| Wylie | e-texts based on the ACIP/ALL Input |
བསྒྱུར་ནས་གཏན་ལ་ཕབ་པའོ།། །། *། །དཔལ་གསང་བ་འདུས་པའི་མངོན་རྟོགས་ཞེས་བྱ་བའི་སྒྲུབ་ཐབས་སློབ་དཔོན་བསོད་སྙོམས་པས་མཛད་པའོ།། ། *། །རྒྱ་གར་སྐད་དུ། ཤྲཱི་ས་མཱ་ཛཱ་བྷི་ས་མ་ཡ་ནཱ་མ་སཱ་དྷ་ནཾ། བོད་སྐད་དུ། དཔལ ་གསང་བ་འདུས་པའི་མངོན་པར་རྟོགས་པ་ཞེས་བྱ་བའི་སྒྲུབ་པའི་ཐབས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ནད་པར་དང་པོར་བསམ་གཏན་གྱི་ཁང་པ་ཡིད་དང་རྗེས་སུ་མཐུན་པ་ཤིན་ཏུ་དཔོན་པར་སྟན་འཇམ་པོ་ལ་འཇུག་སྟེ། འགྲོ་བ་དྲུག་གི ་སེམས་ཅན་ཐམས་ཅད་ལ་བློས་བལྟས་ལ་བྱམས་པའི་སེམས་བསྐྱེད་དེ་བདག་གིར་བྱས་ནས། དེ་རྣམས་ཕོལ་མིག་ལ་སོགས་པའི་སྡུག་བསྔལ་དང་ལྡན་པ་དང། དེའི་རྒྱུ་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡིན་པར་ཤེས་པར་བྱས་ཏེ། དེ་ནས་སྙིང་རྗེའི ་སེམས་བསྐྱེད་པས་གདུངས་པའི་བློས་གནོད་པ་དེ་བསལ་བའི་ཕྱིར། བདག་ཉིད་འཇམ་པའི་རྡོ་རྗེར་གྱུར་ནས་སེམས་ཅན་རྣམས་ཀྱང་དེ་དང་འདྲ་བར་བསྐྱེད་པར་བྱའོ། །ཞེས་སྨོན་ལམ་བྱའོ། །དེ་ནས་བསྒོམ་པའི་སྦྱོར་བ་བརྩམ་པར་བྱ་སྟེ་རང་གི་སྙིང་གར ་ཡི་གེ་ཨ་ཡོངས་སུ་གྱུར་པའི་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་མཾ་མདོག་སེར་པོ་བསམས་ནས། དེ་ལས་བྱུང་བའི་འོད་ཟེར་གྱིས་སངས་རྒྱས་ལྔ་རྣམས་དང། རང་གི་འདོད་པའི་ལྷ་རྣམས་དང། སློབ་དཔོན་མདུན་དུ་ནམ་མཁའ་ལ་བསམས་ཏེ། སྙིང་པོའི ་འོད་ཟེར་གྱི་སྒོ་ལས་བྱུང་བའི་གཟུགས་རྡོ་རྗེ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ་ཕྱག་བྱས་ཏེ། སྡིག་པ་བཤགས་པ་ལ་སོགས་པའི་ཚིགས་སུ་བཅད་པ་ལན་གསུམ་བརྗོད་པར་བྱའོ། །དེ་ལ་ཚིགས་སུ་བཅད་པ་ནི་འདི་ཡིན་ཏེ། གང་ཞིག་ཐོག ་མེད་སྲིད་པའི་ཆུ་ཀླུང་དུ་ཞེས་བྱ་བ་ལ་སོགས་པའོ། །དེ་ནས་རྣམ་པར་ཐར་པའི་སྒོ་གསུམ་གྱི་ངོ་བོ་སྟོང་པ་ཉིད་རྣམ་པར་བསྒོམས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདམ་ཀོཊ་ཧཾ། ཞེས་བྱ་བའི་སྔཊ་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་སེམས ་གཅིག་བུ་??་??་བསོད་ནམས་དང་ཡེ་ཤེས་ཀྱི་སྟོབས་ཀྱིས་རྣམ་པ་གཉིས་སུ་འགྱུར་ཏེ། ཨོཾ་ཨཱ(རྒྱུད་འགྲེལ་བའི་ཉི་མའི་དཀྱིལ་འཁོར་བསམས་ལ། དེའི་སྟེང་དུ་ཡི་གེ་ཧཱུཾ་དང་བཅས་པའི་རྡོ་རྗེ་དྲག་པོ་ནག་པོ་བསམས་ཏེ། དེའི་འོད་ཟེར་རྣམས་ཀྱིས་བགེགས་བསལ་བར་བསམས་ལ། དེ་ཉིད་ཀྱིས་རྡོ་རྗེ་དྲ་བར་བྱས་བར་ཆོས་འབྱུང་བ་དཀར་པོ་གྲུ་གསུམ་ནང ་སྟོང་པ་གྱེན་ཀར་འདུག་པའོ། །དེའི་འོག་ལོགས་སུ་ཡི་གེ་ཨཱ(རྒྱུད་འགྲེལ་དེར་ཟླ་བ་ལ་བྲུཾ་ཡོངས་སུ་གྱུར་པ་ལས་འཁོར་ལོ་ཡི་གེ་ཧཱུཾ?་དང་བཅས་པའོ། །དེ་གཉིས་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཞལ་གཡས་གནག་པ། གཡོན་དམར་བ། ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུང་པ། གཡས ་ན་འཁོར་ལོ་དང་རལ་གྲི་དང། གཡོན་ན་རིན་པོ་ཆེ་དང་པདྨ་བསྣམས་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཟླ་བའི་གདན་དང་ཟླ་བའི་འོད་མངའ་བ། རིན་པོ་ཆེའི་ཅོད་པན་ཅན་བསམས་ལ། དེའི་ཡེ་ཤེས་སེམས་དཔའ་ཨི་སྙིང་པོའི་འོད་ཟེར་རྣམས ་ཀྱིས་སངས་རྒྱས་རྣམས་ཡང་དག་བར་བསྐུལ་ནས་བཅུག་ལ། དེ་ཡོངས་སུ་གྱུར་པ་ལས། ཁང་པ་བརྩེགས་པ་ཟུར་བཞི་པ་ལ་སོགས་པ་དང་ཡང་དག་པར་ལྡན་པ་བསམས་ལ། དེའི་དབུས་མའི་ཟླ་བའི་དཀྱིལ་འཁོར་ལ། སྟོང་པ་ཉིད་བཅུ་དྲུག ་གི་ངོ་བོ་ཨ་ལ་སོགས་པ་ཡོངས་སུ་གྱུར་པའི་ཟླ་བདེ་རྣམས་ཀྱིས་མཚན་པ་ནི་མི་བསྐྱོད་པའི་རྣམ་པའོ། །དེའི་སྟེང་དུ་སྐྱེས་བུ་ཆེན་པེའི། མཚན་སུམ་ཅུ་རྩ་གཉིས་འཛིན་པའི་ངོ་བོ་ཀ་ལ་སོགས་པ་ཡོངས་སུ་གྱུར་པ་ལ། དེ་རྣམས་ཀྱི་མཚན་པའི ་ཟླ་བའི་དཀྱིལ་འཁོར་གཉིས་པ་ནི་རིན་ཆེན་འབྱུང་ལྡན་གྱི་རྣམ་པའོ། །དེའི་སྟེང་དུ་ཡི་གེ་ཧཱུཾ་དམར་པོ་སྟེ། ཟླ་བའི་དཀྱིལ་འཁོར་གཉིས་དང་ཡི་གེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་དམར་པོར་གྱུར་པ་ལ་ཡི་གེ་ཧཱུཾ་གིས་མཚན་པ་ནི་སྣང་བ་མཛའ་ཡས་ཀྱི་རྣམ་པའོ། ། ་དེའི་འོད་ཟེར་རྣམས་ཀྱིས་སངས་རྒྱས་ཐམས་ཅད་ཡང་དག་པར་བསྐུལ་ནས་བཅུག་སྟེ། དེའི་ང་རྒྱལ་དུ་བྱས་པ་དང་ལྡན་པའི་རྣལ་འབྱོར་པ་ནི་དོན་ཡོང་གྲུབ་པའི་རྣམ་པ་སྟེ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་ཨི་སྐུར་བདག་ཉིད་བསམ་པ་ནི། སྐུ་མདོག ་དཀར་པོ། ཞལ་གཡས་གནག་།གཡོན་དམར་བ། ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། གཡས་ན་རྡོ་རྗེ་དང་རལ་གྲི། གཡོན་རིན་ཆེན་དང་པདྨ་བསྣམས་པ། རིན་པོ་ཆེའི་ཅོད་པན་དང། ཟླ་བའི་གདན་དང། ཟླ་བའི་འོད་མངའ་བ། རྡོ་རྗེའི ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྐུར་བདག་ཉིད་བསེམས་ལ། སེམས་ཅན་རྣམས་འདོད་ཆགས་ཆེན་པོས་འདུལ་བར་ཤེས་ནས་དགའ་བའི་སྒྱུ་མའི་སྒྲས་སངས་རྒྱས་རྣམས་བདག་ཉིད་ལ་བཅུག་ལ། དེ་ལ་སྤྱན་ལ་སོགས་པ་དགུའི་གཟུགས་ཀྱི ་རང་གི། །ལྷ་མོའི་ནང་དུ་ཆུད་པར་བྱས་ནས། དེ་ནས་ཡི་གེ་ཧཱུཾ་གི་འོད་ཟེར་རྣམས་ཀྱིས་སངས་རྒྱས་རྣམས་ཡང་དག་པར་བསྐུལ་ནས་ཁར་བཅུག་སྟེ་།རྡོ་རྗེའི་ལན་ནས་ངེས་པར་ཕྱུང་ལ། པདྨའི་ནང་དུ་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་བལྟ་སྟེ། དེ ་ཡོངས་སུ་གྱུར་པ་ལས་དཀྱིལ་འཁོར་དུ་བསམས་ལ། སེམས་ཅན་མ་ལུས་པ་ཡིད་ཀྱིས་རབ་ཏུ་བཅུག་སྟེ?། དེ་བྱང་ཆུབ་ཀྱི་སེམས་སུ་ཡོངས་སུ་གྱུར་ནས། རྡོ་རྗེའི་ལམ་ནས་ངེས་པར་འབྱུང་བའི་སངས་རྒྱས་རྣམས་ཀྱིས་དབང་བསྐུར་པར་བྱའོ། །དེ་ནས ་དེ་བྲུཾ་ཨཱཾ་ཛྲེཾ་ཁཾ་ཧཱུཾ། ལཱཾ་མཱཾ་པཱཾ་ཏཱཾ། ཛ་ཧཱུཾ་བཾ་ཧཱུཾ་ཁཾ་རཾ། ཀྵིཾ་ཛྲིཾ་ཁཾ་ཤྐཾ་སཾ། ཛ(རྒྱུད་འགྲེལ་བླ?་དབྱུང་ངོ། །དེ་ལྟར་སེམས་ཅན་གྱི་ཁམས་རྣམ་པར་དག་ནས། ཧཱུཾ་ལས་འོད་ཟེར་བྱུང་བས་ཡི་གེ་ཧོ(རྒྱུད་འགྲེལ་སེམས་ཀྱི་རྣམ་པར་ལྷ་མོའི་པདྨའི་ནང་དུ་བབས་པ་དང། དེའི་འོད་ཟེར་རྣམས་ཀྱིས་རེག་པ་ཙམ་གྱིས་རིག་པ་རྡོ་རྗེ་རྫུན་པ་དང་བཅས་པར་ཞུ་བར་གྱུར་པར་བསམ་མོ། །དེ་ནས་འབྱུང་བ་ཆེན་པོ་བཞི་སྤྱན་ལ་སོགས་པའི་ལྷ་མོར་གྱུར་པས། །སེམས ་ཅན་ཁམས་ན་ཞེས་བྱ་བ་ལ་སོགས་པའི་གླུས་བསྐུལ?་བར་བསམ་མོ། །འདི་རྣམས་ཀྱིས་ཡང་དག་པར་བསྐུལ་བར་གྱུར་པ་དང། སེམས་ཀྱི་འོད་ཟེར་དེ་འབྱུང་བ་བཞི་དང་སངས་རྒྱས་ཐམས་ཅད་ཀྱིས་བསྐུལ་ནས་ཞུགས་པར་གྱུར་པ ་ལས་རང་གི་སྔགས་ཀྱི་གཟུགས་སུ་བདག་ཉིད་བསམས་ནས། དེ་ཡོངས་སུ་གྱུར་པ་ལས། རལ་གྲི་ཡི་གེ་མཾ་གིས་མཚན་པའོ། །དེ་གཉིས་ཡོངས་སུ་གྱུར་པ་ལས་འཇམ་པའི་རྡོ་རྗེ་སྐུ་མདོག་སེར་པོ། ཞལ་གཡས་ནག་པོ་གཡོན་དཀར་པོ་ཕྱག་གཉིས་ཀྱིས་ཤེས ་རབ་དམ་པ་ལ་འཁྱུད་པ། གཡས་ན་རལ་གྲི་དམ་པ་དང། མདའ་གཡོན་ན་ཨུཏཔལ་དང་གཞུ་བསྣམས་པ། ཟླ་བའི་འོད་དང་རིན་པོ་ཆེའི་ཅོད་པན་མདའ་བ། སྣ་ཚོགས་པདྨའི་སྟེང་ན་ཟླ་བ་ལ་རྡོ་རྗེ་སྐྱིལ་ཀྲུང་བཞུགས་པར་བསམས་ལ། དེའི་སྙིང་གར་ཟླ་བ་ལ་རལ ་གྲི། དེའི་དབུས་སུ་དེ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་དེའི་ཐུགས་ཀར་ཟླ་བ་ལ་རལ་གྲི་།དེའི་དབུས་སུ་ཡི་གེ་མི་གནས་པར་བསམ་ལ། ཨོཾ་དྷརྨམཱ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོཉ་ཧཾ། ཞེས་བྱ་བའི་གསང་སྔགས་ཀྱིས་བྱིན་གྱིས་བརླབས་པའོ། །འདི་དག་ནི་མཆོག་གི ་བསྙེན་པའི་ཡན་ལག་སྟེ། རྒྱུ་མཐུན་པའི་འབྲས་བུ་ཆུང་བའོ། །དེའི་མིག་ཏུ་ཟླ་བ་ལ་ཀྵིཾ་དཀར་པོ་ཡོངས་སུ་གྱུར་པ་ལས་འཁོར་ལོ་ཀྵིཾ་གིས་མཚན་པའོ། །དེ་གཉིས་ཡོངས་སུ་གྱུར་པ་ལས་སའི་སྙིང་པོ་སྐུ་མདོག་དཀར་པོ། ཞལ་གཡས་གནག་གཡོན་དམར ་ཕྱག་གཉིས་ཤེས་རབ་དམ་པ་ལ་འཁྱུད། གཡས་ན་འཁོར་ལོ་དང་རལ་གྲི། གཡོན་ན་ནོར་བུ་དང་པདྨ་བསྣམས་པའོ། །དེ་བཞིན་དུ་རྣ་བ་ལ་ཡི་གེ་ཛྲི་དང་བཅས་པའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས་ཕྱག་ན་རྡོ་རྗེ་སྐུ་མདོག་ནག་པོ། ཞལ་གཡས་དཀར་གཡོན ་དམར། ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པའོ། །གཡས་ན་རྡོ་རྗེ་དང་རལ་གྲི། གཡོན་རིན་པོ་ཆེ་དང་པདྨའོ། །དེ་བཞིན་དུ་སྣ་ལ་ཡི་གེ་ཁཾ་དང་བཅས་པའི་རིན་པོ་ཆེ་ཡོངས་སུ་གྱུར་པ་ལས་ནམ་མཁའ་ཨི་སྙིང་པོ་སྐུ་མདོག་སེར་པོ། ཞལ་གཡས ་གནག་གཡོན་དཀར་བ། ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། གཡས་ན་རིན་པོ་ཆེ་དང་རལ་གྲི་།གཡོན་ན་འཁོར་ལོ་དང་པདྨའོ། །དེ་བཞིན་དུ་ལྕེ་ལ་ཡི་གེ་གཾ་དང་བཅས་པའི་པདྨ་ཡོངས་སུ་གུར་པ་ལས། འཇིག་རྟེན་དབང་ཕྱུག་སྐུ་མདོག་དམར་པོ་ཞལ་གཡས ་གནག་གཡོན་དཀར་བ། ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། གཡས་ན་པདྨ་དང་རལ་གྲོ་།གཡོན་རིན་པོ་ཆེ་དང་འཁོར་ལོ་བསྣམས་པའོ། །དེ་བཞིན་དུ་མགོ་ལ་ཡི་གེ་ཥྐཾ་བཅས་པའི་རོལ་གྲི་ཡོངས་སུ་གྱུར་པ་ལས་སྒྲིབ་པ་ཐམས་ཅད་རྣམ་པར ་སེལ་བ་སྐུ་མདོག་ལྗང་གུ་།ཞལ་གཡས་གནག་གཡོན་དམར་བ། ཕྱག་གཉིས་ཀྱིས་ཤེས་རབ་དམར་བ་ལ་འཁྱུད་པ། གཡས་ན་རིན་པོ་ཆེ་དང་པདྨ་བསྣམས་པའོ། །དེ་བཞིན་དུ་ལྟེ་བ་ལ། ཡི་གེ་སཾ་དང་བཅས་བའི་རྡོ་རྗེ་ཡོངས་སུ་གྱུར་པ ་ལས་ཀུན་ཏུ་བཟང་པོ་སྐུ་མདོག་དཀར་པོ། གཡས་གནག་གཡོན་དམར་བ། ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། ཕྱག་གཡས་ན་རྡོ་རྗེ་དང་རལ་གྲི་།གཡོན་ན་རིན་པོ་ཆེ་དང་པདྨ་བསྣམས་པ་སྟེ། སའི་སྙིང་པོ་ལ་སོགས་པ་འདི་རྣམས་ཀྱང་ཟླ་བའི ་གདན་དང་ཟླ་བའི་འོད་དང། རིན་པོ་ཆེའི་ཅོད་པན་མདའ་བ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །དེ་དག་ནི་མཆོག་གི་ཉེ་བར་སྒྲུབ་པཱི་ནི་ཡན་ལག་སྟེ། རྣམ་པར་སྨིན་པའི་འབྲས་བུ་ཅུང་དུའོ། །ཀུན་ཏུ་བཟང་པོའི་སྟེང་དུ་ཟླ་བ་ལ་ཡི་གེ་ཧཱུཾ་ནག་པོ་ཡོངས་སུ་གྱུར ་པ་ལས་རྡོ་རྗེ་ལྟེ་བ་ལ་ཧཱུཾ་དང་བཅས་པའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས་ཐུགས་རྡོ་རྗེ་ཕྱག་ན་རྡོ་རྗེ་ལྟ་བུ་ཐུགས་ཀའི་ཟླ་བ་ལ་ཡི་གེ་ཧཱུཾ་ནག་པའོ། །ལྕེ་རྩར་ཡི་གེ་ཨཱ་ཡོངས་སུ་གྱུར་པ་ལས་པདྨ་ལྟེ་བ་ཡི་གེ་ཨ་དང་བཅས་པའི་པདྨ་ཡོངས་སུ་གྱུར་པ་ལས་གསུང་རྡོ་རྗེ ་འཇིག་རྟེན་དབང་ཕྱུག་ལྟ་བུའོ། །དེའི་ཐུགས་ཀའི་ཟླ་བ་ལ་ཡི་གེ་ཨ་དམར་པོའོ། །དཔྲལ་བར་ཡི་གེ་ཨཾ་ཡོངས་སུ་གྱུར་པ་ལས། འཁོར་ལོ་ལྟེ་བར་ཨོཾ་དང་བཅས་པའི་འཁོར་ལོ་ཡོངས་སུ་གྱུར་པ་ལས་སྩ?་རྡོ་རྗེ་སའི་སྙིང་པོ་ལྟ་བུས་སོ་།དེའི་ཐུགས་ཀར ་ཟླ་བ་ལ་ཡི་གེ་ཨོཾ་དཀར་པོ་སྙིང་པོ་དེ་རྣམས་ཀྱི་འོད་ཟེར་གྱིས་ཐུགས་རྡོ་རྗེ་ལ་སོགས་པའི་སངས་རྒྱས་རྣམས་ཡང་དག་པར་མཆོད་ནས། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། ཞེས་བྱ་བ་ལ་སོགས་པ་བརྗོད་དེ། ཡང་དག་པར་བསྐུ ་ལ་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །དེ་དག་ནི་མཆོག་གི་སྒྲུབ་པའི་ཡན་ལག་སྟེ། སྐྱེས་བུ་བྱེད་པའི་འབྲས་བུ་ཆུང་ངུའོ། །སྙིང་པོའི་འོད་ཟེར་གྱིས་སངས་རྒྱས་ཐམས་ཅད་བསྐུལ་བ་དང་དེ་རྣམས་ཀྱིས་འོད་ཟེར་བཏང་བའི་སྒོ་ནས་བྱུང་བའི་སྤྱན་ལ ་སོགས་པའི་རིག་མ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་ནས་བདུད་རྩིས་དབང་བསྐུར་བ་དང་ལྡན་པ་དང། རང་གི་རིགས་ཀྱི་བདག་པོ་ཅོད་པན་དུ་ཐོགས་པའོ། །དེ་དག་ནི་མཆོག་གི་བསྒྲུབ་པ་ཆེན་པོའི་ཡན་ལག་སྟེ། དབང་གི་འབྲས་བུ་ཆུང་ངུའོ། །ཡན ་ལག་བཞི་པའི་དང་པོའོ། །རྣལ་འབྱོར་པ་མཆོག་གི་བསྙེན་པ་ལ་སོགས་པའི་ཡན་ལག་འདི་དག་གིས་རྒྱུ་མཐུན་པའི་འབྲས་བུ་འབྲིང་པོ་ལ་སོགས་པ་ནི་རང་དང་འདྲ་བར་བསྐྱེད་པར་བྱའོ། །གཞན་ཡང་ཨོཾ་ཧཱུཾ་སྭཱཧཱ་ཨཱ(རྒྱུད་འགྲེལ་པར་བྱས་ཏེ། དེའི་མགོ་དང། སྙིང་ག་དང། ལྟེ་བ་དང། གསང་བ་དང། བརླ་དང། རྐང་པའི་མཐར་ཐུག་པའི་བར་རོ། །ཡི་གེ་ཧཱུཾ་ལས་པདྨ་ཨ་ལས་ལྟེ་བ། ཕཊ་ལས་དབབ་པ་དགག་པའོ། །བདག་ཉིད་ཀྱིས་ཡང་ཡི་གེ་ཧཱུཾ་ལས་རྡོ་རྗེ། ཨོཾ་ལས་ནོར་བུ་ཕཊ་གྱིས ་དགག་པའོ། །དེ་ནས་སྙིང་པོའི་འོད་ཟེར་རྣམས་ཀྱིས་བསྐུལ་ལ་དྲངས་ཏེ། དེ་དང་ལྷན་ཅིག་སྔགས་པས་དགའ་བ་བརྩམ་པར་བྱའོ། །ོཾ་སརྦབ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ་ཉ་ཧཾ། ཡན་ལག་བཞི་བའི་གཉིས་པས་ཏེ། འདི་དག་ནི་དང་པོའི ་སྦྱོར་བའི་ཏིང་ངེ་འཛིན་ཏོ། །སྙིང་པོའི་གསང་སྔགས་ཀྱི་འོད་ཟེར་རྣམས་ཀྱིས་སངས་རྒྱས་རྣམས་བསྐུལ་ལ། བཀུག་ནས་ཁར་བཅུག་སྟེ། ལྷ་མོའི་འདོད་ཆགས་ཀྱིས་ཟླ་བ་ཞུ་བར་གྱུར་པ་དང། པདྨའི་ནང་དུ་ཕབ་པ་ལས་བྱུང་བའི་རང་གི་ས་བོན་ཡོངས་སུ ་གྱུར་པ་ལས་བདག་པོ་དབུས་ན་གནས་པའི་དཀྱིལ་འཁོར་བ་བསམས་ལ་ཆོ་ག་འདིས་འབྱུང་བར་བྱའོ། །བཛྲ་ཌཧྲི་ཀ་ཙེས་བྱ་བར་ལས་མི་བསྐྱོད་པ་བསྐུལ་ཏེ། སྐུ་མདོག་ནག་པོ་ཞལ་གཡས་དཀར་བ། གཡོན་དམར་བ། ཕྱག་གཉིས་ཀྱིས་ཤེས་རབ ་དམ་པ་ལ་འཁྱུད་པ། གཡས་ན་རྡོ་རྗེ་རལ་གྲི། གཡོན་ན་རིན་པོ་ཆེ་དང་པདྨ་བསྣམས་པ། ཉི་མའི་གདན་དང་ཟླ་བའི་འོད་མངའ་བ། རལ་པ་དང་ཅོད་པན་ཅན། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་དངོས་པོ་ཐམས་ཅད་ཀྱིས་བདག་ལ་ཞུགས་པར་བྱའོ ་ཛི་ན་ཛི་ཀ་ཅེས་བྱ་བས་རྣམ་པར་སྣང་མཛད་དགོང་དེ། སྐུ་མདོག་དཀར་པོ་ཞལ་གཡས་གནག་།གཡོན་དམར་བ་ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། གཡས་ན་འཁོར་ལོ་དང་རལ་གྲི། གཡོན་ན་རིན་པོ་ཆེ་དང་པདྨ་བསྣམས་པ། ཟླ་བའི ་གདན་དང་ཟླ་བའི་འོད་མངའ་བ། ཤར་གྱི་པདྨ་ལ་བཞུགས་པར་བྱའོ། །རཏན་དྷྲིཀ་ཅེས་བྱ་བས་རིན་ཆེན་འབྱུང་ལྡན་དགོང་དེ། སྐུ་མདོག་སེར་པོ་ཞལ་གཡས་གནག་གཡོན་དཀར་བ། ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། གཡས་ན་རིན་པོ ་ཆེ་དང་རལ་གྲི། གཡོན་ན་འཁོར་ལོ་དང་པདྨ་བསྣམས་པ། ལྷོར་བཞུགས་པར་བྱའོ། །ཱ་རོ་ལིཀ་ཅེས་བྱ་བས་འོད་དཔག་ཏུ་མེད་པ་དགོད་དེ། །སྐུ་མདོག་དམར་པོ་ཞལ་གཡས་གནག་།གཡོན་དཀར་བ། ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུང ་པ། གཡས་ན་པདྨ་དང་རལ་གྲི། གཡོན་ན་རིན་པོ་ཆེ་དང་འཁོར་ལོ་བསྣམས་པ། །ནུབ་ཏུ་བཞུགས་པར་བྱའོ། །པྲཛྙཱ་དྷྲིཀ་ཅེས་བྱ་བས་དོན་ཡོང་གྲུབ་པ་དགོང་དེ། སྐུ་མདོག་ལྗང་གུ་ཞལ་གཡས་གནག་།གཡོན་དཀར་བ། ཕྱག་གཉིས་ཀྱིས་ཤེས་རབ ་དམ་པ་ལས་བྱུང་པ། གཡས་ན་རལ་གྲི་དང་འཁོར་ལོ། །གཡོན་ན་རིན་པོ་ཆེ་དང་པདྨ་བསྣམས་པ། བྱང་དུ་བཞུགས་པར་བྱའོ། །འདི་རྣམས་ནི་ཉི་མའི་གདན་དང་ཉི་མའི་འོད་དང་ན་བཟའ་དང་རྒྱན་བཟང་པོ་དང། རལ་གྲི་དང་ཅོད་པན་མངའ་བ། རྡོ་རྗེ ་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །མོ་ཧ་རཱ་ཏི་ཞེས་བྱ་བས་ཤར་ལྷོར་སྤྱན་དགོད་དེ། སྐུ་མདོག་དཀར་མོ། །ཞལ་གཡས་གནག་གཡོན་དམར་བ། ཕྱག་གཉིས་ཀྱིས་ཐབས་ལ་འཁྱུད་པ། གཡས་ན་འཁོར་ལོ་དང་རལ་གྲི ་གཡོན་ན་རིན་པོ་ཆེ་དང་པདྨ་བསྣམས་པའོ། །དྭེ་ཥ་ར་ཏི་ཞེས་བྱ་བས་ལྷོ་ནུབ་ཏུ་མཱ་མ་ཀཱི་དགོད་དེ། །སྐུ་མདོག་ནག་པོ་ཞལ་གཡས་དཀར་བ། གཡོན་དམར་བ། ཕྱག་གཉིས་ཀྱིས་ཐབས་ལ་འཁྱུད་པ། གཡས་ན་ཨུཏཔལ་དམར་པོ་དང་རལ་གྲི། གཡོན ་ན་རིན་པོ་ཆེ་དང་པདྨ་བསྣམས་པའོ། །རཱ་ག་ར་ཏི་ཞེས་བྱ་བ་ལས་ནུབ་བྱང་དུ་གོས་དཀར་མོ་དགོད་དེ། སྐུ་མདོག་དམར་མོ་ཞལ་གཡས་གནག་།གཡོན་དཀར་བ། ཕྱག་གཉིས་ཀྱིས་ཐབས་ལ་འཁྱུད་པ། གཡས་ན་པདྨ་དང་རལ་གྲི། གཡོན་ན་ནོར། ་བུ་དང་འཁོར་ལོ་བསྣམས་པའོ། །བཛྲ་རཱ་ཏི་ཞེས་བྱ་བ་ལས་བྱང་ཤར་དུ་སྒྲོལ་མ་དགོད་དེ། སྐུ་མདོག་སེར་པོ་ཞལ་གཡས་གནག་།གཡོན་དཀར་བ། ཕྱག་གཉིས་ཀྱིས་ཐབས་ལ་འཁྱུད་པ། གཡས་ན་ཨུཏཔལ་སེར་པོ་དང་རལ་གྲི། གཡོན་ན་རིན་པོ ་ཆེ་དང་པདྨ་བསྣམས་པའོ། །ཕྱི་རིམ་གྱི་ཤར་ལྷོར་དེ་ཁོ་ན་ཉིད། གསུམ་ལས་གཟུཊ་རྡོ་རྗེ་སའི་སྙིང་པོ་ལྟ་བུ་མེ་ལོང་ལ་སོགས་པ་དང་ལྡན་པའོ། །དེ་བཞིན་དུ་ལྷོ་ནུབ་ཏུ་སྒྲ་རྡོ་རྗེ་ཕྱག་ན་རྡོ་རྗེ་ལྟ་བུ་ལ་པི་བར་ལ་སོགས་པ་དང་ལྡན་པའོ། །དེ་བཞིན་དུ་ནུབ་བྱང ་དུ་ཏྭི་རྡོ་རྗེ་ནམ་མཁའ་ཨི་སྙིང་པོ་ལྟ་བུ་ལ་དྲིའི་དུང་ཆོས་ལ་སོགས་པ་དང་ལྡན་པའོ། །དེ་བཞིན་དུ་བྱང་ཤར་དུ་རོ་རྡོ་རྗེ་འཇིག་རྟེན་དབང་ཕྱུག་ལྟ་བུ་ལ་ཐོད་པ་ལ་སོགས་པ་དང་ལྡན་པའོ། །ཤར་གྱི་སྒོའི་གཡོན་དུ་རེག་རྡོ་རྗེ་སྒྲིབ་པ་རྣམ་པར་སེལ་བ་ལྟ་བུ་ལ། ། ་ལྷའི་གོས་སྣ་ཚོགས་པ་དང་ལྡན་པའོ། །ཤར་གྱི་སྒོའི་གཡས་སུ་ཆོས་ཀྱི་དབྱིངས་རྡོ་རྗེ་ཀུན་ཏུ་བཟང་པོ་ལྟ་བུ་ལ་ཆོས་འབྱུང་བ་ལ་སོགས་པ་དང་ལྡན་པ་སྟེ། ལྷ་མོ་བཅུ་པོ་དེ་རྣམས་ནི་ཟླ་བའི་གདན་དང་ཟླ་བའི་འོད་མངའ་བ། རྡོ་རྗེའི་སྐྱིལ་མོ་ཀྲུང་བྲི ་བཞུགས་པ། རིན་པོ་ཆེའི་ཅོད་པན་དང། ན་བཟའ་བཟང་པོ་དང་ལྡན་པའོ། །ཡ་མཱནྟ་ཀྲིཏ་ཅེས་བྱ་བ་ལས། ཤར་ཕྱོགས་ཀྱི་སྒོར་གཤིན་རྗེ་གཤེད་དགོད་དེ། སྐུ་མདོག་ནག་པོ། ཞལ་གཡས་དཀར་བ་གཡོན་དམར་བ། ཕྱག་གཉིས་གྱིས་ཤེས་རབ་དམ་པ ་ལ་འཁྱུད་པ། གཡས་ན་རྡོ་རྗེས་མཚན་པའི་ཐོ་བ་དང་རལ་གྲི། གཡོན་ན་རིན་པོ་ཆེ་དང་པདྨ་བསྣམས་པའོ། །པྲ་ཛྙཱན་ཏ་ཀྲིཏ་ཅེས་བྱ་བ་ལས་ལྷོ་ཕྱོགས་ཀྱི་སྒོར་ཤེས་རབ་མཐར་བྱེད་དགོད་དེ། སྐུ་མདོག་དཀར་པོ། ཞལ་གཡས་གནག་།གཡོན་དམར་པ། ཕྱག ་གཉེས་ཀྱིས་ཤེས་རབ་དམ་བ་ལ་འཁྱུད་པ། གཡས་ན་རིན་པོ་ཆེས་མཚན་པའི་དབྱུག་པ་དང་རལ་གྲི། གཡོན་ན་རིན་པོ་ཆེ་དང་པདྨ་བསྣམས་པའོ། །པདམཱན་ཏ་ཀྲིཏ་ཅེས་བྱ་བ་ལས་ནུབ་ཕྱོགས་ཀྱི་སྒོར་པདྨ་མཐར་བྱེད་དགོད་དེ། སྐུ་མདོག་དམར་པོ་ཞལ་གཡས ་གནག་གཡོན་དཀར་བ། ཕྱག་གཉིས་ཀྱིས་ཤེས་རང་དམ་པ་ལ་འཁྱུད་པ། གཡས་ན་པདྨ་དང་རལ་གྲི། གཡོན་ན་རིན་པོ་ཆེ་དང་འཁོར་ལོ་བསྣམས་པའོ། །བགྷཱིན་ཏ་ཀྲིཏ་ཅེས་བྱ་བ་ལས་བྱང་ཕྱོགས་ཀྱི་སྒོར་བགེགས་མཐར་བྱེད་དགོད་དེ། སྐུ་མདོག ་ནག་པོ། ཞལ་གཡས་དཀར། གཡོན་དམར་པོ། ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། གཡས་ན་རྡོ་རྗེ་དང་རལ་གྲི། །གཡོན་ན་རིན་པོ་ཆེ་དང་པདྨ་བསྣམས་པ་སྟེ། ཁྲོ་བོ་འདི་རྣམས་ཉི་མའི་གདན་དང་ཉི་མའི་འོད་མངའ་བ། ཁྲོ་བོའི ་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྟག་གི་ལྤགས་པ་མནབས་པ། སྦྲུལ་གྱིས་བརྒྱན་པ། སྨིན་མ་དང་ཨག་ཚོམས་དང་སྤྱན་སེར་བ། དབུ་སྐྲ་གྱེན་དུ་བརྫེས་པ། མཆེ་བ་གཙིགས་པ་ལྗགས་འདྲིལ་བ། དེ་ལྟར་དངོས་པོ་ཐམས་ཅད་ཀྱིས་རྫོགས་པའི ་དཀྱིལ་འཁོར་བསྟན་ནས། སྙིང་གའི་ས་བོན་གྱིས་འོད་ཟེར་གྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་སངས་རྒྱས་རྣམས་སྤྱན་དྲངས་ནས་མདུན་དུ་བལྟས་ལ། དེ་རྣམས་དང་ལྷན་ཅིག་འོངས་པའི་བགེགས་གཤིན་རྗེ་གཤེད་ལ་སོགས་པས་བསྐྲད་སྣ? ་དང། མངོན་པར་བསྲུང་བ་དང། བཅིང་བ་དང་མཉེས་པར་བྱས་ནས། བདུད་རྩིས་གང་བའི་སྣོད་ཀྱིས་མཆོད་ཡོན་ཕུལ་ལ། སྙིང་པོའི་འོད་ཟེར་ལས་བྱུང་བའི་གཟུགས་རྡོ་རྗེ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ཅིང ་གཤིན་རྗེ་གཤེད་ལ་སོགས་པའི་རང་གི་གསང་སྔགས་ཀྱིས་དགུག་པ་དང། གཞུག་པ་དང། བཅིང་བ་དང་།དབང་དུ་བྱའོ། །དེ་དག་ནི་ཐུན་མོང་གི་བསྙེན་པའི་ཡན་ལག་སྟེ། རྒྱུ་མཐུན་པའི་འབྲས་བུ་ཆེན་པོའོ། །རྣམ་པར་སྣང་མཛད་ལ ་སོགས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་མིག་ལ་སོགས་པ་བྱིན་གྱིས་བརླབས་པ་ནི། སྤྱིའི་ཉེ་བར་བསྒྲུབ་པའི་ཡན་ལག་སྟེ། །རྣམ་པར་སྨིན་པའི་འབྲས་བུ་ཆེན་པོའོ། །དེ་བཞིན་དུ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི། སྤྱིའི་སྒྲུབ་པའི ་ཡན་ལག་སྟེ། སྐྱེས་བུ་བྱེད་པའི་འབྲས་བུ་ཆེན་པོའོ། །དེ་ཉིད་བཞིན་དུ་དབང་བསྐུར་བར་གྱུར་པ་ནི། སངས་རྒྱས་རྣམས་རྡོ་རྗེ་འཆང་བ་དང། མཱ་མ་ཀཱི་དང། སྒྲ་རྡོ་རྗེ་དང་ཆོས་ཀྱི་དབྱིངས་རྡོ་རྗེ་དང། ཤེས་རབ་མཐར་བྱེད། བགེགས་མཐར་བྱེད་ཀྱི་ཅོད ་པན་ལ་ནི་མི་བསྐྱོད་པའོ། །སྤྱན་དང་གཟུགས་རྡོ་རྗེ་དང། གཤིན་རྗེ་གཤེད་ཀྱི་ཅོད་པན་ལ་ནི་རྣམ་པར་སྣང་མཛད་དོ། །གོས་དཀར་མོ་དང་རོ་རྡོ་རྗེ་མ་དང། པདྨ་མཐར་བྱེད་ཀྱི་ཅོད་པན་ལ་ནི་འོད་དཔག་ཏུ་མེད་པའོ། །སྒྲོལ་མ་དང་རེག་རྡོ་རྗེའི་ཅོད་པན་ལ་ནི་དོན ་ཡོད་གྲུབ་པའོ། །དྲི་རྡོ་རྗེ་ཅོད་པན་ལ་ནི་རིན་ཆེན་འབྱུང་ལྡན་ནོ། །འདི་དག་ནི་སྤྱིའི་སྒྲུབ་པ་ཆེན་པོའི་ཡན་ལག་སྟེ། དབང་གི་འབྲས་བུ་ཆེན་པོའི་ཡན་ལག་བཞི་པའི་གསུམ་པའོ། །སྙིང་པོའི་འོད་ཟེར་རྣམས་ཀྱིས་སངས་རྒྱས་རྣམས་བསྐུལ་ལ ་ཁར་བཅུག་སྟེ། རྡོ་རྗེའི་ལམ་ནས་ངེས་པར་ཕྱུང་ནས། ལྷ་མོའི་ཆགས་པས་པདྨའི་ནང་དུ་ཟླ་བཞུ་བའི་གཟུགས་ཅན་དུ་བསམས་ལ། དེའི་འོད་ཟེར་ལས་བྱུང་པའི་གཟུགས་རྡོ་རྗེ་ལ་སོགས་པ་ཕྱུང་བས་ཡང་དག་པར་མཆོད་ནས། ཨོཾ་སརྦབ་ཏ་ཐཱ་ག་ཏ ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ་ཉ་ཧཾ། ཞེས་བྱ་བའི་གསང་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་རང་གི་ཡིད་ལྷག་པའི་ལྷར་གྱུར་པ་ལས་ཆོས་རྣམས་ཀྱི་མི་བསྐྱོད་པ་ནི་རྡོ་རྗེ་ཆེ་ཞེས་བྱ་བ་ལ་སོགས་པའི་སྟོང་པའི་སྒྲ་བྲག་ཅ་ལྟ་བུས་བསྟོད་པ་བྱེད་པར ་བསམ་མོ། །དེ་ནས་བདུད་རྩི་མྱང་བའི་ཆོ་ག་འདི་ཡིན་ཏེ། ཡི་གེ་ཡཾ་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ལྟ་བུ་ལ་བ་དན་གྱིས་མཚན་པ། དུ་བའི་མདོག་ཅན་ཡི་གེ་ཡཾ་དང་བཅས་པ། དེའི་སྟེང་དུ་ཡི་གེ་རཾ་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ ་འཁོར་གྲུ་གསུམ་ཟུར་གསུམ་ལ་རྡོ་རྗེས་མཚན་པའི་ཡི་གེ་རཾ་དང་བཅས་པའོ་དེའི་སྟེང་དུ་ཟླ་བ་ལ་ཡི་གེ་ཨ་ཡོངས་སུ་གྱུར་པ་ལས་ཐོད་པའོ། །དེར་སྔགས་པས་བི་མུ་ཤུ་མ་ད་སྟེ་བདུད་རྩི་ལྔ་དང། ཧ་དྷོ་གོ་ཤ་མ་སྟེ་དཔའ་བོ་ལྔ་བཀོད་ལ། རླུང་གིས་བསྐྱོད་པའི ་མེས་ཐོད་པ་དེ་ལ་གནས་པའི་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་བསམས་ལ། དེར་ཡི་གེ་ཧཱུཾ་ལས་རྡོ་རྗེར་གྱུར་པ་ཡང་ནང་དུ་བསམ་མོ། །ཡང་ཡི་གེ་ཨོཾ་གྱིས་དེ་བཞིན་གཤེགས་པ་ལྔའི་ས་བོན་དྲངས་ལ་འདྲེས་པར་གྱུར་པར་བྱས་ནས། དེར་ཡི་གེ་གསུམ ་མངོན་པར་བཟླས་ལ་རྣལ་འབྱོར་པས་ཧཱུཾ་བཀོད་པའི་རྡོ་རྗེའི་ལྕེ་བཟང་པོ་དང། དེ་ལྷ་རྣམས་ཚིམ་པར་བྱའོ། །འདི་ནི་དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །སྙིང་པོ་ལས་ངེས་པར་བྱུང་བའི་སངས་རྒྱས་རྣམས་ཀྱིས་ཡང་དག་པ་མ ་ཡིན་པའི་རྟོག་པ་སྤངས་པས་དེའི་བདག་ཉིད་དུ་འགྲོ་བ་རྣམས་བྱས་ནས་རང་གི་ས་བོན་གྱི་ནང་དུ་བཅུག་སྟེ། ཐིག་ལེའི་གཟུགས་སུ་རང་གི་ཡིད་ཡོངས་སུ་བསྒོམས་ལ། །སེམས་དེའི་འོད་ཟེར་གྱིས་ཕྲེང་བའི་སྣང་བས་སྐུ་དང་གསུང་དང་ཐུགས་དང་ལུས་ཀྱི་མཆོག ་གི་བར་སར་པར་བྱས་ལ། ཡང་དེ་ཉིད་དུ་ཞུགས་པས་ཡེ་ཤེས་བདུད་རྩི་འབབ་པར་བསམ་མོ། །དེས་ནང་གི་ལུས་དང་དེ་བཞིན་དུ་ཐམས་ཅད་སྣང་བར་བྱས་ཏེ། བ་སྤུའི་བུ་ག་རེ་རེ་ནས་བྱུང་བའི་མཛའ་ཡས་པའི་འོད་ཀྱི་ཚོགས་རྣམས་ཀྱིས་སྣ་ཚོགས་པ་ཀུན ་ཏུ་བཀང་ནས་སླར་འདུས་ཏེ་གནས་པ་དང། བརྟན་པར་གྱུར་པ་ནི་ཐིག་ལེའི་རྣལ་འབྱོར་རོ། །དེ་ནས་རང་གི་སྔགས་ཀྱི་འོད་ཟེར་གྱིས་སངས་རྒྱས་བཅུ་ག་ལ། རྡོ་རྗེའི་ལམ་ནས་ངེས་པར་ཕྱུང་ནས་ཟླ་བ་ཞུ་བར་གྱུར་པ་ལ། དེ་ཡོངས ་སུ་གྱུར་པའི་མཚན་མ་ཕྲ་མོའི་ལྟེ་བར་ཏིང་ངེ་འཛིན་གཉིས་བསྐྱེད་ལ། སྣ་ཚོགས་པ་སངས་རྒྱས་ཀྱི་བདག་ཉིད་དུ་རང་གི་སྔགས་ཀྱི་ནང་དུ་བཅུག་ལ། ཐིག་ལེ་དེའི་གཟུགས་ཅན་འོད་གསལ་བར་བདག་ཉིད་བསམས་ཏེ། དེའི་འོད་ཟེར་རྣམས་ཀྱིས་དཀྱིལ་འཁོར་ལ ་བལྟས་ལ་སེམས་བརྟན་པར་གྱུར་ནས་རྗེས་སུ་དྲན་པ་བཅུ་དྲུག་བསྒོམ་པར་བྱའོ། །བསྒོམ་པས་དུབ་ན་ཅིག་ཅར་རམ་རིམ་གྱིས་སེམས་མ་ཡེངས་པར་བཟླས་བརྗོད་བྱའོ། །རང་གི་རྒྱུད་ཆིམ་པར་བྱ་བ་བསམ་པ་ནི་མཐོ་གང་གིས་པགས་པ་ལ་སྤྱི་བོའི་སྟེང ་དུ་བདུགས་དཀར་པོ་བཞིན་བདུད་རྩིའི་དཀྱིལ་འཁོར་དེའི་སྟེང་དུ་ཡི་གེ་ཨོཾ། དེའི་འོད་ཟེར་རྣམས་ཀྱིས་བདུད་རྩི་ཕབ་ལ། དེ་ནས་སྲོག་གི་རླུང་དང་རང་གི་སྔགས་ཀྱི་འོད་ཟེར་གྱིས་དྲངས་ནས། རྐན་གྱི་ཕྱོགས་སུ་ཕབ་ནས་བ་སྤུའི་ཁུང་བུ་དང་རྩ་རྒྱུད་ལས་སྐུ ་གསུང་ཐུགས་ཚིམ་པར་བྱའོ། །དེ་ནས་བཟླས་པ་དཔག་ཏུ་མེད་པར་བྱས་ནས། ཨོཾ་ལ་སོགས་པ་དེ་ཁོ་ན་ཉིད་གསུམ་གྱིས་དཀྱིལ་འཁོར་གྱི་འཁོར་ལོ་བསྡུས་ལ་ཡང་དག་པའི་སྨོན་ལམ་སྔོན་དུ་བྱའོ། །དེ་ནས་རང་གི་ལྷའི་ང་རྒྱལ་དང་ལྡན་པས། ལངས ་ནས་ཐམས་ཅད་ཀྱང་དེ་དང་འདྲ་བར་བསམས་ནས་གནས་པར་བྱའོ། །བདུད་རྩི་མྱང་བའི་རིམ་གྱིས་ཟས་ལ་སོགས་པ་སྤྱད་པར་བྱའོ། །དབང་བསྐུར་བའི་རིམ་པས་ཁྲུས་བྱའོ། །རྒྱུ་མཐུན་པ་འབྲིང་པོ་ལ་སོགས་པས་གྲོང་གི་ཆོས་བྱའོ། །ཐུན་མཚམས ་སུ་ཡང་དེ་ཁོ་ན་ཉིད་གསུམ་གྱིས་དཀྱིལ་འཁོར་རྣམ་པར་སྦྲོས་ལ། མཆོད་པ་ལ་སོགས་པ་སྔོན་དུ་འགྲོ་བས་བཟླས་པ་བྱས་ན། ཡང་དེ་ཁོ་ན་ཉིད་གསུམ་གྱི་དཀྱིལ་འཁོར་བསྡུས་ལ་ཉལ་བར་བྱའོ། །ཡང་ནང་པར་གྱི་དུས་སུ་བསྐྱེད་པའི་རིམ་གྱིས ་ཏིང་ངེ་འཛིན་གསུམ་རྫོགས་པར་བྱས་ལ་མཉམ་པར་བཞག་ནས་བཟླས་བརྗོད་ལ་སོགས་པ་བྱའོ། །བསྒོམ་པའི་ཆོ་ག་འདི་ནི་ཤེས་རབ་དམན་པའི་སེམས་ཅན་མཐོང་ནས། སློབ་དཔོན་གྱིས་འདི་ཉིད་གསར་དུ་བརྩམས་པ་ཡིན་ནོ། །དཔལ་གསང་བ་འདུས་པའི་མངོན ་བར་རྟོགས་པ་ཞེས་བྱ་བའི་སྒྲུབ་པའི་ཐབས། སློབ་དཔོན་བསོད་སྙོམས་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤཱདྡྷཱ་ཀ་ར་བ་རྨ་དང། ཞུ་ཆེན་གྱི་ལོ་ཙ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས ་ཏེ། སླད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པའོ།། །།*། །དཀྱིལ་འཁོར་བྲི་བའི་ཆོ་ག་སློབ་དཔོན་བསོད་སྙོམས་པས་མཛད་པའོ།། །།*། །རྒྱ་གར་སྐད་དུ། མཎྜ་ལ་བི་དྷི། བོད་སྐད་དུ། དཀྱིལ་འཁོར་གྱི་ཆོ་ག་། ་