CLOSE WINDOW

N1551: 'phags pa spyan ras gzigs 'jig rten dbang phyug sgrub pa'i thabs
Wyliee-texts based on the ACIP/ALL Input

ཏོ་ལོང་གཅིག་།བོ་ལོང་བཅུ་གཉིས་ཞོ་གཅིག། །།རྒྱ་གར་སྐད་དུ། ཨཱརྱཱ་ཝ་ལོ་ཀི་ཏེ་ཤྭ་ར་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་སྤྱ་ན་རས་གཟིགས་འཇིགས་རྟེན་དབང་ཕྱུག་སྒྲུབ་པའི་ཐབས། འཇིག ་རྟེན་མགོན་བོ་ལ་ཕྱག་འཚལ་ལོ། །གང་ཐུགས་ཐུགས་རྗེའི་དབང་གྱུར་ཏེ། །རྟག་ཏུ་གཞན་གྱི་དོན་མཛད་པ། །འཇིག་རྟེན་མགོན་ལ་ཕྱག་འཚལ་ཏེ། །དེ་ཡི་སྒྲུབ་ཐབས་བྲི་བར་བྱ། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ཅིང། དང ་དང་སྙིང་རྗེར་ལྡན་པ་དང། །བླ་མ་ལ་གུས་གཏོང་སེམས་ལྡན། །བདེན་པར་སྨྲ་ཞིང་བརྩོན་ལྡན་པས། །ཡིད་དང་རྗེས་སུ་མཐུན་ནས་སུ། །བདེ་བའི་སྟན་ལ་འདུག་ནས་ཀྱང། །སྔོན་དུ་བྱ་བ་རྣམས ་བྱས་ལ། །འཇིག་རྟེན་མགོན་པོ་བསྒྲུབ་པར་བྱ། །དང་པོ་ཉིད་ཀྱི་སྙིང་གར་ཨ་ལས་རི་བོང་ཅན་བསམས་ལ། དེའི་སྟེང་དུ་ས་བོན་གྱི་ཡི་གེ་བསམས་ཏེ། དེ་ལས་འོད་འཕྲོས་པས་འཇིག་རྟེན་མགོན་པོ་སྤྱན་དྲངས་ཏེ་ཕྱག ་ལ་སོགས་པ་ཡན་ལག་བདུན་པ་བྱའོ། །དེ་ནས་གསུམ་ལ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་བྱས་ལ་སྙིང་རྗེ་ཆེན་པོ་བསྒོམ་པར་བྱའོ། །ོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱ་ཏྨ་ཀོ་ཧཾ་ཞེས་བརྗོད་དོ། །དེས་དངོས་པོ་ཐམས་ཅད ་གཟུང་བ་དང་འཛིན་པ་གཉིས་སུ་མེད་པ་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །དེ་ནས་རང་གི་སེམས་ཉིད་པོཾ་ལས་པདྨ་འདབ་མ་བརྒྱད་པར་བསམས་ཏེ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་རོ། །དེའི་དབུས་སུ་ཡང་ས་བོན ་གྱི་ཡི་གེ་དེ་ཉིད་དོ། །དེ་ལས་འོད་འཕྲོས་འགྲོ་བ་རྣམས་དག་པར་བྱས་ནས་དེ་ཉིད་དུ་བསྡུ་བར་བྱའོ། །དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་འཇིག་རྟེན་མགོན་པོ་སྐུ་མདོག་དམར་པོ། །ཞལ་གསུམ་པ། དམར་པོ་དང། དཀར ་པོ་དང། སྔོན་པོར་སྣང་པ་དང། ཕྱག་དྲུག་པ་གཡས་གཡོན་དང་པོ་གཉིས་སྙོམས་པར་འཇུག་པའི་ཕྱག་རྒྱ་ཅན། གཡས་ཀྱི་གཉིས་པ་དང་གསུམ་པ་ན་པདྨ་དང་རལ་གྲི་བསྣམས་པ། གཡོན་གྱི་གཉིས་པ་དང་གསུམ ་པ་ན་རིན་པོ་ཆེ་དང་འཁོར་ལོ་བསྣམས་པའོ། །དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་རང་དང་འདྲ་བའི་ཆ་ཕྲ་བའོ། །དེའི་ཐུགས་ཀར་རི་བོང་ཅན་ལ་ས་བོན་གྱི་ཡི་གེའོ། །དེ་ལས་འོད་འཕྲོས་ཏེ་ཡེ་ཤེས་པ་རང་བཞིན་གྱི ་གནས་ནས་སྤྱན་དྲངས་ལ་མཆོད་པ་བྱས་ལ་ཛ(རྒྱུད་འགྲེལ་བྱའོ། །ཡང་ས་བོན་ལས་འོད་འཕྲོས་ཏེ་སངས་རྒྱས་ལྔ་སྤྱན་དྲངས་ལ་མཆོད་པ་བྱས་ལ། མགོན་པོ་དེ་བཞིན་གཤེགས་ཀུན་གྱིས། །བདག་ལ་དབང་བསྐུར་མཛད་དུ་གསོལ། །ཞེས་གསོལ་བ་གདེབ་ཅིང། དེས་དབང་བསྐུར་བར་བསམ ་ཞིང་རིགས་ཀྱི་བདག་པོས་རྒྱས་གདབ་བོ། །དེ་ཉིད་རྣམ་པར་གསལ་བར་བསྒོམ་པར་བྱའོ། །ཡང་འབྱུང་བ་རླུང་ལས་གྲུབ་པའི་པདྨ་ཙ་ན་ཀའི་ཚད་ཙམ། །སྟེང་གི་སྣའི་རྩེ་མོར་རེག་པའི་མཚན་མ་དང། །གཟུགས་ཀྱི་མཚན་མ་བྱུང་གི ་བར་དུ་བསྒེམ་པར་བྱའོ། །ཡང་ས་བོན་གྱི་ཡི་གེ་དེ་ལས་དེའི་སྐུ་རྣམས་སྤྲོ་ཞིང་བསྡུ་བར་བྱའོ། །དེ་ནས་སྤྲོ་བར་གྱུར་ན་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀར་ས་བོན་ལ། ཨོཾ་ཨཱ(རྒྱུད་འགྲེལ་དེ་མན་དག་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱའོ། །དེ་ནས་ལྡང་བར་འདོད་ན་ཡེ་ཤེས་སེམས་དཔའ་ཕྱུང་ལ་མཆོད་པ་བྱས་ཏེ། གང་ཡང་བདག་བློ་གཏི་མུག་པས། །འདིར་ནི་བྱ་མིན་གང་བྱས་པ། །གང་ཡང་ལུས་ཅན་སྐྱབས་གྱུར་པ། །མགོན ་བོ་ཁྱོད་ནི་བཟོད་པར་མཛད་ཅེས་གསོལ་བ་གདབ་པར་བྱའོ། །རྟག་ཏུ་གཞན་གྱི་དོན་མཛད་པ། །འཇིག་རྟེན་དབང་ཕྱུག་གྲུབ་པ་ནི། །དགེ་བ་དེ་ཡིས་ཐོབ་གྱུར་ཅིག་།འགྲོ་བས་ཀྱང་ནི་དེ་ཐོབ་ཤོག་།ཅེས་བྱ་བས་སྨོན་ལམ་གདབ་པར་བྱའོ། ། ་དེ་ནས་ཨོཾ་ཨཱ(རྒྱུད་འགྲེལ་གཏོར་མ་སྤྱད་པའི་རིམ་པ་ནི་ཡིན་ནམ། །ཡཾ་བྱུང་རླུང་ལས་རཾ་བྱུང་མེ། ། ལས་བྱུང་བའི་པད་སྣོད་དུ། །མུ་བི་ར་ཤུ་མ་ལས་བྱུང་བའི། །རྡོ་རྗེ་ཆུ་སོགས་རྫས་རྣམས་བསད། །སྦྱང་བ་ལ་སོགས་རྣམ ་བྱས་ནས། །དེ་རུ་ཡི་གེ་ཧཱི(རྒྱུད་འགྲེལ་ལན་བདུན་ནམ་གསུམ་བཟླས་ལ་དབུལ་བར་བྱའོ། །དེ་ནས་དེ་རྣམས་ཚིམ་པས་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ཐོབ་པར་བསམས་ལ། ཨོཾ་ཨཱ(རྒྱུད་འགྲེལ་དུས་སུ། །སྔ་མའི་ཏིང་ངེ་འཛིན་དེ་ཉིད་ཀྱིས། །ཁ་ཟས་སྔ་མ་བཞིན་སྤྱངས་ལ། །སྙིང་གར་རང་གི་ལྷ་བསམས་ལ། །ནང་གི་སྦྱིན་སྲེག་བསམ་ལྡན་པས། །ཟས་ལ་ཉེ་བར་སྤྱད་པར་བྱ། །དེ་ནས་མཆོད་རྟེན་ལ་སོགས་ཀྱི། །དགེ ་བའི་ལས་ལ་འབད་པར་བྱ། །ཉལ་བའི་དུས་སུ་བདག་ཉིད་ཀྱི། །སྙིང་གའི་ས་བོན་དེ་ཉིད་དུ། །བརྟན་དང་གཡོ་བ་ཀུན་བསྡུས་ཏེ། །བདག་ཉིད་ཀྱང་ནི་དེང་བསྡུས་ལ། །སྟོང་ཉིད་ཏིང་ངེ་འཛིན་ལ་གནས་བྱ། །ནད་པར་ལངས ་ནས་སྔ་མ་བཞིན། །སྒྲུབ་པ་ལ་ནི་འཇུག་པར་བྱ། །ཁྲུས་ནི་རང་ལ་དབང་བསྐུར་བསམ། །དཔལ་ལྡན་འདུས་པའི་རྗེས་འབྲངས་ཏེ། །འཇིག་རྟེན་དབང་པོ་སྒྲུབ་པའི་ཐབས། །མར་མེ་མཛད་དཔལ་ཡེ་ཤེས་ཀྱིས། །མན་ངག ་མདོར་བསྡུས་འདིར་བཤད་ཡིན། །འཇིག་རྟེན་མགོན་པོ་སྒྲུབ་པའི་ཐབས་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ཤྲཱི་གུ་ཧཡ་སམཱ་ཇི ་