CLOSE WINDOW

N1545: gsang ba 'dus pa'i dbang bskur ba'i cho ga mdor bsdus pa
Wyliee-texts based on the ACIP/ALL Input

བདག་བཙན་པོ། རྩེ་ལྔེ་བཙན་གྱི་བཀའ་ལུང་གིས། རྒྱ་གར་གྱི་མཁན་པོ་མཁས་པ་ཆེན་པོ་དཔལ་མར་མེ་མཛད་དང། བོད་ཀྱི་ལོ་ཙ་བ་དགེ་སློང་བ་རིས་བསྒྱུར་པའོ།། །། *། །འདུས་པའི་དབང་བསྐུར་བའི་ཆོ་ག་མདོར་བསྡུས་པ་པཎྜིཏ་ཆེན་པོ ་ངག་གི་དབང་ཕྱུག་གྲགས་པའི་ཞལ་སྔ་ནས་མཛེད་པའོ།། །། *། །རྒྱ་གར་སྐད་དུ། སཾ་ཀྵིཔཏཱ་བྷི་ཥེ་ཀ་བི་དྷི་ས་མཱ་ཇི་ཀ་།བོད་སྐད་དུ། འདུས་པའི་དབང་བསྐུར་བ་མདོར་བསྡུས་པ། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས ་དབང་ཕྱུག་ལ་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཆུ་དང་ཅོད་པན་རྡོ་རྗེ་དྲིལ་བུ་མིང། །རིགས་གསུམ་དམ་ཚིག་སྐལ་ལྡན་སློབ་དཔོན་གསང་བ་མཆོག་།དབང་བསྐུར་དམ་པ་དགུ་པོ་གང་ཞིག་བསོད་ནམས་དཔག ་མེད་ཀྱིས། །སྲིད་པ་དག་པར་སྐྱེད་མཛད་སྒྲོལ་མ་དེ་ལ་ཕྱག་འཚལ་ལོ། །རྩོད་པའི་དུས་དང་ཕྲད་པས་ཡིད་གཞུངས་རྣམས་ཞན་ཅིང། །འགྲོ་བ་ཤིན་ཏུ་བསྡུས་པར་འདོད་ཅིང་ནན་ཏན་མེད། །དེས་ན་དབང་རིམ་རྒྱས་པ་སྤངས་པའི་དབང་བསྐུར་མདོར ་བསྡུས་འདི། །ངག་གི་དབང་ཕྱུག་གྲགས་པ་ཡིས་ནི་བརྗོད་པར་བྱ། །མུ་སྟེགས་ལ་མིན་རྨོངས་ལ་མིན། །རྟོག་གེ་སྐམ་པོ་དག་ལ་མིན། །ཉན་ཐོས་ལ་མིན་མ་ནིང་དང། རྒན་པོ་བྱིས་པ་ལ་ཡང་མིན། །རྒྱལ་པོ་ལ་མིན་བུ་ལ་མིན། །དད་པ ་མེད་པ་ལ་མིན་པའི། །བདུན་དང་བརྒྱད་པ་ལ་སྦྱིན་པ། །བསྟན་ལ་ཕན་པ་དོགས་པ་ཉིད། །དེ་ལ་རེ་ཞིག་ཇི་ལྟ་བ་བཞིན་དུ་དབང་བསྐུར་ཞིང་རྗེས་སུ་གནང་བ་རིག་སྔགས་བཟླས་པའི་སྔགས་པས། །སྔོན་ལ་སློབ་མའི་སྣོང་བརྟག་སྟེ། །དད་པ ་དང་ཐོས་པ་ལ་སོགས་པ་ཡོངས་སུ་སྦྱངས་པ་དོན་དུ་གཉེར་ཞིང་ལེགས་པར་བརྟགས་པའི་སྐལ་བ་དང་ལྡན་པའི་སློབ་མ་དག་ལ། དབང་བསྐུར་བ་ལ་སོགས་པས་གཟུང་བར་འདོད་པས། དཀྱིལ་འཁོར་ལ་སོགས་པའི་གནས་ནི་རྒྱལ་པོ ་དང་ཆོམ་རྐུན་ལ་སོགས་པ་ཉེ་བར་འཚོ་བ་ཐམས་ཅད་དང་བྲལ་བའི་དཀྱིལ་འཁོར་གྱི་ཁང་པ་ལ་སོགས་པ། ཆོ་ག་ཇི་ལྟ་བ་བཞིན་དུ་བྲིས་པའི། རྡུལ་ཚོན་གྱི་དཀྱིལ་འཁོར་རམ། མཚན་ཉིད་དང་ལྡན་པའི་རས་རིས་ལ་སོགས་པའི་དཀྱིལ་འཁོར ་རམ། མངོན་སུམ་དུ་བྱས་པའི་དཀྱིལ་འཁོར་དུ་མེ་ཏོག་དང། བདུག་སྤོས་དང། ལྷ་བ་ཤོས་ལ་སོགས་པ་རྣམས་ཀྱིས་མཆོད་པར་རང་གི་ལྷའི་རྣལ་འབྱོར་སྔོན་དུ་འགྲོ་བས་རང་ཉིད་སློབ་མ་འཇུག་པའི་རིམ་པས་ཞུགས་ལ། ཡོལ ་བའི་ཕྱི་རོལ་ཏུ་ཡོན་དབུལ་བ་དབང་བསྐུར་བའི་སྐལ་བ་ཅན་གཅིག་གིས་སློབ་མ་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་དམིགས་ལ། ཨཱ་ཁཾ་བཱི་ར་ཧཱུཾ། ཞེས་པ་འདིས་མེ་ཏོག་གི་ཕྲེང་བ་བཟུང་ལ་གདོང་གཡོགས་ཅིང་སྟེ། བགེགས་མཐར་བྱེད་ཀྱི ་སྔགས་བཟླས་པའི་བུམ་པའི་ཆུས་བསངས་གཏོར་བྱས་ལ། དཀྱིལ་འཁོར་དུ་གཞུག་པའི་དོན་དུ་ཀྱེ་བདེ་བ་དགའ་བ་ཁྱོད་སུ་ཡིན་ཞེས་དྲི་བར་བྱའོ། །དེས་ཀྱང་བདེ་ཆེན་བདག་ནི་བསྐལ་བ་བཟང་ངོ་ལས་བརྗོད ་པར་བྱའོ། །དེ་མ་ཐག་ཏུ་ཨོཾ་སརྦབ་ཡོ་ག་ཙིཏྟཾ་ཏ་ཡཱ་མི་ཞེས་པ་འདིས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །དེ་ནས་རྡོ་རྗེ་དང་བཅས་པའི་རྡོ་རྗེ་ཨོཾ་སུ་ར་སྟེ་ས་མ་ཡ་སྟཝཾ་ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ་ཞེས་པ་འདིས་སྙིང་གར་བཞག་པར་བྱའོ། །དེ་ནས ་སྔར་སྨྲས་པའི་ཡི་གེ་ལྔ་པོས་ཡོལ་བའི་ནང་དུ་བཅུག་ལ་འདི་སྐད་རྗོད་པར་བྱའོ། །དང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས་ངས་ཁྱོད་རྡོ་རྗེའི་ཡེ་ཤེས་འདི་བསྐྱེད་པར་བྱ་ཡིས། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས ་པའི་ཡེ་ཤེས་ཀྱང་འཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་ཅི་སྨོས། ཁྱོད་ཀྱིས་འདི་དཀྱིལ་འཁོར་མ་མཐོང་བའི་མདུན་དུ་སྨྲ་བར་མ་བྱེད་ཅིག། སྨྲས་ན་ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ། དེ་ནས་རྡོ་རྗེ་སྤྱི་བོར་བཞག་ནས། འདི་སྐད་བརྗོད ་པར་བྱའོ། །འདི་ཁྱོད་ཀྱིས་དམ་ཚིག་གི་རྡོ་རྗེ་སྟེ། གལ་ཏེ་ཁྱོད་ཀྱིས་འདི་འགའ་ཞིག་ལ་སྨྲས་ན་སྤྱི་བོ་འགེམས་པར་འགྱུར་རོ། །རྡོ་རྗེ་སེམས་རང་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་མཛད། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་པ་འདིས་མནའ་བསྒགས་ལ། །ཙན་དན་དང་གུར་གུམ་ལ་སོགས་པ་བསྲེས་པའི་ཆུ་ལ། ཨོཾ་བཛྲ་ཨ་མྲི་ཏ་ཨུ་ད་ཀ་ཋ་ཞེས་པའི་སྔགས་ལན་བདུན་བཟླས་ཏེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ ་ཚིག་ཉམས་ན་བསྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་སྟེར། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཞིག་།ཅེས་བརྗོད་ཅིང་བླུད་པར་བྱ། །དེ་ནས་འདི་དག་བརྗོད་པར་བྱ་སྟེ། །དེང་ནས་བརྩམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་??་ཡིན་གྱིས། ། ་ངས་འདི་གྱིས་ཤིག་བསྒོ་བ་གང་ཡིན་པ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག་།ཡང་བ་མ་སྤངས་པར་ཁྱོད་དུས་བྱས་ནས་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་ཏ་རེ། དེ་དག་ནི་དམ་ཚིག་གི་ཆུ་སྦྱིན་པའོ། །དེ་ནས ་དཀྱིལ་འཁོར་གྱི་ཆོ་ག་ལ་སོགས་པར་གསུངས་པའི་དབབ་པའི་ཆོ་གས་དབབ་པར་བྱའོ། །དེ་ནས་བདེན་པའི་བྱིན་བརླབས་ད་ལྟར་དཀྱིལ་འཁོར་དུ། སློབ་མ་འདི་ནི་ལེགས་བཅུག་ནས། །བསོད་ནམས་ཇི་ལྟ་དེ་བཞིན་ཤོག་།ལྷ་རྣམས་རིགས་ཀྱི ་རིམ་པ་དག་།འདི་ཡིས་དངོས་གྲུབ་ཇི་འདྲར་འགྱུར། །རིགས་གང་གིས་ནི་སྣོད་འགྱུར་དང། །བསོད་ནམས་མཐུ་དག་ཅི་འདྲ་བ། །དེ་འདྲ་དཀྱིལ་འཁོར་འདི་རུ་ཤོག་།ཞེས་དེ་ལྟར་བྱས་ནས། །ཁྱོད་ཀྱིས་མིག་གིས་ཅི་འདྲ་བ་དག་སྣང། །ཞེས་དྲི་བར ་བྱའོ། །དེ་ནས་དེ་བརྗོད་པའི་དཀར་པོ་དང་སེར་པོ་དང་དམར་པོ་དང་ནག་པོར་སྣང་བ་རྣམས་ཀྱིས། ཞི་བ་དང་རྒྱས་པ་དང་དབང་དུ་བྱ་བ་དང་དྲག་ཤུལ་སྤྱོད་པའི་དངོས་གྲུབ་ཀྱི་སྐལ་པ་རྣམས་སུ་གོ་རིམ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ། །དེ་ནས་དེས ་གཟུང་བའི་མེ་ཏོག་གི་ཕྲེང་བ་དེ་དཀྱིལ་འཁོར་དུ་པྲ་ཏཱིཙྪ་བཛྲ་ཧོ། ཞེས་བྱ་བ་འདིས་དོར་བར་བྱའོ། །དེ་ནས་མེ་ཏོག་དོར་བ་ལས་དམན་པ་དང་མཆོག་ལ་སོགས་པའི་དངོས་གྲུབ་མཚོན་པར་བྱའོ། །དེ་ལ་གལ་ཏེ་སངས་རྒྱས་རྣམས་ཀྱི་དབུ་འམ་མཛོད ་པུ་འམ། གཙུག་ཏོར་ལ་ལྟུང་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པོ། །གལ་ཏེ་སྤྱན་ནས་ཞལ་ལ་ལྟུང་ན་སྔགས་ཀྱི་དངོས་གྲུབ་ཏུ་འགྱུར་རོ། །ཡན་ལག་མཆོག་ལ་ནི་མཆོག་གོ་།ཡན་ལག་བར་པ་ལ་ནི་འབྲིང་ངོ། །སྨད་ཀྱི་ཆ་ལ་ནི་ཐ་མའོ། ། ་གཟུགས་ལས་རིང་ན་ཤིན་ཏུ་ཡུན་རིང་བའོ། །ཉེ་བ་ལ་ནི་མྱུར་དུ་དངོས་གྲུབ་བོ། །ལྷ་རྣམས་ཀྱི་རང་གི་གནས་ཀྱི་ལེ་ཚེ་ལ་སོགས་པར་བཅས་པར་ཤེས་པར་བྱའོ། །ལྷ་གཉིས་ཀྱི་བར་དུ་ལྷུང་ན་དེའི་>ཚེ་མེ་ཏོག་གང་ལ་ཉེ་བ་དེའི་རིགས་ཡིན་ནོ། དཀྱིལ ་འཁོར་གྱི་ཕྱི་རོལ་ཏུ་ལྷུང་ན་ནི་དངོས་གྲུབ་ཕྲན་ཚེགས་སུ་འགྱུར་རོ། །གལ་ཏེ་རི་མོ་ལ་ལྷུང་ན་དེ་ཚེ་སླར་ཡང་དོར་བར་བྱ་སྟེ། ལན་གསུམ་བྱས་ཀྱང་དེ་ཉིད་དུ་ལྷུང་ན་དངོས་གྲུབ་མེད་དོ། །སྙིང་པོ་ལ་ལྷུང་ན་ནི་ཕྲན་ཚོགས་སོ། ། ་དེ་དག་ནི་མེ་ཏོག་དོར་བའོ། །དེ་ནས་དོར་བའི་ཕྲེང་བ་དེ་སླར་ཡང་བླངས་ནས་སློབ་མའི་སྦྱི་བོར་བཅིངས་ནས་པྲི་ཏ་གྲིཧྞ་ཏྭ་མི་མཾ་སཏྭ་མཧཱ་བ་ལ་ཞེས་བརྗོད་དོ། །ོཾ་བཛྲ་སྟཝ་ཡ་ཏརྱ་ཙ་ཀྵཱུ་ཏ་གཏཊ་ཏཏ་སཕ་ར་ཎ་ཨུ་ད་གྷཊ་ཨ་ཏི་སརྦབ་ཀཱོ། བཛྲ་?? ་ནུ་ཏྟ་རཾ། ཞེས་བརྗོད་ཅིང་གདོང་གཡོགས་དཀྲོལ་བར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་སོ་སོའི་མིང་དི་བརྗོད་ལ། སྔོན་དུ་འགྲོ་བས་སྒོ་སྐྱོད་ནས་བརྩམས་ནས་བདག་པོའི་མཐར་ཐུག་བསྟན་པར་བྱའོ། །དེ་དག་ནི་དཀྱིལ་འཁོར་དུ་གཞུག་པའི་ཆོ ་གའོ། །དེ་ནས་བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་གསལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་སླད་དུ། །མཁའ་འགྲོ་རྡོ་རྗེ་དེང་བདག་སྩོལ། །ཞེས་བྱ་བས་གསོལ་བ་བཏབ་ལ། བུམ་པ་བཟུང་བའི་སྤྱན་མ་ལ་སོགས ་པ་རྣམས་ཀྱིས་དབང་བསྐུར་བར་བྱ་སྟེ། དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །གསང་བ་གསུམ་གྱི་གནས་ལས་བྱུང། །སངས་རྒྱས་ཀུན་གྱི་སྦྱིན་པར་བྱ། །ཞེས་བརྗོད་ནས་བདུད་རྩི་འཁྱིལ་པ་བཟླས་པའི ་བུམ་བ་ནས་རྡོ་རྗེ་ཁུ་ཚུར་གྱིས་ཆུ་བླངས་ལ། ཨོཾ་བཛྲ་ཨ་བྷི་ཥིཉྩ་མི། ཞེས་བརྗོད་ལ་གདོང་བཀྲུ། སློབ་མ་འཁོར་ལོ་སྒྱུར་བ་བཞིན་དུ་དབང་བསྐུར་བར་བྱའོ། །དེ་དག་ནི་ཆུའི་དབང་བསྐུར་བའི་ཆོ་གའོ། །དེ་ནས་རང་གི་ལྷ་དང་ལྷན་ཅིག་པའི་གསེར ་དང་རས་ལ་སོགས་པ་ལ་བྱས་བའི་ཅོད་པན་སློབ་མའི་མགོ་བོར་སྔར་སྨྲས་པའི་རིམ་པས་ལེགས་པར་བཞག་ལ། ནམ་མཁའ་ཨི་དཀྱིལ་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེའི་གཟུགས་ཀྱིས་ཅོད་པན་ལ་བཞུགས་པར་བསམ? ་པར་བྱའོ། །དེ་དག་ནི་ཅོད་པན་གྱི་དབང་བསྐུར་བའི་ཆོ་གའོ། །དེ་ནས་རྡོ་རྗེ་བླངས་ལ་སངས་རྒྱས་རྣམས་ཀྱི་རྡོ་རྗེའི་དབང། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རབ་ཏུ་གྲུབ་ཕྱིར་རྡོ་རྗེ་བཟུང། །ཞེས་གདོན་ཅིང་རྡོ་རྗེ ་སྙིང་ག་ལ་སོགས་པར་རག་ནས་ལག་པ་གཡས་སུ་སྦྱིན་པར་བྱའོ། །དེ་དག་ནི་རྡོ་རྗེའི་དབང་བསྐུར་བའི་ཆོ་གའོ། །དེ་ནས་ལག་པ་གཡོན་པར་དྲིལ་བུ་བྱིན་རྡོ་རྗེ་དང་དྲིལ་བུ་ལྡན་པའི་སློབ་མ་ལག་པ་གཉིས་ཀྱིས་འཁྱུད་པའི་ཚུལ་དུ་བྱེད་དུ་བཅུག་ལ། ་ཨོཾ་བཛྲ་ཨ་དྷི་པ་ཏི་ཏྭཾ་ཨ་བྷི་ཥི་ཉྩ་མི་ཏཥྛི་བཛྲ་ས་མ་ཡ་སྟཝཾ། ཞེས་གདོན་པར་བྱའོ། །དྲིལ་བུའི་དབང་བསྐུར་བ་ནི་བདག་པོའི་དབང་བསྐུར་བ་ཞེས་བརྗོད་དོ། །དེ་དག་ནི་དྲིལ་བུའི་དབང་བསྐུར་བའི་ཆོ་གའོ། །དེའི་རྗེས་ལ་རྡོ་རྗེ་དང་དྲིལ་བུ་སླར་མའི ་ལྟེ་བར་བཟུང་ལ། ཨོཾ་བཛྲ་སཏྭ་ཨ་བྷི་ཥིཉྩ་མི་བཛྲ་ན་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་རིགས་དང་མཐུན་པའི་མིང་དག་གདགས་སོ། །དབང་བསྐུར་བ་དེ་དག་གིས་ནི་སྔགས་དང་རྒྱུད་ཉན་པ་དང་འཆད་པ་དང་སྔགས་སྒྲུབ་པ་ལ་དབང ་དུ་བྱུང་བར་འགྱུར་རོ། །དབང་བསྐུར་བ་ལྔ་པོ་དེ་ཉིད་ནི་རིག་པའི་དབང་བསྐུར་བ་ཞེས་བརྗོད་དེ། ཐམས་ཅད་དུ་སྦྱན་མ་ལ་སོགས་པའི་བྱ་བ་ཡོད་པའི་ཕྱིར་རོ། །དེ་དག་ནི་མིང་གི་དབང་བསྐུར་བའི་ཆོ་གའོ། །དེའི་རྗེས་ལ་རིག་པའི་དབང་བསྐུར་བླངས ་ཤི?། །སློབ་དཔོན་གྱི་སྡོམ་པ་བླངས་པ་ལ། རྡོ་རྗེ་སློབ་དཔོན་དབང་བསྐུར་བ་གང་གིས་ཁྱོད་ཀྱི་དིན་གྱིས་བདག་།བདག་དང་གཞན་དོན་ནུས་གྱུར་པ། །ཁ་རྩེ་བའི་གཏེར་ཀྱེ་བདག་ལ་སྩོལ། །ཞེས་གསོལ་པ་བཏབ་པར་གྱུར་པའི་སློབ་མ་ལ་བསམ ་གཏན་གྱིས་སྦྱོན་ལ་སོགས་པ་རྣམས་ཀྱིས་དབང་བསྐུར་ནས། དམ་ཚིག་གསུམ་འཛིན་དུ་གཞུག་གོ་།དེ་ལ་དམ་ཚིག་གསུམ་ནི་འདི་ཡིན་ཏེ། ཧཱུཾ་གིས་ཡི་གེ་རྡོ་རྗེར་བསམས་ནས། ཐོག་མཛའ་མེད་བའི་སེམས་དཔའ་ནི། །རྡོ་རྗེ་སེམས ་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག་།བཅོམ་ལྡན་འདས་དམ་པ་དང་པོའི་སྐྱེས་བུའོ། །ཞེས་བྱ་བ་དེ་ཁོ་ན་ཉིད་རྡོ་རྗེ་བཟུང་ངོ། །དེ་དག་ནི་རྡོ་རྗེའི་དམ་ཚིག་གོ། ། ་དེ་མ་ཐག་ཏུ་ཡི་གེ་ཨ་ལས་སྐྱེས་པའི་དྲིལ་བུ་ལ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་དབྱངས་ཀྱི་རྗེས་འགྲོར་བཤེད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཅེས་པ་འདིས་སློབ་མའི་ལག་ཏུ ་སྦྱིན་ནོ། །སྲིད་པ་རང་བཞིན་གྱིས་ནི་དག་།ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་བའི་སེམས་དཔའ་མཆོག་།སྲིད་པ་མཆོག་ནི་བྱེད་པར་འགྱུར། །ཞེས་བྱ་བ་འདིས་སློབ་མས་ཀྱང་དཀྲོལ་བར་བྱའོ། །དེ་དག་ནི་དྲིལ་བུའི་དམ་ཚིག་གོ། ་དེའི་རྗེས་ལ་ཡིད་ཀྱིས་ལུས་ནི་བསྟན་བྱའི་ཕྱིར། །ཕྱག་རྒྱ་དམ་ཚིག་ཞེས་བྱར་གསུངས། །གང་གིས་ལུས་ཀུན་བརྟགས་པས་ན། །དེས་ན་ཕྱག་རྒྱ་རབ་ཏུ་བསྒྲགས། །ཅེས་བྱ་བ་འདིས་རང་གི་འདོད་པའི་ལྷའི་ལུས་ཀྱི་བདག་ཉིད་ཕྱག་རྒྱ་ཆེན ་པོར་བྱིན་གྱིས་བརླབ་པར་བྱའོ། །དེ་དག་ནི་ཕྱག་རྒྱའི་དམ་ཚིག་གོ་།དེ་ནས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ནི་དཀྱིལ་འཁོར་གྱི་རྣམ་པར་དག་པའི་མཚན་ཉིད་དང། ལྷའི་དེ་ཁོ་ནས་ནི་ལྟའི་རྣམ་པར་དག་པའི་མཚན་ཉིད་དང། སློབ་དཔོན་གྱི་ལས་ནི་དཀྱིལ ་འཁོར་གྱི་སྒྲུབ་པ་སྔོན་དུ་འགྲོ་བ་སྟེ། དེར་སློབ་དཔོན་གྱི་འཇུག་པའི་བྱ་བའི་མཚན་ཉིད་དོ། །ཞེས་སེམས་ཤིང་འདི་གསུམ་བསྟན་པར་བྱའོ། །དེ་ནས་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་སུ་དམིགས་པའི་སློབ་མ་ལ་རྗེས་སུ་གནང་བ་སྦྱིན ་བར་བྱ་སྟེ། སེམས་ཅན་ཀུན་ལ་ཕན་དོན་དུ། །འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །ཇི་ལྟར་འདུལ་བ་སྣ་ཚོགས་པ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཞེས་ཆོས་ཀྱི་རྗེས་སུ་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་ལས་ཀྱི་སྒྲ་བཅུག་རིམ་པ ་བཞིན་དུ་ཚིགས་སུ་བཅད་པ་ལྡས་བྱ་སྟེ། དེ་དག་ནི་རྗེས་སུ་གནང་བའི་སྦྱིན་པའོ། །དེ་ནས་འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའ་ཨི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཟུང། །ཕྱག་ན་རྡོ་རྗེས་བརྟུལ་ཞུགས ་བརྟན། །ཞེས་པས་རྡོ་རྗེ་སྦྱིན་ཏེ། སརྦབ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏཥྛི་ཨེ་ཥ་ཧཱུཾ་དྷཱ་ར་ཡ་མི་བཛྲ་སཏྭ་ཧི་ཧི་ཧི་ཧེ་ཧཱུཾ། ཞེས་བརྗོད་དུ་གཞུག་ཅིང་སློབ་མ་རྡོ་རྗེ་བརྟུལ་ཞུགས་འཛིན་དུ་གཞུག་གོ་།དེ་དག་ནི་སྦྱིན་པའོ། །དེའི་རྗེས་ལ་སངས་རྒྱས ་གཟུགས་སུ་བདག་ཉིད་བསམས་ནས། སྙིང་གར་ཁུ་ཚུར་གཡོན་པས་ཆོས་གོས་ཀྱི་གྲ་ནས་འཛིན་པའི་ཚུལ་དུ་བྱས་ལ། གཡས་པ་མཆོག་སྦྱིན་པས། ཨོཾ་འདིར་ནི་ངས་ཁྱོད་ལུང་བསྟན་ཡིན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། ། ་སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱེ་ཆེ་གེ་མོ་ཞེས་བྱ་བ་དེ་བཞིན་གཤེགས་པའི། །སིདྡྷི་ས་མ་ཡ་སྟཝི་བྷུར་བྷུ་བ་སྭ(རྒྱུད་འགྲེལ་བཞིན་གཤེགས་པ་ཐམས་ཅད་བྱང་ཆུབ་སེམས་དཔའ་ཨི་འཁོར་གྱི་དཀྱིལ་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་མཛད་དེ། འཕགས་པ་ཕྱག་རྒྱ་ཆེན་པོ་འདིའི་མཐུ་དང་གསང་སྔགས ་ཀྱི་སྟོབས་ཀྱིས་སོ། །ཞེས་དད་པར་བྱའོ། །དེ་དག་ནི་ལུང་བསྟན་པའོ། །དེ་ནས་གསང་བ་བརྗོད་པར་བྱ་སྟེ། འདོད་ཆགས་བྲལ་བ་ལྟ་བུའི་སྡིག། ཁམས་གསུམ་ན་ནི་གཞན་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བར། །ཁྱོད་ཀྱིས་ནམ་ཡང་མ ་བྱེད་ཅིག་།མ་ཧཱ་ས་མ་ཡ་ཧཱ་ན་ཧཱུཾ་ཕཊ། དེ་ནས་མཆོག་གསང་དཀྱིལ་འཁོར་དམ་པ་ནི། །?་དང་ནི་ཞུགས་པ་ཡིས། །སྡིག་བ་ཀུན་ལས་ངེས་གྲོལ་བར། །ཁྱོད་ནི་དེ་ཉིད་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད ་འཆི་བ་ཡོད་མིན་ཏེ། །སྲིད་པ་ཤིན་ཏུ་དག་བྱའི་ཕྱིར། །སྲིད་པའི་སྡུག་བསྔལ་རྣམས་ལས་འདས། །བྱང་ཆུབ་སེམས་ནི་བཏང་མི་བྱ། །རྡོ་རྗེ་ཞེས་བྱའི་ཕྱག་རྒྱ་གང། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས ་རྒྱས་ཉིད་དུ་དོགས་མེད་པའོ། །དམ་པའི་ཆོས་ནི་མི་སྨད་ཅིང། །ནམ་ཡང་སྤང་པར་མི་བྱ་སྟེ། །མི་ཤེས་པ་འམ་རྨོངས་པ་ཡིས། །དེ་ནི་བསྟན་པར་མི་བྱའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང། །ནམ་ཡང་སྤང་བར་མི་བྱའོ། །སློབ་དཔོན་བརྙས ་པར་མི་བྱ་སྟེ། །དེ་ནི་སངས་རྒྱས་ཀུན་དང་མཚུངས། །རང་གི་བདག་ཉིད་ཡོངས་སྤངས་ནས། །དཀའ་ཐུབ་ཀྱིས་ནི་གདུང་མི་བྱ། །ཇི་ལྟར་བདེ་བར་བདེ་བ་གཟུང། །འདི་ནི་མ་བྱན་རྫོགས་སངས་རྒྱས། །དེ་རིང་དཀྱིལ་འཁོར་སློབ་དཔོན་ཏེ། ་སྡགས་དང་རྒྱུད་ནི་འཛིན་པ་ཁྱེད། །སངས་རྒྱས་བྱང་ཆུབ་སེམས་རྣམས་དང། ལྷ་རྣམས་ཀྱིས་ནི་བཞེད་པ་ཡིན། །སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །འབད་པ་ཡིས་ནི་བྲི་བྱ་ཞིང། །སྒྲུབ་པ་པོ ་རྣམས་རྒྱུད་ལ་སྦྱོར། །དེ་དག་ནི་དབུགས་དབྱུང་བའོ། །རྗེས་སུ་གནང་བ་ལ་སོགས་པ་བཞི་པོ་འདི་དག་རྣམས་ནི། །དབང་བསྐུར་བ་ལྔའི་དེ་མ་ཐག་ཏུ་འམ། །དབང་བཞི་པའི་དབང་བསྐུར་བའི་དེ་མ་ཐག་ཏུ་བརྗོད་པར་བྱའོ། །སློབ་དཔོན ་གྱི་དབང་བསྐུར་བ་ཉིད་ལ་ནི། མི་ལྡོག་པའི་དབང་བསྐུར་བ། ཞེས་བརྗོད་དོ། །དབང་བསྐུར་བ་ལྔ་དང་སློབ་དཔོན་གྱིས་དབང་བསྐུར་བ་ནི་བུམ་པའི་དབང་ཡིན་ཏེ། ཐམས་ཅད་དུ་བུམ་པའི་བྱེད་པ་ཡོད་པས་སོ། །དབང་བསྐུར་བ་དྲུག་པོ་བྱ་བ་ནི ་རྒྱུད་ཐམས་ཅད་དུ་ཡང་འགལ་བ་མེད་དེ། འཇམ་དཔལ་གྱི་རྒྱུད་ལ་སོགས་པ་རྣམས་སུ་བསྟན་པའི་ཕྱིར་རོ། །དེ་དག་ནི་སློབ་དཔོན་གྱི་དབང་བསྐུར་བའི་ཆོ་གའོ། །དེ་ནས་ཡོལ་བ་ལ་སོགས་པ་དབེན་བར་བྱས་པའི་ཕྱོགས་སུ་སློབ་མས་རང་གི ་སེམས་དང་འཐད་པའི་གཟུགས་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དམ་ཚིག་དང་སྔོམ་པ་དང་ཏིང་ངེ་འཛིན་གསུམ་ལ་མཁས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཤིན་ཏུ་དང་པ་སྙིང་རྗེའི་བདག་ཉིད་ཅན་གྱི་ཤེས་རབ་གསེར་བའི་དབང་བསྐུར་བའི ་དོན་དུ་བླ་མ་ལ་ཕུལ་ལ། བྱང་ཆུབ་རྡོ་རྗེས་ཞེས་པ་ལ་སོགས་པས་གསོལ་བ་གདབ་པར་བྱའོ། །བླ་མས་ཀྱང་ཏིང་ངེ་འཛིན་གསུམ་མངོན་སུམ་དུ་བྱས་ཤིང་དེ་བཞིན་ཉིད་ཀྱི་པདྨའི་ནང་དུ་སྦྱོར་བས་བསྐྱོད་པའི་རྡོ་རྗེ་ནོར་བུའི་ནང་དུ་ཆུད་པ ་རང་གིས་རིག་པར་བྱས་ནས། སེམས་ཀྱང་ནམ་མཁའ་ཨི་ཁམས་སུ་མ་ལྷུང་བ་ཉིད་དུ་མཚོ་སྐྱེས་ནས་རྡོ་རྗེ་བཏོན་ནས་སྲིན་ལག་དང་མཐེ་བོ་དག་གིས་སློབ་མའི་མིག་དང་ལག་པའི་སྤྱོད་ཡུལ་མ་ཡིན་པར་དེ་ཁའི་ན་ཆུ་སྐྱེས་ཀྱི་ནམ་མཁར་སྦྱིན་པར་བྱའོ། ། ་དེས་ཀྱང་ཨ་ཧོ་མ་ཧཱ་སུ་ཁ་ཞེས་བརྗོད་དེ་དྲངས་ནས་ལོང་སྤྱོད་ཅིང་ལོང་སྤྱོད་ཀྱི་སྦུ་གུར་གཞུག་པར་བྱའོ། །དེ་ཉིད་ཀྱིས་ཀྱང་ལངས་ལ་རང་གི་ཁྱད་པར་གྱི་ནང་ནས་ཁྱད་པར་དུ་འཕེགས་པ་མེ་ཏོག་གི་བཅུད་ཀྱི་ཐིགས་པ་གོས་དང་བྲལ་ཞིང་སྒོག་པ་དང་བཅས ་པས་དེའི་ནམ་མཁར་གཞུག་པར་བྱའོ། །དེ་ནི་ཤེས་རབ་དང་ཐབས་ཀྱི་གསང་བ་ངག་གིས་དབང་བསྐུར་བའི་ཆོ་གའོ། །དེ་ནས་དེ་བཞིན་ཉིད་གཅིག་ཏུ་འདོད་ན་དེ་ཉིད་ཀྱིས་སོ། །ཐ་དད་པར་འདོད་ན་གཞན་གྱིས་ཏེ། རང་རིག་པའི་ཡེ་ཤེས་སྔོན་སུམ ་དུ་བྱེད་པའི་གནས་སྐབས་སུ་སྔར་སྨྲས་པའི་ཚིགས་སུ་བཅད་པས་གསོལ་བ་བཏབ་པར་གྱུར་བའི་སློབ་མ་དེའི་ལག་པ་བཞག་ལ། ཉམས་དགའ་གཟུངས་འདི་ཁྱོད་ཀྱིས་ནི། །བསྟན་བྱར་སངས་རྒྱས་རྣམས་ཀྱིས་བསྔགས། །འཁོར་བའི་རིམ་པའི ་སྦྱོར་བ་ཡིས། །བདེ་བ་དམ་པ་མྱང་བར་གྱིས། །ཐབས་གཞན་གྱིས་ནི་སངས་རྒྱས་མིན། །འདི་ནི་འགྲོ་བ་གསུམ་ན་དག་།དེ་བས་འདི་དང་བྲལ་བར་ནི། །ཁྱོད་ཀྱིས་ནམ་ཡང་མ་བྱེད་ཅིག་།འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རིག་བའི་བརྟུལ ་ཞུགས་བླ་ན་མེད། །བློན་པོ་འགའ་ཞིག་འདའ་བྱེད་ན། །དེ་ལ་དངོས་གྲུབ་མཆོག་ནི་མེད། །ཅེས་བརྗོད་དེ་གཏང་བར་བྱའོ། །དེ་ཡང་ཙན་དན་དང་གུར་གུམ་ལ་སོགས་པ་བྱུགས་པ་ཤིན་ཏུ་དྲི་ཞིམ ་པ་ལ་སོགས་པའི་མེ་ཏོག་གི་ཕྲེང་བས་སྟེང་དུ་བརྒྱན་པར་གོས་མེད་པར་ཆུ་སྐྱེས་མཛེས་པ་གསལ་བར་སྟོན་པར་བྱེད་ཅིང་སློབ་མ་ལ་འདི་སྐད་སྨྲ་བར་བྱ་སྟེ། བུ་ཁྱོད་བདེན་པར་སྤྲོ་འམ་ཅི། །བཤད་བཅི་ལ་སོགས་འབྲལ་བ་དང། ། ་ཁྲག་དང་ཁུ་བ་དེ་བཞིན་ཤ་།དེ་བཞིན་མཆོག་ཏུ་བུད་མེད་གུས། །བྷ་གར་པདྨ་འོ་བྱེད་པ། །བུ་ཡིས་ཇི་ལྟར་བདེ་བར་སྨོས་ཞེས་བརྗོད་དོ། །དེས་ཀྱང་ཁྲག་དང་ཁུ་བ་ལ་སོགས་ཟ་བ་དང། རྟག་ཏུ་བུད་མེད་གུས་བྱ་དང། །བྷ་ག ་ཉིད་ལ་འོ་བགྱིད་པར། །ལྷ་མོ་ཅི་སྟེ་བདག་མི་སྤྲོ། །ཞེས་སྨྲ་བར་བགྱིའོ། །དེ་དགའ་ཞིད་བྱམས་པ་དང་ལྡན་པས་སྒྲུབ་པ་པོ་ལ་བདག་པོ་བཞིན་དུ་རྣམ་པར་བལྟ་ཞིང། ཙོག་ཙོག་པོར་ཆུ་སྐྱེས་བསྟན་ནས་འདི་སྐད་ཅེས་སྨྲ་བར་བྱའོ། །ེ ་མའོ་ང་ཡི་པདྨ་འདི། །བདེ་བ་ཀུན་དང་ཡང་དག་ལྡན། །གང་ཞིག་ཆོ་གས་བསྟེན་བྱེད་པ། །དེ་ཡི་མདུན་དུ་ང་གནས་སོ། །རྫོགས་སངས་མཉེས་པར་བྱ་ལ་སོགས། །ཇི་ལྟའི་བྱ་བ་པདྨར་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད ་དུ་ནི་རབ?་ཏུ་གནས། །ཡུད་ཕུ་ལ་ལ་བྷ་མ་ཇི་ཛཝ་ལ་སོགས་པས་བྱེད་པ་ལེགས་པར་གདེག་པས། །ཇི་སྲིད་རྣལ་འབྱོར་བྱང་ཆུབ་སེམས། །གདོད་པ་རུ་ནི་མི་བྱེད་པས། །དེ་སྲིད་རྒྱུན་མི་འཆད་བ་ཡི། །དགའ་སྐྱེས་བདེ་བ་ཅི་ཡང་ཐོབ། ། ་དངོས་གྲུབ་ཀུན་གྱི་གཏེར་གྱུར་བའི། །བྱང་ཆུབ་སེམས་ནི་ལྷུང་གྱུར་ན། །ཕུང་པོ་རྣམ་ཤེས་རྒྱལ་བ་ལ། །མ་སྨད་དངོས་གྲུབ་ག་ལ་ཡོད། །མཁའ་དབྱིངས་རྡོ་རྗེ་མཉམ་སྦྱོར་དང། །རེག་ལས་རྨད་བྱུང་ཆེན་པོ་ཡི། །བདེ་བ་སྐྱེ་བ? ་གང་ཡིན་པ། །མཆོག་ཏུ་དགའ་བ་བྱེད་པའོ། །དགའ་བྲལ་དགའ་བ་བདག་དབུས་སུ། །མཚོན་ཅི་རྟགས་ལ་བསྟན་པར་གྱིས། །པདྨའི་ནམ་མཁར་རྡོ་རྗེ་དང། །ལྟེ་བ་དག་ནི་གནོན་ནས་སུ། །རྡོ་རྗེ་སྐྱིལ་མོ་ཀྲུང་ལ་སེམས། །ནོར་བུ་ནང་? ་སོན་པ་ལྟ། །ཡེ་ཤེས་སྐྱེ་བ་གང་ཡིན་ཏེ། །ཤིན་ཏུ་ཡེ་ཤེས་སྐྱེ་བ་ངོ་བོ་ཡིན། །འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུ་མར་དམིགས་སུ་མེད་པ་སྟེ། །གང་ཚེ་རྣལ་འབྱོར་ཡེ་ཤེས་མཐོང། །བདེ་བར་འགྱུར་བ་བདེ་བ་གནས། ། ་ཐུན་ནམ་ཡང་ན་ཉི་མ་གཅིག་།ཟླ་ཕྱེད་ཟླ་བ་འཁྱུད་འཁོར་དང། །བསྐལ་བའཾ་བསྐལ་པ་སྟོང་ཕྲག་ཏུ། །ཡེ་ཤེས་མངོན་པར་སྦྱོར་བས་གནས། །དེ་ལྟར་བརྟགས་ལ་ཇི་ལྟར་ནུས་བས་བཟུང་བ་ལ་བཏང་སྟེ། །ཆུ་སྐྱེས་ལྕེ་ཉིད་ཀྱི་རྗེས་བླངས ་ཏེ། དེ་ཁོ་ན་མཐོང་བས་བྱང་ཆུབ་ཀྱི་སེམས་དམ་ཚིག་གི་ངོ་བོ་བཟུང་བར་བྱའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་ཆོ་གའོ། །དེའི་རྗེས་ལ་དབང་བསྐུར་བ་བདུན་ཐོབ་ཅིང་ཤེས་རབ་ཡེ་ཤེས་མངོན་སུམ་དུ་བླངས་པ་ཉིད་མ་རྙེད་ན ་ཡང་ཚིག་གིས་སྨྲས་ལ་དབང་རིན་པོ་ཆེ་སློབ་དཔོན་གྱི་མན་ངག་ལས་ཡེ་ཤེས་ཀྱི་དབང་སྦྱིན་དེ་ལ་བཞི་པ་མངོན་པར་བརྗོད་པ་དབང་བསྐུར་བའི་རིན་པོ་ཆེ་བླ་མའི་མན་ངག་གིས་རྟོགས་པར་བྱ་བའི་ངོ་བོ་སྦྱིན་པར་བྱའོ། །དེ་ནི་སློབ་མའི་མོས་པ་ཡིད ་ཀྱིས་ཡོངས་བརྟགས་ལ་ཇི་སྐད་གསུངས་པའི་ཆོ་གས་གསང་བྱིན་ནས། རྒྱ་ཆེ་ཟབ་པའི་ཚུལ་ལ་མོས་བ་ན། །དབང་བསྐུར་རིན་ཆེན་ཚིག་ཉིད་སྦྱིན་པར་བྱ། ཞེས་གསུངས་སོ། །ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དངོས་སུ་མ་ཐོབ་པ་ལ་སླར་ཡང ་ཚིག་ཙམ་ཀྱི་དབང་བསྐུར་བ་སྦྱིན་བར་མི་བྱ་སྟེ། དམ་ཚིག་ཉམས་པས་འཇིགས་པའི་ཕྱིར་རོ། །འོ་ན་གལ་ཏེ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དངོས་སུམ་ཐོབ་པ་ལ་ཚིག་ཙམ་གྱི་དབང་བསྐུར་བ་དཀག་ན། །ཇི་ལྟར་ན་དགེ་སློང་རྣམས་རྗེས་སུ་བཟུང ་བར་བྱ་ཞེ་ན། དགེ་སློང་རྣམས་རྗེས་སུ་བཟུང་བར་མི་བྱ་སྟེ། དེ་དག་ལ་འདིར་དབང་བ་མེད་བའི་ཕྱིར། །དེ་ལྟར་ཡང་གང་ཡང་དགེ་སློང་དངོས་དགའ་དང། གང་ཡང་རྟོག་གེ་ལ་དགའ་ཨི་མི། །གང་ཡང་རྒན་པའོ ་དངོས་གནས་པ། །དེ་ལ་དེ་ཉིད་བསྟན་མི་བྱ། །ཞེས་གསུངས་སོ། །འོ་ན་ཇི་ལྟར་ན། སོ་སོར་འབྲང་མ་ཆེན་མོ་ལ་སོགས་པར་གསུངས་པ། དགེ་སློང་རྡོ་རྗེ་འཇིན་པས་བྱ། །བདུད་ལ་སྡིག་པ་ལ་བརྩོན་པ། །ཞེས་བྱ་བ་ལ་སོགས་ད། ། ་ནི་གསུངས་པ་ཉིད་དོ་ཞེ་ན། འོན་ཀྱང་དགེ་སློང་འགའ་ཞིག་གཅིག་ཏུ་ངེས་པར་དྲག་པའི་དཀའ་ཐུབ་ཅན་ཉན་ཐོས་ཀྱི་ཐེག་པ་ལྟ་བ་གཅིག་པ་སྟེ། །དེ་ལ་སྔགས་དགན་ཕྱག་རྒྱ་ལ་སོགས་དབང་བསྐུར་བ་དབང་མེད་པ་ཉིད་དོ། །ཡང་གང་ཞིག་ཉན ་ཐོས་ཀྱི་སྡོམ་པ་དང་ཐེག་པ་ཆེན་པོར་སེམས་བསྐྱེད་པ་དང་ལྡན་པ་སྟེ། དེ་ལ་སྔགས་དང་ཕྱག་རྒྱ་ལ་སོགས་པ་ལ་དབང་ཡོད་དེ། དེ་གསང་བའི་དབང་བསྐུར་བ་ལ་སོགས་པ་མེད་དོ། །ཡང་གང་ཞིག་ཉན་ཐོས་ཀྱི་སྡོམ་པ་དང་སྔགས་ཀྱི་ཚུལ ་ལ་ཡང་སེམས་བསྐྱེད་པ་དང་ལྡན་པ་སྟེ། དེ་ལ་ནི་ཐམས་ཅད་དུ་དབང་བསྐུར་བ་ལ་སོགས་པའི་དབང་ཡོད་པ་སྟེ། དེ་ཉིད་ནི་རྡོ་རྗེ་འཛིན་པ་ལ་བདུད་ལ་སྡིགས་པ་ལ་སོགས་པ་བྱའོ། །འོ་ན་དེ་ལྟར་ན་ཡང་ཇི་ལྟར་ན་དགེ་སློང་གི་སྡོམ་པ་མི་ཉམས ་པར་འགྱུར་རམ་ཞེ་ན། མི་འགྱུར་ཏེ། འདི་ལྟར་དགེ་སློང་གི་སྡོམ་པ་མ་བཏང་བར། ཕྱི་ནང་གསང་བའི་ཐེག་པ་གསུམ་།སྡོམ་པ་སོ་སོར་བཟུང་བར་བགྱི། །ཞེས་བྱ་བ་ལ་སོགས་པ་གང་གི་ཚེ་སྡོམ་པ་གཞན་དང་མི་འགལ་ཞིང། ལྷག་པ ་ཡང་སོ་སོར་འཛིན་པ་ཡིན་ན་དེའི་ཚེ་ཇི་ལྟར་སྡོམ་པ་ཉམས། །ཅི་སྟེ་མི་འགལ་ཞིད་ལྷག་པའི་སྡོམ་པ་མཉམས་པར་ཡིན་དུ་བཅུག་ན་དགེ་སློང་གི་སྡོམ་པ་ལ་དབང་པོ་གཉིས་སྙོམས་པའི་འདུག་པར་བྱེད་ཇི་ལྟར་མི་ཉམས་ཤེ་ན། །དེ་ལྟར་ན་ཡང་མི་ཉམས་སུ ་ཏེ། འདུལ་བ་ལ་སོགས་པར་བཀག་པ་སྤྱོད་པ་ན་ཉམས་པར་བསྟན་གྱི་ཡང་མ་བཀག་པར་སྦྱོར་པ་མ་ལ་ནི་མ་ཡིན་ནོ། །ཁམས་གསུམ་པར་གྱུར་པའི་མི་དང་ལྷ་ལ་སོགས་པའི་མཛོས་མ་རྣམས་ལ་ཟག་པ་དང་བའི་འངོན་པར་ཞེ་ན་པ ་མྱོང་བའི་མཚན་ཉིད་འདོད་ཆགས་བྱང་བར་བྱེད་པའི་དེ་དག་འདུལ་བ་ལ་སོགས་པར་བཀག་གི་།ཡང་ཁམས་གསུམ་པ་ལས་འདས་པའི་ལུས་ཅན་རྣམ་པར་རིག་པ་ཙམ་དུ་ངོ་བོ་གཅིག་པའི་འཇམ་པའི་རྡོ་རྗེ་ལ་སོགས་པ?་སྣང་བའི་རྣམས ་ལ་ནི་མ་ཡིན་ནོ། །གཞན་དུ་ན་རྨི་ལམ་དུ་ཉེ་བར་མི་དམིགས་པ་དང་རྟོག་པའི་ཡུལ་གྱི་རང་བཞིན་གྱི་ངོ་བོ་རྣམས་ལ་ཡང་ཉམས་པར་འགྱུར་རོ། །ཅི་སྟེ་དེ་དག་ལ་ཡང་བདག་གིས་ལེགས་པར་བྱས་སོ། །བདག་གིས་རབ་ཏུ་གྱུར་ཏོ། །ཞེས་རབ ་ཏུ་རྗེས་སུ་ཡི་རང?་བར་བྱེད་པ་ཉེན་མོངས་པ་ཅན་གྱི་སེམས་ལ་ནི་ལྷུང་བར་གྱུར་པ་ཉིད་དོ་ཞེ་ན། །ལྟུང་བ་ཙམ་དུ་འགྱུར་བ་ནི་བདེན་ན་ཡང་སྡོམ་པ་ཉམས་པ་ནི་མ་ཡིན་ནོ། །གལ་ཏེ་དེ་ལ་སྨོད་པའི་སེམས་སུ་བྱེད་ན་དེའི་ཚེ་ནི་ལྟུང་བཙམ་དུ་ཡང་མི་འགྱུར ་རོ། །དེ་ཡང་སྡིག་བཤིན་ཏུ་མི་བཟད་བྱས་ན་ཡང། །བདག་ཉིད་སྨོད་པར་བྱེད་པ་ཡང་བར་འགྱུར། །ཞེས་གསུངས་སོ། །དེ་ལྟར་ན་ཇི་ལྟར་རྨི་ལམ་ན་ཉེ་བར་མ་དམིགས་པ་ཀུན་བརྟགས་པའི་བུད་མེད་རྣམས་ལ་མོས་པ་ཉིད་ཀྱིས་འཇུག་པའི་ཚོར ་བསྲེད་པ་ལ་ཡང་སྡོམ་པ་ཉམས་པ་མེད་ལ་སྨོད་པ་ནི་ལྟུང་བ་ཙམ་དུ་ཡང་མི་འགྱུར་བ་དེ་བཞིན་དུ་ཁམས་གསུམ་པ་ལས་འདས་པའི་འཇམ་པའི་རྡོ་རྗེ་ལ་སོགས་པའི་རིང་གི་ངོ་བོ་ཤེས་རབ་སེམས་ཙམ་གྱི་རང་གི་ངོ་བོ་རྣམས་ལ་ཡོངས་སུ་དག་པ་མངོན་པར ་མཞེན་པའི་མཚན་ཉིད་འདོད་ཆགས་ཆེན་པོ་མངོན་དུ་བྱེད་པ་དེ་མི་དམིགས་པ་སྟོང་བ་ཉིད་བསྒོམས་པས་སྨོད་པ་ཉིད་ལ་དགེ་སློང་གི་དངོས་བོ་ཉམས་པ་མེད་ཅིང་ལྟུང་བ་ཙམ་དུ་མང་མི་འགྱུར་རོ། །ཞེས་འདོད་པར་བྱའོ། །འོ་ན་སེམས་ཙམ་དུ་ངོ་བོ ་གཅིག་པའི་འཇམ་པའི་རྡོ་རྗེ་ལ་སོགས་པའི་རང་གི་ངོ་བོ་ཤེས་རབ་ལ་རིགས་པ་འདི་ཡོད་ན་ཕྱི་རོལ་གྱི་ལས་ཀྱི་ཕྱག་རྒྱ་འདུལ་བར་བཀག་པ་ལ་རིགས་པ་འདི་ཇི་ལྟར་ཡིན་ཞེ་ན། བརྗོད་པར་བྱ་སྟེ། ཅི་འདིར་ཁྱེད་རི?ས ་གཟུགས་ལ་སོགས་པ་རང་གི་སེམས་སྣང་བ་ཙན་དུ་ལུས་གཅིག་པ་ཉིད་ཀྱི་གྲགས་པ་ཙམ་ཡང་མ་ཐོས་སམ་གང་གིས་ནི་བརྗོད་པར་བྱ་དེ་རྗོད་བྱེད་དེ་དེ་བཞིན་ནོ། །དེ་ལྟར་ནི་ཁྱེད་འདྲ་བ་ལ་ནི་རྣམ་པར་རིག་པ་ཙམ་གྱི་ངོ་བོ་དེ་ཁོ་ན་གོ་བ་བྱེད་པའི ་རྫུན་པའི་ངོ་བོར་སྣང་བ་ཙམ་ཉིད་ཀྱི་གོ་བར་བྱེད་པ་དག་གིས་གསང་སྔགས་ཀྱི་ཚུལ་ལ་དབང་ཡོད་པ་མ་ཡིན་ནོ། །གཟུགས་ལ་སོགས་པའི་དངོས་པོ་ཐམས་ཅད་ཀྱི་སེམས་སྣང་བ་ཙམ་དུ་གོ་བ་ལ་རང་གི་བུད་མེད་དུ་སྣང་བ་དང་ཐ་མི་དད་པར ་འཇམ་པའི་རྡོ་རྗེ་ལ་སོགས་པ་རང་སྣང་བའི་ངོ་བོར་ཡོངས་སུ་གྱུར་པའི་ལས་ཀྱི་ཕྱག་རྒྱ་མ་ལྟ་བུ་ངེས་རྣམ་པར་སྦྱངས་པ་ལ་དབང་བསྐུར་བ་ཁ་ན་མ་ཐོ་བ་མེད་པ་ཐོབ་པ་ལས་ཡང་དགེ་སློང་རྣམས་ཀྱི་སྡོམ་ཞིག་པའི་ཉེས་པར་མི་འགྱུར་རོ། །དེ་དག ་ནི་བཞི་པའི་དབང་གི་ཆོ་གའོ། །དབང་བསྐུར་མདོར་བསྡུས་བརྗོད་པ་ལས་ནི་བདག་ལས་སྐྱེས་པ་ཡི། དུང་ཟླ་ཀུནད་ཀུ་མུ་ད་དང་ཆུ་སྐྱེམ་འོད་མཚུངས་པའི། །བསོད་ནམས་གང་ཡིན་མཁར་དང་མཚུངས་པ་དེས་ནི་འགྲོ་བའི་ཚོགས། ། ་ཤེས་རབ་པདྨ་ལས་བྱུང་རྡོ་རྗེ་འཆང་གི་རང་བཞིན་ཤག་།གསང་བ་འདུས་པའི་དབང་བསྐུར་པའི་ཆོ་ག་མདོར་བསྡུས་པ་རྫོགས་སོ།། །།འདི་ནི་པཎྜི་ཏ་དག་གི་དབང་ཕྱུག་གྲགས་པས་མཛད་པ། བལ་པོའི ་པཎྜི་ཏ་སུ་མ་ཏི་ཀཱི་རྟིའི་ཞལ་སྔ་ནས་དང། བོད་ཀྱི་ལོ་ཙ་བ་ཀློག་སྐྱ་གཞོན་ནུ་འབར་བའི་ཞལ་སྔ་ནས་དང། མར་པ་ཆོས་ཀྱི་དབང་ཕྱུག་གིས་བསྒྱུར་ཅིང་ཞུས་པའོ།། །།*། །སློབ་དཔོན་ཆེན་པོ་དག་གི་དབང་ཕྱུག་གྲགས་པས་མཛད་པའི་ཡང་བ། ་