CLOSE WINDOW

N1547: de kho na nyid rin po che snang ba
Wyliee-texts based on the ACIP/ALL Input

ཤར་ཕྱོགས་ཀྱི་དཔེ་ལས་ཞུ་ཐུག་དབྱར་ཁྲལ་འཚལ་བ་ལགས་སོ།། །། *། །དེ་ཁོ་ན་ཉིད་རིན་པོ་ཆེ་སྣང་བའི་བཤད་པ་སློབ་དཔོན་ཆེན་པོ་དག་གི་དབང་ཕྱུག་གྲཊ་བས་མཛད་པ་བཞུགས་སོ།། །། *། །རྒྱ་གར་སྐད་དུ། ཏཏྟཝ་བཏྨཱ་ལོ་ཀ། ་བོད་སྐད་དུ། དེ་ཁོ་ན་ཉིད་རིན་པོ་ཆེ་སྣང་བ། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཔེ་མེད་བདེ་བའི་ངོ་བོ་དཔལ་གྱི་གནས་གྱུར་གནས་འདྲེན་པ། །དཔེ་མེད་ལྷ་མོ་བཅུ་ཡི་ངོ་བོ་རིག་དང་རིག་པར་བཅས། ། ་སྲིད་པ་གསུམ་ཕན་བདེ་བ་ཐོབ་མཛད་འགྱུར་པ་མེད། །ཇི་སྲིད་རེ་བ་སྣང་བར་ཕྱག་ན་པདྨ་རྒྱལ་གྱུར་ཅིག་།དཔལ་ལྡན་སྔགས་ཀྱི་གཞུང་ལུགས་མཛེས་པའི་དབང་བཞིའི་ངོ་བོ་དག་།རབ་ཏུ་གསལ་བའི་སྒྲས་སྟོང་གྱུར་པས་གང་གིས ་མེ་ཤེས་ཤིང་དུ་མའི་མན་ངག་བདུན་གྱི་དབྱེ་བའི་ཚོགས་ཀྱིས་ཡོངས་འཁྲུགས་པ། །དེ་དག་རྣམས་ཀྱིས་གསལ་བར་རྟོགས་པར་བྱ་ཕྱིར་འབད་པས་བྱ། །དེ་ཉིད་བསྒྲུབ་བྱའི་ངོ་བོར་རིག་པ་ལ། །མུ་སྟེགས་མ་ལུས་བློ་རྣམས་རྣམ ་པར་འཁྲུལ། །དེ་ལས་རིག་བྱེད་མཐར་ནི་སྨྲ་བ་ཡིས། །སྐྱེ་བོ་རྣམས་ནི་དེ་ཉིད་མཆོག་ཅེས་སྨྲ། །དགའ་བའི་ངོ་བོ་རང་རིག་མི་གཡོ་ཞིང། །བསྒྲུབ་བྱར་འདོད་པ་རིག་བྱེད་མཛའ་ཅན་བའོ། །ཉན་ཐོས་རང་རྒྱལ་བཅས་བ་གཟུགས ་ལ་སོགས། །ཕུང་པོ་དག་དང་བྲལ་བ་བསྒྲུབ་བྱར་འདོད། །རྣམ་པས་སྟོང་པ་ནམ་མཁའ་ཟླ་བའི་ངོ་བོ་ཉིད། །སོ་སོར་རང་རིག་སྙིང་རྗེའི་རང་བཞིན་ཅན། །མཛེས་པའི་མཚན་རྣམས་ཀྱིས་བརྒྱན་དོ་ན་མཛད་པ། །སྦྱིན་ལ་སོགས་པའི་རྒྱུ་མཐུན ་བདེ་བྲལ་བ། །སྦྱིན་སོགས་ཕ་རོལ་ཕྱིན་དྲུག་ཚུལ་གནས་པ། །དཀའ་བཅས་སྐུ་ནི་མཛེས་བའི་མཚན་གྱིས་བརྒྱན། །ས་བཅུར་བཞུགས་པས་ཡང་དག་ལོངས་སྤྱོད་པ། །འགྲོ་དོན་མཛད་པ་བསྒྲུབ་བྱར་རབ་ཏུ་སྨྲ། །སྦྱིན་སོགས་ཡོན་ཏན་མ་ལུས ་ཡོངས་རྫོགས་པ། །རྫོགས་སངས་མཛད་པ་མ་ལུས་མཛད་ནས་ནི། །གང་ཞིག་ཡང་དག་མཛའ་ནི་མངོན་མཛད་པ། །འགོག་པའི་ངོ་བོ་བསྒྲུབ་བྱ་ཡང་དག་ཡོད། །ཉིད་མཚུངས་ལྷ་མོས་འཁྱུད་ཅིང་འགྲོ་བ་ཡི། །དོན་མཛད་བདེ་སྡུག་ཉིད་བྲལ ་ངོ་བོ་ཉིད། །སྐུན་ནི་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན། །རྟོག་པ་དང་བྲལ་བསྒྲུབ་བྱར་རབ་ཏུ་འཆད། །དང་པོ་ཉིད་ནས་ལྷ་ཡི་རྣམ་པ་དག་།ཁྱད་པར་གྱིས་སྟོང་བདེ་བ་ཡང་དག་བསྒོམ། །གསལ་འགྱུར་བདེ་ཆེན་འགྲོ་བའི་དོན་མཛད་པ། །ཡིད་བཞིན ་ནོར་བུར་གྲགས་པ་ཁ་ཅིག་སྨྲ། །རང་བདག་བདེ་བའི་ངོ་བོ་མངོན་བྱས་ནས། །ཕྱིས་བཏང་བདེ་བ་ཅམ་ཞིག་འབྲས་འགྱུར་བའོ། །དག་པ་མངོན་སུམ་བྱེད་པ་ནུས་མེད་ནས་།དེ་ཕྱིར་བདག་པོའི་རྣམ་པ་བསྒོམ་པ་ཡིན། །སྐུ་ནི་ནམ་མཁའ་དང་མཚུངས ་ཡན་ལག་མཚན་གྱིས་བརྒྱན། །དཔེ་མེད་བདེ་བས་གང་བ་ཉིད་དང་མཚུངས་པར་འདུས་པ་དང། །ཐུབ་པའི་དབང་པོ་འཕྲོ་བས་སེམས་ཅན་རྣམས་ཀྱི་དོན་མཛད་པ། །ཆད་པས་སྟོང་པ་བསྒྲུབ་བྱ་ཉིད་དུ་གཞན་དག་རབ་ཏུ་སྨྲ། །རང་བདག་བདེ་བའི ་ངོ་བོ་མངོན་བྱས་ནས། །བཏང་སྙོམས་ཡེ་ཤེས་ཙམ་འབྲུས་བུ། །འཁོར་བ་སྲིད་ཞུགས་སེམས་ཅན་དོན་མཛད་པ། །ཡིད་བཞིན་ནོར་གྲགས་གཅིག་ཏུ་ཞི་གྱུར་པའོ།། །།དཀྱིལ་འཁོར་བདེ་གང་མངོན་སུམ་བྱས་ནས་ནི། །ཕྱིས་ནི ་དེ་རིང་འདོད་ལས་དེས་ལྗོག་པ། །སེམས་ཅན་དོན་ཡང་ཡང་དེ་འདིར་མེད་མིན། །གང་ཕྱིར་ངེས་པར་ལྡོག་ལས་རབ་ཏུ་བྱུང། །དེ་རྣམས་ལས་འདོད་ངོ་བོ་གསལ་བྱས་ལ། །ཕྱིར་ནི་འགོག་པར་འབྲས་བུ་ཁ་ཅིག་སྨྲ། །གང་ཕྱིར་འགོག་པའི་ངོ་བོ་ཐ་དད་མིས ་དེ་ཕྱིར་ཐ་དད་ཕྱོགས་ཀྱི་འམ་ཐ་དད་མེད། །ཤེས་རབ་ཡེ་ཤེས་ཕྱིས་ནི་བྱང་ཆུབ་སེམས། །རོ་མྱང་དབང་བཞིར་འཆད་པ་དེ་མཆོག་མིན། །གང་ཕྱིར་བསྒོམ་སོགས་ཀུན་སྩོལ་དོན་མེད་པ། །ཐོབ་འགྱུར་དེ་?? ་རབ་ཏུ་མི་རུང་ཕྱིར། །ཤེས་རབ་ཡེ་ཤེས་ཕྱིར་ནི་དགའ་བའི་རོ། །མྱོང་རྙེད་དབང་བསྐུར་བཞིར་སྨྲ་དེ་དམན་སྟེ། །གང་ཕྱིར་བསྒོམ་སོགས་ཀུན་ལ་རབ་ཏུ་སྩོལ། །སངས་རྒྱས་ཀྱིས་གསུངས་འབྲས་མེད་རབ་ཐལ་འགྱུར། །རྡོ་རྗེའི་ས་བོན་དྲི ་མེད་དགའ་འབབ་པ། །དག་པའི་ཆུ་སྐྱེས་ཡང་དག་མྱུ་གུ་འབྱུང་རྒྱས་ཤིང། །བཞི་པའི་འབྲུ་ནི་ཡོངས་གསལ་སྨིན་འགྱུར་བའི། །བཞི་བདག་ནི་མཁས་པ་རྣམས་ལ་སྦས། །གསལ་བྱེད་བདུད་རྩི་ལྔ་དང་ཐིག་ལེ་ཟླ་བ་དང། །སྨིན ་དབུས་ཐིག་ལེ་ལས་བྱུང་དཀྱིལ་འཁོར་དང། །རླུང་གི་རང་བཞིན་ལྕེའུ་ཆུང་སོགས་དེ་ཉིད། །ངོ་བོ་མིན་བ་བདག་ཉིད་ཀྱིས་རྟག་བྱ། །རྨི་ལམ་མིག་འཕྲུལ་གཟུགས་བརྙན་སྒྱུ་མ་དང། །སྨིག་རྒྱུ་དྲི་ཟའི་ཕྲོད་ཁྱེར་ཆུ་ཟླ་དང། །གཞན་གྱི་སྒྲ ་ཡིས་མངོན་པར་བརྗོད་པ་ཡི། །འདིར་བཤེད་བསྒྲུབ་བྱ་གཞན་ལ་ཡོད་མ་ཡིན། །ཟབ་མོ་སྟོང་ཉིད་སོ་སོར་སྣང་བ་ཙན། །ཞི་བ་ཤིན་ཏུ་ཕྲ་བ་སྒྲས་བརྗོད་མིན། །གོས་མེད་དངོས་བྲལ་དྲི་མེད་ལ་སོགས་དང། །གཞན་སྒྲུབ་ཡོད་པ་འཁྲུལ་པར ་མི་བྱའོ།། །།རྣམ་པ་བདུན་པ་བཀོད་པའི་ཆག་གི་ངོ་བོ་དག་ལས་ནམ་མཁའ་མ་ལུས་བའི། །སློབ་དབྱིངས་ཁྱབ་པར་བྱེད་པའི་བསོད་ནམས་གང་ཞིག་བདག་གིས་ཐོབ་གྱུར་པ། །དེས་ནི་འཇིག་རྟེན་འདི་དག་དཔེ་མེད ་བ་ཡི་རིག་མས་འཁྱུད་པར་འགྱུར་བ་ཡི། །མཛེས་པའི་སྐུ་ལས་རྒྱལ་བའི་སྤྲུལ་བདག་གིས་འགྲོ་བའི་དོན་བྱེད་ཤོག་།དེ་ཁོ་ན་ཉིད་རིན་པོ་ཆེ་སྣང་བ་སློབ་དཔོན་དག་གི་དབང་ཕྱུག་གྲགས་པས་མཛད་པ་རྫོགས་སོ།། །།རྒྱ་གར ་