་སྐད་དུ། རབ་ཏུ་གནས་པའི ་