| Wylie | e-texts based on the ACIP/ALL Input |
གཏོར་མ་ཆེན་པོའི་ཆོ་ག་སློབ་དཔོན་ཆེན་པོ་བི་ཏ་པཱ་ངས་མཛད་པ་བཞུགས་སོ།། །། *། །རྒྱ་གར་སྐད་དུ། །མཧཱ་ས་ལཾ་བི་དྷི། །བོད་སྐད་དུ། །གཏོར་མ་ཆེན་པོའི་ཆོ་ག་།ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །གང་ཞིག་ཤེས ་བྱའི་སྒྲིབ་སོགས་རབ་སྤངས་ནས། །མེ་ལོང་ལ་སོགས་ཡེ་ཤེས་ཡང་དག་ལྡན། །གསུམ་གྱི་འཁོར་ལོ་དོན་བྱེད་རབ་མཆོག་གཙོ། །འཇམ་དབྱངས་དེ་ལ་འདུད་ཅིང་བླ་མ་ལའང། །རྣལ་འབྱོར་རྣམས་ཀྱི་བར་ཆད་ཞི་བྱས་ནས། །མངོན་པར་དོན་ནི ་རབ་བསྒྲུབ་ཕྱིར། །སངས་རྒྱས་ཡེ་ཤེས་ཞལ་སྔའི་རིམ་འོངས་པ། །མ་ལུས་བསྟན་པའི་གཏོར་མ་བཤད་པར་བྱ། །མཆོད་སྦྱིན་རྣམས་ནི་ཐམས་ཅད་ཀྱི། །གཙོ་བོ་གཏོར་མའི་ལས་ཡིན་ཏེ། །རྣལ་འབྱོར ་རྣམས་ནི་དེ་བསྒྲུབ་འདོད། །ཆོ་ག་འདི་ལ་འབད་པར་བྱ། །གང་ཕྱིར་གཞན་དོན་གཉེར་བ་འམ། །དངོས་གྲུབ་སྒྲུབ་པའི་ལས་བྱེད་ན། །བཟླས་དང་སྦྱིན་སྲེག་གཉིས་ཀ་པས། །གཏོར་མའི་ལས་འདི་མཆོག་ཏུ་གསུངས། །དེ་ཡི་ལས་ནི་འདི ་ལྟ་སྟེ། །བདག་ཉིད་བསྒྱུར་དང་དེ་མགྲོན་དང། །དེ་ཡི་ཡོ་བྱད་བསྔོ་བ་དང། །གསོལ་གདབ་གཤེགས་སུ་གསོལ་བའོ། །དང་པོར་བདག་ཉིད་ཡི་དམ་ལྷར། །སྐུ་དང་མཁྱེན་པ་བྱ་བ་དབང། །རིམ་པས་ཐམས་ཅད་རྫོགས་བསྒོམས་ནས། ་ཞེ་ཕྱིར་དོན་གྲུབ་གཏོར་མ་བཏད། །འཁོར་ལོ་ལ་སོགས་ཁང་པ་ཡི། །ཕྱོགས་བཞི་མཚམས་བཞིར་སྟེགས་བུ་བརྒྱད། །བརྒྱ་བྱིན་དབང་ལྡན་བར་དུ་གཅིག་།ཆུ་དང་བདེན་བྲལ་བར་དུ་གཅིག་།དམ་པའི་དྲི་ཡིས་བཅུ་པོ་བྱུག་།མཛེས ་པའི་མེ་ཏོག་རྣམས་ཀྱིས་བརྒྱན། །གླུ་དང་གར་དང་གདུགས་སོགས་པས། །ནུས་པ་ཇི་སྙེད་ཀྱིས་བརྒྱན་བྱ། །དེ་ནས་རང་ཉིད་རྣལ་འབྱོར་བས། །དངོས་གྲུབ་མྱུར་དུ་མི་འཐོབ་ཕྱིར། །འཁོར་ལོར་བཅས་པ་འམ་ཡང་ན་ནི། །ཁྲོས་པས ་ཐམས་ཅད་ནག་པོར་བསྒྱུར། །དེ་ཡི་ཡེ་ཤེས་སེམས་དཔའ་ལས། །འོད་ཟེར་ལྕགས་ཀྱུ་ནག་འཕྲོས་པས། །ཕྱོགས་སྐྱོང་རང་རང་ཕྱོགས་གནས་པ། །ཆུང་མ་འཁོར་བཅས་དགུག་པར་བྱ། །བརྒྱ་བྱིན་སེར་པོ་སྤྱན་སྟོད་པ། །རྡོ་རྗེ་འཛིན ་པ་ཤ་ཅིང་བཅས། །གླང་ཆེན་རབ་ཏུ་བརྟན་པ་ལ། །ཆིབས་པ་ཤར་གྱིས་སྟེགས་དབུས། །དགུག་བྱ་དེ་གཡོན་མཁའ་ལྡིང་ལ། །ཞོན་པའི་ཁྱབ་འཇུག་ནག་པོ་སྟེ། །གཡས་པ་རྩེ་གསུམ་འཁོར་ལོ་འཛིན། །གཡོན་དུ་དུང་དང་ནོར ་བུ་འཛིན། །དེ་སྟེང་དགུག་བྱ་ཤར་ལྷོ་ཡི། །སྟེགས་སྟེང་ར་ཞོན་མེ་ལྷ་ནི། །རལ་བའི་དབུ་རྒྱན་དམར་མདོག་ཅན། །སྐྱབས་སྦྱིན་ཕྲེང་འཛིན་གཡོན་དུ་ནི། །དབྱུག་པ་གུ་རེའུ་འཛིན་པ་དགུག་།དེ་བཞིན་ལྷོ་ཡི་སྟེགས་སྟེང་དུ། །དགུག་བྱ་མ་ཧེ་ཐ? ་ཞོན་བ། །གཤིན་རྗེ་ནག་པོ་བརྐྱང་བསྐུམ་ཚུལ། །རྒྱན་འབར་ཕྱག་ན་དབྱུག་པ་དང། །སྡིགས་འཛུབ་འཛིན་པ་གནས་པར་བྱ། །ལྷོ་ནུབ་སྟེགས་སྟེང་ལ་དགུག་པ། །མི་རོ་ལ་ཞོན་བརྐྱང་བསྐུམ་ཚུལ། །གཅེར་བུ་མཆེ་གཙིགས་སྐྲ་བཞིན་གནག་།བདེན་བྲལ ་གྲི་དང་ཀ་པཱ་ལ་འཛིན། །ནུབ་ཀྱི་སྟེགས་བུའི་སྟེང་དགུག་པ། །མཁའ་འགྲོ་ལྷོ་འཕྱེ་ཞོན་པ་ཡི། །ཆུ་ལྷ་དཀར་པོ་ཀླུ་ཞགས་འཛིན། །ཀླུ་མགོ་བདུན་པ་ཞབས་ཀླུ་གཅིག་།དེ་བཞིན་ནུབ་བྱང་སྟེང་དགུག་པ། །དགོ་བ་སེར་ཞོན་རླུང་ལྷ་ལྗང། །ཕྱག་གཉིས ་རླུང་གི་གོས་འཛིན་ཅིང། །ནམ་མཁའ་ཨི་ཁམས་སུ་བརྐྱང་བའོ། །བྱང་གི་སྟེགས་བུ་ལ་དགུག་པ། །མི་ཞོན་གནོད་སྦྱིན་སེར་བོ་སྟེ། །པི་ཛ་པུ་ར་ས་བོན་གང། །ནེའུ་ལེ་བཙིར་ནས་འཛིན་པའོ། །དེ་སྟེང་བྱི་བ་ལ་ཞོན་པ། །ལོག་འདྲེན་དཔོན་པོ་གླང ་ཆེན་མགོ་།དཀར་པོ་ལ་ཕུག་ཕྲེང་བ་དང། །མངར་བསྲེས་དབྱུག་འཛིན་དགུག་པའོ། །བྱང་ཤར་སྟེགས་བུ་ལ་དགུག་པ། །གླང་ལ་ཞོན་པའི་དབང་ཕྱུག་དཀར། །རལ་ཅན་རུས་པའི་ཕྲེང་བ་ཅན། །ཁ་ཊཝཱཾ་རྡེའུ་ཆུད་འཛིན་པའོ། །བརྒྱ་བྱིན་དབང་ལྡན ་པར་དགུག་པ། །རྟ་བདུན་ཤིང་རྟ་ལ་ཞོན་པ། །ཉི་མ་དམར་པོ་ཟེར་བཅས་པ། །ཕྱག་མཚན་པདྨ་དམར་པོ་འཛིན། །དེ་གཡོན་ཨུཏཔ་ལ་གནས་པ། །ཟླ་བ་དཀར་པོ་ལ་གནས་པ། །ཕྲེང་བ་འཛིན་པ་འཁོར་།དང་བཅས། །བཀུག་ནས་དེ་རུ་གནས་པའོ། ། ་དེ་ཉིད་དབུས་སུ་དེ་སྟེང་དགུག་།དང་པ་ཞོན་པ་ཚངས་པ་ཆེ། །ཐུང་དུ་ཞལ་བཞི་ཚངས་སྐུད་ཅན། །ཚོན་པོ་ཕྲེང་བ་དབྱུག་པ་འཛིན། །ཀླུ་དང་ཅིག་ཤོས་གཉིས་པར་སྟེང། །ཤིང་རྟ་ལ་ཞོན་ཐང་བཟང་གནག་།དགུག་བྱ་རལ་གྲི་འཛིན་པའོ། །ལྷ་མ་ནི ་ཚོགས་དང་བཅས་པའོ། །དེ་ཡི་གཡོན་དུ་དེ་སྟེང་དུ། །པདྨ་ལ་ཞུགས་དགུག་བྱ་བ། །ས་ཡི་ལྷ་མོ་སེར་མོ་སྟེ། །བུམ་པ་འཛིན་པ་བསམ་པར་བྱ། །འདི་རྣམས་རིན་ཆེན་དབུ་བརྒྱན་ཅན། །རིན་ཆེན་རྣམ་པ་སྣ ་ཚོགས་ཀྱིས། །རབ་ཏུ་སྤྲས་པའི་རྒྱན་གྱིས་བརྒྱན། །ཕྱོགས་སྐྱོང་ཤིན་ཏུ་ཆེ་བ་རྣམས། །རང་འདྲ་བ་ཡི་ཚོགས་བསྐོར་བ། །རྣམ་སྨིན་འོད་དང་སྐུ་མདོག་གིས། །མུན་པ་ཐམས་ཅད་སེལ་བྱེད་པ། །རང་གི་ལྷ་ཡིས་དགུག་བྱས་དགོད། །དེ་ལྟར ་རབ་ཏུ་བཀུག་བྱས་ནས། །ཆོ་གའི་རིམ་པ་འདི་ཡིས་ནི། །ཤེས་བྱའི་སྒྲིབ་པ་མུན་བསལ་ནས། །དེ་རྣམས་རབ་ཏུ་སྦྱར་བར་བྱ། །ཐུགས་ཀྱི་འོད་ཟེར་ལས་བྱུང་བ། །གཤིན?་རྗེ་གཤེད་སོགས་ཁྲོ་བོ་བཅུ། །སྐུ་སྟོད་ཞལ་གསུམ་ཕྱག་དྲུག་བལྟམ། །སྨད ་ནི་གསལ་ཤིང་གཟུགས་གནས་པ། །གཡས་པས་མགུལ་མ་བརྟན་བྱས་ནས། །རི་རབ་ལས་གྲུབ་ཐོ་བ་ཡིས། །གཡོན་པས་བརྡབ་ཅིང་གོང་མ་རྣམས། །རིམ་པ་བཞིན་དུ་གདབ་པར་བྱ། །ོཾ་ཨཱ(རྒྱུད་འགྲེལ་ཏི་ས་པ་རི་ཝ་ར་ཎ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱ(རྒྱུད་འགྲེལ་ཨཱ(རྒྱུད་འགྲེལ་བྱས་ནས། །གདབ་བྱ་གང་བ་བྱེད་གདབ་པ་རྣམས། །སྒྲིབ་པ་མཉམ་ཉིད་ཤིས་པ་ཡིས། །བརྩལ་ཕྱིར་རིམས་བཞིན་ཕུར་བས་གདབ། །དེ་དག་ལུས་འདི་ཕུང་བཏབ་ནས། །ཐལ་བ་ཉིད་འགྱུར་བརླག་བྱས་ནས། །རྣམ་པར་ཤེས་པ་མར་མེ་ལྟར། །གནས? ་པ་ས་བོན་གྱིས་བཀུག་ལྟར། །ཞལ་བཞུགས་བྱང་ཆུབ་སེམས་གྱུར་ནས། །རྡོ་རྗེའི་ལམ་བྱུང་མཚོ་སྐྱེས་ནང། །བབས་པ་བསམ་པའི་གནོད་སེམས་རྣམས། །བསལ་ཕྱིར་སྔགས་འདིས་བྱིན་གྱིས་བརླབ། །ོཾ་ཨཱ(རྒྱུད་འགྲེལ་ས་མ་ཡ་མུ་དྲ་པྲ་བན་ཙཀྲ་ཨེ་ཤཾ་ཨ་ཤདྷོ་ཤཾ་ཨ་པ་ན་ཡ་ཧཱུཾ་ཕཊ། རྡོ་རྗེ་ཧེ་རུ་ཀ་ཡིས་ནི། །སྔགས་ཀྱིས་ཤེས་བྱའི་སྒྲིབ་མུན་བསལ། །དེ་ནས་བདུད་རྩི་འཁྱིལ་པ་ཡི། །ཕྲེང་བ་བཟླས་པས་ཉོན་མོངས་བསལ། །ན་མ(རྒྱུད་འགྲེལ་མོ་བཛྲ་དཾཥྚོ་ཊ་ཀ་ཊ་བྷཻ་ར་བ་ཡ་ཨ་སི་མུ་ས་ལ་པ་ར་ཤུ་པཱ་ཤ་ཧ་སྟ་ཡ། ཨོཾ་ཨམྲིཏ་ཀུཎྜ་ལི། །ཁ་ཁ་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བནདྷ་བནདྷ། ཧ་ན་ཧ་ན། དེ་ཧ་ད་ཧ། །གརྫ་གརྫ། པི་སཕོ་ཊ་ཡ་བི་སྤོ་ཊ་ཡ། སརྦ་བགྷྣིན་ན་ཡ་ཀཱ་ནཱཾ། །མ་ཧཱ་ག་ན་པ་ཏི་ཛཱི་བི་ཏཱ་ན་ཏ་ཀ་རཱ་ཡ། ། ་སརྦ་ཥུཾ་ཨ་ཤ་ཡ་དྲོ་ཤཾ་ཨ་པ་ན་ཡ་ཧཱུཾ་ཕཊ། དེ་ཡིས་སྒྲིབ་མུན་བསལ་ནས་སུ། །མཚོ་སྐྱེས་ནང་གནས་ཁུ་བ་ལས། །ཆོ་ག་གསུམ་གྱི་ལེགས་བསྒྲུབས་པའི། །སྐུ་རྣམས་ཕྱོགས་སུ་དགོད་པར་བྱ། །བཛྲ་ཧཱུཾ་རུཾ་ཀཾ་མུཾ་བཾ་ཡཾ་འུམ་ཨ་བྷེ་མ་མཾ་ལཾ། བྱ་བའི ་ས་བོན་རྣམས་སུ་གྱུར། །དེ་ལས་རྡོ་རྗེ་འཁོར་ལོ་གུ་ཌེའུ་དང། །དབྱུག་པ་གྲི་དང་ཀླུ་ཞགས་དང། །རླུང་གོས་བི་ཛ་བུ་ར་དང། །པདྨ་རྩེ་གསུམ་པདྨ་དང། །ུཏཔལ་པདྨ་རལ་གྲི་དང། །པདྨ་མཚན་མ་རྣམས་ཀྱི་ནང། །རང་རང་ས་བོན་མཚན་པར་བསམ། ། ་ས་བོན་ཕྱག་མཚན་དེ་ཉིད་ལས། །བརྒྱ་བྱིན་རྡོ་རྗེ་མཚན་དུ་གྱུར། །སེར་པོ་ཞལ་གསུམ་ཕྱག་དྲུག་པ། །རྡོ་རྗེ་རལ་གྲི་ཕྱག་གཡས་ལ། །འཁོར་ལོ་པདྨ་གཡོན་དུ་འཛིན། །ཐུགས་རིགས་ཟླ་བའི་སྟེང་དུ་དགོད། །ཁྱབ་འཇུག་སྒྱུ་མ་རྡོ་རྗེ་གྱུར། །ནག་པོ་ཞལ ་གསུམ་ཕྱག་དྲུག་པ། །འཁོར་ལོ་རལ་གྲི་ཕྱག་གཡས་ལ། །དུང་དང་པདྨ་གཡོན་དུ་འཛིན། །འདི་ཡང་ཐུགས་རིགས་ཉི་མར་དགོད། །དྲང་སྲོད་རྡོ་རྗེ་མེ་རུ་གྱུར། །དམར་སེར་ཞལ་གསུམ་ཕྱག་དྲུག་པ། །སྐྱབས་སྦྱིན་དང་ནི་ཕྲེང་བ་གཡས། གུ་ཌེ་དབྱུག་པ ་གཡོན་དུ་འཛིན། །འདི་ཡང་ཐུགས་རིགས་ཟུར་གསུམ་དང། །ཉི་མའི་གདན་ལ་དགོང་པའོ། །གཤིན་རྗེ་རྡོ་རྗེ་ཚེ་ཟང་གྱུར། །ནག་པོ་སྐྲ་འགྲེང་ཞལ་གསུམ་པ། །ཕྱག་དྲུག་དབྱུག་པ་རལ་གྲི་དང། ནོར་བུ་སར ་འཛིན་བརྐྱང་བསྐུམ་ཚུལ། །ཐུགས་རིགས་ཉི་མའི་གདན་ལ་དགོད། །བདེན་གྲལ་རྡོ་རྗེ་གཏུན་ཏུ་གྱུར། །བུང་འདྲ་ཞལ་གསུམ་ཕྱག་དྲུག་པ། །གྲི་གུག་རལ་གྲི་ཕྱག་གཡས་པ། །ཀ་པཱ་ལ་རིན་ཆེན་གཡོན་དུ་འཛིན། །ཐུགས་རིགས་ཉི་མའི་གདན ་ལ་དགོད། །དེ་རྣམས་དབུ་རྒྱན་མི་བསྐྱོད་པས། །ཅོད་པན་ལ་ནི་མཚན་པའོ། །ཆུ་ལྷ་ཀླུ་ཡི་རྡོ་རྗེར་གྱུར། །ཞལ་གསུམ་དཀར་པོ་ཀླུ་གདོད་དང། །ཀླུ་ཡི་ཞབས་ཅན་ཕྱག་དྲུག་པ། །ཀླུ་ཞགས་རལ་གྲི་ཕྱག་གཡས་ལ། །རིན་ཆེན་པདྨ་གཡོན་དུ་འཛིན། ། ་གསུང་རིགས་ཟླ་བའི་གདན་ལ་དགོང། །ཚེ་དཔག་མེད་གྱིས་དབུ་རྒྱན་པའོ། །རླུང་ལྷ་རྡོ་རྗེ་རླུང་དུ་གྱུར། །མར་གང་ལྟར་ལྗང་ཞལ་གསུམ་པ། །ཕྱག་དྲུག་རླུང་གོས་རལ་གྲི་གཡས། །ནོར་བུ་པདྨ་གཡོན་དུ་འཛིན། །ལས་ཀྱི་རིགས་ཏེ་ཟླ་བར་དགོད། །ཇ ་སྒྲ་ཡིས་ནི་དབུ་བརྒྱན་པའོ། །ལུས་ངན་རྡོ་རྗེའི་འཇིགས་བྱེད་གྱུར། །གསེར་འདྲ་ཞལ་གསུམ་ཕྱག་དྲུག་པ། །པི་ཛ་པུ་དྲ་རལ་གྲི་གཡས། །པདྨ་དུང་ནི་གཡོན་དུ་འཛིན། །གསུང་རིགས་ཉི་མ་ལ་དགོད་བྱ། །ལོག་འདྲེན་དྲོ་རྗེ་མཆུ་དངིས་གྱུར། །དཀར་པོ་ཞལ ་གསུམ་ཕྱག་དྲུག་པ། །རྡོ་རྗེ་མཆུ་ཅན་ལ་ཕུག་དང། །ངལ་གྲི་གཡས་སུ་འཛིན་པའོ། །རིན་ཆེན་པདྨ་གཡོན་དུ་འཛིན། །འདི་ཡང་གསུང་རིགས་ཉི་མར་དགོང། དབང་ལྡན་རྡོ་རྗེ་ཁྲོ་བོར་གྱུར། །དཀར་པོ་ཞལ་གསུམ་ཕྱག་དྲུག་པ། །རྩེ་གསུམ་རལ་གྲི ་གཡས་ན་འཛིན། །གཡོན་དུ་རིན་ཆེན་པདྨ་འཛིན། །གསུང་རིགས་ཟླ་བ་ལ་བཀོད་སྡེ། །ཚེ་དཔག་མེད་ཀྱིས་གསུམ་པོ་བརྒྱན། །ཉི་མ་རྡོ་རྗེ་འཁྱིལ་པར་གུར། །དམ་པོ་ཞལ་གསུམ་ཕྱག་དྲུག་པ། །པདྨ་རལ་གྲི་ཕྱག་གཡས་ལ། །གཡོན་དུ་འཁོར་ལོ་རིན ་པོ་ཆེ། །རིན་ཆེན་རིགས་ཏེ་ཉི་མར་དགོད། །རིན་ཆེན་འབྱུང་ལྡན་གྱིས་བརྒྱན་པའོ། །ཟླ་བ་རྡོ་རྗེ་འོད་དུ་གྱུར། །ཞལ་གསུམ་ཕྱག་དྲུག་དཀར་པོའི་མདོག་།ུཏཔལ་རལ་གྲི་ཕྱག་གཡས་ལ། །རིན་ཆེན་པདྨ་གཡོན་དུ་འཛིན། །སྐུ་ཡི་རིགས་དེ ་ཟླ་བར་དགོད། །ཚངས་པ་ཐུབ་པའི་རྡོ་རྗེར་གྱུར། །སེར་པོ་ཞལ་གསུམ་ཕྱག་དྲུག་པའོ། །པདྨ་རལ་གྲི་ཕྱག་གཡས་པ། །ནོར་བུ་འཁོར་ལོ་གཡོན་དུ་འཛིན། །སྐུ་རིགས་འདི་ཡང་ཟླ་བར་དགོད། །ལྷ་མིན་རྡོ་རྗེ་ཐག་བཟང་གྱུར། །ནག་པོ་ཞལ་གསུམ ་ཕྱག་དྲུག་པ། །གཡས་སུ་རལ་གྲི་འཁོར་ལོ་འཛིན། །གཡོན་དུ་རིན་ཆེན་ཆུ་སྐྱེས་འཛིན། །སྐུ་ཡི་རིགས་ཏེ་ཉི་མར་དགོད། །ས་གནས་རྡོ་རྗེ་སར་གྱུར་ཏེ། །སེར་པོ་ཞལ་གསུམ་ཕྱག་དྲུག་པ། །པདྨ་རལ་གྲི་ཕྱག་གཡས་ལ། །གཡོན་དུ་རིན་ཆེན་ཆུ ་སྐྱེས་ཏེ། །སྐུ་རིགས་འདི་ཡང་ཟླ་བར་དགོད། །བཞི་པོ་རྟག་པས་བརྒྱན་པའོ། །སྒྱུ་མ་རྡོ་རྗེ་བྱིན་ཕྲ?་དང། །མ་བདག་ཤ་རློན་ཟ་བ་དང། །ལུས་ངན་ལོག་པར་འདྲོན་པ་དང། །ལྷ་དམག་ཟློག་པར་བྱེད་པ་རྣམས། །ཉི་མ་ཡི?་འོད་ཀྱི་འཁོར། ། ་རྟེན་པའི་རྒྱ་བ་ན་གནས་པའོ། །ལྷག་མ་ཟླ་བའི་རྒྱབ་བརྟེན་ཅན། །དང་པོ་རང་འོད་རེག་མ་འཁྱུད། །རྡོ་རྗེ་སྐྱིལ་མོ་ཀྲུང་གནས་པ། །ཟབ་མོ་ཡང་དག་གསལ་བའི་སྐུ། །རིན་ཆེན་སྣ་ཚོགས་རྒྱན་ལྡན་པ། །མཚན་དང་དཔེ་བྱད་ཀྱིས་འོད་གསལ། ། ་རང་རང་ཕྱོགས་ཀྱི་ནམ་མཁའ་གང། །རང་དང་དང་འདྲ་འཁོར་ཚོགས་རྣམས། །ཞལ་གསུམ་ཕྱག་དྲུག་རིག་མང་ལྡན། །ཡང་དག་བསྐྱེད་ནས་ཉེར?་བསྒྲུབ་སོགས། །ཡིད་འོད་གསལ་བ་འདུས་པ་ཡི། །གཞུང་གིས་བྱིན་བརླབས་སྦྱར་བར་བྱ། །དེ་བཞིན ་ནམ་མཁའ་མཉམ་པ་ཡི། །འགྲོ་བ་མ་ལུས་ས་བོན་གྱིས། །བཀུག་ནས་ཞལ་ཞུགས་ཞུ་བར་གྱུར། །རྡོ་རྗེའི་ལམ་འབྱུང་མཚོ་སྐྱེས་ནང། །ཡེ་ཤེས་རིམ་པ་ལྔ་ལས་བྱུང། །རྡོ་རྗེ་སེམས་དཔའ་ཨི་མོས་པ་ཡིས། །ཞུ་གྱུར་པདྨའི་ནང་གནས་པ། ། ་སྤྱན་སོགས་ལྷ་མོ་གླུ་དབྱངས་ཀྱིས། །སྐུལ་བས་ཀྵིཾ་ལ་སོགས་པ་ཡི། །ས་བོན་ཉི་ཤུ་གཅིག་ཏུ་གྱུར། །དེ་ལས་མཚན་མ་ས་བོན་མཚན། །ས་བོན་ཕྱག་མཚན་ལས་བྱུང་བ། །ས་སྙིང་ལ་སོགས་གཟུགས་བསྐྱེས? ་ནས། །སྐུ་མདོག་ཞལ་དང་ཕྱག་མཚན་རྣམས། །སྒྲུབ་པའི་ཐབས་གསུངས་གྲགས་པ་རྣམས། །ནམ་མཁའ་ཨི་ཁམས་ཀུན་སྒྲོས་པས་གང། །དེ་ལྟར་མགྲོན་རྣམས་ཀུན་སྦྱངས་ནས། །ཡོ་བྱད་རྣམས་ནི་སྟོ་གན་གནས། །གསེར་དང་དངུལ་དང་ཟངས། ། ་མའི་སྣོད། །ལྕགས་དང་ཉ་ཕྱིས་ལ་སོགས་པའི། །སྣོད་མཆོག་ནང་དུ་ཁུར་བ་དང། །ཟན་དང་སྡིག་མེད་ཤ་ཁྲག་དང། །མཛེས་པའི་ལྷ་བཤོས་ཉ་ཤ་དང། །མོན་སྲན་གྲེའུ་འོ་མདང། །ཆུ་དང་མར་མེ་དྲི་མེ་ཏོག་།ལྔག་རྒྱུ་བཏུང་རྒྱུ་བཟབ་རྒྱུ་སོགས ་རྒྱས་པ་མདུན་དུ་མཐོང་བྱ་སྟེ། །གླུ་དང་གར་དང་རལ་མོ་དང། །གདུགས་དང་རྒྱལ་མཚན་བ་དན་དང། །བླ་རེ་ལ་སོགས་མཆོད་པའི་ཚོགས། །དེ་བཞིན་ཕྱི་རོལ་ཀུན་བསྐོར་བཀོད། །མེད་ན་ཁམ་ཕོར་ལ་སོགས་ལ། །མོན་སྲན་གྲེའུ་ཆུ་ཟན ་དང། །གཞན་མ་དག་ཀྱང་རྙེད་པ་བཞིན། །ཆོ་ག་བཞིན་དུ་དབུལ་བར་བྱ། །འཁོར་ལོ་སྔ་མ་བཞིན་བསྒྲུབས་ནས། །པདྨ་ས་བོན་བཅུ་པོ་ལས། །བ་སྤུའི་བུ་ག་ལས་བྱུང་བའི། །གཟུགས་སོགས་ལྷ་མོ་སྤྲོས་པ་ཡིས། །ནམ་མཁའ་ཁམས་ཀུན ་རབ་བཀང་ནས། །མགྲོན་རྣམས་སོ་སོ་འཁྱུད་བྱས་ཏེ། །དེ་བཞིན་མེ་ཏོག་ལ་སོགས་པ། །ས་བོན་གྱིས་བསྐུལ་སོ་སོར་ཐེངས། །མཆོད་པ་མཉམ་ཉིད་བྱེ་བའི་ཕྱིར། །སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ་པུ་ཛ་བཛྲ་སྭ ་བྷཱ་བ་ཨཱཏྨ་ཀྲོ་ཧཾ། དེ་ནས་རྡོ་རྗེ་དྲིལ་བུ་ནི། །གསོར་གསིལ་བསྐོར་བའི་བདེ་བས་ཀྱང། །ལྷ་རྣམས་ཐམས་ཅད་དགེས་བྱའི་ཕྱིར། །ཆོས་ཐམས་ཅད་ཀྱིས་བསྟོད་པར་བྱ། །རྡོ་རྗེ་མི་བསྐྱེད་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་ཆེན་པོ། །རྡོ་རྗེ ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་སྒྲོགས་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་དག་ཆེན་པོ། །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་འོད་གསལ་མཆོག་གི་མཆོག་།སྟོན་པ་རྡོ་རྗེ་ཕྱག་འཚལ་ལོ། །རིན་ཆེ་ན་རྒྱལ་པོ་རབ་ཏུ་ཟབ། ། ་རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པས་གོས་པ་མེད། །རྡོ་རྗེ་སྐུ་ལ་ཕྱག་འཚལ་ལོ། །རྡོ་རྗེ་དཔག་མེད་འདོད་ཆགས་ཆེ། །མི་རྟོག་ནམ་མཁའ་ཨི་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་ཐོབ། །འོད་གསལ་རྡོ་རྗེ་ཕྱག་འཚལ་ལོ། །དངོས་གྲུབ་རྡོ་རྗེ་རྫོགས ་སངས་རྒྱས། །བསམ་པ་ཐམས་ཅད་ཡོངས་རྫོགས་པ། །རང་བཞིན་དག་པ་རྡོ་རྗེ་སེམས། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་ལོ། །དེ་ནས་ཡཾ་བྱུང་གཞུ་འདྲ་དང། །རཾ་བྱུང་གྲུ་གསུམ་མེ་དཀྱིལ་དུ། །ཡ་བྱུང་པདྨ་འདབ་བརྒྱད་ལ། །རྫས་རྣམས་མི ་འཆི་ལྔ་དུ་དམིགས། །དེ་སྟེང་ཟླ་བ་ཉི་མ་ལ། །བྲུ་སོགས་བསམས་ནས་དེའི་འོད་ཀྱིས། །རིགས་ལྔའི་སངས་རྒྱས་བཀུག་བྱས་ཏེ། །ས་བོན་ལས་ནི་ཐིམ་གྱུར་སྟོབས། །རླུང་གི་མེ་བུས་པད་ནང་གི་།བདུ་རྩི་ཁོལ་བས་གཅིག་གྱུར་ཏེ། །རླངས་པ་ཧཱུཾ ་བྱུང་རྡོ་རྗེ་དཀར། །ལྟེ་བར་ཧཱུཾ་བསམས་ཞུ་གྱུར་པས། །པད་ནང་བདུད་རྩི་ལ་བབས་ཏེ། །ཟླ་བ་ཤེལ་ལྟར་དག་བསམས་ནས། །སྟེང་དུ་ཨོཾ་བསམས་ཞུ་གྱུར་བས། །ནང་དུ་ཐིམ་བྱས་གསལ་བྱས་ཏེ། །འོད་ཟེར་ལྔ་ནི་རབ་འབར་བསམ། །དེ་ཉིད་གསུམ་གྱིས? ་གསང་སྔགས་ཉིད། །རབ་ཏུ་བཟླས་པས་བྱིན་བརླབས་ཏེ། །དེ་ལྟར་སྤྱང་བྱས་གཏོར་མ་རྣམས། །ས་བོན་གྱིས་བསྐུལ་པདྨ་ཡིས། །ནམ་མཁའ་ཨི་ཁམས་ཀུན་བཀང་བྱས་ཏེ། །ལྷ་རྣམས་ཇི་སྙེད་ཕྱག་གཡོན་བཏེག་།ཐེངས་པར་བྱས་ནས་སོ་སོ་ཡི། ། ་ལྕེ་ནི་ཧཱུཾ་ལས་རྡོ་རྗེ་ཡི། །བུམ་པར་ཧཱུཾ་བསམ་དེ་འོད་ཀྱིས། །ལྕེ་ལུས་ཆུ་ནི་འཐུངས་བཞིན་དུ། །བདུད་རྩི་འཐུངས་པས་ཟད་མེད་དེ། །དེ་ཡི་སྟོབས་ཀྱིས་གཉིས་མེད་ཀྱི། །ཡེ་ཤེས་ཡོངས་སུ་མྱོང་བར་བསམ། །དེ་ནས་ཚིགས་བཅད་འདི་རྣམས་ཀྱིས། །རབ་ཐུ ་བརྗོད་དེ་དབུལ་བར་བྱ། །ོཾ་ཕྱོགས་བཅུའི་འཇིག་རྟེན་ཁམས་གནས་པ། །དུས་གསུམ་ལས་ནི་བྱུང་བ་ཀུན། །མཁའ་དང་རྒྱ་མཚོ་སྤྲིན་གྱི་ཚོགས། །ཤིན་ཏུ་རྒྱ་ཆེ་ཕྲ་རབ་ཀྱི། །རྡུལ་གྱི་དཀྱིལ་འཁོར་སོ་སོ་ཡི། །ནང? ་དུ་གནས་པའི་ཚོགས་ཆེན་པོ། །ནམ་མཁའ་ཨི་དབྱིངས་དང་མཉམ་པ་ཡི། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན། །ཕྱོགས་བཅུ་སྐྱོང་བ་ཐམས་ཅད་དང། །སེམས་ཅན་ཁམས་རྣམས་མ་ལུས་པའི། །སོ་སོ་སྦྱོར་བའི་ཚུལ་གནས་པ། །དེ་དག་ཀྱང་ནི་འདི་ལྟ་སྟེ། ། ་རྡོ་རྗེ་མཚོན་ཆ་སྒྱུ་མ་རྡོ་རྗེ་དང། །རྡོ་རྗེ་མེ་དང་རྡོ་རྗེ་ཟད་དུས་དང། །རྡོ་རྗེ་གཏུན་དང་ཀླུ་ཡི་རྡོ་རྗེ་དང། །རྡོ་རྗེ་རླུང་དང་རྡོ་རྗེ་འཇིགས་བྱད་དང། །རྡོ་རྗེ་མཆུ་རིངས་རྡོ་རྗེ་ཁྲོ་བོ་དང། །རྡོ་རྗེ་འཁྱིལ་པ་རྡོ་རྗེ་འོད་ཆེན་དང། །ཐུབ་པའི་རྡོ་རྗེ་རྡོ་རྗེ་ཐག་བཟང་དང། །ས་ཡི་རྡོ ་རྗེ་འཁོར་རང་སོ་སོར་བཅས། །ས་སྙིང་ཕྱག་ན་རྡོ་རྗེ་ནམ་སྙིང་དང། །འཇིག་རྟེན་དབང་དང་སྒྲིབ་སེལ་ཀུན་ཏུ་བཟང། །གཟུགས་དང་སྒྲ་དང་དྲི་ཡི་རྡོ་རྗེ་མ། །རོ་དང་རེག་བྱ་ཆོས་དབྱིངས་རྡོ་རྗེ་དང། །སྤྱན་མ་དང་ནི་མཱ་མ་ཀཱི་དང་ནི། །ན་ཛའ་དཀར་མོ་དམ་ཚིག ་སྒྲོལ་མ་དང། །རྣམ་སྣང་མཛད་དང་རིན་ཆེན་དབང་ཕྱུག་དང། །སྣང་མཛའ་ཡས་དང་དོན་ཡོད་གྲུབ་པ་རྣམས། །མི་བསྐྱེད་པ་ཡི་ཚོགས་ཆེན་ཐམས་ཅད་ལ། །བདག་གིས་མེ་ཏོག་དང་ནི་སྤོས་དང་ནི། །མར་མེ་དྲི་ཞིམ་ཞལ་ཟས་དམ་པ་དབུལ། །རོལ་མོ་ལ ་སོགས་དག་དང་ལྡན་པ་ཡི། །གཏོར་མའི་ཡོ་བྱང་འདི་ནི་ཐུགས་རྗེ་ཡིས། །བཞེས་ཤིང་དགོངས་ཤིག་བདག་ལ་རབ་ཏུ་དགོངས། །བདག་ལ་གསེར་དང་དངུལ་དང་མགྲོན་བུ་དང། །ནོར་ཕྱུག་ཚེ་རིང་བ་དང་བཞོན་པ་དང། །ན་ཚ་མེད་དང་དམ་ཚིག་བདེ་བ་ཀུན། ། ་འཕྲོག?་པར་བྱེད་པ་བགེགས་ཀྱི་སྡ་དཔོན་དང། །གདུག་དང་ཤིན་ཏུ་བདུག་པ་ཅན་དག་དང། །མི་དང་མི་མ་ཡིན་པ་ཐམས་ཅད་དག་།རྨུགས་པར་གྱིས་ཤིག་རབ་ཏུ་རྨུགས་པར་གྱིས། །ཆིངས་ཤིག་ཆིངས་ཤིག་ཁྱེད་ཀྱིས་ཡང་དག་ཆོམ། །དེ་བས་ཇ?་ཡི ་འགྲོན་བུ་གསེར་དངུལ་དང། །ནོར་གྱི་འབྱོར་དང་ཚེ?་ནི་རིང་བ་དང། །གཞོན་པ་དང་ནི་ན་ཚ་མེད་ལ་སོགས། །བདེ་བ་ཆེན་པོ་རབ་ཏུ་འཕེལ་བར་མཛོད། །བདག་ནི་བྱང་ཆུབ་སྙིང་པོ་མ་ཐོབ་པར། །ཁྱེད་རྣམས་བདག་གི་གྲོགས་ལ་རྟག་ཏུ་སྤྱོན། །བདག ་གི་ནད་རྣམས་དག་ནི་ཞི་བ་དང། །བདག་ལ་བགེགས་ཀྱི་གནོད་པ་ཞི་བར་གྱིས། །ཀྱེ་བཅོམ་ལྡན་འདས་ནི་རྡོ་རྗེ་འཛིན་པ་མཆོག་།སྐྱོན་ཅན་ཀུན་གྱི་ཕྱག་རྒྱ་གཤིག་པ་པོ། །བདག་གིས་གཏོར་ཕུལ་བདག་ལ་ཞི་བ་དང། །དུས་འདི་ནས་ནི་སྲུང་པ ་མཛད་དུ་གསོལ། །དེ་ལྟར་འདོད་བཞིན་གསོལ་བཏབ་ནས། །དེ་དག་རྣམས་ཀྱང་མཐུན་པ་རུ། །བདག་ལ་དངོས་གྲུབ་གནང་བསམས་ནས། །མགྲིན་གཅིག་ཏུ་ནི་ལེགས་སོ་ཞེས། །གསུངས་པའི་ཀུ་ཅོས་ཁམས་བཀང་བའི། །སྒྲ་ཀུན་གྲགས་པར་དམིགས ་ནས་སུ། །ཚིགས་བཅད་འདི་ཡིས་བཤགས་པར་བྱ། །འཇིག་རྟེན་འདི་ན་འཁོད་པའི་མགྲོན་རྣམས་ཀུན། །ཕྱོགས་སྐྱོང་སེམས་ཅན་ཀུན་དང་ལྷ་ཡི་ལྷ། །རང་བཞིན་གྱིས་གྲུབ་སྦྱོར་བས་སྦྱངས་པ་རྣམས། །བདག་ནི་བརྩོན་དང་མི་ལྡན་བཀྲེན་ཆེན་ཏེ། ། ་མཆོད་གཞན་ཅི་ཡང་བདག་ལ་མ་མཆིས་ན། །གཞན་དོན་དགེངས་པའི་མགོན་པོ་ཁྱེད་རྣམས་ཀྱིས། །ཐུགས་དང་མི་འགལ་རང་གི་མཐུས་བཞེས་ཤིག་།བདག་ནི་རྣམ་གཡེང་རྨུགས་དང་ལེ་ལོ་ཡིས། །སེམས་མ་འདུས་དང་མི་གསལ་ལ་བསྒྲུབས་པ ་མགོན་པོ་ཁྱེད་རྣམས་ཐུགས་དང་འགལ་བ་གང། །རང་བཞིན་བདག་གིས་ཆོས་གཟིགས་བཟོད་པ་མཛོད། །དེ་ལྟར་བརྗོད་པས་དགའ་འགྱུར་ཏེ། །འགལ་བ་དག་ནི་སོས་པར་དམིགས། །ཡང་ན་ཨ་ཡིས་དང་པོར་རྫོགས། །བརྗོད་པ་བྱིན་བརླབས ་གཏོར་མ་དབུལ། །དེ་ནས་རྡོ་རྗེ་དྲིལ་བུ་དང་ལྡན་པའི། །བདེ་བའི་དབྱིངས་རབ་བརྗོད་བྱ་སྟེ། །བསྐོར་ནས་པདྨའི་ལག་བསྐོར་ལྔ། །བྱས་ནས་སྔགས་འདིས་གཤེགས་སུ་གསོལ། །ོཾ་སེམས་ཅན་དོན་ཀུན་བྱས་ནས་སུ། །རང་གི་ཡུལ་དུ་གཤེགས་སུ་གསོལ། ། ་ཡང་ནི་བྱོན་པར་མཛོད་ཅིག་མུ:། །གཤེགས་གསོལ་ཡི་གེ་བརྒྱ་པ་ཡིས། །ལས་ཀྱི་སྐྱོན་ཀུན་གསལ་བར་བྱ། །ོཾ་བཛྲ་སཏྭ་ས་མ་འགམ་ནུ་པཱ་ལ་ཡ། བཛྲ་སཏྭ་ནོ་པ་ཏི་ཥྛ་དྲི་ཌཏ་མི་བྷབ་ཨ་ནུ་རཀྟོ་མེ་བྷ་བ་སུ་ཏོ་ཌཡོ་མེ་བྷ་བ་སུ་པོ་ཥྱོ་པ་ལྷ ་སརྦ་སིདྡྷི་མམེ་པྲ་ཡཙྪ། །སརྦ་ཀརྨ་སུ་ཅ་མེ། ཙིཏྟཾ་ཤྲེ་ཡཾ(རྒྱུད་འགྲེལ་མ་ས་ཕྱོགས་གཙང་སར་སྤུང། །ཆུ་གནས་སེམས་ཅན་རྣམས་དང་ནི། །མེ་ནི་དབུལ་བ་རྣམས་ལ་སྦྱིན། །ཁྱི་དང་བྱ་རོག་ལ་སོགས་ལ། །ནན་ཏན་གྱིས་ནི་སྦྱིན་མི་བྱ། །དེ་བཞིན་དེ་ཡི་རིམ་པ་ཡིས། །ཞི་བ་ལ་སོགས་ཇི་བཞིན་དང། །རང་འདོད ་མ་ས་ཕྱོགས་གཙང་སར་སྤུང། །ཆུ་གནས་སེམས་ཅན་རྣམས་དང་ནི། །མེ་ནི་དབུལ་བ་རྣམས་ལ་སྦྱིན། །ཁྱི་དང་བྱ་རོག་ལ་སོགས་ལ། །ནན་ཏན་གྱིས་ནི་སྦྱིན་མི་བྱ། །དེ་བཞིན་དེ་ཡི་རིམ་པ་ཡིས། །ཞི་བ་ལ་སོགས་ཇི་བཞིན་དང། །རང་འདོད ་ཕྱོགས་སུ་ཁ་བལྟས་ཏེ། །དེ་ཡི་ཁ་དོག་འཁོར་ལོར་ལྡན། །སྔོན་བཞིན་ཕྱོགས་སུ་སྐྱོང་བ་རྣམས། །བཀུག་ནས་བསམ་པའི་ཉོན་མོངས་བསལ། །ཤེས་བྱའི་སྒྲིབ་པ་ཡང་གསལ་ནས། །དེ་དག་སྟོང་བྱས་ས་བོན་ལས། །བསྲེགས་ནས་རྗེ་དཔོན་དུ་གྱུར་པ ་ཡི་དམ་ལྷ་ཡི་ཕྱག་མཚན་སོགས། །སྤྲོ་དང་བསྡུ་བ་བྱས་ནས་སུ། །སྔ་མའི་རྟེན་ནི་གྱུར་བྱས་ནས། །ཐམས་ཅད་ཀུན་མཁྱེན་སྐུ་ཐོབ་བྱ། །འཕྲོ་བའི་ཟེར་བྱུང་ཐུགས་དབང་གིས། །ཕྱོགས་བཅུ་ཁམས་ཀུན་ཁྱབ་པར་བྱས། །སྐུ་དང་མཁྱེན་པ་བྱེད་པ ་དབང། །རྒྱས་བཏབ་མཚན་ཉིད་ཤེས་བྱས་ནས། །མྱུར་བ་ས་བོན་སོགས་ཚུལ་གྱིས། །མཆོད་བྱས་དགོས་བྱས་ཚིམ་པར་བྱས། །གཏོར་མ་སྔོན་བཞིན་བྱིན་བརླབས་ནས། །ཕུལ་ཏེ་ཚིམ་བྱས་གཉིས་མེད་ཀྱི། །ཡེ་ཤེས་ཡོངས་སུ་མྱོང་བར་བསམ། ། ་ཡིད་ཀྱིས་རྡོ་རྗེ་དྲིལ་བཟུང་ནས། །མི་བསྐྱོད་ལས་གོས་ཚིགས་བཅད་ཀྱིས། །བསྟོད་པས་དགྱེས་ཏེ་ལན་ཅིག་གསུངས། །དེ་ནས་ཕྲིན་ལས་བསྒྲུབ་པ་རྣམས། །བསྒྲུབ་བྱའི་དོན་དུ་གསོལ་བ་གདབ། །འདི་ཡིས་གཏོར་མ་བྱིན་བརླབ་སྔགས། །ོཾ་ཨཱ(རྒྱུད་འགྲེལ་སརྦ་དུཥྚ་ན་ས་མ་ཡ་མུ་དྲཾ་པྲ་བྷཾ་ཛ་ཀ་མ་མ་ཤནྟི་ཀུ་རུ་སྭཱཧཱ་འཧཱུཾ། དེ་བཞིན་རྒྱས་པའི་མཛའ་རུ་ཨོཾ། །པུཥྚི་ཀུ་རུ་ཞེས་བྱའོ། །པ་ཤཾ་ཀུ་རུ་ཞེས་བྱའོ། །མངོན་སྤྱོད་ལ་ནི་ཧཱུཾ་དང་ཕཊ། །མཱ་ར་ཡ་ནི་ཞེས་བྱའོ། །དགུག་པའི་མཛའ་རུ་ཛ་ཞེས་བྱའོ། ། ་བསྐྲད་པ་ལ་ནི་ཕཊ་མཐར་བཞག་།ུ་ཙ་ཏ་ཡ་ཞེས་པའོ། །དེ་བཞིན་ལས་ཀྱི་བྱེ་བྲག་གིས། །ཇི་ལྟར་འདོད་པ་བཞིན་དུ་སྦྱར། །སྔོན་དུ་གསུངས་པའི་སྔགས་རྣམས་བརྗོད། །དེ་དག་རབ་ཏུ་དགྱེས་བསམས་ནས། །རང་གི་གནས་སུ་གཤེགས་སུ་གསོར? ་དེ་ལྟར་མ་ལུས་བསྟན་པ་ཡི། །གཏོར་མའི་ཆོ་ག་མཆོག་འདི་ནི། །བླ་མ་མཆོག་གིས་ལེགས་སྦྱངས་པའི། །སེམས་དུལ་དང་ལྡན་བརྩོན་འགྲུས་ཅན། །གསང་ཤེས་དེ་ཉིད་རིགས་པ་པོ། །དཀྱིལ་འཁོར་ལ་སོགས་རྟོག་པའི་ཚོགས། །ཤེས་ཤིང ་སྒྲུབ་པ་ལྷུར་ལེན་པ། །དེ་ལ་འདི་ནི་སྦྱིན་པར་བྱ། །གང་ཞིག་བླ་མ་ལ་མི་གུས། །དང་མེད་འཇུངས་པ་རྣམ་གཡེང་བ། །ལེ་ལོས་སེམས་སྦྱོང་རྣམ་སྤངས་པ། །བླུན་ཆེན་དེ་ལ་སྦྱིན་མི་བྱ། །བདག་གིས་གཏོར་མའི ་ཆོ་ག་འདི་བྱས་དགེ་བ་ཡིས། །རྣལ་འབྱོར་འདི་སྒྲུབ་བར་ཆད་ཞི་ཞིང་འདོད་དོན་གྲུབ། །གཙུག་ལག་ཚད་མས་རྣལ་འབྱོར་ཆེན་པོའི་ལམ་བགྲོད་དེ། །བཅུ་གསུམ་དགེ་བ་རྡོ་རྗེ་འཛིན་པའི་སར་འགྲོ་ཤོག་།གཏོར་མ་ཆེན་པོའི་རིམ་པ་སློབ་དཔོན་ཆེན ་པོ་བི་ཏ་པཱ་ངས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུ་ཧ་དང། བོད་ཀྱི་ལོ་ཙ་བ་ཆེན་པོ་མངའ་བདག་ལྷ་ཡེ་ཤེས་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པོ།། །། ་