CLOSE WINDOW

N1536: bdag gi don grub par byed pa zhes bya ba rnal 'byor gyi bya ba'i rim pa
Wyliee-texts based on the ACIP/ALL Input

བྱ་དང། བོད་ཀྱི་ལོ་ཙ་བ་ཆེན་པོ་མངའ་བདག་ལྷ་ཡེ་ཤེས་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་བབ་པའོ།། །།*། །བདག་གི་དོན་གྲུབ་པར་བྱེད་པ་ཞེས་བྱ་བ་སློབ་དཔོན་བི་ཏ་པཱ་དས་མཛད་པ་བཞུགས་སོ།། །།*། །རྒྱ་གར་སྐད་དུ། ་ཨཱཏྨ་ཨརྠ་སིདྡྷི་ཀ་ར་ནཱ་མ་ཡོ་ག་ཀྲི་ཡ་ཀྲ་མ། བོད་སྐད་དུ། བདག་གི་དོན་གྲུབ་པར་བྱེད་པ། །ཞེས་བྱ་བ། རྣལ་འབྱོར་གྱི་བྱ་བའི་རིམ་པ། དཔལ་རྡོ་རྗེ་སེམས་དཔའ་ཡེ་ཤེས་ཀྱི་སྐུ་ཅན་ལ་ཕྱག་འཚལ་ལོ། །འཇིག་རྟེན་སྤྱོད་ལ་ངེས་གྲོལ་ནམ་མཁའ་དང་མཉམ་ངོ་བོ ་ཉིད། །སྤྲོས་ལས་རྣམ་དབེན་རྒྱ་ཆེ་རང་བཞིན་འདི་ཡིས་མ་ལུས་དོན་མཛད་པ། །སྲིད་དང་ཞི་ལ་མི་གནས་གནས་ཏེ་ཡོངས་རྫོགས་དཔེ་མེད་བདེ་བའི་སྐུ། །དཔལ་ལྡན་འཇམ་དཔལ་རྡོ་རྗེ་ལ་བདུད་རྒྱུད་དེན་འཛིན ་བདག་བླ་མ་ལའང། །སངས་རྒྱས་ཡེ་ཤེས་ཞབས་ལ་སོགས་པའི་རིམ་པའི་མན་ངག་རང་ཉིད་ཀྱིས་དྲན་ཕྱིར། །དེ་ལ་བློ་བླུན་རྣམས་ཀྱི་ཉི་མ་ལྟ་བུར་འདི་ནི་བདག་གིས་བཤད། །འདི་ལ་ལོག་པར་རྟོགས་པ་དག་ནི་གཉིས་ཏེ། ཕྱི་རོལ་གྱི་དོན་ལ་ལོག་པར་རྟོགས་པ་དང། ནང་གི་རྣམ་པར་ཤེས་པ་ལ་ལོག་པར་རྟོགས་པའོ། །དེ་ལ་ཕྱི་རོལ་གྱི་དོན་ལ་ལོག་པར་རྟོགས་པ་ནི་གཉིས་ཏེ། མུ་སྟེགས་པ་དང། ཉན་ཐོས་བདག་གོ་།དེ་དག་ནི་ཕྱི་རོལ་གྱི་དོན་རྣམ་པར་ཤས་པ་ལས་ལོགས་ཤིག་ན་ཡོད་པར་འདོད་ཅིང?? ་སྣ་ཚོགས་སུ་ཡོངས་སུ་རྟོག་གོ་།དེ་ཡང་ཇི་ལྟར་ཡོངས་སུ་རྟོགས་ཅེ་ན། །མུ་སྟེགས་བདག་ནི་ཕྱི་རོལ་གྱི་དོན་འདས་པའི་རྒྱུན་ངོ་བོད་ལྟར་དང་མ་འོངས་པའི་དུས་སུ་ཡང་རྣམ་པར་གནས་ཤིང། དེ་ཡང་ཆ་ཤས་ཅན་རགས་པ་གཅིག་པའི་ངོ་བོར་ཡོངས་སུ ་རྟོག་གོ་།དེ་ཉན་ཐོས་པ་དག་ལས་ཁ་ཅིག་ནི་དོན་རྣམས་རྡུལ་ཕྲ་རབ་ལས་གྲུབ་ཅིང། དེ་དག་ཀྱང་ཆ་ཤས་བྲལ་ཞིང་མུན་པ་དང་སྣང་བའི་སྐབས་མི་འབྱེད་ཅིང། །རིགས་མཐུན་པའི་སྐབས་དང་བཅས་པར་ཡོངས་སུ་རྟོག་གོ་།ཁ་ཅིག་ནི་དེ་དག་ཡང ་དག་པར་འདུས་ནས་རིགས་མཐུན་པའི་གོ་སྐབས་ཀྱང་མི་འབྱེད་ཅིང་འབྱར་ནས། དམིགས་པ་མེད་པར་ཡོངས་སུ་རྟོག་གོ་།དེ་དག་ལས་ཕྱོགས་དང་པོ་མ་གྲུབ་ཅིང་རིགས་པ་མི་བཟོད་པར་བསྟན་པའི་ཕྱིར། །བླ་མ་ཆེན་པོའི་ཞལ་སྔ་ནས། དཀར་པོ་ལ་སོགས ་གང་ཞིག་དང་པོ་རུ། །མཐོང་བ་དེ་ཉིད་དུས་གཞན་མཐོང་བ་མིན། །དེ་གཉིས་ཕན་ཚུན་མི་མཐུན་ཕྱིར་ན་ཡང། །རྟག་ཏུ་བདེ་བ་ལ་སོགས་དག་དང་མཚུངས། །གཟུགས་ལ་སོགས་པ་གཅིག་པ་མ་ཡིན་ཏེ། །ཐོག་མཛའ་ལ་སོགས་དབྱེ་བ་ཡིས། ་མཐོང་ངོ་ཞེས་གསུངས་ཏེ། དེ་ཡང་ཡུལ་དཀར་པོ་ལ་སོགས་པ་རྣམ་པར་ཤིས་པས་སྐད་ཅིག་མ་དང་པོར་མཐོང་བ་དེ་ཉིད། །སྐད་གཅིག་མ་གཉིས་པ་ལ་སོགས་པར་མཐོང་བ་མ་ཡིན་ནོ། །འབྲས་བུ་སྐད་ཅིག་མ་ཡིན་པའི་ཕྱིར་རོ། །དེངས་ན་དང ་པོ་ཉེ་བར་རྙེད་པ་དང། ཕྱི་ནས་ཉེ་བར་རྙེད་པ་ནི་འགགས་པ་དང་ཡོད་པ་ཉིད་ཡིན་པས། བདེ་བ་དང་སྡུག་བསྔལ་ལྟར་དུས་གཅིག་ཏུ་ཡོད་པ་མ་ཡིན་ནོ། །དེ་ལྟར་མ་ཡིན་ན་ནི་འབྲས་བུ་རྟག་པར་ཐལ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུ་རྟག་པ་ཡིན ་བའི་ཕྱིར་རོ། །དེ་བས་ན་འབྲས་བུ་རིམ་གྱིས་འབྱུང་བར་སྣང་བས། རྒྱུ་རྣམས་ཀྱང་རིམ་གྱིས་འབྱུང་བར་ཤེས་པར་བྱའོ། །དེ་བས་ན་རྒྱུ་རྣམས་རྟག་པར་ག་ལ་འགྱུར། །དེ་སྐད་དུ་འཕགས་པ་བྱམས་པས་ཀྱང། །འབྲས་བུ་རིགས་ཅན་ཉེ་སྦྱོར་བས། །རྒྱུ ་རྣམས་རྟག་པའི་བདག་ཉིད་མིན། །ཞེས་གསུངས་པ་དང། སློབ་དཔོན་དབྱིག་གཉེན་གྱིས་ཀྱང། དེ་ཡང་གང་ཚེ་དེ་ཡི་ཚེ། །ཁྱོད་ཀྱིས་དོན་དེ་མི་སྣང་ན། །དེ་ནི་མངོན་སུམ་ཇི་ལྟར་འདོད། །ཅེས་པའི་ཕྱིར་རོ། །དེ་བཞིན་དུ་དོན་ཐམས་ཅད་གཅིག་པ་མ ་ཡིན་ཏེ། སྟེང་དང་འོག་ལ་སོགས་པའི་ཆ་སྣ་ཚོགས་སུ་སྣང་བས། ཟིན་པ་དང་མ་ཟིན་པ་འདྲ་བར་སྣང་བས། གོམ་པ་རིམ་གྱིས་ཀུན་ཏུ་ཕྱིན་པ་དང། ཕྲ་བ་མི་མཐོང་ཞིང་རགས་པ་མཐོང་བ་དང། རྟ་དང་གླང་པོ་ཆེ་ལ་སོགས་པ་དུ་མར་སྣང་བའི་ཕྱིར་རོ། །དེ ་བཞིན་སློབ་དཔོན་ཆེན་པོ་དབྱིག་གཉེན་གྱིས་ཀྱང། །གཅིག་ན་རིམ་གྱིས་འགྲོ་བ་མེད། །ཟིན་པ་མ་ཡིན་ཅིག་ཅར་མེད། །རིས་ཆང་དུ་མར་སྣང་བ་དང། །མིག་གིས་མི་སྲོད་ཕྲ་བར་མེད། །ཅེས་གསུངས་པ་དང། སློབ་དཔོན་པྲཛྙཱ་སཾ་བྷཱ་བ་བུ་བྱས་ཀྱང། །ཀ ་བ་ལ་སོགས་དངོས་པོ་ལ། །སྟེང་འོག་ལ་སོགས་དབྱེ་བ་ཡིས། །དེ་ལ་ཨོདུ་མར་ཕྱེ་གྱུར་ན། །གཅིག་ཏུ་དམིགས་སུ་མི་འཁྲུལ་པའོ། །ཞེས་གསུངས་སོ། །ཕྱོགས་གཉིས་པ་ཡང་མ་གྲུབ་པར་བསྟན་པའི་ཕྱིར། །བླ་མ་ཆེན་པོའི་ཞལ་སྔ་ནས། །རྡུལ་ཕྲན ་རྣམས་ཀྱི་ཆ་ཡང་མ་མཐོང་སྟེ། དུ་མའི་གཟུགས་ཀྱང་མ་ཡིན་ཞེས་པ་ཡང་དེ་བཞིན་ནོ། ཞེས་གསུངས་ཏེ། དེ་ཡང་དོན་རྣམས་རྡུལ་ཕྲ་རབ་མ་ཡིན་ཏེ། རྡུལ་ཕྲ་རབ་མི་དམིགས་ཤིང་རགས་པ་ལ་དམིགས་པའི་ཕྱིར་རོ། ། ་རགས་པ་ནི་ཆ་ཤས་ཀྱི་ངོ་བོར་སྣང་བས་རྡུལ་ཕྲ་རབ་མ་ཡིན་ནོ། །སློབ་དཔོན་པྲཛྙཱ་སཾ་བྷ་བ་གུ་ཧཡས་ཀྱང་ཕྲ་རབ་རེ་རེ་བློས་མི་དམིགས་།བློས་ནི་སྦོམ་པོ་ལ་དམིགས་ཏེ། །སྦོམ་པོ་ཆ་ཤས་བཅས་པས་ན། །རྡུལ་ཕྲན་ཡུལ་དུ་མ་གྲུབ་པོ། །ཞེས་གསུངས་སོ། ། ་ཕྱོགས་གསུམ་པ་མ་གྲུབ་པར་བསྟན་པའི་ཕྱིར། བླ་མ་ཆེན་པོའི་ཞལ་སྔ་ནས། དབུས་ཀྱི་ཆ་ཤས་མེད་པའི་རྡུལ་ཕྲན་ལ། །དུ་མའི་རྡུལ་ཕྲན་རྗེས་འབྲང་མེད་ཕྱིར་དང། །ས་ཡི་དཀྱིལ་འཁོར་ལ་སོགས་གཟུགས་ཀྱི་ཚོགས། །རགས་པའི ་དཔུང་དུ་འགའ་ཡང་མི་འགྱུར་རོ། །ཞེས་གསུངས་ཏེ། དེ་ཡང་ཡུལ་དུ་གྲུབ་པ་མ་ཡིན་ཏེ། །རྡུལ་ཕྲ་རབ་འདུས་པའི་ཕྱིར་རོ། །དེ་ཡང་རྡུལ་ཕྲ་རབ་འདུས་པ་ནི་ཕྱོགས་དྲུག་གནས་སམ། །ཕྱོགས་གཅིག་ནས་འདུས་གྲང་ན། དེ་ལ་དང་པོ་ནི་རིགས ་པ་མ་ཡིན་ཏེ། དབུས་ན་གནས་པའི་རྡུལ་ཕྲ་རབ་ཆ་ཤས་དྲུག་ཏུ་འགྱུར་བའི་ཕྱིར་རོ། །དེ་ལྟན་ནི་རྡུལ་ཕྲ་རབ་ཉིད་ཉམས་པར་འགྱུར་རོ། །གཉིས་པ་ལྟར་ན་ཡང་མ་ཡིན་ཏེ། རང་བཞིན་གཅིག་པའི་ཕྱིར་གཅིག་གི་གོ་གང་ཡིན་པ་དེར་གཞན་ཐིམ ་པས་སའི་དཀྱིལ་འཁོར་ལ་སོགས་པ་གོང་བུར་སྣང་བར་མི་འགྱུར་རོ། །དེ་བས་ན་རྡུལ་ཕྲ་རབ་འདུས་ཤེས་བྱར་མི་རུང་ངོ། །དེ་ལས་མ་གཏོགས་པ་འདུས་པ་ཞེས་བྱ་བའི་གཏན་ཚིགས་ཅུང་ཟད་ཀྱང་མི་སྣང་བས་འདུས་པ་ཡུལ་མ་ཡིན་ནོ། །དེ་སྐད་དུ། སློབ ་དཔོན་དབྱིག་གཉེན་གྱིས་ཀྱང། དྲུག་གིས་ཅིག་ཅར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་གཅིག་ན། །གོང་བུ་རྡུལ་ཕྲན་ཙམ་དུ་འགྱུར། །རྡུལ་ཕྲན་སྦྱོར་བ་མེད་ན་ནི། །དེ་འདུས་ཡོད་པ་དེ་གང་གི་།ཞེས་གསུངས་སོ། །སློབ ་དཔོན་ཀ་མ་ལས་ཀྱང། །རྡུལ་ཕྲན་འདུས་པ་མེད་ན་ནི། །གཞན་གྱི་འདུས་པ་བརྗོད་དགོས་སོ། །གཏན་ཚིགས་ཅུང་ཟད་མ་སྣང་བས། །འདུས་པ་ཡུལ་དུ་མ་གྲུབ་བོ། །ཞེས་གསུངས་སོ། །དེ་ལྟར་གཟུགས་ཅན་གྱི་ཡུལ་མ་གྲུབ་པར་བསྟན་ནས། །ད་ནི ་གཟུགས་ཅན་མ་ཡིན་པ་རྣམས་མ་གྲུབ་པར་བསྟན་པའི་ཕྱིར། བླ་མ་ཆེན་པོའི་ཞལ་སྔ་ནས། བདེ་བ་ལ་སོགས་རང་གི་ལས་གང་ནི། །འགའ་ཡང་མ་མཐོང་དེ་ནི་ཡོངས་བཟུང་བས། །དུས་གཅིག་འབྲེལ་པར་འགྱུར་བ་མེད་པས་ན། །གཟུགས་ལ ་སོགས་པ་བཞིན་དུ་གཟུང་འཛིན་མེད། །ཅེས་གསུངས་སོ། །དེ་ཡང་ཚོར་བ་ལ་སོགས་པ་རྣམས་ཡུལ་དུ་གྲུབ་པ་མ་ཡིན་ཏེ། །དེ་ཅིའི་ཕྱིར་ཞེ་ན། ཚོར་བ་ལ་སོགས་པ་འདས་པ་དང་མ་འོངས་པ་དག་ནི། འགགས་པ་དང་མ་སྐྱེས་པའི་ཕྱིར་དོན་གཞན ་དུ་འགྱུར་བ་ལ་ནི་འབྲས་བུ་བསྐྱེད་པའི་ནུས་པ་ཡོད་པ་མ་ཡིན་པའི་ཕྱིར་དང། ད་ལྟར་བྱུང་བ་ལ་ཡང་སྐྱེ་བ་ཞིག་ཡུལ་དུ་གྱུར་པའམ། སྐྱེས་ཟིན་པ་ཞིག་ཡུལ་དུ་འགྱུར་གྲང་ན། །དང་པོ་ནི་རིགས་པ་ཅན་མ་ཡིན་ཏེ། རང་ཉིད་སྐྱེས་པའི་དུས་སུ་མ་བྱུང ་བའི་ཕྱིར་རོ། །གཉིས་པ་ཡང་རིགས་པ་ཅན་མ་ཡིན་ཏེ། ཤེས་པ་ཡང་དེའི་རྣམ་པར་སྐྱེས་ཟིན་པ་ཚོར་བ་ལ་སོགས་པས་ཕན་བཏགས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པས་ཚོར་བ་ལ་སོགས་པ་ཡུལ་དུ་གྲུབ་པ་མ་ཡིན་ནོ། །དེ་སྐད་དུ། སློབ་དཔོན་ཆེན་པོ ་མཆེ་བའི་སྡེས་ཀྱང། སིམ་པ་ལ་སོགས་འདས་དང་མ་འོངས་པ། །མ་སྐྱེས་པ་དང་འགག་པ་དང། །ནུས་མེད་འབྲས་བུ་སྐྱེས་པ་ཡི། །སྐྱེ་བའི་ཚེ་ན་མེད་པ་དང། །སྐྱེས་པ་ན་ནི་སྐྱེས་ཟིན་ཕྱིར། །སིམ་སོགས་ཡུལ་དུ་མ་གྲུབ་བོ། ཞེས ་གསུངས་སོ། །དེ་ལས་གཞན་པའི་ཆོས་ནམ་མཁའ་ལ་སོགས་པ་ཡུལ་དུ་གྲུབ་པོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། བརྟགས་པ་ཙམ་དུ་ཡོད་པས་འབྲས་བུ་བསྐྱེད་པར་མི་ནུས་པ་དང། ཡང་ན་འབྲས་བུ་དང་རིགས་མཐུན་ཞིང་དེ་དག་ཉིད་མི་རྟག་པར ་འགྱུར་བ་དང། ཡང་ན་དུས་ཐམས་ཅད་པ་ཉིད་བས་འབྲས་བུ་དུས་གཅིག་ཏུ་འབྱུང་བའི་ཕྱིར་རོ། །དེ་སྐད་དུ་སློབ་དཔོན་མཆེ་བའི་སྡེས་ཀྱང། ནམ་མཁའ་ལ་སོགས་རྫས་མེད་པས། །ནུས་མེད་འབྲས་བུ་བསྐྱེད་པ་ཡིན། ། ་སྐྱེད་ན་འབྲས་ལྟར་མི་རྟག་འགྱུར། །དེ་དག་རྟག་ཚང་དེ་བས་ན། །འབྲས་བུ་རྣམས་ཀྱང་ཚང་བར་འགྱུར། །དེ་བས་དེ་དག་ཐམས་ཅད་ཀུན། །ཡུལ་དུ་དམིགས་པ་འཁྲུལ་པའོ། །ཞེས་གསུངས་སོ། །དེ་བསན་ཡུལ་རྣམས་ཡོད་པ་ན? ་ཡིན་པས་ན་དེས་བསྐྱེད་པའི་འཛིན་པའི་ཤེས་པ་རྣམས་ཀྱང་ཡོད་པ་མ་ཡིན་ཏེ། བཟུང་བ་འགའ་ཡང་མེད་པའི་ཕྱིར་རོ། །དེ་སྐད་དུ་འཕགས་པ་བྱམས་པས་ཀྱང་གསུངས་པ། དོན་དང་སེམས་ཅན་བདག་རྣམ་རིག་།རྣ་བའི་རྣམ་པར་ཤེས? ་པ་ནི། །རབ་ཏུ་སྐྱེ་བ་དེ་དོན་མེད། །དེ་མེད་པས་ན་དེ་ཡང་མེད། །ཅེས་གསུངས་སོ། །དེ་བས་ན་འདི་དག་ཐམས་ཅད་རྣམ་པར་ཤེས་པ་སྣང་བ་ཁོ་ན་ཉིད་དོ། །མདོ་ལས་ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པ་འདི་དག་ནི་སེམས་ཙམ་མོ། ཞེས ་གསུངས་པའི་ཕྱིར་རོ། །དེ་ལ་ཡང་ལོག་པར་རྟོག་པ་དག་ནི་རྣམ་པ་གཉིས་ཏེ། །ཁ་ཅིག་ནི་དོན་དམ་པར་ཡོད་པ་ཉིད་དུ་རྟོག་ཅིང་རྫས་ཉིད་དུ་སེམས་དཔའ་དང། དེ་ལས་གཞན་པ་ནི་ཀུན་རྫོབ་ཏུ་ཡོད་པ་ཉིད་ལ་གཉིས་སུ་སྣང་བར་སེམས་སོ། །དེ ་དག་ཀྱང་རིགས་པ་མ་ཡིན་ཏེ། རྣམ་པར་ཤེས་པ་ནི་དོན་དམ་པར་མེད་ཅིང་ཀུན་རྫོབ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པ་རང་བཞིན་མེད་པའི་གཏན་ཚིགས་རྒྱས་པ་ནི། སློབ་དཔོན་ཀླུ་གྲུབ་ལ་སོགས་པས་དབུ་མའི་བསྟན་བཅོས་སུ་བྲིས ་བས་འདིར་འབད་པར་མི་བྱའོ། །དེ་སྐད་དུ་སྐྱེ་བ་མེད་པ་བསྟན་པའི་མདོ་ལས། ལྷའི་དུ?་ཆོས་ཐམས་ཅད་ནི་སེམས་ཙམ་མོ། །དེ་ཡང་ཀུན་རྫོབ་ཉིད་དེ། དོན་དམ་པར་མི་དམིགས་སོ་ཞེས་འབྱུང་བ་དང། དེ་ཉིད་ལས་དེ་བས་ན་གདེངས་པར་ལེགས་ཀྲི? ་གྲོང་ཁྱེར་དུ་འཇུག་པར་འདོད་པས་རྣམས་པར་ཤེས་པ་ཀུན་རྫོབ་ཉིད་དུ་ཤེས་པར་བྱའོ། །ཞེས་གསུངས་སོ། །དེ་བཞིན་དུ་མདོ་གཞན་དག་ལས་ཀྱང། །རང་བཞིན་མེད་དེ་རྣམ་རིག་མེད། །དངོས་པོ་ཡང་མེད་གཞི་ཡང་མེད། །རོ་དང ་འདྲ་བའི་མི་མཁས་པ། །བྱིས་པས་འདི་དག་བརྟག་པའོ། །ཞེས་པ་ལ་སོགས་པའོ། །བཅོམ་ལྡན་འདས་ཀྱིས་ལངཀར་གཤེགས་པ་ལས་ཀྱང། དེའི་ཕྱིར་དངོས་པོ་ཐམས་ཅད་རང་བཞིན་མེད་པར་གྲུབ་པོ་ཞེས་གསུངས་སོ། །དེ་ཉིད་ལས ་ཡང་གསུངས་པ། གཞན་བརྗོད་པ་ཡི་དོན་དམ་པ། །དངོས་པོ་འདི་དག་རང་བཞིན་མེད། །གཅིག་དང་དུ་མའི་རང་བཞིན་གྱིས། །འབྱོར་པ་མེད་པ་གཟུགས་བརྙན་འདྲ། །ཞེས་པ་ལ་སོགས་པ་དེ་དང་དེ་ལ་རྣམ་པ་མང་པོ་གསུངས་སོ། །དེ་སྟར ་རྣམ་པར་ཤེས་པ་ཀུན་རྫོབ་ཉིད་དུ་ཤེས་ན་ཡང་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་རྟོག་པ་ནི་རིགས་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འཁོར་བའི་ཆོས་ནི་མེད་པའི་ཕྱིར་རོ། །རྩ་བའི་རྒྱུད་ལས་ཀྱང། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས ་ལྔར་ནི་རབ་ཏུ་གྲགས། །རྡོ་རྗེ་སྐྱེ་མཆེད་ཉིད་དག་ཀྱང། །བྱང་ཆུབ་སེམས་དཔའ་ཨི་དཀྱིལ་འཁོར་རོ་ཞེས་གསུངས་པ་དང། ས་ནི་སྦྱན་ཞེས་བྱ་བ་དང། །ཆུའི་ཁམས་ནི་མཱ་མ་ཀཱི་།དཀར་དང་སྒྲོལ་མ་ཞེས་བྱ་བ། །མེ་དང་རླུང་དུ་རབ་ཏུ་གྲགས་ཞེས་གསུངས ་སོ། །འོ་ན་སྲིད་པར་སྣང་ཞིང་བྱ་བ་བྱེད་ནུས་པའི་དངོས་པོ་འདི་འཁོར་བ་མ་ཡིན་ནམ། དེ་མེད་ན་མྱ་ངན་ལས་འདས་པ་ཡང་གང་ལ་ཡོང་ཅེ་ན། །དེའི་ཕྱིར་བླ་མ་ཆེན་པོའི་ཞལ་སྔ་ནས། །བདག་ཏུ་འཛིན་དང་བདག་གིར་འཛིན་པ་ཡིས། འཁོར ་བ་འདི་ནི་བརྟགས་པ་ཅེམ་དུ་སྣང། །དེ་ནི་ངོ་བོ་ལོག་པའི་རང་བཞིན་གྱིས། །ཀུན་ལས་འདས་པའི་ངོ་བོར་ཤེས་པར་བྱ། །ཞེས་གསུངས་ཏེ། དེ་བས་ན་སྲིད་པའི་ཆོས་ནི་གཏན་ནས་ཡོད་པར་མི་འདོད་ཀྱི། འོན་ཀྱང་ལོག་པར་བརྟགས་པ་ཙམ་ཉིད་དོ ་དེ་ཡང་གང་ཞེ་ན། རྟག་པ་ལ་སོགས་པར་འཁྲུལ་པ་ནི་སྲིད་པའི་སྡུག་བསྔལ་ཡིན་ནོ། །དཔེར་ན་ཐག་པའི་སྦྲུལ་བཞིན་དུ་སྣང་བ་མེད་པ་ཉིད་དོ། །བླ་མ་ཆེན་པོའི་ཞལ་སྔ་ནས་ཀྱང། སྒྱུ་ལྟར་སྣང་བའི་རྣམ་པར་རྟོག་པ ་ལས། །སྲིད་པའི་སྡུག་བསྔལ་གཞན་ན་ཡོད་པ་མིན་ཞེས་གསུངས་སོ། །དེ་བས་ན་དེ་བཟློག་པར་བྱེད་པའི་ཐབས་སུ་འདིར་ཟབ་མོ་དང་ཡང་དག་པར་གསལ་བའི་དཀྱིལ་འཁོར་དེ་གསུངས་པ་ཡིན་ནོ། །དེ་སྐད་དུ་དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས ་བ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། གསང་བའི་བདག་པོ་ཐག་པའི་སྦྲུལ་གང་ཡིན་པ་དེ་ནི་ཡོད་པ་མ་ཡིན་ནོ། །འོན་ཀྱང་རབ་རིབ་ཀྱིས་དེ་ལྟར་སྣང་བ་ཡིན་ནོ། །སྐྱེས་བུ་གང་གིས་རབ་རིབ་སྤངས་ཏེ་བརྟགས་ན་ཐག་པར་མཐོང་ཞིང་དོན་གཞན ་མེད་དོ། །གསང་བའི་བདག་པོ་དེ་བཞིན་དུ་རྟག་པ་ལ་སོགས་པ་ལ་གཟུགས་ལ་སོགས་པར་སྣང་བ་གང་ཡིན་པ་དེ་ནི་ཡོད་པ་མ་ཡིན་ནོ། །འོན་ཀྱང་གཟུགས་ལ་སོགས་པར་ཞེན་པའི་བག་ཆགས་ཀྱི་ཕྱིར་རོ། །སྐྱེས་བུ་ལ་ཞིག་གིས་ངས་བསྟན་པའི་ལམ་ལ ་གཞོལ་ཞིང་བག་ཆགས་དེ་བཟློག་ནས་རྟག་པ་ལ་སོགས་པར་མཐོང་ཞིང་གཞན་ཅི་ཡང་མི་དམིགས་སོ་ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་དེ་མེད་པའི་ཕྱིར་འདི་ཐམས་ཅད་ཟབ་མོ་དང་ཡང་དག་པར་གསལ་བའི་དཀྱིལ་འཁོར་རོ། །དེ་ལ་ཟབ་མོ་གང ་ཞེ་ན། རང་འབྱུང་བར་བྱེད་པའི་རྒྱུ་ཉོན་མོངས་པ་ལ་སོགས་པ་དང། གདོད་མ་ནས་བྲལ་བ་མི་དམིགས་ཤིང་མི་འགྱུར་བའོ། །ཡང་དག་པར་གསལ་བ་གང་ཞེ་ན། དེའི་སྒོ་ན་ཕུན་སུམ་ཚོགས་པ་ཡོད་པ་གཞན་ལ་སྟོན་པའི་རྐྱེན་འཇིག་རྟེན་དང་འཇིག་རྟེན ་ལས་འདས་པ་ཐོབ་པར་བྱེད་པའི་ཕྱག་རྒྱ་ཆེན་པོར་སྣང་བ་ཐམས་ཅད་དོ། །དེ་བས་ན་དེའི་ངོ་བོར་གསལ་བར་འདོད་པའི་སྐྱེས་བུ་དམ་པ་ཞིག་གིས་གསང་བ་འདུས་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་གསུངས་པའི་ལཾ་ཀྱི་རིམ་པ་ལ་ཉེ་བར་གནས་ནས་རྣལ ་འབྱོར་བཞིའི་རིམ་གྱིས་འཇུག་ཅིང་རྟོགས་པར་བྱའོ། །དེའི་རིམ་པ་བླ་མའི་ཞལ་སྔ་ནས་བརྒྱུད་ཅིང་འབྱུང་བཅུང་ཟད་བདག་གིས་དབྱེ་བར་བྱའོ། །དེའི་རིམ་པ་ནི་འདི་ལྟ་སྟེ། དེ་ལ་དང་པོར་འཇིག་རྟེན་གྱི་ཆོས་བརྒྱད་སྤངས་པའི་རྣལ་འབྱོར་པས་ཚོགས ་ལ་འཇིགས་པའི་སྐྱོན་མེད་པ། སྙིང་རྗེ་ཆེན་པོ་དང་དེ་ལས་བྱུང་བའི་ཡོན་ཏན་དང་ལྡན་པས་བླ་མ་དམ་པ་རྣམས་ལས་གང་ཡང་རུང་བ་གཅིག་མཉེས་པར་བྱས་ཏེ། ཆོ་ག་མ་ཚང་བ་མེད་པའི་དཀྱིལ་འཁོར་གཉིས་གང་ཡང་རུང་བར་ཞུགས་ནས། བུམ?་ལང་དེ ་གསང་བ་དང། ཤེས་རབ་ཡེ་ཤེས་ཀྱི་དབང་རྣམས་ཐོབ་པས། གསང་བ་དང་མཆོག་ཏུ་གསང་བ་ལ་སོགས་པ་རིག་པར་བྱ་སྟེ། ཇི་ལྟར་གསུངས་པའི་གནས་སུ་དང་པོར་བྱ་བར་འོངས་པ་རྣམས་ཚོགས་པར་བྱ་སྟེ། དེས་མཚམས་བཞིའི་དད་པོ་ཐོ་རངས་ལ ་སྒོ་དག་པར་བྱ་བ་ལ་སོགས་པ་ནས། རྗེས་སུ་ཆགས་པའི་མཛའ་ལ་ཐུག་པ་བྱས་ནས་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པའི་རྣལ་འབྱོར་པས། ཐིག་ལེ་དང་ཕྲ་མོ་དང་བཟླས་བརྗོད་བྱས་ནས་འཁོར་ལོ་བསྡུ་བ་བརྩམ་མོ། །དེ་ལྟར་ཏིང་ངེ་འཛིན་གསུམ་རྫོགས ་པའི་རྣལ་འབྱོར་བས་དེའི་ཡན་ལག་གཞན་སྨོན་ལམ་བཏབ་པ་དང། སྡོམ་པ་བརྐྱང་བ་དང། ཁ་ཟས་སྦྱང་བ་དང། ལས་གཉིས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་བྱ་བ་དང། བརྗོད་པ་ལ་སོགས་པའི་དབང་གིས་དམ་ཚིག་ཉམས་པ་བསྐད་པའི་ཆོ་ག་བྱས་ནས། ་བརྟགས་པའི་མཚན་ཉིད་ལས་དབེན་པར་བྱ་ཞིང་རང་གི་སེམས་ཉིད་དག་པར་བྱའོ། །དེ་ཁོ་ན་བཞིན་དུ་ཉི་མའི་གུང་དང། ཕྱི་འཕྲེང་གྱི་དུས་སུ་ཡང་དེ་ཐམས་ཅད་མ་ལུས་པར་བརྩམ་པར་བྱའོ། །ནམ་ཕྱེད་ལ་ཡང་དེ་བཞིན་དུ་བཟླས་པའི་མཐར་ཐུག་པའི་བར ་བྱས་ནས། ཉལ་བར་འདོད་ན་གཤེགས་སུ་གསོལ་བ་དང། སྙིང་གའི་གནས་སུ་ཡེ་ཤེས་སེམས་དཔའ་ཨི་འཁོར་ལོ་ལ་ཕྱི་རོལ་འཁོར་ལོ་བསྡུས་ནས་ཤེས་རབ་དང་སྙིང་རྗེར་ལྡན་པས་ཉལ་བར་བྱའོ། །ཐོ་རངས་ལངས་ནས་ཡང་གོང་མ་ཁོ་ན་བཞིན་དུ་དང་པོའི ་ལས་ལ་ཞུགས་པས་ཐམས་ཅད་བྱ་ཞིང། དུས་མཚམས་གཞན་ལ་ཡང་དེ་བཞིན་དུ་བསྒོམ་པར་བྱའོ། །དེ་སྐད་དུ་བླ་མའི་ཞལ་སྔ་ནས་ཀྱང། ཐོ་རངས་ལངས་ནས་གོང་མ་ལྟར། །གདོད་མ་གཏོགས་པས་བཟླས། ་པ་བྱ། ཞེས་བྱའོ། །དེ་ལྟར་ཉིན་རེ་དུས་བཞིར་ཏིང་ངེ་འཛིན་ཡན་ལག་དང་བཅས་པ་ལ་གཞོལ་ཞིང། མཚན་མ་མ་ཐོབ་ཀྱི་བར་དུ་བསྐྲོམ་པར་བྱའོ། །དེ་ལྟར་རྒྱུན་རིང་དུ་བསྒོམས་པས་ཕྲ་མོ་དང་ཐིག་ལེས་སེམས་བརྟན་པར་གྱུར་ནས། ཕྲ་མོའི། ་ཏིང་ངེ་འཛིན་གསུམ་པ་ལས་སྤྲོ་བསྡུ་སྔོན་དུ་འགྲོ་བ་མ་བཏང་ཞིང་བཟུང་བས་བསྟན་པར་གྱུར་པའི་མཚན་མ་ལྔ་པོ་འདི་ཐོབ་པར་འགྱུར་རོ། །དེ་ཡང་གང་ཞེ་ན། ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །ཁ་དོག་ལྔ་ཡི་ཐིག་ལེ་གཟེད། །གསལ་པ་དང་ནི་མི ་གསལ་བ། །དང་པོ་སྨིག་རྒྱུ་ལྟ་བུ་དང། །གཉིས་པ་དུ་བ་ལྟ་བུ་སྟེ། །གསུམ་པ་ལ་སྲིན་བུ་མེ་ཁྱེར་ལྟ་བུ་དང། །བཞི་པ་ལ་མང་མེ་ལྟ་བུ་དང། ལྔ་པ་ལ་སྦྲིན་མེད་པའི་ནམ་མཁའ་ལ་བུ་སྟེ། ལྷ་དང་ཕྱག་མཚན་ལ་སོགས་པའོ། །དེ་རྣམས ་ནི་འོག་ནས་བཤད་པའི་རྣལ་འབྱོར་པ་རྣམས་སུ་འགྱུར་བའི་མཚན་མའོ། །དེ་ནས་སྤྲོ་བསྡུའི་སྒོ་ནས་རྗེས་སུ་དྲན་པ་བསྒོམ་ཞིང། ཕྱིས་གནས་དང་གནས་པའི་བདག་ཉིད་སྤྲོས་ནས་བཟླས་བརྗོད་ཀྱི་སྦྱོར་བ་བརྩམ་པར་བྱའོ། །རྩ་བའི་རྒྱུད་ལས་ཀྱང། སངས ་རྒྱས་བྱང་ཆུབ་གནས་རྣམས་ནི། །དེ་རུ་མདོར་ན་སྤྲོ་བར་བྱ། །སྐུ་གསུང་ཐུགས་ཀྱི་མཚན་མ་ཡིས། །སྔགས་ཀྱི་ཚིག་རྣམས་རབ་ཏུ་བརྗོད། །ཅེས་འབྱུང་བས་སོ། །དེ་ལྟར་བསྟན་པར་འགྱུར་བའི་མཚན་མ་རྣམ་པ་ལྔ་མངོན་དུ་གྱུར་པ་དེ་ལ་ནི་ལས ་དང་པོ་པའི་རྣལ་འབྱོར་པ་ཞེས་གསུངས་སོ། །རྣལ་འབྱོར་པ་དེ་མཚན་མ་མཐོང་ཡང་རུང་མ་མཐོང་ཡང་རུང་སྟེ། དད་པ་དད་ལྡན་ཞིང་སྣོད་དུ་རུང་བས་ཞུས་པ་འམ། གཟུགས་བརྙན་གླེགས་བམ་ལ་སོགས་པ་སྒོ་བར་འདོད་པས་ཞུས་པ་འམ། དེ་ལས་གཞན ་པའི་སེམས་ཅན་སྡིག་པའི་དབང་གིས་མཚན་མ་ངན་པ་མཐོང་བས་ཞུས་པའམ། སྣོད་དུ་རུང་ཞིང་དང་ཚུལ་བཟང་པོ་དང་ལྡན་པ་རྣམས་ཀྱིས་མ་ཞུས་ཀྱང་བཙུད་དེ། དེ་རྣམས་ཀྱི་དོན་དུ་གོང་ནས་གསུངས་པའི་བསྙེན་པའི་ཆོ་ག་ལ་གནས་ནས། འཛབ་དུ་མ་བཟླས ་པ་འམ། འཛབ་འབུམ་ལ་སོགས་པ་བཟླས་པ་བྱས་ནས། རི་མོའི་དཀྱིལ་འཁོར་བྲི་བ་བརྩམ་པར་བྱའོ། །དེ་སླང་དུ་སློབ་དཔོན་ཛ་པ་ངི་བའི་ཞལ་སྔ་ནས། ལས་དང་པོ་ཡི་རྣལ་འབྱོར་གྱིས། །གོང་གསུངས་མཚན་མ་མ་མཐོང་མཐོང། །དེ་ཡིས་འདི ་དག་དོན་གྱི་ཕྱིར། །དཔག་མེད་བཟླས་པ་བྱས་པ་འམ། །བཟླས་བརྗོད་གྲངས་ཚང་ངས་བྱས་ནས། །སྣོད་དུ་རུང་ཞིང་དང་ལྡན་དང། །གཟུགས་བརྙན་པོ་ཏི་ལ་སོགས་དང། །སྡིག་པའི་དབང་གིས་མཚན་ངན་མཐོང། །སྣོད་ལྡན་རྣམས་ཀྱིས་མ་ཞུས་ཀྱང ་རི་མོའི་དཀྱིལ་འཁོར་བྲི་བ་བརྩམ། །ཞེས་འབྱུང་བས་སོ། །དེས་དཀྱིལ་འཁོར་བྲི་བ་ཡང་བདག་ཉིད་སློབ་དཔོན་དང་སློབ་མ་གཉིས་ཀྱིས་བྲི་བར་བྱས་ནས། །སློབ་མ་གཞུག་པ་ལ་སོགས་པ་བྱས་ནས་དབང་རྣམས་བསྐུར་བར་བྱའོ། །རྩ་བའི་རྒྱུད་ལས ་ཀྱང། ཐིག་གདབ་པ་ཡི་ཆོ་ག་འདི། །བདག་ཉིད་ནམ་ཞིག་སྤྱོད་པ་ན། །རྣམ་པར་སྣང་མཛད་རབ་བསྒོམས་ཏེ། །རྡོ་རྗེ་སེམས་དཔའ་བསྒོམ་པའམ། །སློབ་མ་རྡོ་རྗེ་འོད་པ་ཆེ། །རྡོ་རྗེ་མི་འཆི་བསྒོམ་པར་བྱ། །ཞེས་གསུངས་སོ། །དཀྱུས་མ་བརྗོད་དེ། ལས ་དང་པོ་བདེ་བསྟན་པར་གྱུར་པའི་མཚན་མ་ལན་གྲངས་མང་དུ་མཐོང་ནས་སེམས་བརྟན་པར་ཤེས་ནས་གཉིས་པར་འགྱུར་བར་བྱ་བའི་ཕྱིར་སྦྱོར་བ་འདི་ལ་འབད་པར་བྱའོ། །དེའི་སྦྱོར་བ་ནི་འདི་ལྟ་སྟེ། སྒོ་དག་པར་བྱ་བ་ལ་སོགས་པ་ནས་རྗེས་སུ་ཆགས་པར་བྱ ་བའི་བར་གྱིས་དང་པོའི་རྣལ་འབྱོར་རྫོགས་བྱས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཞུགས་པ་སྔོན་དུ་བྱས་ནས་རིག་པའི་ཆོས་ཀྱི་དབྱིངས་ཀྱི་པདྨའི་ནང་དུ་སྟོང་པ་ཉིད་དམ་ས་བོན་དང་ལྷའི་ངོ་བོ་བསྒོམ་པར་བྱའོ། །དེ་ལ་མི་གཡོ་ཞིང་བརྟན་པར ་གྱུར་པ་ལས། རིགས་ཀྱི་བདག་པོའི་གནང་བ་ཐོབ་པའི་དུས་སུ་རྣལ་འབྱོར་པ་གཉིས་པར་གྱུར་པ་ཡིན་ནོ། །དེ་སྐད་དུ་བླ་མའི་ཞལ་སྔ་ནས། པདྨ་ལ་གནས་བརྟན་བྱས་ཏེ། རིགས་བདག་གནང་བ་ཐོབ་ནས་སུ། །ཐང ་གི་སྦྱོར་བས་འཕྲོ་བ་ཡིན། ཞེས་པའོ། །དེ་ལྟར་ལས་དང་པོ་བའི་ཆོ་ག་ཅུང་ཟད་བསྟན་པ་ཡིན་ནོ། །དེ་ནས་རྣལ་འབྱོར་པ་དེ་ཡེ་ཤེས་འགའ་ཞིག་དབང་དུ་གྱུར་པ་ནི་སྣོད་རྣམ་པ་གཉིས་ལ་ཡེ་ཤེས་ཀྱི་ལྷ་གཉིས་འབེབས་པར་ནུས་པ་ཐོབ་པས་དེ་སྐད ་བརྗོད་དོ། །བླ་མའི་ཞལ་ནས་ཀྱང། ཡེ་ཤེས་ཤིན་ཏུ་འབེབས་ཐོབ་པས། །འབེབས་པའི་ཆོ་ག་གསུངས་པའོ་ཞེས་སོ། །དེས་ཐུན་མཚམས་བཞིར་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་དང། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང། དབང ་བསྐུར་བརྫོགས་པར་བྱས་ནས། དེའི་རྗེས་ལ་མཆོད་པ་ལ་སོགས་པ་བརྩམས་ཏེ། ཐིག་ལེ་དང་ཕྲ་མོ་ནི་མི་བརྟན་པའི་ལྷའི་ང་རྒྱལ་དང་བྲལ་བས་ནན་ཏན་དུ་བྱ་བ་ནི་མ་ཡིན་ནོ། །དེ་གོང་ནས་གོང་དུ་ནུས་པ་མཐུ་ཅན་དུ་བྱ་ཞིང་གྲུབ་པའི་མཚན ་མ་མཐོང་བར་བྱ་ཞིང། བཟླས་བརྗོད་ཀྱི་ཆོ་ག་ལ་འབད་པར་བྱའོ། །དེ་ནས་འཁོར་ལོ་བསྡུས་ནས། གོང་མ་བཞིན་དུ་སྡོམ་པ་བརྐྱང་བ་ལ་སོགས་པ་ཐམས་ཅད་བྱའོ། །དེ་སྐད་དུ། བླ་མ་ཆེན་པོའི་ཞལ་སྔ་ནས། བརྟུལ་ཞུགས་ཚུལ་ཁྲིམས་སྔགས་ལྡན ་པས། མིག་དང་སྐུ་སོགས་བྱིན་བརླབས་ནས། ཡེ་ཤེས་འགའ་ཞིག་དབང་གྱུར་པས། །མཚམས་བཞིར་འཁྲུལ་མེད་བཟླས་བརྗོད་བྱ། །ཞེས་གསུངས་སོ། །རྣལ་འབྱོར་བ་དེ་དེ་ལྟར་བསྙེན་པའི་ཆོ་ག་ལ་གནས་ནས་གོང་དུ་སྣོད་པའི་སྣོད་དུ་རུང་ཞིང། ། ་དད་པ་དང་ལྡན་པ་ལ་སོགས་པའི་དོན་དུ་ཁྱེའུ་དང་བུ་མོ་ལོ་བཅུ་གཉིས་ལོན་པ་ལ་ཡེ་ཤེས་ཀྱི་ལྷ་གཉིས་ཕབ་ལ། དེ་གཉིས་ཀྱིས་ཐིག་དང་རྡུལ་ཚོན་ལ་སོགས་པ་བྱའོ། །རྩ་བའི་རྒྱུད་ལས་ཀྱང། བུ་མོ་ལོ་གྲངས་བཅུ་གཉིས་པ། །ལོ་གྲངས ་བཅུ་གཉིས་ལོན་པའི་ཁྱེའུ། །བཟུང་ནས་དབབ་པ་རབ་ཏུ་བརྟག་།ཆོ་ག་ཐམས་ཅད་བྱས་ནས་ནི། །དེ་ནས་ལས་རྣམས་རབ་ཏུ་བསྒོམ། །རྣམ་པ་གཞན་དུ་བྱས་ནས་ནི། །ཁམས་གསུམ་སྐྱེ་བོས་དཔྱད་པར་འགྱུར། །ཞེས་གསུངས་སོ། །དེ་ནས ་བདག་ཉིད་ཞུགས་པ་ལ་སོགས་པའི་ཆོ་ག་ནི་ལས་དང་པོ་པའི་རྣལ་འབྱོར་བཞིན་དུ་ཐམས་ཅད་བྱའོ། །རྩ་བའི་རྒྱུད་ལས་ཀྱང། སྔ་མ་བཞིན་དུ་ཐམས་ཅད་འགྱུར་ཞེས་པ་དང། བླ་མའི་ཞལ་སྔ་ནས་ཀྱང། སློབ་དཔོན་སློབ་མའི་ཆོ་ག་ནི། ། ་སྦྱོན་དུ་གོམས་པ་ལ་གནས་པའོ། །ཞེས་གསུངས་སོ། །དེ་བཞིན་དུ་རྣལ་འབྱོར་བ་དེས་དངོས་གྲུབ་ཐ་མལ་པའི་གྲུབ་པའི་མཚན་མ་མཐོང་ཞིང། ལྷའི་ལུང་ཐོབ་ནས། འཇམ་བཟླས་པ་སྔོན་དུ་འགྲོ་བའི་སྣོད་ལ་ཐལ་པའི་ལྷ་གཉིས་ཀྱི་བྲིས་བའི་རི ་མོའི་དཀྱིལ་འཁོར་དུ་ལྷས་དབང་བསྐུར་བའི་ཆོ་ག་ཡན་ཆད་ཀྱིས་ཞུགས་ནས། ཇི་ལྟར་རྩ་བའི་རྒྱུད་ལས་གསུངས་པའི་ལམ་གྱི་རིམ་པ་དཀྱིལ་འཁོར་ཆེན་པོ་ལ་སོགས་པ་ལ་གནས་ནས། ཟླ་བ་ཕྱེད་དང་ཞག་བདུན་གྱི་བར་དུ་བཟླས་པས་ཇི་སྐད ་གསུངས་པའི་ཐ་མལ་པའི་དངོས་གྲུབ་གང་ཡང་རུང་བ་འགྲུབ་བར་འགྱུར་རོ། །དེ་སྐད་དུ་རྩ་བའི་རྒྱུད་ལས་ཀྱང། དབེན་ཞིང་རབ་ཏུ་ཉམས་དགའ་བར། །སྦྱོར་བ་འདི་ནི་ཀུན་བརྩམས་ན། །རྡོ་རྗེ་སྐུ་དང་གསུངས་དང་ཐུགས། །ཟླ་བ་ཕྱེད་ཀྱི་འགྲུབ་པར ་འགྱུར། །ཞེས་གསུངས་སོ། །དཀྱུས་མ་བརྗོད་དེ་དེ་ལྟ་བུའི་རྣལ་འབྱོར་པ་དགོང་དུ་གསུངས་པའི་ཆོ་ག་རྒྱུན་རིང་དུ་བརྩམས་ནས། །རྣལ་འབྱོར་པ་གསུམ་པར་གྱུར་པ་ནི་ཟབ་མོ་དང། ཡང་དག་པར་གསལ་བའི་དཀྱིལ་འཁོར་རྨི་ལམ་ལྟར་རང་འབའ་ཞིག་ཏུ ་མ་ཟད་སྟེ། གཞན་ལ་ཡང་སྟོན་པར་ནུས་པ་ཐོབ་པས་དེ་ལ་དེ་སྐད་ཅེས་བྱའོ། །བླ་མའི་ཞལ་སྔ་ནས་ཀྱང་དེས་བྱིན་བརླབས་ཀྱིས་དཀྱིལ་འཁོར་རྣམས། །བདག་གཞན་གྱིས་ནི་མཐོང་བ་དེ། །གསལ་བ་རྨི་ལམ་བཞིན་དུ་འདོད། །ཅེས་སོ། །རྣལ་འབྱོར་པ ་དེས་རྒྱུ་བ་དང་མི་རྒྱུ་བའི་བདག་ཉིད་ཡི་གེ་གསུམ་གྱི་ཏིང་ངེ་འཛིན་ཀུན་ཏུ་སྤྱོད་པ་ཅན་གྱི་སེམས་ཅན་གྱི་སེམས་ལས་ལྷན་ཅིག་དབྱེར་མེད་པ་རྟོགས་པས། བཟླས་བརྗོད་ཀྱི་སྤྲོ་བསྡུ་ཁོ་ནའི་སྒོ་ནས་རྫོགས་པའི་ཏིང་ངེ་འཛིན་བསྒོམ ་པ་ནི་ཁ་ཅིག་ཉིན་མཚན་དུ་སྦྱོར་བ་ལ་བརྟེན་པ་ཡིན་ནོ། །དེ་སྐད་དུ་གསུངས་པ། ཡེ་ཤེས་དབང་དུ་གྱུར་པ་ཡིས། །སྤྲོ་དང་བསྡུ་བ་བྱེད་པ་ནི། །ཉིན་མཚན་སྦྱོར་བ་བརྟན་པར་བྱ་ཞེས་སོ། །དེ་ལྟར་བསྙེན་པའི་ཆོ་ག་ལ་གནས་ནས། དེས ་འདི་ལྟ་སྟེ། སློབ་མ་སྣོད་དུ་རུང་ཞིང་དད་པ་དང་ལྡན་པ། །སྔོན་དུ་དཀྱིལ་འཁོར་མཐོང་ཞིང་དབང་ཐོབ་ནས། སྦྱོར་བའི་ཁྱད་པར་ཤེས་ཤིང། དེ་ལ་གཤོལ?་པ་རྣམས་ཀྱི་དོན་དུ། རྣལ་འབྱོར་རྣམ་པ་གསུམ་རྫོགས་པའི་ཏིང་ངེ་འཛིན་གྱིས་བསྒོམ ་སྟེ། དེར་བཅུག་ནས་ཁྱད་པར་ཅན་གྱི་སློབ་མ་དེ་ལ་བཀའ་སྩལ་པའི་དབང་གི་མཐར་ཐུག་པའི་བར་གྱི་དབང་བསྐུར་བར་བྱའོ། །རྩ་བའི་རྒྱུད་ལས་ཀྱང། ནམ་མཁའ་ཨི་དབྱིངས་ཀྱི་དབུས་བསམ་པ། །གྲུ་བཞི་ལྷམ་པ་རབ་ཏུ་བཟད། །སངས་རྒྱས ་དཀྱིལ་འཁོར་སྦྱོར་བ་ཡིས། །བསམ་གཏན་རྡོ་རྗེ་བསྒོམ་པར་བྱ། །རྡོ་རྗེ་དཀྱིལ་འཁོར་བསམ་གཏན་གྱིས། །འཁོར་ལོ་ཅན་ཀུན་ཞུགས་པར་བྱ། །མཆོད་པའི་ཆོ་ག་དེ་ཉིད་ཀྱིས། །བློ་དང་ལྡན་པས་རབ་ཏུ་བྱ། །སློབ་དཔོན་སྙིང་གར་བསྒོམས ་ན་ནི། །དབང་བསྐུར་བ་ནི་བརྩམ་པར་བྱ། །སངས་རྒྱས་ཀུན་གྱིས་ནམ་མཁའ་ཨི་ཁམས། །ཡོངས་སུ་གང་བར་རྣམ་པར་བསམ་།དབང་བསྐུར་བ་ནི་གནས་གསུམ་གྱིས་།ཐམས་ཅད་ཆོ་ག་བཞིན་དུ་དབབ། །དེ་ཡིས་བྱང་ཆུབ་ཐོབ་པ་ནི། །སེམས ་ཅན་ཀུན་ལ་ཕན་འདོགས་པ། །སྐུ་དང་གསུང་ཐུགས་དངོས་གྲུབ་ནི། །དོ་མཚར་ཆེན་པོ་ཐམས་ཅད་འགྲུབ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འཁོར་ལོ་ཞེས་བྱ་བ་བསམ་གཏན་གྱི་དཀྱིལ་འཁོར་རྫོགས་སོ་ཞེས་བྱ་བ་གསུངས་སོ། །དེ་ནས་ཡང ་བླ་མའི་ཞལ་སྔ་ནས། །དཀྱིལ་འཁོར་རྒྱལ་མཆོག་ལས་རྒྱལ་མཆོག་།རྣམ་པ་ཀུན་ལ་རྫོགས་བྱས་ཏེ་ཞེས་སོ། །དེ་ནི་སློབ་མ་གཞུག་པ་དང། སྒྲུབ་པའི་དོན་དུ་དགོངས་པའོ། །དེ་ལས་གཞན་པའི་སློབ་མ་དེར་འཇུག་པར་མི་ནུས་པའི ་མཚན་ཉིད་ཅན་གྱི་ཕྱིའི་བྱ་བ་ལ་མདོན་པར་ཞེན་ཅིང་བློ་དམན་པ་རྣམས་ལ་ནི། རྣལ་འབྱོར་པ་དེས་ཡེ་ཤེས་འགའ་ཞིག་ལ་དབང་ཐོབ་པའི་ཚུལ་དུ་ཡང། རི་མོའི་དཀྱིལ་འཁོར་བྲིས་ནས་དབང་བསྐུར་བར་བྱའོ་ཞེས་སློབ་དཔོན་ཆེན་པོའི་ཞལ་སྔ ་ནས་སྲུང་བར་མཛད་དོ། །དེ་བས་སློབ་དཔོན་ཌོམ་བྷི་བའི་ཞལ་སྔ་ནས་ཀྱང། ཡེ་ཤེས་དབང་དུ་གྱུར་པས་ནི། །སློབ་མ་སྣོད་རུང་དང་ལྡན་དང། །དཀྱིལ་འཁོར་མཐོང་བ་དབང་བསྐུར་བ། །སྦྱོར་བ་ཤེས་ཤེད་དེ་དོན་བསྒོམ། །ཁྱད་པར་ཅན ་ཤེས་དོན་གྱི་བྱིར། །རྫོགས་པའི་དཀྱིལ་འཁོར་བསམ་གཏན་གྱིས། །དབང་བསྐུར་བ་ནི་བརྩམ་བར་བྱ། །གཉིས་པ་དེ་རུ་འཇུག་མི་ནུས། །མཐོང་པའི་ཆོས་ལ་མངོན་ཞེན་ནས། །བློ་གྲོས་དམན་ཞིང་སྦྱོར་སྤངས་བ། །དེ་ཡིས་དེ་ཡི་དོན་གྱི ་ཕྱིར། །རྣལ་འབྱོར་འོག་མའི་ཆོ་ག་ལྟར། །རི་མོའི་དཀྱིལ་འཁོར་བྲིས་ནས་ནི། །དབང་བསྐུར་བ་ནི་བརྩམ་པར་བྱ། །དེ་ལས་གཞན་པ་རྣལ་འབྱོར་པ་དེས་ཐ་མལ་པའི་དངོས་གྲུབ་ཀྱི་མཚན་མ་རྣམས་ཐོབ་ཅིང་ལྷའི་བཀའ་ཐོབ་ནས། བཟླས ་པའི་ཆོ་ག་སྔོན་དུ་འགྲོ་བས་སྣོད་ལ་བབ་པའི་ལྷས་བྲིས་པའི་རི་མོའི་དཀྱིལ་འཁོར་དུ་ཞུགས་ནས། ལམ་གྱི་སྦྱོར་བའི་མཚན་མ་གང་མཐོང་བའི་བྱེ་བྲག་གིས་གནས་ཏེ། བསྒྲུབས་ན་ཇི་ལྟར་གསུངས་པའི་ཡོན་ཏན་ཟླ་བ་བྱེད་ལ་སོགས་པས ་འགྲུབ་པར་འགྱུར་རོ། །དེ་བས་ན་དེ་སྒྲུབ་པའི་དཀྱིལ་འཁོར་ནི་རི་མོར་བྱའོ། །དེ་ཡང་གང་ལྟར་བྱ་ཞེ་ན། ལས་དང་པོ་ལྟར་བདག་ཉིད་ཀྱིས་བྱ་བ་མ་ཡིན་ཏེ། ཡེ་ཤེས་འགའ་ཙམ་པའི་ལྟར་སྣོད་ལ་བབ་པའི་ལྷས་བྱའོ། །དེ་བས་ན་རྩ་བའི ་རྒྱུད་ལས་ཀྱང། རྡོ་རྗེ་ཐིག་ནི་གདབ་པ་དང། །ཚོན་རྩི་དག་ནི་དགྱེ་བ་དག་།སྔགས་ཀྱི་སེམས་པས་མི་བྱ་སྟེ། །བྱས་ན་བྱང་ཆུབ་རྙེད་པར་དཀའ་། །དེ་བས་དམ་ཚིག་ཚུལ་ཤེས་པས། །སྔགས་ཀྱིས་ལྷ་རྣམས ་གནས་ནས་སུ། །བྱིན་གྱིས་བརླབ་པ་ཡང་བྱས་ཏེ། དཀྱིལ་འཁོར་རྣམས་ནི་རྣམ་པར་བརྟག་།རྒྱལ་ཆེན་རྣམ་པར་སྣང་མཛད་དམ། །ཡང་ནི་སྤྱན་ནི་དབབ་པར་བྱ། །སྐུ་ཡི་ཁ་དོག་གོ་འཕང་མཆོག་།རྡོ་རྗེ་སྐུ་ཡི་ཡོན་ཏན་འབྱུང། ། ་རྡོ་རྗེ་ཆོས་ནི་རྒྱལ་པོ་ཆེ། །བདག་གི་རིག་པས་དབབ་པར་བྱ། །འདི་ནི་སྔགས་རྣམས་ཐམས་ཅད་ཀྱི། །གསང་བ་རབ་ཏུ་བརྟག་པ་ཡིན། །རྡོ་རྗེ་སེམས་དཔའ་རྒྱལ་ཆེན་དང། །མཱ་མ་ཀཱི་ཡང་དབབ་པར་བྱ། །འདི་ནི་སྔགས་རྣམས ་ཐམས་ཅད་ཀྱི། །གསང་བ་རྨད་དུ་བྱུང་བའོ། །དེ་ལྟར་བྱས་ན་བྱིན་གྱིས་རློབ། །སེམས་ལ་དབང་བ་ཉིད་ཤས་ཏེ། །གསང་བ་དག་ནི་མཆོག་རྩོལ་ལོ། །ཞེས་སོ། །དེ་ནས་ཐ་མལ་བའི་དངོས་གྲུབ་གྲུབ་བའི་རྣལ་འབྱོར་པ་དེས་གྲུབ་པའི ་མདག་གཞུག་བསྐུལ་ནས་དེས་སངས་རྒྱས་ཐམས་ཅད་ཀྱི་ཞིང་དུ་ཁྲིད་ནས། ཟབ་ཅིང་རྒྱ་ཆེ་བའི་ཆོས་ཟོས་པར་བྱས་ནས། །རྣལ་འབྱོར་བ་བཞི་པར་འགྱུར་བའི་མཚན་མ་རྣམས་འབྱུང་བར་འགྱུར་རོ། །དེ་བས་ན་རྩ་བའི་རྒྱུད་ལས ་ཀྱང་སངས་རྒྱས་ཞིང་དུ་འགྲོ་བར་འགྱུར། །ཟབ་མོའི་ཆོས་ཀྱང་ཐོས་པར་འགྱུར། །སངས་རྒྱས་ས་ཡང་ཐོབ་པར་འགྱུར། །ཞེས་པ་སྟེ། འདིར་སངས་རྒྱས་ས་ཡང་ཐོབ་པར་འགྱུར་ཞེས་པ་ནི་སངས་རྒྱས་ཉིད་ཐོབ་པར་འགྱུར་བ་ལ་དགོང ་པའི། །དེ་ཡང་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་གཉིད་ཅུང་ཟད་འོད་བར་འགྱུར་ཏེ། དེའི་དུས་སུམ་ཚན་མ་ནི་འདི་དག་སྟེ། རྩ་བའི་རྒྱུད་པས་ཀྱང། བསམ་གཏན་བཟླས་ལ་འབད་པ་ཡིས། །སྒྲུབ་པ་པོས་ནི་རྟག་ཏུ་མཐོང། ་དེ་ལ་འདི་ནི་རྨི་ལམ་དམ་ཚིག་ཆེན་པོའི་ཚིག་གོ་།སངས་རྒྱས་བྱང་ཆུབ་སེམས་དཔའ་ནི། །རྣམ་པའི་དབྱེ་བ་གཉིས་སུ་སྣང། །ཆོས་ཀྱི་ཡེ་ཤེས་མཆོག་ཐོབ་པས། །སངས་རྒྱས་མཐུ་དང་འདྲ་བར་མཐོད། །སངས་རྒྱས་རྫོགས་ལོངས་སྤྲུལ་པཱི་སྐུ། །དཔག་མེད་པ་ནི་མྱུར་དུ་མཐོང། །སེམས་དཔའ་ཆེན་པོ་ཁམས་གསུམ་པ། །མཆོད་པར་བྱས་པ་དེ་མཐོང་ངོ། །ཡེ་ཤེས་ཆེན་པོ་འདི་འདྲའི་གཟུགས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས ་རྟག་ཏུ་མཆོད་པ་བྱས་པར་མཐོང། །རྡོ་རྗེ་སེམས་དཔའ་གཟུགས་ཆེན་དང། །གྲགས་ཆེན་རྡོ་རྗེ་མཆོག་དག་ཏུ། །རྨི་ལམ་དག་ན་རང་གཟུགས་མཐོང། །གྲགས་ཆེན་རྡོ་རྗེ་གསང་བ་དང། །བྱང་ཆུབ་སེམས་དཔའ་འཁོར་ལོ་ཅན། །སངས ་རྒྱས་ཆེན་པོས་ཕྱག་འཚལ་པའི། །རྨི་ལམ་འདི་འདྲ་མཐོང་བར་འགྱུར། །ལུས་ངག་སེམས་ཀྱི་མཐུ་ལས་སྐྱེས། །རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་པའི། །ལྷ་ཡི་བུ་མོ་ཡིད་འོང་དང། །ཁྱེའུ་བུ་མོ་དག་མཐོང་ན། །དེས་ནི་དངོས་གྲུབ་ཐོབ ་པར་འགྱུར། །ཕྱོགས་བཅུ་སངས་རྒྱས་མང་པོ་རྣམས། །ཞིང་ན་གནས་པ་ངེས་པར་མཐོང། །ཐུགས་ནི་དགྱེས་བར་གྱུར་ནས་ཀྱང། །ཆོས་མཛོད་ཡིད་དུ་འོང་བ་གསོལ། །ཆོས་ཀྱི་འཁོར་ལོ་སྒྱུ་མའི་སྐུ། །སེམས་ཅན་ཀུན་གྱིས་ཡོངས་བསྐོར ་བ། །བསམ་གཏན་རྡོ་རྗེ་ལ་གནས་པའི། །དམ་ཚིག་སྦྱོར་བས་མཐོང་བར་འགྱུར། །སྣ་ཚོགས་ཀུན་དགའ་སྐྱེད་མོས་ཚལ། །ལྷ་ཡི་བུ་མོ་ལ་སོགས་བརྒྱན། །སངས་རྒྱས་ཀུན་གྱིས་བྱིན་བརླབས་པས། །བསམ་གཏན་དམ་ཚིག་ཅན་གྱིས ་མཐོད། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །དེ་ནི་དབང་བསྐུར་མངོན་པར་མཐོང། །རིག་འཛིན་རྒྱལ་པོ་ཆེན་པོ་ཡིས། །མཆོད་པ་བྱས་པར་དེས་མཐོང་ངོ། །རྡོ་རྗེ་ལས་བྱུང་སྣ་ཚོགས་པའི། །རྨི་ལམ་དྲི་མ་མེད་མཐོང་ན། །སྐུ་གསུང ་ཐུགས་ཀྱི་རྡོ་རྗེ་ལས། །སྐྱེས་པ་བླ་ན་མེད་པ་འགྲུབ། །གདུལ་བྱའི་སྦྱོར་ཐེ་ཚོམ་ལ་སོགས། །རྡོ་རྗེ་འཛིན་པས་མཐོང་ནས་ནི། །བློ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །སེམས་ཀྱི་གནས་ནི་འགྲུབ་པར་འགྱུར། །ཞེས་བྱ་བ་གསུངས ་ཏེ། དེ་དག་ལས་ཀྱང། རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་པའི། །ལྷ་ཡི་བུ་མོ་ཡིད་འོང་དང། །ཁྱེའུ་དང་བུ་མོ་དག་མཐོང་ན། །དེ་ཡིས་དངོས་གྲུབ་ཐོབ་པར་འགྱུར། །ཞེས་པ་དང། སྣ་ཚོགས་ཀུན་དགའ་སྐྱེད་མིས་ཚལ། །ལྷ་ཡི་བུ་མོ ་ལ་སོགས་བརྒྱན། །ཅེས་བྱ་བ་དང་།ཐ་མཁའ་ཨི་དངོས། །གྲུབ་ཀྱི་མཚན་མའོ། །ཐ་མལ་པ་ཉིད་དངོས་གྲུབ་ཆེན་པོའི་མཚན་མའོ་།དེ་བས་ན་གྲུབ་པའི་མཚན་མ་ཐམས་ཅད་ནི་བཞི་སྟེ། དབབ་པ་དང། རྨི་ལམ་དང། ལྷའི་ལུང་དང། ཐ ་མལ་པ་ཐམས་ཅད་ནི?་མཚན་མའོ། །དེ་ནས་ནི་ཅི་རིགས་པར་ཐོབ་པའི་རྣལ་འབྱོར་པས་ཅི་རིགས་པར་དངོས་གྲུབ་བསྒྲུབ་པར་བྱའོ། །བླ་མ་ཆེན་པོའི་ཞལ་སྔ་ནས་ཀྱང། །གྲུབ་པའི་མཚན་མ་ཐོབ་པའི་རྣལ་འབྱོར་པས་།དེ་ཉིད་གསུམ་གྱི་ཆོ ་གའི་གཞི་སྔགས་པས། །གོང་དུ་གསུངས་པའི་དཀྱིལ་འཁོར་ཆོག་ཡིས། །མངོན་པར་འདོད་པའི་དངོས་གྲུབ་རབ་ཏུ་འགྲུབ། །ཅེས་གསུངས་སོ། །དེ་ལྟར་མཚན་མ་མཐོང་ཞིང་ལྷའི་བཀའ་ཐོབ་པ་དེས་བ་ནི་པར་གྱུར་པར་བྱ་བའི་ཕྱིར་ཀུག་པའི་ཆོ ་གའམ། གནོད་གནས་པའི་ཆོ་གས་ཇི་ལྟར་གསུངས་བའི་རིགས་སྨེ་ཤ་ཅན་ལ་སོགས་པའི་བུ་མོ་བཀུག་སྟེ། སྔགས་ཀྱི་རྒྱུད་ལ་སོགས་པ་ལེགས་པར་བསླབས་ནས་ཇི་ལྟར་བླ་མའི་བཀའ་ལས་བྱུང་བའི་མན་ངག་གི་བསྟན་བལྟར་བྱས་ནས་དབང ་པོར་བཞག་སྟེ་སྒྲུབ་པ་ཆེན་པོ་བརྩམ་པར་བྱའོ། །དེ་ཡང་སྣོད་ལ་ཕབ་པའི་ལྷ་གཉིས་ཀྱིས་བྲིས་བའི་རི་མོའི་དཀྱིལ་འཁོར་ལ་གནས་ནས་ཞི་བའི་སྦྱོར་བས་རྣལ་འབྱོར་གསུམ་རྫོགས་པའི་ཏིང་ངེ་འཛིན་གྱིས་ཇི་སྲིད་བློ་རབ་དང་ཐ་མའི་བྱེ་ཕྲག་གིས་ཟླ་བ ་དྲུག་གསུམ་གྱི་བར་དུ་ཆོ་ག་དེས་བསྒྲུབ་པར་བྱའོ། །དེས་བྱིན་གྱིས་བརླབ་པར་མ་གྱུར་ཅིང་བྱང་ཆུབ་ཀྱང་མ་གྲུབ་ན། དེའི་ཚེ་ཞག་བདུན་ལ་སོགས་དབྱེ་བས་དྲག་ཤུལ་དུ་བསྒྲུབ་པར་བྱའོ། །དེ་ལས་གཞན་པ་དབང་དུ་བྱ་བ་དང། བསྲུང་བའི་སྦྱོར ་བ་ཡང་བྱའོ། །ལེའུ་བཅོ་བརྒྱད་བ་ལས་ཀྱང། དབང་དུ་བྱ་དང་བསྲུང་བ་དང། །དེ་ཡི་བྱ་བ་རབ་ཏུ་སྦྱར་ཞེས་གསུངས་པའི་ཕྱིར་རོ། །དེ་ལ་དྲག་ཤུལ་གྱི་སྦྱོར་བ་ནི་འདི་ལྟ་སྟེ། ལེའུ་བཅུ་པ་ལས་ཀྱང་རང་སྔགས་སྐྱེས་བུ་བསྒོམས་ནས་ནི། །གནས ་བཞི་རྣམས་སུ་གཟུགས་ཀྱི་ཚུལ་།ཞག་གསུམ་ཚུལ་དུ་སྦྱོར་བ་ཡིས། །ཁ་དོག་གསུམ་དུ་རབ་ཏུ་བསྒོམ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་ལ་འདི་ནི་རྡོ་རྗེ་དམ་ཚིག་གིས་གསང་བའོ། །སྙིང་གེའི་གནས་སུ་ཕྲ ་མོ་ཡི། །དཀྱིལ་འཁོར་རྣམས་ནི་དགོང་བར་བྱ། །ཡི་གེ་མཆོག་ཏུ་གྱུར་བའི་ཚིག་།དེ་ཡི་དབུས་སུ་བསམ་པར་བྱ། །རྡོ་རྗེ་ཆེན་པོའི་རྩེ་ལྔ་པ། །རྟག་ཏུ་སྦྱོར་བས་བསྒོམ་པར་བྱ། །རྡོ་རྗེ་ཀྱོ་བའི་ཁྱད་པར་གྱིས། །རྡོ་རྗེ་གསུམ་རྣམས་བསམ་པར་བྱ། །དེ་ཡི ་སྙིང་གར་གདབ་བྱ་སྟེ། །ལྷ་རྣམས་རབ་ཏུ་བསྐུལ་བར་བྱ། །ོཾ་ཨ་ཕཊ་ཛ། འདི་ནི་རྡོ་རྗེ་ཐམས་ཅད་ཀྱི། །སངས་རྒྱས་བྱང་ཆུབ་རབ་བསྒྲུབ་པའོ། །འཁོར་ལོ་པདྨ་རིགས་ལ་སོགས། །རྡོ་རྗེ་སྐྱོ་བ་རྣམ་བསྒོམ་ཞིང། །སྙིང་ག་རུ་ནི་བསྐུལ་བར་བཤད། ་འདི་ནི་རོལ་མོ་འབྱུང་བསྟེ། །རྡོ་རྗེ་ཡི་ནི་ཚུལ་མཆོག་འདི། །ཞག་བདུན་བར་དུ་བྱས་ནས་ནི། །ཡེ་ཤེས་རྡོ་རྗེ་ཅན་གྱིས་གསང། །སྐུ་དང་གསུང་ཐུགས་འགྲུབ་པར་འགྱུར། །མཆོག་སྩོལ་བདག་རྣཾ་པར་གཟིགས། །ཡིད་ནི་འཇིགས་ཤིང་སྐྲག ་གྱུར་ནས། །ཡིད་ནི་མགུ་ཞིང་དགར་འགྱུར་བའི། །དངོས་གྲུབ་རྒྱ་ཆེན་འགྲུབ་པར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང། །སྔགས་ཀྱི་སྤྱོད་པའི་དོན་གྲུབ་པས། །རྨོངས་པས་འགལ་བར་བྱས་ནས་ནི། །དེ་ཡི་སྲོག་ནི་དེར་ཟད་འགྱུར། །ཞེས ་པ་ལ་སོགས་པས་སྐུ་གསུང་ཐུགས་རླུང་གི་ཤིང་རྟ་ལ་ཞོན་པ་རྣམས་ཀྱིས་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ན་བཞུགས་པའི་ཡེ་ཤེས་ཀྱི་འཁོར་ལོའི་ཐུགས་ཀར་ལྕགས་ཀྱུས་བརྡེག་ཅིང། །ད་ནི་དཔལ་ལྡན ་ཆེ་གེ་མོ་ཞེས་བྱ་བ་ལ་སོགས་པས་བཀའ་བསྒོ་ཞིང་བསྐུལ་ནས་རང་དང་ལྷན་ཅིག་ཏུ་བསྒོམ་པ་དང། ལེའུ་བཅུ་བཞི་པ་ལས། ཕན་ཚུན་དཀྲི་བའི་ཚུལ་དུ་བྱ། །མཐེ་བོང་གཉིས་ནི་རབ་ཏུ་བསྡམ། །རྣམ་པར་སྣང་མཛད་ཚུལ་གནས་ཏེ། །ཞེས ་པ་དང་།ཡེ་ཤེས་པདྨ་ཁ་དབྱེ་བ། །རྡོ་རྗེ་སོར་མོ་ངེས་པར་བཞག་།འདོད་ཆགས་རྡོ་རྗེའི་ཚུལ་གནས་ཏེ། །ཞེས་པ་དང། རྩེ་མོ་ལྔ་པ་བཅིངས་ནས་ནི། །འོད་འཕྲོ་མང་པོ་འཁྲུག་ཅིང་འབར། །རྡོ་རྗེ་སེམས་དཔའ་མཉམ་གཞག་ལ། །ཞེས ་བྱ་བའི་རིམ་པས་རྣམ་པར་སྣང་མཛད་དང། སྤྱན་མ་གཉིས་དཀྲིས་ལ་རྡོ་རྗེ་པདྨ་སྦྱར་ཏེ། གདབ་པ་དང། སྣང་བ་མཛའ་ཡས་དང་ན་བཟའ་དཀར་མོ་དཀྲིས་ཏེ་པདྨ་ཁ་ཕྱེ་བའི་ཚུལ་དུ་འོད་ཟེར་དང་ལྡན་པའི་རྡོ་རྗེ་བཞག་ནས་གདབ་བ་དང། མི་བསྐྱོད་པ ་དང་མཱ་མ་ཀཱི་དཀྲིས་ཏེ་རྩེ་མོ་ལྔ་པའི་གསང་བའི་རྡོ་རྗེ་ཆོས་འབྱུང་གི་ནང་དུ་ཉི་མ་བྱ་བ་ཕྲག་བརྒྱའི་འོད་དང་ལྡན་པ་བསམས་ཏེ་གདབ་པ་སྟེ། དེ་ལྟར་རྡོ་རྗེ་དང་པདྨ་སྦྱར་ནས་ཐམས་ཅད་གནག་ཅིང་ཁྲོས་པར་བསམས་ལ། རང་གི་རིག་མའི་ཆོས་འབྱུང་གི ་ནང་དུ་ཆུད་པའི་གྲུ་གསུམ་མའི་དཀྱིལ་འཁོར་གྱི་སྟེང་དུ་རྣམ་པར་སྣང་མཛད་ལ་སོགས་པ་དཀར་པོ་ལ་སོགས་པ་དམ་ཚིག་ལ་བསྙེངས་པར་བསམས་ལ། རང་གི་རིགས་དང་འབྲེལ་བའི་ཕུར་བུ་གཤིན་རྗེ་གཤེད་པོ་ལ་སོགས་པ་རང་གི་གསང་བའི་རྡོ ་རྗེ་ལས་ཕྲུད་སྟེ་གནས་རྣམས་སུ་བསྟན་ནས་དངོས་གྲུབ་ཆེན་པོད་གྲུབ་པ་ཞག་བདུན་ལ་སོགས་པའི་བར་དུ་བྱས་ནས་མཆོག་གི་ཡང་མཆོག་གི་བསྙེན་བསྒྲུབ་བཞི་ལ་གནས་ནས་ཆོ་ག་འདི་ཐམས་ཅད་མ་ལུས་པར་བསམ་པར་བྱའོ། །དཔུང་པ་རབ་བརྐྱང་མགུལ ་པ་ནས། །མི་གཡོ་ཞིང་ནི་བསྟན་པར་འབྱུང། །བརླ་གཉིས་རབ་ཏུ་བློ་ལྡན་པས། །ཕུང་པའི་ཚུལ་དུ་རྩེ?་བར་བྱ། །འགྱིང་བག་སྟབས་ཀྱིས་འཁྱུད་ནས་ནི། །གཡོན་གྱི་སྤྱི་བོར་རབ་བརྟན་ནས། །གཡས་ཀྱིས་ཀོ་ཀོ་བཏེག་ནས་སུ། །མ་མཆུ་བཞིག ་ཅིང་སྦྱོར་བ་བརྩམ། །སིང་སྒྲའི་སྔགས་ནི་བརྗོད་ནས་ཀྱང། །དཔུང་བའི་བར་དུ་རབ་བྱས་ལ། །ཁེ་ཡིས་དེ་ལ་བརྩེ་བར་བྱ། །རྣ་བ་དེ་བཞིན་མཆན་ཁུད་དང། །མགྲིན་པའི་གློ་དང་སུམ་མདོ་རྣམས། །སེན་མོ་རེ་མོས་གདབ་བྱ་ཞིང། ། ་ཡང་དང་ཡང་དུ་བྱུག་པ་དང། །གཡོན་གྱིས་པདྨ་མཉེ་བ་དང། །ལག་པ་སྦྱོར་བའི་དཀྱིལ་འཁོར་ལ། །རྡོ་རྗེ་གཡོན་གྱི་སོར་མོ་གསུམ། །ཆོས་འབྱུང་ནང་དུ་བྱུང་ཅིང། །ཧཱུཾ་ཡིག་ལས་བསྐྱེད་རྡོ་རྗེ་ཡི། །འོད་ཟེར་སྣ་ལྔ་འཕྲོ་བ་ཡི། ། ་བྱང་ཆུབ་སེམས་ཀྱི་ན་རི་ལ། །ལྕེ་དེ་ཡིས་ནི་བསྐྱོད་ནས་ཀྱང། །སྔགས་འདི་ཆེད་དུ་བརྗོད་པར་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉ་ཧཾ། དེ་ཡིས་བསྐུལ་བ་ཙམ་གྱིས་ནི། །སྙིང་འདར་དྲན་པ་ཉམས་པར་འགྱུར ་སྤྱི་བོ་སྐྲ?་གྲོལ་གོས་ཀྱང་འདོར། །འབྱུང་བའི་རྡུལ་ཆུས་ཀུན་ཏུ་ཁྱབ། །བརྟན་པའི་དང་ཚུལ་ཤོར་ནས་ནི། །རང་གི་བ་སྤུ་ཀུན་ཀྱང་གཡོ། །དམར་བའི་མིག་ནི་ཕྲ་བར་བལྟ། །བདག་ཉིད་མགུལ་ནས་ཡང་འཁྱུད་ནས། །དགའ་བའི ་བསྐྱངས་ཀྱིས་གླ་བླང་ཞིབ?། །སིང་སྒྲའི་སྔགས་ནི་བརྗོད་པར་བྱ། །དེ་ལྟ་བུའི་ཆོགས་བསྒྲུབ་པའི་གནས་སྐབས་སུ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་སྦུབས་སུ་ཨཱ་ལི་དང་ཀཱ་ལི་དང། མདན་པྲ་ཏྲ་དང་ཀུན་མ་ཀ་དང། ཤང་ཤང་ཀ་དང། ན་རི་གསུམ་སྟེ ་ཀུན་ལས་བསྐུལ་ཞིང་བསྐྱོང་པས་བདག་ཉིད་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་གཉིས་སུ་མེད་པ་རྣམས་བཞི་པའི་དུས་སུ་དྲི་མ་མེད་པའི་རྒྱུན་ལྟ་བུར་ཞུ་བར་གྱུར་པའི་དུས་སུ་བདག་དངོས་པོ་ཐམས་ཅད་ཀྱི་རང་བཞིན་དུ་མཐོང་སྟེ་དེ་བཞིན་དུ་རྒྱུ་བ་དང ་མི་རྒྱུ་བ་ཐམས་ཅད་ཀྱི་ཆོས་ཟབ་མོ་དང་ཡང་དག་པར་གསལ་བ་གོང་དུ་སྨོས་པ་ལྟར་རྟོགས་པ་དེ་ལས་ཡང་དག་པའི་ཡེ་ཤེས་དབང་དུ་གྱུར་བའི་རྣལ་འབྱོར་བ་ཞེས་བྱའོ། །རྩ་བའི་རྒྱུད་ལས་ཀྱང། རྡོ་རྗེ་ཉི་མ་ནུབ་ནས་ཀྱངས?། ། ་བསྒྲུབ་པ་ཀུན་ཏུ་བརྩམ་པར་བྱ། །སྐྱ་རེད་ཤར་བའི་དུས་སུ་ནི། །སྐྱེས་བུ་དེ་ནི་འགྲུབ་པར་འགྱུར། །ཞེས་གསུངས་སོ། །དེ་ཉིད་ལས། ཆགས་པའི་ཡིད་ཀྱིས་འདོད་པ་ཡིས། །རྟག་ཏུ་འདོད་པའི་ཡོན་ཏན་བསྟེན། །ཞེས་གསུངས་སོ། །དེ་ནས་རྣལ ་འབྱོར་པ་ཆེན་པོ་དེ་ཕྱིས་མཆོག་ཏུ་འགྱུར་ཞིང། ཀུན་བརྟགས་པའི་མཚན་ཉིད་དང་བྲལ་བ་རྣམས་ཀྱིས་དོན་དུ་གོང་མའི་འོད་གསལ་བའི་ངོ་བོ་ལས་བཞེངས་ཏེ། རྟག་པ་ལ་སོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཡིས་སྲིད་པ་ཇི་སྲིད་ཡོད་པ ་དེ་སྲིད་ཀྱི་བར་དུ་རོ་མྱང་བའི་མཚན་ཉིད་བརྒྱད་དང་ལྡན་བར་བཞུགས་ནས་དེ་རྣམས་ཀྱི་དོན་མེད་དོ། །བླ་མའི་ཞལ་སྔ་ནས་ཀྱང། །ཡང་དག་ཡེ་ཤེས་དབང་ཐོབ་པས། །གཟུགས་བརྙན་བདག་ཉིད་སྤྱི་གཟུགས་ཀྱིས། །དཀྱིལ་འཁོར་གསུམ་གྱི་མཛའ་ ་ཡས་ཁམས། །འགྲོ་བའི་ཕན་འདོགས་བྱེད་པའོ། །ཞེས་གསུངས་སོ། །དེ་བས་ན་གཞན་སྡུག་བསྔལ་གྱི་ལམ་གྱིས་བསྐལ་པ་ཆེན་པོ་གསུམ་ན་བླ་ན་མེད་པའི་སངས་རྒྱས་ཐོབ་པར་འདོད་པ་རྣམས་ཀྱིས་ཀྱང་འདི་ལྟ་བུའི་དཔལ་དང་ལྡན་པའི་ཀུན ་ནས་བཀྲ་ཤིས་པའི་ངོ་བོ་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་རྟེན་དུ་གྱུར་པ། ཚེ་འདི་ལ་ཐོབ་པའི་ལམ་འདི་སྐྱེས་བུ་སུ་ཡིས་མི་བསྒོམ། བསྒོམ་པར་བྱ་བ་ཁོ་ན་ཡིན་ནོ། །དེ་བས་ན་བདག་གིས་བླ་མ་ཆེན་པོའི་ཞལ་སྔ་ནས། ཕ་རོལ ་ཏུ་ཕྱིན་པ་རྣམས་དང། །གསང་སྔགས་ལ་མཆོག་ཏུ་གཤོལ་བའི་སེམས་ཅན་རྣམས་བཟུང་བར་བྱ་བའི་དོན་དུ། རྣལ་འབྱོར་ཆེན་པོའི་རྒྱུད་ཐམས་ཅད་དང། དེ་ལས་གཞན་པའི་རྒྱུད་རྣམས་དང། བྱིན་གྱིས་བརླབས་པའི་རིམ་པའི་མན་ངག་ཏུ་ཡང ་དག་པར་བལྟས་ནས་རྣལ་འབྱོར་ཆེན་པོ་མངོན་དུ་བྱས་ཏེ་ཚིགས་སུ་བཅད་པ་དང། དེ་བརྐྱང་པ་ལ་སོགས་པའི་སྒོ་ནས་ཚིག་སྙན་ཅིང་ཡིད་དུ་འོང་བ་དང་སྒྲུབ་པའི་ཐབས་ཀྱི་རིམ་པ་སྒྲོན་མ་ལྟ་བུ་རྣམས་བྱིས་པ་སེའི?་སྐྱེ་བོ་རྣམས་ཀྱིས་རྟོག་པར་བྱ་བའི ་དོན་དུ་སྦས་པ་ལྟ་བུ་རྣམས་ཕྱུང་སྟེ་རྣམ་པར་དགོད་པ་མཛད་དོ། །ཁོ་བོས་ཀྱང་བླ་མ་ཆེན་པོ་དེའི་མན་ངག་སྙན་ཁུང་ནས་བརྒྱུད་པ་རྣམས་བློ་ལ་གནས་བཞིན་པར་བྱས་ནས། སྐྱེ་བོ་རྣམས་གཟུང་བར་བྱ་བའི་དོན་དུ་རྣལ་འབྱོར་པ་རྣམས་ཀྱི ་བཀོད་པའི་རིམ་པ་ཅུང་ཟད་བསྟན་པར་བྱས་སོ། །ལ་ལ་ནི་བདག་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་བརླབས་པའི་མན་ངག་སློབ་དཔོན་དག་གི་ཞལ་སྔ་ནས་མ་ཐོབ་ཅིང། གཞན་དག་ནི་རིགས་པ་མ་ཡིན་པའི་ཤགས ་ཙམ་ལ་བརྟེན་ནས་བདག་ནི་རྣལ་འབྱོར་པའི་མན་ངག་ཡང་དག་པར་ཐོབ་བོ་ཞེས་རློམ་སེམས་ཤིང། གཞན་དག་ལ་ཡང་དེ་ལྟར་བསྙད་པ་དེ་ནི་བསྐལ་པ་ཁྲག་ཁྲིག་གི་བར་དུ་ཡང། བདག་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན ་གྱིས་རློབ་པར་མི་འགྱུར་རོ། །སློབ་དཔོན་ཆེན་པོ་ཤཱཀྱ་མི་ཏྲའི་ཞལ་སྔ་ནས་ཀྱང། གང་ཞིག་བླ་མའི་ཞལ་ནས་བྱིན་གྱིས་བརླབས་པའི་མན་ངག་ནི། །མ་ཐོབ་བཞིན་དུ་རིགས་མིན་ཆོས་ལ་ནབརྟེན་གྱུར་ནས། །བདག་ནི་རྣལ་འབྱོར་ཆེན་པོ་ཡིན ་ཞེས་གང་སྨྲ་བ། །བླུན་ཆེན་སྐྱེ་བོ་དེ་ནི་རྒྱལ་བ་རྣམས་དང་ངས་མི་འདོད། །ཅེས་གསུངས་སོ། །དེ་བས་ན་སྐྱེས་བུ་དམ་པ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་འདོད་ན། །རང་གི་ལྷག་པའི་ལྷ་སློབ་དཔོན་ཆེན་པོ་ཐབས་ཐམས ་ཅད་ཀྱིས་མཉེས་པར་བྱས་ཏེ། དེའི་ཞལ་སྔ་ནས་བྱིན་གྱིས་བརླབས་པའི་རིམ་པའི་མན་ངག་ཐོབ་པར་བྱས་ཏེ། བསྐྱེད་པ་དང་རྫོགས་པའི་རིམ་པས་གོང་དུ་སྨོས་པ་ལྟར་འཇུག་པར་བྱས་ནས། ཞུགས་པས་ཀྱང་ཚེ་འདི་ཉིད་ལ་དངོས་གྲུབ་ཐམས་ཅད ་མངོན་སུམ་དུ་བྱེད་པར་འགྱུར་རོ། །དེ་སྐད་དུ་རྩ་བའི་རྒྱུད་ལས་ཀྱང། འདིས་ནི་དེ་བཞིན་གཤེགས་པའི་སྐུ། །རྡོ་རྗེ་འཛིན་པའི་ཐུགས་དང་ནི། །ཆོས་འཛིན་མཆོག་གི་གསུངས་དག་ཀྱང། །ཚེ་འདི་ཉིད་འཐོབ་པར ་འགྱུར། །སྐུ་དང་གསུང་དང་ཐུགས་ཀྱང་འགྲུབ། །གང་གཞན་ཕྲ་མོར་བཤད་པ་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ཏེ། །བཟླས་པ་ཙམ་གྱིས་དེ་འགྲུབ་འགྱུར། །ཞེས་གསུངས་སོ། །དཔལ་ལྡན་ཡེ་ཤེས་ཞབས་ནི་བླ་ན་མེད་པ་ཐུགས་རྗེ་ཆེན་པོ ་ཡི། །དྲིན་གྱི་སྣང་བས་ཁེབས་ཕྱིར་བདག་ནི་བླུན་ཡང་ཅུང་ཟད་ཙམ་དུ་ཕྱེ། །དེ་ཡི་དགེ་བཟླ་བ་ལྟ་བུ་འདུག་པ་དེ་ཡིས་སྐྱེས་བུ་མ་ལུས་རྣམས། །འཇམ་རྒྱལ་ཐོབ་ནས་བདུད་ལས་རྒྱལ་འགྱུར་ཟབ་ཅིང་རྒྱ་ཆེའི་དོན་རྟོགས་ཤོག་།བདག་གི་དོན་འགྲུབ ་པར་བྱེད་པ་ཞེས་བྱ་བ། རྣལ་འབྱོར་གྱི་བྱ་བའི་རིམ་པ། སློབ་དཔོན་ཆེན་པོ་བཏི་པཱ་ངས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུ་གྱི་དང། བོད་ཀྱི་ལོ་ཙཱ་བ་ཆེན་པོ་མངའ་བདག་ལྷ་ཡེ་ཤེས་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས ་ཏེ་གཏན་ལ་ཕབ་པའོ།། ། *། །སྦྱོར་བ་ཡན་ལག་དྲུག་གི་སྣང་བའི་རིམ་པ་དཔལ་རྣམ་པར་སྣང་མཛད་རྡོ་རྗེ་རྗས་མཛད་པའོ།། །།*། །རྒྱ་གར་སྐད་དུ། །ཁ་ཌཾ་ག་ཡོ་གཱ་ལོ་ཀ་ཀྲ་མ། བོད་སྐད་དུ། །སྦྱོར་བ་ཡན་ལག་དྲུག ་