CLOSE WINDOW

N1540: dkyil 'khor gyi cho ga
Wyliee-texts based on the ACIP/ALL Input

ཏེ། སླད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པའོ།། །།*། །དཀྱིལ་འཁོར་བྲི་བའི་ཆོ་ག་སློབ་དཔོན་བསོད་སྙོམས་པས་མཛད་པའོ།། །།*། །རྒྱ་གར་སྐད་དུ། མཎྜ་ལ་བི་དྷི། བོད་སྐད་དུ། དཀྱིལ་འཁོར་གྱི་ཆོ་ག་། ་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །མི་ཤེས་མུན་པའི་བགེགས་སེལ་ཅིང། །འགྲོ་བའི་ཕུན་ཚོགས་མཆོག་གྱུར་པ། །འཇམ་མཆོག་བླ་མ་ལ་བཏུད་དེ། །དཀྱིལ་འཁོར་བྲི་བ་གསལ་བཤད་བྱ། །ངོ་ཚ་ཡང་ནི་རྣམས་སྤངས་ཏེ། །སློབ་མ ་བློ་དམན་ལ་བརྩེ་བས། །ཕན་ཕྱིར་ཆོ་ག་འདི་བརྩམས་གྱིས། །སྐྱེ་བོ་དམ་པ་བཟོད་མཛད་རིགས། །ཐོག་མར་རེ་ཞིག་སྔགས་པ་གྲགས་པ་དང་མ་གྲགས་པ་དང། རྙེད་པ་དང། མ་རྙེད་པ་དང། བདེ་བ་དང། སྡུག་བསྔལ་བ་དང། ཁ་སྟོད་པ་དང། སྨད་པ་ཞེས་བྱ་བའི ་འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་སེམས་མ་འཕྲོགས་པ། འཇིག་པ་མེད་པ། གཡོ་དང་བྲལ་བ། ལུས་དང་སྲོག་ལ་བལྟོས་པ་མེད་པ། ཞེས་བྱ་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་དང། གཏོང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་བས། ཐུན་བཞིས་དང་པོའི་སྦྱོར ་བ་དང། དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་དང་ལས་ཀྱི་རྒྱལ་པོ་མཆོག་སྟེ། ཏིང་ངེ་འཛིན་གསུམ་བསྒོམ་པ་ལ་མངོན་པར་དགའ་བས་སྔོན་དུ་བསྙེན་པ་བྱའོ། །དེ་ལ་ཐུགས་ཀྱི་དཀྱིལ་འཁོར་ཡིན་ན་ནི་འཁོར་ལོའི་གཙོ་བོ་མི་བསྐྱོད་པའི་སྔགས་བཟླས་བརྗོད་འབུམ ་བྱའོ། །གསུང་དང་སྐུའི་དཀྱིལ་འཁོར་ལ་ནི། འཁོར་ལོའི་གཙོ་བོ་འོད་དཔག་ཏུ་མེད་པ་དང། རྣམ་པར་སྣང་མཛད་ཀྱི་སྔགས་དེ་བཞིན་དུ་བཟླས་པར་བྱའོ། །རང་གི་ལྷག་པའི་ལྷའི་སྔགས་འབུམ་དང། དཀྱིལ་འཁོར་པའི་སྔགས་དེ ་རེ་ཞིང་ཁྲི་ཁྲི་བཟླའོ། །ཡང་ན་འཁོར་ལོ་ཅན་གྱི་བཀའ་ཐོབ་ན་དཀྱིལ་འཁོར་བྲི་བར་བྱའོ། །སྔོན་དུ་བསྙེན་པའི་རིམ་པའོ། །དེ་ནས་དཀྱིལ་འཁོར་གྱི་ཁང་པར་ཞུགས་ལ་བདུད་རྩི་ཐབ་སྦྱོར་གྱི་སྔགས་བཟླས་པའི་ཆུས་བསང་ཞིང་བྱུག་པ་བྱས་ལ། སའི ་ལྷ་མོ་ལ་ཡང་དམ་ཚིག་གིས་གསོལ་བ་གདབ་བོ། །དེ་ནས་འཁོར་ལོ་རྩིབས་བཅུ་པ་བསྒོམས་ཏེ་བགེགས་རྣམས་བསྐྲད་ནས། འབྱོར་པ་ཅི་ཡོད་པས་མཆོད་པ་དང། གཏོར་མ་དང། སྦྱིན་བསྲེག་བྱས་ལ་སའི་ལྷ་མོ་བློས་ནམ་མཁའ་ལ་བཞག་སྟེ། བུས་མོ་ཙམ ་བརྐོས་ནས། གྱོ་མོ་ལ་སོགས་པ་བསལ་ཏེ། ས་དེ་ཉིད་ཀྱི་ཁུང་བུ་དགང་བར་བྱའོ། །ཡང་གསང་བའི་དེ་ཁོ་ན་ཉིད་ཀྱི་རྒྱུད་ལས། པུས་མོ་ནུབ་ཙམ་བརྐོས་ནས་ནི། །ས་དེ་ཉིད་ཀྱིས་དགང་བར་བྱ། །གལ་ཏེ་ལྷག་པར་གྱུར་ན་ནི། །དེ་ཚེ་དངོས་གྲུབ་ཡོད་པར་བཤད། ། ་ཅེས་གསུངས་པ་ཡིན་ནོ། །ཁུང་བུ་དགང་པའི་དུས་སུ་ཡང་མཆོད་པ་དང། སྦྱིན་སྲེག་དང་གཏོར་མ་བྱའོ། །ཕྱིའི་ས་སྦྱང་བའོ། །ཡང་སློབ་དཔོན་རང་གི་སློབ་མ་དང་བཅས་པས་དཀྱིལ་འཁོར་གྱི་ཁང་པར་མཆོད་པ་དང། ས་སྦྱང་བ་བྱས་ལ་འཁོར་ལོ་རྩིབས ་བཅུ་པའི་སྦྱོར་བ་དང་ལྡན་པ་འམ། རང་གི་འདོད་པའི་ལྷའི་སྦྱོར་བ་དང་ལྡན་པས། ཨོཾ་བྷུ་ཁཾ། ཞེས་བྱ་བའི་སྔགས་འདིས་ས་ནམ་མཁའ་ཨི་རང་བཞིན་དུ་བསྒོམས་ལ། ཧཱུཾ་ལཾ་ཧཱུཾ། ཞེས་བྱ་བ་འདིས་རྡོ་རྗེའི་རང་བཞིན་དུ་བསམས་ལ། ཨོཾ་མེ་དི་ནི་བཛྲི་བྷ་བ ་བཛྲ་བནདྷ་ཧཱུཾ། ཞེས་བྱ་བ་འདིས་ས་བྱིན་གྱིས་བརླབ་པར་བྱའོ། །ནང་གི་བདག་ཉིད་ཅན་གྱི་ས་སྦྱང་བའི་རིམ་པའོ། །དེ་ནས་རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གྱི་སའི་དབུས་སུ་ཏིང་ངེ་འཛིན་གསུམ་གྱི་སྦྱོར་བ་དང་ལྡན་པས། རྡོ་རྗེ་དང་དྲིལ་བུ་འཆང་བ་ལ། རྣམ་པ ་སྣང་མཛད་ལ་སོགས་པའི་སྦྱོར་བ་དང་ལྡན་པའི་སློབ་མ་བཞི་པོ་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་ཕྱོགས་བཞིར་གནས་པས་ཚིགས་སུ་བཅད་པ་བཞིས་གསོལ་བ་གདབ་བོ། །དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་འབུན ་བདག་མེད་པ་ཡི་མཆོག་།དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་རྣམ་སྤངས་པ། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག་།དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞི་བའི་ཆོས ་ནི་མཆོག་ལས་བྱུང། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ། །ཀུན་ཏུ་བཟང་པོ་གསུང་གི་མཆོག་།དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པས་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་སྒྱུར། ། ་དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །དཀྱིལ་འཁོར་བྲི་བའི་ཕྱིར་གསོལ་བ་གདབ་པའོ། །གསོལ་བ་བཏབ་པའི་རྗེས་ཐོགས་ལ། སེམས་ཅན་གྱི་ཁམས་རྣམས་ཉོན་མོངས་པས་ཁྱབ་པ་ལ་བལྟས་ལ། ཉོན་མོངས་པ་ལ་ཁྲོས་པས་བདུད་རྩི་ཐབ་སྦྱོར་གྱི ་སྦྱོར་བའི་བདག་ཉིད་ཅན་དུ་བསྒོམས་ཏེ། ཧཱུཾ་བཛྲ་ཙཀྲ་ཏིཤཋཱ་ཞེས་བྱ་བས་དཀྱིལ་འཁོར་གྱི་འཁོར་ལོ་ནམ་མཁར་བཏེག་ནས། ཡི་གེ་མཾ་གིས་མིག་གཡོན་པར་ཟླ་བའི་དཀྱིལ་འཁོར། ཊ་ཞེས་བྱ་བས་མིག་གཡས་པར་ཉི་མའི་དཀྱིལ་འཁོར་བསམས་ནས། ཕྱོགས་བཅུའི ་འཕྲོ་བ་དུས་གསུམ་དུ་གཏོགས་པ་རྣམས་ལ་བལྟས་ཏེ། ལངས་ནས་རྐང་པའི་འོག་ཏུ་རྡོ་རྗེ་འབར་བ་དང་བཅས་པ་རྣམ་པར་བསྒོམས་ལ། ཡི་གེ་ཧཱུཾ་ཟློས་ཤིང་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ། རྡོ་རྗེ་འགྲོས་ཀྱིས་གར་བྱེད་པས་དཀྱིལ་འཁོར་གྱི་ས་གཞི་བསྐོར ་ལ། དཀྱིལ་འཁོར་གྱི་ས་གཞི་ལ་གནས་པའི་ལྷ་ལ་སོགས་པའི་བགེགས་རྣམས་བསྐྲད་པར་བྱའོ། །སྐུ་གསུང་ཐུགས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་རྣམས་ཐམས་ཅད་ཉོན། །ང་ནི་དཔལ་ལྡན་རྡོ་རྗེ་འཛིན། །བཀའ་ཡི་འཁོར་ལོ་རབ་སྦྱོར་པ། །གལ ་ཏེ་བདག་སྒོ་ལས་འདས་ན། །རྡོ་རྗེ་འབར་བའི་གཟུགས་ལྡན་པ། །སྐུ་གསུམ་འབྱུང་བས་དག་བྱས་ཏེ། །འཇིག་འགྱུར་འདིར་ནི་གདོན་མི་ཟ། །ཞེས་བྱ་བའི་ཚིག་འདིས་བསྐྲད་པར་བྱའོ། །ས་ཡོངས་སུ་བཟུང་བའོ། །དེ་ནས་ཡང་དགེགས།? ་ཞི་བར་བྱ་བའི་ཕྱིར། དཀྱིལ་འཁོར་གྱི་སའི་དབུས་སུ་བདུད་རྩི་ཐབ་སྦྱོར་སྐུ་སྨད་རྩེ་གཅིག་པ་འདྲ་བ་ལ། སྐུ་སྟོད་ཁྲོ་བོའི་སྐུའི་རྣམ་པ་ཕྱོགས་བཅུར་བསམས་ལ། །ོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦབ་དུ་ཥྚ་ན་ཕཊ། ཀཱི་ལ་ཡཱ་ཀཱི་ལ་ཡཱ། སརྦབ་པཱ་བཾ་ཕཊ། ་ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡཱ་བཛྲ་དྷ་ར་ཨཱ་ཛྙཱ་པཱ་ཡ་ཏཾ། ཀཱ་ཡ་བཱ་གཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཅེས་བྱ་བའི་ཕུར་བུའི་སྔགས་ཀྱིས་ཕུར་བུས་གདབ་པར་བྱའོ། །དེ་ནས་ས་གཞི་བགེགས་དང་བྲལ་བ། །འབར་བའི་ཕྲེང་བའི་འོད་ཟེར་གྱིས་ཁྱབ་པར་བསམས་ལ། ་ཕུར་བུའི་ཕྱི་རོལ་ཏུ་རྡོ་རྗེའི་ར་བའི་འོད་ཟེར་དང་བཅས་པ་བསམ་མོ། །དེའི་ཕྱི་རོལ་ཏུ་རྡོ་རྗེ་ར་བ། དེའི་ཕྱི་རོལ་ཏུ་དབང་ཆེན་གྱི་དཀྱིལ་འཁོར་ཁ་དོག་སེར་པོ་ཟུར་བཞི་པས་ཕྱོགས་བཅིང་ངོ། །དེ་ནས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་བས་མཚམས་བཅིང་བར་བསཾ ་པར་བྱའོ། །དེའི་རྗེས་ལ་སའི་ལྷ་མོ་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ནས་སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། སྤྱོད་པའི་ཚུལ་གྱི་ཁྱད་པར་དང། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱ་ཀྱ་སེངྒེ་སྐྱོབ་པ་ཡིས། ། ་ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་ཀྱི་སྡེ། །ཕམ་པར་བྱས་དེ་དཀྱིལ་འཁོར་བྲི། ཞེས་བྱ་བས་ལྷག་པར་གནས་པར་བྱའོ། །དེའི་རྗེས་ལ་དཀྱིལ་འཁོར་གྱི་ས་དྲི་ཞིམ་པོས་བྱུགས་ལ། དེར་མེ་ཏོག་སིལ་མ་ཡང་བཀྲམ་ལ། ་ས་གཞི་དེ་ལ་བདུད་རྩི་ལྔ་པོ་ལེགས་པར་སྦྱངས་བ་དང་བཅས་པའི་དྲིས་དཀྱིལ་འཁོར་བཅུ་དགུ་བྱས་ནས། །ནམ་མཁའ་ལ་བཞུགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་བློས་བཀུག་སྟེ། དྲི་ཞིམ་པོའི་དཀྱིལ་འཁོར་དུ་ཇི་ལྟ་བ་བཞིན་དུ་བཅུག་ནས། །ཡང་མཚམས ་དང་ཕྱོགས་གཅིང་བ་བྱས་ལ། འབྱོར་བ་ཅི་ཡོད་པས་ཕྱི་དང་ཡིད་ཀྱིས་མཆོད་པ་བྱས་ལ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ཞེས་བྱ་བ་ལ་སོགས་པས་བསྟོད་པ་དང། བདུད་རྩི་མྱང་བའི་ཆོ་ག་བྱའོ། །དེ་ནས་བུམ་པ་ལྷག་པར་གནས་པར་བྱ་བ་ནི། རྣམ་པར ་རྒྱལ་བའི་བུམ་པ། མགྲིན་པ་རིང་བ། ཆུ་འཕྱང་བ་གསུས་པ་ཆེ་བ་ལ། ནས་དང། གྲོ་དང། མ་ཤ་དང། འབྲས་སོ་བ་དང། ཏིལ་ཏེ་འབྲུ་ལྔ་དང། འབྲི་ཧ་ཏི་དང། ཀན་ད་ཀ་རི་དང། གི་རི་ཀར་ནི་དཀར་པོ་དང། ས་ཧ་དང། ས་ཧ་དེ་བ་སྟེ་སྨན་ལྔ་དང། གསེར ་དང། བྱུ་རུ་དང་མུ་ཏིག་དང་དུང་དང་ནོར་བུ་སྟེ། རིན་པོ་ཆེ་སྣ་ལྔ་དང་ལྡན་པ། སྤོས་ཆུས་གང་བ་མགྲིན་པ་གོས་སར་པས་དཀྲིས་པ། ཡལ་ག་དྲི་ཞིམ་པོས་ཁ་བརྒྱན་པ་ལྷག་པར་གནས་པར་བྱའོ། །དེའི་རིམ་པ་ནི་འདི་ཡིན་ཏེ། རྣམ་པར་རྒྱལ་པའི་བུམ་པ་ལ ་དཀྱིལ་འཁོར་འཁོར་ལོའི་གཙོ་བོ་བསམས་ཏེ། གསང་བ་དང། མཆོད་ཡོན་ལ་སོགས་པ་ཕུལ་ལ། མེ་ཏོག་དང། སྤོས་དང། མར་མེ་དང། དྲིས་མཆོད་ཅིང་བསྟོད་པ་ཡང་བྱས་ནས། མེ་ཏོག་གི་ཕྲེང་བས་དཀྲིས་པའི་རྡོ་རྗེ་རྣམ་པར་རྒྱལ་པའི་བུམ་པའི་ཁར ་བཞག་ལ། བདག་པོའི་སྔགས་ཡི་གེ་གསུམ་དང་སྤེལ་བ་དེ་ལ་བཟླ་བར་བྱའོ། །དེ་ལས་གཞན་པའི་དཀྱིལ་འཁོར་པའི་བུམ་པ་བཅོ་བརྒྱད་ཀྱང་སྤོས་ཆུས་བཀང་ལ། ཨ་མྲ་ལ་སོགས་པའི་ཡལ་ག་དང་ལྡན་པ། མགུལ་པ་རས་སྣ་ཚོགས་ཀྱིས ་བཀྲིས་པ་ལ། །དཀྱིལ་འཁོར་པའི་སྔགས་ཡི་གེ་གསུམ་དང་སྤེལ་བ་ཐུན་གསུམ་དུ་མངོན་པར་བཟླས་པར་བྱའོ། །ཡང་བུམ་པ་གཞན་སེམས་ཅན་ཐམས་ཅད་ལ་བསང་གཏོར་བྱ་བའི་ཕྱིར། བདུད་རྩི་ཐབ་སྦྱོར་གྱི་སྔགས་ཨོཾ་ཨཱ(རྒྱུད་འགྲེལ་བ་མངོན་པར་བཟླའོ། །གཏོར་མ་ཡང་སྦྱིན་ནོ། །བུམ་བ་ལྷག་པར་གནས་པའི་རིམ་པའོ། །དེ་ནས་སྤོས་སྣོད་ཐོགས་ལ། བུས་མོ་གཡས་པའི་ལྷང་ང་ས་ལ་བཙུགས་ཏེ། །སངས་རྒྱས་ལ་སོགས་པའི་འཁོར་ལོའི་གཙོ་བོ་ལྷག་པར་གནས་པར་བྱའོ། ། ་བཅོམ་ལྡན་འཇམ་པའི་རྡོ་རྗེ་མཆོག་།རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །སློབ་མ་རྣམས་ལ་བརྩེ་བ་དང། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱི། །དཀྱིལ་འཁོར ་བདག་ནི་འདྲི་བར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་ནི་གནང་བར་མཛད་པའི་རིགས། །སངས་རྒྱས་འགྲོ་འཁོར་བྱ་དོན་སྩོལ། །བྱང་ཆུབ་སེམས་དཔའ་འབྲས་གནས་དང། །གང་ཡང་གསང་སྔགས་ལྷ་རྣམས་དང། །འཇིག་རྟེན ་སྐྱོང་པའི་ལྷ་རྣམས་དང། །གང་ཡང་འབྱུང་པོ་མཐུ་ཅན་དང། །གང་ཡང་ལྷ་ཡི་སྤྱན་མངའ་བ། །སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །དཀྱིལ་འཁོར་ཆེ་གེ ་འབྱུང་བ་འདི། །འགྲོ་བ་དག་པར་བྱ་བའི་ཕྱིར། །ཡོ་བྱད་ཅི་འབྱོར་པས་འདྲིན། །བདག་དང་སློབ་མར་བཅས་པ་ལ། །ཐུགས་ནི་བརྩེ་བར་དགོངས་ནས་སུ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པ་མཛད་དུ་གསོལ། །ལྷ་ལྷག ་པར་གནས་པའི་ཆོ་གའོ། །དེ་ནས་བཟླས་བརྗོད་ཀྱང་ནི་ཅི་ནུས་བྱའོ། །དེའི་རྗེས་ལ་སློབ་མ་རེ་རེ་ཞིང་ཡང་མེ་ཏོག་གི་ཕྲེང་བ་ཐོགས་ལ། །ཡིད་གཞུང་སྤྲོ་བ་ཆེ་བ་དང། །བྱས་པ་གཟོ་ཞིང་ང་རྒྱལ་མེད། །རིགས་མཐོ་ཡོན་ཏན་ལྡན་ཞིང་དང། །གཟུགས ་དང་ཁ་དོག་ལང་ཚོར་ལྡན། །བདེ་བར་གཤེགས་པའི་གསང་སྔགས་ནི། །སྒྲུབ་ལ་དོན་གཉེར་མངོན་བརྩོན་ན། །ཞེས་བྱ་བ་ནི་སློབ་མའི་མཚན་ཉིད་དོ། །གཟུགས་དན་ཡོན་ཏན་མེད་པ་འམ། དམན་པ་འམ་ལྷག་པར་གནས་པར་བྱ། །ཞེས ་བྱ་བ་ནི་སློབ་མ་ཕལ་བ་རྣམས་སོ། །དཀྱིལ་འཁོར་གྱི་ནི་ཆོ་ག་ལས། །འཁོར་བཞི་ཆར་ཡང་རྗེས་སུ་གནང། །རང་གི་བསླབ་དང་ཤིན་ཏུ་ལྡན། །ཐེག་ཆེན་ལ་དགའ་བདག་ཉིད་ཅན། །ལ་ལ་གསང་སྔགས་སྒྲུབ་དོན་གཉེར། །འདི་ན་དཀྱིལ ་འཁོར་འཇུག་པར་བྱེད། །བསོད་ནམས་འདོད་པ་དེ་ལས་གཞན། །གཞན་དག་འཇིག་རྟེན་གཞན་དོན་གཉེར། །འཇིག་རྟེན་ཕ་རོལ་དོན་གཉེར་བའི། །དད་པ་མང་དུ་བྱེད་པ་ཡིས། །བློ་ལྡན་དཀྱིལ་འཁོར་འཇུག་བྱ་ཡི། །ཚེ་འདི་འབྲས་བུ་འདོད་མ་བྱ། །ཚེ ་འདི་འདོད་པར་གྱུར་པ་ལ། །འཇིག་རྟེན་ཕ་རོལ་དོན་མི་འགྲུབ། །འཇིག་རྟེན་ཕ་རོལ་དོན་གཉེར་སྐྱེས། །འཇིག་རྟེན་འདི་ཡིས་འབྲས་བུ་རྒྱས། །ཅེས་བརྗོད་ལ། སློབ་མ་དེ་བློས་རང་གི་ནང་དུ་བཅུག་སྟེ། །རང་གི་རྡོ་རྗེ་ལས་ཕྱུང་ནས། །རང་གི་སོར་སྣང་སི ་རིག་པའི་པདྨར་གནས་པ་ལ། །དེ་བཞིན་གཤེགས་པ་རྣམས་ཞུ་བའི་ཚུལ་དུ་གྱུར་པས་དབང་བསྐུར་བར་བསམས་ལ། །དཀྱིལ་འཁོར་གྱི་ཁང་པའི་སྒོར་འདུག་ནས་གསོལ་བ་འདེབས་པར་བྱའོ། །དགའ་ཆེན་ཁྱོད་བདག་སྟོན་པ་པོ། །སློབ་དཔོན་ཁྱོད་ནི་དགོངས ་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །བྱང་ཆུབ་སེམས་ནི་བདག་ལ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ནི་བདག་གསོལ་ལོ། །ཐང་པ་ཆེན ་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་འཚལ། །ཞེས་བྱ་བས་གསོལ་བ་བཏབ་པ་དང། སློབ་དཔོན་གྱིས་སློབ་པའི་གཙོ་བོ་གཅིག་ལ་དམིགས་ཏེ། བུ་ཚུར་ཐེག་པ་ཆེན་པོ་ཡི། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན ་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང། །དེ་བཞིན་གང་དག་མ་བྱོན་དང། །ད་ལྟར་བྱུང་བའི་མགོན་པོ་རྣམས། །འགྲོ་ལ་ཕན་ཕྱིར་བཞུགས་པ་དག་།དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་མཆོག་བཟང་འདི་མཁྱེན་ནས། །དཔའ་བོས ་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཚན་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེ། །ཤཱ་ཀྱ་སེངྒེ་སྐྱོབ་པ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས ་བློ་གྲོས་འདི་གྱིས་ཤིག་།ཅེས་བརྗོད་ལ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །བསོད་ནམས་ཀུན་ལ་རྗེས་ཡི་རང། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང། །ཞེས་བྱ་བའི ་གསུམ་ལ་སྐྱབས་སུ་འགྲོ་བའི་ཚིགས་སུ་བཅད་པ་ལན་གསུམ་ཟློས་སུ་གཞུག་གོ་།དེ་ནས་བདུད་རྩི་ཐོབ་སྦྱོར་གྱི་སྔགས་ཀྱིས། མངོན་པར་བསྲུངས་ལ་དེ་རྣམས་ཀྱི་སྙིང་ག་དང་ལྐོག་མ་དང་སྤྱི་བོར་རྡོ་རྗེ་དང་པདྨ་དང། འཁོར་ལོ་བསམས་ལ། མཚན་མ ་དེ་རྣམས་ཉིད་ཀྱི་ལྟེ་བའི་དབུས་སུ་ཧཱུཾ་ཨཱ(རྒྱུད་འགྲེལ་སློབ་མའི་སྤྱི་བོར་མེ་ཏོག་དང། མདུན་དུ་སྤོས་དང། མར་མེ་དང། སྙིང་གར་དུ་སྦྱིན་པར་བྱའོ། །དེའི་རྗེས་ལ་ཨ་ཤྭཏྠ་ལ་སོགས་པའི་སོ་ཤིང་སོར་བཅུ་གཉིས་པ། ཡོན་པོ་མ་ཡིན་པ། རྩེ་མོའི་ཆ་མེ་ཏོག་གི་ཕྲེང་བས་བཀྲིས་པ་ལ་བདུད་རྩི་ཐབ ་སྦྱོར་གྱི་སྔགས་བཟླས་པ་སློབ་མ་རྣམས་ལ་སྦྱིན་པར་བྱའོ། །སློབ་མ་དེ་རྣམས་ཀྱང་ཤར་རམ་ནུབ་ཏུ་ཁ་བལྟས་ཏེ། སོ་ཤིང་དེ་བཅས་ལ་བ་ལང་གི་ཀོ་བ་ཙམ་གྱི་སའི་ཆ་བའི་ལྕི་བས་བྱུགས་ལ། །སོ་ཤིང་བལྟོས་པ་མེད་པར་དོར་བར་བྱའོ། ། ་གལ་ཏེ་སོ་ཤིང་གི་རྩེ་མོ་ཤར་ལ་སོགས་པའི་ཕྱོགས་སུ་བལྟས་ན། །ཞིབ་ལ་སོགས་པའི་དངོས་གྲུབ་ཡོད་པར་སྟོན་ཏོ། །དེ་ནས་སྐྱོར་ཆུ་གསུམ་སྦྱིན་པར་བྱ་སྟེ། ཨོཾ་ཧྲཱི་བི་ཤུདྡྷ་དྷརྨམཱ་ས་རྦབ་པཱ་པཾ་ནི་ཙ་སཾ་ཤོ་དྷ་ཡ། སརྦབ་བི་ཀ་ལ་པ་ཨ་པ་ན་ཡ་ཧཱུཾ། ་ཞེས་བྱ་བའི་སྔགས་བཟླས་པའི་ཆུ་དེས་ཁ་བཀྲུ་བར་བྱའོ། །ཡང་དེ་འདུག་པ་ལ་བདུད་རྩི་ཐབ་སྦྱོར་གྱི་སྔགས་བཟླས་པའི་ཀུ་ཤ་སྔས་དང་སྟན་གྱི་ཕྱིར་བྱིན་ལ། བདུད་རྩི་ཐབ་སྦྱར་གྱི་སྔགས་བཟླས་པའི་བསྲུང་སྐུད་ཀྱིས་སློབ་མ་རྣམས་བསྲུང་བའི་ཕྱིར ་དཔུང་པ་གཡས་པར་བཅིང་བར་བྱའོ། །དེ་ཡང་སྒྱུ་འཕྲུལ་དྲ་བའི་རྒྱུད་ལས། །སྲད་བུས་གཡས་པར་བཅིང་བྱ་ཞིང། །ཀུ་ཤ་དག་ནི་ལག་པར་རོ། །ཞེས་གསུངས་པ་ཡིན་ནོ། །དེ་ནས། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ུ་དུམ་པ་རའི་མེ་ཏོག་བཞིན ་བརྒྱ་ལཾ་ན་ནི་རེས་འགའ་ཞིག་།འབྱུང་འགྱུར་ཡང་ནི་མ་འབྱུང་ངོ། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་བགྱིས ་པར་གྱུར་པ་གང། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་བས་འབྱང་བར་འགྱུར་ལགས་ན། །གྲགས་པ་མཛའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་པ་སྨོས་ཅི་འཚལ། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང ་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་བ། །དེ་དག་གིས་ནི་ངན་འགྲོའི་རྒྱུན། །སྡུག་བསྔལ་ཀུན་འབྱུང་རབ་ཏུ་བཅད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་དིང་རྙེད?། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད ་ཆེན་པོ་ཀུན་གྱི་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་འདིར་ནི་དོད་བས ་ནི། །རང་འབྱུང་སྐལ་བ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །ཞེས་ཆོས་བཤད་པ་བསྒྲག་པར་བྱའོ། །སློབ་དཔོན་ཉིད་དོན་དུ་གཉེར་བའི་སློབ་མ་ནི། །བདུད་རྩི་ཐབ་སྦྱོར་གྱི་སྔགས་ཀྱིས་བསྲུངས་ཏེ ་བཞག་པ། ཁྱད་པར་གྱི་སྡོམ་པ་འཛིན་དུ་གཞུག་གོ་།མི་ལྡོག་འཁོར་ལོའི་དབང་བསྐུར་བ། །སྩལ་བའི་མགོན་པོ་བདག་ལ་གསུངས། །འཁོར་ལོ་ལྷ་ཡི་དེ་ཉིད་དང། །སློབ་དཔོན་གྱི་ནི་ལས་རྣམས་དང། །སངས་རྒྱས་ཀུན་གྱི་དམ་ཚིག་དང། །སྡོམ་དང་གསང ་པ་དམ་ཚིག་གསུམ། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་གྱུར། །གསོལ་བ་བཏབ་པ་དང། སློབ་མ་དེ་ཀུ་ཤའི་སྟན་ལ་ཉལ་དུ་གཞུག་གོ་།སློབ་མ་ལྷག་པར་གནས་པའི་ཆོ་གའི། །ཡང་སློབ་དཔོན ་དཀྱིལ་འཁོར་གྱི་ཁང་པར་ཞུགས་ལ། བསྲུང་བར་བྱ་བའི་ཕྱིར། བདུད་རྩི་ཐབ་སྦྱོར་གྱི་སྔགས་ཡང་དང་ཡང་དུ་བཟླས་པར་བྱའོ། །ཡང་ནང་པར་གྱི་དུས་སུ་ཕྱིར་བྱུང་ལ་སློབ་མ་བོས་ཏེ། དེ་རྣམས་ལ་རྨི་ལམ་དགེ་མི་དགེ་དྲི་བར་བྱའོ། །མི་དགེ་བ་མཐོང་ན ་བདུད་རྩི་ཐབ་སྦྱོར་གྱི་སྔགས་ཀྱིས་བསྲུང་བར་བྱའོ། །དེ་ནས་ཡང་ནང་པར་དཀྱིལ་འཁོར་མཆོད་པ་དང། བསྟོད་པ་དང་བདུད་རྩི་མྱང་བ་ལ་སོགས་པ་བྱས་ལ། དྲིའི་དཀྱིལ་འཁོར་ལ་བཞུགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་གཤེགས་གར་བྱ ་པའི་དོན་དུ་བློས་བཏེག་ལ་ནམ་མཁར་བཞག་པར་བྱའོ། །དེ་ནས་དཀྱིལ་འཁོར་ཟུང་བཞི་པ་ལ་སོགས་པ་ཕྱིའི་སྲད་བུས་ཐིག་གདབ་བོ། །དེའི་རིམ་པ་ནི་འདི་ཡིན་ཏེ། །དེ་ལ་སྔགས་པས་རེ་ཞིག་དང་བོར་ཆངས་པའི་ཐིག་གཉིས་པ་མི་ཡོ་བ་དང། དེའི ་རྗེས་ལ་ཁྲུ་གང་ལ་སོགས་པའི་ཚད་ཀྱི་ཟུར་བཞི་པའི་ཐིག་མི་གཡོ་བ་དང། དེའི་འོག་ཏུ་མཚམས་ཀྱི་ཐིག་གཉིས་པ་གདབ་བོ། །འཁོར་ལོ་ཟུར་བཞི་པའི་བརྒྱད་ཆའི་ཚད་ནི་སྒོའི་སའི་ཆའི་ཐིག་གདབ་བོ། །དེ་ནས་ཚོན་སྣ་ལྔའི་ས་ལ་སོགས ་པའི་ཚད་ལ་ཇི་སྐད་བཤད་པ་བཞིན་དུ་ཐིག་གདབ་པར་བྱའོ། །ལྷའི་སྣམ་བུའི་སའི་ཐིག་གདབ་བོ། །དེའི་ནང་གི་ཟུར་བཞིའི་ནང་དུ་སྙིང་པོའི་དཀྱིལ་འཁོར་དྲིའོ། །ཟུར་བཞིའི་སྒོའི་ཚད་ཙམ་ནི་ཚོན་སྣ་ལྔའི་སའི་ཚད་དོ། །ཀ་བ་ནི་རྡོ་རྗེ་དང། རིན་པོ ་ཆེ་ལ་སོགས་པས་མཚན་པ་དང་ལྡན་པ་ལ། །རྡོ་རྗེ་ཕྲེང་བས་བསྐོར་བ་བྲིས་འདྲིར་གཞུག་གོ་།ཕྱི་རོལ་ཏུ་རྟ་བབས་སྒོའི་ཆའི་སུམ་འགྱུར་དུ་བྱས་ལ། དེའི་ཕྱིར་རོལ་ཏུ་དཀྱིལ་འཁོར་དང་རྗེས་སུ་མཐུན་པའི་ཚད་ཀྱི་ལྕགས་རི་ཇི་ལྟར་མཛེས་པར ་བྲིའོ། །སའི་ཐིག་གདབ་པའི་རིམ་པའོ། །དེ་ནས་ཡེ་ཤེས་ཀྱི་ཐིག་གི་ཚོ་ན་སྣ་ལྔའི་བྲང་བུ་ཡེ་ཤེས་ལྔ་དང་ལྡན་པ་ལ་རྫི་མ་བསྐྱེད་ཅིང་གཡོ་བའི་འབར་བའི་ལྟ་བས་རྣམ་པར་སྣང་མཛད་ལ་སོགས་པའི་ཐུགས་ཀ་ནས་དྲངས་པའི་ཡེ་ཤེས་ཀྱི་སྲང་བུས་བྱིན་གྱིས ་རློབ་པའོ། །དེ་ཡང་དེ་ཁོ་ན་ཉིད་བསྡུས་པ་ལས། རབ་ཏུ་མྱུར་བར་མིག་བསྒུལ་ཞིང། མིག་གི་རྫི་མ་འགུགས་བྱེད་པ། །ལྟ་བ་གཟི་ཅན་ཡིན་པར་བཤད། །འགྲོ་བ་ཐམས་ཅད་འགྲུགས་བྱེད་པའོ། །ཞེས་བཤད་པ་དང་ཡི་གེ་ཛ་ལས་ཟླ་བ་དང་ཉི་མའི ་མིག་སྔགས་པས་བསྒོམ་པར་བྱའོ། །ཡེ་ཤེས་ཀྱི་ཐིག་དེ་མཆུང་ནི་དཀྱིལ་འཁོར་གྱི་ཉིས་འགྱུར་ལ། །སྦོམས་སུ་སྒོའི་ཉི་ཤུ་ཆའི་ཚད་ཀྱི་སྲད་བུ་དེ་ཟླུམ་པོར་བྱ་ཞིང། དྲི་དང་བདུད་རྩི་ལྔས་བྱུགས་ལ། ཡི་གེ་གསུམ་དང་སྤེལ་བའི་བདུད་རྩི་ཐབ་སྦྱོར་གྱི ་སྔགས་ཀྱིས་བསྲུངས་ནས། བྷ་ག་བན་པྲ་ཡཙྪ་ཤ་ཤྭད་ཏམ་སུ་ཏྲཾ་སྭ་ཙཀྲ་སུ་ཏྲ་ན་ཡ། ཞེས་བྱ་བ་ལ་སོགས་པའི་ཚུལ་འདས་རྣམ་པར་སྣང་མཛད་ལ་སོགས་པ་ནས་མི་བསྐྱོད་པའི་བར་གྱི་དེ་བཞིན་གཤེགས་པ་རྣམས་ལ་གསོལ་བ་གདབ་པོ། །དེ་ནས་ཨ་ནྱོ? ་ནྱ་ཨ་ནུ་ག་ཏ་སརྦབ་དྷ་རྨམ?་པ་ར་སྤ་ར་སརྦབ་དྷརྨམ། ཨ་ཏྱ་ན་ཏ་ཨ་ནུ་པྲ་བིཥྚ་སརྦབ་དྷརྨམ། ཞེས་བྱ་བས་ཐིག་འཛིན་པའི་སློབ་མ་བདུད་རྩི་ཐབ་སྦྱོར་གྱི་སྦྱོར་བ་དང་ལྡན་པས་ལྷན་ཅིག་བསྒྲིལ་བར་བྱ། །དེའི་རྗེས་ལ་སློབ་དཔོན་ནུབ་སྒོར་འདུག་སྟེ། བདག་ཉིད་ཛ་ཛ་ཛ ་ཞེས་བྱ་བ་བཟློས་ཤིང་ཁུ་ཚུར་གཡོན་མས་ཐིག་བཟུང་ལ་ལྟེ་བར་བཞག་སྟེ། སློབ་མས་ཤར་ཕྱོགས་ཀྱི་སྒོང་གནས་པ་ལ་ཛ་གསུམ་གྱིས་དེའི་ལག་ཏུ་བཏང་ལ། ཨོཾ་བཛྲ་ས་མ་ཡ་སུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ། ནམ་མཁའ་གང་པའི་བདེ་གཤེགས་རྣམས། །བྱེད ་ཀྱི་འགྲོ་དོན་མཛོད་དུས་ལགས། །ཐིག་གི་སྒྲ་ཡིས་བསྐུལ་ནས་ནི། །དེ་རྣམས་འདིར་ནི་གཤེགས་སུ་གསོལ། །ཞེས་བྱ་བའི་སྔགས་བརྗོད་དེ་ནམ་མཁར་ཐིག་གདབ་ལ། ཐིག་གི་སྒྲ་དེས་དེ་བཞིན་གཤེགས་པ་རྣམས་བསྐུལ་ནས་བྱོན་པར་བསམ་པར་བྱའོ། །དེའི་རྗེས ་ལ་བསྐོར་ཕྱོགས་སུ་སོང་སྟེ། ལྷོ་ཕྱོགས་སུ་སོང་ལ་དེར་འདུག་སྟེ། སློབ་མ་བྱང་ཕྱོགས་སུ་འདུག་པ་དང་ལྷན་ཅིག་ཐིག་གདབ་བོ། །འོག་ཏུ་ཐིག་གདབ་པ་ལ་ཡང་རིམ་པ་དེ་ཉིད་ཡིན་ནོ། །དེ་ནས་མེའི་ཕྱོགས་སུ་སོང་སྟེ། །དེ་བཞིན ་དུ་འདུག་སྟེ། བྱང་ཕྱོགས་སུ་བལྟས་ལ། སློབ་མ་དབང་ལྡན་གྱི་ཕྱོགས་སུ་འདུག་སྟེ། ལྷོ་ཕྱོགས་སུ་བལྟས་པ་དང་ལྷན་ཅིག་ཤར་གྱི་ཆའི་ཐིག་གདབ་པར་བྱའོ། །དེ་ནས་རླུང་གི་ཕྱོགས་སུ་སོང་ལ་ལྷོ་ཕྱོགས་སུ་བལྟས་ཏེ། སློབ་མ་བདེན་བྲལ་གྱི་ཕྱོགས་སུ་གནས་པ ་དང། ལྷན་ཅིག་ནུབ་ཀྱི་ཆའི་ཐིག་གདབ་བོ། །ཡང་སྐོར་ཕྱོགས་སུ་སོང་སྟེ། རླུང་གི་ཕྱོགས་སུ་འདུག་ལ། སློབ་མ་དབང་ལྡན་གྱི་ཕྱོགས་སུ་འདུག་པ་དང། ལྷན་ཅིག་བྱང་གི་ཆིར་ཐིག་གདབ་བོ། །དེའི་རྗེས་ལ་དེ་བཞིན་དུ་མེའི་ཕྱོགས་སུ་སོང་སྟེ། དེ་ཉིད་དུ ་འདུག་ལ་སློབ་མ་བདེན་བྲལ་གྱི་ཕྱོགས་སུ་འདུག་པ་དང། ལྷན་ཅིག་ལྷའི་ཆའི་ཐིག་གདབ་པ། །དེ་ཉིད་དུ་འདུག་ལ་སློབ་མ་རླུང་གི་ཕྱོགས་སུ་འདུག་པ་དང། ལྷན་ཅིག་མཚམས་ཀྱི་ཐིག་གདབ་བོ། །དེ་ནས་བདེན་བྲལ་གྱི་ཕྱོགས་སུ་སོང་ལ། །སློབ་མ་དབང་ལྡན ་གྱི་ཕྱོགས་སུ་སོང་བ་དང། ལྷན་ཅིག་བྱང་གི་མཚམས་ཀྱི་ཐིག་གདབ་བོ། །ཐིག་དེ་ཉིས་བ་ལྟབ་དུ་བྱས་ལ་སློབ་དཔོན་དཀྱིལ་འཁོར་གྱི་དབུས་སུ་འདུག་པས་བཟུང་ལ། བློབ་མས་ཐིག་གི་ཕྱོགས་གཅིག་ནས་གཟུང་སྟེ། དབང་ལྡན་གྱི་ཕྱོགས་ནས་བརྩེ ་ནམ་གཡས་ཕྱོགས་ནས་བསྐོར་ཏེ་དེ་དང་ལྷན་ཅིག་རྡོ་རྗེ་ལྟ་བུའི་ཕྱིའི་ཐིག་གདབ་བོ། །སྲང་བུ་དེ་ཉིད་ཡང་ཉིས་བལྟབ་དུ་བྱས་ལ་སློབ་དཔོན་རང་ཉིད་ཀྱིས་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ། སྐོར་ཕྱོགས་སུ་ནང་གི་འཁོར་ལོའི་ཐིག་གདབ་པོ། ། ་དེ་ལྟར་ཐིག་བཏབ་ནས། ཁྲོ་གཉེར་གཉེར་མ་རབ་བསྡུས་པ། །ཁྲོ་བའི་མིག་ནི་བཙུམ་པ་སྟེ། ཞེས་བྱ་བའི་ཁྲོ་བོའི་ལྟ་བ་དང། མཉམ་པར་བཞག་པའི་ས་ཧྲི་ཞེས་བརྗོད་དེ་སྒོ་བཞི་དབྱེ་བར་བྱའོ། །དེ་ནས་དེ་ཁོ་ན་ཉིད་བསྡུས་པ་ལས། དེ་ནས་དབུས་སུ ་འདུག་ནས་ནི། །རྡོ་རྗེ་སློབ་དཔོན་མཉམ་གཞག་བས། །རྡོ་རྗེའི་སྒོ་ནི་རྣམ་བཞི་པོ། །ཡིད་ཀྱིས་སུ་ནི་དབྱེ་བས་བྱ། །ཞེས་གསུངས་པ་ཡིན་ནོ། །དེ་ནས་ཚོན་སྣ་ལྔ་པའི་སྲད་བུ་དེ་ཡི་གེ་མུ(རྒྱུད་འགྲེལ་པར་བྱའོ། །ཡེ་ཤེས་ཀྱི་ཐིག་གི་ཆོ་གའི་རིམ་པའོ། །དེ་ནས་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔའི་ཁ་དོག་ཅན་གྱི་ཆོན་དུ་མུ་ཏིག་གི་ཕྱེ་མ་ལ་སོགས་པ་འམ། དེ་མ་འབྱོར་ན་འབྲས་སཱ་ལུའི་ཕྱེ་མ་ལེགས་པར་བཏགས་ཤིང། ་ལེགས་པར་བརྡུངས་པ་ཅི་རྙེད་པའི་སྣོད་དུ་བཞག་སྟེ། འདི་དག་ལ་ཡང་སྔ་མ་བཞིན་དུ་བལྟས་ཏེ། རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པའི་ཚོན་གྱི་མདོག་ཅན་ཇི་ལྟ་བར་བཅུག་སྟེ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། ཞེས་བྱ་བ་འདི ་བཟླ་བར་བྱའོ། །དེའི་རྗེས་ལ་དཀྱིལ་འཁོར་ན་གནས་པའི་ཡི་ཤེས་ཀྱི་ཐིག་ཡིད་ཀྱིས་བཏེག་སྟེ། བཛྲ་བེ་ག་ཞེས་བྱ་བའི་སྔགས་བརྗོད་ལ་ནང་དུ་ཞུགས་ཏེ། འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་དགྲོལ་བྱེད་པ། །རྣམས་སྣང ་རྒྱལ་པོ་རང་ཉིད་ནི། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་བརྗོད་ལ། །ཚོན་དེ་རེ་རེ་ཞིང་གཡོན་པའི་ཁུ་ཚུར་གྱིས་བླངས་ལ། དབང་ལྡན་གྱིས་ཕྱོགས་ནས་བརྩམས་ཏེ། ཕྱི་རོལ་ནས་དཀར་པོ་དང། སེར་པོ་དང། དམར་པོ་དང། ལྗང་གུ ་དང། ནག་པོ་ཕན་ཚུན་མ་རེག་མ་ཡོ་བར་སློབ་དཔོན་གྱིས་དགྱེ་བར་བྱའོ། །དེ་ཡང་གསང་བའི་ཚོགས་མཐོན་པོ་ལས། །དཀར་པོ་རྡོ་རྗེ་རྩེ་རང་བཞིན། །གཞན་དག་གསེར་ལ་དམིགས་པ་སྟེ། །པདྨ་རཱ་གའི་རང་བཞིན་རྩེ། །དེ་བཞིན་གཞན་དག ་མརྒད་དོ། །ནག་པོ་ནང་དུ་ཤེས་བྱས་ཏེ། །འདི་ནི་ཚོན་གྱི་རིམ་པར་བཤད། །ཅེས་གསུངས་པ་ཡིན་ནོ། །དེ་ནས་དམ་ཚིག་ལས་ཉམས་པ་རྣམས་སྤངས་པར་བྱ་བའི་ཕྱིར། རི་མོ་བློས་ནམ་མཁར་བཏེག་སྟེ། །སླར་ཡང་བཛྲ་བེ་ག་ཞེས་བྱ་བའི་སྔགས་བརྗོད ་ལ་སློབ་དཔོན་ཕྱིར་འབྱུང་བར་བྱའོ། །དེ་ཡང་དེ་ཁོ་ན་ཉིད་བསྡུས་བ་ལས། ཡིད་ཀྱིས་རི་མོ་བཏེག་ནས་ནི། །རྡོ་རྗེ་སྲད་བུ་འམ་གཞན་ཡང་རུང། །ཕྱིར་བྱུང་ནང་དུ་ཞུགས་ཀྱང་ནི། །དམ་ཚིག་འགལ་བར་མི་འགྱུར་རོ། །ཞེས ་གསུངས་པ་ཡིན་ནོ། །དེའི་འོག་ཏུ་སློབ་མས་ཀྱང་སློབ་དཔོན་འཇུག་པ་དང་འབྱུང་བའི་རིམ་བས་དགྱེ་པར་བྱའོ། །མཚོན་དགྱེ་པའི་ཆོ་གའི་རིམ་པའོ། །མི་བསྐྱོད་པ་བདག་པོར་གྱུར་པའི་དུས་སུ་ནི། ཤར་ཕྱོགས་ཀྱི་སའི་ཆ་ནི་དཀར་པོའོ། །ལྷོ་ཕྱོགས ་ཀྱི་སའི་ཆ་ནི་སེར་པོའོ། །ནུབ་ཕྱོགས་ཀྱི་སའི་ཆ་ནི་དམར་པོའོ། །བྱང་ཕྱོགས་ཀྱི་སའི་ཆ་ནི་ལྗང་བུའོ། །རྡོ་རྗེའི་ཐིག་གི་མཐར་ཐུག་པའི་ནང་སྙིང་པོའི་དཀྱིལ་འཁོར་དབུས་མ་ནི་སྔོན་པོའོ། །དེར་དབུས་མ་ནི་སྣ་ཚོགས་པདྨ་དང་ཉི་མའི་དཀྱིལ་འཁོར ་ལ་གནས་པའི་རྡོ་རྗེ་ཁ་གྱེས་པ་སྔོན་པོ་འབར་བ་དང་བཅས་པ་བྲི་བར་བྱའོ། །ཤར་ཕྱོགས་ཀྱི་ཆར་ནི་སྣ་ཚོགས་པདྨའི་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་འཁོར་ལོའོ། །ལྷོ་དང་ནུབ་དང་བྱང་གི་ཕྱོགས་སུ་སྣ་ཚོགས་པདྨ་ལ་གནས་པའི་ཉི་མའི་དཀྱིལ་འཁོར ་གྱི་སྟེང་དུ། རིན་པོ་ཆེ་ཆ་དགུ་པ་སྔོན་པོ་དང། པདྨ་དམར་པོ་དང། རལ་གྲི་སྟེ་མཚན་མ་འདི་དག་བྲི་བར་བྱའོ། །མེ་དང་བདེན་བྲལ་དང། རླུང་དང་དབང་ལྡན་གྱི་མཚམས་རྣམས་སུ། སྣ་ཚོགས་པདྨ་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་ལ་མིག ་འབྲས་སྔོ་བའི་སྤྱན་དང། རྡོ་རྗེ་སྔོན་པོ་དང། པདྨ་དམར་པོ་ནི་ཁ་བྱེ་བ་སྡོང་བུ་དང་བཅས་པ་དང། ཨུཏཔལ་སྔོན་འདྲ་འམ་འདྲིར་གཞུག་གོ་།ཕྱིའི་དཀྱིལ་འཁོར་གྱི་མེ་ལ་སོགས་པའི་མཚམས་རྣམས་དང། ཤར་སྒོའི་ངོས་གཉིས ་སུ་སྣ་ཚོགས་པདྨ་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་མེ་ལོང་དང། པི་ཝང་དང། དུང་ཆོས་དང། པདྨའི་སྣོད་དང། རས་སྣ་ཚོགས་དང། ཆོས་འབྱུང་བའི་ཕྱག་རྒྱ་བྲིའོ། །ཤར་སྒོར་སྣ་ཚོགས་པདྨ་ལ་གནས་པའི་ཉི་མིའི་དཀྱིལ ་འཁོར་ལ་ཐོབ། དེ་བཞིན་དུ་ལྟོ་སྒོར་དབྱུག་པ། ནུབ་སྒོར་པདྨ་དམར་པོའོ། །བྱང་སྒོར་རྡོ་རྗེ་བྲི་བར་བྱའོ། །ཚོན་དགྱེ་ཟིན་པ་དང། ཁྲུས་བྱས་ལ་གོས་གཙང་མ་གོན་ཏེ། ཡང་ཕྱི་དྲོའི་དུས་སུ་དཀྱིལ་འཁོར་གྱི་ཁང་པར་གཞུག་ལ། ཚོན་ལྷག་མ ་དེ་རྣམས་དེ་ཁོ་ན་ཉིད་གསུམ་ཡི་གེ་མུའི་མཛའ་དང་བཅས་པས་གཤེགས་སུ་གསོལ་ལོ། །ཚོན་གྱི་སྣོད་སྐྱེ་བོ་མེད་པའི་ས་ཕྱོགས་སུ་བཞག་ནས། དཀྱིལ་འཁོར་གྱི་ཕྱིར་མི་བའི་ལྕི་བས་བྱུགས་ལ་སྤོས་ཆུ་དྲི་ཞིམ་པོས་ཀྱང་བྱུགས་ཏེ། དེ་ཉིད་དུ་མེ་ཏོག་སིལ ་མ་དགྲམ་བར་བྱའོ། །དེའི་རྗེས་ལ་གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པའི་ཡོ་བྱང་བྲེ་བ་དང། བུམ་པ་དགོད་པར་བྱས་ཏེ། རྣམ་པར་རྒྱལ་བའི་བུམ་པ་ནི་དཀྱིལ་འཁོར་གྱི་ཕྱི་རོལ་གཙོ་བོའི་གཡས་ཀྱི་ཆར་བཞག་གོ་།བུམ་པ་གཞན་རྣམས ་ནི་འབར་བའི་ཕྲེང་བའི་ཕྱི་རོལ་གྱི་གྲཝ་བཞིར་བཞག་གོ་།ཡང་བུམ་པ་གཞན་ཞིག་ལ་བདུད་རྩི་ཐབ་སྦྱོར་གྱི་སྔགས་བཟླས་ལ་ཀུ་ཤའི་ཁྲེས་ཆུང་དང་བཅས་པ་ནི་བསང་གཏོར་བྱ་བའི་ཕྱིར་དཀྱིལ་འཁོར་གྱི་སྒོ་ལོགས་སུ་བཞག་བར་བྱའོ། །བུམ་པ་དེ་རྣམས ་ལས་ཆུ་ཉུང་ཟད་ཉུང་ཟད་བླངས་ཏེ། མཆོད་ཡོན་གྱི་སྣོད་དུ་བླུགས་ལ། མཆོད་ཡོན་གྱི་སྣོད་དེ་ཡང་བདག་དང་སློབ་མ་དབང་བསྐུར་བར་བྱ་བའི་དོན་དུ་རྣམ་པར་རྒྱལ་བའི་བུམ་པའི་ཁར་བཞག་གོ་།དེ་ནས་མཆོད་པ་རྒྱ་ཆེན་པོ་བྱས་ལ་ཕྱོགས་མཚམས་བཞིར ་མར་མེ་བརྒྱད་བཞག་པ་དང། དེ་ལས་ལྷག་པའི་སྤོས་སྣོད་སྤོས་དྲི་ཞིམ་པ་དང་བཅས་པར་བཞག་པར་བྱའོ། །དེ་ནས་སློབ་དཔོན་ཆོ་ག་བཞིན་དུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དཀྱིལ་འཁོར་གྱི་ཤར་གྱི་སྒོར་སྟན་ནང་ཚངས་ཅན་ལ་ལྟ་ལ་མངོན ་བང་ཕྱོགས་པས་འདུག་སྟེ། དཀྱིལ་འཁོར་བསྒྲུབ་པ་བརྩམ་པར་བྱ་བ། །དེའི་རིམ་པ་ནི་འདི་ཡིན་ནོ། །རྒྱུད་ལས་ཇི་སྐད་བཤད་པ་ལྟ་བུའི་ཕྱིའི་རིག་པ་དང་ལྷན་ཅིག་དཀྱིལ་འཁོར་བསྒྲུབ་པར་བྱའོ། །དེ་མེད་ན་ཡིད་ཀྱིས་བསྒོམ་པར་བྱའོ། །དེ་ཡང་དགུ? ་པོར་རེ་ཞིག་སློབ་དཔོན་གྱི་ཏིང་འཛིན་གསུཾ་གྱི་སྦྱོར་བ་དང་ལྡན་པས་རང་གི་རྡོ་རྗེ་དང། ཆུ་སྐྱེས་ཡང་དག་པར་སྦྱོར་བའི་སྒྲས་ནམ་མཁའ་ལ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་བློས་རང་གི་ནང་དུ་བཅུག་ནས་སླར ་ཡང་དཀྱིལ་འཁོར་གྱི་འཁོར་ལོ་ལྟ་བུར་རང་གི་ལུས་ལས་བྱུང་ནས་ནམ་མཁའ་ལ་ཁྱབ་པར་སྤྲོ་བར་བྱའོ། །དེ་ནས་སླར་ཡང་བཀུག་ལ་དཀྱིལ་འཁོར་གྱི་ངོས་སུ་བཞག་པར་བྱའོ། །དེ་ནས་གཤིན་རྗེ་གཤེད་ལ་སོགས་པས་བགེགས་བསྐྲད་ལ། ་རྡོ་རྗེ་རབ་ལ་སོགས་པ་རྣམ་པར་བསྒོམ་ནས། དེའི་རྗེས་ལ་དཀྱིལ་འཁོར་གྱི་ངོས་ལ་བཞུགས་པ་ཡི་གེ་ཛས་དགུག་པ་དང། ཧཱུཾ་གིས་དཀྱིལ་འཁོར་གྱི་དབུས་སུ་རང་རང་གི་མཚན་མར་གཞུག་པ་དང། དེ་བཞིན་དུ་བཾ་གིས་བརྟན་པར་བྱ་བ ་དང། ཧོས་མཉེས་པར་བྱས་ནས་ཉེ་བར་སྒྲུབ་པ་ལ་སོགས་པས་བྱིན་གྱིས་བརླབ་པར་བསམ་པར་བྱའོ། །དེའི་རྗེས་ལ་མཆོད་ཡོན་དང་མེ་ཏོག་ལ་སོགས་པའི་མཆོད་པ་ཡི་གེ་གསུམ་གྱི་མངོན་པར་བཟླས་པ་དང། རས་ཟུང་རེ་དེ་བཞིན་དུ ་མངོན་པར་བཟླས་པ་ལྟ་རེ་རེ་ཞིང་དབུལ་བ་དང། ནང་གིས་མཆོད་པ་ཡང་བྱས་ནས། རྡོ་རྗེ་དྲིལ་བུ་དཀྲོལ་ཞིང་བསྟོད་པ་བྱ་སྟེ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ ་རྗེ་དབྱིངས་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་འོད་གསལ་མཆོག་གི་མཆོག་།སྟོན་པ་རྡོ་རྗེ་ཁྱེད་ཕྱག་འཚལ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན ་དག་པ་གོས་པ་མེད། །རྡོ་རྗེ་སྐུ་ལ་ཕྱག་འཚལ་ལོ། །རྡོ་རྗེ་མི་འཆི་རྒྱལ་པོ་ཆེ། །མེ་ཏོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེ་གསུང་ལ་ཕྱག་འཚལ་ལོ། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས ་ཅད་རྫོགས་མཛད་པ། །རང་བཞིན་དག་པ་ཉིད་ལས་བྱུང། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་ལོ། །དེ་ལྟར་བསྟོད་པ་བྱས་ནས་དཀྱིལ་འཁོར་གྱི་འཁོར་ལོ་དང་བདག་ཉིད་བདུད་རྩི་མྱང་བར་བྱའོ། །དེ་ནས་སྒྲུབ་བའི་གྲོགས་མཆོག་དཀྱིལ་འཁོར་དུ་བཞག་ལ ་ཕྱིར་བྱུང་སྟེ། བཟའ་བ་དང་བཅའ་བ་སྣ་ཚོགས་ཉ་དང་ཤ་ལ་སོགས་པ་དང་བཅས་པའི་གཏོར་མ་རྒྱ་ཆེན་པོ་རང་རང་གི་ཕྱོགས་ཀྱི་གཏོར་མའི་སྔགས་མངོན་པར་བཟླས་ལ་ཕྱོགས་སྐྱོང་རྣམས་ལ་ཕུལ་ནས། ཡང་དཀྱིལ་འཁོར་གྱི་ཁང་པར་གཞུག་སྟེ། རྡོ ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བ་དང་ལྡན་པ། དཀྱིལ་འཁོར་ལ་ཕྱག་བྱས་ལ། རྡོ་རྗེ་དྲིལ་བུ་དཀྲོལ་ཞིང་སློབ་མ་དང་ལྷན་ཅིག་བསྐོར་བ་ལན་གསུམ་བྱའོ། །ཡང་ཕྱིར་བྱུང་ལ་ནང་པར་གྱི་དུས་སུ་རྒྱས་པའི་སྦྱིན་སྲེག་བྱ་སྟེ། དེ་བཞིན་ནང་པར་རྒྱས་པར་བྱ། ཞེས ་བཤད་པའི་ཕྱིར་རོ། །སླར་ཡང་ཞུགས་ཏེ་འོག་ནས་བཤད་པའི་ཆོ་གས་རྗེས་སུ་གནང་བའི་དབང་བསྐུར་བའི་མཛའ་ཐུགས་པའི་འཇུག་པའི་ཆོ་ག་བཅོམ་ལྡན་འདས་བདག་པོ་ལས་ཐབ་པར་བློས་བསམ་པར་བྱའོ། །འདོད་ཆགས་ཆེ་ལས་བྱུང་དེ་ཉིད། ། ་འཁོར་ལོ་གཟུགས་བརྙན་ལྟ་བུར་ནི། །ཤེས་པར་བྱས་ལ་དཀྱིལ་འཁོར་དུ། །སློབ་མ་གཞུག་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ལ་བདག་པོར་གསོལ་བ་གདབ་པར་བྱའོ། །ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །ཐོག་མ་ཐ་མེད་པ་ཡི་མཆོག ་རྡོ་རྗེ་སེམས་དཔའ་ཆེད་དེ་བཞིན། །རྡོ་རྗེ་སེམས་དཔའ་དེང་གྲུབ་མཛོད། །ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་གྲུབ་མཛོད། །ཉེས་པ་མི་མངའ་རྟག་པ ་ཁྱོད། །འདོད་ཆགས་ཀུན་གྱི་??་ཆགས་པ། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་ཀྱིས་གྲུབ་མཛོད། །ཤིན་ཏུ་དག་པ་ཀུན་གྱི་མཆོག། གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས ་དཔའ་བདག་གྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག་།དབང་ཕྱུག་ཆེན་པོའི་ཕྱག་རྒྱ་མཆོག་།གྲུབ་པའི་རྡོ་རྗེ་ཆེ་ལ་བསྟོད་པ། །རྡོ་རྗེ་སྙེམས་བདག་བདག་མཛོད་ཅིག་།སེམས་ཅན་ཀུན་གྱི་ཡིད་ཁྱབ་ཅིག་།སེམས་ཅན ་ཀུན་གྱི་སྙིང་ལ་བཞུགས། །སེམས་ཅན་ཀུན་གྱི་ཡབ་གྱུར་ཉིད། །འདོད་ཆགས་དམ་ཚིག་མཆོག་གྱུར་པའོ། །བདེན་པ་གང་གིས་ཡེ་ཤེས་མཆོག་།ཤེས་རབ་ཐབས་བདག་དཀྱིལ་འཁོར་ཡིན། །བདེན་པ་དེ་ཡིས་མགོན་བདག་ལ། །ཁྱོད་ཀྱི ་འདོད་པ་རབ་རྫོགས་ཤོག་།ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་བྱུང། །དེ་བཞིན་ཉིད་ལས་དེས་པར་སྐྱེས། །བདེན་པ་འདི་ཡིས་དཀྱིལ་འཁོར་དུ། །གཟུ ་བརྙན་གསལ་བ་སློབ་མ་ནི། །ཀུན་གྱིས་དྲི་མ་མེད་མཐོང་ཤིག་།ཅེས་བདེན་པ་སྒྲགས་པར་བྱའོ། །སློབ་མ་རེ་རེ་ཞིང་ཡང་རྒྱན་ཐམས་ཅད་ཀྱིས་བརྒྱན་ལ་གོས་དམར་པོ་བསྐོན་པ་དང། །ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པའི་དང?་??་པོས ་གདོད་གཡོགས་ཤིང། །མགོ་ལ་མེ་ཏོག་གི་ཕྲེང་བ་དཀྲིས་པ་ལག་ན་མེ་ཏོག་གི་ཕྲེང་བ་ཐོགས་པ་ཡོལ་བའི་བར་དུ་བཞག་ལ། དཀྱིལ་འཁོར་གྱི་ཁང་པའི་སྒོར་བཞག་པའི་བུམ་པའི་ཆུས་བསང་གཏོར་བྱས་ནས། སློབ་མ་ལ་སྡུགས། ཁྱོད་སུ་ཡིན ་ཞེས་དྲི་བར་བྱའོ། །སློབ་མས་ཀྱང་སྡུག་པ་བདག་ནི་བསྐལ་པ་བཟང་པོའོ་ཞེས་བརྗོད་པར་བྱའོ། །དེ་ནས་སློབ་མ་དེའི་སྙིང་གར་རྡོ་རྗེ་བཞག་ནས་འོག་ནས་བཤད་པའི་རྣལ་འབྱོར་གྱི་སེམས་བསྐྱེད་པར་བྱ་སྟེ། ཨོཾ་སརྦབ་ཡོ་ག་ཙིཏྟ་ཨུཏཔཱ་ད་ཡཱ་མི་སུ་ར་ཏེ་ས་མ་ཡ ་སྟཾ་ཧོ། སིདྡྷི་བཛྲ་ཡ་ཏ་སུ་ཁཾ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་འདི། ཁྱེད་ཀྱིས་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མ་བྱེད་ཅིག་།དད ་པ་དང་མི་ལྡན་པ་རྣམས་ཡང་མ་ཡིན་ནོ། །ཞེས་བརྗོད་པར་བྱའོ། །ཛ(རྒྱུད་འགྲེལ་བྱ་བའི་ཕྱིར་སློབ་མ་དེ་དཀྱིལ་འཁོར་གྱི་ཤར་སྒོའི་མདུན་དུ་བཞག་ལ། །དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། ངས་ཁྱོད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་ན། དངོས?་གྲུབས་ཞན ་ལྟ་སྨོས་ཀྱང་ཅི་དགོས་ཏེ། །དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱ་ཡིས། །ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་མ་སྨྲ་ཞིག་།དམ་ཚིག་ཉམས་པར་གྱུར་ཏ་རེ་ཞེས་བརྗོད་ལ་སློབ་མའི་སྙིང་གར་རྡོ་རྗེ་བཞག་ལ། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། ། ་སྙིང་ལ་ཡང་དག་བཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ནས་གཤེགས། །ཞེས་བརྗོད་ནས་བདུད་རྩི་ལྔ་པདྨའི་སྣོད་དུ་བཞག་སྟེ། །ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ་ཇི་ལྟ་བ་བཞིན་དུ་བསྒོམས་ཏེ། འདི་ནི་ཁྱོད་ཀྱི ་དམྱལ་བའི་ཆུ། །དམ་ཚིག་འདས་ན་བསྲེག་པར་འགྱུར། །དམ་ཚིག་བསྲུངས་ན་དངོས་གྲུབ་སྟེ། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཞིག་།ོཾ་བཛྲ་ཨུ་ད་ཀ་ཋ་ཋ་ཋ་ཞེས་བརྗོད་དེ། སློབ་མ་འཐུང་དུ་གཞུག་གོ་།སློབ་དཔོན་གྱིས་སློབ་མ་ལ་དམ་བཅའ་བ་བརྟན་པར་གྱུར་བའི ་ཕྱིར། །འོག་ནས་བཤད་པ་འདི་ཡང་བརྗོད་དོ། །དེང་ཕྱིན་ཆད་ཁྱོད་ཀྱིས་ཕྱག་ན་རྡོ་རྗེ་ང་ཡིན་གྱིས། ངས་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་ཡང་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག་།མི་བདེ་བ་མ་སྤངས་པར་ཁྱོད་དུས་བྱས་ནས ་དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་སྨྲས་ལ། །དེ་ནས་སློབ་མ་ལ་འདི་སྐད་དུ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ་རྡོ་རྗེ་སེམས་དཔའ་འབབ་པར་གྱུར་ཅིག་ཅེས་སྨྲོས་ཤིག་ཅེས་བསྒོ་ལ། སློབ་མའི་སྙིང་གར་ལཾ་ལས་བྱུང་བའི ་དབང་ཆེན་གྱི་དཀྱིལ་འཁོར་ཟུར་བཞི་པ་ཁ་དོག་སེར་པོ་རྡོ་རྗེ་རྩེ་གསུམ་པས་མཚན་པ་དབུས་སུ་ཡི་གེ་ཧཱུཾ་གནས་པ་སྒོམ་མོ། །ལྐོག་མར་ཡང་བཾ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་ཟླུམ་པོ་ཁ་དོག་དཀར་པོ་བུམ་པས་མཚན ་པ་ལ། དབུས་ན་ཡི་གེ་ཨ་གནས་པ་བསྒོམ་མོ། །སྤྱི་བོར་ཡི་གེ་ཡཾ་ལས་བྱུང་བའི་རླུང་གིས་དཀྱིལ་འཁོར་གཞུའི་དབྱིབས་ཅན་ཁ་དོག་སྔོན་པོ་བ་དན་གྱིས་མཚན་པ་ལ་དབུས་སུ་ཡི་གེ་ཧ་གནས་པར་བསམ་མོ། །སློབ ་མའི་རྐང་པའི་འོག་ཏུ་ཡང་ཡི་གེ་ཛཧཻ་འོད་ཟེར་འབར་བ་དང་བཅས་པ་བསམས་ལ། དེའི་ཡང་འོག་ཏུ་རླུང་གི་དཀྱིལ་འཁོར་གྱི་སྟེང་ན་རེ་ལས་བྱུང་བའི་མེའི་དཀྱིལ་འཁོར་གྲུ་གསུམ་ཁ་དོག་དམར་པོ་བསམས་ནས། །དྲིལ་བུ་དཀྲོལ་ཞིང། ་ཨཱ་བེ་ཤ་ཡ་སྟཾ་བྷ་ཡ། ར་ར་ར་ར། ཧཱུཾ་ལ་ཡ། ཙཱ་ལ་ཡ། ཧཱུཾ་ཧ་ཨ་ཛཧཻཾ་ཞེས་བརྗོད་པར་བྱའོ། །སློབ་མ་དེའི་ལྕེ་ལ་ཡི་གེ་ཧྲི(རྒྱུད་འགྲེལ་རྡོ་རྗེ་བདེ་གནས་པ་ལ། རྡོ་རྗེ་དགེ་བ་དང་མི་དགེ་བ་སྨྲོས་ཤིག་།ཅེས་དྲིས་ནས། ཨེ་ཏཥྚི་བཛྲ་ཞེས་བྱ་བ་འདིས་སློབ་མ་དེ་བརྟན་པར་བྱའོ། །དེ་ནས་པྲ་ཏཱིཙྪ་བཛྲ་ཧོ(རྒྱུད་འགྲེལ་པ་ལ། ཞེས་བྱ་བ་འདིས་སློབ་མའི་མགོ་པོ་ལ་བཅིངས་ནས། དེའི་མིག་གཉིས་སུ་ཡི་གེ་ཨོཾ་འོད་ཟེར་དང་བཅས་བ་བསམས་ལ། རྡོ་རྗེ་སེམས་དཔའ་དང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །མིག་ནི་ཐམས་ཅད་འབྱེད་མཛད་དེ། །རྡོ ་རྗེའི་མིག་ནི་བླ་ན་མེད། །ཅེས་བྱ་བའི་ཚིགས་སུ་བཅད་པ་བརྗོད་ལ། གདོད་གཡོགས་དཀྲོལ་ནས་དཀྱིལ་འཁོར་གྱི་བདག་པོ་ནས་བདུད་རྩི་ཐབ་སྦྱོར་ཀྱི་བར་དུ་བསྟན་པར་བྱའོ། །དེ་ལ་ལྷ་རྣམས་ཀྱི་མཚན་མའམ། །མཚན་མ་དང་ཉེ་བར་མེ་ཏོག ་གི་ཕྲེད་བ་གང་དུ་བབ་པས་དེའི་རྣལ་འབྱོར་སྦྱིན་པར་བྱའོ། །ཡང་ན་སློབ་མ་གང་ལ་དད་པ་དེའི་སྦྱོར་བ་སྦྱིན་པར་བྱའོ། །སློབ་མ་གཞུག་པའི་ཚེ་གའོ། །ད་ནི་དབང་བསྐུར་བ་ཡིན་ཏེ། །དེའི་རིམ་པ་ནི་འདི་ཡིན་ནོ། །སྔར་བཤད་པའི་རྣམ་པར་རྒྱལ་བའི་བུམ་པ་?? ་བཞག་པའི་སྣོད་ལ་གནས་པའི་ཆུས་སློབ་མ་རྣམ་པར་སྣང་མཛད་དུ་བསྒོམས་པའི་སྤྱི་པོར། །ོཾ་བཛྲ་ཨི་བྷ་ཥིཉྩ་ཞེས་ཟློས་ཤིང་དབང་བསྐུར་བ་ནི་ཆུའི་དབང་བསྐུར་བའོ། །གསེར་ལ་སོགས་པ་ཁམས་ཀྱི་རང་བཞིན་ལས་བྱས་པ་འམ། །འབུར་??་བརྐོས་པ ་འམ། རི་མོ་བྲིས་པའི་ཅོད་པན་ནམ། དེ་མ་འབྱོར་ན་རས་ལས་བྱས་པ་དེའི་སྤྱི་བོར་བཞག་ལ། ལག་པས་འཛིན་དུ་བཅུ་གནས་སྤྱི་བོ་དེ་མི་བསྐྱོད་པ་དུམ་པར་སྣམས་པ་བསམ་ཞིང། རིག་པ་དུ་མས་ཀྱང་སློབ་མ་ལ་དབང་བསྐུར་བ་བསམ་པའི་བྱ་བ་ནི ་ཅོད་པན་གྱི་དབང་བསྐུར་བའོ། །དེའི་སྙིང་གར་རྡོ་རྗེ་བཞག་ལ་དེ་ཡང་ལག་པས་འཛིན་དུ་བཅུག་ནས་དེའི་སྤྱི་བོར་མི་བསྐྱོད་པ་བུམ་པ་བསྣམས་པ་བསམས་ནས། སངས་རྒྱས་ཀུན་གྱི་རྡོ་རྗེ་དབང། །དེ་རིང་ཁྱོད་ལ་བསྐུར་བར་གྱུར། །སངས་རྒྱས་ཀུན ་ཏུ་རབ་གྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱི་ལོང། །ཞེས་བརྗོད། །ནི་རྡོ་རྗེའི་དབང་བསྐུར་བའོ། །དེའི་རང་གི་གདོད་མའི་ལྷའི་རྣལ་འབྱོར་བྱིན་ལ་སློབ་མ་རྡོ་རྗེ་དང་དྲིལ་བུ་དག་འཁྱུད་པའི་ཚུལ་གྱིས་འཛིན་དུ་བཅུག་ལ། ཨོཾ་བཛྲ་ཨ་དྷི་པ་ཏི་ཏྭཾ་ཨ་བྷི་ཥིཉུ? ་མི་ཏིཋྵ་བཛྲ་ས་མ་ཡ་སྟཾ་ཞེས་བརྗོད་པར་བྱ་སྟེ། འདི་ནི་བདག་པོའི་དབང་བསྐུར་བའོ། །དེའི་སྤྱི་བོར་ལག་པ་བཞག་ལ། ཨོཾ་བཛྲ་སཏྭ་ཏྭཾ་ཨ་དྷི་ཥིཉྩ་མི་བཛྲ་ན་མ(རྒྱུད་འགྲེལ་གང་སྣང། །གཙོ་བོ་ད་ནི་རྣམ་རྒྱལ་རང། །རང་བཞིན་གྱིས་ནི་ཆོས་དག་པས། །སངས་རྒྱས་ཡེ་ཤེས་གང་ཡིན་དེའོ། །ཞེས་སློབ་མ་ལ་བསྒོ་བར་བྱ་བ་ནི་མིང་གི་དབང་བསྐུར་བའོ། །རིག་པའི་དབང་བསྐུར་བའི་རྣམ་པར་དག་པ་ནི་འདི་ལྟ་སྟེ། ཆུའི ་དབང་བསྐུར་བ་ནི། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་ཅན། མི་བསྐྱོད་པའི་རྣམ་པར་དག་པའོ། །ཅོད་པན་གྱི་དབང་བསྐུར་བ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཅན་རིན་ཆེན་འབྱུང་ལྡན་གྱིའོ། །རྡོ ་རྗེའི་དབང་བསྐུར་བ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་འོད་དཔག་ཏུ་མེད་པའི་འོ། །བདག་པོའི་དབང་བསྐུར་བ་ནི་བྱ་བ་བསྒྲུབ་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་དོན་ཡོད་པར་གྲུབ་པའི་འོ། །མིང་གི་དབང་བསྐུར་བ་ནི། མ་རིག་པ ་འགགས་ནས་རིག་པའི་ཁམས་དང། རིགས་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཅན་རྣམ་པར་སྣང་མཛད་ཀྱི་རྣམ་པར་དག་པ་ཡིན་ནོ། །དེའི་རྗེས་ལ་གལ་ཏེ་ཕྱིར་མི་ལྡོག་པའོ་དབང་བསྐུར་བར་མི་བྱེད་ན། རིག་ལྔའི་དབང ་བསྐུར་བ་ལ་ཡང་རྡོ་རྗེའི་བརྟུལ་ཞུགས་དང། ལུང་བསྟན་པ་དང། དབུགས་དབྱུང་བ་སྦྱིན་པར་བྱའོ། །ཡང་ན་རིག་པའི་དབང་བསྐུར་བཙམ་བྱེད་ན། དེའི་ཚེ་དེའི་རྗེས་ལ་རྡོ་རྗེའི་བརྟུལ་ཞུགས་ཁོ་ན་ཙམ་སྦྱིན་པར་བྱ་བ་ལ་ཕྱིར་མི་ལྡོག ་པའི་དབང་བསྐུར་བའི་དུས་སུ་ནི་འདི་ལ་ལུང་བསྟན་སྦྱིན་པར་བྱའོ། །དེ་ལ་རྡོ་རྗེའི་བརྟུལ་ཞུགས་ནི་འདི་ཡིན་ཏེ། འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའ་ཨི་ལག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅད། །རྡོ་རྗེ་སེམས་དཔའ་ཨི ་བརྟུལ་ཞུགས་བརྟན། །ཞེས་བརྗོད་ལ་རྡོ་རྗེ་སློབ་མ་འཛིན་ཏུ་བཅུག་ལ་སྔགས་འདི་བརྗོད་དུ་གཞུག་སྟེ། ཨོཾ་སརྦབ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ?་ཨེ་ཥ་ཏྭཾ་བྷ་ར་ཡ་མི་ཧི་ཧི་ཧི་ཧི་ཧི་ཧཱུཾ་།དེ་ནས་ཐོག་མཛའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདྲག་།ཅེས་བརྗོད་ཅིང་འདིས་རྡོ་རྗེ་འཛིན་དུ་གཞུག་གོ་།དེའི་རྗེས་ལ་རྡོ་རྗེ་དྲིལ་བུ་འཛིན་དུ་བཅུག་ལ། འདི་ཏེ་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་སྒྲ་ཡི ་རྗེར་བགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅད། །བྱང་ཆུབ་མཆོག་ཏུ་རྒྱལ་བ་གཞེད། །ཅེས་བྱ་བ་འདིས་འཛིན་ཏུ་བཅུག་པ་སྟེ། ཆོས་ཀྱི་ཚུལ་ཉིད་དུ་འདིས་དཀྲོལ་བར་བྱའོ། །སྲིད་པ་ངོ་བོ་ཉིད་ཀྱིས་དག་།ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །ངོ་བོ་ཉིད ་དག་སེམས་དཔའ་མཆོག་།སྲིད་པའི་མཆོག་ནི་བྱེད་བར་འགྱུར། །རྡོ་རྗེའི་བརྟུལ་ཞུགས་སོ། །དེ་ལ་ཁུ་ཚུར་གཡོན་པས་ཆོས་གོས་ཀྱི་མཛའ་ནས་བཟུང་སྟེ། སྙིང་གར་བཞག་ལ་ལགས་པ་གཡས་པ་མཆོག་སྦྱིན་པར་བྱས་ནས། སློབ་དཔོན་དང་དེ་བཞིན ་གཤེགས་པས་ལུང་བསྟན་པར་བྱ་སྟེ། འདི་ནི་ངས་ཁྱོད་ལུང་བསྟན་པ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་མཆོག་གི་སྒྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་ཉིད་ལས་བཏོན། །ཀྱེ་དེ་བཞིན་གཤེགས་པ་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བ། སིདྡྷི་བྷུར་བྷུ་བ ་སྭ། འདི་ཡིས་དབང་བསྐུར་གྱུར་པ་ཡི། །སྔགས་པ་འགྲོ་བ་ཀུན་གྱི་བདག་།བླ་ན་མེད་པའི་བྱང་ཆུབ་ཏུ། །བདེ་གཤེགས་ཀྱིས་ཀྱང་ལུང་བསྟན་མཛད། །ཅེས་བྱ་བའི་ཚིགས་སུ་བཅད་པ་ནི་ལུང་བསྟན་པའོ། །དེ་ནས་དེར་ཚིགས་སུ་བཅད་པ་འདི་དག་གིས ་དབུགས་དབྱུང་བ་སྦྱིན་པར་བྱ་སྟེ། མཆོག་གསད་དཀྱིལ་འཁོར་དམ་པ་ནི། །མཐོང་བ་དང་ནི་ཟུགས་གྱུར་བས། །སྡིག་པ་ཀུན་ལས་ངེས་གྲོལ་བ། །ཁྱེད་རྣམས་དེད་ཉིད་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ལས་ནི། །སླར་ཁྱོད་འཆི་བ ་ཡོད་མིན་ཏེ། །མི་ཚུགས་པ་དང་མི་སོང་བ། །ཀྱིས་ཀྱང་མི་འཇིགས་དགའ་བར་གྱིས། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར། །སྟོན་པའི་མཆོག་ཏུ་གྱུར་པ་ཡིན། །དམ་ཚིག་སྡོམ ་པ་གྲུབ་པ་འདི། །རྟག་ཏུ་ཁྱོད་ཀྱིས་བསྲུང་བར་བྱ། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །དམ་པ་རྟག་པའི་བཀའ་ཡིན་ནོ། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་དོག་མེད་པའི། །བྱང་ཆུབ་སེམས་ནི་བཏད་མི་བྱ། །ཕྱག་ན ་རྡོ་རྗེ་གང་ཡིན་པའོ། །དམ་པའི་ཆོས་ནི་མི་སྤང་ཞིང། །ནམ་ཡང་དོར་བར་མི་བྱའོ། །མི་ཤེས་པ་འམ་རྨོངས་པ་ཡིས། །ཚུལ་ཆེན་བསྟན་པར་མི་བྱའོ། །བདག་ཉིད་ཡོངས་སུ་སྤངས་ནས་སུ། །དཀའ་ཐུབ་ཀྱིས་ནི་མ་དབུས ་ཤིང། །ཅི་བདེ་བས་ནི་བདེ་བར་བཟུང། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་རྣམས། །ནམ་ཡང་ཡོངས་སུ་མི་དོར་ཞིང། །སློབ་དཔོན་སྨད་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །སངས་རྒྱས་ཀུན་མཚུངས་བློ་ཡིས ་ནི། །སློབ་དཔོན་ལ་ནི་གང་སྨོད་པ། །དེ་ནི་སངས་རྒྱས་ཀུན་སྨད་པ། །རྟག་ཏུ་སྡུག་བསྔལ་འཐོབ་འགྱུར་ཏེ། །རིམས་དང་དུག་དང་དབྱིག་དུག་ནད། །མཁའ་འགྲོ་རྣམས་ཀྱིས་གཅེས་པ་དང། །གདོན་དང་ལོག་འདྲེན་གཏུམ་པོ་ཡིས། །བསད་ནས་སེམས ་ཅན་དམྱལ་བར་འགྱུར། །དེ་བས་ནན་ཏན་ཐམས་ཅད་ཀྱིས། །རྡོ་རྗེ་སློབ་དཔོན་བློ་གྲོས་ཆེ། །དགེ་བ་རབ་ཏུ་མི་སྦྱོམས་པ། །ནམ་ཡང་སྨད་པར་མི་བྱའོ། །བླ་མ་ལ་ནི་གུས་བཅས་ཡོན། །རྗེས་མཐུན་ཁྱོད་ཀྱིས་སྦྱིན་པར་བྱ། །དེས་ནི་རིམས་སོགས ་གནོད་པ་རྣམས། །ཕྱིར་ཞིང་འབྱུང་བར་མི་འགྱུར་རོ། །རྟག་ཏུ་རང་གིས་དམ་ཚིག་བསྲུངས། །རྟག་ཏུ་དེ་བཞིན་གཤེགས་པ་མཆོད། །རྟག་ཏུ་བླ་མ་ལ་ཡང་དབུལ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ ་བྱིན་པ་ཉིད་དུ་འགྱུར། །དེ་བྱིན་བསོད་ནམས་ཚོགས་ཡིན་ཏེ། །ཆོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །གར་ཕྱིར་འདིར་ནི་ལེགས་གནས་པས། །དེང་ཁྱེད་སྐྱེ་བ་འབྲས་བུར་བཅས། །དམ་ཚིག་ལྷ་རྣམས་ཀུན་མཉམ་པར། །དེང་ཁྱོད་གྱུར་པར ་ཐེ་ཚོམས་མེད། །སངས་རྒྱས་རྡོ་རྗེ་འཛིན་བཅས་པ། །ཀུན་གྱིས་དེང་ཁྱོད་དབང་བསྐུར་བས། །ཁམས་གསུམ་གྱི་ནི་རྒྱལ་པོ་ཆེ། །རྒྱལ་པོའི་བདག་པོར་བརྟན་པ་ཡིན། །དེར་ནི་འདུད་ལས་རྣམ་རྒྱལ་ཏེ། །གྲོང་ཁྱེར་མཆོག་ཏུ་རབ་ཞུགས་པ། །ཁྱེད ་རྣམས་ཀྱི་ནི་སངས་རྒྱས་ཉིད། །དེ་ཉིད་ཐོབ་པར་ཐེ་ཚོམ་མེད། །དེ་ལྟར་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་གྱིས། །རང་གི་དམ་ཚིག་མི་ཟད་བདེ་བསྐྱེད་བརྟེན་པར་གྱིས། །དེང་ནི་འགྲོ་ལ་མྱུར་བདེ་རྡོ་རྗེ་སེམས་དཔའ་དང། །རབ་ཏུ་མཉམ་ཞིང་རྟག་པ་ཉིད་དུ ་རྟོགས་པའི་འགྱུར། །དེ་ནས་དེའི་རྗེས་ལ་ཚིགས་སུ་བཅད་པ་འདི་དག་གིས་ཆོས་བཤད་པར་བྱ་སྟེ། །སྙིང་པོ་བསྙེན་པ་སོགས་བཤད་པས། །ཕྱག་རྒྱ་ཆེན་པོར་བྱིན་བརླབས་ལ། །དམ་ཚིག་འདོད་པའི་གཟུགས་སོགས་ཀྱིས། །མ་ཆགས་གསང་སྔགས ་ཡང་དག་བཟླ། །རང་རིག་པ་ཡི་ངོ་བོ་ཉིད། །ཕྱོགས་བཅུར་དུས་གསུམ་བཞུགས་པ་དེ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལ་མཆོད་པར་བྱ། །དཀའ་ཐུབ་སྡོམ་པ་མི་ཟད་པ། །བརྟེན་པས་འགྲུབ་པར་མི་འགྱུར་གྱི། །ནང་གི་མངོན་པར ་ཤེས་པས་འགྲུབ། །དེ་བས་སངས་རྒྱས་སེམས་དཔའ་མཆོག། སྔགས་ཀྱི་སྤྱོད་མཆོག་སྤྱོད་པ་རྣམས། །ཆོས་ཀྱི་ཡི་གེ་མཆོག་ཐོབ་པ། །འདོད་པ་ཐམས་ཅད་བསྟེན་པས་སོ། །བདེ་དང་སྡུག་བསྔལ་གཉིས་བདག་ཅན། །འདོད་པའི་ཡོན་ཏན་ལྟ་རྣམས་བསྟེན། ། ་ཡེ་ཤེས་ཤ་གཉེར་འདོད་ཆགས་ཅན། །སྦྱོར་རས་བསྒྲུབས་ན་མྱུར་དུ་འགྲུབ། །སྐུ་གསུང་ཐུགས་ནི་ཡང་དག་འགྲུབ། །གང་གཞན་སྨན་པར་བཤད་པ་ནི། །སྔགས་ཀྱིས་བཟླས་པས་འགྲུབ་པར་འགྱུར། །སྐུ་གསུང་ཐུགས་ནི་བསྒོམས་པས་སོ། ། ་ཞེས་བྱ་བ་ནི་ཆོས་བཤད་པའོ། །དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་བཟུང་བ་དང། །ཆོས་ཀྱི་དྲིལ་བུ་དཀྲོལ་བ་ལ་སོགས་པ་ཤེས་པར་བྱ་བའི་ཕྱིར། །དེ་ཉིད་ཀྱི་ནི་རྡོ་རྗེ་བཟུང། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླ། །ཞེས་བྱ་བ་དེ་ནི་འདི ་ཡིན་ནོ། །རིག་པའི་དཔར་བསྐུར་བའི་ཆོ་གའོ། །ང་ནི་ཕྱིར་མི་ལྡོག་པའི་དབང་བསྐུར་བ་སྟེ། །དེའི་རིམ་པ་ནི་འདི་ཡིན་ནོ། །སློབ་མས་ཕྱོག་བྱས་ལ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ཀྱིས། །མཆོད་ཆེན་ཇི་ལྟར་གསལ་བ་བཞིན། །བདག་ཀྱང་རབ་ཏུ་བསྐྱབ་པའི་ཕྱིར ་ནམ་མཁའ་རྡོ་རྗེ་བདག་ལ་གསོལ། །ཞེས་བྱ་བའི་ཚིགས་སུ་བཅད་པས་གསོལ་བ་གདབ་པའོ། །དེའི་འོག་ཏུ་ཨོ་བྱད་འབྱོར་ན། །གདུགས་དང་རྒྱལ་མཚན་གདགས་པ་དང། །འཁོར་ལོ་དང། དུང་ལ་སོགས་པ་དབང? ་བསྐུར་བའི་རྫས་རྣམས་ཉེ་བར་བསགས་ལ། སྔ་མ་བཞིན་དུ་སློབ་མ་སྒོར་སེངྒེའི་སྟན་ལ་བཞག་པའི་སྟན་ནང་ཚངས་ཅན་ལ་འདུག་ཏུ་བཅུག་སྟེ། །སྟེང་ནས་བླ་རེ་བྲེ་བ་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྱའོ། །དེ་དག་མ་འབྱོར་ན་སྣ་ཚོགས་པདྨ ་འདབ་བརྒྱད་པར་ཁྲིའུ་དང་སྟན་བཞག་ལ་རང་གི་ལྷའི་སྦྱོར་བ་དང་ལྡན་པར་བཞག་ལ། ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀ་ནས་བྱུང་བའི་འོད་ཟེར་ལས། དཀྱིལ་འཁོར་གྱི་འཁོར་ལོ་ལྟ་བུའི་དེ་བཞིན་གཤེགས་པ་ནམ་མཁའ་ཁྱབ་པར་བྱུང་བ་རྣམས ་ཀྱིས་ཕྱག་ན་བུམ་པ་བསྣམས་ཤིང། གདུགས་དང་རྒྱལ་མཚན་དང། བ་དན་ལ་སོགས་པས་དབང་བསྐུར་བར་མཛད་པར་བསམས་ལ། སློབ་དཔོན་གྱིས་རྡོ་རྗེ་ཆེན་པོའི་དབང་བསྐུར་བ། ཁམས་གསུམ་གྱིས་ནི་ཕྱག་བྱས་པ། །གསང་བ་གསུམ ་ཀྱི་གནས་ལས་བྱུང། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །ཞེས་བྱ་བའི་ཚིགས་སུ་བཅད་པ་བརྗོད་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་བསྟན་པར་བྱ་སྟེ། དཀྱིལ་འཁོར་ཞེས་བྱ་གང་བཤད་པ། །ཡིད་ནི་དཀྱིལ་འཁོར་དམ་པ་ཡིན ་གཞལ་ཡས་ཁང་ནི་ཡེ་ཤེས་ཏེ། །སེམས་ཀྱི་བརྩེགས་པ་བསྒྲེད་པ་ཡིན། །ཕྱི་ཡི་གྲུ་བཞི་པ་གང་ཡིན། །ཚད་ཀྱིས་མཉམ་ཉིད་གྱུར་བ་ཡིན། །བྱམས་པ་ལ་སོགས་སེམས་གང་ཡིན། །ཐིག་བཞི་ཞེས་ནི་བཤད་པ་ཡིན། །ཆོས་ཀྱི ་སྦྱོར་བ་རྗེས་དྲན་ཉིད། །གང་དེ་རྡོ་རྗེའི་ཐིག་ཏུ་བཤད། །ལྟ་བ་ཀུན་ལས་རྣམ་གྲོལ་བ། ཡེ་ཤེས་ཐིག་ཏུ་བཤད་པ་ཡིན། །ཚུལ་ཁྲིམས་ཚོགས་ཀྱི་དམ་པ་ནི། །གང་ཡིན་རྒྱུན་ཏུ་བཤད་པ་ཡིན། །དད་དབང་ལ་སོགས་སེམས་གང་ཡིན། །ར་བ ་ལྔར་ནི་ཡང་དག་བྱུང། །རྣམ་པར་ཐར་པ་བཞི་པོ་ནི། །སྒོ་རྣམས་སུ་ནི་ཡང་དག་བཤད། །ཡང་དག་སྤོང་བ་བཞི་པོ་ནི། །རྟ་བབས་རྣཾས་དང་ཀ་བར་བྱུང། །དྲན་པ་ཉེར་བཞག་བཞི་པོ་ནི། །ཁྱམས་རྣམས་བཞི་བོར་ཤེས་པར་བྱ། །རྫུ་འཕྲུལ་རྐང་པ་བཞི ་པོ་ནི། །དེ་ནི་སྒོ་འཁྱུད་རྣམ་བཞི་ཡིན། །བྱང་ཆུབ་ཡན་ལག་བདུན་པ་ཡིན། །ཕྲེང་བ་མེ་ཏོག་ཆུན་བརྒྱན་པ། །འཕགས་ལམ་ཡན་ལག་བརྒྱད་པ་ནི། །ཀ་བ་བརྒྱད་ཅེས་བྱ་བར་བཤད། །སྒྲིབ་པ་གཉིས་ལས་རྣམ་གྲོལ་ཞིང། །ཏིང་ངེ་འཛིན་ཡེ་ཤེས ་ཀྱིས་བརྟགས་པ། །ལམ་གྱི་ཡེ་ཤེས་ཁྱད་པར་རྣམས། །རྔ་ཡབ་ཅེས་ནི་ཡང་དག་བཤད། །ཉོན་མོངས་ཐམས་ཅད་དེས་གཅོད་ཅིང། །ཉོན་མོངས་འཕྲོག་པས་དྲ་བ་སྟེ། །ཡང་དག་གཅོད་ཅིང་སྦོང་བ་ཉིད། །སེལ་བའི་སྤོང་བ་ལ་གནས་པ། །ཚོགས ་གཉིས་ཀྱི་ན་སྦྱོར་བ་ཉིད། །ཉོན་མོངས་པ་ཡི་ཕྱེད་འཕྲོག་པ། །དྲ་བ་ཕྱེད་ཅེས་བྱ་བར་བཤད། །ཅེས་བྱ་བ་ནི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་བསྒྲགས་པར་བྱའོ། །ཕུང་པོ་ལྔ་ནི་མདོར་བསྡུས་ན། །སངས་རྒྱས་ལྡུར་ནི་རབ་ཏུ་བཤད། །རྡོ་རྗེ་སྐྱེ་མཆེད ་ཉིད་དག་ཀྱང། །བྱང་ཆུབ་སེམས་དཔའ་ཨི་དཀྱིལ་འཁོར་མཆོག་།ས་ནི་སྤྱན་ཞེས་བྱ་བར་བཤད། །ཆུ་ཡི་ཁམས་ནི་མཱ་མ་ཀཱི། །མེ་ནི་གོས་དཀར་མོ་རུ་བཤད། །རླུང་ནི་སྒྲོལ་མར་རབ་ཏུ་བསྒྲགས། །གཏི་མུག་གཏི་མུག་ལོངས་སྤྱོད་བས། །གཏི་མུག ་ཟད་ཕྱིར་གཤིན་རྗེ་གཤེད། །དེ་ནས་ལུས་མཐར་བྱེད་པ་སྟེ། །དེས་ན་ཤེས་བྱ་མཐར་བྱེད་འགྱུར། །ཉེས་པ་ཉེས་པ་ལོངས་སྤྱོད་པས། །ཉེས་པ་ཟད་ཕྱིར་ཤེས་མཐར་བྱེད། །དེས་ན་སེམས་ནི་མཐར་བྱེད་དེ། །དེས་ན་ཉོན་མོངས་མཐར་བྱེད ་འགྱུར། །འདོད་ཆགས་འདོད་ཆགས་ལོངས་སྤྱོད་པས། །འདོད་ཆགས་ཟད་པས་པད་མཐར་བྱེད། །དེས་ན་ཆགས་པ་མཐར་བྱེད་དེ། །དེ་བཞིན་སྙོམས་འཇུག་མཐར་བྱེད་འགྱུར། །ཉོན་མོངས་ཀུན་ཟད་གང་ཡིན་དང། །དེ་བཞིན་ལས་ནི་ཐམས་ཅད ་ཟད། །སྒྲིབ་པ་ཀུན་ཟད་ཡེ་ཤེས་ནི། །བགེགས་མཐར་བྱེད་ཅེས་བྱ་བར་བཤད། །ཅེས་བྱ་བ་ནི་ལྷའི་དེ་ཁོ་ན་ཉིད་དོ། །ཕྱིར་མི་ལྡོག་པའི་དབང་བསྐུར་བའི་རིམ་པའོ། །དེའི་འོག་ཏུ་རྗེས་སུ་གནང་བའི་དབང་བསྐུར་བསྦྱིན?་ནྱ་ན་པར ་བྱ་སྟེ། །ཇི་ལྟ་ཇི་ལྟར་འདུལ་འགྱུར་བའི། །དེ་ལྟ་དེ་ལྟར་ཆགས་ལ་སོགས། །གཙང་བས་སེམས་ཅན་དོན་བྱའོ། །ཉིན་རེ་ཞིང་ནི་ཐུན་བཞི་རུ། །ཏིང་འཛིན་གསུམ་གྱི་སྦྱོར་ལྡན་པས། །གྱུར་ནས་ཐུན་མོང་ཅིག་ཤོས་ཀྱི། །དངོས་གྲུབ་ཐོབ་པ་སྒྲུབ ་པར་བྱ། །ཞེས་བརྗོད་པར་བྱའོ། །དེ་ནས་ཇི་སྐད་དུ་བཤད་པའི་མཚན་ཉིད་ཅན་གྱི་གཟུངས་ཀྱི་དཀྱིལ་འཁོར་དུ་བཅུག་ལ། དེ་དང་ལྷན་ཅིག་གསང་བའི་མཆོད་པ་བྱས་ནས། །ཐུབ་པའི་དབང་ཚོགས་རྡོ་རྗེ་མཐར། །ཡང་དག་འབབ་སྟེ་བདེ ་མཆོག་སྟེ། །ཐུ་བོ་ཐ་མ་མིན་པར་བསྔམ། །སྣོད་གྱུར་སྒོར་ནི་ངེས་པར་དབང?། །བརྟན་པའི་བློ་ལྡན་སྣོད་ཀྱིས་ཀུན། །རྣམ་སྣང་བདག་ཉིད་ཅན་འཐུངས་ལ། །སྣ་ཚོགས་བཞིན་ཏེ་སྣ་ཚོགས་འགྱུར། །ཀྱེ་མ་ཤིན་ཏུ་བདེན་ཚིག་བརྗོད། །གཟུར? ་འདི་ཤིན་ཏུ་ཡིད་འོང་སྟེ། །བརྟེན་བྱར་སངས་རྒྱས་རྣམས་ཀྱིས་བཏགས། །རྡོ་རྗེ་འཁོར་ལོའི་རབ་སྦྱོར་བས། །བདུད་རྩིའི་བདག་ཉིད་ཅན་བདེ་སྤྱད། །རྡོ་རྗེ་སྐྱིལ་ཀྲུང་ཉིད་དང་སེམས། །ནོར་ལྡན་ཁོངས་སུ་གཏོགས་པར་ལྡན། །དེ་ལྟར་སློབ ་དཔོན་གྱི། ཤེས་རབ་དང་འདུས་པའི་རྒྱུར་གྱུར་པས་དེ་ཁོ་ན་ཉིད་ཉེ་བར་མཚོན་པར་བྱའོ། །དེ་ཡང་དེ་བཞིན་ནོ། །ཞེས་བྱ་བ་ཡང་བསྟན་པར་བྱ་སྟེ། །འདི་དག་ནི་གསང་བའི་དབང་བསྐུར་བ་དང། ཤེས་རབ་ཀྱི་དབང་བསྐུར་བའོ། །དེའི་རྗེས ་ལ་དཀྱིལ་འཁོར་གྱི་ཁང་པ་ནས་ཕྱིར་བྱུང་ལ་ཇི་སྐད་དུ་བཤད་པའི་ཞི་བའི་སྦྱིན་སྲེག་བྱས་ནས། སླར་ཡང་དཀྱིལ་འཁོར་གྱི་ཁང་པར་ཞུགས་ནས། ཤར་སྒོར་འདུག་ལ་མཆོད་པ་རྒྱ་ཆེན་པོ་བྱས་ཏེ། བསྟོད་པ་ཡང་བྱས་ནས། ཡི་གེ་གསུམ ་ཐ་མ་མུ་དང་བཅས་པས་གཤེགས་སུ་གསོལ་བར་བྱའོ། །ཚོན་རྩ་ཡིད་ཕྱགས་ནས་སྣོད་གཙང་མར་བཞག་ལ། རྒྱ་མཚོར་འབབ་པའི་ཆུ་བོར་དོར་བར་བྱའོ། །དེ་ནས་ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦབ་དྷ་རྨཱ་ཎཾ་ཨཱ་དྱ་ནུ་ཏཔནན་ཏ་ཏྭཱ་ཏེ་ཅེས་བྱ་བའི་སྔགས་བརྗོད་ཅིང་དཀྱིལ ་འཁོར་གྱིས་གཞི་བྱུག་པའམ་བྱུག་ཏུ་གཞུག་པར་བྱའོ། །དེའི་རྗེས་ལ་གཏོར་མ་རྒྱ་ཆེན་པོ་བྱས་ལ། གཏོར་མའི་སྔགས་ཀྱིས་བྱིན་པར་བྱའོ། །འཁོར་ལོ་འདྲི་བའི་ཆོ་ག་བྲིས་པ་ལས། བདག་གིས་བསོད་ནམས་དྲི་མེད་གང་བསགས་ལས། །དེས ་ནི་འགྲོ་བ་མ་ལུས་འདི་དག་ཀུན། །རྒྱལ་པའི་གོ་འཕང་མྱུར་དུ་ཐོབ་པར་ཤོག་།དེ་བཞིན་བློ་གྲས་རྣོ་ཞིང་འགྲོ་བ་རྣམས། །སྲིད་པའི་རྒྱ་མཚོ་ལས་ནི་འདོན་པ་དང། སྔགས་པ་མ་ལུས་གསང་སྔགས་ཚུལ་གྱིས་ནི། །ཡང་དག་མན་ངག་ལེགས་པར ་ཐོབ་པར་ཤོག་།དཀྱིལ་འཁོར་བྲི་བའི་ཆོག་།སློབ་དཔོན་བསོད་སྙོམས་པ་ཡིས་མཛད་པ་རྫོགས་སོ།། །།སྒྲ་བསྒྱུར་གྱི་ལོ་ཙ་བ་ཆེན་པོ། དགེ་སློང་རིན་ཆེན་བཟང་པོས་བསྒྱུར་བ་དགེ་ལེགས་འཕེལ།། །། ་