CLOSE WINDOW

N1544: dbang gi rab tu byed pa
Wyliee-texts based on the ACIP/ALL Input

སོ།། །།བསྒྱུར་བྱེད་ཀྱི་ལོ་ཙ་བ་ཀློག་སྐྱ་ལོ་ཙ་བ་གཞོན་ནུ་འབར་གྱིས་སྒྱུར་ཅིང་ཞུས་པའོ།། །།*། །དབང་གི་རབ་ཏུ་བྱེད་པ་སློབ་དཔོན་མཁས་པ་ཆེན་པོ་དགའ་བའི་རྡོ་རྗེས་མཛད་པའོ།། །། *། །རྒྱ་གར་སྐད་དུ། ཤེ་ཀ་པྲ་ཀྲི་ཡ། ་བོད་སྐད་དུ། དབང་གི་རབ་ཏུ་བྱེད་པ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཐོག་མཛའ་མེད་ཅིང་རྟག་ཏུ་གྲུབ། །ཐུབ་པ་བདེ་བ་ཆེན་པོའི་སྐུ། །ལྷན་ཅིག་སྐྱེས་དགའ་ཕྱག་འཆེལ་ནས། །དབང་གི་ཆོ་ག་གསལ་བཤད་བྱ། ། ་དེ་ལ་ཇི་ལྟ་བ་བཞིན་དུ་དབང་བསྐུར་ཞིང། །རྗེས་སུ་གནང་བ་ཐོབ་ལ། ཏིང་ངེ་འཛིན་གསུམ་ལ་མཁས་པ། རིག་པ་བཟླས་པའི་རྣལ་འབྱོར་པས། རང་གི་སློབ་མ་ལེགས་པར་བརྟགས་ལ། རྗེས་སུ་བཟུང་བར་འདོད་པས། །རྒྱལ་པོ་དང་རྐུན་མ་ལ ་སོགས་པས་ཉེ་བར་འཚེ་བ་ཐམས་ཅད་དང་བྲལ་བའི། དཀྱིལ་འཁོར་གྱི་ཁང་པ་ལ་སོགས་པར་ཆོ་ག་ཇི་ལྟ་བ་བཞིན་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་བྲི་བ་འམ་རས་རིས་ཀྱི་དཀྱིལ་འཁོར་ལ་མཆོད་པ་རྣམ་པ་ལྔས་མཆོད་དེ། དགོངས་ཀའི་དུས་སུ་བུམ ་པ་ལྷག་པར་བྱའོ། །རང་རང་གི་མཚན་མས་བརྒྱན་པ་བཅུ་དགུ་འམ། དགུ་འམ་ལྔ་འམ་གཅིག་གོ་།དེ་ལ་མི་བསྐྱོད་པའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པའོ། །རྣམ་པར་སྣང་མཛད་ཀྱི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའོ། །རིན་ཆེན་འབྱུང་ལྡན་གྱི ་ནོར་བུ་ལྗང་གུའོ། །འོད་དཔག་ཏུ་མེད་པའི་པདྨ་དམར་པོའོ། །དོན་ཡོད་གྲུབ་པའི་རལ་གྲི་ལྗང་གུའོ། །སྦྱན་མའི་འབྲས་བུ་ནག་པོའི་མིག་དཀར་པོ་གཉིས་སོ། །མཱ་མ་ཀཱིའི་རྡོ་རྗེ་སྔོན་པོ་རྩ་ལྔའོ། །གོས་དཀར་མོའི་པདྨ་དམར་པོའོ། །སྒྲོལ་མའི ་ཨུཏཔ་ལ་སྔོན་པོའོ། །གཟུགས་དང། སྒྲ་དང། དྲི་དང། རོ་དང། རེག་བྱ་དང། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་རྣམས་ཀྱི་མེ་ལོང་དཀར་པོ་དང། དྲི་ཟའི་པི་བང་སྔོན་པོ་དང། དུང་དཀར་སེར་དང། རོའི་སྣོད་དམར་པ་འམ། ཁ་དོག་སྣ་ཚོགས ་པའི་གོས་དང། ཆོས་འབྱུང་དཀར་པོ་རྣམས་རིམ་བཞིན་དུ་དགོད་པར་བྱའོ། །གཤིན་རྗེ་མཐར་བྱེད་དང། པདྨ་མཐར་བྱེད་དང། བགེགས་མཐར་བྱེད་རྣམས་ཀྱི། །རྡོ་རྗེ་ཐོ་བ་སྔོན་པོ་དང། རྡོ་རྗེ་དབྱུག་པ་དཀར་པོ་དང། པདྨ་དམར་པོ་དང། རྡོ་རྗེ ་སྔོན་པོ་ཁ་བྱེ་བ་རྣམས་སོ། །ལས་ཐམས་ཅད་པའི་བུམ་པ་ནི། བདུད་རྩི་འཁྱིལ་པ་འམ། རྡོ་རྗེ་སེམས་དཔའ་བོ། །སྣ་ཚོགས་པའི་པདྨ་དང། ཟླ་བའི་དཀྱིལ་འཁོར་ལ། རྣམ་པར་སྣང་མཛད་ཀྱི་དང། ལྷ་མོ་བཅུ་རྣམས་ཀྱི་མཚན་མ་བྲི ་པར་བྱའོ། །གཞན་རྣམས་ཀྱི་ཉི་མའི་དཀྱིལ་འཁོར་ལའོ། །དེའི་ནང་ནས་རྣམ་པར་རྒྱལ་བའི་བུམ་པ་ཤིན་ཏུ་ཆེ་བ། ནག་ནོག་དང་མི་གཙང་བ་མེད་པ། ལྟོ་བ་འཕྱད་བ། རྐེ་རིང་བ། མཚན་མ་ལེགས་པར་བྲིས་པ། གོས་ལེགས་པ ་གཉིས་ཀྱིས་སྐེད་པ་དཀྲིས་པ། ཨ་མྲའི་ཡལ་ག་ལ་སོགས་པས་ཁ་བརྒྱན་པ། གསེར་དང། དངུལ་དང། མུ་མེན་དང། མུ་ཏིག་དང། བྱུ་རུའོ། །ནས་དང། གྲོ་དང། འབྲས་ཀྱི་སོ་བ་དང། ཏིལ་དང། མོན་སྲན་གྲིའུའོ། །བྲི་ཧ་ཏི་དང། ་ཀན་ཏ་ཀ་རི་དང། རྣམ་པར་རྒྱལ་བ་དཀར་པོ་དང། དཎྜོ་ཏཔ་ལ་དཀར་པོ་དང། ཧ་ས་དེ་བའོ། །རིན་པོ་ཆེ་སྣ་ལྔ་དང། འབྲུ་སྣ་ལྔ་དང། སྨན་སྣ་ལྔ་ལྟོས་པའི་ནང་དུ་རབ་ཏུ་བཅུག་ནས། དྲི་ཞིམ་པོའི་ཆུས་ཡོངས་སུ་གང ་བར་བྱའོ། །དེའི་སྟེང་དུ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་ནས། ཨརྦ་དང། ཞབས་བསིལ་ལ་སོགས་པ་ཕུལ་ཏེ། ཡེ་ཤེས་ཀྱི་བདུད་རྩི་ཞུ་བའི་གཟུགས་བློ་ཡིས་བཅུག་ནས། དེའི་རྗེས་སུ་མེ་ཏོག་གི་ཕྲེང་བས་བརྒྱན་པའི་རྡོ་རྗེ་སྟེང་དུ་ཡང ་དག་པར་བཞག་སྟེ། རང་གི་ལྷག་པའི་ལྷའི་སྔགས་བརྒྱ་རྩ་བརྒྱད་དམ། །བདུད་རྩི་འཁྱིལ་པའི་སྔགས་ཀྱིས་མངོན་པར་བསྔགས་པར་བྱའོ། །བུམ་པ་གཞན་རྣམས་ཀྱང་ཇི་ལྟར་རིགས་པར་དཀྱིལ་འཁོར་གྱི་འཁོར་ལོའི་སྔགས་ཀྱི ་བྱའོ། །མེ་ཏོག་དང་གདུག་པ་ལ་སོགས་པས་ཡང་དག་པར་མཆོད་དེ། གཏོར་མ་བྱིན་ནས་བསྟོད་པ་བྱ་བ་ནི། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་དབྱངས་ལ་ཕྱག ་འཚལ་བསྟོང། །རྣམ་པར་སྣང་མཛེད་དགའ་ཆེན་པོ། །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་འདི་གསལ་མཆོག་གི་གནས་།སྟོན་པ་རྡོ་རྗེ་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན ་དག་པ་གོས་པ་མེད། །རྡོ་རྗེ་སྐུ་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་ཐོབ། །རྡོ་རྗེ་གསུང་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་དོན་ཡོང་རྫོགས་སངས་རྒྱས། ། ་བསམ་པ་ཐམས་ཅད་ཡོངས་རྫོགས་པ། །རང་བཞིན་དག་པ་ཡང་དག་གྱུར། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་བསྟོད། །ཅེས་བྱ་བ་བརྗོད་དེའི་དྲིལ་བུ་དཀྲོལ་བར་བྱའོ། །བུམ་པ་ལྷག་པར་གནས་པའི་ཆོ་གའོ། །དེའི་འོག་ཏུ་དཀྱིལ་འཁོར་བྱས ་པའི་སློབ་མ་རྣམས་མེ་ཏོག་གི་ཕྲེང་བ་བཟུང་སྟེ། བུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ནས། །སྔགས་ཀྱི་སྣོད་དུ་རུང་བ་རྣམས་ལ་འདི་བསྒྲགས་པར་བྱ་སྟེ། ཁ་ཅིག་གསང་སྔགས་གྲུབ་དོན་གཉེར། །དཀྱིལ་འཁོར་འདིར་ནི་འཇུག་པར ་བྱེད། །བསོད་ནམས་འདོད་པས་དེ་ལས་གཞན། །གཞན་དག་འཇིག་རྟེན་མཆོག་དོན་གཉེར། །འཇིག་རྟེན་མཆོག་དོན་གཉེར་བ་ཡི། །དད་པ་མང་དུ་བྱེད་པ་ཡིས། །བློ་ལྡན་དཀྱིལ་འཁོར་འཇུག་བྱ་ཡིས། །ཚེ་འདིར་འབྲས་བུ་འདོད་མི་བྱ ་ཚེ་འདི་འདོད་པར་གྱུར་པ་ལ། །འཇིག་རྟེན་ཕ་རོལ་ཐོབ་མི་འགྱུར། །འཇིག་རྟེན་ཕ་རོལ་དོན་གཉེར་ནས། །འཇིག་རྟེན་འདི་ཡི་འབྲས་བུ་རྒྱས། །སློབ་མ་དེ་རྣམས་བློ་ཡིས་རང་གི་ལུས་ལ་བཅུག་ནས། །རྡོ་རྗེའི་ལམ་ནས་ཕྱུང་ནས། །རང་འོད ་ཀྱི་རིག་མའི་པདྨ་ལ་གནས་པར་བསམས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཞུ་བའི་དོ་བོས་དབང་བསྐུར་ནས་དཀྱིལ་འཁོར་གྱི་ཤར་སྒོར་བཞག་སྟེ། འཇུག་པའི་དོན་དུ་གསོལ་བ་གདབ་པར་བྱའོ། །ཁྱོད་ནི་སྟོན་པ་དཔལ་ཆེན་པོ། །མཱ ་མ་ཀཱི་དང་བདག་སྦྱོར་བའི། །མགོན་པོ་ཆེན་པོ་བདག་འཚལ་ལོ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །དམ་ཚིག་དེ་ཉིད་བདག་ལ་གསོལ། །བྱང་ཆུབ་སེམས་ཀྱང་བདག་ལ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་དང། །སྐྱབས ་གསུམ་དག་ཀྱང་བདག་ལ་གསོལ། །ཐར་པ་ཆེན་པོའི་གྲོང་ཁྱེར་དུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ཞེས་བྱའོ། །སློབ་མ་གཅིག་གཙོ་བོར་བྱས་ནས། །བུ་ཁྱོད་ཚུར་ཤོག་ཐེག་ཆེན་གྱི། །ཆོ་ག་སྔགས་ཀྱི་སྦྱོར་པའི་ཚུལ། །ཁྱེད ་ལ་ཡང་དག་བཤད་པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །རྡོ་རྗེ་སྔགས་ཀྱི་མཐུ་སྟོབས་ཀྱིས། །ཡེ་ཤེས་མཉམ་མེད་ཡང་དག་བརྙེས། །གསང་སྔགས ་སྦྱོར་བ་མཉམ་མེད་དེ། །ཤཱཀྱ་སེང་སོགས་སྐྱོབ་པ་ཡིས། །བདུད་སྡེ་ཤིན་ཏུ་མི་ཟད་པ། །སྟོབས་ཆེན་དག་ཀྱང་དེ་ཡིས་བཅོམ། །འཇིག་རྟེན་རྗེས་མཐུན་རྟོགས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན? ་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག་།ཅེས་བརྗོད་པར་བྱས་ནས། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །བསོད་ནམས་ཀུན་ལ་རྗེས་ཡི་རང། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས ་བཟུང། །ཞེས་བྱ་བ་གསུམ་ལ་སྐྱབས་སུ་འགྲོ་བ་ལན་གསུམ་བརྗོད་པར་བྱའོ། །སློབ་མ་དེ་རྣམས་ལ། ཨོཾ་ཨཱ(རྒྱུད་འགྲེལ་སྤྱི་བོར་ཟླ་བ་ལ་གནས་པའི་རྡོ་རྗེ་དང། པདྨ་དང། འཁོར་ལོའི་ལྟེ་བ་ལ། ཧཱུཾ་ཨཱ(རྒྱུད་འགྲེལ་སྤྱི་བོར་རྡོ་རྗེ་ཡང་དག་པར་གཏུགས་ཏེ། ཧཱུཾ་ཨཱ(རྒྱུད་འགྲེལ་བཟླས་པའི་སོ་ཤིང་གས་པ་མེད་པ། རྨ་མེད་པ། ཨ་ཤྭ་ཏྠ་ལ་སོགས་པ་སོར་བཅུ་གཉིས་ཀྱིས་ཚད་རྩེ་མོར་མེ་ཏོག་གི་ཕྲེང་བས་དཀྲིས་པ་སློབ་མ་རྣམས་ལ་སྦྱིན་པར་བྱའོ། །དེ་རྣམས་ཀྱིས་ཀྱང་ཤར་ཕྱོགས་སུ་ཁ་བལྟས་པ་འམ། བྱང་ཕྱོགས་སུ་ཁ ་བལྟས་པས་བཅའ་སྟེ། ཕྱུགས་ཀྱི་ཀོ་བ་ཙམ་བྱུགས་པའི་ས་ལ་བསྒྱུར་བར་བྱའོ། །དེ་ལ་ཞི་བ་ལ་སོགས་པའི་ལས་བསྟན་པར་བྱ་སྟེ། །གང་ཡང་མངོན་དུ་ཁ་བལྟས་ལྟུང། །མཆོག་གི་དངོས་གྲུབ་དེར་ཤེས་བྱ། །དེ་བཞིན་ཤར་དུ་རྩེ་མོ ་བལྟས། །དངོས་གྲུབ་འབྲིང་དུ་རབ་ཏུ་གྲགས། །དེ་བཞིན་བྱང་དུ་ཁ་བལྟས་པས། བྱོལ་སོང་དངོས་གྲུབ་འཇིག་རྟེན་འདོད། །གལ་ཏེ་ལྷོ་རུ་མངོན་ཕྱོགས་པ། །ཤིན་ཏུ་ནག་པོར་དེ་ནས་འགྱུར། །ནུབ་ཏུ་མངོན་པར་ཁ་བལྟས་པས། ། ་ཕྲ་མོའི་དངོས་གྲུབ་དེ་ནས་ཤེས། །དེ་ལས་སོ་ཤིང་བསྐྱུར་བ་ལས། །གལ་ཏེ་འོག་ཏུ་ཁ་བལྟས་ལྷུང། །དེ་ནི་ས་འོག་དངོས་གྲུབ་འགྱུར། །ངེས་པར་ཐེ་ཚོམ་མེད་པའོ། །དེ་ནས་སློབ་དཔོན་གྱིས་ཁ་བཤལ་ང་ཆུ་ཁྱོར་བ་གསུམ ་བླུད་པར་བྱ་སྟེ། ཨོཾ་ཧྲི(རྒྱུད་འགྲེལ་མངོན་པར་བཟླས་ཏེ་དེ་རྣམས་ལ་སྟན་དང་སྡས་སུ་བྱིན་ནས། དེ་ཉིད་ཀྱི་སྔགས་ཀྱིས་མངོན་པར་བཟླས་པ། སྐུར་པ་སུམ་སྒྲིལ་བྱས་ཏེ། མདུང་པ་གསུམ་བྱས་པ་བསྲུང་བའི་དོན་དུ་སློབ་མ་རྣམས་ཀྱི་དཔུང་པ་གཡས་པ་ལ་བཅིངས་ཏེ། ཆོས་བཤད ་པས་སྤྲོ་བ་བསྐྱེད་པར་བྱའོ། །འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ུ་དུམ་བ་རའི་མེ་ཏོག་བཞིན། །བརྒྱ་ལམ་ནས་ནི་རེས་འགའ་ཞིག་།འབྱུང་འགྱུར་ཡང་ན་མི་འབྱུང་ངོ། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི ་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་འབྱེད་པར་ནུས། །བསྐལ་པ་བྱེ་པ་དུ་མ་རུ། །སྡིག་པ་བགྱིས་པར་གྱུར་པ་གང། །དེང་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་ནས་འབྱུང་བར་འགྱུར་ལགས་ན། ་གྲགས་པ་མཛའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་པ་སྨོས་ཅི་དགོས། །གང་དག་སྤྱོད་པ་མཆོག་འདི་ལས། །བློ་གྲོས་ཤིན་ཏུ་མི་གཡོ་བ། །དེ་དག་གིས་ནི་ངན་འགྲོའི་རྒྱུན་།སྡུག་བསྔལ་ཀུན་འབྱུང་རབ་ཏུ་བཅད། །བདག ་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱི་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པའོ། །དེ ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་པས་ན། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །ཞེས་བྱ་བ་ལ་སོགས ་པའི་ཆོས་བཤད་ཅིང་བསྒྲགས་ནས། །དེ་རྣམས་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་ཡང་དག་པར་བསྲུངས་ལ། །སྡོམ་པའི་བྱེ་བྲག་གཟུང་བར་བྱའོ། །ཕྱིར་མི་ལྡོག་པའི་འཁོར་ལོའི་དབང། །བྱིན་ནས་མགོན་པོ་བདག་ལ་གསུངས། །དཀྱིལ ་འཁོར་ལྷ་ཡི་དེ་ཉིད་དང། །སློབ་དཔོན་གྱི་ནི་ལས་རྣམས་དང། །སངས་རྒྱས་རྣམས་ཀྱི་དམ་ཚིག་དང། །གསང་བའི་སྡོམ་པ་བླ་ན་མེད། །སེམས་ཅན་རྣམས་ཀྱི་དོན་བྱེད་ཕྱིར། །རྟག་ཏུ་བདག་ནི་སློབ་དཔོན་འགྱུར། །ཞེས་བྱའོ། །སློབ་མ་དེ ་རྣམས་ཀུ་ཤའི་སྟན་ལ་ཉལ་དུ་བཅུག་སྟེ། རྨི་ལམ་ལ་ཅི་མཐོང་བ་ང་ལ་ཟློག་ཤིག་ཅེས་བྱའོ། །སློབ་མ་ལྷག་པར་གནས་པའི་ཆོ་གའོ།། །།ཡང་དཀྱིལ་འཁོར་གྱི་ཁང་པར་སློབ་དཔོན་ཞུགས་ནས་བསྲུང་བའི་དོན་དུ་བདུད་རྩི ་འཁྱིལ་པའི་སྔགས་བཟླས་པར་བྱའོ། །གཏོར་མ་ཡང་བྱིན་ནས། ཨོཾ་ཨཱ(རྒྱུད་འགྲེལ་ཏེ་རྨི་ལམ་མི་དགེ་ན་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བསྲུང་བར་བྱའོ། །དེ་ནས་བྲིས་སྐུ་ལ་སོགས་པའི་དཀྱིལ་འཁོར་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས། རང་གི་ལྷའི་རྣལ་འབྱོར་སྔོན་དུ་སོང་བས། རང་ཉིད་ཀྱིས་སློབ་མ་འཇུག་པའི་ཆོ་གས་ཞུགས ་ནས། དེ་ནས་འོག་ནས་འབྱུང་བ་བཞིན་དུ་རྗེས་སུ་གནང་བའི་དབང་གི་བར་བཅོམ་ལྡན་འདས་གཙོ་བོ་ལ་བློ་ཡིས་འཐོབ་པར་བྱའོ། །དེ་ནས་སློབ་མ་རྣམས་བཞུག་པར་བྱ་བའི་དོན་དུ་བདེན་པའི་བྱིན་གྱིས་བརླབས་གསོལ་བར་བྱའོ། །ཆོས ་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང། །དེ་བཞིན་ཉིད་ལས་ངེས་པར་སྐྱེས། །བདེན་པ་འདི་ཡིས་དཀྱིལ་འཁོར་དུ། །གཟུགས་བརྙན་ལྟ ་བུ་སློབ་མས་ནི། །གསལ་ཞིང་སྡིག་མེད་མཐོང་བར་ཤོག་།ཅེས་བྱ་བས་བདེན་པའི་བྱིན་གྱིས་བརླབས་གསོལ་ནས། ཡོལ་བ་ལས་ཕྱི་རོལ་ཏུ་ཡོན་བྱིན་པའི་སློབ་མ་དབང་བསྐུར་བའི་སྣོད་དུ་བྱ་བའི་ཕྱིར། རྣམ་པར་སྣང་མཛད་ཀྱི་གཟུགས་སུ་ཉེ ་བར་དམིགས་ལ། །ཱ(རྒྱུད་འགྲེལ་བོ་བདག་ལ་བསྐལ་པ་བཟང་པོ་ལ་ཞེས་བྱའོ། །སློབ་མའི་སྙིང་གར་རྡོ་རྗེ་བཞིག་ནས། ཨོཾ་སརྦབ་ཡོ་ག་ཙིཏྟ་མུཏཔཱ་ཏ་ཡཱ་མི་སུ་ཏ་རེ་ས་མ་ཡསྟཾ་ཧོ(རྒྱུད་འགྲེལ་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པར་འགྱུར་རོ། །ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་འདི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་བརྗོད་པར་མི་བྱ་ཞིང་མི་དད་པར་ཡང་མི་བྱའོ། །ཧཱུཾ་ཛ: ་ཧཱུཾ་ཞེས་བྱ་བ་འདིས་བཀུག་སྟེ་ཡོལ་བའི་ནང་དུ་བཅུག་ནས་དཀྱིལ་འཁོར་གྱི་ཤར་གྱི་སྒོར་ཡང་དག་པར་བཞག་སྟེ། འདི་སྐད་དུ་བརྗོད་པར་བྱའོ། །དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། དེའི་ཕྱིར་ངས་ཁྱོད་ལ ་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་བྱའོ། །ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཁྱབ་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ ་རྣམས་ཀྱི་མདུན་དུ་བརྗོད་པར་མ་བྱེད་ཅིག་།དམ་ཚིག་ཉམས་པར་གྱུར་ཏ་རེ། ཡང་སློབ་མའི་སྤྱི་བོར་རྡོ་རྗེ་བཞག་ལ་བརྗོད་པར་བྱ་སྟེ། འདི་ནི་དམ་ཚིག་རྡོ་རྗེ་སྟེ། །གལ་ཏེ་ལ་ལར་ཁྱོད་འདི་སྨྲ། །ཁྱོད་ནི་སྤྲི་བོ་འགས་པར་བྱེད། །མེ་ཏོག་དང་བཅས ་བའི་རྡོ་རྗེ་སྙིང་གར་བཞག་ལ་བརྗོད་པར་བྱ་སྟེ། ཨོཾ་རྡོ་རྗེ་སེམས་དཔའ་དེར་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ནས་གཤེགས། །འདིས་མནའ་བསྒགས་ནས་བདུད་རྩི་རྣམ་པ ་ལྔ་པདྨའི་སྣོད་ལ་གནས་པའི་ཡི་གེ་གསུམ་གྱིས་བརླབས་ལ། ཨོཾ་བཛྲ་ཨ་མྲ་ཏོང་ཀ་ཧཱུཾ་ཐཱ(རྒྱུད་འགྲེལ་དངོས་གྲུབ་སྟེར། །རྡོ་རྗེ་བདུད་རྩི་ཆུ་འཐུང་ཞིག་།ཅེས་བྱ་བ་བརྗོད་ལ་བླུད་པར་བྱའོ། །དེ་ནས་འདི་བརྗོད་པར་བྱ་སྟེ། དེང་ཕྱིར་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེར་ཡིན་གྱིས། །ངས་འདི་གྱིས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་ཡང་ཁྱོད་ཀྱིས་བྱ་དགོས་སོ། ། ་ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག་།མི་བདེ་བ་མ་སྤངས་པར་ཁྱོད་འཆི་བའི་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་བརྗོད་པས་དམ་ཚིག་གི་ཆུ་སྦྱིན་པར་བྱའོ། །དེ་ནས་སློབ་ནས་འདི་ལྟར་བརྗོད་དུ་གཞུག་སྟེ། དེ་བཞིན་གཤེགས ་བ་ཐམས་ཅད་གྱིས་བྱིན་གྱིས་རློབས་ལ་རྡོ་རྗེ་སེམས་དཔའ་བདག་ལ་དབབ་དུ་གསོལ་ཞེས་བྱའོ། །དེ་ནས་སློབ་མའི་སྙིང་གར་ལཾ་སེར་པོ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་རྩེ་གསུམ་པས་མཚན་པའི་དབང་ཆེན་གྱི་དཀྱིལ་འཁོར་གྲུ་བཞི་པ་ལ་ཡི ་གེ་ཧཱུཾ་གནས་པའོ། །སྤྱི་བོར་བཾ་ཡིག་ལས་སྐྱེས་པའི་བུམ་པས་མཚན་པའི་ཚུལ་དཀྱིལ་འཁོར་ཟླུམ་བོ་དཀར་པོ་ལ་ཡི་གེ་ཧ(རྒྱུད་འགྲེལ་པ་ལྟ་བུ། རླུང་གི་དཀྱིལ་འཁོར་ལ་ཡི་གེ་ཨཱ(རྒྱུད་འགྲེལ་དང་བཅས་པས་དྲིལ་བུ་དཀྲོལ་ལ། །ཱ་བེ་ཤ་ཡ་སྟཾ་བྷ་ཡ་ར་ར་ར་ར་ཙཱ་ལ་ཡཧཱུཾ་ཧ(རྒྱུད་འགྲེལ་བྱ་བ་བརྗོད་དོ། །སྨྲས་པ་ཤེས་མས་ཨོཾ་ཏིཐཱ་བཛྲ་ཞེས་བྱ་བས་བརྟན་པར་བྱའོ། །ཁྱོད་ཀྱི་མིག་ལ་ཅི་སྣང་ཅི་མཐོང་ཞེས་དྲིས་ནས། །དེ་ནས་དེ་ཡིས་བརྗོད་དེ། དཀར་པོ་དང་སེར་པོ་དང་དམར་པོ་དང་ནག་པོ་མཐོང་ན། ཞི་བ་དང། རྒྱས་པ་དང། དབང ་དང། མངོན་སྦྱོད་ཀྱི་དངོས་གྲུབ་ཀྱི་སྣོད་དང་ལྡན་པར་བརྗོད་ནས་བདེན་པའི་བྱིན་གྱིས་བརླབས་བརྗོད་པར་བྱ་སྟེ། དེ་ལྟར་དཀྱིལ་འཁོར་ཡང་དག་འདིར། །བདག་གིས་སློབ་མ་གཞུག་པ་ལ། །ཇི་ལྟར་བསོད་ནམས་དེ་བཞིན་ཤོག་།ལྷ་རྣམས་ཀྱིས་ནི ་རིགས་ཀྱི་རིམ། །ཇི་ལྟར་དངོས་གྲུབ་རིམ་པ་འདི། །གང་གི་རིགས་ཀྱི་སྣད་ཡིན་པ། །ཇི་ལྟར་བསོད་ནམས་མཐུ་ཡིས་ནི། །དཀྱིལ་འཁོར་འདིར་ཡང་དེ་བཞིན་ཤོག་།དེ་ནས་མེ་ཏོ་གི་ཕྲེང་བ་སྟེ། པྲ་ཏཱཙྪ་བཛྲ་ཧོ(རྒྱུད་འགྲེལ་གལ་ཏེ་སྦྱན་ནམ་ཞལ་ལ་བབས་ན་དེ་སྔགས་ཀྱི་དངོས་གྲུབ་བོ། །ཡན་ལག་མཆོག་ལ་ནི་མཆོག་གོ་།ཡན་ལག་འབྲིང་ལ་ནི་འབྲིང་ངོ། །སྨད་ཀྱི་ཆ་འདི་ཐ་མའོ། །གཟུགས་ལས་ཤིན་ཏུ་རིང་བར་བབས་ན་??་ཚོགས ་སོ། །ཉེ་བ་ནི་དངོས་གྲུབ་མྱུར་དུ་འགྲུབ་པའོ། །ལྷ་རྣམས་ཀྱི་རང་གི་རེའུ་མིག་གི་གནས་ལ་རྣམ་པར་དཔྱད་པའི་ཕྱིར་ཤེས་པར་བྱའོ། །གལ་ཏེ་ལྷ་གཉིས་ཀྱིས་དབུས་སུ་ལྷུང་ན། །དེ་ཚེ་མེ་ཏོག་གང་དང་ཉེ་བར་བབས་པ་ངའི་རིགས ་ཡིན་ནོ། །དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་བབས་ན་ཕྲན་ཆོགས་ཀྱི་དངོས་གྲུབ་བོ། །གལ་ཏེ་དཀྱིལ་འཁོར་གྱི་མཚམས་ཀྱི་ཕྱི་རོལ་ལ་བབས་ན། །དེའི་ཚེ་ཡང་བསྒྱུར་དུ་གཞུག་གོ་།ལན་གསུམ་དུ་བྱས་ཏེ་དེ་ལ་དེ་ཉིད་དུ་བབས་ན ་དངོས་གྲུབ་མེད་དེ། ཕྱིའི་རྡོ་རྗེ་ར་བའི་ཕྱི་རོལ་ཏུ་ལྷུང་ན་དངོས་གྲུབ་མེད་དོ། །ནང་དུ་བབས་ན་ཤིན་ཏུ་དཀའ་བས་སོ། །ཞེས་བྱ་བ་ནི་མེ་ཏོག་བསྐྱུར་བའི་ཆོ་གའོ།། །།དེ་ནས་ཡང་མེ་ཏོག་ཕྲེང་བ་དེ་ཡང ་བླངས་ནས། སློང་མའི་སྤྱི་བོར་བཅིང་བར་བྱ་སྟེ། བྲ་ཏི་གྲིཧྣ་ཏྭ་མི་མཾ་ས་ཏྭ་མ་ཧཱ་བ་ལ། ཞེས་བྱ་བ་བརྗོད་དོ། །མིག་གཉིས་ལ་ཡི་གེ་ཨཾ་བསམས་ནས། རྡོ་རྗེ་སེམས་དཔའ་དང་ཁྱོད་ཀྱི། །མིག་འབྱེད་པ་ལ་བརྩོན་པར་མཛད། །མིག ་ནི་ཐམས་ཅད་འབྱེད་མཛད་དོ། །རྡོ་རྗེ་མིག་ནི་བླ་ན་མེད། །ཅེས་བྱ་བ་བརྗོད་ནས་གདོད་གཡོགས་དགྲོལ་བར་བྱའོ། །དེ་ནས་དཀྱིལ་འཁོར་བསྟན་པར་བྱ་སྟེ། དབུས་སུ་རྣམ་པར་ཤེས་པའི་ཕུང་པོ་མི་བསྐྱོད་པ་ཤར་ལ་སོགས་པའི་ཕྱོགས ་སུ་གཟུགས་རྣམ་པར་སྣང་མཛད་དོ། །ཚོར་བ་ནི་རིན་ཆེན་འབྱུང་ལྡན་ནོ། །འདུ་ཤེས་ནི་འོད་དཔག་ཏུ་མེད་པའི། །འདུ་བྱེད་ནི་དོན་ཡོད་གྲུབ་པའོ། །མེ་ལ་སོགས་པའི་མཆེམས་རྣམས་སུ་སའི་ཁམས་ནི་སྤྱན་མའོ། །ཆུའི་ཁམས་ནི་མང་མ ་ཀཱའོ། །མེའི་ཁམས་ནི་གོས་དཀར་མོའོ། །རླུང་གི་ཁམས་ནི་སྒྲོལ་མའོ། །ཕྱིའི་དཀྱིལ་འཁོར་གྱི་མེ་ལ་སོགས་པའི་མཚམས་བཞི་དང། ཤེར་ཕྱོགས་ཀྱི་སྒོའི་མཚམས་རྣམས་སུ་གཟུགས་རྡོ་རྗེ་མ་དང། སྒྲ་རྡོ་རྗེ་མ་དང། དྲི་རྡོ་རྗེ་མ་དང། རོ?་?? ་མ་དང། རེག་བྱ་རྡོ་རྗེ་མ་དང། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མའོ། །གཤིན་རྗེ་མཐར་བྱེད་དང། པདྨ་མཐར་བྱེད་དང། ཤེས་རབ་མཐར་བྱེད་དང། བགེགས་མཐར་བྱེད་དམས་ནི་ཤར་ལ་སོགས་པའི་སྒོར་གནས་པའོ། །ཞེས་བྱ་བ་ནི་དཀྱིལ་འཁོར་དུ ་འཇུག་པའི་ཆོ་གའོ།། །།དེ་ནི་དབང་བསྐུར་བའི་ཆོ་ག་བརྗོད་པར་བྱའོ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་རྣམས། །མཆོད་ཆེན་ཇི་ལྟར་བྱིན་པ་ལྟར། །བདག་ཀྱང་བསྒྲལ་བའི་དོན་གྱི་ཕྱིར། །ནམ་མཁའ་རྡོ་རྗེ་དེད་བདག་གསལ། །ཞེས ་བྱ་བས་གསོལ་བ་གདབ་པ་དང་ལྡན་པའི་སློབ་མ་མི་བསྐྱོད་པའི་གཟུགས་སུ་དམིགས་ནས། རང་རིག་སྐྱེས་བུའི་ཆུ་ཡིས་ནི། །ཀུན་ཏུ་བུམ་པའི་རྒྱེན་རྣམས་ཀྱིས་།དབང་བསྐུར་རྡོ་རྗེ་ཅན་བསམས་ནས། །རྡོ་རྗེ་ཐུགས་ནི་རབ་ཏུ་བསྒོམ། །རྡོ་རྗེ ་དང་བཅས་པའི་ཁུ་ཆུར་གྱིས་ཆུ་བླངས་ནས། །དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཁམས་གསུམ་པ་ཡིས་ཕྱག་བྱས་ལ། །གསང་བ་གསུམ་ལས་བྱུང་བ་ཡིས། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །ོཾ་བཛྲ་ཨ་བྷི་ཥིཉྩ་མི་ཏྭཾ། ཞེས་བྱ་བ་བརྗོད ་ནས། སློབ་མ་འཁོར་ལོས་སྒྱུར་བ་བཞིན་དབང་བསྐུར་བར་བྱའོ། །ཞེས་བྱ་བ་ནི་ཆུའི་དབང་བསྐུར་བའི་ཆོ་ག་སྟེ། །མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་ནས་གོང་དུ་བསྟན་པའི་རིམ་པས་གསེར་རམ་གོས་ལ་སོགས་པ་ལ་བྱས་པའི་དབུ་རྒྱན་རིན ་པོ་ཆེ་འབྱུང་ལྡན་གྱི་སྦྱར་བས་སློབ་མའི་མགོ་ལ་སྦྱིན་པར་བྱའོ། །ོཾ་སརྦབ?་བུདྡྷ་ཙུཊ?་མ་ནི་མཧཱ་མ་གུ་ཏཾ་པྲ་ཏིཙྪ་བཛྲ་ཧོ། །ནམ་མཁའ་ཨི་ཁམས་ཀྱི་ཁོང་སུ་གཏོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་རིགས་ཀྱི་བདག་པོའི་གཟུགས་ཀྱི་དབུ་རྒྱན ་ལ་ཉེ་བར་གནས་པ་བསམ་པར་བྱའོ། །ཞེས་བྱ་བ་ནི་དབུ་རྒྱན་གྱི་དབང་བསྐུར་བའི་ཆོ་ག་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ནས་རྡོ་རྗེ་རྩེ་ལྔ་པ། ཆེན་པོ་ལག་པས་སྙིང་གར་བཞག་།སློབ་མས་འཇིག་རྟེན་??་?? ་རྡོ་རྗེ་སེམས་དཔའ་ཞེས་དབང་བསྐུར། །སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི་དངོས་གྲུབ་ཕྱིར་ན་རྡོ་རྗེ་ལོང། །ཞེས་བྱ་བ་བརྗོད་ལ། རྡོ་རྗེ་སྙིང་ག་ལ་སོགས་པར་གཏུ་གས་ནས། །ལོག? ་པ་གཡས་པར་རྡོ་རྗེ་སྦྱིན་པར་བྱའོ། །ཞེས་བྱ་བ་ནི་རྡོ་རྗེའི་དབང་གི་ཆོ་ག་སྟེ། སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་སོ། །དེ་ནས་དོན་ཡོད་གྲུབ་པའི་གཟུགས་དམིགས་ནས། ལག་པ་གཡོན་པས་དྲིལ་བུ་བྱིན་ལ་སློབ་མ་རྡོ་རྗེ་དྲིལ་བུ་དང་ལྡན་པའི་ལག ་པ་གཉིས་ཀྱིས་འཁྱུད་པའི་རྣམ་པ་ལྟར་བྱས་ནས། ཨོཾ་བཛྲ་ཨ་དྷི་པ་ཏི་ཏྭཾ་ཨ་བྷི་ཥིཉྩ་མི་ཏཥཔི་བཛྲ་མཧཱ་ས་མ་ཡ་སྟཝཾ། ཞེས་བྱ་བ་བརྗོད་དོ་ཞེས་བྱ་བ་ནི་དྲིལ་བུའི་དབང་གི་ཆོག་སྟེ། བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །དེ་ནས་རྣམ་པར་སྣད་མཛད་ཀྱི ་གཟུགས་སུ་དམིགས་ནས། མིང་གི་དབང་བསྐུར་བར་བྱ་སྟེ། །མགོ་བོར་རྡོ་རྗེ་དྲིལ་བུ་བཞག་ནས། ཨོཾ་བཛྲ་སཏྭ་ཏྭཾ་ཨ་བྷི་ཥིཉྩ་མི་བཛྲ་ནཱ་མ་ཨ་བྷི་ཥ་ཀ་ཏ:། ཀྱེ་དཔལ་ཞེ་སྔག་རྡོ་རྗེ། ཀྱེ་དཔལ་གཏི་མུག་རྡོ་རྗེ། ཀྱེ་དཔལ་པ་རྒྱལ་རྡོ་རྗེ། ཀྱ་དཔལ ་འདོད་ཆགས་རྡོ་རྗེ། ཀྱེ་དཔལ་ཕྲག་དོག་རྡོ་རྗེ། ཞེས་བྱ་བ་ལ་སོགས་པ་རིགས་དང་རྗེས་སུ་མཐུན་པའི་ངོ་བོ་ཉིད་ཀྱིས་མིང་བྱའོ། །མི་བསྐྱོད་པ་ནི་དགྱེས་པའི་རྡོ་རྗེ་དང། ལོངས་སྤྱོད་རྡོ་རྗེ་དང། དགའ་བའི་རྡོ་རྗེ་དང། སྒེག་པའི་རྡོ་རྗེ་དང། རོལ་པའི ་རྡོ་རྗེ་དང། རང་འབྱུང་རྡོ་རྗེ་དང། ཞེས་སྡང་རྡོ་རྗེ་དང། ཀྱེའི་རྡོ་རྗེ་དང། སྙིང་རྗེ་སྟོབས་ཀྱི་རྡོ་རྗེ་དང། ཐུགས་ཀྱི་རྡོ་རྗེ་ཞེས་བརྗོད་དོ། །རྣམ་པར་སྣང་མཛད་ཀྱི་ནི་རྣམ་པར་སྣང་མཛད་རྡོ་རྗེ་དང། གཏི་མུག་རྡོ་རྗེ་དང། ཨོཾ་ཡིག་རྡོ་རྗེ་དང། རྟག་པའི ་རྡོ་རྗེ་དང། དེ་བཞིན་གཤེགས་པའི་རྡོ་རྗེ་དང། སྒྱུ་མའི་རྡོ་རྗེ་དང། སངས་རྒྱས་རྡོ་རྗེ་དང། སྐུའི་རྡོ་རྗེ་ཞེས་མངོན་པར་བརྗོད་དོ། །རིན་ཆེན་འབྱུང་ལྡན་གྱི་ནི་རིན་ཆེན་རྡོ་རྗེ་དང། ཡིད་བཞིན་ནོར་བུ་རྡོ་རྗེ་དང། མཁའ་རྡོ་རྗེ་དང། ནམ་མཁའ་རྡོ་རྗེ་དང ་མ་རྡོ་རྗེ་དང། ཉི་མ་རྡོ་རྗེ་དང། འོད་བྱེད་རྡོ་རྗེ་དང། ང་རྒྱལ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །འོད་དཔག་མེད་ཀྱི་ནི། འདོད་ཆགས་རྡོ་རྗེ་དང། སྤྱན་རས་གཟིགས་རྡོ་རྗེ་དང། ཆོས་རྡོ་རྗེ་དང། ཆོས་རྡོ་རྗེ་དང། པདྨའི་རྡོ་རྗེ་དང། ཤེས་རབ་མྱུ་གུ་རྡོ?་རྗེ?་དང ་བདེ་བའི་མྱུ་གུ་རྡོ་རྗེ་དང། སྙིང་རྗེ་མྱུ་གུ་རྡོ་རྗེ་དང། པདྨའི་མྱུ་གུ་རྡོ་རྗེ་དང། མཆོད་དགའ་ཨི་རྡོ་རྗེ་དང། དགའ་བ་དེའི་རྡོ་རྗེ་དང། ངག་གི་རྡོ་རྗེ་ཞེས་བྱ་བར་བརྗོད་དོ། །དོན་ཡོད་གྲུབ་པའི་ནི། དོན་ཡོད་གྲུབ་པ་རྡོ་རྗེ་དང། རྡོ་རྗེ་རྟ་མཆོག་དང། ་དམ་ཚིག་རྡོ་རྗེ་དང། ཕ་རོལ་ཏུ་ཕྱིན་པའི་རྡོ་རྗེ་དང། ལས་ཀྱི་རྡོ་རྗེ་དང། ཕྲག་དོག་རྡོ་རྗེ་ཞེས་བརྗོད་དོ། །རྡོ་རྗེ་སེམས་དཔའ་ཨི་ནི། མཆོག་གི་དང་པོའི་རྡོ་རྗེ་དང། མི་མཉམ་པའི་རྡོ་རྗེ་དང། དགའ་བའི་རྡོ་རྗེ་དང། དམ་ཚིག་རྡོ་རྗེ་དང། རྣམ་པར ་རྒྱལ་བའི་རྡོ་རྗེ་དང། བདེ་བ་ཆེན་པོའི་རྡོ་རྗེ་དང། མི་གཡོ་བའི་རྡོ་རྗེ་དང། སེམས་དཔའ་ཨི་རྡོ་རྗེ་དང། ཡན་ལག་མེད་པའི་རྡོ་རྗེ་དང། ཡེ་ཤེས་རྡོ་རྗེ་དང། ལྷན་ཅིག་སྐྱེས་པའི་རྡོ་རྗེ་དང། ཞེས་རབ་ཏུ་གྲགས་པའོ། །མི་བསྐྱོད་པའི་རིགས་ཀྱི ་བུད་མེད་རྣམས་ལ་ནི། །བདག་མེད་རྡོ་རྗེ་མ་དང། ཕྱག་ན་རྡོ་རྗེ་མ་དང། རྡོ་རྗེ་ཕྲེང་བ་མ་དང། འབྱུང་གནས་རྡོ་རྗེ་མ་དང། རྡོ་རྗེ་མཱ་མ་ཀཱི་ཞེས་བརྗོད་དོ། །རྣམ་པར་སྣང་མཛད་ཀྱི་ནི་རྡོ་རྗེ་སྤྱན་མ་དང། རྡོ་རྗེ་མཁའ་འགྲོ་མ་དང། རྡོ་རྗེ་དཀར་མོ ་དང། རྡོ་རྗེ་སྒེག་མོ་དང། རྡོ་རྗེ་འཁྱུད་མ་ཞེས་བརྗོད་དོ། །རིན་ཆེན་འབྱུང་ལྡན་གྱི་ནི་རྡོ་རྗེ་སྒྲོལ་མ་དང། རྡོ་རྗེ་དབུགས་འབྱིན་མ་དང། རྡོ་རྗེ་འབར་མ་དང། རྡོ་རྗེ་ཕྲེང་བ་མ་ཞེས་བརྗོད་དོ། །འོད་དཔག་ཏུ་མེད་པ་ནི། འདོད་ཆགས་རྡོ་རྗེ་མ་དང། རྡོ་རྗེ ་གླུ་མ་དང། ངོ་མཚར་བདེ་བའི་རྡོ་རྗེ་མ་དང། རྡོ་རྗེ་པ་ཏ་ལི་དང། རྡོ་རྗེ་བློ་མ་དང། རྡོ་རྗེ་བཞད་མ་དང། པདྨ་རྡོ་རྗེ་མ་དང། རྡོ་རྗེ་གོས་དཀར་མོ་ཞེས་བརྗོད་དོ། །དོན་ཡོད་གྲུབ་པའི་ནི། རྡོ་རྗེ་སྙིང་པོ་མ་དང། རྡོ ་རྗེ་སྒྱུ་མ་དང། རྡོ་རྗེ་ཐོ་མོ་དང། རྡོ་རྗེ་སྒྲོལ་མ་ཞེས་བརྗོད་དོ། །རྡོ་རྗེ་སེམས་དཔའ་ཨི་ནི། རྡོ་རྗེ་རོལ་མ་དང། རྡོ་རྗེ་མགྱོགས་མ་དང། རྡོ་རྗེ་འདོད་མ་དང། རྡོ་རྗེ་ཀོང་ཀ་ན་དང། རྡོ་རྗེ་སྡུ་བ་མ་དང། རྡོ་རྗེ་མཆར་མ་དང། རྡོ་རྗེ་མཱ་མ་ཀཱི་ཞེས་བརྗོད་དོ། ། ་མིང་གི་དབང་བསྐུར་བའི་ཆོ་ག་སྟེ། ཤིན་ཏུ་རྣམ་པར་དག་བའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དབང་བསྐུར་བ་དང་རྣམས་ཀྱི་སྔགས་དང་རྒྱུད་ཉན་པ་དང། འཆད་པ་དང། སྔགས་སྒྲུབ་པ་ལ་དབང་བསྐུར་བར་འགྱུར་རོ། །དབང ་ལྔ་པོ་ཉིད་ནི་རིག་པའི་དབང་ཞེས་བརྗོད་དེ། །རྣམ་པ་ཐམས་ཅད་དུ་སྤྱན་མ་ལ་སོགས་པའི་རིག་མའི་བྱ་བ་འཇུག་པའི་ཕྱིར་རོ་ཞེས་བྱའོ། །དེ་ནས་ཀྱེ་རྡོ་རྗེ་སློབ་དཔོན་དབང་བསྐུར་བ། །གང་གིས་ཁྱོད་ཀྱིས་དྲིན་གྱིས་བདག་།རང་དང ་གཞན་དོན་ནུས་གྱུར་པའི། །སྙིང་རྗེ་གཏེར་གྱིས་བདག་ལ་གསོལ། །ཞེས་བྱ་བས་གསོལ་བ་བཏབ་པ་དང་ལྡན་པའི་སློབ་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་ལ། གདུགས་དང། རྒྱལ་མཚན་དང། བླ་བྲེ་བླང་བར་བྱ་སྟེ། ཤར་སྒོར་སེང ་གེའི་ཁྲི་ལ་སྣ་ཚོགས་ཀྱི་པདྨ་གནས་པའི་འདབ་མ་བརྒྱད་པའ་སྟེང་དུ། རྡོ་རྗེ་སེམས་དཔའ་ཨི་གཟུགས་སུ་དམིགས་ནས་ཧཱུཾ་ཡིག་ལས་སྐྱེས་པའི་རྡོ་རྗེ་བསྒོམས་ཏེ། ཐོག་མཛའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །ཀུན ་ཏུ་བཟང་པོ་ཐམས་ཅད་བདག་།རྡོ་རྗེ་སྙེམས་པ་གཙོ་བོའི་གཙོ། །མཆོག་གི་དང་པོ་སྐྱེས་བུ་བཅོམ་ལྡན་འདས། །ཞེས་བྱ་བ་དེ་ཉིད་ཀྱིས་རྡོ་རྗེ་འཛིན་དུ་གཞུག་གོ་།དེ་ནས་ཨ་ཡིག་ལས་སྐྱེས་པའི་དྲིལ་བུ་སྟེ། འདི་ནི་སངས་རྒྱས་ཐམས་ཅད ་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅད། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཅེས་བྱ་བས་གཡོན་པའི་ལག་ཏུ་སྦྱིན་པར་བྱའོ། །སྲིད་པ་ངོ་བོ་ཉིད་ཀྱིས་བདག་།ངོ་བོ་ཉིད་ཀྱིས་སྲིད་པར་བྱས། ། ་ངོ་བོ་ཉིད་དག་སེམས་དཔའ་མཆོག་།སྲིད་པ་མཆོག་ཏུ་བྱེད་པར་འགྱུར། །ཞེས་བྱ་བས་ཀྱང་སློབ་མས་དཀྲོལ་བར་བྱའོ། །དེ་ནས་ཕྱག་རྒྱའི་དམ་ཚིག་བརྗོད་པར་བྱ་སྟེ། ཡིད་ཀྱི་སྐུ་ནི་སྟོན་པའི་ཕྱིར། །གང་གིས་ཐམས་ཅད་སྐུར་བསྟན་པ། ། ་དེ་ན་ཕྱག་རྒྱར་རབ་ཏུ་གྲགས་ཞེས་བྱ་བ་འདིས་རང་འདོད་པའི་ལྷའི་སྐུར་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ནས་འཁྱུད་པར་བྱའོ། །དེ་ནས་སློབ་དཔོན་གྱིས་རང་གི་སྙིང་གའི་ས་བོན་ལས་བྱུང་བའི་ལྷའི་ཚོགས་ནམ་མཁའ་ལ་གནས་པས་དབང ་བསྐུར་བར་བསམས་ནས། །དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །གསང་བ་གསུམ་ལས་བྱུང་བ་ནི། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །ཞེས་བྱ་བ་དང། ཕྱིར་མི་ལྡོག་པའི་དབང་བསྐུར་བའི་ཚིགས་བཅད ་རྣམས་ཀྱིས་དབང་བསྐུར་བར་བྱའོ། །ཡི་སུ་པྲ་ཏིཥྛ་ཏྭ?་བཛྲེ་ཞེས་བརྗོད་དེ་ཞུ་བའི་ཞབས་ལ་མི་བསྐྱོད་པས་རྒྱས་བཏབ་‰པར་བསམ། ཇི་ལྟར་གསུངས་པ་ནི། ཤེས་རབ་བཅུ་དྲུག་ལོན་པ་ལ། ལག་པ་གཉིས་ཀྱིས་འཁྱུད་ནས་སུ། །རྡོ་རྗེ་དྲིལ་བུ ་མཉམ་སྦྱར་བས། །སློབ་དཔོན་དབང་བསྐུར་འདོད་པ་ཡིན། །དེ་ནས་མདོར་བསྡུས་པའི་དཀྱིལ་འཁོར་གྱི་དེ་ཉིད་དང། དཀྱིལ་འཁོར་གྱི་རྣམ་པར་དག་པ་བརྗོད་པར་བྱ་སྟེ། དཀྱིལ་འཁོར་པདྨ་ཉིད་དུ་བརྗོད། །ཡིད་ཀྱི་དཀྱིལ་འཁོར་མཆོག་ཡིན་ཏེ། ། ་ཡེ་ཤེས་ཞེས་བྱ་གཞལ་ཡས་ཁར། །སེམས་ཀྱི་གཞལ་ཡས་མཐོན་པ་སྟེ། ཕུང་པོ་ལྔ་ནི་མདོར་བསྡུས་ན། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས་ཞེས་བྱ་བ་ལ་སོགས་པའོ།། །།དེ་ནས་སློབ་མ་རྣམས་པར་སྣང? ་མཛད་ལ་སོགས་པའི་གཟུགས་སུ་དམིགས་ནས། རྗེས་སུ་གནང་བ་སྦྱིན་པར་བྱ་སྟེ། སེམས་ཅན་ཀུན་ལ་ཕན་དོན་དུ། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་ལྟར་འདུལ་བར་སྣ་ཚོགས་ཀྱིས། །ཆོས་ཀྱི་འཁོར་ལོ ་བསྐོར་བར་གྱིས། །ཆོས་ཀྱི་གནས་སུ་རྡོ་རྗེ་དང། །རིན་པོ་ཆེ་དང་པདྨ་དང། །ལས་ཀྱི་སྒྲ་རབ་ཏུ་གཞུག་པར་བྱས་ལ། །རིམ་གྱིས་ཚིགས་བཅད་ལྔས་རྗེས་སུ་གནང་བ་སྦྱིན་པར་བྱའོ། །དེ་ནས་མི་བསྐྱོད་པའི་གཟུགས་སུ་དམིགས་ནས། ། ་རྡོ་རྗེའི་བརྟུལ་ཞུགས་སྦྱིན་པར་བྱ་སྟེ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའ་ཨི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་གཟུང། །ཕྱག་ན་རྡོ་རྗེས་བརྟུལ་ཞུགས་བརྟན། །ཞེས་བྱ་བ་འདིས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་སྦྱིན ་པར་བྱའོ། །ོཾ་སརྦ་ཏཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ། ཨེ་ཤ་ཏྭཾ་དྷ་ར་ཡཱ་མི་ཧཱི(རྒྱུད་འགྲེལ་སངས་རྒྱས་ཀྱི་གཟུགས་སུ་བསྒོམས་ནས། གཡོན་པའི་ཁུ་ཚུར་གྱིས་སྙིང་གང་ཆོས་གོས་ཀྱི་སྣེའུ་བཟུང་ལ་ལག་པ་གཡས་པས་མཆོག་སྦྱིན་པའི་ཕྱག་རྒྱ་ཡིས་རང་གིས་སློབ་མ་གང་གི་རིགས་ཡིན་པ་དེའི་གཟུགས་སུ་དམིགས་པར་བྱ ་སྟེ། ཨོཾ་ཨེ་ཤོ་ཧཾ་ཏྭཾ། བྱ་ཀ་རོ་མི་བཛྲ་ས་ཏྭཾ་ཏ་ཐཱ་ག་ཏ། བྷ་བ་དུར་ག་ཏི། ཏོད་དྷྲེ་དྱE། ཨ་ཏྱན་ཏ་བྷ་བ་ཤུདྡྷ་ཡེ། ཀྱེ་ཆེ་གེ་མོ་རྡོ་རྗེ་ཏ་ཐཱ་ག་ཏ(རྒྱུད་འགྲེལ་བའི་ཕྱག་རྒྱ་ཡིས་གད་ལུང་བསྟན་པར་བྱས་པ་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་བས་མགྲིན་གཅིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་ཏུ་ལུང་བསྟན་པར་འགྱུར་ཏེ། འདི་འབྱུང་བའི་ཕྱག་རྒྱའི་མཐུ་དང། །སྔགས་འདིའི་སྟོབས་ཉིད་ཀྱི་ཕྱིར་དད་པར་བྱའོ། །ཞེས་སློབ་མ་ལ་བརྗོད་པར་བྱའོ། །ཞེས་བྱ་བ་ནི་ལུང་བསྟན་པའོ།། །།དེ་ནས་ཨོཾ་མཧཱ་ས་མ་ཡ་ཧ་ན ་ཧཱུཾ་ཕཊ། ཅེས་བྱ་བ་བརྗོད་ལ་དབུགས་འབྱུང་བ་སྦྱིན་པར་བྱའོ། །གསང་མཆོག་དཀྱིལ་འཁོར་དམ་པ་ནི། །མཐོང་བ་དང་ནི་ཞུགས་གྱུར་བས། །སྡིག་པ་ཀུན་ལས་ངེས་པར་གྲོལ། །ཁྱེད་རྣམས་དེ་རིང་ལེགས་པར་གནས། །བདེ་ཆེན་ཐེག ་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཡོད་མིན་ཏེ། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །གང་ཞིག་སྐྱེས་པ་ཅེམ་གྱིས་ནི། །སངས་རྒྱས་ཉིད་དུ་རྟོག་མེད་པའི། །རྡོ་རྗེ་ཞེས་གང་ཕྱག་རྒྱ་དང། །བྱང་ཆུབ ་སེམས་ཀྱང་བཏང་མི་བྱ། །དམ་པའི་ཆོས་ཀྱང་མི་སློང་ཞིང། །ནམ་ཡང་དོར་བར་མི་བྱའོ། །མི་ཤེས་པའམ་རྨོངས་པ་ཡིས། །དེ་ཡིས་བྱས་ནས་བཤགས་པར་བྱའོ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་རྣམས། །ནམ་ཡང་བཏང་བར་མི་བྱའོ། །སློབ ་དཔོན་སྨད་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །རང་གི་བདག་ཉིད་མི་སྤོང་ཞིང། །དཀའ་ཐུབ་ཀྱིས་ཀྱང་གདུང་མི་བྱ། །ཇི་ལྟར་བདེ་བ་བདེ་བས་བཟུང། །འདི་ནི་མ་འོངས་རྫོགས་སངས་རྒྱས། །དེ་རིང་དཀྱིལ་འཁོར་སློབ ་དཔོན་དང། །སྔགས་དང་རྒྱུད་ནི་འཛིན་པར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང། །ལྷ་རྣམས་ཀྱིས་ཀྱང་མཐུན་པར་འདོད། །སེམས་ཅན་རྣམས་ནི་བཟུང་དོན་དུ། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །འབད་པ་ཡིས་ནི ་བྲི་བར་བྱ། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །ཞེས་བྱ་བ་ནི་དབུགས་དབྱུང་བ་སྦྱིན་པའོ། །རྗེས་སུ་གནང་བ་ལ་སོགས་པ་བཞི་པོ་འདི་རྣམས་ནི། །རིག་པའི་དབང་རྣམ་པ་ལྔའི་རྗེས་སུ་འམ། །སློབ་དཔོན་གྱི་དབང་གི་རྗེས་སུ་སྦྱིན་པར་བྱའོ། །སློབ ་དཔོན་གྱི་དབང་ཉིད་ནི་ཕྱིར་མི་ལྡོག་པའི་དབང་ཞེས་བརྗོད་པར་བྱའོ། །དབང་ལྡན་དང། སློབ་དཔོན་གྱི་དབང་ལ་ནི་བུམ་པའི་དབང་ཞེས་བརྗོད་དེ། ཐམས་ཅད་བུམ་པའི་བྱང་འཇུག་པའི་ཕྱིར་རོ། །དབང་དྲུག་པོ ་འདི་ནི་རྒྱུད་ཐམས་ཅད་དང་མི་འགལ་བའོ། །རྡོ་རྗེ་སློབ་དཔོན་གྱི་དབང་ཞེས་བྱ་བ་ནི་ལུས་རྡོ་རྗེ་རྣམ་པར་དག་པའོ།། །།དེའི་རྗེས་སུ་དབེན་པའི་ས་ཕྱོགས་སུ་ཡོལ་བ་ལ་སོགས་པ་བྱས་ལ་རང་གི་ཡིད་དུ་སྡུག་བའི་གཟུགས ་དང་ལང་ཚོས་བརྒྱན་པའི་དམ་ཚིག་དང་སྡོམ་པའི་སྣོད་དང་ལྡན་པའི་ཤེས་རབ་གསང་བའི་དབང་གི་དོན་དུ་སློབ་མས་བླ་མ་ལ་དབུལ་བར་བྱས་ནས་གྲོལ་བའི་གནས་སྐབས་སུ་གསོལ་བ་གདབ་པར་བྱ་སྟེ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། ། ་མཆོད་ཆེན་ཇི་ལྟར་བྱིན་པ་ལྟར། །བདག་ཀྱང་བསྒྲལ་བའི་དོན་གྱི་ཕྱིར། །ནམ་མཁའ་རྡོ་རྗེ་བདག་ལ་གསོལ། །བླ་མས་ཀྱང་ཏིང་ངེ་འཛིན་གསུམ་མངོན་དུ་བྱས་ནས། རང་རིག་པར་བྱ་ཞིང་ནམ་མཁའ་ཨི་ཁམས་སུ་སྤྲོ་བར་བྱ་སྟེ། ཤེས་རབ ་ཀྱི་པདྨ་ནས་བླངས་ལ། །ཤེས་རབ་གདོང་ཡང་བཅིང་བྱ་ཞིང། །དེ་བཞིན་ཐབས་ཀྱི་གདོང་ཡང་ངོ། །མཐེབ་ཆེན་དང་སྲིན་ལག་གཉིས་ཀྱིས་སློབ་མའི་ཁར་སྦྱིན་པར་བྱའོ། །དེས་ཀྱང་ཨ་ཧོ་སུ་ཁཾ་ཞེས་བརྗོད་པས་ལོངས་སྤྱོད་དུ ་གཞུག་པར་བྱ་སྟེ། རྣམ་པར་སྣང་མཛད་ཀྱི་བདག་ཉིད་དུ་བྱས་པའོ། །དེ་ཉིད་ཀྱང་ལངས་ལ་འདི་ཁོ་ན་ལྟར་སྦྱིན་པར་བྱའོ། །ཞེས་བྱ་བ་ནི་གསང་བའི་དབང་གིས་ངག་རྡོ་རྗེ་རྣམ་པར་དག་པར་བྱེད་པ་སྟེ། ཞེས་བྱ་བ་འདི་ནི་གསང་བའི་དབང ་གི་ཆོ་གའོ།། །།དེ་ནས་ཕྱག་རྒྱ་གཅིག་ཏུ་འདོད་པད་ཉིད་ཀྱིས་སམ། གཞན་ཕྱག་རྒྱ་ཐ་དད་དུ་འདོད་ཀྱང་རུང་སྟེ། སོ་སོར་རང་གིས་རིག་པར་བྱ་བ་ཆོས་ཀྱི་སྐུ་རབ་ཏུ་རྟོག་པར་བྱ་བའི་དོན་དུ་སྔོན་དུ་བསྟན་པའི་ཚིགས་བཅད ་ཀྱིས་གསོལ་བ་བཏབ་པ་དང་ལྡན་པའི་སློབ་མ་ལ། དེའི་ལགས་དེའི་ལག་པར་རབ་ཏུ་བཞག་ནས། དེ་བཞིན་གཤེགས་པ་ཐམས་ཅད་དབང་པོར་བྱས་ལ། སྤྱི་བོར་རྡོ་རྗེ་མཉམ་པར་བཞག་སྟེ། བླ་མ་རྡོ་རྗེས་འདིར་བརྗོད་པར་བྱ་སྟེ། འདི་ན ་ཁྱོད་ཀྱིས་གཟུང་བའི་མཆོག་།བརྟེན་པར་སངས་རྒྱས་རྣམས་ཀྱིས་བརྟགས། །འཁོར་ལོ་རིམ་པའི་སྦྱོར་བ་ཡིས། །བདེ་བཟང་ཡང་དག་མྱོང་བར་གྱིས། །ཐབས་གཞན་གྱིས་ནི་སངས་རྒྱས་ཉིད། །འགྲོ་གསུམ་འདི་ཡང་དག་མི ་འགྱུར། །དེ་ཕྱིར་འདི་དང་མི་འབྲལ་ཞིང། །ཁྱོད་ཀྱིས་ནམ་ཡང་མི་བཏང་ངོ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རིག་མའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་གིས་འདའ་བྱེད་ན། །དེ་ལ་མཆོག་གི་དངོས་གྲུབ་མེད་ཅེས་བྱ་བ ་བརྗོད་ནས་སྦྱིན་པར་བྱའོ། །དེས་ཀྱང་གུར་གུམ་དང། ཙན་དང་གྱིས་བྱུགས་ལ་མེ་ཏོག་དྲི་ཞིམ་པོའི་ཕྲེང་བས་བརྒྱན་ནས། །གོས་མེད་པར་རང་གི་པདྨར་གསལ་བར་བསྟན་ལ། འདི་སྐད་བརྗོད་པར་བྱ་སྟེ། བུ་ཁྱོད་ཀྱང་ནི་འདོད་དམ་ཅི། ། ་དྲི་ཆེན་དྲི་ཆུ་སོགས་བཟའ་ཞིང། །ཤ་ཁྲག་ཁུ་བ་དེ་བཞིན་དུ། །དེ་བཞིན་གཞན་ཡང་བུད་མེད་གུས། །བྷ་གའི་པདྨ་འོ་བྱེད་པ། །བུ་ཁྱོད་སྨྲོས་ཤིག་ཅི་བདེར་བར། །ཞེས་བརྗོད་དོ། །དེས་ཀྱང་ལྷ་མོ་ཅི་ཕྱིར་བདག་མི་འདོད། །ཁྲག་དང ་ཁུ་བ་སོགས་ཟ་ཞིང། །གུད་མེད་རྣམས་ལ་རྟག་གུས་བགྱིད། །བྷ་ག་ལ་ཡང་འོ་བགྱི་དོ། །ཞེས་བརྗོད་པར་བྱའོ། །དེ་ནས་དགའ་ཞིང་དགྱེས་པས་རྣམ་པར་བལྟ་བར་བྱེད་ཅིང། བདག་གི་ཡིད་དུ་འོད་བ་བཞིན་དུ་མངོན་པར་བལྟ་ཞིང། ཙོག ་ཙོག་པོར་འདུག་སྟེ། རང་གི་ཆུ་སྐྱེས་གསལ་བར་བྱས་ནས། འདི་སྐད་བརྗོད་པར་བྱ་སྟེ། ཨེ་ཧོ་བདག་གིས་པདྨ་འདི། །སངས་རྒྱས་ཀུན་གྱིས་བྱིན་པ་བརླབས་ལ། །གང་ཞིག་ཆོ་ག་བཞིན་བསྟེན་ན། །དེ་ཡི་མདུན་ན་བདག་གནས་སོ། །ཇི་ལྟར་པདྨའོ་དགོས་པ་གྱིས། །? ་ངག་སངས་རྒྱས་མཉེས་བྱེད་སོགས། །བདེ་ཆེན་རྒྱལ་ཕོ་རང་ཉིད་ནི། །འདི་ཉིད་ལ་ནི་ཡང་དག་ཞུགས། །བྷཉྫ་མོཀྵ་ཧོ(རྒྱུད་འགྲེལ་སྤྱི་བོ་དང། སྙིང་ག་དང། ལྟེ་བ་དང། གསང་བ་དང། བརླ་གཉིས་ལ། རིམ་པ་ཇི་ལྟ་བས། ཨོཾ་ཧཱུཾ་སྭཱ་ཨཱ(རྒྱུད་འགྲེལ་ལས་ཟེ་འབྲུ་དང། ནོར་བུའོ། །བུ་གར་ཕཊ་སེར་པོ་བཀོད་ལ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་གཡོན་མའི་ཆར་གནས་པ་ལ། སོར་མོས་ཅུང་ཞིག་བསྐུལ་བར་བྱ། །ཕྱི་རོལ་བླ་མས་འདི་ཤེས་ནས། །དེ་ནས་ཨོཾ་སརྦབ་ཏ་ཐཱ་ག་ཏཱ་ནུ་རཱ་ག་ཎ ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ཞེས་བརྗོད་ནས་དགའ་བ་བརྩམ་པར་བྱའོ། །པདྨར་རྡོ་རྗེ་བཅུག་ནས་ནི། །བྱང་ཆུབ་སེམས་ནི་གཏང་མི་བྱ། །དགའ་བ་དེ་ནི་བསྐྱོད་ནས་སུ། །སེམས་ནི་གང་བར་བསྒོམ་པར་བྱ། །ཇི་སྲིད་རྣལ་འབྱོར་བ་ཡིས་ནི། །བྱང་ཆུབ ་སེམས་ནི་ཕྱིར་མ་གཏོང། །དེ་རྙེད་རྒྱུན་མི་འཆད་པར་འཐོབ། །དགའ་བའི་བདེ་བ་སྨོས་ཅི་དགོས། །དངོས་གྲུབ་ཀུན་གྱི་གཏེར་གྱུར་པའི། །བྱང་ཆུབ་སེམས་ནི་ལྟུང་གྱུར་ན། །དངོས་གྲུབ་མཆོག་ལྟ་ག་ལ་ཡོད། །ནམ་མཁའ་ཨི་ཁམས་དང་རྡོ་རྗེར ་སྦྱོར། །རེག་པས་ངོ་མཚར་ཆེར་གྱུར་པའི། །གལ་ཏེ་བདེ་བསྐྱེ་པར་འགྱུར། །མཆོག་གི་དགའ་བར་བྱེད་པ་པོ། །དགའ་བྲལ་དགའ་བའི་དབུས་དག་ཏུ། །མཚོན་ཞིང་བལྟོས་ལ་བསྟན་པར་གྱིས། །པདྨའི་ནམ་མཁར་རྡོ་རྗེ་ནོར་བུས ་མནན་པ་ལ། །རྡོ་རྗེ་སྐྱིལ་ཀྲུང་སེམས་ཀྱིས་ནི། །ནོར་བུའི་ནང་དུ་བལྟ་བར་བྱ། །གང་ཞིག་ཡེ་ཤེས་སྐྱེས་གྱུར་པ། །ཡེ་ཤེས་དེ་གཟུགས་ཤིན་ཏུ་དུལ། །འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུས་མར་ཡང ་ནི་མི་དམིགས་སོ། །རྣལ་འབྱོར་གང་གིས་ཡེ་ཤེས་མཐོང། །བདེ་བ་གནས་ཤིང་མི་འབྱུང་བའོ། །ཐུན་ནམ་ཡང་ན་ཉིན་གཅིག་གམ། །ཟླ་བ་ཟླ་ཕྱེད་ལོ་སྐོར་འམ། །བསྐལ་པ་འམ་བསྐལ་པ་བརྒྱ་སྟོང་དུ། །ཡེ་ཤེས་མངོན་སྦྱོར་གནས ་པར་འགྱུར། །སློབ་མ་སྙོམས་འཇུག་མཐོང་ན་ནི། །བླ་མའི་སྙིང་ག་ལས་བྱུང་བའི། །གཏི་མུག་དགའ་སོགས་བཞི་རྣམས་ནི། །དེ་ཡི་སྙིང་གར་བཞུག་པར་བྱ། །སློབ་མས་བཟུང་ཞིང་རྟོགས་ནས་ནི། །པདྨའི་ཁོངས་སུ་སྤྲོ་བར་བྱ། །དེ་ནས ་ཅི་ཡིས་སེམས་དེ་ནི། །བྱང་ཆུབ་སྔོན་འགྲོ་བླང་བར་བྱ། །ཞེས་བྱ་བ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཆོ་གའོ།། །།དེ་ནས་ཇི་ལྟར་བསྟན་པའི་ཆོ་གས་དངོས་སུ་ཤེས་རབ་ཡེ་ཤེས་ཀྱི་དབང་བླངས་པ་དེ་ཉིད་ལ། བཞི ་པ་མངོན་པར་བརྗོད་པའི་དབང་རིན་པོ་ཆེ་འབྲས་བུར་གྱུར་བ་བརྗོད་པར་བྱ་སྟེ། གཞན་དུ་ན་དམ་ཚིག་ཉམས་པའི་འཇིགས་པས་སོ། །ཇི་ལྟར་རྒྱུད་ལས་དབང་བསྐུར་མ་ཐོབ་རྣལ་འབྱོར་པས། །རྣལ་འབྱོར་ཉིད་དུ་མངོན་འདོད་ན། །མཁའ་ལ་ཁུ་ཚུར ་བརྡེག་པ་དང། །སྨིག་རྒྱུ་ཆུ་ནི་འཐུང་བའོ། །དེའི་ཕྱིར་ཇི་ལྟར་བསྟན་པ་ཡི། །ཆོགས་དབང་བསྐུར་སྦྱིན་པར་བྱ། །སློབ་མ་མོས་པའི་བསམ་པ་རབ་བལྟས་ནས། །ཟབ་ཅིང་རྒྱ་ཆེའི་ཚུལ་ལ་ལྷག་མོས་ན། །དབང་བསྐུར་རིན་ཆེན་ཚིག ་གིས་སྦྱིན་པར་བྱ། །གཞན་ལ་ནི་མ་ཡིན་ནོ། །ཞེས་བྱའོ། །རྒྱ་ཆེ་བ་ལ་ལྷག་པར་མོས་པ་དང། ལྷག་པར་མོས་པ་མ་ཡིན་པ་ཇི་ལྟར་ཤེས་ཤེ་ན། དེ་ལ་གསུངས་པ་ནི། དུ་བ་ལས་ནི་མེར་ཤེས་ཏེ། །ཆུ་སྐྱར་ལས་ནི་ཆུར་ཤེས་སོ། །བྱང་ཆུབ ་སེམས་དཔའ་བློ་ལྡན་ལ། །རིགས་ནི་མཚན་མ་རྣམས་ལས་ཤེས། །རབ་དགའ་ཞལ་ནི་པདྨ་ནི། །རབ་ཏུ་རྒྱས་ཤིང་ལུས་སྤུ་ལྡན། །དེ་ཉིད་ཀྱིས་མཁས་མཐོང་ནས་ནི། །དམ་པའི་སློབ་མ་བཟུང་བར་བྱ། །ཇི་ལྟར་བཅོམ་ལྡན་འདས་ཀྱིས ་གསུངས་པ། །དབང་ནི་རྣམ་པ་གསུམ་དག་ཏུ། །རྒྱུད་འདི་ལས་ནི་རབ་ཏུ་གྲགས། །སློབ་དཔོན་གསང་བ་ཤེས་རབ་དང། །བཞི་པ་དེ་ཡང་དེ་བཞིན་ནོ་ཞེས་བྱའོ། །དེ་ལ་རྒོད་དང་བལྟས་དང་ལག་བཅས་པ་དང། ་དེ་ཡང་གཉིས་ཀྱིས་གཉིས་སྤྲད་བརྒྱུད། །དགའ་དང་མཆོག་དགའ་ཉིད་དང་ནི། །བྲལ་བ་ལྷན་ཅིག་སྐྱེས་དེ་བཞིན། །སྣ་ཚོགས་རྣམ་པར་སྨིན་པ་དང། །རྣམ་པར་ཉེད་དང་མཚན་ཉིད་བྲལ། །ཐམས་ཅད་དབང་གི་རྗེས་རིམས་སུ། ། ་ཤེས་རབ་ཡན་ལག་འདུས་སྐྱེས་རྟོགས། །ཡང་གསུངས་པ། །ེ་ཡི་ཆ་བྱད་བཟང་པོ་དང། །དབུས་སུ་བཾ་གྱི་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་རིན་ཆེན་ཟ་མ་ཏོག་།དེ་ལ་དགོད་པ་དག་པ་སློབ ་དཔོན་ཏེ། །བལྟས་ལ་དེ་བཞིན་གསང་བའོ། །ལག་བཅངས་ཤེས་རབ་ཡེ་ཤེས་དང། །བཞི་པ་གཉིས་ཀྱིས་གཉིས་སྤྲོད་པའོ། །དགའ་བ་བདེ་བ་ཅུང་ཟད་བདེ། །མཆོག་ཏུ་དགའ་བ་བདེ་བས་ལྷག་།དགའ་བྲལ་དགའ་བ་ཆགས་བྲལ ་ཏེ། །ལྷག་མ་ལྷན་ཅིག་སྐྱེས་དགའ་བོ། །དང་པོ་རེག་བར་འདོད་པ་སྟེ། །གཉིས་པར་བདེ་བར་འདོད་པའོ། །གསུམ་པ་ཆགས་དང་བྲལ་བའི་ཕྱིར། །དེས་ནི་བཞི་པ་བསྒོམ་པར་བྱ། །དགའ་བ་དང་པོ་སྣ་ཚོགས་ཏེ། །མཆོག་ཏུ་དགའ་བ ་རྣམ་པར་སྨིན། །དགའ་བྲལ་དགའ་བ་སྣ་ཚོགས་དགའ་། །ལྷན་ཅིག་སྐྱེས་དགའ་མཚན་ཉིད་བྲལ། །སྣ་ཚོགས་སྣ་ཚོགས་ཉིད་བརྗོད་པ། །འོ་དང་འཁྱུད་པ་ལ་སོགས་སོ། །རྣམ་སྨིན་དེ་ལས་ཟློག་པ་སྟེ། །བདེ་བའི་ཡེ་ཤེས་ཟ་བའོ། །རྣམ ་སྨིན་རྣམ་པར་རྟོག་པ་སྟེ། །བདེ་བ་བདག་གིས་མྱོང་ཞེས་པའོ། །མཚན་ཉིད་བྲལ་བ་གསུམ་ལས་གཞན། །འདོད་ཆགས་འདོད་ཆགས་མིན་པ་སྤངས། །ཞེས་བྱའོ། །དེ་ཉིད་གསུངས་པ། འདོད་ཆགས་མ་ཡིན་ཆགས་བྲལ་ནི། །དབུ ་མར་ཡང་ནི་མི་དམིགས་སོ། །གསུམ་པོ་རྣམ་པར་སྤངས་པ་ཉིད། །ལྷན་སྐྱེས་ཡང་དག་བྱང་ཆུབ་བརྗོད། །འདི་ཉིད་ཀྱི་དོན་བཅོམ་ལྡན་འདས་ཀྱིས་དཔལ་གསང་བ་འདུས་པ་ལས་གསུང་བ་སྟེ། །བསྒྲུབ་བྱ་བསྒྲུབ་བྱེད་ཡང་དག་སྦྱོར། ། ་གང་དེ་བསྙེན་པ་ཞེས་བརྗོད་དོ། །རྡོ་རྗེ་པདྨ་མཉམ་སྦྱོར་བས། །ཉེ་བར་བསྙེན་པ་ཞེས་བརྗོད་ཅིང། །བསྐྱོད་པ་རང་བཞིན་སྒྲུབ་པ་སྟེ། །ཧཱུཾ་ཕཊ་ཡི་གེར་ལྡན་པའོ། །རང་བཞིན་བདེ་བ་དམ་པ་ཞི། །སྒྲུབ་པ་ཆེན་པོར་བརྗོད་པར་བྱ། །བསྒྲུབ་བྱ ་ནི་ཤེས་རབ་པོ། །སྒྲུབ་བྱེད་ནི་ཐབས་སོ། །དེ་གཉིས་ཡོངས་སུ་སྦྱོར་བ་ནི། བསྙེན་པའོ། །པདྨར་རྡོ་རྗེ་གཞུག་པ་ནི་ཉེ་བར་སྒྲུབ་པའོ། །བསྐྱོད་པ་ནི་སྒྲུབ་པ་སྟེ། །རང་བཞིན་བདེ་བ་དམ་པ་ཞི། །སྒྲུབ་པ་ཆེན་པོ་བརྗོད་པར་བྱ། །བསྒྲུབ་བྱ་དང ་སྒྲུབ་པ་སྦྱོར་བས་རྡོ་རྗེ་དང་པདྨར་གཞུག་པའི་བར་ནི་དགའ་བའོ། །ཤིན་ཏུ་བསྐྱོད་པ་ལས་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ་ནི་མཆོག་ཏུ་དགའ་བའོ། །ཕྱིར་བྱུང་བ་ནི་དགའ་བྲལ་ལོ། །གང་གི་ཚེ་དེ་གཉིས་ཀྱི་དབུས་སུ་དམ་པའི་བདེ་བ་ཞི་བར ་གྱུར་བ་དེའི་ཚེ། ལྷན་ཅིག་སྐྱེས་པའི་དགའ་བ་སྒྲུབ་པར་བྱ། །ཞེས་བྱ་བའི་དོན་ཏོ། །འདི་ཉིད་གསུངས་པ། ཐོག་མ་ཐ་མ་དབུས་མེད་ཅིང། །སྲིད་དང་མྱ་ངན་འདས་པ་མིན། །འདི་དེ་མཆོག་གི་བདེ་ཆེན་པོ། །རང་དང་གཞན་ཡང་མི ་དམིགས་སོ། །མཆོག་དུ་དགའ་བ་སྲིད་པར་བརྗོད། །དགའ་བྲལ་དགའ་བས་མྱ་ངན་འདས། །དབུས་སུ་དགའ་བ་ཙམ་ཉིད་ནི། །འདི་རྣམས་སྤངས་པ་ལྷན་ཅིག་སྐྱེས། །སྣ་ཚོགས་ཉིད་སྤངས་སྐད་ཅིག་ལ། །མཆོག་ཏུ་དགའ་བ་ཡང་དག ་ཐོབ། སྟོན་པས་བཀའ་སྩལ་སེམས་དཔའ་ཆེ། །བདེ་བ་ཆེན་པོ་ཡང་དག་བཟུང། །ཇི་སྙེད་བྱང་ཆུབ་བར་དུ་ནི། །སེམས་ཅན་དོན་གྱིས་རྡོ་རྗེ་འཛིན། །ཞེས་བྱ་བ་ལ་སོགས་པ། དེ་ལྟར་ཡིན་ན་རྣམ་པ་གསུམ་གྱི་བྱེ་བྲག་ཇི་ལྟར་གསུངས། ་ཤེ་ན། །རྒྱུ་དང་འབྲས་བུ་དབྱེར་མེད་ཅིང། །སྔོན་མ་གསུམ་དུ་རབ་ཏུ་གྲགས། །དགའ་བྲལ་དགའ་བའི་དབུས་ཉིད་དུ། །ཞི་བའི་རྣམ་པར་གསལ་ཕྱིར་རོ། །དེ་གཉིས་དབུས་སུ་ཇི་ལྟར་གསལ་བ་ཡིན་ཞེ་ན། ་མཆོག་མཛའ་དགའ་བྲལ་དབུས་ཉིད་ཀྱི། །སྟོང་ལས་སྟོང་ཉིད་རྡོ་རྗེ་འཛིན། །ཞེས་བྱ་བ་ལ་སོགས་པའི་ཚིག་གིས་སོ། །སྟོང་ལས་སྟོང་ཉིད་གང་ཡིན་ཞེ་ན། ཐོག་མ་ཐ་མ་མེད་ཞི་བ། །དངོས་དང་དངོས་མེད་བདག་མེད་གཙོ། །སྟོང་ཉིད ་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་རབ་ཏུ་དྲན། །ཞེས་བྱ་བ་ནི་གྲུབ་པ་ནི་མཛའ་ཡིན་པའི་ཕྱིར་རོ།། །།འདི་ནི་ཐབས་གང་གིས་ཇི་ལྟར་བསྐྱེད་པར་བྱ་ཞེ་ན། དཀྱིལ་འཁོར་འཁོར་ལོ་སོགས་ཐབས ་དང། །བདག་བྱིན་གྱིས་བརླབས་པའི་རིམ་པ་ཡིས། །ཞེས་བྱ་བ་རྒྱས་པར་འདིར་བདག་གིས་མ་དཀྲོལ་ཏེ། ཅིའི་ཕྱིར་ཞེ་ན། ཡེ་ཤེས་འདི་ནི་རང་རིག་པ། །དག་གི་སྤྱོད་ཡུལ་ལས་འདས་ཤིང། །རང་བྱིན་རླབས་པའི་རིམ་པ་འདི ་ཀུན་མཁྱེན་ཡེ་ཤེས་དེ་བདག་ཉིད། །གཞན་ཡང་གསུངས་པ། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་བཙལ་ཡང་མི་རྙེད་པ། །བླ་མ་བརྒྱུད་པའི་རིམ་བརྟེན་དང། །རང་གི་བསོད་ནམས་ཀྱིས་རྟོགས་སོ། །བླ་མའི་ཞབས་ཀྱི ་དྲིན་གྱིས་དང། །བསོད་ནམས་ཆེན་པོ་ལྡན་རྣམས་རང། །ཡེ་ཤེས་སྐད་ཅིག་གིས་བསྐྱེད་འགྱུར། །དག་གི་སྦྱོར་ཡུལ་ལས་འདས་པའོ།། །།དེ་བཞིན་དུ་གསུངས་པ། བདེ་ཆེན་རྒྱལ་པོ་གཅིག་པུ་རྒྱལ་བ་སྟེ། ་རྒྱུ་བྲལ་རྟག་ཏུ་འགྲོ་བ་རྣམས་ལ་འཆར། །གང་ཡང་རྗོད་པར་བྱེད་པའི་དུས་ན་ནི། །ཐམས་ཅད་མཁྱེན་པ་དག་གིས་འཕོངས་པར་འགྱུར། །ས་ར་ཧ་ཡིས་གང་གསུངས་པ། །བླ་མས་ངག་གིས་མི་བརྗོད་ཅིང། །སློབ་མས་ཀྱང་ནི་གོ?་བ?་མིན། ། ་འགྲོ་ཀུན་ལྷན་ཅིག་སྐྱེས་པའི་བདུད་རྩིའི་བཅུད། །གང་ལ་བཟླ་ཞིང་ཅི་ནི་བཟླ་བར་བྱ། །བློ་ཡི་སྤྱོད་ཡུལ་མ་ཡིན་ཕྱིར། །དག་གིས་བརྗོད་པར་མི་ནུས་སོ། །བླ་མས་གསུངས་པ། དངོས་པོ་འཇུག་པས་རིང་བ་སྤྱོད། །དེ་ནི་རིམ་གྱི་སྙིང་རྗེ་ལ་སོགས ་ཡོན་ཏན་ལྡན། །དད་ལྡན་དེ་ཡི་སྙིང་ལ་རང་ཉིད་སྐྱེ་བར་འགྱུར།། །།བྱང་ཆུབ་ཏུ་སེམས་བསྐྱེད་བའི་མཚན་ཉིད་ཇི་ལྟར་ཡིན་ཞེ་ན། དབང་པོ་ཉིད་ནི་ལྡོག་གྱུར་ཞིང། །ཡིད་ནི་ནང་དུ་ཆུད་པ་དང། །སེམས་དཔའ་ཉམས་པར་རབ་སྣང ་ཞིང། །ལུས་ནི་དམ་པའི་བདེ་བ་མྱོང། །དབང་པོའི་ཚོགས་ནི་ནང་དུ་ནུབ་འགྱུར་ཞིང། །རྣམ་རྟོག་ཉམས་པས་སྲིད་པའི་ས་བོན་མི་འཐོབ་པ། །དགའ་བའི་འོད་ཀྱི་རང་བཞིན་འདི་ཉིད་ནི། །ནམ་མཁའ་དང་མཉམ་ངོ་མཚར་བསིལ་ཞིང་ཞིམ། །གང ་ལ་དབང་པོ་ཞུ་འགྱུར་ཞིང། རང་གི་བདག་ཉིད་ཉམས་འགྱུར་བ། །དེ་ནི་ལྟན་ཅིག་སྐྱེས་དགའ་སྟེ། །གསལ་བར་བླ་མའི་ཞབས་ལ་དྲིས། །དེ་འདི་ཀྱི་ཕྱིར་གསུངས་པ། དུས་མཉམ་དག་ཏུ་ཡུལ་དང་དབང་པོ་རྣམ་གཉིས་ནི། །གང་ཞིག་སྐྱེས ་ཤིང་ནུབ་པ་དེ་ལ་ཕྱག་འཚལ་ལོ། །གང་ཡང་མངོན་དགའ་རྒྱལ་བ་མཛེས་པའི་སྐུ་གཅིག་པོ། །མཁས་པ་རྣམས་ཀྱིས་སྙིང་ལ་གསལ་ཤིང་སད་པར་འདུག། དེའི་ཕྱིར་རྣམ་པར་རྟོག་པ་ཐམས་ཅད་རབ་བཅོམ་ཞིང། །གང་འདིར་བློ་ཡིད་དམ ་པའི་བདེ་འདོད་པ། །དེ་ཡང་བྱ་བ་བྱས་པའི་མཁས་པ་སྟེ། །གཞན་ནི་རྐང་གཉིས་པ་ཡི་ཕྱུགས་ཡིན་ནོ། །ཞེས་བྱའོ། །རྒྱས་པར་བརྗོད་པ་རེ་ཞིག་དེས་མཆོག་གོ་།དེའི་ཕྱིར་བླ་མ་དམ་པ་ཡང་དག་པར་མཉེས་པར་བྱས་ནས། དམ་པའི ་སློབ་མས་སྐུ་གསུམ་ནང་དུ་རྟོག་པའི་བདེ་བ་ཆེན་པོའི་ངོ་བོ་ཉིད་རང་རིག་པར་བྱའོ། །ཞེས་བྱ་བ་ནི་དམ་བའི་དབང་ཐོབ་པའོ། །བྱ་བ་བྱས་ནས་འདི་བརྗོད་པར་བྱ་སྟེ། །དེང་བདག་སྐྱེ་བ་འབྲས་བུར་བཅས། །བདག་འཚོ་འབྲས་བུ་དང་ལྡན་ཡིན། ། ་དི་རིང་སངས་རྒྱས་རིགས་སུ་སྐྱེས། །བདག་ནི་དི་རིང་སངས་རྒྱས་སྲས། །།དེ་བཞིན་གཤེགས་གསུངས་ཡོན་ཏན་འདི། །བླ་མ་དེ་ལ་དབུལ་བར་བྱ། །སྣ་ཚོགས་རྒྱན་དང་གོས་ལ་སོགས། །ཁྱད ་པར་དུ་ཡང་རང་གི་ལུས་།ཞེས་བྱའོ། །དེ་ནས་སྦྱིན་སྲེག་བྱ་ཞིང་གཏོར་མ་བྱིན་ནས། །ཆོགས་ཀྱི་འཁོར་ལོ་རབ་ཏུ་བྱ། །དགེ་འདུན་སྟོན་མོ་བྱས་ནས་ནི། །སྡུག་བསྔལ་སྐྱབ་མེད་ཚམ་པར་བྱ། །དབང་བསྐུར་བའི་ཆོ་ག་མདོར ་བསྡུས་བྱ་བ་ལས། །གང་གིས་བསོད་ནམས་དཔག་མེད་ཐོབ་པར་གྱུར་པ་སྟེ། །དེ་ཡིས་གཉིས་མེད་བསམ་མི་ཁྱབ་པ་བདེ་ཆེན་བདག་།རང་འབྱུང་རྡོ་རྗེ་འཛིན་པ་སྐྱེ་འགྲོས་ཐོབ་པར་ཤོག། །།མདོར་བསྡུས་པའི་དབང ་གི་རབ་ཏུ་བྱེད་པ། །སློབ་དཔོན་མཁས་པ་ཆེན་པོ་དཔལ་དགའ་བའི་རྡོ་རྗེས་མཛད་པ་རྫོགས་སོ། །།གཞུང་ཚད་ནི་ཚིགས་བཅད་སུམ་བརྒྱ་སྟེ་ཕམ་པོ་གཅིག་གོ། །།ཐོ་ལིང་གི་གཙུག་ལག་ཁང་དུ། རྗེ་མངའ་ ་བདག་བཙན་པོ། རྩེ་ལྔེ་བཙན་གྱི་བཀའ་ལུང་གིས། རྒྱ་གར་གྱི་མཁན་པོ་མཁས་པ་ཆེན་པོ་དཔལ་མར་མེ་མཛད་དང། བོད་ཀྱི་ལོ་ཙ་བ་དགེ་སློང་བ་རིས་བསྒྱུར་པའོ།། །། *། །འདུས་པའི་དབང་བསྐུར་བའི་ཆོ་ག་མདོར་བསྡུས་པ་པཎྜིཏ་ཆེན་པོ ་