| Wylie | e-texts based on the ACIP/ALL Input |
*། (།དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་འཇིག་རྟེན་སྣང་བྱེད་ཅེས་བྱ་བའི་འགྲེལ་པ་སློབ་དཔོན་ཆེན་པོ་བི་ཏ་པཱ་ཏས་མཛད་པ་བཞུགས་སོ།)་། *། །རྒྱ་གར་སྐད་དུ། ཤྲཱི་གུ་ཧཡ་ས་མཱ་ཛ་མཎྜ་ལ་ནོ་པི་ཀ་ཊཱི་ཀཱ། བོད་སྐད་དུ་དཔལ་གསང་བ་འདུས་པའི་དཀྱིལ ་འཁོར་གྱི་སྒྲུབ་པའི་ཐབས་རྣམ་པར་བཤད་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྣམ་རྟོག་དྲ་བ་གཏན་བཅོམ་ནས། །ཟབ་ཅིང་ལེགས་པར་གསལ་བའི་སྐུ། །ཀུན་ཏུ་ཕྲོད་པའི་བརྩོན་འགྲུས་ལྡན། །འཇམ་དབྱངས་དཀྱིལ་འཁོར་ལ ་བཏུད་དེ། །དཔལ་ལྡན་གསང་བ་འདུས་པ་ཡི། །དཀྱིལ་འཁོར་གྱི་ནི་ཆོ་ག་མཆོག་།འཇིག་རྟེན་སྒྲོན་མ་ཞེས་བྱ་བ། །བླ་མ་བརྒྱུད་རིམ་བཞིན་དུ་བཤད། །དེ་ལ་རབ་ཏུ་བྱེད་པ་རྩོམ་པར་འདོད་པའི་རྗེ་བཙུན་འདིས། འདོད་པའི་ལྷ་མཆོད་པས ་བསོད་ནམས་འཕེལ་ཞིང་བགེགས་ཀྱི་བར་ཆོད་མི་འོང་བར་བསམ་པ་རྫོགས་པར་བྱ་བའི་ཆེད་དུ་དེ་ཉིད་བྱས་ནས། ཡང་དག་པའི་ཤེས་རབ་དང་ལྡན་པ་རྣམས་འཇུག་པའི་རྒྱུ་གསུངས་སོ། །དེ་ལ་ཤེས་བྱའི་སྒྲིབ་པ་ལ་སོགས་ཞེས་བྱ་བ ་ནས་བཏུད་དེ་ཞེས་པའི་བར་གྱིས་མཆོད་པ་དང་བསྟོད་པ་དང་ཕྱག་འཚལ་པའོ། །གང་གི་ཕྱིར་གོ་རིམ་བཞིན་དུ་མཉེས་ཤིང་ཡང་དག་པའི་ཡོན་ཏན་བརྗོད་པ་དང་ལུས་ངག་གིས་བཏུད་པའི་དངོས་པོ་ལ་ཤེས་པར་བྱའོ། །ཤེས་བྱའི ་སྒྲིབ་སོགས་ངེས་པར་གྲོལ་ཞེས་པ་ནི་ཤེས་བྱའི་སྒྲིབ་པ་ལ་སོགས་པ་ལས་དབང་བསྐུར་བ་ལ་སོགས་པའི་རིམ་པས་འོད་གསལ་བར་ཞུགས་ནས་ངེས་པར་གྲོལ་བ་ཟབ་མོའི་ངོ་བོ་སྟེ་སྤངས་པའོ། །མེ་ལོང་ཡེ་ཤེས་ལ་སོགས་ལྡན་ཞེས ་པ་ནི་དེའི་དུས་ན་ཀུན་གཞི་ལ་སོགས་པ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པར་གནས་གྱུར་ཅིང་སྐུར་གསལ་བ་སྟེ་ཡེ་ཤེས་དེས་ནི་རང་གི་དོན་ཕུན་སུམ་ཚོགས་པ་གསུངས་སོ། །གཞན་གྱི་དོན་ཕུན་སུམ་ཚོགས་པ་གསུངས་པ། འཇམ ་དཔལ་གསང་བའི་འཁོར་ལོ་མཆོག་ཅེས་པ་ནི་གང་འཇམ་དཔལ་ལས་བྱུང་བའི་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་ནི་འཁོར་ལོ་མཆོག་སྟེ། སྐུ་གསུམ་གྱིས་འཕྲོ་བའི་དོན་བྱེད་པ་ཡིན་ནོ། །ཞེས་གསུངས་པའི ་པའི་ཕྱིར་རོ། །བཏུད་ཅེས་པ་ནི་ཟབ་མོ་གསལ་བར་དགོངས་པའི་ཕྱིར་ཡིད་ཀྱིས་བཏུད་པ་ཡིན་ལ། ལུས་དང་ངག་ནི་དེའི་རྗེས་སུ་འབྲང་བའི་ཕྱིར་དེ་གཉིས་ཀྱི་དག་ཀྱང་མཐོང་བར་བྱའོ། །རང་དྲན་ཕྱིར་དེ་ཉིད་ཅེས་པ་ནི་བློ་གྲོས་ཅན ་གྱིས་འཇུག་པའི་ཡན་ལག་དགོས་པ་ལ་སོགས་པ་སྟོན་ཏོ། །དེ་ལ་བདག་གིས་སམ་གཞན་གྱིས་དྲན་པ་གང་དེ་དགོས་པའོ། །འཇམ་དཔལ་གྱི་དཀྱིལ་འཁོར་གྱི་རང་བཞིན་ནམ་རྒྱུད་ལས་ཡང་དག་པར་བསྟན་པ་ནི་བརྗོད་པར་བྱའོ།། ་རབ་ཏུ་བྱེད་པ་དང། དགོས་པ་གཉིས་ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་ཀྱིས་འབྲེལ་པར་གནས་སོ། །དགོས་པ་བསྟན་པའི་སྟོབས་ཀྱིས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་མངོན་པར་འདུ་བྱེད་པའི་དགོས་པའི་དགོས་པའོ།། ་དེ་རྣམས་དང་ལྡན་པ་ནི་ཆོས་ཡང་དག་པའོ། ཞེས་གསུངས་པའི་ཕྱིར་རོ།། །།ད་ནི་སྒྲུབ་པ་པོ་དང་སྒྲུབ་པའི་གནས་དང། བསྒྲུབ་པར་བྱ་བ་ཕུན་སུམ་ཚོགས་པ་གསུང་བར་རིགས་པ་ལ། འབྲས་བུ་མངོན་དུ་བྱེད་པ་ལ་སྒྲུབ་པ་པོ་ནི ་རྒྱུ་ཡིན་པ་འམ་གཙོ་བོ་ཡིན་པའི་ཕྱིར་དེའི་ཕུན་སུམ་ཚོགས་པ་དང་པོར་གསུངས་པ། དཔལ་ལྡན་ཞེས་ལ་སོགས་པའོ། །དེ་ལ་དཔལ་ལྡན་འདུས་པ་ཞེས་བྱ་བ་ནི་རྣལ་འབྱོར་ཆེན་པོའི་རྒྱུད་གསང་བ་འདུས་པའོ། །དེའི་ཚུལ་ཞེས་པ་ནི་གཞུང ་སྟེ། གཞུང་ལུགས་ཀྱིས་བླ་མ་དམ་པ་བསྙེན་བསྐུར་བ་ལས་བྱུང་བའི་ཕྱིར་རོ། །དཀྱིལ་འཁོར་ཞེས་པ་ནི་ཡིད་ཀྱིས་སམ་རྡུལ་ཚོན་གྱིས་སོ། །མན་ངག་རིམ་པ་འདི་ཡིས་ཞེས་པ་ནི་འོག་ནས་འབྱུང་བའི་རིམ་པས་བླ་མ་རྣམས་ལས ་གང་ཡང་རུང་བ་གཅིག་མཉེས་པར་བྱ་སྟེ་ཆོ་ག་མ་ཚང་བ་མེད་པའི་དཀྱིལ་འཁོར་གཉིས་གང་རུང་དུ་འོག་ནས་འབྱུང་བའི་རིམ་པས་ཞུགས་ནས་ཤེས་པའི་དོན་ཏོ། །ཆུ་ལ་སོགས་པ་ཅེས་པ་ནི་ཆུའི་དབང་དང་པོར་བྱས་པའི་ཅོད་པན་དང་རྡོ ་རྗེ་དང་བདག་པོ་དང་མིང་རྡོ་རྗེ་སློབ་དཔོན་དང་བཏུལ་ཞུགས་དང་ལུང་བསྟན་པ་དང་དབུགས་འབྱུང་བ་དང་རྗེས་སུ་གནང་བ་མཛའ་བསྐུར་ཞེས་པའོ། བླ་མས་དེ་ལ་ཞེས་པ་ནི་རྒྱུད་ལས་གསུངས་པའི་མ་ནོར་བའི་ལམ་དུ་རྟེན་པ་པོས་བུམ་པའི་དབང་རྣམས ་བསྐུར་ཞེས་སྦྱར་རོ། །གསང་བའི་དཀྱིལ་འཁོར་ཞེས་པ་ནི་གོང་དུ་བསྟན་པའི་དཀྱིལ་འཁོར་དེ་ཉིད་དུའོ། །དེ་ཉིད་ཐོབ་ཅེས་པ་ནི་འོག་ནས་བསྟན་པ་རྣམས་ཐོབ་པའོ། །དངོས་གང་ཞེས་ན། གསང་དང་ཤེས་རབ་དབང་བསྐུར་བས་ཞེས་པ་ནི ་གོང་དུ་སྨོས་པ་དེ་དག་དང་བཅས་པར་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པ་ཅེས་པའི་དོན་ཏོ། །གསང་ཤེས་ཞེས་པ་ནི་བླ་མ་བརྒྱུད་པ་ལས་འོངས་པའི་གསང་བ་དང་མཆོག་ཏུ་གསང་བ་རྡོ་རྗེའི་ཚིག་ཏུ་གཏོགས་པ ་བླ་མས་ཤེས་པའོ། །རྣལ་འབྱོར་དེ་ཉིད་ཅེས་པ་ནི་ཞི་བ་ལ་སོགས་པའི་ལས་ཀྱི་བྱེ་བྲག་བསམ་གཏན་ལ་བརྟན་པ་རྣམས་རྟོགས་པའོ། །ཐེག་གསུམ་ས་མཚམས་དེ་ཉིད་ཤེས་ཞེས་པ་ནི་ཉན་ཐོས་དང་རང་སངས་རྒྱས་དང་ཐེག་པ་ཆེན ་པོའོ། །བསམ་པ་ཐ་དད་པའི་དབྱེ་བ་སོ་སོར་བསྟན་པའོ། །འོན་ཀྱང་ཐེག་པ་མང་པོ་རྣམས་ནི་སེམས་ཐ་དད་པའོ། །ཇི་སྐད་དུ་ལངཀར་གཤེགས་པ་ལས། ལྷ་དང་ཚངས་པའི་ཐེག་པ་ནི། །ཉན་ཐོས་རྣམས་ཀྱི་དེ་བཞིན་དང། །རང་རྒྱལ་དེ་བཞིན ་གཤེགས་པ་དང། །ཐེག་པ་ཆེ་དག་བདག་གིས་བསྟན། །སེམས་ནི་ཇི་སྲིད་ཡོད་ཀྱི་བར། །ཐེག་པའི་མཛའ་ལ་ཐུག་པ་མེད་ཅེས་གསུངས་པའི་ཕྱིར་རོ། །འདིར་འཇིག་རྟེན་ལས་འདས་པའི་ཐེག་པ་གསུམ་གྱིས་ས་མཚམས་ཀྱི་དེ་ཁོ་ན་ཉིད་རིག་པའོ།། ་རིག་པ་ཅེས་པ་ནི་ཕྲེང་བའི་སྔགས་ལ་སོགས་པ་ལ་ལས་ཀྱི་བྱེ་བྲག་གིས་བསྐུལ་བ་དང་བཅས་པའི་རིག་པའོ། །སྙིང་པོ་ཞེས་པ་ནི་ཧཱུཾ་ལ་སོགས་པའི་ས་བོན་ནོ། །སྔགས་ཞེས་པ་ནི་དབྱུང་བ་དང་བསྐུལ་བའོ། །ཕྱག་རྒྱ་ཞེས་པ། ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའོ། །ཏིང་འཛིན་རིམ་པ་གསུམ་དག་དང་ཞེས་པ་ནི་དང་པོ་ལ་སོགས་པ་ཡན་ལག་དང་བཅོས་པ་རྟོགས་པའོ། །ཐུན་མོང་ཞེས་པ་རིག་པ་འཛིན་ལ་སོགས་པ་སྟེ། སའི་དབང་ཕྱུག་དང་འཕགས་པ་ཉན་ཐོས། ་དང། འཇིག་རྟེན་པའི་ལྷ་ཆེན་པོ་དང་རྣལ་འབྱོར་རྒྱུད་ཀྱི་ལ་སོགས་པ་དང་ཐུན་མོང་དུ་གྱུར་པའོ། །ཅིག་ཤོས་དངོས་གྲུབ་ཅེས་པ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེ། རྒྱུད་ཚུལ་གྱིས་རྣམ་དབྱེ་ཤེས་ཞེས་པ་ནི་རྒྱུད་འདིའི་རིམ་པས ་སྒྲུབ་པའི་ཐབས་ལ་སོགས་པའི་རྣམ་པའི་དབྱེ་བ་ཤེས་པའོ། །དམ་ལྡན་རྩ་བའི་ལྟུང་བྱེད་བཅུ་བཞི་ནི་སྤང་བར་བྱ་བའོ། །གསོད་པ་ལ་སོགས་པ་དང་བདུད་རྩི་ལ་སོགས་པ་ནི་བསྲུང་བར་བྱ་བའོ། །སྡོམ་པ་ལ་གནས་པ་ཞེས་པ་ནི། སྤོམ་པོའི ་ལྟུང་བྱེད་ནི་བསྲུང་བར་བྱ་བའོ། །སྤྱོད་ཡུལ་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པར་བལྟ་བ་ནི་བསྲུང་བར་བྱའོ། །ཤེས་རབ་རྣལ་འབྱོར་ལ་བརྩོན་པ་ཅེས་པ་ནི་འདིའི་གཞུང་ལུགས་ཀྱིས་མངོན་པར་བྱང་ཆུབ་པའི་སྙིང་པོ་ཡིན་པས་ན་དེ་དང་པོ ་སྦྱོར་བ་ལ་བརྩོན་ཞིང་དེའི་རྣལ་འབྱོར་ལ་གནས་པའོ། །སྔགས་རྒྱུད་སྦྱོར་བ་རབ་ཤེས་པ་ཞིས་པ་ནི་ལེའུ་བཞི་པ་ལས་གསུངས་པའི་སྔགས་དང་འབྲེལ་བ་སྦྱོར་བཞི་པ་ལ་སོགས་པའི་དབྱེ་བ་དང་བུམ་པ་རྣམས་སྟ་གོན་དུ་གནས་པ་ལ ་སོགས་པ་ཤེས་པའོ། །སྔགས་དང་བསམ་གཏན་དང་རྫས་རྣམས་འབྲེལ་བའི་ཕྱིར་རོ། །སེམས་ཅན་དོན་བསྒྲུབ་འོས་པ་ཡིན་ཞེས་པ་ནི་ལས་དེ་རྣམས་ཀྱི་སྒོ་ནས་སོ། །འོ་ན་བླ་མ་ཆེན་པོའི་ཞལ་ནས་གསུངས་པའི་སྒྲུབ་པ་པོའི་མཚན་ཉིད ་ལས་གཞན་པ་ཅི་ཡིན་ནོ་སྙམ་པ་བསལ་བའི་ཕྱིར་གཏོང་བ་ཞེས་པ་ལ་སོགས་པའོ། །གཏོང་བ་ཞེས་པ་ནི་སྦྱིན་པའོ། །བརྟན་པ་ཅེས་པ་ནི་བསམ་གཏན་ནོ། །དེ་དང་པོར་བྱས་པའི་ཚུལ་ཁྲིམས་ལ་སོགས་པ་རྟོགས་པར་བྱའོ། །དེའི་ཡོན་ཏན་འདི ་མཆོག་ཡིན་ཞེས་པ་ནི་འདིའི་གཞུང་ལུགས་ཀྱི་རྗེས་སུ་སྤྱོད་པ་ནི་ཡོན་ཏན་དུ་གསུངས་སོ། །དེ་མ་ཡིན་པར་གྱུར་ན་ལོག་པར་སྣང་བར་འགྱུར་བའི་ཕྱིར་རོ། །བརྗོད་པའི་ཡོན་ཏན་མི་ལྡན་ཞེས་པ་ནི་གོང་དུ་སྨོས་པའི་ཡོན་ཏན་རྣམས་དང་མི་ལྡན ་ན་སེམས་ཅན་གྱི་དོན་མང་པས་སྒྲུབ་པ་པོ་མ་ཡིན་ནོ། །དེ་ལྟར་ཐུན་མོང་གི་སྒྲུབ་པའི་མཚན་ཉིད་གསུངས་ནས། ཁྱད་པར་དུ་བྲི་བའི་མཚན་ཉིད་གསུངས་པ་བརྩེར་ལྡན་ཞེས་པ་ལ་སོགས་པའོ། །བརྩེར་ལྡན་ཞེས་པ་ནི་སྙིང་རྗེ་དང་ལྡན་པའོ། བརྟུལ ་ཞུགས་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་མི་གཏོང་བ་ལ་སོགས་པའི་ཆོས་སུ་གསུངས་པའོ། །བཟླས་ལྡན་ཞེས་པ་ནི་རང་གི་ལྷའི་བཟླས་པ་བྱས་པས་བསྟེན་པ་འམ། གྲུབ་པའི་མཚན་མ་མཐོང་བའམ། མ་ཐོབ་པ་ཅེས་པའི་དོན་ཏོ། །དད་ལྡན་ཞེས་པ་ནི ་དད་པ་དང་ལྡན་པས་དམིགས་པ་ལ་མི་འཁྲུལ་པའི་ཕྱིར་རོ། །ཟབ་མོའི་དེ་ཉིད་ཤེས་པ་ནི་བསམ་གྱིས་མི་ཁྱབ་པའི་དངོས་པོ་ཐམས་ཅད་ཀྱི་དེ་བཞིན་ཉིད་རྟོགས་པའོ། །རང་གི་འཁོར་གནས་སྔོན་བསྙེན་པ་བྱས་ནས་ཤེས་པ་ནི་རང་གི་དཀྱིལ ་འཁོར་གྱི་འཁོར་ལོ་ལ་གནས་ནས་དང་པོའི་ལས་ཅན་གྱི་ཐུན་མཚམས་བཞིར་འོག་ནས་འབྱུང་བའི་རིམ་པས་དང་པོའི་རྣལ་འབྱོར་ལ་སོགས་པ་ཡན་ལག་དང་བཅས་པས་སྔོན་དུ་བསྙེན་པ་བྱ་ཞིང་དཀྱིལ་འཁོར་བྲི་བར་བྱ་ཞེས་པ་ནི་སློབ་མ ་རྣམས་དབང་བསྐུར་བའི་དཀྱིལ་འཁོར་བྲི་བར་བྱ་བའི་དོན་ཏོ། །དེ་བཞིན་དུ་ཅུང་ཟད་ཡེ་ཤེས་ལ་དབང་ཐོབ་པ་དང་ཡེ་ཤེས་ལ་དབང་ཐོབ་པས་ཀྱང་རང་གི་འཁོར་ལོ་ལ་གནས་ནས་ཉེ་བའི་སྒྲུབ་པ་ལ་སོགས་པ་ཡན་ལག་དང་བཅས་པ་དང། ་ཡི་གེ་གསུམ་གྱི་མཚན་ཉིད་བཟླས་པ་ཅན་གྱིས་ཐུན་མཚམས་བཞིར་རམ། ཉིན་མཚན་དུ་བསྙེན་པ་བྱས་ཅི་རིགས་པར་སློབ་མ་རྣམས་དབང་བསྐུར་བ་དང་རང་ཉིད་དངོས་གྲུབ་བསྒྲུབ་པའི་དཀྱིལ་འཁོར་བྲི་བར་བྱའོ་ཞེས ་པའི་དོན་ཏོ།། །།གནས་ཕུན་སུམ་ཚོགས་པ་གསུངས་པ་གང་ཞིག་ཅེས་པ་ལ་སོགས་པ་ནི་གང་ཡང་རུང་བ་ཞེས་པའི་དོན་ཏོ། །ཡིད་འོང་གནས་སུ་ནི་ཞེས་པ་ནི་མེ་ཏོག་ལ་སོགས་པས་ཡིད་དགའ་བའི་ཡུལ་ཐམས་ཅད་ཡིན་ནི ་ཞེས་པའི་དོན་ཏོ། །ཡང་ན་གང་ཡང་རུང་བའི་གནས་སུ་སྔོན་དུ་བསྙེན་པ་བྱས་ནས། ཡིད་དུ་འོང་བའི་གནས་སུ་དཀྱིལ་འཁོར་བྲིའོ། །ཞེས་གཞན་དག་ཀྱང་བཤད་དོ། །གོང་དུ་གསུངས་པའི་གནས་དེ་ཕྱིའི་ཚུལ་གྱིས་དག་པར་བྱ་བ ་གསུངས་པ་ཙན་དན་མཆོག་ལ་སོགས་པས་བྱུག་ཅེས་པ་ནི་དེར་སྟེགས་བུ་གྲུ་བཞིར་བྱས་པ་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོ་ཙན་དན་ལ་སོགས་པས་བྱུག་ཅིང་དྲི་ཞིམ་པོའི་མེ་ཏོག་ཁ་དོག་དང་དབྱིབས་སྣ་ཚོགས་པ་ཡང ་ཀུན་ཏུ་དགྲམ་པར་བྱའོ་ཞེས་པའི་དོན་ཏོ།། །།ད་ནི་སྔོན་དུ་བསྙེན་པ་བྱས་ནས་སུ་སྙེན་པའི་བྱས་པའི་རང་བཞིན་ལ་དང་པོ་རྣལ་འབྱོར་གསུངས་པ་ནང་ཞེས་པ་ལ་སོགས་པའོ། །ནང་པར་ཞེས་པ་ནི་སྒྲུབ་པ་པོ་ཕལ་ཆེར་དེའི་དུས ་སུ་གཡེང་བ་དང་བྲལ་བའི་ཕྱིར་རོ། །ཡང་ན་བྱམས་པས་བསྐལ་བའི་རྣལ་འབྱོར་པ་ཁྱད་པར་དུ་དལ་བའི་དུས་ཡིན་ནོ། །ཡང་ན་ཐུན་མཚམས་ཀྱི་དང་པོ་ཡིན་པའི་ཕྱིར་ཡང་གསུངས་སོ། །ཤར་ལྟས་འདུག་ནས་ནི་ཞེས་པ་ནི་རང་གི་ལྷ ་དང་མཐུན་པར་བྱ་བའི་ཕྱིར་བདེ་བའི་སྟན་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་འདུག་ནས་ནི་ཞེས་པའོ། །རྣམ་པར་ཐར་པའི་སྒོ་དག་ཅེས་པ་ནི་སྟོང་པ་ཉིད་ལ་སོགས་པས་སྙིང་པོའི་ས་བོན་ལ་སོགས་པས་དག་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཟབ་མོ་དང ་གསལ་བའི་ངང་གིས་སེམས་དག་པར་འགྱུར་བའི་དོན་དུ་སྟོང་ཉིད་ལ་སོགས་པ་ནི་ཐམས་ཅད་དུ་རྟོགས་པར་བྱའོ། །རང་སྙིང་ཟླ་བར་འོད་འབར་མམ་ཞེས་པ་ནི་སྨོན་ལམ་གྱི་དབང་གིས་ཚད་མེད་བཞིའི་སྐུ་ཡིན་པར་བཀའ་གསལ་ལོ། །དགེ་བ་འཕེལ ་ཕྱིར་ཞེས་པ་ནི་རས་ཤིན་ཏུ་དཀར་པོ་ཚོན་འཛིན་པ་དང་འདྲ་བར་དགེ་བ་འཕེལ་བས་དཀྱིལ་འཁོར་གྱི་འཁོར་ལོར་འཇུག་པོར་འགྱུར་བའི་དོན་ཏོ། །གཤེགས་པ་ལ་སོགས་རབ་ཏུ་བྱ་ཞེས་པ་ནི་འོག་ནས་འབྱུང་བའི་རིམ་གྱིས་རབ་ཏུ་བྱའོ་ཞེས་པའི་དོན ་ཏོ། །ཇི་ལྟར་བྱ་ཞེ་ན་རྟེན་གསུངས་པའི་ཕྱོགས་བཅུ་ཞེས་པ་ལ་སོགས་པའོ། །ཆོ་ག་བཞིན་དུ་ཞེས་པ་ནི་མཆོད་པ་པོ་དང་མཆོད་པ་དང་མཆོད་པའི་གནས་གསུམ་ཡང་རྨི་ལམ་བཞིན་དུ་དོན་མེད་པར་མཉམ་པ་ཉིད་དུ་རྫོགས་པའོ། །རང་གི་ལོག་རྟོགས ་ཞེས་བྱ་བ་ནི་བཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའོ། །དེ་ལས་བྱུང་བ་ནི་ཉེས་བྱས་ཤེས་ཏེ་མཚམས་མེད་པ་ལྔ་ལ་སོགས་པ་དུས་གསུམ་དུ་བྱས་པ་རྣམས་ཤེས་པ་གོང་དུ་སྨོས་པའི་རྟོགས་པས་སྲིད་པའི་རྒྱུན་ལ་སོགས་པ་རྣམས་སོ། །རྨི་ལམ ་རྨི་ལམ་སོགས་ཤེས་པ་ནི་རྨི་ལམ་དང་པོར་བྱས་པའི་སྒྱུ་མ་ལ་སོགས་པ་བཞིན་དུ་དོན་མེད་པར་བྱའོ་ཞེས་པའི་དོན་ཏོ། །ལན་གསུམ་ཞེས་པ་ནི་གཤེགས་པ་པོ་དང་གཤེགས་བྱ་དང་གཤེགས་པ་གསུམ་མཉམ་པ་ཉིད་དུ་རྟོགས་པའོ། །རྫོགས ་སངས་ཞེས་པ་ནི་རྟག་པ་ལ་སོགས་པའོ། །སྲས་མཆོག་ཅེས་བྱ་བ་ནི་སའི་སྙིང་པོ་ལ་སོགས་པའོ། །འཕགས་པ་ཅེས་པ་ནི་བདུད་རྩི་འཁྱིལ་བ་ལ་སོགས་པའོ། །གཞན་ཞེས་པ་ནི་བཛྲ་ཧི་རུ་ཀ་ལ་སོགས་པའོ། །དགེ་བ་དམ་པ་གང་ཞེས་པ ་ནི་ངན་པ་བསྙིལ་བར་བྱེད་པ་སྟེ། ཟབ་མོ་དང་གསལ་བར་སྤྱོད་པའོ། །དེ་མ་ལུས་པར་བདག་གིས་ཡི་རང་ཞིང་བདག་གིས་བྱ་བའོ། །རྫོགས་བྱང་ཆུབ་ཏུ་རྗེས་བསྔོ་བགྱི་ཞེས་པ་ནི་དགེ་བའི་རྩ་བ་དེ་དག་ཀྱང་གསང་སྔགས་ཀྱི་བྱང་ཆུབ་ཏུ ་བསྔོ་བར་བྱའོ། །སེམས་ཅན་གྱི་དབུགས་འབྱིན་པ་ཅེས་པ་ནི་གཡང་སའི་ལམ་ལས་སྒྲོལ་བར་བྱེད་པ་ཅེས་པའོ། །སངས་རྒྱས་ཀུན་ལ་ཞེས་པ་ནི་མདུན་ན་བཞུགས་པ་ལའོ། །གསོལ་བ་བཏབ་པར་བྱ་སྟེ། ཇི་ལྟར་གདབ་པར ་བྱ་ཞེན་ནམ་མཁས་ཀུན་ཏུ་ཁྱབ་པ་ལྟར་བསྟན་པས་ཀྱང་འཇིག་རྟེན་གྱི་ཁམས་ཀུན་ཏུ་རྒྱས་པར་མཛོད་ཅིང་?་པའི་དོན་ཏོ། །ཀུན་ཏུ་རྟོགས་པ་མ་ལུས་དག་འགྱུར་ཅིང་ཞེས་པ་ཟབ་མོའི་ངོ་བོའོ། །རང་རིག་དགའ་བ་ཐུགས་ཆུད་ལ་ཞེས་པ་ནི་ཡང་ ་དག་པར་གསལ་བའོ། །དེའི་ལས་གསུངས་པ་བདག་གཞན་དོན་གྱི་འབྲས་རྩོལ་ཞེས་པའོ། །སེམས་མཆོག་མ་ལུས་ཞེས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །ལུང་ཞེས་པ་ནི་གཟིངས་དང་འདྲ་བའི་ཆོས་སོ། །རྟགས་པ་ཡིན་ཤེས་པ་ནི་བསམ ་གྱིས་མི་ཁྱབ་པའི་རང་བཞིན་ནོ། །དམ་པའི་ཕུན་སུམ་ཚོགས་པའི་རྟེན་ཞེས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་ཀྱི་དེ་ཁོ་ན་ཉིད་བསྒོམས་པ་ལས་དེ་བཞིན་གཤེགས་པའི་ཕུན་སུམ་ཚོགས་པ་དེ་ལས་འབྱུང་བའི་ཕྱིར་རོ། །མི་ལྡོག ་དབུགས་འབྱིན་ཐོབ་འགྱུར་ཅིང་ཞེས་པ་ནི་གང་གསང་པའི་དབང་བསྐུར་བ་ལ་སོགས་པས་ཆོས་དང་བྲལ་ཞིང་འབྲོག་དགོན་པ་ལས་དབུགས་འབྱིན་པ་ཐོབ་པ་སྟེ། རྒྱུ་མཐུན་ལ་སོགས་འབྲས་བུར་ལྡན་ཞེས་པ་ནི་ལོངས་སྤྱོད་པ་བཞི་དང ་རྟོག་པ་ཉིད་དུ་ལྡན་པའོ། །ཐུབ་དབང་སྲས་ཀྱི་ལམ་གྱི་མཆོག་ཅེས་པ་ནི། །ཕ་རོལ་ཏུ་ཕྱིན་པ་བཅུའོ། །མཛའ་ཡས་མཆོག་གི་སྤྱོད་ཅེས་པའི་ཞེས་པ་ནི་དེ་ཉིད་སངས་རྒྱས་ཀུན་གྱི་བདག་ཉིད་དཀྱིལ་འཁོར་འཁོར་ལོའི་རང་བཞིན་གྱི་བློ་ཤེས་ཤིང ་དེ་ལ་བརྟེན་པ་ཡིན་ནོ། །བླ་མ་ཆེན་པོའི་ཞལ་སྔ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་གུད་དུ་གསུངས་སོ། །རྗེ་བཙུན་གྱིས་འདི་ན་དགོངས་པ་ནི་སྨོན་པ་ཉིད་ལམ་གྱིས་འགྲུབ་པས་གུད་དུ་མ་ཕྱུང་སྟེ་འདི་ཉིད་དུ་འདུས་པར་གསུངས་པའོ། །དེ་ལྟར ་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱས་ནས་ཡེ་ཤེས་ཀྱི་ཚོགས་ཀྱི་དོན་དུ་འཇུག་པ་བྱང་ཆུབ་སེམས་གསུངས་པ་སྒྲིབ་པ་ཐམས་ཅད་ཅེས་པ་ལ་སོགས་པའོ། །སྒྲིབ་པ་ཐམས་ཅད་པ་ཡང་དག་སེལ་ཞེས་པ་ནི་ཤེས་བྱའི་སྒྲིབ་པ་ལ་སོགས་པའི? ་བག་ཆགས་དང་བཅས་པ་བསལ་ཏེ་སྤངས་པའོ། །ཡེ་ཤེས་མཛའ་ཡས་བདུད་རྩིའི་གནས་ཞེས་པ་ཀུན་གཞི་ལ་སོགས་པ་གནས་གྱུར་ཅིང་མེ་ལོང་ལ་སོགས་པ་བདུད་རྩི་ཐོབ་པར་བྱེད་པ་ཡེ་ཤེས་རང་གི་དོན་ཏོ། །གཞན་གྱི་དོན་ནི་འཁྲུལ་པའི་བྱ ་བ་རབ་རྟོགས་ཕྱིར་ཞེས་པ་ནི་སྲིད་པ་གསུམ་དུ་ཡོངས་སུ་བྱིང་བའི་སེམས་ཅན་རྣམས་ལུས་དམ་པར་ལྟ་བ་ལ་སོགས་པས་ཟིན་པར་རྟོགས་ནས་ཤེས་པའི་དོན་ཏོ། །བྱང་ཆུབ་ལ་ཡིད་བཀོད་པར་བྱ་ཞེས་པ་ནི་སྙིང་རྗེ་བསྐྱེད་པའོ། །དེའི་དོན་ནི་སྒྲིབ ་པ་རྣམས་བསལ་ཡེ་ཤེས་བདུད་རྩི་ལྟ་བུ་མངོན་དུ་བྱས་ནས་སེམས་ཅན་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་སྒྲོལ་བར་བྱའོ། །སྙམ་པའི་སྙིང་རྗེ་ཆེན་པོ་སྐྱེད་པའི་བསམ་པས་འོག་ནས་འབྱུང་བའི་དོན་དམ་པ་བྱང་ཆུབ་ཀྱི་སེམས་བསྒོམ ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་ལས་སངས་རྒྱས་ཉིད་ཅེས་པ་ནི་རྒྱུ་དང་འབྲས་བུའི་ཚུལ་ལོ། །རྒྱུ་དང་འབྲས་བུར་མ་ཆགས་ཉིད་ཅེས་པ་ནི་གཞན་གྱིས་བཏགས་པའི་དབང་ཕྱུག་ལ་སོགས་པའི་རྒྱུ་ལ་མ་ཆགས་པ་སྟེ་མཚན་མ་མེད ་པ?་?་འབྲས་དུ་ནི་རྒྱལ་རིགས་ལ་སོགས་པ་དེ་དང་ཕྱུག་པ་ལ་སོགས་པ་དེའི་ངོ་བོ་མ་ཆགས་པ་སྟེ། སྨོན་པ་མེད་པའོ། །སོ་སོ་རང་ཉིད་ཆོས་ཉིད་ཕྱིར་ཞེས་པ་ནི་ཆོས་ཐམས་ཅད་གཟུང་འཛིན་གྱི་རང་བཞིན་དང་བྲལ་བའི་ཆོས་ཉིད་ཡིན་པའི ་ཕྱིར་སྟོང་པ་ཉིད་དེ་དའི་བདག་ཉིད་ནི་བདག་ཡིན་ནོ་ཞེས་བསྒོམས་པར་བྱས་ནས་སྔགས་འདིས་བརྟན་པར་བྱའོ། །ོཾ་ཞེས་པ་ནི་བསམ་གྱིས་མི་ཁྱབ་པའི་ལྷའི་སྐུའི་བདག་ཉིད་དོ། །ཤཱུ་ནྱ་ཏཱ་ཉིད་ཛྙཱ་ནའོ།། དེ་ཉིད་བཛྲ་སྟེ་སྭ་བྷཱ་བ། དེ་ཨཏྨ་ཀོ ་ཧཾ་ཞེས་སོ། །སྔགས་དེས་བདག་དང་སེམས་ཅན་ཐམས་ཅད་ཀྱི་རང་བཞིན་དོན་དམ་པར་གཅིག་ཏུ་བྱས་ནས་ཀུན་ཏུ་དེ་ཁོ་ན་ཉིད་གསུམ་གྱི་ཡི་གེ་ཧོ་གཉིས་ཀྱི་བར་དུ་གནས་པ་ཟླ་བའི་སྟེང་དུ་གནས་པར་བསམ་ཞེས་པ་ནི་བརྒྱུད་པ ་ལས་འོངས་པའོ། །དེ་ལྟར་ཚོགས་རྫོགས་པར་བྱས་ནས་བགེགས་ཀྱི་ཚོགས་དགག་པའི་དོན་དུ་བསྲུང་བའི་འཁོར་ལོའི་གཙོ་བོའི་ངེས་པ་གསུངས་པ། ཧཱུཾ་མཛད་ལ་ཅེས་པ་སོགས་པའོ། །ཧཱུཾ་མཛད་ནི་ཁམས་གསུམ་རྣམ་པར་རྒྱལ་བའོ།། ་གཙུག་ཏོར་དག་ཅེས་པ་ནི་འཁོར་ལོ་སྒྱུར་བ་ལ་སོགས་པ་མདུན་གང་ཡང་རུང་བའོ། །རྟོགས་པ་ལ་སོགས་པ་ཅེས་པ་ནི་བདེ་བར་གཤེགས་པ་དྲུག་གོ་།ཁྲོ་བོ་འཁོར་ལོ་གནས་བསྲུང་བའི་ཕྱིར་ཞེས་པ་ནི་རྩིབས་བཅུ་ལ་གཤིན་རྗེ་གཤེད ་ལ་སོགས་པ་རྫོགས་པའི་ཏིང་ངེ་འཛིན་གྱིས་བསྒོམས་ནས་ཐེག་པ་ཆུང་ངུ་རྣམ་ལས་བྱང་ཆུབ་བསྲུང་བར་བྱ་བའི་ཕྱིར་རོ། །ཞེས་པའི་དོན་ཏོ། །དེའི་དོན་ནི་འདི་ལྟ་སྟེ། རང་གི་མདུན་དུ་ཉི་མ་ལ་གནས་པའི་ཧཱུཾ་ལས་བྱུང་བའི་རྡོ་རྗེ་འོད་འབར་བར ་ཕྱོགས་བཅིང་བ་དང་མཚམས་བཅད་དང་ཟེར་བ་ཡིན་པ་དང་རྡོ་རྗེས་ཁྱབ་པར་བྱས་པའི་ས་གཞི་བསྒོམས་ནས། དེའི་དབུས་སུ་ཇི་སྐད་དུ་གསུངས་པའི་བསྲུང་བའི་བྱ་བའི་དོན་དུ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཆོས་ཀྱི་དབྱིངས་བསམ ་ཏེ་ཅེས་པ་ནི་བསྲུང་བའི་འཁོར་ལོའི་གཙོ་བོ་རྡོ་རྗེ་འཆང་ཆེན་པོར་གནས་གྱུར་ནས། དེ་ལས་གྱུར་པའི་ཆོས་ཀྱི་འབྱུང་གནས་ཀྱི་ཕྱག་རྒྱ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དབྱངས་ཡིག་མཚན་དང་ཡང་དག་ལྡན་ཞེས་པ་ལ་སོགས ་པས་ནི་འདི་སྟོན་པར་བྱེད་དོ། །ཡི་གེ་གསུམ་ནང་དུ་བཞུགས་པ་ལ་སྔོན་རྫོགས་པར་བྱེད་པའི་ཆེད་དུ་དེ་བཞིན་གཤེགས་པ་རྣམས་མངོན་དགར་གཤེགས་པར་བྱས་ནས། ཇི་སྐད་གསུངས་པའི་ཡི་གེ་ཕྲེང་བ་གཉིས་སུ་གྱུར་ནས་དེ ་ནས་བྱིན་པར་བྱ་སྟེ། ཡི་གེ་གསུམ་དྲངས་པ་ལ་སོགས་པའི་རིམ་པས་དབུ་མའི་ཟླ་བའི་གདན་ལ་ཟླ་བ་གཉིས་སུ་གྱུར་པ་ནི་བརྒྱུད་པའོ། །ཡེ་ཤེས་ཟླ་བ་གཉིས་གཅིག་ཏུ་གྱུར་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཟླ་བ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། ། ་སྤྲུལ་པས་འགྲོ་བའི་དོན་བྱས་ནས་ཞེས་པ་ནི་ས་བོན་གྱི་འོད་ཟེར་ལས་འཕྲོས་པའི་བདེ་བར་གཤེགས་པ་རྣམས་ཀྱི་སེམས་ཅན་རྣམས་སངས་རྒྱས་པར་བྱས་ནས་ས་བོན་ལ་ཐིམ་སྟེ། བདག་ཉིད་དེའི་ང་རྒྱལ་ལྡན་ཞེས་པ་ནི་ཇི་ལྟར་དེ་བཞིན་གཤེགས་པ ་དེ་དག་དེ་ལྟར་བདག་གིས་རང་བཞིན་ཞེས་པའི་དོན་ཏོ། །སྐུ་དང་ཞལ་མཆོག་ཅེས་ཟླ་འདྲ་ཞེས་པ་ལ་སོགས་པ་ནི་སྟོན་པར་བྱེད་དེ། ས་བོན་གྱི་འོད་ཀྱི་དེ་བཞིན་གཤེགས་པ་རྣམས་རྡོ་རྗེ་སེམས་དཔར་བྱས་ནས་ས་བོན་ལ་བཅུག་སྟེ་གནས་པ་ལས་རྣམ་པའི་ ་མཆོག་ཐམས་ཅད་དང་ལྡན་པའི་རྡོ་རྗེ་སེམས་དཔར་བསྒོམ་མོ་ཞེས་པའི་དོན་ཏོ། །དེ་ནས་འདོད་ཆགས་ཆེན་པོ་ཡིས་ཤེས་པ་ལ་སོགས་པ་འགྲོ་བ་རྣམས་དཀྱིལ་འཁོར་གྱི་འཁོར་ལོའི་སྣོད་དུ་རུང་བར་བྱ་བ་སྟོན་ཏོ། །དེ་ལ་འདོད་ཆགས་ཆེན་པོ་ཡིས།། ་འདུལ་བའི་འཇིག་རྟེན་ཞེས་པ་ནི་གང་ན་གཉིས་ཀྱིས་གཉིས་སྤྲོད་པའི་འདོད་ཆགས་སོ། །འགྲོ་བ་དབུགས་དབྱུང་ཕྱིར་ནི་ཞེས་པ་སྣོད་དུ་རུང་བར་བྱ་བའི་ཕྱིར་རོ། །ཞེས་དགོངས་པའོ། །དབུགས་འབྱིན་འགྲོ་བ་དེ་མཐོང་ཞེས་པ་ནི་དབང ་བསྐུར་བས་དེ་རྣམས་སྣོད་དུ་རུང་ཞིང་ཟླ་བར་ཞུ་བ་དེ་མཐོང་ནས་ཤེས་པའོ། །དེའི་དངོས་འབྱུང་ས་བོན་གྱིས། །སེམས་ཅན་ཐམས་ཅད་བསྐྱེད་ནས་ཞེས་པ་ལ་སོགས་པ་ནི་རང་གི་རང་བཞིན་ལས་བྱུང་བ་དང། ཆོས་ཀྱི་རང་བཞིན་ལས་བྱུང་བ་སྟེ། དེ་ཡང ་རྣམ་པར་དབྱེ་བའི་དབང་དུ་བྱས་ནས་མིག་ལ་སོགས་པ་རྣམས་བསྐྱེད་པ་དང་རྣམ་པར་དག་པའི་དབང་དུ་བྱས་ནས་ཟླ་བ་ཞུ་བ་ལས་ས་བོན་ལས་ཕྱག་འཚན་ས་བོན་གྱིས་མཚན་པ་དེ་ལས་སའི་སྙིང་པོ་ལ་སོགས་པ་ཀུན་འདུས་པར་བྱས ་ནས་བློ་ཡི་ཕྱི་རོལ་དུ་སེམས་ཅན་ཐམས་ཅད་སྤྲོས་ནས་དབྱུང་བར་བྱའོ་ཞེས་སོ། །ས་བོན་གྱི་དབྱུང་བར་བྱའོ་ཞེས་པ་ནི་སྐབས་མི་ཤེས་པའོ། །འཇུག་པའི་བློ་ཡིན་པའི་ཕྱིར་མན་ངག་གཞན་ཇི་སྐད་བཤད་པའི་ཕྱིར ་རོ། །བླ་མ་ཆེན་པོའི་ཞལ་སྔ་ནས་ཀྱང་བསྐྱེད་པར་བྱེད་པའི་དོན་དུ་གསུངས་ཀྱི་སྤྲོ་བར་བྱེད་པ་ནི་མ་ཡིན་ནོ། །དེ་ལྟར་མ་ཡིན་ན་ས་བོན་མཛའ་ཡས་པར་ཐུག་པ་མེད་པའི་ཕྱིར་རོ། །ཕྱི་གནས་པའི་ཞེས་པ་ནི་སྐྱེ་མཆེད་ཀྱི་དབང་དུ་བྱས ་པའོ། །ཕྱི་ནང་བདག་ཉིད་ཅེས་པ་རྒྱུད་ཀྱི་དབང་དུ་བྱས་པའོ། །འགྲོ་བའི་ཆོས་བདག་ཉིད་ཅེས་པ་ནི་ས་ལ་སོགས་པ་དག་དེ་བཞིན་ཉིད་དང་འདྲེས་པའོ། །ོཾ་ཨཱ(རྒྱུད་འགྲེལ་མཐུན་པའི་འབྲས་བུ་གསུངས་སོ། །རྒྱུ་མཐུན་ཆུང་ངུ་དག་ཕྱིར་རོ་ཞེས་པ་ནི་ཞུ་བ་ལ་སོགས་པ་རིམ་པས་ལྷའི་སྐུར་སྣང་བར་བྱེད་པའི་ཕྱིར་རོ། །འབར་བའི་འདོད་ཆགས་མེ་དེས་ནི་ཞེས་པ་ནི་འདོད་ཆགས་ཆེན་པོ་དང་ལྡན་པའི ་ཕྱིར་རིག་པ་སྐུ་མདོག་དམར་པོར་འགྱུར་བའི་སྟོབས་ཀྱི་ཆུ་སྐྱེས་ཀྱི་ནང་དུ་ཆུང་བའི་ཡི་གེ་ལྔ་འོད་དུ་ཞུ་བ་ལས་དེའི་འོད་དམར་པོ་འཕྲོས་པས་སྐུ་གཉིས་ཏེ་ཡབ་ཡུམ་ཡང་འོད་དུ་ཞུ་ནས་བྱང་ཆུབ་སེམས་སུ་གནས་པ་ཅེས ་པའི་དོན་ཏོ། །བཤེས་གཉེན་མཆོག་ལྟར་སྣང་ཕྱོགས་ལྷ་མོ་ཞེས་པ་ནི་དགེ་བའི་བཤེས་གཉེན་གྱི་ངོ་བོ་རྟེན་འབྲེལ་གྱིས་ཚུལ་དུ་ལྷ་མོ་རྣམས་ཀྱིས་གླུ་ཡིས་གསོལ་བ་འདེབས་པར་བསྐུལ་ཞེས་སོ། །ས་བོན་སྒོམ་པའི་རྗེས་ལ་བྱམས ་པ་ལ་སོགས་བསྒོམས་པས་འདིར་ཤི་བར་མི་འགྱུར་ཏེ་ཆོས་ཀྱི་དབྱིངས་སྣང་བར་འགྱུར་རོ། །དེ་ཡང་ཞུ་བ་ལས་འབྱུང་བའི་མཱ་མ་ཀཱི་ལ་སོགས་པས་བསྐུལ་ནས་དེ་ཉིད་དུ་ཐིམ་པར་བྱའོ་ཞེས་པ་ནི་མན་ངག་གོ་།གསོལ་བ་བཏབ་པས ་བསླང་བ་སྟེ་ཞེས་པ་གླུས་བསླང་བའོ། །ཞུ་བ་རྒྱུད་པ་ལྟར་མཐོང་ནས་ཤེས་པ་ནི་སེམས་ཅན་གྱི་དོན་བྱེད་པ་དང་བྲལ་བའི་ཕྱིར་རོ། །དངོས་རྣམས་སྒྱུ་མ་ལྟ་བུར་རིག་ནས་ཞེས་པ་ནི་རྒྱུ་རྐྱེན་ལས་བརྟེན་ཏེ་འབྱུང་བའི་ཕྱིར་སྒྱུ་མ་ལྟ་བུར་རིག་པར་བྱས ་ནས་ཤེས་སོ། །རང་སྔགས་དོན་དུ་སླར་ཡང་འགྱུར་ཞེས་པ་ནི་བཅུ་པ་ལས་ས་བོན་དུ་གྱུར་པ་ལ་སོགས་པའི་རིམ་པས་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའ་འཇམ་པའི་དབྱངས་ཀྱི་གཟུགས་སུ་བསྒོམ་མོ ་ཞེས་པའི་དོན་ཏོ། །སྲིད་པར་ཆགས་པ་ཅེས་པ་ནི་ཀུན་རྫོབ་ཁོ་ནར་ཞེས་པས་སྲིད་པ་མཛའ་ཡས་ཞེས་གསུངས་སོ། །ཞི་བར་ཆགས་ན་ཞེས་པ་ནི་རྣམ་པ་ཐམས་ཅད་དང་བྲལ་བའི་སྣང་བ་མེད་པའོ། །བཀྲ་ཤིས་མིན་ཞེས་པ་ནི་འགྲོ་བའི་དོན་བྱེད་པ་དང ་བྲལ་བའོ། །འོ་ན་ཇི་ལྟ་བུ་ཞེ་ན། སྒྱུ་མས་བསྙེན་པ་ཡང་དག་བྱ་ཞེས་པ་ནི་གོང་མའི་རིམ་པས་བསྙེན་པ་བྱས་ནས། ཆོས་དབྱིངས་བདག་ཉིད་ཅན་དུ་འགྱུར་ཞེས་ཏེ་ཟབ་མོ་དང་གསལ་བའི་སྐུར་གྱུར་ཏོ་ཞེས་པའི་དོན་ཏོ། །བཤེས་གཉེན་དམ་པས་རྒྱུ ་མཐུན་བྱས་ཞེས་པ་ནི་ས་བོན་གྱི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་རྣམས་འཇམ་དབྱངས་ཀྱི་སྐུར་གྱུར་པ་ནི་བཤེས་གཉེན་ཏེ། དེས་རྒྱུ་མཐུན་པ་ཞེས་བྱའོ། །རྣམ་སྨིན་ལས་ནི་ཞེས་བྱ་བ་ལ་སོགས་པས་ནི་ཆུང་ངུ་རྣམ་པར་སྨིན་པའི་འབྲས་བུ ་སྟོན་ཏོ། །རྣམ་པར་སྨིན་པ་ཞེས་པ་ནི་དམིགས་པ་ལ་སོགས་པ་ལས་བསྐྱེད་པའི་ཕྱིར་སའི་སྙིང་པོ་ལ་སོགས་པ་སྟེ་དེ་བསྒོམས་པ་ལས་ཤེས་པའི་དོན་ཏོ། །ཀུན་མཁྱེན་བསྒྲུབ་ཅེས་པ་ནི་མིག་ལ་སོགས་པ་བཞིན་དུ་ཡུལ་སོ་སོར་ངེས་པ་མ ་ཡིན་ཏེ། སའི་སྙིང་པོ་ལ་སོགས་པས་བསམ་གྱིས་མི་ཁྱབ་པ་ཡོངས་སུ་ཤེས་པའི་ཕྱིར་རོ་མིག་ལ་སོགས་པའི་བྱིན་བརླབས་ཞེས་པ་ནི་ས་བོན་ལ་སོགས་པའི་རིམ་པས་བསྐྱེད་ནས་ཤེས་པའི་དོན་ཏོ། །ཉེ་བར་སྒྲུབ་པ་ཅེས་པ་ནི་སྒྲུབ་ ་པ་ཕྱིས་འབྱུང་བ་དང་ཉེ་བའི་ཕྱིར་རོ། །སྐྱེས་བུ་ཞེས་པ་ལ་སོགས་པ་ནི་ཆུང་ངུའི་སྐྱེས་བུ་བྱེད་པའི་འབྲས་བུ་གསུངས་སོ། །སྐྱེས་བུ་བྱེད་པའི་ཞེས་པ་ནི་ཆོས་ཀྱི་སྐུ་ལ་སོགས་པའི་སྐྱེས་བུ་འགྲོ་བ་རྣམས་སྨིན་ཅིང་གྲོལ ་བར་བྱེད་པར་ནི་སྐྱེས་བུ་བྱེད་པ་སྟེ། དེ་ཉིད་འབྲས་བུའོ། །དེ་གྲུབ་ཞེས་སོ། །དེ་ཉིད་གསུངས་པ་ཆོས་དང་ལོངས་སྤྱོད་སྤྲུལ་པ་འགྲོ་བའི་དོན་དུ་མངོན་གྱུར་ཅེས་སོ། །བསྒྲུབ་པའི་དོན་དུ་ཞེས་པ་ནི་སྐུ་ལ་སོགས་པ་སྐྱེས་བུ་སྐུ་གསུམ ་སྒྲུབ་པར་བྱེད་པས་ན་སྒྲུབ་པ་སྟེ་དེའི་དོན་དུའོ། །བློ་ཡིས་བསྐྱེད་ཅེས་པ་ནི་ས་བོན་ལ་སོགས་པའི་རིམ་པས་བསྐྱེད་པའི་དོན་ཏོ། །འདིར་སྨྲས་པ་སློབ་དཔོན་ཆེན་པོ་སྲུང་བའི་ཞབས་ལ་སོགས ་པས་སངས་རྒྱས་རྣམས་ཀྱི་སྐུ་ནི་གང་ཞེས་པ་ལ་སོགས་པའི་ཚིགས་སུ་བཤད་པ་གསང་བ་འདུས་པའི་སྒྲུབ་ཐབས་ལས་གསུངས་ན། འདིར་གང་གི་ཕྱིར། དེ་རྣམས་མ་གསུངས་ཤེ་ན། དེའི་ཕྱིར་རྗེས་དྲན་བཅུ་དྲུག་ཅེས་པ་ལ་སོགས ་སོ། །རྗེས་དྲན་བཅུ་དྲུག་ཅེས་པ་ནི་བཅུ་དྲུག་རྣམས་ཀྱི་ནང་ན་སྐུ་དང་གསུང་ཐུགས་རྗེས་སུ་དྲན་པའོ། །དག་དོན་དུ་ཞེས་པ་ནི་བརྟན་པའི་མཚན་མ་ཐོབ་པའི་འོག་ཏུ་སྔོན་དུ་མཐོང་བའི་དོན་རྟོགས་པར་བྱ་བའི་ཕྱིར་སྨོན་པ་ནི་དག་པར ་བྱེད་པ་སྟེ་དེའི་དོན་དུའོ། །དེ་དག་རྣམས་ནི་བྱ་དགོས་སོ་ཞེས་པ་ནི་སངས་རྒྱས་རྣམས་ཀྱི་སྐུ་ནི་གང་ཞེས་པ་ལ་སོགས་པ་དེ་དག་བྱ་དགོས་སོ་ཞེས་པའོ། །ཐུགས་སོགས་བྱིན་གྱིས་བརླབ་པ་ལ་ཞེས་པ་ནི་ཐུགས་སོགས་བྱིན་གྱིས ་བརླབ་པའི་སྐབས་འདིར་འབྲེལ་པ་མེད་པས་མ་བརྗོད་དོ་ཞེས་སྦྱར་རོ། །ཅིའི་ཕྱིར་ཞེས་ན། སྐབས་མིན་ཕྱིར་ནི་ཞེས་གསུངས་ཏེ། གང་གི་ཕྱིར་ཐུགས་ལ་སོགས་པ་བྱིན་གྱིས་བརླབས་པའི་གསོལ་བ་འདེབས་པ་ནི་ཆུང་ངུའི་སྒྲུབ་པ་ཁོ་ན་སྟེ། ་དེའི་ཕྱིར་མཚན་མ་ཐོབ་པའི་འོག་ཏུ་དེ་དང་སྤྲོ་བ་ལ་སོགས་པ་ལས་གྲུབ་པའི་རྗེས་སུ་དྲན་པ་སྟེ། དེ་ཉིད་སྐབས་འབྲེལ་པ་མེད་པའི་ཕྱིར་རོ། །མི་འབྲེལ་ཡང་གཞན་དག་གིས་འཁྲུལ་པའི་རྒྱུ་ནི་ཐུགས་ལ་སོགས་པའི་བྱིན་གྱིས་བརླབ་པའི་ཚིགས ་སུ་བཅད་པ་དང་འདྲ་བར་མཐོང་བའི་ཕྱིར་རོ། །ཤེས་རབ་སྒྱུ་མའི་ཞེས་པ་ལ་སོགས་པས་ནི་ཆུང་ངུའི་འབྲེལ་པའི་འབྲས་བུ་གསུངས་སོ། །ཤེས་རབ་སྒྱུ་མ་ཞེས་པ་ནི་གནས་སྒྱུ་མ་ལྟར་སྣང་བའི་རིག་མ་སྟེ། དེའི་ལུས་འཁྱུད་ཅེས་པའོ། །དངོས་གང་ཞེ་ན། ་གསང་བའི་མཚན་ཉིད་གསུམ་ཞེས་ཏེ་ཐུགས་རྡོ་རྗེ་ལ་སོགས་པའོ། །དེ་མཐོང་ནས་ཞེས་པ་ནི་གནས་གསུམ་དུ་དམིགས་ནས་ཏེ། རིགས་ཀྱི་དབང་ཕྱུག་དབུ་རྒྱན་མཆོག་ཅེས་བྱ་བར་སྦྱར་རོ། །ཆུང་ངུ་ཞེས་པ་ནི་ཡེ་ཤེས་མ་བྱང་ཞིང་གཡེང་བ་མ་ལུས ་པ་གསལ་བར་མི་ནུས་པའི་ཕྱིར་རོ། །བྲལ་བའི་འབྲས་བུ་ཞེས་པ་ནི་དབང་བསྐུར་བའི་ཆུས་དྲི་མ་དག་པར་བྱས་པའི་འབྲས་བུ་རིགས་ཀྱི་བདག་པོ་སྣང་བའི་ཕྱིར་རོ། །སྒྲུབ་པ་ཆེན་པོར་ཞེས་པ་ནི་སྐུ་གསུམ་དུ་བསྒྲུབ་པ་ནི་སྒྲུབ་པ་སྟེ། སྒྲུབ་པ་ཡིན་ཡང་ཁམས ་གསུམ་གྱི་ཆོས་ཀྱི་རྒྱལ་པོའི་དབང་མ་ཐོབ་ན་དམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཡིན་པས་ན་དབང་བསྐུར་བ་ནི་སྒྲུབ་པ་ལས་ཁྱད་པར་དུ་འཕགས་པའི་ཕྱིར་ཆེན་པོའོ། །དེ་བཞིན་འབྲིང་ལ་ཞེས་པ་ལ་སོགས་པས་འབྲིང ་པོའི་འབྲས་བུ་བཞི་བསྡུས་སོ། །དེ་བཞིན་ཞེས་པ་ནི་འཇམ་པའི་དབྱངས་བཞིན་དུ་ཤེས་སོ། །འབྲིང་ལ་ཞེས་པ་ནི་ཆུང་ངུའི་དང་ཆེན་པོ་གཉིས་ཀྱི་བར་ན་གནས་པས་ན་འབྲིང་པོའི་སྒྲར་གསུངས་སོ། །རང་འོད་ཀྱི་རིག་མ་དམིགས་པ་ཙམ་འབྲིང ་པོའི་བསྙེན་པའོ། །ཞེས་བརྗོད་པ་ནི་སྐབས་མི་ཤེས་པའོ། །ཆུང་ངུའི་དུས་སུ་དེ་ཉིད་མཐོང་བའི་ཕྱིར་རོ། །དེ་ལྟ་ན་ནི་མི་མཐུན་པའི་ཕྱོགས་འབྲིང་པོ་རྟག་པ་ཉིད་དུ་འགྱུར་པའི་ཕྱིར་རོ། །བླ་མ་ཆེན་པོའི་ཞལ་སྔ་ནས་ཀྱང། གུད་དུ་བསྐྱེད་པར་གསུངས་ཀྱི་མཐོང་བ་ནི ་མ་ཡིན་ནོ་ཞེས་གསུངས་སོ། །དེ་བས་ན་འདི་ན་ཡང་ཟླ་བ་གཉིས་པ་འགྲུབ་པ་ལ་སོགས་པ་འགྲོ་བའི་དབང་བསྐུར་བ་མ་གཏོགས་པ་རྒྱུ་མཐུན་པ་ལ་འབྲས་བུ་ལ་སོགས་པ་རྣམས་བསྐྱེད་པར་བྱས་ནས་དེའི་རྗེས་ལ་ཞེས་པ་ནི་དེ་མ་ཐག ་ཏུ་ཞེས་པའི་དོན་ཏོ། །སོ་སོར་ནི་ཞེས་པ་ནི་སྤྱི་བོ་ལ་སོགས་པར་རོ། །སངས་རྒྱས་ལྔའི་བཀང་བྱས་ཏེ་ཞེས་པ་ནི་སངས་རྒྱས་ཀྱི་ངོ་བོ་ཉིད་ཆ་ཤས་ཏེ། །ཡི་གེ་དང་མཚན་མ་སྐུ་རྣམས་གང་ཡང་རུང་བའོ། །ཧཱུཾ་ཨཱ(རྒྱུད་འགྲེལ་པར་བྱས་ནས། དེ་ནས་གདོང་རང་འོད་རིག་མ་དག་པར་བྱས་ཤེས་ཏེ། ཕྱི་རོལ་གྱི་བུད་མེད་ནི་བདེ་མཆོག་གི་རྐྱེན་མ་ཡིན་པའི་ཕྱིར་རང་རང་གི་ས་བོན་གྱི་འོད་ཀྱིས་གནས་སྐབས་ལྔ་དང་ལྡན་པར་གྱུར་པ་བསྐུལ་ནས་རང་གི་རིག་མ་ལ་ཐིམ་པས་དག་པར ་བྱ་ཞེས་སོ། །འགྲོ་བའི་ཤེས་པ་དག་པ་ཕྱིར་ཞེས་པ་ནི་ཕྱིན་ཅི་ལོག་གི་ཞེ་སྡང་ལ་སོགས་པ་རྣམས་ཞེ་སྡང་ཆེན་པོ་ལ་སོགས་པར་དག་པར་བྱེད་པའི་ཕྱིར་རོ། །ཐ་དད་རིམ་གྱིས་ཤེས་པ་ནི་རིམ་ནས་དབྱུང་བར་བྱའོ་ཞེས་སོ། །ཅིག་ཅར་ནི་མ་ཡིན་ནོ། །དངོས་པོ ་ཀུན་ཞེས་པ་ནི་ཕྱག་མཚན་ལ་སོགས་པ་ཀུན་ནོ། །གཞོན་ནུ་ཞལ་འདྲ་ཞེས་པ་ནི་གཡས་གཡོན་འཇམ་པའི་རྡོ་རྗེ་ལྟ་བུ་ཞེས་པའི་དོན་ཏོ། །མཁས་བསྐྱེད་ཅེས་པ་ལ་མཁས་པ་ནི་རྣལ་འབྱོར་པའོ། །དེས་བསྐྱེད་པའོ། །སྙིང་རྗེ་ཐབས་ཀྱིས་དོན་སྦྱིན་མ་ཞེས་པ ་ནི་ཁྱད་པར་གྱི་ལས་དེ་དེ་དང་འབྲེལ་པ་ལ་དེ་གསོལ་བ་ཞེས་པའི་དོན་ཏོ། །རོལ་པ་ཞེས་པ་ནི་ཐབས་ཀྱིས་དགྱེས་པ་སྤྱོད་པ་སྟེ་དེ་ལ་རབ་ཏུ་བརྗོད་པའི་སེམས་སུ་གནས་པའོ། །བསམ་དག་པ་ཅེས་པ་ཡོངས་སུ་དག་པའི་བསམ་པ་སེམས་ཅན་རྣམས ་ལ་སྟོན་པའོ། །ཡིད་དགའ་མ་ཞེས་པ་ནི་བརྩོན་པ་ལ་དགའ་བའོ། །ཕྱག་མཚན་ལྷག་མ་རང་དགའ་འདྲ་ཞེས་པ་མཱ་མ་ཀཱི་དང་སྒྲོལ་མའི་འོ། །གཞན་ནི་ཐམས་ཅད་དོ། །གཞན་དག་གི་སྒྲོལ་མའི་གཡས་གཉིས་པ་ནི་འཁོར་ལོ་ཞེས་སོ། །འཇོམས་པ་ནི་རིམ ་ལ་སོགས་པའོ། །མི་བཟད་ཅེས་པ་ནི་ཞལ་རྒོད་པ་ལ་སོགས་པའོ། །རང་བདག་ལྟ་དང་ཉོན་མོངས་པ་རྣམས་ནི་བདག་ཏུ་ལྟ་བ་སྔོན་དུ་འགྲོ་བས་དེ་བཅོམ་པ་ཞེས་པའོ། །བགེགས་འཇོམས་པ་ཅེས་པ་ནི་རིམ་གྱི་གནོད་པ་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ལས ་འདས་པའི་སྤྱོད་ཡུལ་དེའི་བཅོམ་པ་པོ་ཡིན་ནོ། །མི་བཟད་སྦྲུལ་གྱིས་བརྒྱན་པའི་སྐུ་ཞེས་པ་ནི་ཁོང་ཁྲོ་བ་ལ་སོག་པ་རྣམ་པར་དག་པ་མཛའ་ཡས་ལ་སོགས་པས་བརྒྱན་པའོ། །རང་འོད་རིག་མ་ཞེས་པ་ནི་བག་བཞད་ཁྱད་པར་མཛད་པས་སྨ་ར་མེད་པའོ།། ་ཐམས་ཅད་ཀྱི་ནི་དངོས་པོ་ཡིས་ཞེས་པ་ནི་མདོག་ལ་སོགས་པའི་སྒོ་ནས་སོ། །ས་བོན་སྙིང་པོ་ལྕགས་ཀྱུ་ཡིས་ཞེས་པ་ནི་བརྒྱུད་པ་སྟེ་གཤིན་རྗེ་གཤེད་ལ་སོགས་པ་བསྐུལ་བའི་དབང་གིས་ཤེས་པའི་དོན་ཏོ། །བསྐྲད་ནས་ཞེས་པ་ནི་འཕྲོས་པའི་ཁྲོ་བོ་རྣམས་ཀྱིས་དེ ་དང་ལྷན་དུ་འགྲོགས་པ་རྣམས་བསྐྲད་ནས་བསྲུང་བྱ་སྟེ་ཞེས་པ་ནི་ནང་དུ་ཆུད་པའི་དུས་སུ་ཁྲོ་བོ་རྣམས་ཀྱིས་གཟེབ་ལ་སོགས་པ་མཛད་པའོ། །དེ་ནས་དུང་ཕོར་ལ་སོག་པའི་བྱ་བས་མཆོད་ཡོན་ཕུལ་ནས་དཀྱིལ་འཁོར་གྱི་འཁོར་ལོ་ལ་ཐིམ་སྟེ། ཞེས་པ་ནི་ཤེས ་རབ་མཐར་ཕྱིན་གྱི་འོད་ཟེར་གྱིས་གཞུག་པའོ། །དེ་བཞིན་དུ་བཅིང་བ་དང་དབང་དུ་བྱ་བ་ཡང་རྟོགས་པར་བྱའོ། །དབང་བསྐུར་གོང་མ་བསྒོམས་པས་ཞེས་པ་ནི་གུང་དུ་སྟོན་ཏེ། ཡན་ལག་གཉིས་ནི་མོས་པས་བྱ་བར་གསུངས་ཏེ་དབང་བསྐུར་བ་ནི་ཆུང་ངུ་བཞིན ་དུ་བྱའོ་ཞེས་པའི་དོན་ཏོ།། །།དེ་ལྟར་དཀྱིལ་འཁོར་གྱི་ལྷ་རྣམས་བསྐྱེད་ཅིང་ཕྱུང་ནས་ད་ནི་དེ་རྣམས་མཉེས་པའི་སྦྱོར་བ་གསུངས་སོ། །རང་གི་སྙིང་པོའི་འོད་ཟེར་གྱིས་གཟུགས་ལ་སོགས་པ་བཀུག་ནས་བྱང་ཆུབ་སེམས་སུ་ཞུ་བ་ཞེས་ཚིག་ལྷག་མའོ། ་ཤེས་རབ་པདྨ་དཀྱིལ་དུ་ནི་ཞེས་བྱ་བ་བྱང་ཆུབ་སེམས་ལས་ས་བོན་དུ་གྱུར་པའི་གནས་སོ། །གཟུགས་ལ་སོགས་པ་ཐིམ་བྱ་སྟེ། ཞེས་པ་ནི་ས་བོན་གྱི་འོད་ཟེར་གྱི་དེ་རྣམས་ས་བོན་ལ་བསྟིམ་པའོ། །དོན་དམ་པར་ན་ཐུགས་ཀྱི་རིགས་སོ། །དེ་ཉིད་སྤྲོས ་པ་ལས་སྐུ་ལ་སོགས་པ་རིགས་གསུམ་མོ། །དེ་ཉིད་དེ་བཞིན་གཤེགས་པ་ལྔའི་གཟུགས་ཀྱི་རིགས་ལྔའོ། །རིགས་ལྔ་རེ་རེ་ལྔ་ལྔར་བྱས་པ་ལས་སྐུ་ལ་སོགས་པར་ཕྱེ་བས་རྒྱ་རྣམས་སོ། །དེ་ནི་ཉེ་བར་མཚོན་པ་ཙམ་སྟེ་རྣམ་པ ་དེ་ལྟ་བུའི་རིགས་མཛའ་ཡས་པའོ། །ཡེ་ཤེས་ལྔ་ཞེས་པ་ནི་རྟག་པ་ལ་སོགས་པའོ། །ཕྱག་རྒྱ་ཞེས་པ་ནི་སྤང་མ་ལ་སོགས་པའོ། །སངས་རྒྱས་རང་བཞིན་གཟུགས་ཞེས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་རང་བཞིན་གྱིས་ཕྱིར་གཤིན་རྗེ ་གཤེད་ལ་སོགས་པའོ། །ཆོས་ཐམས་ཅད་ཀྱི་དཀྱིལ་འཁོར་བསྟོད་ཅེས་པ་ནི་གཟུགས་ལ་སོགས་པ་ཆོས་ཐམས་ཅད་རྣམ་པར་དག་པའི་སྒོ་ནས་འོག་ནས་འབྱུང་བས་སྒྲ་བརྙན་ལྟར་ཤེས་པར་བྱས་ནས་བསྟོད་པར་བྱ་ཞེས་སོ། །ཡེ་ཤེས་བདུད་རྩི་བླང ་བསྒོམས་ན་ཞེས་པ་ནི་ས་བོན་གྱིས་པདྨ་བཅུ་དགུ་སྤྲོས་ཏེ་བླང་བར་བསྒོམས་ན་ཞེས་པའི་དོན་ཏོ། །ཀུན་ཏུ་རྟོག་པ་ཡོངས་སུ་སྤངས་ཏེ་ཞེས་པ་ནི་དེ་སྤངས་པས་སངས་རྒྱས་ཅེས་པའོ། །དེ་ཡང་སྙིང་ལ་ཞུགས་བསམས་ནས་ཞེས་པ་ནི། ་ཐིག་ལེའི་འོད་ཟེར་གྱིས་རལ་གྲི་ལ་སོགས་བས་གསལ་བར་བྱས་ནས་འོད་ཟེར་དེ་ཉིད་དུ་བཞག་སྟེ། སེམས་དེ་སྙིང་ལ་ཞེས་པ་ཐིག་ལེ་ཞུགས་པ་བསམས་ནས་ཤེས་སོ། །དེས་ཅིར་འགྱུར་ཞེ་ན། དེ་ནི་ཞེས་པ་ནི་ཞུགས་པའི་སེམས་དེ་ཉིད་དོ། །ཡེ ་ཤེས་བདུད་རྩིའི་རྒྱུན་ཞེས་པ་ནི་ཡེ་ཤེས་ཀྱི་རང་བཞིན་ཤི་བ་ལ་སོགས་པ་དང་བྲལ་བར་བྱེད་པ་བྱང་ཆུབ་སེམས་དཔའ་འཇམ་པའི་དབྱངས་ཀྱི་དཀྱིལ་འཁོར་ཆོས་འབྱུང་བ་ནས་བརྩམས་ནས་ཐིག་ལའི་རྣལ་འབྱོར་ཡན་ཆད་དུ་མོས ་པར་བྱས་ཏེ་བསྒོམས་པ་ལ་དེ་སྐད་ཅེས་བྱའོ། །དེ་ནས་ལུས་ནང་ཀུན་གསལ་ཏེ་ཞེས་པ་ནི་ཐིག་ལེ་ཕྲ་མོ་ལས་གོང་མའི་རིམ་པས་འཕྲོས་ནས་ཞེས་པའི་དོན་ཏོ། །སོ་སོར་བ་སྤུ་འོད་ཟེར་ཞེས་པ་ནི་གོང་གི་ནང་གི་ལུས་སུ་བཞག་པ་དེ ་ཉིད་ལ་སྤུའི་བུ་ག་ནས་སྤྲོས་པ་ཞེས་པའི་དོན་ཏོ། །རང་རིག་ཅེས་པ་ནི་དབྱེར་མེད་པས་སོ། །རིག་མའི་སྣ་རྩེར་ཞེས་པ་ནི་ཟེའུ་འབྲུ་བུམ་པའི་ནང་དུ་སེམས་བྱིང་བར་སོང་ན་རང་གི་རྡོ་རྗེས་ཕྱུང་སྟེ། དེར་གནས་པར་བྱས་ནས་ཕྲ་མོའི་ཏིང་ངེ་འཛིན་གསུམ ་པས་སྤྲོ་བསྡུ་བྱ་ཞེས་བྱ་བའི་དོན་ཏོ། །བརྟན་པའི་མཚན་མ་ཞེས་པ་ནི་བཏང་ཞིང་བཟུང་བས་སེམས་བརྟན་པར་གྱུར་པའི་མཚན་མ་ལྔ་པོ་མཐོང་བའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དང། །སྤྲོ་བ་ལྔའི་ཡེ་ཤེས་བ་ནི་ལྷ་རྣམས་ཕྱག་རྒྱ་བཞིས་རྒྱས ་བཏབ་པ་གང་དུ་སྤྲོ་བ་ལྔ་ཞེས་པ་ནི་ཡེ་ཤེས་ཀྱི་འོད་ཟེར་ལས་དེ་བཞིན་གཤེགས་པ་ལ་སོགས་པ་སྤྲོ་བའོ། །དུས་གཅིག་ཅེས་པ་ནི་སྐུའི་ས་བོན་ལས་སྐུ་གསུང་ཐུགས་ཀྱི་དེ་བཞིན་དུ་སྐུ་གསུང་ཐུགས་ཀྱང་ཤེས་པར་བྱའོ། ཡང་ན་རིམ་པར་བྱ ་ཞེས་པ་ནི་སྐུ་གསུང་ལས་ཐུགས་ལས་ཐུགས་སྤྲོ་བའོ། །དེ་གཉིས་སྐུ་གསུང་ཐུགས་ཀྱི་དབང་དུ་བྱས་པ་སྟེ། ཡེ་ཤེས་སེམས་དཔའ་ནི་ལྷན་ཅིག་ཁོ་ན་འོ། །འོན་ཀྱང་དེ་རྣམས་ནི་སྐུ་བླས་པ་ནི་སྐུ་གསུང་གི་ས་བོན་གྱི་ཏིལ་ལ་ཡེ་ཤེས་སེམས ་དཔའ་ཨི་ས་བོན་གཞུག་པའོ། །ཡང་དེ་རྣམས་ཀྱི་གང་ན་བླ་མ་རྒྱུད་པ་ལས་འོངས་པ་གསུངས་པ་རྡོ་རྗེ་གསལ་ཆོས་ཤེས་པ་ལ་སོགས་ཏེ་མ་བཤད་དོ། །ཡེ་ཤེས་སྐུ་འཕྲོས་ཞེས་པ་ནི་སེམས་ཅན་གྱི་སྐུ་ཞེས་པའི་དོན་ཏོ། །གང་གི་དབང་དུ་བྱ ་ཞེ་ན། དབུགས་དབྱུང་ཞེས་པ་ལ་སོགས་པའོ། །རིམ་བཞིན་རིམ་བཞིན་ཞེས་པ་ནི་རིམ་གྱིས་ཅིག་ཅར་ཞེས་པའོ། །སྔོན་བཞིན་ཞེས་པ་ནི་ཏིང་ངེ་འཛིན་གཉིས་པ་བཞིན་དུ་ཡེ་ཤེས་སེམས་དཔའ་ལས་དངོས་པོ་ཐམས་ཅད་ཀྱི་འོད ་འཕྲོས་པས་གཟུགས་ལ་སོགས་པ་བཀུག་ནས་ཟླ་བར་ཞུ་བ་པདྨའི་ནང་དུ་ས་བོན་དུ་གྱུར་པ་ལས་དབུགས་དབྱུང་པའི་དུས་སུ་ལྷ་མོ་སྤྲོ་ན་ངེས་མཆོད་པ་སྟེ། གསུང་བའི་རིག་མས་འཁྱུད་པ་སྟེ་ཞེས་པ་སོ་སོའི་རིག་མ་ནང་དུ ་ཐིམ་པས་ཤེས་པའི་དོན་ཏོ། །ཐིག་ལེ་ལ་སོགས་པ་གསུམ་ལ་རྒྱུ་གསང་བའི་རིགས་མས་འཁྱུད་པ་སྟེ་ཞེས་པ་སོ་སོའི་རིག་མ་ལ་ནང་ཐིམ་པས་ཤེས་པའི་དོན་ཏོ། །ཐིག་ལེ་ལ་སོག་པ་གསུམ་ལ། རྒྱུ་མཐུན་པའི ་འབྲས་བུ་ལ་སོགས་པ་རྫོགས་པ་ཡིས་ཞེས་མོས་པ་ཡིས་བསྒོམ་ཞེས་སོ། །དེ་བཞིན་མེས་པ་ཡིས། ཆུང་ངུ་ལ་སོགས་དབྱེ་བའི་ས་ཤེས་པ་ནི་གཙོ་བོ་ནི་རིག་མ་དང་ལྷ་རྣམས་ལ་ཞེས་སོ། །སྦྱོར་བ་ཞེས་པ་ནི་རྣལ་འབྱོར་ལ་སོགས་པ་ཡང ་མོས་པ་ཡིས་ཤེས་སོ། །རང་སྙིང་དེ་མཆོད་རྟོགས་ཅེས་པ་ནི་རང་གི་སྔགས་ཀྱི་དོན་ཤིན་ཏུ་རྟོགས་པའོ། །དེས་ངལ་ཞིང་སེམས་ཀྱི་སྤྱོད་བཞད་པར་གྱུར་ན་ཞེས་པའི་དོན་ཏོ། །དམ་པའི་སེམས་ཀྱི་ཆུ་རྒྱུན་ཞེས་པ་ནི་སྤྱི་བོར་བདུད་རྩི་ལྔ ་ཞུ་བ་ལ་ཨོཾ་གྱིས་བརླན་པར་བྱ་བའི་ཆུ་ཞེས་ཤེས་པའི་དོན་ཏོ། །ཅིའི་ཕྱིར་སངས་རྒྱས་ཐམས་ཅད་སྐུ་གསུང་ཐུགས་གསུམ་དང་འབྲེལ་པ་དེའི་ཕྱིར་ལྷ་རྣམས་སྐུ་གསུང་ཐུགས་གསུམ་གྱི་ས་བོན་ལ་ཐིམ་པ་སྟེ། སེམས་ཙམ ་ཡིན་པའི་ཕྱིར་ཐོགས་པ་སྤངས་ནས་བསྡུ་བར་བྱ་ཞེས་ཏེ་ས་བོན་གསུམ་བརྗོད་པས་སོ། །དེ་བསྡུ་ཞེས་པ་ནི་གོང་དུ་གསུངས་པའི་དཀྱིལ་འཁོར་སྟེ་དེ་དང་བྲལ་བ་མཐོང་ནས་ཤེས་སོ། །རང་རང་དག་ནས་ཤེས་པ་ནི། གཟུགས་ཀྱི་རྡོ ་རྗེ་མ་ལ་སོགས་པའི་ངོ་བོར་ཞེས་པའི་དོན་ཏོ། །སོ་སོ་རང་རིག་ཅེས་པ་ནི་སྐུ་གསལ་བ་སྟེ་ཐབས་སོ། །ཕྱི་སྟོང་པ་ཉིད་ཤེས་རབ་པོ། །སེམས་དག་པ་ནི་གཟུང་བ་དང་འཛིན་པ་དག་ཅེས་སོ། །རྟག་ཏུ་བསྒོམ་པའི་རྣལ་འབྱོར་པའི ་དཀྱིལ་འཁོར་མཆོད་པ་མཆོག་འདིའོ། ཞེས་པ་ནི་སྤྱོད་ཡུལ་རྣམས་སེམས་དག་པ་དང་ལྡན་པས་གོང་དུ་གསུངས་པ་ལྟ་བུར་བལྟས་ན་གསང་བ་ཆེན་པོའི་མཆོད་པ་སྟེ་ཡིད་དགའ་བར་བྱེད་པའི་ཕྱིར་རོ། །གཞིའི་སྙིང་པོ་ཡིས ་བསྒྱུར་བའི་ཞེས་པ་ནི་སྙིང་གར་ས་བོན་དང་དབྱུང་བས་སོ། །རང་སྙིང་དེ་བཞིན་ཞེས་བདུད་རྩི་སྟེང་དུ་བྲུཾ་ལ་སོགས་པའི་རིམ་པའོ། །ཕྱིའི་སྦྱིན་སྲེག་ནི་ཐབ་ལ་སོག་པ་སྟེ་ལེའུ་བཅུ་དྲུག་པ་ལ་དཔགས་ཏེ་ཤེས་པར་བྱའོ། །སེམས་ནི་སེམས་དེ་ཡིན་ཤེས ་པ་ནི་ཁ་ཟས་སྦྱང་པ་འདིའོ། །ཡེ་ཤེས་མེ་ཞེས་པ་ནི་གོང་དུ་གསུངས་པའི་ཟབ་པ་དང་རྒྱ་ཆེ་བའི་རྣལ་འབྱོར་རོ། །དེས་ཕུང་པོ་ལ་སོགས་པའི་བླུན་པ་རྣམས་བསྲེག་པ་སྟེ་དེ་ནི་བླ་ན་མེད་པའོ། །བདག་གཞན་མཆོད་ཅེས་ཅིས་པ་ནི་གཟུགས་ལ་རྣམ་གསུམ ་ཞེས་པ་ལ་སོགས་པའི་རིམ་པས་སོ། །ལུས་ངག་དངོས་པོ་ལ་ཐལ་བ་དང་ཁྱད་པར་ཅན་ནོ། །དེ་མཉམ་པར་བཞག་པས་བརྩམས་ན་ཕྱག་རྒྱ་དང་སྔགས་བདག་ཉིད་སྟེ་དེ་ཉིད་མཆོད་པ་སྟེ་ཆེན་པོའོ། །ཆོས་ཅན་གཅིག་ལ་ཞེས་པ་ནི་དངོས་པོ་གཅིག་ལ ་སྟེ་བུད་མེད་ལྟ་བུ་རྟོགས་པ་ནི་སྣ་ཚོགས་རྣམ་པར་སྣང་བ་སྟེ་ཞེས་པ་ནི་རོ་དང་འདོད་པ་ཅན་དང་བཟའ་ལ་སོགས་པར་སྣང་བ་སྟེ་རྟོག་པ་དེས་ལས་མ་ལུས་པ་བསགས་པའོ། །དེ་བཞིན་དུ་བཅོམ་ལྡན་འདས་ཁོ་ན་ལ་སྨད་པ་དང་བསྟོད་པ་དེས་བསྟན ་པའི་ལམ་ལ་བརྟེན་པས་སྡུག་བསྔལ་བ་ལ་སོགས་པ་གྲོལ་བར་འགྱུར་རོ། །དེའི་ཕྱིར་ལས་སྣ་ཚོགས་པ་ནི་རྟོག་པ་ལས་བྱུང་ལ་རྣལ་འབྱོར་པ་འདི་ནི་ཀུན་རྟོགས་པ་ཐམས་ཅད་ལས་ངེས་པར་གྲེལ་བས་ན། དེས་ལུས་ངག་གི་ལས་ཁྱད་པར་ཅན ་མཉམ་པར་བཞག་པས་བརྩམས་ནས་མི་དགེ་བ་ག་ལ་འགྱུར། །ཞེ་སྡང་དང་འདོད་པ་མེད་པའི་ཕྱིར་རོ། །བརྗེད་པ་ལ་སོགས་པའི་དབང་གི་དམ་ཚིག་ཉམས་པ་བསྐང་བའི་ཆོ་ག་གསུངས་པ་དོན་ཡོད་ཅེས་པ་ལ་སོགས་པའོ། །ཀུན་དག་ཅེས་པ ་ནི་ཀུན་དག་པའི་བསམས་པས་སོ། །ཁྱད་པར་དུ་བསྒང་པའི་ཆོ་ག་གསུངས་པ་བླ་མ་ཞེས་པ་ལ་སོགས་པའོ། །རང་གི་དཀྱིལ་འཁོར་ཞེས་པ་ནི་ཅུང་ཟད་ཁྱད་པར་མཛད་པ་སྟེ་ཡི་དམ་གྱི་ལྷའོ། །སྲོང་མཚམས་ཞེས་པ་ནི་མཛའ་མ་སྟེ། དེ་ནི་ཉི་མའི་? ་དུ་ཟད་དེ་ཉི་མའི་གུང་དང་ཕྱི་དྲོའི་དུས་སུ་ཡང་རྟོགས་པར་བྱའོ། །ཐ་མར་ཁྱད་པར་དུ་བྱ་བ་གང་ཞེ་ན་ཡི་གེ་གསུམ་གྱི་མཛའ་ལ་མ་བཞག་པས་གཤེགས་སུ་གསོལ་བ་དང་ཡི་གེ་གསུམ་གྱིས་དམ་ཚིག་གི་དཀྱིལ་འཁོར་ཡེ་ཤེས ་སེམས་དཔའ་ཨི་དཀྱིལ་འཁོར་ལ་ཐིམ་སྟེ་ཉལ་བར་བྱའོ་ཞེས་སོ། །ཐོ་རངས་ལངས་ཞེས་པ་ནི་མོས་པ་ཡང་ན་ཞེས་སོ། །སྔོན་བཞིན་དུ་ཞེས་པ་ནི་གོང་དུ་གསུངས་པ་ཁོ་ན་བཞིན་དུ་ཡན་ལག་དང་བཅས་པའི་སྤྱོད་པ་དུས་བཞིར་བྱ་ཞེས་སོ། །ལས་དང་པོ་ལ ་ཅེས་པ་ནི་འདི་ལས་རྣལ་འབྱོར་པའི་བྱེ་བྲག་གིས་ལས་བཞིར་སྟོན་པ་ནི་ལས་དང་པོ་པའི་ལས་དང་ལྡན་པའི་ཕྱིར་རོ། །དེ་ལ་ཡང་བསམ་གཏན་དང་བྱ་བ་བས་སྐལ་བ་སྟེ་རང་རང་གི་ལས་ཀྱི་ས་བསྟན་པའི་མཚན་མ་མཐོང་ཞིང་རྙེད་པའོ། །དེ ་ལས་དེ་མ་ཐག་པའི་རྐྱེན་གྱིས་བསྒྱུར་བ་ནི་ཅུང་ཟད་ཡེ་ཤེས་དབང་དུ་གྱུར་པའི་རྣལ་འབྱོར་ཏེ། བརྟུལ་ཞུགས་ཞེས་པ་ལ་སོགས་པའོ། །བརྟུལ་ཞུགས་ཞེས་པ་ནི་ཆོས་བརྒྱད་ལ་སོགས་པ་དང་ལྡན་པའོ། །ཚུལ་ཁྲིམས་ཞེས་པ་ནི་རང་གི ་རྗེས་སུ་མཐུན་པའི་དམ་ཚིག་དང་བཟླས་བརྗོད་དང་ཕན་གདགས་པའི་བྱ་བའོ། །སྔགས་ཤེས་པ་ནི་ལྷའི་སྐུར་གྱུར་པའི་ཡེ་ཤེས་ཏེ་ཨོཾ་དྷརྨམ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ་ཞེས་པ་དང་ལྡན་པའོ། །རང་གི་ལས་གསུངས་པ་མིག་ཅེས་པ ་ལ་སོགས་པ་སྟེ། ཆེན་པོ་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་ལ་སོགས་པ་ཅེས་པ་ནི་དོན་ཏོ། །དེ་གང་གིས་ཤེ་ན། ཅུང་ཟད་ཡེ་ཤེས་དབང་གྱུར་པས་ཤེས་ཏེ་འབེབས་པ་ཐོབ་པ་ཅེས་པའི་དོན་ཏོ། །དུས་བཞི་ཞེས་པ་ནི་ལས་དང་པོ ་པ་བཞིན་དུའོ། །འཁྲུལ་མེད་ཅེས་པ་ནི་བརྟན་པ་མ་ཡིན་པས་ཐིག་ལེ་དང་ཕྲ་མོ་ནན་ཏན་དུ་བྱ་བ་མ་ཡིན་ནོ། །བཟླས་བརྗོད་བྱ་ཞེས་པ་ནི་གྲུབ་པའི་མཚན་མ་ཐོབ་པར་བྱ་བའི་དོན་ཏོ། །དཀྱིལ་འཁོར་དང་ནི་ལས་རྒྱལ་མཆོག་།རྣམ་པ་ཀུན་གྱིས་རྫོགས་བྱས་ཏེ། ་ཞེས་པ་ནི་སློབ་མ་གཞུག་པ་དང་བསྒྲུབ་པའི་དོན་དུ་ཁྱད་པར་མཛད་པའོ། རང་གི་ལས་གསུངས་པ་སྤྲོ་བ་བསྡུ་བ་བྱེད་བ་ཅེས་ཏེ་ཡི་གེ་གསུམ་གྱི་སྤྲོ་བ་དང་བསྡུ་བའི་སྒོ་ནས་ཉིན་མཚན་དུ་དཀྱིལ་འཁོར་གྱི་སྦྱོར་བ་ལ་བརྟེན་པས་བཞི་པར་འགྱུར་པའི ་མཚན་མ་ཅི་སྐད་གསུངས་པ་རྣམས་འབྱུང་བའོ་ཡེ་ཤེས་དབང་དུ་གྱུར་པ་ནི་རང་དང་གཞན་གྱིས་དཀྱིལ་འཁོར་མཐོང་བར་མཛད་པའོ། །དེ་ལས་དེ་མ་ཐག་པའི་རྐྱེན་གྱིས་བསྒྱུར་བ་ནི་བཞི་སྟེ་ཡང་དག་ཅེས་པ་ལ་སོགས་པའོ། །ཡང་དག་ཡེ་ཤེས་ཞེས་པ་ནི ་མེ་ལོང་ལྟ་བུ་ལ་སོགས་པ་སྟེ། དེ་ཐོབ་པ་ནི་ཕྱག་རྒྱ་ཆེན་པོ་མངོན་དུ་མཛད་པ་ཅེས་སོ། །དེའི་ལས་གསུངས་པ་གཟུགས་བརྙན་ཞེས་པ་ལ་སོགས་པ་སྟེ། དེ་ནི་བཞིན་གྱི་དོན་ལ་གོམས་པས་ཁམས་ཀུན་གྱི་ནང་དུ་འོད་གསལ་པ་ལངས་ནས་གཟུགས ་བརྙན་ལྟ་བུའི་དམ་པའི་འཁོར་ལོ་གསུམ་གྱིས་སྲིད་པ་ཇི་སྲིད་ཡོད་པ་དེ་སྲིད་ཀྱི་བར་དུ་རོ་མྱང་བའི་མཚན་ཉིད་བརྒྱ་དང་ལྡན་པར་བཞུགས་ནས་འགྲོ་བའི་དོན་ཆེན་པོ་མཛད་པའོ། །དེ་ལྟར་རང་གི་འཁོར་གནས་སྔོན་བསྟེན་པ་བྱས་ནས་ཞེས་བྱ་བའི་སྒྲའི་དོན ་བསྟན་ནས་ང་ནི་དཀྱིལ་འཁོར་ཀུན་ཏུ་བྲི་བར་བྱ་ཞེས་བསྟན་པའི་ཕྱིར་རོ། །གྲུབ་པའི་མཚན་མའི་རྣལ་འབྱོར་པས་ཤེས་པ་གསུངས་ཏེ། དེ་ལ་གྲུབ་པའི་མཚན་མ་ཞེས་པ་ནི་རྨི་ལམ་ལ་སོགས་པའོ། རྣལ་འབྱོར་པས་ཤེས་པ་ནི་ཅུང་ཟད་ཡེ་ཤེས ་དབང་དུ་གྱུར་ནས་ཤེས་པའི་དོན་ཏོ། །ལན་གྲངས་མང་དུ་ཞེས་པ་ནི་ཡིད་ལ་བྱེད་པའི་བག་ཆགས་ཀྱི་མཚན་མ་དགར་པའོ། དེ་ལྟར་མ་ཡིན་ན་ཡང་དག་པར་ནི་ཡང་དང་ཡང་དུ་འབྱུང་བའི་ཕྱིར་རོ། །དེ་གསུམ་གྱི་ཆོ་ག་བཞིན་བྱས་ནས་ཤེས་པ་ནི་མཚན་མ ་ཐོབ་པ་དེས་དཀྱིལ་འཁོར་བྲི་བའི་དོན་དུ་བཟླས་བརྗོད་བྱའོ་ཞེས་བསྟན་པའོ། །དཀྱིལ་འཁོར་བྲི་བར་བྱ་ཞེས་པ་ནི་ཅུང་ཟད་ཡེ་ཤེས་དབང་དུ་གྱུར་པའི་རྣལ་འབྱོར་པས་མཐུན་མོང་གི་ཆེད་དུ་བྲི་བ་དང། ཡེ་ཤེས་དབང་དུ་གྱུར་པའི་རྣལ་འབྱོར་པས་ཁྱད་པར་མེད ་པར་ཐུན་མོང་དང་མཆོག་གི་ཆེད་དུ་བྲི་བའོ་ཞེས་སྒྲུབ་པ་པོ་ཁོ་ནའི་དབང་དུ་གསུངས་པའོ། །ད་ནི་སློབ་དཔོན་དང་སྒྲུབ་པ་པོ་ཐུན་མོང་གི་དབང་དུ་གསུངས་པ། འཁོར་གནས་ཤེས་པ་ལ་སོགས་པའོ། །དེ་ལ་འཁོར་གནས་ཆོ་ག་བཞིན ་བཟླས་ཏེ་ཞེས་པ་ནི་ཅི་རིགས་པར་རྣལ་འབྱོར་པ་གང་ཡང་རུང་བས་ཆོ་ག་བཞིན་དུ་བཟླས་བརྗོད་བྱས་ཏེ་བྲིའོ་ཞེས་པའོ། །གང་གི་དོན་དུ་བྲི་ཞེ་ན། བདག་གིས་ཞེས་པ་ནི་དངོས་གྲུབ་ཀྱི་སྟེ་རྣལ་འབྱོར་པ་བར་མའི་དཔའ་དུ་བྱས་པའོ། །ཞུས་པས ་ཞེས་པ་ནི་སྣོད་དུ་རུང་ཞིང་མོས་པ་དང་ལྡན་པས་ཞུས་པ་དང་གླེགས་བམ་ལ་སོགས་པ་བརྐོ་བར་འདོད་པས་ཞུས་པ་དང། སྡིག་པའི་དབང་གིས་མཚན་མ་ངན་པ་མཐོང་བས་ཞུས་པའོ། །གཞན་དོན་བྱེད་པར་འདོད་ན་ཡང་ཞེས་པ་ནི་ངང་ཚུལ་བཟང ་པོ་དང་ལྡན་བཞིན་སྣོད་དུ་རུང་བ་རྣམས་ནི་ཞུས་པ་མ་ཡིན་ཀྱང། དེའི་དོན་དམིགས་ནས་བསོད་ནམས་འཕེལ་བའི་དོན་དུ་དེ་བཙུད་དེ་བྲི་ཞེས་པའི་དོན་ཏོ། །དེ་བས་ན་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས། མོས་པ་བསྟན་པ་དད་པ ་ཅན། །གཞན་ལ་ཕན་དགའ་མཐོང་ནས་ནི། །ཤེས་ནས་སློབ་དཔོན་བདག་ཉིད་ཀྱིས། །མ་གསོལ་བར་ནི་དེ་བས་ཏེ། །ཕན་འདོད་ཕྱིར་ནི་འདི་སྐད་སྨྲ་ཞེས་པ་ལ་སོགས་པ་གསུངས་སོ། །དེ་བས་དེ་རྣམས་ཀྱི་དོན་དུ་རྣལ་འབྱོར་པ་ཁྱད་པར་མེད་པར ་དབང་བསྐུར་བའི་དཀྱིལ་འཁོར་བྲིའོ་ཞེས་སོ། །ཡེ་ཤེས་དབང་དུ་གྱུར་པས་ནི་བསམ་གཏན་ཙམ་གྱིས་རྫོགས་པར་བྱེད་པ་ཡང་ཆད་དོ། །མཚན་མ་ཐོབ་ནས་ཞེས་པ་ནི་སྒྲུབ་པ་པོས་གྲུབ་པའི་མཚན་མ་ཐོབ་ནས་སོ། །སློབ་དཔོན་ནི་བརྟན་པའི་མཚན ་མ་ཐོབ་ནས་བྲི་བ་སྟེ་ལས་དང་པོ་ལ་སོགས་པའོ། །དེ་བཞིན་ལས་དང་པོ་པ་དེས་མཚན་མ་མ་ཐོབ་ཀྱང་དོན་མི་འདོར་བའི་ཕྱིར་དབང་བསྐུར་བའི་དཀྱིལ་འཁོར་བྲིའོ། །ཞེས་སློབ་དཔོན་ཛ་བ་རི་པ་ཡིས་བཤད་དོ། །འཁོར་གནས་ཆོ་ག་བཞིན་བཟླས ་ཏེ་ཞེས་གསུངས་པ། འཁོར་བ་དང་སྔགས་ནི་འབུམ་བཟླས་ཏེ་ཞེས་པ་ལ་སོགས་པའོ། །དེའི་དོན་ནི་འདི་ལྟ་སྟེ། གོང་དུ་སྨོས་པ་རྣམས་ཀྱིས་ཞུ་བར་གསལ་བ་དང། ཡུལ་རྣམས་ལ་ཆགས་དང་བྲལ་བའི་བདག་ཉིད་ཆེན་པོ་དེས་དེ་ལ་སོགས་ཏེ། སེམས་ཅན་རྣམས་འཁོར་པ་ལས ་བསྒྲལ་བར་བྱའོ་ཞེས་ཏེ་བྲི་བར་བྱའོ། །ཁྱེད་ཀྱི་ཡོ་བྱད་རྣམས་ཚོགས་སམ་ཞེས་སྨྲས་ནས། དེས་ཀྱང་ཁ་ཅིག་ཚོགས་ཁ་ཅིག་མ་ཚོགས་ཞེས་སྨྲས་ནས་གནས་ཇི་ལྟ་བ་བཞིན་དུ་འདུག་སྟེ། ཇི་སྐད་དུ་གསུངས་པའི་འཇབ་བརྟན་པ་ཡིན་པས་དུ་མ་བཟླས་པའམ། བརྟེན་པའི ་མཚན་མ་མཐོང་བས་འཛབ་འབུམ་ལ་སོགས་པའི་བཟླས་པ་བྱས་པས་ལྷས་གནང་བར་བསམ་པ་འམ་དངོས་སུ་ཐོབ་ནས་བྲི་བར་བྱའོ། །ཞེས་སོ། །གསལ་ཏེ་མཚན་མ་མི་བཟང་བའི་སློབ་མ་ཞུས་པར་གྱུར་ན། །ཁྱད་པར་དུ་དེའི་ཁྲོ་ཞིང་ཁྲོ་བོ་གང་ཡང་རུང་བའི་རྣལ་འབྱོར ་རམ། ཡང་ན་རང་གི་ལྷའི་རྣལ་འབྱོར་དང་ལྡན་པས་མདུན་དུ་སློབ་མ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བཞག་ལ་བདག་གི་ས་བོན་སྤྲོས་པའི་འོད་ཟེར་གྱིས་དེའི་སྟེང་ལ་གནས་པ་ཀཾ་ལས་བསྐྱེད་པའི་འདྲེ་ཁ་དོག་ནག་པོ་འཇིགས་སུ་རུང་བའི་སྡིག་པ་བསྐུལ ་ནས་སྣ་ཁུག་ནས་ཕྱུང་སྟེ། ཡང་ས་བོན་ལས་བདུད་རྩི་ཐབ་སྦྱོར་ཁ་བྱེ་བའི་རྡོ་རྗེ་དང་ལྡན་པས་ཕྱུང་ནས། ན་མ(རྒྱུད་འགྲེལ་བུས་བཏབ་ནས། བསམ་པས་ཀུན་ཏུ་བཟང་པོར་བསྐྱོད་ནས་དེའི་སྤྱི་བོར་བསམ་ཏེ། སློབ་མ་བཅོས་ནས་འཛབ་བཟླས་པ་བྱ་ཞེས་ཁྱད་པར་རོ། །ད་ནི་བཟླས་བརྗོད་ཀྱི་སྐབས་སུ་སྙིང་པོ་ལ་སོགས་པའི་དབྱེ་བ་གསུངས་པ། དེ་ཉིད་གསུམ་ཞེས་བྱ་བ་ལ་སོགས་པའོ། །དེ་ཉིད་གསུམ ་ཞེས་པ་ནི་ཡི་གེ་གསུམ་མོ། །ཁར་བཅུག་ཅེས་པ་ནི་སྐུ་གསུམ་གྱི་མཇུག་ཏུ་དང་པོའི་སྙིང་པོ་ས་བོན་སྟེ། མཾ་ལ་སོགས་པའོ། །བཅུག་ནས་ཧཱུཾ་གིས་སྟོན་པས་བཟླས་པར་བྱ་ཞེས་སོ། །ས་བོན་དེ་ཇི་ལྟ་བུ་ཞེ་ན། ཐིག་ལེ་ལ་སོགས་པ་དང་ལྡན་པའོ། །གཞན་ཡང་དེ་ཉིད་གསུམ་གྱི་བར་དུ ་མཚན་གྱིས་སྔགས་རྣམ་པ་བཅུག་ནས་བཟླས་བརྗོད་འབྱུང་པར་བྱ་ཞེས་སོ། །དོན་གཉིས་ནི་བཟླས་བརྗོད་འབྱུང་བར་བྱ་ཞེས་སོ། །དེ་གཉིས་ནི་བཟླས་བརྗོད་ཐུན་མོང་ངོ། །ཕྱག་རྒྱ་ཞེས་པ་དེ་ཉིད་གསུངས། གསང་བའི་སྐུ་གསུང་ཞེས་པ་ལ་སོགས་པའོ། །སྙིང ་པོ་ཞེས་པ་དེ་ཉིད་གསུངས་པ། ས་བོན་སྙིང་པོ་ཞེས་བྱ་སྟེ། ཡི་གེ་གཅིག་པ་ཅེས་པའི་དོན་ཏོ། །རིག་པ་ཅེས་པའི་དེའི་སྒོ་ནས་བསྒྲུབ་པའི་བཟླས་བརྗོད་གསུངས་གཞི་བ་ལ་སོགས་བསྐུལ་ནས་ནི་ཞེས་པ་ནི་ཤནྟི་ཀུ་རུ་ཞེས་པ་ལ་སོགས་པ་ལས་བྱེ་བྲག་གིས་སོ།། ་ལས་བྱེད་པས་ནི་བསྐུལ་པ་དེ་དང་དེའི་ལས་བྱེད་པའོ། །དེའི་ཕྱིར་རིག་པ་ཅེས་དེ་ལྷ་རྣམས་སོ། །དེ་ལ་བསྐུལ་བར་བྱེད་པ་ལ་ཡང་དེ་སྐད་ཅེས་བྱའོ། །སྔགས་ཤེས་པ་ནི་བདུད་རྩི་འཁྱིལ་པའི་སྔགས་ལ་སོགས་པའོ། །རིགས་གསུམ་སྟེ་ཞེས་པ་ནི། ལས་ཀྱི་བྱེ་བྲག་གིས ་བསྐུལ་ནས་ཤེས་པའོ། །དེ་ཐམས་ཅད་ཁམས་ལས་ཅི་རིགས་པར་བཟླས་པ་བྱའོ། །ཞེས་སོ་ཇི་ལྟར་རྣལ་འབྱོར་གནས་བཟླས་ཏེ་ཞེས་པ་ནི་ཇི་སྐད་གསུངས་པའི་ཏིང་ངེ་འཛིན་ལ་གནས་ནས། བཟླ་ཞེས་པའོ། །དེས་རང་ལྷའི་བཀའ་འམ། འཁོར་བདག་གི ་བཀའ་ཐོབ་ནས། ཤེས་པ་ནི་བསམ་པ་འམ་དངོས་སུ་གནས་ནས་བྲི་བར་བྱ་ཞེས་བྱ་བར་སྦྱར་རོ། །དེ་ཡང་གང་གི་དབང་གིས་ཐོབ་ཞེས་ན་མདུན་དུ་རྣལ་འབྱོར་པས། འགོག་པའི་འཁོར་ལོ་ཞེས་པ་ནི་ཕྱིན་ཅི་ལོག་འགོག་པ་སྟེ་དཀྱིལ་འཁོར་གྱི་འཁོར ་ལོའོ་དེ་མོས་ནས་སུ་ཞེས་པ་ནི་བསྟན་པའི་སེམས་ཀྱིས་གསལ་པོར་བསམ་ནས་ཤེས་སོ། །རང་སེམས་དག་པས་ན་དམ་ཚིག་ཉམས་པ་མེད་པའོ། །དེའི་དོན་ནི་འདི་ལྟ་སྟེ། བསྲུང་པ་ལ་སོགས་པའི་དམ་ཚིག་དང་ལྡན་པའི་སྒོ་ནས་དུས་བཞིར་ཏིང་ངེ ་འཛིན་གསུམ་རྫོགས་པའི་མཇུག་ཏུ་སྨོན་ལམ་བཏབ་པ་དང། དེའི་ཡན་ལ་གཞན་ཡང་སྡོམ་པ་དང། ཁ་ཟས་སྦྱར་བ་དང། ལས་གཉིས་ཀྱི་སངས་རྒྱས་མཆོད་པར་བྱས་ནས་བདག་གུང་དུ་བསམས་ཏེ། བདག་པོས་དབང་བསྐུར་བ་ལ་སོགས་པས་དམ་ཚིག ་ཉམས་པ་ལ་སོགས་པ་སེམས་དག་པར་བྱས་པས་ཤེས་པའི་དོན་ཏོ། །དེ་ལྟར་རི་མོ་བྲི་བའི་སྔོན་དུ་བཟླས་བརྗོད་ཀྱི་ཆོ་ག་བསྟན་ནས་ད་ནི་ལས་དང་པོ་པའི་རྣལ་འབྱོར་པས་དཀྱིལ་འཁོར་བྲི་བའི་ཆོ་ག་ལ་དང་པོས་དག་པར་བྱ་བའི་ཆོ་ག་གསུངས་པ་?་? ་ཀུན་བསྐྲད་ནས་ཞེས་པ་ལ་སོགས་པའོ། །དེའི་དོན་ནི་འདི་ལྟ་སྟེ། བཟླས་པ་བྱས་པས་བྲི་བར་འདོད་ན། དེའི་ཚེ་ལྷ་ཁང་ངམ། གྲོང་ཁྱེར་རམ། མཆོད་རྟེན་ནམ། ཀུན་དགའ་ར་བ་ལ་སོགས་པའི་བྱང་ཤར་མཚམས་སུ་བཙལ་བར་བྱའོ། །གཞན་དུ་བརྒྱ་བྱིན་ལ ་ལྷ་གཤིན་རྗེ་བདེན་བྲལ་དང། ཆུ་ལྷ་དང་རླུང་ལྷ་གནོད་སྦྱིན་ཕྱོགས་སུ་ནི་གོ་རིམ་བཞིན་དུ་གནོད་པར་འགྱུར་བ་སྟེ། ཕམ་ཞིང་མུ་གེའི་རིགས་སུ་རྒྱུད་འཆི་བ་དང། མུ་གེ་བླང་བ་འཆི་ཡོད་སློབ་མའི་ཆི་ཞེས་འབྱུང་བས་ཞི་བ་ལ་ཇི་ལྟ་བ་བཞིན་དུ་ཁ་དོག་ཐ་དད་པ་དང། མཐོ ་དམན་དང་འབྲུ་དང་ཚོར་མ་མང་པོ་ལ་སོགས་པ་མེད་པར་བྱའོ། །ཤར་དུ་མཐོ་ན་རིགས་ཟད་འགྱུར། །བྱང་དུ་མཐོ་ན་རང་འཆི་འམ། །ཡང་ན་ནོར་ནི་ཟད་པར་འགྱུར་ཞེས་འབྱུང་བས། །དེ་དག་སྤངས་ནས་བྱང་ཤར་དུ་འདྲིལ་ཞིང་བཀྲ་ཤིས་པའི་མཚན་ཉིད་དང་ལྡན་པ ་བརྩལ་བར་བྱའོ། །དེ་ལ་སོགས་པ་ནི་རྟོག་པའི་རྣལ་འབྱོར་ལ་གནས་པ་ལ་གསུངས་ཀྱི། །རྣལ་འབྱོར་ཆེན་པོ་རྣམས་ལ་ནི་ངེས་པ་མེད་དོ། །དེ་ནས་དགེ་འདུན་རྣམས་དང་བཅས་ཏེ། བཀྲ་ཤིས་པའི་གཟའ་སྐར་དང་བྱེད་པ་བཟང་པོའི་ཉིན་པར་བཅགས་ནས ་དེར་པུས་མོ་ནུབ་ཙམ་བརྐོངས་ནས་དེ་ཉིད་དག་པར་བྱའོ། །གལ་ཏེ་སྔ་མ་ལྷག་པར་གྱུར་ན། དངོས་གྲུབ་ལ་སོགས་པའི་རྟགས་སུའོ། །དེ་བཞིན་དུ་བརྐོས་ནས་ཆུས་བརྐང་སྟེ། སློབ་དཔོན་གོམ་པ་བརྒྱ་ཕྱིར་སོང་ནས་འོངས་ནས་མི་གཡོ་ཞིང་གཡས་སུ་འཁོར་བ་ནི། ་བཟང་པོའི་རྟགས་སུ་ཤེས་པར་བྱའོ། །དེ་ལྟར་མ་ཡིན་པར་གྱུར་ན་ཕུར་བུ་བཏབ་ནས་བགེགས་ཀུན་བསྐྲད་ཅེས་པ་སྟེ། བདུད་རྩི་འཁྱིལ་པས་ཇི་སྐད་དུ་གསུངས་པའི་རིམ་པས་བགེགས་ཀུན་ཕུར་བུར་བཏབ་ནས་བསྐྲད་པར་བྱའོ། །དེ་ནས་ས་བླང་བར་བྱ་བའི ་ཕྱིར་བསང་གཏོར་བྱས་ནས་ཞེས་པ་ནི་ཡི་གེ་གསུམ་འམ། བདུད་རྩི་ཐབ་སྦྱོར་གྱི་སྔགས་ཀྱི་བཟླས་ཆུས་ས་གཞི་དེ་ལ་གཏོར་བར་བྱའོ། །གསོལ་བ་གདབ་ཅེས་པ་ནི་ཕྱོགས་སྐྱོང་བ་རྣམས་རང་རང་གི་ཕྱོགས་སུ་བསྐྱེད་ལ་རང ་བཞིན་གྱི་ཕྱོགས་སྐྱོང་བ་ཀུན་ནས་ཉེ་རེགས་ལ་སོགས་པས་བྱ་བ་བྱས་ན་ཏེ་པུས་མོ་བཙུགས་ནས་གཏོར་མ་ཡང་ཟས་སྦྱར་བའི་སྦྱོར་བ་བྱིན་གྱིས་བརླབས་ཏེ། སྔགས་འདིས་དབུལ་ལོ། །ོཾ་ཨིནྡྲ་ཡེ་སྭཱཧཱ། ཨོཾ་ཡ་མ་ཡེ་སྭཱཧཱ། ཨོཾ་ཀུ་བེ་རེ་ཡ་སྭཱཧཱ། ?་?་?་?་ནཱི་ཡེ་སྭཱཧཱ་ཨོ?་? ་སྭཱཧཱ། ཨོཾ་བ་ཡ་བེ་སྭཱཧཱ། ཨོཾ་ཨི་ཤཱ་ནཱ་ཡ་སྭཱཧཱ། ཨོཾ་སཱུ་རྱ་གྲ་ཧེ་སྭཱཧཱ་ཨོཾ་ཙནྡྲ་ཨ་ཏེ་བྱ་སྭཱཧཱ། ཨོཾ་སུཾ་བྷ་ནི་སྭཱཧཱ། ཞེས་བརྗོད་ནས། ཨ་ཀཱ་རོ་མུ་ཁཾ་སརྦབ་དྷརྨམཱ་ཎཱཾ་ཨཱདྱཱ་ནུཏྟཔནྣ་ཏྭཱཏ་ཅེས་བརྗོད་དོ། །གསོལ་བ་གདབ་པར་བྱའོ། །ཁམས་ན་བཞུགས་པའི་ལྷ་དང་ཀླུ། ། ་གནོད་སྦྱིན་དྲི་ཟ་ལྷ་མ་ཡིན། །གང་དག་རྫུ་འཕྲུལ་ཆེར་ལྡན་རྣམས། །རྡོ་རྗེ་སྤྱན་དང་སྙན་མངའ་བ། འཐུང་ལ་གནས་པའི་འབྱུང་པོ་ཀུན། །མིང་འདི་ཞེས་ནི་བགྱི་བ་ཡིས། །སངས་རྒྱས་རྣམས་ལ་མཆོད་པ་དང། །སེམས་ཅན་རྣམས་ལ་ཕན་སླད་དུ། །ས ་ཕྱོགས་དགེ་གནས་འདི་ཉིད་དུ། །དམ་པའི་དཀྱིལ་འཁོར་ཆེར་འབྱུང་བ། །ཇི་ལྟར་བསམས་པའི་ལས་བྱེད་ན། །ཁྱོད་ཀྱིས་བར་ཆད་མ་བྱེད་པ་པ་དགེ་བའི་གྲོགས་པོ་ཉིད་དུ་མཛོད། །ད་ལྟར་ཁྱོད་ལ་བདག་གིས་ནི། །བཟོད་པར་གསོལ་གྱིས་མ་བསླུ་བར།། ་མཚན་མ་རྣམས་ནི་བརྟན་དུ་གསོལ། །ཞེས་འཇིག་རྟེན་པའི་ལྷ་རྣམས་ལ་གསོལ་བ་ལན་གསུམ་གྱི་བར་དུ་བླང་བར་བྱའོ། །དེ་ནས་རང་གི་ལྷའི་རྣལ་འབྱོར་དང་ལྡན་པས་ཉལ་ནས་རྨི་ལམ་ལ་སོགས་པ་ཐོབ་པ་འམ་ཡང་ན་མ་ཐོབ་ན ་མངོན་སྤྱོད་ཀྱི་སྦྱིན་སྲེག་གིས་དགྲ་བགེགས་བཅོམ་པར་བྱའོ། །དེ་རྣམས་འཇིག་རྟེན་ལས་འདས་པ་རྣམས་ལ་བླང་བ་ཏིང་ངེ་འཛིན་རིམ་པ་ནི་ཞེས་པ་ནི་གོང་དུ་གསུངས་པ། སངས་རྒྱས་ལ་སོགས་ཞེས་པ་ནི་དཀྱིལ་འཁོར་གྱི་ལྷ་ལ ་སོགས་པ་ཅེས་པའོ། ཉན་ཐོས་དང་རང་རྒྱལ་བ་དང། བྱང་ཆུབ་སེམས་དཔའ་ཨོ། །སྟ་གོན་གནས་ཞེས་པ་ནི་གནས་དེར་དམིགས་ཏེ་ཞེས་པའི་དོན་ཏོ། །ཡོན་དང་ཞེས་པ་ནི་རྩ་དུར་བ་ཉག་མ་གསེན་པོ་ཞེས་ལ་སོགས་པ་དང། ལྷ་མོ་བཞི་འཇམ་དཔལ་དང་བདུད་རྩི་འཁྱིལ་བའི་བུམ ་པ་ལ་སོགས་པ་རྣམས་སོ། །གཏོར་མ་ནི་གོང་དུ་གསུངས་པའི་ཚུལ་གྱིས་བརླབ་པའོ། །དེ་རྣམས་རྟོགས་ནས་མཆོད་པ་ཕུལ་སྟེ། གསོལ་བ་གདབ་པར་བྱའོ། །དགོངས་ཤིག་དུས་གསུམ་མགོན་པོ་རྣམས། །དགྲ་བཅོམ་ཀུན་དང་རང་རྒྱལ་རྣམས། །དེ་བཞིན་བྱང་ཆུབ ་སེམས་དཔའ་རྣམས། །སངས་རྒྱས་ཐམས་ཅད་མཆོད་པ་དང། །སློབ་མ་རྣམས་ལ་ཕན་དོན་དུ། །དཔལ་ལྡན་འཇམ་དཔལ་རྡོ་རྗེ་ཡི། །དཀྱིལ་འཁོར་དམ་པ་བྲི་བར་འཚལ། །རྒྱལ་བ་སྲས་དང་བཅས་རྣམས་ཀྱིས། །ཡོན་ཏན་གཏོར་མ་བཞེས་ནས་ཀྱང། །བདག་ལ ་བྱིན་གྱིས་བརླབ་དུ་གསོལ་ཞེས་ལན་གསུམ་དུ་བརྗོད་པར་བྱའོ། །དེ་ནས་དེ་དག་ཞི་བ་ལ་སོགས་པའི་ཐབ་ཅི་ལྟ་པར་སྦྱིན་སྲེག་གིས་ཚོམ་བར་བྱས་ཏེ། དེ་དག་གིས་ཀྱང་ཞལ་གྱིས་བཞེས་པར་བསམས་ལ། ཁུང་བུ་བརྐོ་པའི་ཆེད་དུ་ནམ་མཁའ་ལ་དགོད་པར་བྱའོ། །དེ་ལྟར ་བསླད་བ་བྱས་ནས་དེ་ཕྱིའི་ཚུལ་གྱིས་སྤྱད་པར་བྱ་བའི་ཕྱིར། །ཤིན་ཏུ་བགེགས་མེད་ས་བརྐོས་ཏེ། །ཞེས་ཏེ་དེའི་དོན་ནི་གནས་གྲུབ་ཞི་ཡོངས་སུ་བརྟགས་ནས་ཀླུ་བརྟག་པར་བྱ་སྟེ། དེ་ཡང་རྗེའུ་ཡི་རིགས་ཀྱི་ཀླུ་ཞིག་སྟོན་གསུམ་དང་དགུན་གསུམ་?་དཔྱིད་གསུམ་དང། དབྱར་གསུམ་ལ ་གོ་རིམ་བཞིན་དུ་མགོ་ཤར་ལ་སོགས་པར་བསྟན་ནས་བརླ་གཡོན་པས་ཉལ་ཏེ། གཡས་སྐོར་དུ་གནས་པར་ཤེས་པར་བྱའོ། །དེ་ཡང་མགོ་ལོགས་བརྐོས་ན་ཕ་སོགས་འཆི། མཇུག་ཏུ་བརྐོས་ན་ནོར་ཟད་འགྱུར། །རྒྱབ་ཏུ་བརྐོས་ན་རང་ཉིད་འཆི་ཞེས་འབྱུང་བས།། ་དེའི་མདུན་ཕྱོགས་ཁོ་ནར་མཆོག་དང་རིགས་འཛིན་ཕྲ་མོ་གཞན་དང། གཞན་གྱིས་དབྱེ་བས་གོ་རིམ་བཞིན་དུ་མགྲིན་པ་དང་ལྟོ་བ་དང་པུས་མོ་ནུབ་ཙམ་དུ་བདུད་རྩི་ཐབ་སྦྱོར་དུ་བསྒོམ་པའི་སློབ་མས་འཛོར་གྱིས་བརྐོ་བར་བྱའོ། །དེ་བཞིན་དུ་སློབ་མ་རྣམས་དབང ་བསྐུར་བ་ཡང་ཅི་རིགས་པའོ། །དེ་ནས་སོ་ཕག་དང་རུས་པ་ལ་སོགས་པ་བསལ་ཞིང་དེ་ཉིད་གསུམ་དང་བདུད་རྩི་འཁྱིལ་པའི་སྔགས་ཀྱི་བཟླས་པའི་ཚུལ་བསྟན་ནས་དེའི་ཆ་ཉལ་དུ་མངོན་སྤྱོད་ཀྱི་སྦྱིན་སྲེག་གིས་བགེགས་བཅོམ་སྟེ། དེ ་ནས་དག་པར་བྱའོ། །གལ་ཏེ་རུས་པ་ལ་སོགས་པ་ལ་བསལ་བར་མ་གྱུར་ན། ལག་པས་རེག་སྟེ་དེ་ཉིད་གསུམ་དང། བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བཟླས་བརྗོད་བྱའོ། །དེ་བས་ཁུང་བུ་རིམ་པ་འདི་ཡིས་དག་ཅེས་པའོ། །སྔོན་དུ་དུས་རིང་སྙེན་བྱེད་པ་ཅེས་པ་ནི། གང ་དུ་སྨོས་པ་རྣམས་སོ། །འཇམ་དཔལ་རྡོ་རྗེ་ཞེས་པ་ནི་ཉི་མའི་མཚན་ཉིད་དོ། །རང་གི་ལྷའི་ཏིང་འཛིན་གནས་པ་ཅེས་པས་སོ། །དཀྱིལ་འཁོར་ས་སྦྱང་བྱ་སྟེ་ཞེས་པ་ནི་དེའི་སྟེང་དུ་ས་གཞན་དག་ལས་ཇི་ལྟར་རིགས་པའི་སྟེགས་བུ་གྲུ་གཞི་པ་ཁྲུ་གང་ཙམ་དུ ་འཕགས་པ་མཛེས་པ་དེའི་ནང་དུ་རིན་པོ་ཆེ་དེ་ལས་འབྲུ་ལ་སོགས་པ་དང་ལྡན་པར་བྱས་ནས་དམ་ཚིགས་རྣམས་དང་རབ་ལྡན་པར་ཞེས་ཏེ། ཟླ་བ་ལ་སོགས་པས་བ་ལང་གི་ཀོ་དེའི་ཚང་ཙམ་དུ་བྱུགས་ནས་མེ་ལོང་ལྟ་བུའོ། །དེ་ནས་གནས་ཁང་དེ་དྲི ་ཆུས་ཆག་ཆག་བཏབ་ནས། རིན་པོ་ཆེའི་དབུ་རྒྱན་དང་གདུགས་དང་མཛེས་པའི་འབྲས་བུ་དངོས་པོ་འམ་།བཅོས་མ་དང། བར་ཁ་དོག་སྣ་ཚོགས་པའི་ཡུག་དང། བླ་རེ་དང། བ་དན་དང། དྲིལ་བུ་དང་རྔ་ཡབ་དང། པི་བང་དང་སྒྲང་ཡབ་ལ་སོགས་པས ་བརྒྱན་པར་བྱའོ། །བརྒྱ་བྱིན་ལ་སོགས་པའི་ཕྱོགས་སུ་གོ་རིམ་བཞིན་དུ་རྒྱལ་མཚན་དཀར་པོ་དང། སྨུག་པོ་དང་ནག་པོ་དང་དུང་ཁ་དང། དམར་པོ་དང། སྣ་ཚོགས་པ་དང་སེར་པོ་དང། ལྗང་གུ་རྣམས་ཀྱིས་མཛེས་པར་བྱས་པའོ། །དེ་ལྟ་བུའི ་གནས?་སུ་ཉིན་དེ་བཞིན་དུ་དཀྱིལ་འཁོར་བྲི་བར་བྱའོ། །བགེགས་སྒྲའི་ཞེས་བྱ་བ་ལ་སོགས་པས་ནི་ནང་གི་རྣམ་པར་དག་པའི་ཆོ་ག་གསུངས་པ་དེ་ལ་བགེགས་ཞེས་པ་ནི་བཟུང་བ་དང་འཛིན་པའོ། །དེའི་སྒྲ་ནི་ཏིང་ངེ་འཛིན་རྣམ་པར་དག་པའི་བདུད་རྩི ་འཁྱིལ་པ་སྟེ། དེའི་དཀྱིལ་འཁོར་ནི་གཙོ་བོར་བྱས་པའོ། །ཇི་ལྟ་བ་བཞིན་དུ་བསྒོམས་ནས་འོད་ཟེར་བསྐུལ་བ་ཡོངས་སུ་བྱས་ཏེ་བདག་ལ་རིགས་ཀྱི་བདག་པོས་དབང་བསྐུར་བས་ནི་རྣམ་པར་དག་པའོ། །ཡང་ནའང་གི་ལྷའི་སྦྱོར་བའམ་ཞེས་པ་ཡིས་ནི་དམ་ཚིག ་ལྷའི་ཏིང་ངེ་འཛིན་མངོན་པར་བྱས་ནས་གོང་བཞིན་དུ་དབང་བསྐུར་བ་བླང་བར་བྱ་སྟེ། བགེགས་རྣམས་ཤེས་པ་ནི་ཀུན་ཏུ་རྟོགས་པའོ། །དེ་བསྐྲད་པ་ནི་སེམས་ལས་མངོན་པར་གསལ་བའོ། །ོཾ་བྷཱུ་ཁཾ་ཞེས་པ་ལ་སོགས་པས་ནི་ས་ཕྱིན་གྱིས་བརླབ་པ་སྟོན ་ཏེ། མཁའ་ལ་རི་རབ་འབྱུང་བར་བྱ་ཞེས་པ་ནི་ཨོཾ་བྷུ་ཁཾ་ཞེས་བརྗོད་པས་རྣམ་པར་དག་པའི་ནམ་མཁའ་ལ་བཏེག་དེ་ཉིད་རི་རབ་ལྟ་བུར་བསྐྱེད་པར་བྱའོ། །དེ་ནས་ཧཱུཾ་ལམ་ཧཱུཾ་ཞེས་བརྗོད་པས་དེ་ཉིད་རྡོ་རྗེ་བདག་ཉིད་དུ་བསམས་ནས་སྔགས་འདིས་བྱིན་གྱིས ་བརླབ་པར་བྱའོ། །ོཾ་མེ་དི་ནི་བཛྲི་བྷ་བ་བཛྲ་བདྡྷ་ཧཱུཾ་ཞེས་པས་སོ། །ད་ནི་སྟེག་བུ་དབུས་སུ་སྦྱོར་བ་ཤེས་པ་དང་ལྷན་ཅིག་འམ། ཡང་ན་གཅིག་ཏུ་བསྒོམ་པ་སྤྱོད་པས་ཏིང་ངེ་འཛིན་བསྒོམ་པར་བཀའ་སྩལ་ཏེ། སྔོན་བཞིན་ཞེས་པ་ལ་སོགས་པ་གསུང ་སོ། །སྔོན་བཞིན་ཞེས་པ་ནི་གོང་དུ་བསྙེན་པ་ལ་སོགས་བཞིན་དུའོ། །བགེགས་དགྲ་ཞེས་པ་ནི་ཧཱུཾ་མཛད་ལ་སོགས་པའོ། །དེའི་དོན་ནི་འདི་ལྟ་སྟེ། གོང་མ་བཞིན་དུ་བསྲུང་བའི་འཁོར་ལོ་བསྒོམས་ནས། རྗེས་སུ་ཆགས་པའི་མཛའ་ལ་ཐུག་པས་སྦྱོར་བ་དང ་པོ་བྱས་མ་སྟེ། ཟླ་བར་ཞུ་བ་ལ་སོགས་པའི་རིམ་པས། བདུད་རྩི་འཁྱིལ་པའི་ཆར་དུ་ཕྱུང་ནས་མཆོད་པ་ལ་སོགས་པ་བྱས་ནས་དཀྱིལ་འཁོར་རྒྱལ་བ་མཆོག་གི་བདག་ཉིད་ཡིན་པ་དང། ལས་རྒྱལ་མཆོག་ནི་དཀྱིལ་འཁོར་གྱི་ལས་ས་དག ་པར་བྱས་པ་ལ་སོགས་པ་བྱེད་པའོ། །དེ་བས་ན་ལས་ཀྱི་རྒྱལ་བ་མཆོག་ནི་ཕྱོགས་གསུམ་སྟེ། ཐིག་ལ་སོགས་པའི་བསྙེན་པའི་རུས་སུ་གསུངས་པ་དང། རི་མོའི་དཀྱིལ་འཁོར་བྲི་བའི་ལས་སློབ་མ་དབང་བསྐུར་བ་དང། དངོས་གྲུབ་བསྒྲུབ་པའི ་དུས་སུ་གསུངས་པའོ། །དེ་བས་ན་ཏིང་ངེ་འཛིན་གྱི་བདག་ཅེས་པའི་དོན་ཏོ། །དཀྱིལ་འཁོར་སའི་དབུས་སུ་ནི། །རོལ་པ་དང་འཁོར་ལོ་འབྱིན་པ་དང་དྲི་བ་དང་བསྡུ་བ་དང། གཞི་ལ་བཞག་པ་དང། མཆོད་པ་ལ་སོགས་པ་དང་ལྡན་པར ་ཨོཾ་བཛྲ་ཨཱཏྨ་ཀོ་ཧཾ་ཨོཾ་སྭ་བྷཱ་བ་པི་ཤུདྡྷོ་ཧཾ། ཨོཾ་སརྦབ་མོ་ཧཾ་ཞེས་བརྗོད་པས། སངས་རྒྱས་ཀུན་དག་དང་རང་བཞིན་གྱིས་དག་པ་དང། རྡོ་རྗེའི་བདག་ཉིད་དུ་མོས་ནས་ང་རྒྱལ་བྱའོ། །ད་ཉིད་ཁོ་ན་རྡོ་རྗེ་ཅན། །ད་ཉིད་རྡོ་རྗེ་སེམས་དཔའ་བདག། སངས ་རྒྱས་རྒྱལ་པོ་ཆེན་པོའི་བདག་།རྡོ་རྗེ་ཅན་དང་སྟོབས་པོ་ཆེ། །དབང་ཕྱུག་རྒྱལ་པོ་རྣལ་འབྱོར་དང། །ད་ནི་བསྟན་པ་ཕྱག་རྡོ་རྗེ། །རྡོ་རྗེ་ཅན་ཆེན་བདག་ལྟ་བདག་ཅེས་བརྗོད་ནས་སེམས་ལ་དོན་བཟུང་བར་བྱའོ། །དེ་ལྟར་གནས་པ་ལ་སོགས་པའི་སློབ་མ ་པ་ཞེས་དངོས་སུ་འམ་སེམས་ཀྱིས་མཆོད་ནས། །ཞུ་བ་གསོལ་བར་བྱའོ། །དེ་བཞིན་གཤེགས་པ་ཀུན་གྱི་རང་བཞིན་ཡིན་པས་ན་ཞི་བ་སྟེ། གཟུང་བ་ལ་སོགས་པ་མེད་པས་དེ་ནི། སྐུ་རྡོ་རྗེའོ། །དེ་བཞིན་གཤེགས་པ་དེ་ཡང་གང་ཞེ་ན། ཀུན་གྱི་གནས་ནི ་ཀུན་གྱི་བདག་པོར་གྱུར་པ་སྟེ་ཐུགས་རྡོ་རྗེའོ། །ཕྱོགས་ཀུན་བདག་མེད་པ་ནི་རྣམ་པར་དག་པ་སྟེ་གསུང་རྡོ་རྗེའོ། །དེ་ལྟ་བུའི་དཀྱིལ་འཁོར་དམ་པ་བཤད་དུ་གསོལ་སྤྱིར་ཞུས་པའོ། །དེ་བཞིན་དུ་ཁྱད་པར་དུ་གྲུ་བཞི་པ་ལ་སོགས་པའི་མཚན ་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་།གྲུ་བཞི་མ་ཡིན་པ་ལ་སོགས་པའི་མཚན་ཉིད་མེད་པ་ཐམས་ཅད་སྤངས་པ་དེ་ཡང་གང་ཞེ་ན། ཀུན་ཏུ་བཟང་པོ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེའི་སྐུའི་དཀྱིལ་འཁོར་གྱི་མཆོག་བཤད་དུ ་གསོལ་ཞེས་པའོ། །ཞི་བའི་ཆོས་མཆོག་ཅེས་པ་ནི། བདག་མེད་པའོ། །དེ་ཉིད་མཆོག་སྟེ་དེ་ལས་ཡང་དག་པར་འབྱུང་བ་ནི་གསུང་གི་དཀྱིལ་འཁོར་རོ། །དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་སྤྱོད་ཡུལ་ཡིན་པས་རྣལ་འབྱོར ་པ་ཅེས་སོ། །སེམས་ཅན་ཀུན་ཀྱི་ཞེས་པ་ནི་སངས་རྒྱས་དང་སེམས་ཅན་ནོ། །དེའི་སེམས་ཆེན་པོ་ནི་ཐུགས་རྡོ་རྗེའི་རང་བཞིན་ནོ། །དེ་ཉིད་རང་བཞིན་དག་པས་དྲི་མ་མེད་ཅེས་པའོ།། །།དེ་ལྟར་ལན་གསུམ་དུ་ཞུས ་པ་དེས་ལངས་ནས་ལུས་ངག་ཡིད་གསུམ་གྱི་སྦྱོར་བས་བགེགས་བསྐྲད་གསུངས་པ། འཇམ་རྒྱལ་ཞེས་པ་ལ་སོགས་པའོ། །འཇམ་རྒྱལ་ཁྲོ་བོ་ཞེས་པ་ནི་དེ་ཉིད་དེ་མ་ཐག་ཏུ་ཧཱུཾ་མཛད་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ། །དེས་ལྟས་ནས་ཞེས་སོ། །གང་ལ་ཞེ་ན་རང ་དང་འདྲེས་པའི་སེམས་ཅན་ཁམས་ཞེས་པ་སྟེ། སྲིད་པ་ཐམས་ཅད་འཇམ་དཔལ་རྡོ་རྗེའི་རང་བཞིན་དུ་འདྲེས་ཤིང་གནས་པ་ལ་གློ་བུར་དུ་ཉོན་མོངས་པ་རྣམས་ཀྱིས་བསྒྲིབས་ཏེ་དེའི་ཕྱིར་དེ་ལས། བགེགས་གཤེད་ཀྱི་ངོ་བོར་ཁྲོས་ཞེས་པའོ། །སྤྱན་ལ་ཧཱུཾ ་བཀོད?་རྡོ་རྗེ་བསྟན་ཞེས་པ་ནི་མིག་གཡས་པར་མ་ལས་ཉི་མར་བསམ་གཡོན་པར་ཊ་ལས་ཟླ་བའི་དཀྱིལ་འཁོར་དུ་བསྒོམས་ཏེ། དེའི་སྟེང་དུ་མིག་འབྲས་ཧཱུཾ་ལས་འབར་བའི་རྩེ་ལྔ་པར་བསྒོམ་ཞེས་པའོ། །གྲོལ་བའི་དཀྱིལ་འཁོར་སྤྲུལ་པར་བྱ་ཞེས ་པ་ནི། རྡོ་རྗེ་ལས་ནམ་མཁའ་ཨི་ཁམས་ཐམས་ཅད་ཁྲོ་བོའོ། །དཀྱིལ་འཁོར་གྱི་ཁྱབ་པ་སྤྲུལ་པར་བྱའོ། །བློ་ལྡན་ཞེས་པ་ནི་སྦྱོར་བ་ཞེས་པའོ། །འགྲོ་ཀུན་ལྟར་ཤེས་པ་ནི་གོང་མའི་རིམ་པ་ཤེས་སོ། །དཀྱིལ་འཁོར་ས་གཞི་སྟངས་ཐབས་བསྐོར་ཞེས་པ ་དེ་གཡས་བརྐྱང་བའི་རིམ་པས་སོ་སོའི་ཚུལ་སྤྱོད་པའོ། །རྐང་མཐིལ་རྡོ་རྗེ་འབར་བསྒོམས་ཏེ། ཞེས་པ་ནི་རྐང་པ་གཉིས་སུ་བལྟས་ལ་སྣ་ཚོགས་རྡོ་རྗེ་འབར་བ་བསྒོམ་མོ། །ལགས་པས་རྡོ་རྗེ་ཞེས་པས་ནི་ཉེ་བར་མཚོན་པ་ཙམ་གྱི་སྟེ་དྲིལ་བུ་དང་བཅས་པའོ།། ་ཧཱུཾ་མཛད་པས་ཞེས་པས་ནི། ཧཱུཾ་གི་ང་རོ་སྒྲོགས་པའོ། །ལྷ་ལ་སོགས་ཞེས་པ་ལ་སོགས་པ་ནི། ས་ལ་གནས་པའི་བགེགས་ལ་སོགས་པའོ། །ཚིག་ཏུ་ཡང་འདི་སྐད་བརྗོད་དོ། །ཉོན་ཅིག་ཅེས་པ་ལ་སོགས་པའི། །ལུས་ངག་ཡིད་གསུམ་ལ་གནས་པའི།། ་ཞེས་པ་ནི་གཡས་བརྐྱང་བའི་ལ་སོགས་པ་བགེགས་འཇོམས་པ་ནི་ལུས་ཀྱིས་སོ། །བསྐལ་པ་བཟང་བ་དུས་ཀྱི་འབྲུག་ལྟ་བུའི་སྒྲ་སྒྲོགས་པ་ནི་གསུངས་གིའོ། །དངོས་པོ་ཐམས་ཅད་ཟབ་མོར་དམིགས་པ་ནི་ཐབས? ་ཀྱིའོ། །དེ་ལྟ་བུ་ལ་གནས་པའི་འཇམ་དཔལ་བདག་གིས་བསྲུང་བའི་འཁོར་ལོ་བྱེད་ཅེས་པས་སོ། །འདོད་གསུམ་བསྐྱེད་ལུས་ཤེས་པ་ནི་འདོད་པའི་ཁམས་ཁོ་ན་ལ་ཁམས་ཡོད་པའི་ཕྱིར་རོ། །དེ་ལྟ་བུའི་རིམ་པས་ས་ལ་ཡོངས་སུ་བསྐོར་བར་བྱ་སྟེ། ་དེ་ནས་བགེགས་མེད་པར་བྱ་བའི་ཕྱིར་ཕུར་བུས་གདབ་པར་བྱའོ།། ཇི་ལྟ་བུ་ཞེ་ན་སྟོང་དགྲ་ཞེས་པ་ལ་སོགས་པའོ། །དེ་ཡང་སེང་ལྡེང་ལ་སོགས་པའི་ཕུར་བུ་དྲི་དམར་པོས་བྱུག་ཅིང། སྲད་བུ་དམར་པོ་ལ་མེ་ཏོག་ཕྲེང་བ་བཏགས་ལ། །སྟོང་བགེགས ་དགྲ་སྟེ་བདུད་རྩི་འཁྱིལ་པ་ལྟ་བུ་སྨད་གསལ་ཤིང་སྟེ། ཟུར་གསུམ་པ་ལྟ་བུར་བསམས་ནས། དཀྱིལ་འཁོར་གྱི་དབུས་སུ་གདབ་པར་བྱའོ། །དེ་ལས་འོད་ཟེར་འབར་བས་འཁྲུག་ཅིང་འབར་བའི་ཕྱོགས་བཅུ་ན་གནས་པའི་བགེགས་ཐམས་ཅད་བཅོམ ་པར་འགྱུར་རོ། །ཡང་ན་མཚམས་དང་རབ་དྲ་བས་ཕྱོགས་བཅིང་ཞེས་པ་ནི་བསྲུང་བའི་འཁོར་ལོའི་སྦྱོར་བས་རབ་དྲ་བ་དང་ས་གཞིར་བསྒོམས་ནས་འཁོར་ལོ་བསྒོམ་པར་བྱ་སྟེ། ས་བསྲུང་བ་བྱའོ། །སྟ་གོན་བྱ་བ་ནི་ཞེས་པ་ནི་ས་བོན་གྱི་ཕྱག་རྒྱ་དཀྱིལ ་འཁོར་གྱི་ས་ལ་བཞག་སྟེ། ཨོཾ་ཊཀྐི་ཙུཾ་ཛ་ཞེས་བརྗོད་པས་སའི་ལྷ་མོ་སྐུ་མདོག་གསེར་ལྟ་བུ་ཕྱག་ན་གསེར་གྱི་བུམ་པ་བསྣམས་པ་རྒྱན་ཀུན་གྱིས་བརྒྱན་པ། རྣམ་པར་སྣང་མཛད་དང་ལྡན་པས་སའི་ལྷ་མོ་དབུས་ནས་ཐོན་པར་བསམས ་ཏེ། མེ་ཏོག་ལ་སོགས་པས་མཆོད་ནས་འདི་སྐད་དུ་སྦྲན་ནོ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི་ཞེས་པ་ལ་སོགས་པ་ལན་གསུམ་དུ་བརྗོད་དོ། །དེ་ནས་དེ་ཉིད་དགྱེས་ཏེ། ཞལ་གྱིས་བཞེས་ནས་དེ་ཉིད་དུ་ཐིམ་པར་བསམ་མོ། །ས་དག་པར་བྱ ་པའི་ཆོ་གས་སོ། །ལྷ་སྟ་གོན་དུ་གནས་པ་གསུངས་པ། དྲི་ཞིམ་ཞེས་པ་ལ་སོགས་པའོ། །དྲི་ཞིམ་སོགས་ཀྱིས་བསྐུས་ཞེས་པ་ནི་ཙན་དན་དང་གུར་གུམ་ལ་སོགས་པས་ས་བྱུགས་ནས་ཤེས་སོ། །དེ་བཞིན་དུ་ཁ་དོག་དང་དབྱིབས་སྣ་ཚོགས་པའི་མེ་ཏོག་གིས་ཀྱང? ་རབ་ཏུ་བཀྲིལ་ཟླ་བ་ལ་སོགས་པས་ཤེས་ཏེ། བྱང་ཆུབ་སེམས་ལ་སོགས་པ་དང་དྲི་ཞིམ་པོ་བསྲེས་པས་ལྷའི་གདན་ཞེས་པ་ནི་ལྷ་བཅུ་དགུའི་གྲངས་དང་མཐུན་པའི་ཐིག་ལེ་རང་གི་སྔགས་ལན་བདུན་བདུན་བཟླས་པས་མཎྜལ་རབ་ཏུ་བྱས་ཞེས་? ་དེ་ལ་དཀྱིལ་འཁོར་རབ་ཏུ་བཀུགས་ནས་ཞེས་ཤེས་པ་ལ་དེའི་དོན་ནི་འདི་ལྟ་སྟེ། ལྷག་པར་མོས་པ་ལ་སོགས་པས་དམ་ཚིག་གི་འཁོར་ལོ་རྫོགས་པར་བཀོད་ལ་མཚན་ཡང་འདི་བཞིན་དུ་བྲིས་པ་བསྐྱེད་དོ། །སྐྱེས་དོན་དང་ལྡན་དེ་རིང་བདག། བདག་གིས་གསལ་བའི་འབྲས་བུ་འདི། ་དམ་ཚིག་ལྷ་དང་བདག་མཉམ་མོ། །བདག་གི་ཐེ་ཚོམ་མེད་པར་འགྱུར། །ཕྱིར་མི་ལྡོག་པར་བདག་འགྱུར་བ། །བྱང་ཆུབ་སེམས་དཔའ་དེ་དགོངས་ཤིག་།དེ་བཞིན་གཤེགས་པའི་རིགས་སུ་ནི། །སྐྱེས་པར་བདག་ནི་ཐེ་ཚོམ་མེད། །དེ་རིང་བདག་གི་ཉི་མ་མཚོན། །མཆོད་སྦྱིན་འདི་ནི་བླ་ན ་མེད། །དེ་རིང་བདག་གི་ཚོགས་པ་མཆོག་ཅེས་བརྗོད་ནས་སྙན་གསན་ཡང་དབབ་པར་བྱའོ། །མ་ལུས་ཕྱོགས་ན་བཞུགས་པ་རྣམས། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །ཆེ་གེ་མོ་བདག་རྡོ་རྗེ་ཅན། །བདག་གིས་དཀྱིལ་འཁོར་བྲི་བར་འཚལ། །སངས་རྒྱས་ལ་སོགས ་འདིར་བྱོན་ནས། །བདག་ལ་དངོས་གྲུབ་སྩལ་དུ་གསོལ་ཞེས་དགུག་གོ་།དེ་ནས་མཚམས་ལ་སོགས་པ་བཅིངས་ནས། བཅིང་བ་དང་དབང་དུ་བྱ་བ་བྱས་ནས་ཉེ་བར་སྒྲུབ་པ་ལ་སོགས་མཚན་ནས། མཆོད་པ་དང་བསྟོད་པ་དང། བདུད་རྩི་མྱང་བ་བྱས་ནས་འོག་ནས ་བྱུང་བའི་ཚིགས་སུ་བཅད་པས་གང་ལན་གསུམ་གསོལ་བ་གདབ་པར་བྱའོ། །བུམ་པ་སྟ་གོན་དུ་གནས་པ་གསུངས་པ། བུམ་པ་ཅེས་པ་ལ་སོགས་པའི་བུམ་པ་ཞེས་པ་ནི་གསེར་ལ་སོགས་པ་འམ། ཁམས་པའི་རྒྱུ་ལས་བྱས་པའི་བུམ་པ་ལྟོ་བ་ཆེ་བ་མགྲིན་པ ་ཁ་ཁྱེར་དང་ལྡན་ཞིང་མཆུ་འཕྱང་བ། ཞབས་བརྟན་པ། ནག་ནོག་མེད་པ། རྟ་མགྲིན་དུ་གནས་པར་བྱའོ། །མགུལ་པ་རས་ཀྱིས་ཡང་དག་པར་དཀྲིས་ཞེས་པ་ནི། རས་ཁ་ཚར་མ་ཉམས་པའི་མགུལ་བཅིངས་སོ། །ཙུ་ཏ་ཡལ་ག་ལ་སོགས་ལྡན་།ཞེས ་པ་ནི། འབྲས་བུ་ཅན་གྱི་ཤིང་གིས་ཁ་རྒྱན་པ་ཅེས་སོ། །བུམ་པ་དཀྱིལ་འཁོར་ལྷ་རྣམས་ཀྱི། ཞེས་པ་ནི། འཆད་པའི་བུམ་པ། ལྷའི་གྲངས་ཀྱི་དད་མཐུན་པར་བྱས་ལ་རང་རང་གི་སྔགས་ཀྱིས་སྟ་གོན་དུ་གནས་པར་བྱའོ། །རྫས་འདི་རྣམས་དང་ཚོགས་པས་དབང ་བསྐུར་བའི་བུམ་པ་རྟ་མགྲིན་དུ་གནས་པར་བྱ་སྟེ། འབྲུ་ལྔ་ཞེས་པ་ནི་གྲོ་དང་ནས་དང་ཏིལ་དང། འབྲས་དང་མོན་སྲན་གྲེའུ་འོ། །སྨན་ལྔ་ཞེས་པ་ནི་སིད་ཀྲི་དང་ཧ་ས་དང། དེ་བ་དང། ཀར་ཏི་ཀའོ། །རིན་ཆེན་ལྔ་ཞེས་པ་ནི་བྱུ་རུ་དང་ས་ལེ་སྒྲམ་དང་དུང་དང་མུ་ཏིག་དང་ནོར་བུའོ།། ་དེ་རྣམས་ནི་གཞན་ཡང་རྟོགས་པར་བྱའོ། །འཁོར་ལོ་དྲི་ཆུ་ལ་བསྡུས་པ་ལ་ཞེས་པ་ནི་བུམ་པ་གཞན་ལས་ཡོན་གྱི་སྣོད་རེ་རེ་བསྡུ་བར་བྱའོ། །དེའི་སྟེང་དུ་སྣ་ཚོགས་ཀྱི་ཕྲེང་བས་བཅིངས་པའི་རྡོ་རྗེས་བརྒྱན་པར་བྱའོ། །དེའི་མིང་ནི་རྣམ་པར་རྒྱལ་བའི་བུམ་པ་ཞེས ་བྱ་སྟེ། དཀྱིལ་འཁོར་གཙོ་བོའི་སྔགས་ཀྱིས་བཟླས་པར་བྱའོ། །དེ་བཞིན་དུ་བསང་བྱེད་ཀྱི་བུམ་པ་ལ། བདུད་རྩི་འཁྱིལ་པའི་སྐགས་ཀྱིས་བཟླས་པར་བྱའོ། །དེ་རྣམས་ཀྱང་ཙན་དན་དཀར་པོས་བྱུག་ཅིང་སྤོས་བསྲེགས་ནས་སྦྱར་བའི་དྲི་ཞིམ་པོའི་ཆུས་བཀང ་བ། ཡི་གེ་བཾ་ལས་བསྐྱེད་པ། ཧྲི་ལས་གྱུར་པའི་པདྨ་ལ། ཨ་ལས་ཟླ་བ་དང། ཉི་མའི་གདན་ལ། འབྲུ་ལྔ་པ་ལ་སོགས་པ་ས་བོན་དང་ཕྱག་མཚན་གྱི་རིམ་པས་སྐུ་རྫོགས་པར་བསྐྱེད་ལ། ཡེ་ཤེས་ཀྱི་འཁོར་ལོ་བཀུག་ནས་བསྟིམ་སྟེ། དེ་ནས་ཡོན་ཕུལ་ནས་ནི ་མཆོད་པ་བྱས་ཏེ། ཞེས་པ་ནི་བསང་གཏོར་ལ་སོགས་པའི་བྱ་བ་དང་མཆོད་པ་ལྔ་ལ་སོགས་པས་མཆོད་པའོ། །མེ་ཏོག་དཀར་པོ་གཏོར་བ་དང། ཞེས་པ་ནི་མེ་ཏོག་དཀར་པོ་ཁ་ཅིག་དབང་བསྐུར་བའི་བུམ་པའི་ནང་དུ་གཏོར་བ་སྟེ། མན་ངག་གོ། ་གནས་དེར་སྤང་སྤོས་བསྲེགས་པའི་སྣོད་ལ་སོགས་པ་ཡང་བཞག་པར་བྱའོ། །ཉིན་རེ་ཡི་ནི་མཚན་གསུམ་ལ་ཞེས་པ་ནི་སྔ་དྲོ་དང་དྲོར་ན་དང་ཕྱི་འཕྲེད་དོ། །གཏོར་མ་ཕུལ་ནས་ཞེས་པ་ནི། ཟས་སྦྱོར་བའི་རིམ་པས་སྦྱར་བའི་གཏོར་མ་ལ་ཡང་ཐུན་མཚམས་སུ་དབུལ ་བར་བྱའོ། །ཞེས་སོ་དེ་བཞིན་བཟའ་ཞེས་པ་ནི་གོང་མ་བཞིན་དུ་སོ་སོའི་བཟླས་པས་བྱའོ། །དེ་ནས་དགོད་པའི་གནས་གསུངས་པ། དེ་དག་དཀྱིལ་འཁོར་གྱི་གྲཝ་ལ་བཀོད་ལ་གཡས་སུ་སྟེ་ཤར་ལྷོ་མཚམས་སུ་བཞག་སྟེ། མི་གཡོ་བའི་ཏིང་ངེ་འཛིན་དུ་བྱའོ། །དེ་བཞིན་དུ་གཡོན ་དུ་བསང་བྱེད་ཀྱི་བུམ་པ་བཞག་ལ། བགེགས་བཟློག་ཏུ་གསོལ་ལོ་ཞེས་ལས་བཅོལ་ལོ། །དེ་ལས་གཡོན་གྱི་སྣོད་ལས་ཆུ་བླུགས་ནས་ཞེས་པ་ནི། དབང་བསྐུར་བའི་བུམ་པ་ལ་བྱ་སྟེ་གོང་དུ་བཤད་ཟིན་ཏོ། །བདག་གི་སློབ་མ་ཐམས་ཅད་ལ། །ཆུ་ཡིས་དབང ་བསྐུར་བྱེད་པར་འགྱུར་ཞེས་པ་ནི་དུས་གཞན་དུ་བྱེད་པར་འགྱུར་རོ། །ཞེས་པའོ། །དཀྱིལ་འཁོར་མཆོད་པ་ཡང་བྱ་སྟེ། ཞེས་པ་ལ་སོགས་པ་ནི་གོང་དུ་བཀུག་པ་རྣམས་ལ་སྙན་གསན་དབབ་པར་སྟོན་ཏོ། །དེ་ཁོ་ན་གོང་དུ་གསུངས་པའི་དེ་ཉིད་འདིར་ཡང་ཤེས་པར་ ་བྱའོ། །མཆོད་པ་ཅེས་པ་ནི་ཉེ་བར་མཚོན་པ་སྟེ། བསྟོད་པ་དང་བདུད་རྩི་མྱང་བ་ཡང་ཤེས་པར་བྱའོ། །ལག་པར་ཕོག་ཕོར་བསྲེགས་ནས་སུ། བུས་མོ་བཙུགས་ཤེས་པ་ནི་བདག་ཉིད་དབུས་ཀྱི་གཙོ་བོའི་ང་རྒྱལ་དང་ལྡན་པ་ཉིད་ཀྱི་ཐུགས་ཀ་ནས་ལས ་ཀྱི་རྡོ་རྗེ་གཟུགས་སུ་ཕྱུང་ནས་སོ། །དེས་ཅི་བྱེད་ན། དཀྱིལ་འཁོར་གཙོ་ཞེས་པ་ནི། བདག་འཇམ་དཔལ་གྱི་ངོ་བོར་གནས་པ་ལའོ། །སངས་རྒྱས་ཞེས་པ་ནི་རྟག་པ་ལ་སོགས་པའི་སྟེ་དེ་རྣམས་ལ་སྙན་གསན་དབབ་པར་བྱའོ། །བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ཞེས ་བྱ་བ་ལ་སོགས་པ་ནས། བྱིན་གྱིས་བརླབ་པ་ནི། མཛད་དུ་གསོལ་ཞེས་པ་ལན་གསུམ་དུ་གསོལ་བ་གདབ་པར་བྱའོ། །ཁྱབ་བདག་ཅེས་པ་ནི། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་རང་བཞིན་ནོ། །མཆོད་ལ་སོགས་ཞེས་པ་ནི། བསྟོད་པ་ལ་སོགས་པའོ། །སྲུངས་ནས ་ཞེས་པ་ནི་།ཕྱིར་བྱུང་བའི་དུས་སུ་དྲན་པ་ལ་སོགས་པས་སོ། །སློབ་མ་སྟ་གོན་དུ་གནས་པ་གསུངས་པ། རང་གི་སློབ་མ་རྟགས་ནས་གཟུང་ཞེས་པ་ལ་སོགས་པའོ། །ཇི་ལྟ་བུ་ཞེ་ན། བློ་དང་ལྡན་པ་ཐེག་པ་ཆེན་པོ་ལ་མཆོག་ཏུ ་དགའ་བ་ཆེན་པོ་དང་ལྡན་པ། བཀའ་དྲིན་ཆེན་པོ་རྗེས་སུ་དྲན་པ། ང་རྒྱལ་མེད་པ་རིགས་ཅན་ཞེས་པ་ནི་བྲམ་ཟེ་ལ་སོགས་པའོ། །ཁྱད་པར་ཅན་ནོ། །ཕྱི་ནང་གི་ཡོན་ཏན་དང་ལྡན་ཞིང་དད་པ་ཆེ་བ། གཟུགས་ལ་སོགས་པ་གཞོན་པས་བརྐྱན་པ་སྟེ། འདི་རྣམས ་ནི་བསྟན་པས་མཆོག་ཏུ་བཟུང་བར་རྒྱལ་བས་གསུངས་སོ། །དེ་བཞིན་དུ་བདེ་བར་གཤེགས་པ་སྔགས་ཀྱི་དངོས་གྲུབ་བསྒྲུབ་པ་ལ་འདོད་པ་སྔོན་ལ་རུ་ལྡན་པ་སྟེ། ལྷག་པར་མོས་པ་ཡོད་ན་ངན་ཞིང་ཡོན་ཏན་མེད་པ་དང། རིགས་དམན་པ་ཡིན་ཡང ་གཟུང་བར་བྱ་བ་ཡིན་ནོ་ཞེས་པའོ། །དཀྱིལ་འཁོར་འཁོར་ལོ་རིམ་པ་འདི་ཞེས་པ་ནི་དཀྱིལ་འཁོར་འཁོར་ལོའི་རིམ་པ་འདི་ལ་མོས་པ་དང་ལྡན་ན་བཞི་རྣམས་ལ་ཡང་ལུང་དུ་བསྟན་ན། ཞེས་པ་སྟེ། དགེ་སློང་དང་དགེ་སློང་མ་དང། དགེ་བསྙེན་དང ་དགེ་བསྙེན་མ་ལ་ཡང་ངོ། །ཐམས་ཅད་ཀྱང་འདི་རྣམས་དང་ལྡན་ན་དཀྱིལ་འཁོར་དུ་ཞུགས་པར་བྱ་སྟེ་བསླབ་དང་ཞེས་པ་ལ་སོགས་པའོ། །དེ་ལ་གཞན་པའི་སློབ་མ་བསོད་ནམས་འདོད་པ་དང། དེ་ཡང་ཚེ་ཕྱི་མའི་བསོད་ནམས་ནི། ཚེ་ཕྱི་མར་རིགས ་རྒྱས་པ་ལ་སོགས་པའོ། །ཚེ་འདིའི་འདིར་བགེགས་ཀྱི་འཚེ་བ་བཟློག་པ་ལ་སོགས་པའོ། །ཚེ་འདིར་འབྲས་བུ་རྒྱས་པ་ཡིན་ཞེས་པ་ནི་ཤར་ལས་བྱུང་བ་ཡིན་ནོ་ཞེས་པའོ། །དེ་ལྟར་གནོད་དང་གནོད་མ་ཡིན་པ་སློབ་མ་ལ་སྨྲས་ནས། སློབ་དཔོན་རང ་གི་ཁང་པའི་ནང་དུ་འགྲོའོ། །སྔོན་བཞིན་རྡོ་རྗེ་ཆུ་སྐྱེས་དག་ཅེས་པ་ནི་དེའི་ཚེ་དེ་རྣམས་མེའི་དཀྱིལ་འཁོར་གྱི་སྟེང་དུ་བཞག་ལ། སྙིང་ག་ན་གནས་པའི་རའི་མི་ཐལ་བར་བྱས་ཏེ། རྣམ་པར་ཤེས་པ་ཡི་གེ་གསུམ་དུ་གནས་པ་དེ་ཉིད་བཀུག་སྟེ། ཞལ་དུ་ཞུགས ་ནས་རྡོ་རྗེའི་ལམ་ནས་ཆུ་སྐྱེས་ཀྱི་ནང་དུ་བབ་སྟེ་དབང་པོ་རྒྱས་པར་བྱས། ཐབས་དེས་དག་པར་བྱས་ནས་བསྡུས་ཏེ། དེས་ཁང་བའི་སྒོ་རུ་ཚིགས་སུ་བཅད་པ་འདིས་གསོལ་བ་ལན་གསུམ་གདབ་པར་བྱའོ། །དེ་ཡང་གང་ཞེ་ན། སྟོན་ཆེན་ཁྱེད་ལ་བདག་དགའ་ཨོ། །ཞེས་པ་ནས ་ཞུགས་པར་མཛོད་ཅེས་པའི་བར་དུའོ། །ཆགས་ལྡན་སློབ་མ་མཛེས་པའོ། །ཞེས་པ་ནི་ཟབ་མོའི་དོན་ལ་ཆགས་པ་དང་ལྡན་པའོ། །སློབ་མའི་གཙོ་བོ་གཅིག་པུ་ནི་ཞེས་པ་ནི་སློབ་མ་དམ་པ་གཅིག་གཙོ་བོར་བྱས་ནས། དེ་ལ་སོགས ་པ་རྣམས་ལ་ཚིག་འདི་སྐད་དུ་སྨྲ་བར་བྱའོ། །བུ་འདིར་ཤོག་ཅིག་ཐེག་ཆེན་གྱི་ཞེས་པ་ནས་ཐམས་ཅད་མཁྱེན་པའི་ཐོབ་པར་གྱིས་ཞེས་པའི་བར་བརྗོད་པར་བྱའོ། །རྣམ་པ་གསུམ་དང་བཤགས་སོགས་པ་ཅེས་པ་ལ་སོགས་པས་ནི་འདི་སྟོན་པར་བྱེད་དོ། །སློབ ་མ་རྣམས་སྡིགས་པ་བཤགས་པ་ལ་སོགས་པ་ཡང་ཚིག་འདིར་གཞུག་གོ་།ཐོག་མ་མེད་ལྡན་སྲིད་རྒྱུན་ལ། །རྙོག་པས་བསགས་པའི་སྡིག་ཀུན་གང། །སྙིང་རྗེ་ཆེན་པོ་བདུན་རིམ་བཞིན། །དེ་དག་ཐམས་ཅད་བཤགས་པར་བྱ། །སངས་རྒྱས་བྱང་ཆུབ་སེམས་རྣམས ་དང། འཕགས་པ་གཞན་གྱི་དགེ་བ་གང། །མ་ལུས་བདག་གིས་ཡིད་རང་སྟེ། ཡང་དག་བྱང་ཆུབ་ཕྱིར་བསྔོའོ། །སངས་རྒྱས་ཐམས་ཅད་དབུགས་འབྱིན་པར། །སངས་རྒྱས་ཀུན་ལ་གསལ་བྱས་ཏེ། །ནམ་མཁའ་ཨི་དབྱིངས་ལ་བརྟན་དུ་ཤིང། འཇིག་རྟེན་ཀུན་དང ་སྡིག་མེད་མཛོད། །ཟླ་རྒྱས་དྲི་མེད་འདྲ་སེམས་ལས། །གྲུབ་པ་མཛའ་ཡས་སྙིང་རྗེས་ཐབས། །རྟག་ཏུ་བདག་ཡིད་ལ་གནས་པའི། །སངས་རྒྱས་ཀུན་ལ་སྐྱབས་སུ་མཆིའོ། །རྟོག་པ་ཀུན་ལས་ངེས་གྲོལ་བ། །མ་ལུས་ཀུན་གྱི་བཀྲིས་བཞི། །དངོས་པོ་ཀུན་བདག་རང ་བཞིན་གཅིག་།དག་ནི་ཆོས་ལ་སྐྱབས་སུ་མཆི། །བཅིངས་པ་ཡང་དག་སྤངས་པ་ཡི། །དཔལ་ལྡན་སྙིང་རྗེ་མཆོག་ལྡན་པ། །རབ་དགའ་ལ་སོགས་སར་གནས་པའི། །འདུལ་དབང་མཆོག་ལ་སྐྱབས་སུ་མཆི། །བསམ་དང་རྣམ་སྨིན་དག་པ་ཡི། །སྒྲིབ་ཀུན་བག་ཆགས་བཅོམ་པ ་སྟེ། །མོས་པས་རྣམ་པར་བརྒྱན་སེམས་ཀྱིས། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བདེ་གཤེགས་སྲས་གཅིག་ལམ་གཅིག་པོ། །སྦྱིན་སོགས་བཅུ་པོ་དཀར་པོ་ལ། །སངས་རྒྱས་ཀུན་དག་རང་བཞིན་བློས། །དེ་ལྟར་བདག་གིས ་བརྟེན་པར་བགྱི། །བདག་ཀྱང་ཐམས་ཅད་མཁྱེན་འགྱུར་ཏེ། །དབང་ཕྱུག་གོ་འཕང་ཐེབ་ནས་ནི། །འགྲོ་བ་མ་ལུས་ཡོངས་སུ་བསྒྲལ། །སངས་རྒྱས་ཐོབ་པར་བགྱི་སླད་དུ། །འཁོར་བའི་རྒྱ་མཚོ་ལས་སྒྲོལ་ཏེ། །བདག་གིས་སྟོབས་ཀྱིས་ནུས་པ་དང།། ་སྨོན་ལམ་ལ་ཡང་མི་ཆགས་བགྱི། །དངོས་གྲུབ་ཐམས་ཅད་ཐོབ་བྱའི་ཕྱིར། །ཐབས་ནི་རྟག་ཏུ་བྱེད་པའི་བདག་།ཕུན་སུམ་ཚོགས་པའི་གཅོར་གྱུར་ཅིག་།བདག་གི་སྨོན་ལམ་འདི་ཡིས་ནི། །ཇི་སྙེད་འགྲོ་བ་མ་ལུས་ཀུན། །བདེ་འགྲོའི་གོ་འཕང་ཐོབ་པར ་ཤོག་།ཅེས་ལན་གསུམ་དུ་སློབ་མ་རྣམས་བརྗོད་དུ་བཞུག་གོ་།དེ་ནས་རྫས་འདི་རྣམས་སྦྱིན་པར་བྱ་སྟེ། ཐམས་ཅད་བྱེད་པ་གསུམ་བྱས་ནས་ཤེས་པ་ནི་དེ་རྣམས་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བསྲུངས་བྱས་ནས་ཤེས་སོ། །དེ་ནས་རྡོ་རྗེ་དང་པདྨ ་འཁོར་ལོ་དེ་རྣམས་སྙིང་ག་དང་མགྲིན་པ་དང། སྤྱི་བོར་བསམ་པར་བྱས་ལ། དེ་རྣམས་ལ་ཧཱུཾ་དང་ཨཱ(རྒྱུད་འགྲེལ་དང་མགྲིན་པ་དང་མགོ་ལ་སྐུ་བར་བྱ་སྟེ། རིམ་པས་མེ་ཏོག་ལ་སོགས་སྦྱིན་ཞེས་པ་ནི་དེ་ལ་མཆོད་པར་བྱའོ་ཞེས་སོ། །སྤྱི་བོར་མེ་ཏོག་དང་སྤོས་མར་མེ་དང་དྲི་སྙིང་གར་རོ། །ལྷ་བཤོས་ནི་མ་སྨོས་ཀྱང་མདུན་དུ་ཤེས་པར་བྱའོ། །ལུས་ཀུན་བྱེད་པས ་བཟླས་བྱས་ཏེ། སོ་སོར་བསྙེན་ནས་ཞེས་པ་ནི་རྫས་དེ་རྣམས་ཀྱང་བདུད་རྩི་འཁྱིལ་པའི་སྔགས་ཁོ་ནས་བཟླས་ནས་སོ། །སྦྱིན་པར་བྱ་ཞེས་པ་ནི། ཚིག་འདིས་སྦྱིན་པར་བྱའོ། །དེང་གི་ཉི་མ་ནས་གཟུང་ནས། །འཁོར་པའི་ཉེས་པས་མགོས་ཤིང། །མཆོད་པ་ཀུན་དང ་ཁྱོད་ལྡན་ཏེ། །དུས་རྣམས་ཀུན་ཏུ་བདེ་བར་གནས་ཞེས་བརྗོད་ནས་བསྐུལ་བར་བྱའོ། །དེ་བཞིན་དུ་སོར་མོ་བཅུ་གཉིས་ཀྱི་ཚད་དུ་ཕྱིན་པ་རྩེ་མོའི་ཕྱོགས་སུ་མེ་ཏོག་བཏགས་ལ། །སྲིན་བུས་བརྐོས་པའི་བུ་ག་མེད་པ། ཨ་ཤྭཏཔ་འམ། ཨུ་དུམ་བ་ར་མ ་སོགས་བྱས་པའི་སོ་ཤིང་དྲང་པོས་དྲི་ཞིམ་པོར་བྱུག་ཅིང་སྦྱིན་པར་བྱའོ། །དེ་ནས་ལྟས་བལྟ་བའི་ཕྱིར་ཐོ་རངས་ནས་ཁ་ཤར་ཕྱོགས་སུ་བལྟས་ཏེ་མི་སྨྲ་བར་དེ་འཆོས་ནས་མདུན་དྲང་པོར་བསྐུར་རོ། །གར་བསྐུར་ཞེ་ན། ས་ལ་བ་ལང་གོ་བ་ཙམ་བྱུགས་ཞེས ་པ་ནི། གྲུ་བཞི་འམ་གསུམ་དུ་ཐུག་བསྲབ་དེ་ཙམ་དུ་བྱུགས་ཏེ། ཞི་བ་ལ་སོགས་དངོས་གྲུབ་ལྟ་ཞེས་པ་ནི། བྱང་ཕྱོགས་ལ་སོགས་པ་གོ་རིམ་བཞིན་དུ་ཞི་བ་དང་རྒྱས་པ་དང་མངོན་སྤྱོད་དང་དབང་དུ་བྱ་བ་འགྲུབ་པར་འགྱུར་རོ། །དེ་བཞིན་དུ་སྟེང་དུ ་ལྟས་ན། རིག་འཛིན་ནོ། །འོག་ཏུ་ལྟས་ནས་འོག་གི་དངོས་གྲུབ་ཏུ་འགྲུབ་པར་འགྱུར་རོ། །ཁ་བཀྲུས་ནས་ནི་ཧུབ་གསུམ་ཆུ་ཞེས་པ་དག་གི་ཉེས་པ་སྦྱང་བའི་ཕྱིར་ཁྱོར་བར་ཆུ་མི་མང་བ་བྱིན་ནས་ཀུན་བཏུང་བར་བྱའོ། །ཕྱི་རོལ་འཇུག་པར་བྱ་ཞེས་པ་ནི། དེའི ་ཚེ་བག་ཞང་སྣོད་དུ་ཡི་རུང་བའི་ཕྱིར་རོ། །དེ་བཞིན་དུ་བཀྲ་ཤིས་པའི་རྨི་ལམ་མི་འཁྲུལ་བར་བྱ་བའི་ཕྱིར་མལ་དང་སྔས་སུ་རྩཝ་ཀུ་ཤ་སྦྱིན་པར་བྱའོ། །དེ་ནས་བགེགས་བསྲུང་བར་བྱ་བའི་ཕྱིར། །བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བཟློས་པ་སུམ་སྒྲིལ་མདུད་པ ་གསུམ་པོར་བས། དཔུང་པ་ལ་བསྲུང་བར་བྱའོ། །དེ་ནས་སྐབས་འདིར་སྡོམ་པ་ཀུན་བཟུང་བར་བྱ་སྟེ། དང་པོ་སློབ་མས་ཞུ་བ་ནི་ཕྱིར་མི་ལྡོག་དབང་ཞེས་པ་ལ་སོགས་པ་སྟེ། ཕྱིར་མི་ལྡོག་དབང་ནི་རྡོ་རྗེ་སློབ་དཔོན་གྱི་དབང་ངོ། །དཀྱིལ་འཁོར་ལ་བྱིན་ནས་ཞེས་པ ་ནི་ཁ་དོག་གཅིག་པའི་དཀྱིལ་འཁོར་ལ་གནས་ནས་ཤེས་སོ། །བདག་ལ་བསྲུངས་ཞེས་པ་ནི་བཀའ་སྩལ་ཞེས་པའོ། །གང་ཞེ་ན་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ནི་གྲུ་བཞི་ལ་སོགས་པའོ། །ལྷའི་དེ་ཁོ་ན་ཉིད་ནི་གཟུགས་ལ་སོགས་པ་རྣམ་པར་དག་པའོ། །སློབ ་དཔོན་གྱི་ལས་ནི་རྒྱུད་དང་སྔགས་འཛིན་ཅིང་སྒྲུབ་པ་པོ་རྣམས་རྒྱུད་ལ་འཇུག་པའོ། །སངས་རྒྱས་ཀུན་གྱི་དམ་ཚིག་ནི་སྤྱི་དང་ཁྱད་པར་དུ་སྟེ། །ཆུ་ལ་སོགས་པ་རྣམས་ཐོབ་པར་བྱེད་པའི་རྐྱེན་ནོ། །གསང་བ་མཆོག་གི་སྡོམ་པ་ནི་ལུས་ངག ་གི་ལས་བྱེད་པ་ཅན་རྣམས་ཏེ། དེ་རྣམས་བདག་རྡོ་རྗེ་སློབ་དཔོན་ཆེན་པོར་གྱུར་ནས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་གསོལ་བ་འདེབས་ན་བཀའ་སྩོལ་ཅིག་ཅེས་པའོ། །འདོད་པའི་སློབ་མ་ཞེས་པ་ནི་སློབ་དཔོན་དུ་འདོད་པ་རྣམས་སོ། །སྡོམ་པ་བཟུང་བར ་བྱས་ནས་སུ་ཞེས་པ་ནི། རིག་པའི་དབང་གི་སྡོམ་པ་སྟེ། དེ་ལ་དང་བོར་སློབ་དཔོན་གྱིས་བསྒོ་བའི་དུས་ལུང་ནི་འདི་སྐད་དུ། སངས་རྒྱས་ཆོས་དང་དགེ་འདུན་གསུམ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང། །འདི་ནི་སངས་རྒྱས་རིགས་དག་པའི། །སྡོམ་པ་འདི་ནི ་བསྟན་པའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དག་།བློ་ཆེན་གྱིས་ནི་བཟུང་བྱས་ཏེ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་རྗེས་སུ་དྲན། །སློབ་དཔོན་དག་ཀྱང་གཟུང་བྱས་ཏེ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིག་དག་པའི། །སྡོམ་པ་དམ་ཚིག་ཡིན ་པར་གསུངས། །རིན་ཆེན་རིག་མཆོག་ཆེན་པོ་ལ། །ཉིན་དང་མཚན་དུ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་ཆོས་ཤིན་ཏུ་བཟུང་བར་བྱ། །འདི་ནི་པདྨའི་རིགས་དག་པའི། །དམ ་ཚིག་སྡོམ་པ་ཡིན་པར་གསུངས། ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བྱ། །སྲོག་ཆགས་གསད་པར་མི་བྱ་ཞིང། །མ་བྱིན་པར་ཡང་མི་སླང་ངོ། །འདོད་སྤྱོད་དག་ཀྱང་མི་བྱ་སྟེ། །རྫུན་དུ་སྨྲ་བར་མི་བྱ་སྟེ། ་ཉེས་པ་ཀུན་གྱི་རྩ་བ་ཡི། །ཆང་ནི་བཏུང་བར་སྤངས་པར་བྱ། །སེམས་ཅན་གདུལ་བྱ་མ་གཏོགས་པ། །བྱ་བ་མ་ཡིན་ཐམས་ཅད་ཡང། །དམ་པ་ཉེ་བར་བསྟེན་བྱ་ཞིང། །རྣལ་འབྱོར་པ་ལ་བསྙེན་བསྐུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང། །ངག་གི་རྣམ་པ ་བཞི་དག་དང། །ཡིད་ཀྱི་རྣམ་པ་གསུམ་དང་ནི། །ཅི་ནུས་པར་ནི་རྗེས་སུ་བསྲུང། །སེམས་ཅན་དོན་ལ་མི་ཕྱོགས་དང། །ཐེག་པ་དམན་ལ་འདོད་མི་བྱ། །འཁོར་བ་དག་ཀྱང་སྤང་མི་བྱ། །རྟག་ཏུ་མྱ་ངན་འདའ་མི་ཆགས། །ལྷ་དང་ལྷ་མིན་གསད་བ་ལ། །དེ་ལ་བརྙས་པར་མི་བྱ་ཞིང། །ཕྱག་རྒྱ་བཞིན་? ་མཚོན་ཆ་སོགས། །མཚན་མ་འགོམ་པར་མི་བྱ་སྟེ། །དེ་ལྟར་དམ་ཚིག་གསུངས་པ་ནི། །བློ་ལྡན་ཁྱོད་ཀྱིས་བསྲུང་བར་བྱ་ཞེས་བརྗོད་པར་བྱའོ། །དེ་ནས་སློབ་མ་དེས་བླ་མས་གསུངས་པའི་སྡོམ་པ་དེ་བཟུང་བར་བྱའོ། །ཇི་ལྟར་ཐེག་གསུམ་གནས་པའི་མགོན། །སླབ་པའི་ཚུལ་ཁྲིམས་རྣམ ་པ་གསུམ། །དགེ་བའི་ཆོས་ནི་སྡུད་པ་དང། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་སོ་སོར་གཟུང། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལ་སྐྱེས་སྡོམ། །འདི་ནི་མཆོག་ཏུ་གཟུང་བར་བྱ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དག་།ཡང་དག ་ཉིད་དུ་གཟུང་བར་བྱ། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །སློབ་དཔོན་དག་ཀྱང་བཟུང་བར་བྱ། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་བགྱི། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག ་དམ་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་ཚིག་སོ་སོར་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པ་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས ་བསྐྱེད་པར་བགྱི། །སེམས་ཅན་མ་ལུས་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང། །མ་བསྒྲལ་བ་དག་བདག་གིས་བསྒྲལ། །མ་གྲོལ་བ་དག་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་ཕྱུང་སྟེ། །མྱ་ངན་འདས་ལ་དགོད་པར་བགྱི། །ལུས་དང་ངག་དང་ཡིད་དག ་གིས། །མི་དགེ་བ་ནི་བཅུ་པོ་དང། །བག་མེད་པ་ཡི་གནས་འགྱུར་ཞིང། །ཆང་ནི་རྣམ་པར་སྤང་བར་བགྱི། །དེ་བཞིན་ལྷ་དང་ལྷ་མིན་དང། །གསང་བ་ལ་ནི་བརྙས་པ་དང། །མཚན་མ་ལ་སོགས་འགོམ་པ་རྣམས། །དུས་འདི་ནས་ནི་བཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སྙིང་ ་པོའི་བར། །བདག་ནི་རབ་ཏུ་ལྡོག་པར་བགྱི། །ཞེས་ལན་གསུམ་དུ་བརྗོད་པར་བྱའོ། །དེ་ལྟར་སྡོམ་པ་གཟུང་བའི་སློབ་མ་དེ་ལ་སྤྲོ་བ་བསྐྱེད་ཅིང་བདེ་བའི་ཆོས་བཤད་པ་ནི། ཐམས་ཅད་མཁྱེན་པ་ཞེས་པ་ནས། །དེ་བཞིན་གཤེགས་པ་རྣམས་འོངས་འགྱུར ་ཞིང་ཞེས་པའི་བར་དུ་བརྗོད་པར་བྱའོ། །དོན་བསྟན་ཞེས་པ་ནི་དེ་ལྟ་བུའི་ཚིག་གིས་ཆོས་ཀྱི་དོན་བསྟན་ནས། བསྲུངས་ནས་བུ་ཞེས་པ་སྟེ། བདུད་རྩི་འཁྱིལ་བའི་སྔགས་ཁོ་ནས་སོ། །དེ་ནས་སློབ་མ་རྣམས་ཀུ་ཤའི་མལ་ལ་ཉལ་དུ་བཅུག་ནས་ཁྱེད་ཀྱི་རྨི་ལམ་མཐོང་བ ་ནང་པར་བདག་ལ་སྨོས་ཤིག་ཅེས་བརྗོད་ནས་ཉལ་དུ་གཞུག་གོ་བསྲུང་དང་ཞེས་པ་ནི་སློབ་པ་བསྲུང་བ་ཡང་བདུད་རྩི་འཁྱིལ་པའོ། །དེ་བཞིན་དུ་སྦྱིན་པ་ལ་ཏེ་སོ་ཤིང་ལ་སོགས་པའོ། །སོགས་ཀྱི་སྒྲས་བསྡུས་པས་བསང་གཏོར་ལ་སོགས་པའི་བྱ་བ་ཐམས་ཅད་བྱེད་པའི་སྔགས ་ཀྱིས་བཟླས་པ་བྱའོ་ཞེས་སོ། །ཅིའི་ཕྱིར་ཞེ་ན་རིགས་ལྔ་དང། སྐུ་ལ་སོགས་པའི་དཀྱིལ་འཁོར་གསུམ་གྱི་ལས་ནི་བདུད་རྩི་འཁྱིལ་བས་བྱེད་པས་ཏེ། ཏིང་ངེ་འཛིན་རྣམ་པར་དག་པའི་ཕྱིར་རོ། །མཐོང་བའི་རྨི་ལམ་དགེ་བ་ནི་རང་གི་བྱང་ཆུབ་ཀྱི་ཤིང་ལ་འགྲོ་བ་དང། རང་གི ་ཆོས་བཤད་པ་དང། སྐྱེད་མོས་འཚལ་མཐོང་བ་དང། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐོར་བ་དང། རྒྱལ་སྲིད་ཐོབ་པ་དང། རྣལ་འབྱོར་པ་ཚོགས་པ་དང། དམ་པའི་ཆོས་ཀློག་པ་ལ་སོགས་པ་དང། རིགས་རྣམས་དང་འབྲེལ་བ་དང། སངས་རྒྱས་ཀྱི་ཞིང ་མཐོང་བ་དང། རྒྱ་མཚོ་ལས་གྲོལ་བ་དང། རི་མཐོན་པོ་ལ་འཛེགས་པ་དང། བརྒྱ་བྱིན་ལས་རྒྱལ་བ་དང། རབ་གནས་ཀྱི་ཆོ་ག་ལ་སོགས་པ་མཐོང་བའོ། །མི་དགེ་བ་ནི་སྤྲེའུ་དང་མ་ཧེ་དང། བྱི་ལ་དང་འཐབ་པ་དང། མཚོན་འབབ་པ་དང། རང་འཆི་བ་དང། འབྲུ ་མར་གྱིས་ལུས་བསྐུས་པ་ལ་སོགས་པའོ། །མི་དགེ་བ་ལྟུང་བྱེད་ཀྱི་སྔགས་ཀྱིས་གཞོམ་ཞེས་པ་ནི་སློབ་དཔོན་གྱིས་བཟླས་ནས་ཤེས་སོ། །ཡང་ན་དེ་རྣམས་ཀྱིས་བཟླས་པའི་ཕྱིར་རོ། །སློབ་མ་བསྲུང་བ་ལ་བདུད་རྩི་འཁྱིལ་པ་དེ་ཁོ་ནས་མཆོག་ཡིན་ནོ་ཞེས་སོ།། ་དཀྱིལ་འཁོར་སྦྱོར་བ་བསྒོམ་བྱ་སྟེ་ཞེས་པ་ནི་གོང་དུ་བསྒོམས་པ་རྣམས་ལ་ལྷག་པར་མོས་པའོ། །མཆོད་ནས་ཞེས་པ་ནི་བསྟོད་པ་དང་བདུད་རྩི་མྱང་བའི་ཡང་རྟོག་པར་བྱའོ། །ནམ་མཁའ་ལ་དགོད་དོ་ཞེས་པ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཕྱུང་ནས་ནམ་མཁའ་ཨི་ཕྱོགས ་སུ་བཀོད་དེ། རང་དང་རེ་བས་ཁ་སྦྱར་གྱི་སྦྱོར་བ་སྲུང་སྟེ་བཞག་གོ་།དམ་ཚིག་གི་འཁོར་ལོའི་བདག་གི་ཐུགས་ཀར་བསྡུས་ནས་མཉམ་པར་བྱའོ། །དེ་ནས་ལངས་ནས་གདོང་སོ་ཤིང་ལ་སོགས་པའི་བྱ་བ་ཀུན་བྱ་བའོ་ཞེས་གསུངས་སོ། །ད་ནི་ཐིག་གདབ་པའི་ཆོ་ག་གསུངས ་པ། རྟག་པ་ཅེས་པ་ལ་སོགས་གཟུགས་འདྲ་བ་ཞེས་པ་ནི། དེ་བཞིན་གཤེགས་པ་ལྔའི་ཁ་དོག་དང་མཐུན་པའི་རང་བཞིན་གྱི་དཀྱིལ་འཁོར་སྐུལ་བར་བྱེད་པའི་སྐུད་པ་དང། རྡུལ་ཚོན་གྱི་དཀྱིལ་འཁོར་བྲི་བའི་སྐུད་པ་སྟེ། ཚོན་སྣ་ཚོགས་སོ་སོར་བཅོས་ལ། །དེ་དང ་དེའི་ས་བོན་བྱུང་ཞེས་པ་སྟེ་ཧཱུཾ་ལ་སོགས་པའི་ལས་བྱུང་པར་བསམས་ལ། དབྱེ་བ་ཉི་ཤུ་རྩ་ལྔ་ཞེས་པ་ནི་སྐུད་པ་རེ་རེ་ལ་ཡང་ཡེ་ཤེས་ལྔ་ལྔ་སྟེ། ཉི་ཤུ་ལྔའི་བྱེ་བྲག་ཏུ་མོས་པར་བྱའོ། །རང་སྐུ་འཇམ་པའི་རྡོ་རྗེ་ཉིད་དུ་བསྒོམས་ནས། ཛ་ཡིག་ཟླ་བ་ཉི་མའི་སྤྱན་ཞེས་པ ་ནི་མིག་གཡས་གཡོན་ཛ་སེར་པོ་ལས་ཉི་མ་དང་ཟླ་བའི་མིག་ཏུ་བསམས་ལ། བར་མིག་ལྕགས་ཀྱུ་གྲངས་ནས་སུ་ཞེས་པ་ནི་དེ་ཉིད་ལ་རྗེས་མཚན་པ། རྫི་མ་རླེབ་རླེབ་བོས་ནམ་མཁའ་ཨི་དེ་བཞིན་གཤེགས་པ་ལ་ལྟ་ཞིང། ཨོཾ་དིཔཏ་དྲིཥྚི་ཨཾ་ཀུ་ཤ་ཛ(རྒྱུད་འགྲེལ་ལས་གྲོས་པའི་འོད་ཟེར་གྱི་ལྕགས་ཀྱུས་རྣམ་པར་སྣང་མཛད་ལ་སོགས་པའི་ཐུགས་ཀ་ནས་གནས་པའི་ཡེ་ཤེས་ཀྱི་སྐུད་པ་ལ་ཨོཾ་ཨཱ(རྒྱུད་འགྲེལ་དང་ལྡན་ཅིག་ཅེས་པ་ནི་སྔོན་དེའི་ངོ་བོར་འགྱུར་བའི་སློབ་མས་སྣ་གཅིག་བཟུང་བ་ལ་རང་རང་ཁ་དོག་ནང་དུ་ཐིམ་ཞེས་པའོ། །ཅུང་ཟད་མ་འབྲེལ་པ་ནི་ཚིགས་སུ་བཅད་པའི་ངོར་བཏབ་པའོ། །ཇི་སྙེད་མི་བསྐྱོད་པའི་སྔགས། །ཕན་ཚུན་རྗེས་སུ་འབྲེལ་པ་ཡི ་ཞེས་པ་ནི་པྲ་ཡཙྪའི་རྗེས་ལ་རཏན་སམ་བྷ་བ་དང། ཨ་མི་ཏ་དང། ཨ་མོ་གྷ་སི་དྷི་དང། །ཀྵོ་བྷཡ་ཞེས་བྱ་བ་བརྗོད་ནས་གསོལ་བ་གདབ་པར་བྱ་སྟེ་གཞུག་ཅེས་པའོ། །དེ་ལྟར་སོ་སོར་གནས་པ་ཀུན་དྲན་པ་ལ་སོགས ་གནས་པར་བཀའ་ཞེས་པ་ནི། ཨོཾ་ཨཱ་ནྱོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨ་པ་ར་སྤ་ར་ཨ་ནུ་པྲ་བིཥཏ་སརྦབ་དྷརྨམ་ཧཱུཾ་ཞེས་བརྗོད་ནས་བསྒྲིལ་བར་བྱའོ། །ལས་ཐམས་ཅད་པའི་ཁ་དོག་གཅིག་པར་ཡང་བཤད་དོ། །དེ་ནས་དེ་དག་གསེར་ལ་སོགས་པའི་སྣོད་དུ་དྲི་ཞིམ་པོ་དང ་བདུད་རྩི་རྣམ་པ་ལྔ་ཡིས་བྱུགས་ནས། བདུད་རྩི་འཁྱིལ་བའི་སྔགས་ཀྱིས་བསྲུང་བར་བྱའོ། །ཡི་གེ་གསུམ་པར་བཅུག་རྣལ་འབྱོར་པས། །ཞེས་པ་ནི་ཐིག་སྐུད་ཡི་གེ་གསུམ་གྱི་བར་དུ་ཆུད་པར་མོས་ནས་སྐུད་པ་བཟུང་ནས་བརྡེག་པར་བྱ་ཞེས་སོ། །ཛ་ཡི་གསུམ ་གྱིས་བརྐྱང་བྱས་ནས་ཞེས་པ་ནི་དེ་བརྗོད་ཤེས་རབ་མ་ལས་བརྗོད་པར་བྱའོ། །དེ་མེད་ན་ཀུན་བྱེད་དམ་རྣམ་པར་སྣང་མཛད་དུ་བསྒོམས་པའི་སློབ་མ་ལ་གཏང་ཅིང་དེས་ཀྱང་ཛ་ཛ་ཛ་ཞེས་བརྗོད་པར་བྱའོ། །བློ་གྲོས་ཅན་གྱིས་མཁའ་ཐིག་གདབ་ཞེས་པ་ནི། དེ ་བཞིན་གཤེགས་པ་རྣམས་སེམས་ཅན་གྱི་དོན་བྱེད་པའི་དུས་ལ་བབ་པས་གནས་འདིར་གཤེགས་པའི་ཐིག་སྐུད་ཀྱི་སྒྲས་བསྐུལ་བར་བརྗོད་ཅིང། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་བརྗོད་ནས་ནམ་མཁའ་མ་ལུས་པར་བརྗོད་པར་བྱའོ། །དེ་བཞིན་འོག་ཀྱང ་རབ་གདབ་ཞེས་པ་ནི་ནམ་མཁའ་ལ་བཏབ་པ་ཇི་ལྟར་དེ་བཞིན་དུ་ས་ལ་ཡང་གདབ་པར་བྱའོ་ཞེས་སོ། །གནོད་སྦྱིན་ཞེས་པ་ལ་སོགས་པ་ནི་ནམ་མཁའ་དང་ས་གདབ་པའི་གཡས་བསྐོར་ལ་སོགས་པ་ཕྱི་རོལ་གྱི་དྲངས་པའི་ཐིག་གདབ་པ་སྟོན་ཏོ། །གནོད་སྦྱིན་ཞེས་པ་ནི་བླ ་མ་མེ་མཚམས་ནས་གནོད་སྦྱིན་ཕྱོགས་སུ་བལྟས་ཏེ་ཤར་གྱི་ཐིག་གདབ་པོ། །དེ་བཞིན་བླ་མས་གཡས་བསྐོར་དུ་བསྐོར་ནས་རླུང་མཚམས་སུ་གནས་ཏེ། ཡི་དགས་ཀྱི་ཕྱོགས་སུ་བལྟས་ནུབ་ཀྱི་ཐིག་གདབ་པ་དང། བླ་མ་དེ་ཉིད་དུ་གནས་ནས། བརྒྱ་བྱིན་ཕྱོགས ་སུ་བལྟས་ནས་བྱང་ཕྱོགས་སུ་ཐིག་གདབ་པ་དང། དེ་ནས་བསྐོར་ནས་མེ་མཚམས་སུ་གནས་ཏེ། ཀླུ་བདག་གི་ཕྱོགས་སུ་བལྟས་ནས་ལྷོ་ཕྱོགས་ཀྱི་ཐིག་གདབ་པས་ཕྱོགས་བཞི་དག་གི་ཕྱི་རོལ་གྱི་ཐིག་གདབ་པར་འགྱུར་རོ། །དེ་བཞིན་དུ་མེ་མཚམས་སུ་གནས ་ནས་རླུང་མཚམས་སུ་བལྟས་ཏེ་གྲཝའི་ཐིག་དང་པོ་གདབ་པར་བྱའོ། །བདེན་བྲལ་མཚམས་སུ་གནས་ནས་དབང་ལྡན་གྱི་མཚམས་སུ་བལྟས་ཏེ། གྲཝའི་ཐིག་གཉིས་པ་གདབ་པར་བྱའོ། །ཤར་དང་ཞེས་པ་ལ་སོགས་པའི་ཕྱོགས་རྣམས་འབྱེད་པའི་ཐིག་སྟོན་ཏེ། དེ་ཡང་བླ་མས ་ཤར་དང་བྱང་དུ་ཁ་བལྟས་ནས། ཕྱོགས་ཀྱི་ཐིག་མ་ལུས་པ་གདབ་པར་བྱའོ། །ཞེས་རེའུ་མིག་བརྒྱད་དུ་གདབ་ཞེས་པ་ནི་དབུས་ཏེ། གཙོ་བོའི་རིའུ་མིག་ལ་གཏོགས་པའོ། །དེ་ནི་ཉེ་བའི་མཚན་ཉིད་དུ་ཟད་དེ། སྒོ་ལ་སོགས་པ་ཀུན་གདབ་པ་ཅེས་པར་བྱའོ། །དེ་ལྟར ་ཐིག་གདབ་པའི་འོག་ཏུ་ཅི་ཞིག་བྱ་ཞེ་ན། དེ་ནས་ཐིག་སྐུད་ཉིས་འགྱུར་བྱ་ཞེས་པ་ནི་ཉེས་བལྟབ་དུ་བཀུག་པའོ། །དཀྱིལ་འཁོར་དབུས་སུ་ཤིན་ཏུ་བཟུང་ཞེས་པ་ནི་ཙན་དན་ལ་སོགས་པའི་ཕུར་བུ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཾ་ཞེས་ལན་བདུན་བཟླས་ནས། དབུས ་སུ་གདབ་སྟེ། ཐིག་སྐུད་བཟུང་ངོ། །དེ་ནས་ཕྱི་རོལ་ཞེས་པ་ནི། ནང་གི་དཀྱིལ་འཁོར་དང། ཕྱིའི་དཀྱིལ་འཁོར་རོ། །རྡོ་རྗེ་སྐུད་གཉིས་ཡང་བྲིའོ། །ཞེས་པ་ནི་ནང་གི་རྡོ་རྗེ་ར་བ་དང་གཉིས་པ་ནི་ཕྱི་རོལ་གྱི་པདྨ་ལ་སོགས་པའི་ར་བའོ། །དབང་ལྡན་མཚམས་ནས ་ཞེས་པ་ནི་བསྐོར་བ་དེ་ཡང་དབང་ལྡན་གྱི་མཚམས་ནས་རང་མདུན་བལྟས་ཞེས་པ་ནི། གཞན་དུ་བལྟས་ན་ལོག་པར་འགྱུར་བའི་ཕྱིར་གཡས་བསྐོར་དུ་ནམ་མཁའ་ཨི་ཐིག་དང་བཅས་པར་བསྐོར་བར་བྱའོ་ཞེས་སོ། །དེ་ནས་ཕྱོགས་ཀུན་མཉམ་པ་ངོ་བོ ་དུ་ཤེས་རབ་ལྡན་པས་ཐིག་གདབ་བྱ་ཞེས་སོ། །མཚན་མ་ངན་ཞེས་པ་ལ་སོགས་པ་ནི་ལས་དང་པོ་པ་མི་བརྟན་པ་ལ་གསུངས་པ་སྟེ། བརྟན་པ་རྣམས་ལ་ནི་དེ་ལྟ་བུ་མེད་པའོ། །ད་ནི་ཕྱིའི་དཀྱིལ་འཁོར་གྱི་གཟུགས་དང་དབྱིབས་ཇི་ལྟར་བྱ་ཞེ་ན ་གྲུ་བཞི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐིག་སྐུད་བཞི་ཞེས་པ་ནི་ཕྱོགས་བཞིའི་ཚོན་སྣ་ལྔའི་ཐིག་ལ་བྱ་ཞེས་པའོ། །ནང་གི་དཀྱིལ་འཁོར་གྱི་ཚད་དང་དབྱེ་བའི་ཐབས་བསྟན་པ་ནི། དེའི་ནང་གི་ཞེས་པ་ལ་སོགས་པ་གསུངས ་ཏེ། དེའི་ཕྱིར་དཀྱིལ་འཁོར་ནི་གྲུ་བཞི་སྟེ། ཚོན་སྣ་ལྔ་ཕན་ཆད་དོ། །དེའི་ཕྱེད་དབུས་སུ་བརྐོ་བར་བྱའོ། །དེ་ཡང་དབྱིབས་ཇི་ལྟ་བུ་ཞེ་ན། ཟླུམ་པོ་འཁོར་ལོ་ལ་སོགས་པའི་ཀ་བ་དང་ལྡན་པ་འདི་ཐུགས་ཀྱི་དཀྱིལ་འཁོར་ཡིན་པས་མཛེས་པའི་རྡོ་རྗེ་ཕྲེང་བས ་བསྐར་ཞེས་སོ། །དེ་ནས་སྒོ་ལ་སོགས་པའི་ཚད་བསྟན་པའི་ཕྱིར། དེ་ནས་ཤེས་པ་ལ་སོགས་པའོ། །དེ་ནས་མིག་གཉིས་ལ་ཧི་ལས་བྱུང་བའི་ཉི་ཟླས་ཁོ་བོའི་ལྟ་བས་བལྟས་ནས་དེའི་འོད་ཟེར་གྱིས་བགེགས་བསལ་ནས་ཏེ། སྒོ་དབྱེ་བར་བྱའོ་ཞེས་སོ། །སྔར་ཕྱེ་བ ་རྣམས་ལ་ཡང་རིགས་པར་སྦྱར་རོ། །དཀྱིལ་འཁོར་བརྒྱད་ཆར་རྒོལ་ཞེས་པ་ནི་ཕྱིའི་དཀྱིལ་འཁོར་ལ་ཆ་བརྒྱད་གནས་པའི་ཆ་གཅིག་ལ་སྒོའི་དབུས་བྱའོ་ཞེས་སོ། །བར་ཁྱམས་སྒོའི་ཆད་ཡིན་ཏེ། ཞེས་པ་ནི་ནང་གི་དཀྱིལ་འཁོར་དང། འདོད་པའི་ལྷ་མོའི་སྣམ ་བུའི་བར་དུ་སྟེ། སྒོའི་དབུས་དང་མཉམ་པའོ། །ལྷའི་སྣམ་བུ་ཞེས་པ་ནི། འདོད་པའི་ལྷ་མོའི་འོ། །ཀུན་ཏུ་ཁྱེར་ཞེས་པ་ནི་མཆོད་པའི་ལྷ་མོ་སྣམ་བུ་སྟེ། སྒོའི་ཕྱེད་དེ་དེ་བཞིན་དུ་སྒོའི་འགྲམ་བ་སྟེ། ཁ་ཁྱེར་གྱི་ཕྱི་རོལ་དང་གཤོག་པ་སྟེ། ཀ་བའི་ནང་ལོགས ་སྒོ་ཕྱེད་དོ། །དེའི་ཚད་ཀྱིས་ཁ་ཁྱེར་གྱི་ཕྱི་རོལ་ཏུ་དྲ་བ་དང་དྲ་བ་ཕྱེད་པ་ལ་སོགས་པའི་སྣམ་བུ་ཡང་ཤེས་པར་བྱའོ། །དེའི་ཕྱེད་ཀྱིས་ནི་ཚོན་སྣ་ལྔའི་ས་དང། དབུས་ཀྱི་འཁོར་ལོ་ལ་སོགས་པའི་ཀ་བ་དང་མཉམ་པར་བྱའོ་ཞེས་སོ། །སྒོ་སྟེང་སུམ་འགྱུར་ཏྭ་ར་ཎ ་ཞེས་པ་ནི་སྒོའི་དབུས་ཀྱི་ཚད་སྟེང་དུ་སུམ་འགྱུར་བྱས་པ་ལ་ཏྭ་ར་ཎ་བརྒྱན་དང་བཅས་པ། ཕྱོགས་བཞིར་བྲི་ཞེས་སོ། །དེ་ཡང་ཐེམ་སྐས་ལ་སོགས་པའི་གཟུགས་ཅན་དྲིལ་བུ་དང་ཅོད་པན་ལ་སོགས་པས་བརྒྱན་པ་ཆོས་ཀྱི་འཁོར་ལོ་དང་རི་དགས་གཉིས་ཀྱིས ་མཚན་ཅིར་བ་དན་ཉི་ཤུ་རྩ་གཅིག་ལ་སོགས་པས་བརྒྱན་པའོ། །གཞན་དཀྱིལ་འཁོར་གྱི་དབྱིབས་དང་མཐུན་པར་ཇི་ལྟར་མཛེས་པར་བྱའོ་ཞེས་སོ། །བྱང་ཆུབ་སེམས་དཔའ་འཇམ་པའི་དབྱངས་གཞན་གྱིས་རིགས་སུ་གཏོགས་པ་དགག་པའི་ཕྱིར་གསུངས་པ། སངས ་རྒྱས་ཞེས་པ་ལ་སོགས་པ་སྟེ། དེ་ཡང་འཇམ་དཔལ་ནི་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་ཡེ་ཤེས་ཀྱི་སྐུ་ཉིད་ཡིན་པ་དེའི་ཕྱིར་ན་འདིར་གསུང་མཁན་ཏེ། འཇམ་དབྱངས་རྡོ་རྗེའི་རིགས་སུ་འདོད་དོ། །དེ་བས་ན་ཆོས་ཀྱི་སྐུ་རྣམ་པར་དག་པས་དཀྱིལ་འཁོར་ཞེས་བྱའོ། ། ་རྒྱུད་ལས་ཁྲུ་བཅུ་དྲུག་ལ་སོགས་པ་ཚད་ངེས་པར་གསུངས་པ་དེ་ཉིད་གཉིས་སུ་མེད་པའི་སྦྱོར་བ་ངེས་པར་གཟིགས་པ་རྣམས་ལ་དམིགས་པར་བསྟན་པའི་ཕྱིར་སེམས་ཅན་ཞེས་པ་ལ་སོགས་པའོ། །དེ་ཡང་སེམས་ཅན་གྱི་བསམ་པའི་བྱེ་བྲག་གི་ཚད་ལ་སོགས ་གསུངས་ཤེས་སོ། །དོན་ཀུན་ཐབས་དང་ཤེས་རབ་སྙོམས་པར་འཇུག་པ་ལས་དངོས་གྲུབ་འབྱུང་བས་རིགས་ལ་སོགས་པའི་ངེས་པ་ག་ལ་ཡོད་ཅེས་སོ། །དེ་བས་ན་ཚད་ཀྱང་ཁྲུ་གང་ནས་བརྩམས་ནས་སྟོང་ཕྲག་གི་བར་དུ་བྱའོ། །ཞེས་སོ། །ཚོན་གྱི་ཆོ་ག་གསུམ ་དེ་ལྟར་ཞེས་པ་ལ་སོགས་པའོ། །འབར་བའི་མིག་གིས་ཞེས་པ་ནི། ཛ་སེར་པོ་ལས་ཉི་མ་དང་ཟླ་བ་མིག་གིས་སོ། །ཚོན་རྩི་རྣམས་ཤེས་པ་ནི། རིན་པོ་ཆེ་ལྔ་འམ། བྱུང་ཁུངས་ཀྱི་ཕྱེ་མ་འམ་ས་ལུ་ལ་སོགས་པའི་ཕྱེ་མ་ཞིབ་མོར་བཏགས་ལ་རྣམ་པ་ཉི་ཤུ་རྩ ་ལྔའི་དབྱེ་བ་མོས་ནས་སོ། །སྔ་མའི་གོ་རིམ་ཞེས་པ་ནི། ཐིག་སྐུད་ལྟར་རང་གི་མིག་གིས་བལྟས་ནས། ཨོཾ་དིཔཏ་དྲིཥྚི་ཨཾ་ཀུ་ཤ་ཛ་ཞེས་བརྗོད་པས་དེའི་འོད་ཟེར་གྱི་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས་ནས་རང་རང་གི་མདོག་དཀར་པོ་ལ་ཐིག་གདབ ་པར་བྱའོ། །དེ་ལྟར་བསམས་ནས། བདེན་པ་གང་གིས་སངས་རྒྱས་རྣམས། །སེམས་ཅན་དོན་ལ་ཆགས་པའོ། །བདེན་པའི་དེའི་བྱིན་རླབས་ཀྱིས། ཚོན་རྩི་རྣམས་ནི་འབར་གྱུར་ཅིག་ཅེས་བརྗོད་ནས་ཚོན་རྩི་ལ་བལྟས་ཏེ་གསལ་བར་བྱས་ནས་སྔགས ་འདི་བརྗོད་དོ། །ོཾ་བཛྲ་ཙིཏྲ་ཡ་ས་མ་ཡ་ཧཱུཾ་ཞེས་ཡང་དང་ཡང་དུ་བཟླས་ཏེ་དྲི་ཞིམ་པོའི་སྤོས་དང་ཅུང་ཟད་བསྲེས་པ་གསེར་དངུལ་ལ་སོགས་པའི་སྣོད་དུ་སྩལ་ཏེ། ཨོཾ་བཛྲ(རྒྱུད་འགྲེལ་མཁའ་ལ་བཏེག་ནས་དཀྱིལ་གྱི་ནང་དུ་ཞུགས་ཏེ་འདི་རྣམས་སུ་མོས་པས་དགྱེས་པར་བྱའོ་ཞེས་སོ། །དེ་དག་གང་ཞེ་ན། ཆོས་ཀྱི་དབྱིངས་ཀྱི་དག་པ་འདི་ཞེས་པ་ལ་སོགས་པའོ། །དེ་ལ་དང་པོ་ཚོན་སྣ་ལྔ་གདབ་པའི་ཐབས་སྟོན་ཏོ། །དེ་ཡང་བླ་མས ་གཡོན་གྱི་ཁུ་ཚུར་གྱི་དབང་ལྡན་མཚམས་ལ་བསྟེན་ཏེ། ཕྱི་རོལ་ཏུ་དཀར་པོ་དེ་ནས་དམར་པོ། །དེ་ནས་ལྗང་གུ་ཀུན་གྱི་ནང་རོལ་དུ་ནག་པོ་སྟེ་གཡས་བསྐོར་དུ་བར་མ་ཆད་པར་ཡང་སྦུབས་ཀྱི་ཚད་ཙམ་དུ་བྲིས་ནས་མེ་ཏོག་དང་ལྡན་པའི་སྣོད ་ཀྱིས་བཀབ་ནས། དེ་ནས་ཅི་བདེ་བར་བྲི་བར་བྱའོ། །གཡས་སྐོར་ཚུལ་དུ་མི་འདེབས་ན། ཚོན་ལ་ཕུར་བུས་གདབ་པར་བྱ་ཞེས་པ་ནི་ཕྱོགས་མི་བདེ་བ་ལ་སོགས་པའི་དུས་སུ་བདུད་རྩི་འཁྱིལ་བའི་ཕུར་བུས་བཏབ་ནས་བྲི་བཞིན་པའོ། །རྡོ་རྗེ་རྩེ་མོའི ་ཚོན་བསྟན་པའི་ཕྱིར་རྡོ་རྗེ་རྩེ་མོ་དཀར་པོ་ཞེས་པ་ལ་སོགས་པའི་ཕྱོགས་ཀྱི་ཚོན་རྣམ་པར་དབྱེ་བའི་ཕྱིར་ཤིན་ཏུ་དཀར་པོ་ཤར་གྱི་ཕྱོགས་ཞེས་པ་ལ་སོགས་པའོ། །རྟག་ཏུ་ཐབས་དང་ཤེས་རབ་ལྡན་ཞེས་པ་ནི་རང་གི་ལྷའི་ཐབས་དང་ཤེས་རབ ་ཀྱི་ང་རྒྱལ་མ་བཏང་བ་ཉིད་དུ་ཤིན་ཏུ་མཉམ་པར་བཞག་ནས་ཕྱོགས་པའི་སྔགས་རྣམས་ཀྱིས་དགེས་པར་བྱའོ་ཞེས་པས། དེའི་འོག་ཏུ་དཀྱིལ་འཁོར་གྱི་འོག་ཏུ་སྦྲུལ་ལ་སོགས་པ་བུམ་པར་གྱུར་ན། དེ་བཟློག་པ་ནི་བསྟན་པའི་ཕྱིར་རྡོ་རྗེ ་བདུད་རྩི་འཁྱིལ་བས་ནི་ཐུགས་ཀྱི་དཀྱིལ་འཁོར་ཡིན་པས་དེ་ཁོ་ནའོ། །སྐུ་ལ་སོགས་པ་ཡང་གཤིན་རྗེ་གཤེད་ལ་སོགས་པ་ཡང་ཤེས་པར་བྱའོ། །སྡམ་པ་ཐམས་ཅད་ཅེས་པ་ནི་རླུང་དང་ཆར་བ་ཡང་སྦྲུལ་ལ་སོགས་པ་གཏོར་བའོ། །ཕྱག་རྒྱ ་ཆེན་པོ་མཆེ་བར་གསུངས་ཞེས་པ་ནི་གདུག་པ་འཇོམས་པ་ན་མཆེ་བ་སྟེ་ཀུན་བྱེད་དོ། །དེ་བསམས་ནས་སྡང་བའི་དགྲའི་སྔགས་ཀྱི་རྒྱལ་པོ་འདི་བརྗོད་པར་བྱའོ། །ན་མ(རྒྱུད་འགྲེལ་པ། དེ་ལྟར་དཀྱིལ་འཁོར་བྲིས་ནས་ཤེས་པ་ལ་སོགས་པའོ། །ཕྱག་མཚན་རྣམ་པར་དག་པ་དང་བཅས་པར་གསུངས་པ་སྟེ། གོ་སླའོ། དེ་ནས་ཕྱིར་བྱུང་ནས་རྣམ་པ་ཀུན་གྱིས་ཚོན་བཏབ་པས་ཤིན་ཏུ་གསལ་བར་བྱ་སྟེ། ཉེས་པས་མི་གོས་པར་བྱ་བའི་ཕྱིར་ཡི་གེ ་གསུམ་གྱི་མཐར་མུ་བཞག་པའི་སྔགས་ཀྱིས་ཚོན་རྩི་དང། དེ་བཞིན་གཤེགས་པ་ལ་སོགས་པ་གཤེགས་པར་བྱས་ནས། དཀྱིལ་འཁོར་གྱི་ཕྱིར་སྐོར་ལ་བྱུག་པ་དང། དྲི་ཞིམ་པོའི་ཆུས་གཏོར་བ་དང། བུམ་པ་དགྲམ་པ་དང། ན་བཟའ་དང་མེ་ཏོག་དང ་བ་དན་ལ་སོགས་པའི་དྲི་ཞིམ་པོ་དང་ལྷ་བཤོས་དང་མར་མེ་དབུལ་བ་ལ་སོགས་པའི་བྱ་བ་བཤམ་པར་བྱའོ་ཞེས་སོ། །དེ་བཞིན་དུ་འདིར་སྒྲུབ་པ་པོས་དངོས་གྲུབ་བསྒྲུབ་པར་འདོད་པས་ས་དག་པར་བྱས་པ་ལ་སོགས་པའི་ཆོ་ག་སྔ་མ་བཞིན་དུ་བསྒྲུབ ་པར་བྱས་ཏེ་ཐིག་བྱིན་གྱིས་བརླབ་པ་དང་ཚོན་བྱིན་གྱིས་བརླབ་པར་བྱ་སྟེ། ཁྱེའུ་དང་བུ་མོ་ལོ་བཅུ་གཉིས་ལོན་པ་ཁང་པར་བཅུག་སྟེ། དེས་ཐིག་གདབ་ཅིང་ཚོན་བཀྱེ་ནས་ཕྱག་མཚན་ལ་སོགས་པ་བཀོད་དེ་ནས་དབབ་པའི་ལྷ་གཤེགས་སུ་གསོལ་ནས། ་དེ་གཉིས་རང་གི་གནས་སུ་བཏང་སྟེ། ཇི་ལྟ་བ་བཞིན་དུ་བསྒྲུབ་པར་བྱའོ། །ཞེས་སོ་དེ་ལྟར་དཀྱིལ་འཁོར་བྲིས་ནས་ལྷ་གནས་པར་བསམས་ཞིང་བྱིན་གྱིས་བརླབ་པའི་ཆོ་ག་གསུངས་པ་ཤེས་རབ་ལུས་ཞེས་པ་ལ་སོགས་པའོ། །ཤེས་རབ་ལུས་སྦྱོར་སྔ་མ ་བཞིན་ཞེས་པ་ནི་ལེགས་པར་རླབས་པའི་ཕྱག་རྒྱ་དང་ལྷན་ཅིག་ཏུ་སྣ་ཚོགས་པདྨ་རས་ཀྱིས་གཡོགས་པའི་གདན་ལ་འདུག་སྟེ། རྗེས་སུ་ཆགས་པའི་མཛའ་ལ་ཐུག་པར་སྦྱོར་བ་དང་པོར་བྱ་སྟེ། བསམ་སྟེ་ནང་གི་ནང་དུ་ཐིམ་ཞེས་པ་ནི་དེ་བཞིན་གཤེགས་པ ་རྣམས་ཞལ་དུ་ཞུགས་ནས་ཟླ་བ་ཞུ་བ་རྡོ་རྗེའི་ལམ་ནས་པདྨའི་ནང་དུ་བརྟག་སྟེ། དེ་ལ་ས་བོན་ལས་ལྷའི་སྐུར་བརྟགས་ཏེ། བཛྲ་དྷྲིཀ་ལ་སོགས་པའི་སྔགས་ཀྱི་གོ་རིམ་བཞིན་དུ་སྤྲོས་ནས་ཇི་ལྟ་བཞིན་དུ་གནས་སུ་དགོད་པར་བྱའོ་ཞེས་སོ། ། ་སྒྲུབ་པ་པོས་ནི་ལྷའི་བཀའ་ཐོབ་ནས་སྤྲོ་བར་བྱ་བ་ནི་མན་ངག་གོ་།རང་གི་སེམས་ནི་མཁའ་ཁྱབ་པའི་དཀྱིལ་འཁོར་ཞེས་པ་ནི་རང་གི་སེམས་དང་འདྲེས་པའི་ཕྱིར། རང་གི་སེམས་དེ་ཡེ་ཤེས་ཀྱི་དཀྱིལ་འཁོར་རོ། །དེ་རྡོ་རྗེ་དང་པདྨ་སྦྱོར་བའི་སྒྲ ་ཡིས་བཀུག་སྟེ། མདུན་དུ་གནས་པར་བྱ་ཞེས་པར་སྒོར་ཕྱོགས་པར་བྱའོ། །དེ་ནས་གཤིན་རྗེ་གཤེད་ལ་སོགས་པ་སྤྲོས་པས་དེ་དང་ལྷན་ཅིག་ཏུ་འོངས་བའི་བགེགས་བསྐྲད་པར་བྱའོ། །མངོན་པར་བསྲུང་བྱས་ཏེ་ཞེས་པ་ནི། ཛ་ལ་སོགས ་པ་སྔ་མ་བཞིན་དུ་མཛད་པའོ། །དེ་ནས་ཡོན་དང་ཞེས་པ་སྟེ། བསང་གཏོར་ལ་སོགས་པའི་བྱ་བ་བྱས་ནས། གཤིན་རྗེ་གཤེད་ལ་སོགས་པའི་དགུག་པ་དང་གཞུག་པ་དང་བཅིང་བ་དང། དབང་དུ་བྱ་བ་བྱས་ཏེ། ་ཨོཾ་དྷརྨམ་དྷ་ཏུའི་སྔགས་ཀྱིས་བྱིན་གྱིས་བརླབས་པ་ནི་བསྙེན་པའོ། །དེ་བཞིན་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་ནི་ཉེ་བར་སྒྲུབ་པའོ། །སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་ནི་སྒྲུབ་པའོ། །འོད་ཟེར་གྱིས་བསྐུལ་བ་མངོན་དུ་བྱས་ནས་རང་རང ་གི་རིགས་ཀྱི་བདག་པོས་དབང་བསྐུར་བས་ནི་སྒྲུབ་པ་ཆེན་པོའོ། །དེ་རྣམས་མཉེས་པར་བྱ་བའི་སྦྱོར་བ་གསུངས་པ་མཆོད་པ་ནི་བྱས་པ་སྟེ་ཕྱག་རྒྱའི་གནས་པའི་གནས་ཀྱི་ས་བོན་གྱི་འོད་ཟེར་ལས་ལྷ་མོའི་གཟུགས་ཀྱི་ནམ་མཁའ་ཨི ་ཁམས་བཀོད་ནས་དེས་ཐིམ་པ་ལ་སོགས་པའི་དགེས་པར་བྱས་ནས། སྔགས་ཀྱི་བྱིན་གྱིས་བརླབས་པ་སྟེ། གསང་བའི་མཆོད་པའོ། །བསྟོད་ཅེས་པ་ནི་རྡོ་རྗེ་དང་དྲིལ་བུ་ལྡན་པས་མི་བསྐྱོད་རྡོ་རྗེ་ལ་སོགས་པ་དགེས་པར་བྱའོ། །ཤིན་ཏུ་རིམ་ཞེས་པ ་ནི་གྲོ་ལ་སོགས་པའི་ཆོ་གས་དག་པར་བྱས་པའི་བདུད་རྩིས་སོ། །ཤིན་ཏུ་སྐྲས་ནི་མེ་ཏོག་གིས་སྤྱན་ལའོ། །དྲི་དང་པོས་ཤངས་ལའོ། །བྱུག་སྤོས་ཀྱིས་སྐུ་ལའོ། །མར་མེས་ཐུགས་ལའོ། །ལྷ་བཤོས་ཞལ་དུའོ། །དྲིལ་བུ་ལ་སོགས་པ་སྙན་དུའོ། །ཡོན་ཆབ་དང་ཞལ ་བསིལ་དང་ཕྱག་དང་ཞབས་ལ་དབུལ་བ་ལ་སོགས་པའི་རིམ་པའོ། །བཟླས་ཏེ་ཞེས་པ་ནི་སོ་སོའི་སྔགས་བརྗོད་པའོ། །དགེས་པར་བྱས་ཞེས་པ་ནི་དགེས་པའི་ཤེས་པ་ནི་དགེས་པའི་ཤེས་པ་ཡན་ཆད་བསྒོམ་པར་བྱ་ཞེས་སོ། །ངལ་བར་བྱེད་པ་ནི་མན་ངག་ཏུ ་ཤེས་པར་བྱའོ། །དེ་ནས་བསྲུང་བར་བྱས་ཏེ། ཕྱི་རོལ་ཏུ་བྱུང་ནས་ཕྱོགས་སྐྱོང་བ་རྣམས་ལ་གཏོར་མ་བྱིན་པ་གསུངས་པ། སྔོན་བཞིན་པདྨའི་སྣོད་དུ་ཡང། ཡེ་ཤེས་བདུད་རྩི་བྱས་ཞེས་པ་ནི་སྣོད་རྒྱ་ཆེན་པོའི་ནང་དུ་སྡིག་མེད་ཤ་དང་ཟན་ལ་སོགས་པ་བཀོང ་ལ་ཏིང་ངེ་འཛིན་གཉིས་པའི་སྐབས་སུ་གསུངས་པ་ལྟར་རླུང་ལ་སོགས་པའི་རིམ་གྱིས་སྦྱངས་པའི་ཁ་ཟས་ཡེ་ཤེས་བདུད་རྩི་རང་བཞིན་དུ་བསམས་ཏེ། ཕྱོགས་སྐྱོང་རང་རང་རྣལ་འབྱོར་གནས་ཞེས་པ་ནི་གཞུང་གཞན་ལ་གྲགས་པའི་སྤྱན་ལ་སོགས་པའི ་གཟུགས་སུ་བསྐྱེད་ལ། བདག་པོ་ཁྲོས་པའི་སྙིང་ལས་འཕྲོས་པའི་འོད་ཟེར་རང་བཞིན་གྱི་ཕྱོགས་སྐྱོང་བ་རྣམས་བཀུག་སྟེ་བསྟིམ་ནས་མཆོད་ནས་ཞེས་པ་ནི་དེ་རྣམས་ཀྱི་ལྕེ་ལ་གནས་པའི་རྡོ་རྗེ་འོད་ཟེར་གྱིས་གོང་གི་བདུད་རྩི་དྲངས་པར ་བསམས་ཏེ། ཚིམ་པར་བྱའོ། །དེ་གསོལ་བ་བཏབ་ནས་གཤེགས་སུ་གསོལ་ཏེ། དཀྱིལ་འཁོར་ནང་དུ་འགྲོ་ཞེས་སོ། །དེ་ནས་རྫས་དང་ཡོ་བྱད་ལ་སོགས་པ་ལྷག་པའི་བསྐྱོན་ཐམས་ཅད་དག་པར་བྱ་བའི་ཕྱིར་ཁམས་གསུམ་རྣམ་པར་རྒྱལ་བའི ་གཟུགས་སུ་གྱུར་པ་སྟེ། རྒྱན་དང་གོས་ཤེས་ཏེ། སྟོད་གཡོགས་དང་སྨད་གཡོགས་དང་ཐོད་བཅིང་བ་དང། དཔུང་རྒྱན་ལ་སོགས་པ་དང་ལྡན་པར་བྱའོ། །དེ་ནས་རྡོ་རྗེ་དང་དྲིལ་བུར་ལྡན་པས་ནང་དུ་སོང་སྟེ་དཀྱིལ་འཁོར་ལ་གཡས་སུ་བསྐོར་བ་བྱས་ཏེ། ཕྱག་འཚལ་ནས ་མེ་ཏོག་གཏོར་ཏེ་བདག་གི་མགོ་ལ་གཙོ་བོས་བཅིངས་པར་བསམས་ནས། དག་པར་འགྱུར་རོ་ཞེས་སོ། །དེ་ནས་དཀྱིལ་འཁོར་པ་རྣམས་སྦྱིན་སྲེག་གིས་ཚིམ་པར་བྱས་པའི་ཕྱིར་བྱིན་སྲེག་མཆོད་པ་ལ་སོགས་པས་སོ། །སོར་བཞིའི ་ཚད་དུ་ལྷག་པ་ནི་དེ་ཙམ་དུ་ས་ལ་འཕགས་པའོ། །དེའི་ཚད་ཞེས་པ་ནི་སོར་བཞི་ཙམ་གྱི་པདྨ་རབ་ཏུ་རྒྱས་པ་སྟོང་པ་ཉིད་དང་བཅུ་དྲུག་གི་རང་བཞིན་གྱིས་འདབ་མ་བཅུ་དྲུག་གིས་བསྐོར་བ་ནི་ཤུགས་ཀྱིས་རྟོགས་པར་བྱའོ། །ཁ་ཁྱེར་གྲུ་གང་ཞེས་པ་ནི་གོ ་སླའོ། །ཁྲུ་ཕྱེད་ཅེས་པ་ནི་ཟབས་སུ་ཕྱེད་དོ། །འཁོར་ལོ་ལྟ་བུས་ལས་ཀུན་བྱེད་ཅེས་པ་ནི་གསུམ་པའི་བྱེ་བྲག་གིས་དེ་རྒྱས་པ་ལ་སོགས་པའི་ལས་རྣམས་ཀྱང་བྱེད་དོ། །ཕྱི་རོལ་གྱི་རྡོ་རྗེ་ཕྲེང་བས་བསྐོར་ཞེས་པ་ནི་ཐབས་ཀྱི་དབུས་སུ་ཕྱག་མཚན་གྱི་ཕྱི་རོལ ་དུ་ཤེས་པར་བྱའོ། །ཀུན་བྱེད་བཟླས་ནས་བསྲུང་བྱས་ཏེ་ཞེས་པ་ནི་བདག་དང་ཡོ་བྱད་ལ་སོགས་པའོ་ཞེས་སོ། །ཡོན་ཆབ་གཡོན་དུ་ཞེས་པ་ནི། དུང་ཕོར་གསུམ་ལ་སོགས་པ་གཡོན་དུ་བཞག་པ་ཉེ་རེག་ལ་སོགས་པ་བྱ་ཞེས་པའོ། །གཞན་དུ་བཞག་ཅེས་པ་ནི། ་གཡས་སུ་མེ་ཏོག་ལ་སོགས་པ་བཞག་ལ་གཡོན་གྱི་དུང་ཕོར་དང་པོའི་ཆུས་ཡོ་བྱད་བཞག་པ་རྣམས་ལ་དག་པར་བྱའི་ཕྱིར་བསང་གཏོར་བྱས་ནས་ཤེས་སོ། །གཡས་བསྐོར་ཚུལ་དུ་ཀུ་ཤ་གདོང་ཞེས་པ་ནི། བདག་དང་ཡོ་བྱད་ལ་སོགས་པའོ། །ཧ ་ཅང་རིང་བ་དང་ཐུང་བ་མ་ཡིན་པའི་ཀུ་ཤ་སྔོན་པོ་སྲིན་བུས་མ་ཟོས་པ་ལ་བཛྲ་ས་ཏ་ཨ་ཞེས་བརྗོད་ནས་གནོད་སྦྱིན་ནས་བརྒྱ་བྱིན་གྱི་ཕྱོགས་སུ་རྩེ་མོས་རྩ་བ་ནོན་པར་དགྲམ་པར་བྱའོ། །དང་པོ་བསྐྱེད་པ་ཅེས་པ་ནི་སྦྱིན་སྲེག་གི་ལྷ་དང་པོ་སྟེ་མེ་ལྷའོ ་དེའི་སྙིང་པོ་རཾ་མོ། །བཀུག་ནས་དང་པོའི་ཆོས་ཡེ་ཤེས་ཀྱི་མེ་ཞེས་པ་ནི་ས་བོན་གྱི་འོད་ཟེར་གྱི་ལྕགས་ཀྱུས་བཀུག་ནས་ཤེས་སོ། །བཀུག་པའི་སྔགས་ནི་ཨོཾ་མེའི་ལྷ་ནི་འབར་བ་ཆེ། །འདོད་པའི་དོན་ཀུན་སྒྲུབ་མཛད་པ། །སེམས་ཅན་དོན་ལ ་ཐུགས་རྗེས་དགོངས། །གནས་འདིར་ཉེ་བར་བྱོན་མཛེད་ཅིག་།ོཾ་ཚུར་སྦྱོན་ཚུར་སྦྱོན་འབྱུང་ཆེན་པོ། །ལྷ་དང་དྲང་སྲོང་བྲམ་ཟེ་བདག་།བསྲེག་པར་བྱས་ནས་བསྲེག་ཏུ་གསོལ། །གནས་འདིར་མྱུར་དུ་བྱོན་མཛོད་ཅིག་ཅེས་བརྗོད་ནས་ཐབས་ཀྱི་ཁ་ཁྱེར་ལ་བྱོན་པ? ་བསམ་མོ། །དེ་ལ་བསང་གཏོར་ལ་སོགས་བྱས་ནས་ཤེས་པ་ནི་ཀུ་ཤའི་བམ་པོས་དུང་ཕོར་དང་པོའི་ཆུས་གཏོར་ཞིང། ཨོཾ་ཨགན་ཡེ་ཨཱ་དི་བྱ་ཨཱ་བི་ཤ་ཨ་བི་ཤ་མ་ཧཱ་ཤྲཱི་ཡེ་ཧ་པྱ་ཀ་པྱ་བ་ཧ་ན་ཡ་ཨརྒཾ་པྲ་ཏཱིཙྪ་སྭཱཧཱ། ཞེས་བརྗོད་ནས་བསང་གཏོར་བྱའོ། །དེ་ནས་དུང ་ཕོར་པར་མའི་མེ་ཏོག་དང་ལྡན་པའི་ཆུ་མཐེབ་མཛུབ་གཉིས་ཀྱིས་ཏོག་ཚུལ་དུ་བཟུང་ནས། ཨོཾ་ཨགན་ཡེ་ཨཱ་དི་བྱ་ཨཱ་དི་བྱ་ཨཱ་བི་ཤ་ཨཱ་བི་ཤ་མ་ཧཱ་ཤྲཱི་ཡེ་ཧ་པྱ་ཀ་པྱ་བ་ཧ་ན་ཡ་པྲ་བ་ར་ས་ཏ་ཀ་ར་མ་པྲ་ཏཱིཙྪ་སྭཱཧཱ་ཞེས་བརྗོད་ནས་ཉེ་རེག་སྦྱིན་ནོ། །དེ་ནས་དུང་ཕོར་གསུམ ་བའི་བདུད་རྩི་སྤོས་ལ་སོགས་པ་དང་དྲིལ་བུའི་སྒྲ་དང་བཅས་པ་ཞལ་དུ་བཏབ་ཅིང། ཨོཾ་ཨགན་ཡེ་ཨཱ་དི་བྱ་ཨཱ་དི་བྱ་ཨཱ་བི་ཤ་ཨཱ་བི་ཤ་མ་ཧཱ་ཤྲི་ཡེ་ཧ་པྱ་ཀ་པྱ་བ་ཧ་ན་ཡ་བུཥཔཾ་པྲ་ཏཱིཙྪ་སྭཱཧཱ་ཞེས་བརྗོད་ནས་མཆོད་ཡོན་དབུལ་ལོ། །དེ་ནས་དུང་ཕོར་བར་མའི་མེ་ཏོག ་འགྱིང་བག་ཏུ་བླངས་ཏེ། ཨོཾ་ཨགན་ཡེ་ཨཱ་དི་པྱ་ཨཱ་དི་པྱ་ཨཱ་བི་ཤ་ཨཱ་བི་ཤ་མ་ཧཱ་ཤྲི་ཡེ་ཧ་པྱ་ཀ་པྱ་བ་ཧ་ན་ཡ་སྭཱཧཱ་ཞེས་བརྗོད་ནས་རྐང་པ་གཉིས་ལ་དབུལ་བར་བྱའོ། །དེ་ལ་ཐིམ་པར་བསམ་ཞེས་པ་ནི། ཀུན་ནས་ཐིམ་པར་བྱས་ནས་བཅིངས་ཏེ། དབང་དུ་བྱས་ནས ་སྔགས་འདི་བརྗོད་དོ། །ོཾ་ཨགན་ཡེ་ཨཱ་དི་པྱ་ཨཱ་དི་པྱ་ཨཱ་བི་ཤ་ཨཱ་བི་ཤ་མ་ཧཱ་ཤྲཱི་ཡེ་ཧ་པྱ་ཀ་པྱ་བ་ཧ་ན་ཡ་སྭཱཧཱ། ཞེས་བརྗོད་པར་བྱའོ། །དེ་སྟེང་རིན་ཆེན་རྡོ་རྗེའོ། །ཞེས་པ་ནི་མགུལ་པའི་སྟེང་དུ་རིན་ཆེན་རྩེ་མོའི་འོག་ཏུ་རྡོ་རྗེ་ཞེས་སོ། །རྡོ་རྗེ་དང་ཞེས་པ་ནི་དབུས་སུ་སོར ་གཅིག་གིས་རྡོ་རྗེ་བྲི་བར་བྱའོ། །གཞན་ལ་སོར་ཕྱེད་པའི་རྡོ་རྗེ་བྲི་བར་བྱའོ། །བླུགས་གཟར་དགང་གཟར་ཁ་ལ་འབར། །ཡི་དམ་ལྷ་ཡི་སྙིང་པོ་བསམས་ནས་ནི་ཞེས་པ་ནི། རྫས་འཛག་པའི་བུ་གར་རྡོ་རྗེའི་བུམ་པར་རམ་བསམས་ནས་མར་ལ་སོར་དབུལ་བར ་བྱའོ། །དེའི་ཞལ་དུ་རམ་བཀོད་ནས་ཞེས་པ་ནི་མེ་ལྷ་དེའི་ཞལ་དུ་རཾ་བསམས་ནས་དེས་དྲངས་པར་བསམས་ནས་དབུལ་བར་བྱའོ་ཞེས་སོ། །བཀྲ་ཤིས་བསྲགས་ཞེ་བསྲེགས་བྱ་སྟེ་ཞེས་པ་ལ་སོགས་པས་ནི་རྫས་དབུལ་བའི་རིམ་པ་ཏེ། དེ་ཡང་མཇལ་སོགས ་པ་ལྟ་བའི་རྫས་ནི་ཞལ་དུའོ། །ཡམ་ཤིང་དང་ཕྱེ་མ་དང་སྤོས་ནི་འོད་ཀྱི་དཀྱིལ་འཁོར་དུའོ། །ཞོ་དང་འབྲས་ལ་སོགས་པའི་ཟས་དང་ཏིལ་དང། འཐོར་འཐུང་ནི་ཕྱག་ཏུའོ། །དྲི་ནི་ཐུགས་ཀར་རོ། །མཆོད་ཡོན་དང་མར་མེ་ནི་མདུན་དུའོ། །མེ་ཏོག་ནི་སྤྱི་རྩེར་དབུལ་ལོ། །དེ་བས ་ན་ཆོ་ག་རིམ་པ་བཞིན་ཤེས་སོ། །དེ་ལྟར་བསྲེག་པའི་འབར་བའི་མཚན་མ་ནི་དྲན་ནུས་བས་མ་བཤད་དོ། །དེ་ཉིད་ཡེ་ཤེས་འབར་མེ་ལ་ཞེས་པ་ནི་མེ་ཐབ་ཀྱི་གཟུགས་སུ་གྱུར་པའི་ནང་དུ་ཞེས་པའོ། །ཉི་ཟླ་ལས་བྱུང་བདག་པོར་བཅས་ཞེས་པ་དེ་ཉིད་གསུམ་གྱི་སྔགས ་བཟླས་ནས་བྱུང་སྟེ། ཇི་ལྟ་བ་བཞིན་དུ་བཀོད་པའོ། །དེ་ནས་འོད་ཟེར་གྱི་དཀྱིལ་འཁོར་སྤྱན་དྲངས་ཏེ་མདུན་དུ་བསམ་མོ། །སྔགས་ནི་ཨོཾ་ཚུར་སྦྱོན་ཚུར་སྦྱོན་བཅོམ་ལྡན་འདས། །གང་ཟག་དད་པ་ཅན་རྣམས་ཀྱིས། །མཆོད་ཡོན་ལ་སོགས་དབུལ་བར་དགོངས། །གནས ་འདིར་མྱུར་དུ་བྱོན་པར་མཛོད་ཅེས་བརྗོད་པར་བྱའོ། །ཛ(རྒྱུད་འགྲེལ་བཛྲ་དྲི་པཾ་ཧཱུཾ་སྭཱཧཱ། མར་མེའོ། །ོཾ་བཛྲ་ནེ་བི་ཏྱེ་ཧཱུཾ་སྭཱཧཱ། ལྷ་བཤོས་སོ། །དེ་ནས་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་བྱས་ནས། །ོཾ་བཛྲ་ཨ་ན་ལ་མ་ཧཱ་བྷུ་ཏ་ཛཝ་ལ་ཡ་སརྦ་དུཥྚན་ཧཱུཾ་ཕཊ་སྭཱཧཱ་དྲི་ཤྱ་ཧོ་ཛ་ཧཱུཾ་བཾ་ཧོ་ས་མ་ཡ་སྟཝཾ། ཞེས་བརྗོད་ནས་ཉེ་བར་སྒྲུབ ་པ་ལ་སོགས་པ་བྱིན་གྱིས་བརླབས་ནས་སྔོན་དུ་ཕྱེའི་མཆོད་སོགས་ནི་ཕྱི་དང་གསང་བ་བསྟོད་པ་མཛད་ནས། གོང་མའི་རིམ་པས་སྲོག་ཤིང་ལ་སོགས་པས་སོ་སོའི་སྔགས་ཀྱིས་དབུལ་ལོ་ཞེས་སོ། །ང་ཡང་རྒྱས་པའི་ཞེས་པ་ལ་སོགས་པའོ། །རྒྱས་པ་ལ་ཨོཾ་གྱི ་མཛའ་དང་བཅས་པའོ། །ཞི་བ་ལ་ནི་སྭཱཧཱའི་མཛའ་དང་བཅས་པའོ། །དགུག་པ་ལ་ནི་ཛའི་མཛའ་དང་བཅས་པའོ། །མཁོན་དང་བསྐྲད་དང། མངོན་སྤྱོད་ལ་ནི་ཧཱུཾ་ཕཊ་ཀྱི་སྒྲ་དང་བཅས་པའོ། །དེ་བས་སྔགས་ཀྱི་མཛའ་ཡས་བསྐུལ་བར་གསུངས་ཞེས་བྱའོ། །སྔོན་ཞིང་ཡང་? ་ཚིམ་པར་བྱ་ཞེས་པ་ནི་ཏིང་ངེ་འཛིན་གཉིས་པ་གསུངས་བཞིན་དུ་རླུང་ལ་སོགས་པས་དག་པར་བྱས་པའི་བདུད་རྩི་རིམ་པར་བྱའོ་ཞེས་སོ། །ཉི་ཟླ་འཁོར་ལོ་ཞེས་པ་ནི་དེ་ལས་འགྱུར་བའི་ཕྱི་རོལ་དམ་པའི་ལྗགས་ཞེས་པ་ནི་ཧཱུཾ་ལ་སོགས་པའི་རྡོ་རྗེ་བསྐྱོད་པའི་རྡོ་རྗེ་བསྒོམས་ནས ་དེའི་འོད་ཀྱི་དྲངས་ནས་ཤེས་སོ། །དེ་ལྟར་ཚིམ་པར་བྱས་ནས་བཟོད་པར་གསོལ་བ་བཏབ་ནས་བསང་གཏོར་ལ་སོགས་པའི་བྱ་བ་བྱས་ནས་མཆོད་བསྟོད་བྱས་ནས་སྔགས་འདིས་གཤེགས་སུ་གསོལ་ལོ། །ོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། དངོས་གྲུབ་སྩལ ་ནས་ཅི་བདེར་གཤེགས། རང་གི་ཡུལ་དུ་གཤེགས་ནས་ཀྱང། །ཡང་ན་གནས་འདིར་བྱོན་མཛོད་ཅིག་མུ(རྒྱུད་འགྲེལ་རྣམས་གོང་མའི་རིམ་པས་བསྲེག་པར་བྱའོ་ཞེས་སོ། །དེ་བཞིན་དུ་གསོལ་བ་བཏབ་ནས་གོང་མའི་རིམ་པས་གཤེགས་སུ་གསོལ་ལོ། །སྦྱིན་སྲེག་གི་ཆོ་ག་བསྡུས་པའོ། །དེ་ལྟར་དཀྱིལ་འཁོར་མཆོད། དཀྱིལ་འཁོར་དུ་ཆོ་ག་གསུངས་པ། དཀྱིལ་འཁོར་མཆོད་ནས ་ཞེས་པ་ལ་སོགས་པའོ། །སློབ་མར་ཞུགས་པའི་རིམ་པ་བཞིན་ཞེས་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་ནས། མེ་ཏོག་དོར་བའི་བར་གྱིས་དང་པོ་རང་ཉིད་ཞུགས་ནས། དབང་བསྐུར་ཡན་ཆད་བསྐྱེད་བྱས་ཏེ་ཞེས་པ་བསྙེན་སྒྲུབ་བཞི་དང་ལྡན་པར་བྱ་བ ་ནས་སུའོ། །རིགས་བདག་བཀའ་སྩལ་ཐོབ་ནས་སུ་ཞེས་པ་ནི་ཆུའི་དབང་ནས་བཀའ་སྩལ་བའི་དབང་ཡན་ཆད་ལྷས་གནང་བར་བསམས་ནས་ཤེས་པར་བྱའོ། །དེ་ནས་སྒྲུབ་པ་པོ་རྣམས་ནི་དངོས་གྲུབ་ཀྱི་ལམ་གྱི་རིམ་པ་ལ་འཇུག་པར་ཤེས་པར་བྱའོ། །སློབ་དཔོན ་ནི་འདོད་ཆགས་ཆེན་པོ་ལས་བྱུང་བའི་དཀྱིལ་འཁོར་གཟུགས་བརྙན་བཞིན་དུ་སྣང་བ་དེ་སློབ་མ་གཞུག་པར་བྱ་བའི་དོན་དུ་དེ་ཁོ་ན་ཉིད་དང་བདེན་པ་བརྗོད་པར་བྱའོ། །ནམ་མཁའ་ལས་བྱུང་ཞེས་པ་ལ་སོགས་པས་འཇམ་པའི་རྡོ ་རྗེ་དེ་ཁོ་ན་ཉིད་སྟོན་ཏོ། །མཆོག་ཆེན་ཞེས་པ་ལ་སོགས་པ་ནི་རྣམ་པར་སྣང་མཛད་ཀྱི་དེ་ཁོ་ན་ཉིད་སྟོན་ཏོ། །སྐྱོན་མེད་རྟག་ལ་སོགས་པས་ནི་སྣང་བ་མཛའ་ཡས་ཀྱི་དེ་ཁོ་ན་ཉིད་སྟོན་ཏོ། །དེ་ལ་སྐྱོན་མེད་ཅེས་པ་ནི་ཟབ་མོའོ། །བརྟག་ཅེས་པ་ནི་གསལ? ་པའོ། །གཏན་དུ་དག་པ་ཅེས་པ་ནི་ལ་སོགས་པས་ནི་རིན་ཆེན་འབྱུང་ལྡན་གྱི་དེ་ཁོ་ན་ཉིད་སྟོན་ཏོ། །དངོས་གྲུབ་ཆེན་པོ་ཞེས་པ་ལ་སོགས་པས་ནི་མི་བསྐྱོད་པའི་དེ་ཁོ་ན་ཉིད་སྟོན་ཏོ། །སེམས་ཅན་ཀུན་ཞེས་པ་ལ་སོགས་པས་ནི་དེ་ཁོ་ན་ཉིད་གྲུབ་པའི་དེ་ཁོ ་ན་ཉིད་སྟོན་ཏོ། །དེ་ལ་ཡིད་ཁྱག་པ་ནི་ཕྱག་རྒྱ་ཆེན་པོའོ། །སྙིང་ལ་གནས་པ་ནི་དམ་ཚིག་གི་ཕྱག་རྒྱས་སོ། །ཀུན་གྱི་ཕ་ནི་ལས་ཀྱི་ཕྱག་རྒྱའོ། །འདོད་པའི་དོན་ནི་ཆོས་ཀྱི་ཕྱག་རྒྱའོ། །བདེན་པ་གང་གིས་ཞེས་པ་ལ་སོགས་པས་ནི་དེ་རྣམས་ལ་གསོལ་བ་གང་བ ་པའོ། །གཟུགས་བརྙན་དང་ནི་ཞེས་བྱ་བ་ལ་སོགས་པས་ནི། ལྷ་རྣམས་དང་གཞལ་མེད་ཁང་ལ་སོགས་པའི་དེ་ཁོ་ན་ཉིད་སྟོན་ཏེ། གཟུགས་བརྙན་དང་མཉམ་ཉིད་ལ་སོགས་པའི་ཆོས་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པའོ། །དེ་ཉིད་ཤེས་པ་ནི ་ཆོས་དེ་རྣམས་སོ། །དེ་ཉིད་རྙེད་པ་ནི་ཞེས་པ་ནི་གཞལ་མེད་ཁང་ལ་སོགས་པའི་མཚན་ཉིད་དུ་ཤེས་པའོ། །དེ་ལྟ་བུའི་དཀྱིལ་འཁོར་གཟུགས་ལྟར་གསལ་བ་སྟེ། སྡིག་པ་མེད་པ་དེ་ནི་བལྟ་བར་ཞེས་སྡོམ་པ་ལ་སོགས་པའི་རིམ་པས་དག་པར་བྱས ་པའི་སློབ་མ་ཞེས་བྱའོ། །ད་ནི་སློབ་མ་གཞུག་པའི་ཆོ་ག་གསུངས་པ་ཐུན་མོང་པ་ཞེས་ལ་སོགས་པའོ། །ཐུན་མོང་སྡོམ་པ་ཞེས་པ་ནི། རིག་པའི་དབང་ཐོབ་པར་བྱེད་པའི་སྡོམ་པ་སྡེ། བྱང་ཆུབ་སེམས་དཔའ་རྣལ་འབྱོར་གྱི་རྒྱུད་ལ་སོགས་པ་དང་ལྡན ་པ་ཐུན་མོང་དུ་གྱུར་པའི་ཕྱིར་རོ། །དེ་དང་དུས་སྔོན་དུས་སྔོན་དུ་ལྡན་པར་བྱས་པ་ཅེས་པའི་དོན་ཏོ། །སྔོན་བཞིན་ཞེས་པ་ནི་བསྙེན་པའི་སྐབས་བཞིན་དུ་ཞེས་སོ། །སྐུ་སོགས་འོད་གསལ་ཞེས་པ་ནི་རྣམ་པར་སྣང་མཛད་ཀྱི་ངོ་བོ་བསྙེན་སྒྲུབ་བ་ནི་དང་ལྡན་པར ་བསམ་པའོ་ཞེས་སོ། །དེ་ནས་དཀྱིལ་འཁོར་ཆེན་པོ་དང་བར་དུ་ཡོལ་བས་བཅང་ནས་བསང་བྱེད་ཀྱི་བུམ་པའི་ཆུ་ཡིས་གཏོར་བའི་དམར་པོའི་ཤམ་གྱིས་གདོང་གཡོགས་ཏེ། ཞེས་པ་ནི་ལྷའི་ཡེ་ཤེས་ཞེན་པར་བྱ་བའི་ཕྱིར་དེས་གཡོགས་ཞེས་པའོ། །དེ་ནས་བླ ་མས་ཁྱོད་ཅི་ལ་དགའ་ཞེས་ལན་གསུམ་དྲི་བར་བྱའོ། །དེས་བསྐལ་བ་བཟང་པོ་དགའ་བོ་ཞེས་ལན་གསུམ་སྨྲ་བར་བྱའོ། མེ་ཏོག་གི་ཕྲེང་བ་ལག་པ་ཡིས་དཀྱིལ་འཁོར་གྱི་ལྷ་ལ་སྒོ་ནས་ཡང་དག་པར་མཆོད་པར་བྱ་སྟེ། དེ་བཞིན་གཤེགས་པ་ལྷའི་རྣལ་འབྱོར ་མ་བཏང་བ་ཉིད་དུ་ཞེས་སོ། །ཡོན་འབུལ་བ་ཞེས་པ་ནི་བླ་མ་ལ་དབུལ་བ་སྟེ། ཡུལ་མཁར་ཁྱིམ་དང་གླང་པོ་རྟ། །གསེར་དང་མུ་ཏིག་བྱུ་རུ་དང། ནོར་བུ་དང་ནི་ཁྱད་པར་རྫས། །བུ་དང་ཆུང་མ་བདག་ཉིད་དང། །བུ་མོ་ཤིན་ཏུ་ཡིད་འོང་དང། །བྲན་པོ་བྲན་མོ་བཅས ་པ?་ཀུན། དེ་ནས་བརྩམས་ཏེ་དབུལ་བར་བྱ། །ཞེས་ཡོན་གྱི་བྱེ་བྲག་གི་དབུལ་ལོ། །སྙིང་གར་རྡོ་རྗེ་བཞག་སྟེ་ཞེས་པ་ཧཱུཾ་གིས་སྐྱེད་ནས་ཤེས་སོ། །དེ་ནས་སོ་སརྦབ་ཡོ་ག་ནས་ཞེས་པ་ནས་སུ་ར་ཏ་ས་མ་ཡ་སྟཝཾ་ཞེས་པས་བྱང་ཆུབ་ཏུ་སེམས་བསྐྱེད་ལ། ཏིཥྛ་བཛྲ་ཡ་ཏ ་སུ་ཁཾ་ཞེས་པས་འཁོར་ལོ་བསྐུལ་བར་བྱས་ནས་འདི་བརྗོད་དོ། །འདི་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་པ་ནས་དད་པ་མི་བྱེད་པ་ཡང་མི་རུང་ངོ། །ཞེས་པའི་བར་དུ་བརྗོད་པར་བྱའོ། །དེ་ནས་གཤིན་རྗེ་གཤེད་ལ་སོགས་པ་རང་སྔགས་ཀྱི ་ཡོལ་བའི་རྒྱབ་ཏུ་བཀུག་ནས་ཆུད་པར་བྱས་སམ་ཡང་ན་ཡི་གེ་ལྔ་པོ་བརྗོད་ཅེས་པ་ནི་ཨ་ཁཾ་བི་ར་ཧཱུཾ་ཞེས་བརྗེད་ནས་གཞུགས་ལ་སོགས་པ་བྱས་ནས་སྔ་མ་བཞིན་དུ་སྡོམ་པ་འཛིན་དུ་གཞུག་གོ་།དེ་ནས་འོག་ཏུ་ཡང་བརྗོད་དོ། །དེ་ཡང་ཁྱོད་དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་རིགས་ལ་ཞེས་པ་ནས། ཁྱོད་བའི་ཚིག་ལས་འདས་པར་མི་རུང་ངོ། །ཞེས་བརྗོད་པར་བྱའོ། །དེ་ནས་དམ་བསྒྲག་པའི་ཕྱིར་དེའི་སྙིང་གར་རྡོ་རྗེ་བཞག་ནས་སུ། །ོཾ་དེ་རིང་རྡོ་རྗེ་སེམས་དཔའ་ཉིད་ཅེས་པ་ནས་དེ་མ་ཐག་ཏུ ་བཀས་ནས་གཤེགས་ཞེས་བརྗོད་དོ། །ཡི་གེ་གསུམ་འབར་པདྨར་གནས་ཞེས་པ་ནི་པདྨ་བན་དའི་ནང་དུ་གནས་པའི་བདུད་རྩི་ཡི་གེ་གསུམ་གྱིས་སྦྱངས་པའི་བདུད་རྩི་འཐུང་དུ་གཞུག་སྟེ། འདི་བརྗོད་དོ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ་ཞེས་པ་ནས། ་ཨོཾ་བཛྲ་བ་ཞེས་པའི་བར་དུ་བརྗོད་པར་བྱའོ། །དེ་ནས་བརྟན་པའི་དམ་བཅས་པ་ནས་རྡོ་རྗེ་དང་བདུད་རྩི་འགྱུར་དུ་མི་གནས་པའི་ཕྱིར་བརྟན་པའོ། །དེ་རིང་ཕྱིན་ཆད་ཁྱོད་ཀྱིས་ཞེས་པ་ནས་དམྱལ་བར་ལྷུང་བར་མ་འགྲོ་ཞིག་ཅེས་བརྗོད་པར་བྱའོ། ་དེ་ནས་སློབ་དཔོན་གྱིས་དེ་ལྟར་སྨྲས་པ་ལས་སློབ་མས་ཀྱང་དེ་ལྟར་ཀ་གདབ་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཤེས་པ་ནས་དབབ་པར་ཤོག་ཅིག་ཅེས་གསོལ་བ་གདབ་པར་བྱའོ། །དེ་ནས་དེའི་སྙིང་གར་ལམ་ལས་བྱུང ་བའི་དབང་ཆེན་གྱི་དཀྱིལ་འཁོར་སེར་པོ་གྲཝ་ལ་སྣ་ཚོགས་རྡོ་རྗེས་མཚན་པ་ཧཱུཾ་བསམ་མོ། །མགྲིན་པར་བཾ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་ཟླུམ་པོ་བུམ་པས་མཚན་པ་ལ་ཨེས་མཚན་པའོ། །དེ་བཞིན་དུ་སྤྱི་བོར་བཾ་ལས་བྱུང་བའི་དཀྱིལ ་འཁོར་གཞུ་འདྲ་བ་རྒྱལ་མཚན་སྔོན་པོས་མཚན་པ་ལ་ཧཾ་བསམ་མོ། །དེའི་རྐང་པའི་འོག་ཏུ་འོད་ཟེར་འབར་བའི་ཛཧེཾ་བསམ་ནས་རླུང་རང་འབྱུང་ཟུར་གསུམ་པ་ཅེས་པ་ནི་རླུང་གི་སྟེང་དུ་མེ་གཟུགས་གྲུ་གསུམ་པའི་སྟེང་དུ་ཛཧཻཾ་བསམ་ནས། ་དེའི་འོད་བསམས་རྐང་པའི་བུ་ག་ནས་ཞུགས་ནས། རྐང་གི་དབུས་ཚུན་ཆད་སྣང་བར་བྱས། ཨ་བེ་ཤ་ཡ་སྟཝཾ་པ་ཡ་ར་ར་ར་ཙ་ལ་ཡ་ཧཱུཾ་ཧ་ཨཱ་ཛཧཻཾ་ཞེས་པ་དང་རྡོ་རྗེ་དྲིལ་བུའི་སྒྲ་དང་བཅས་པས་དབབ་པར་བྱའོ། །དེ་མ་ཐག་ཏུ་འོད་དཔག་ཏུ ་མེད་པར་མོས་པས་ལྕེའི་སྟེང་དུ་ཐིག་ལེ་དམར་པོ་ལ་ཨ་བསམས་ནས་གསུངས་ཤིག་ཅེས་བརྗོད་པར་བྱའོ། །དེ་ནས་ཏིཥྛ་བཛྲ་ཞེས་བརྗོད་ནས་བརྟན་པར་བྱའོ་ཞེས་སོ། །དེ་ནས་མེ་ཏོག་གི་ཕྲེང་བས་དཀྱིལ་འཁོར་དུ་གཏོར་བར་བྱའོ། །པྲ་ཏཱིཙྪ་བཛྲ? ་ཞེས་བརྗོད་ནས་དེ་ཉིད་མགོ་ལ་བཅིངས་པར་བྱ་སྟེ་སྔགས་འདི་བརྗོད་དོ། །ོཾ་པྲ་ཏི་གྲིཧྞ་ཏྭཾ་མཾ་མ་ཧཱ་བ་ལ་ཞེས་བརྗོད་པར་བྱའོ། །ཕྱག་མཚན་ཉེ་འམ་མི་ཉེ་འམ་ཞེས་པ་ནི་རིའུ་ཆའི་གནས་ལས་ནི་ཤེས་པར་བྱ་སྟེ། སྐུ་དང་དབུ་ལ་བབས ་ན་མཆོག་གོ་ཞལ་ལ་བབས་ན་སྔགས་ཀྱི་དངོས་གྲུབ་པོ། །སྐུའི་དབུས་སུ་བབ་ན་མཛའ་མལ་པ་བརྒྱད་དོ། །སྨད་དུ་བབ་ན་ལས་རྣམས་འགྲུབ་པོ། །ཉེ་ན་དངོས་གྲུབ་ཀྱང་ཉེའོ། །རིང་ན་དངོས་གྲུབ་ཀྱང་རིང་ངོ། །བར་དུ་བབ་ན་ཉེ་བའི་རིགས་སོ། །དཀྱིལ་འཁོར་ལ་ཐལ་ན་དང་བ་ཆུང་ངུ ་སྟེ་སྨན་པའི་དངོས་གྲུབ་པོ། །སྙིང་པོ་ལ་བབ་ན་གང་ཡང་འགྲུབ་པོ། །རེ་ཁཱ་ལ་ཕོག་ན་ཡང་དོར་རོ། །མཉམ་པ་འམ་བདག་གི་མདུན་དུ་ལྷུང་ན་ལན་གསུམ་དོར་རོ། །དེར་མ་བྱུང་ན་སླར་གཏང་ངོ། །ཞེས་སོ། །སྤྱན་ལ་ཕྱག་འཚལ་འོད་འབར་ཅན། ཅེས་པ་ནི་མིག་གཉིས་ལ ་འོད་ཟེར་འབར་བའི་ཨོཾ་རེ་རེ་བཀོད་དོ། །ོཾ་བཛྲ་སཏྭ་ས་མན་ཏེ་རེ་ཏྱ་ཙཀྵུ་ཀ་ཏ་ན་ཏ་པ་ར་པ་ཨུཏ་ག་ཏ་ཡ་ཏི་སརྦབ་ཨཀྵོ་བཛྲ་ཙཀྵུ་ཨ་བུ་ཏ་རཾ་ཞེས་བརྗོད་ནས་གདོང་གཡོགས་བཀྲོལ་ཏེ་ཁྱོད་ཀྱི་མིག་གིས་ཇི་ལྟར་མཐོང་ཞེས་དྲིས་ཏེ། དཀར་པོ་མཐོང་ན་མཆོག་ཐོབ ་པོ། །སེར་པོ་མཐོང་ན་རྒྱས་པའོ། །དམར་པོ་མཐོང་ན་དྲེའུ་ཆགས་པའོ། །ནག་པོ་ནི་མངོན་སྤྱོད་དོ། །སྣ་ཚོགས་པ་ནི་གང་ཡང་རུང་བའོ། །ཤེས་བྱའི་རྣམ་པ་ཐམས་ཅད་ལ་མིག་ཕྱེ་བར་བསམས་ནས་དཀྱིལ་འཁོར་བསྟན་པར་བྱའོ། །ཇི་ལྟར་ཞེ་ན། འཁོར་ལོ་བདག་པོ ་ནས་བརྩམས་ནས། བདུད་རྩི་འཁྱིལ་བ་ཡན་ཆད་དོ། །ཞེས་པ་སྟེ་འཇམ་དབྱངས་ནས་ཀུན་བྱེད་རྣམ་པར་དག་པ་དད་བཅས་བཅེས་སོ། །ཀུན་བྱེད་ནས་གཙོ་བོའི་བར་དུ་བསྟན་ཏོ་ཞེས་པ་ཅི་འདོད་དོ། ད་ནི་སློབ་མ་དབང་བསྐུར་བའི་ཆོ་ག་གསུངས་པ། སྤྱི་བོར་ཞེས་པ་ལ་སོགས་པའོ།། ་དེ་ལ་བུམ་པ་རྣམས་ཀྱི་ཆུ་ཡོན་གྱི་སྣོད་ལས་གཅིག་ཏུ་བྱས་པ། ཧཱུཾ་དང་རྡོ་རྗེ་ལས་མི་བསྐྱོད་པ་བསྙེན་སྒྲུབ་བཞི་དང་ལྡན་པར་གྲུབ་པར་བྱས་ཡེ་ཤེས་སེམས་དཔའ་བཀུག་ནས། མཆོད་ནས་ཐིམ་པར་བྱ་སྟེ། ཆུའི་ངོ་བོར་བསྒྲུབ་པར་བྱས ་ནས་སྤྱི་བོར་བླུགས་ནས་སྔགས་འདི་བརྗོད་པར་བྱའོ། །གསང་གསུམ་དམ་ཚིག་ལས་བྱུང་པ། །ཡེ་ཤེས་བདུད་རྩི་དྲི་མ་མེད། །ལྷ་ཡི་ཆུ་ནི་རབ་དག་པས། །མི་བསྐྱོད་རྡོ་རྗེས་དབང་བསྐུར་རོ། །ོཾ་བཛྲ་དི་བི་ཥིཉྩ་ཡ་མ་མི་དྲི་ཞེས་བརྗོད་པས་མེ་ལོང ་ལྟ་བུའི་ཡེ་ཤེས་རབ་ཏུ་རྒྱས་སོ། །དེ་བཞིན་དབུ་རྒྱན་དབང་བསྐུར་སྔ་མ་བཞིན་ཞེས་པ་ནི་ལུགས་མ་སོགས་པའི་དབུ་རྒྱན་ལ་དར་གྱི་ཅོད་པན་གྱིས་མཚན་པ་དང། རིན་ཆེན་འབྱུང་ལྡན་གོང་མ་བཞིན་དུ་བསྒོམས་ནས་དེར་གྱུར་པའི་དབུ་རྒྱན ་བསྐོན་ཏེ། འདི་སྐད་བརྗོད་དོ། །སངས་རྒྱས་ཀུན་གྱི་རྒྱལ་སྲིད་ཆེ། དབུ་རྒྱན་རིན་ཆེན་དམ་པ་སྟེ། །རིན་ཆེན་ཀུན་གྱི་མཆོག་འགྲོ་བས། །རྫོགས་སངས་རྒྱས་སུ་དབང་བསྐུར་བའོ། །ོཾ་བཛྲ་བི་ར་ཏ་ཀ་བཛྲ་རཥྨི་ཧོ་ཞེས་བརྗོད་ནས་དེའི་དབུས་སུ་ཡི་དམ ་གྱི་ལྷ་ནི་བྱིན་ནས་ཤེས་པ་ནི་རིགས་ཀྱི་བདག་པོ་བཞག་པར་བྱའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་རབ་ཏུ་རྒྱས་སོ། །སྙིང་གར་རྡོ་རྗེ་དེ་གཟུང་ནས་ཞེས་པ་ནི་ཧྲི་དང་པདྨ་ལས་གྱུར་པའི་སྣང་བ་མཛའ་ཡས་སྔར་བཞིན་གྲུབ་པར་བྱས་ནས། དེ་ཡོངས་སུ་གྱུར ་པའི་རྡོ་རྗེ་ལག་པ་གཡས་པར་སྦྱིན་སྟེ་དབང་བསྐུར་རོ། །སངས་རྒྱས་རྣམས་ཀྱི་རྡོ་རྗེ་དབང། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །རང་འགྲུབ་ཕྱིར་ན་བཟུང་བར་བྱ། །ོཾ་པྲ་ཏི་ཨཱ་བ་ཤ་ཛྙཱ་ན་བཛྲ་ཨཱ་བྷི་ཥིཉྩ་ཞེས་བརྗོད་པས་སོ་སོར་རྟོག་པའི་ཡེ་ཤེས་རྒྱས་སོ།། ་རྡོ་རྗེ་དྲིལ་བུས་འཁྱུད་པའི་ཚུལ་ཞེས་པའི་ལམ་དང་རལ་གྲི་ལས་བྱུང་བའི་དོན་ཡོད་གྲུབ་པ་ནི་སྔ་མ་བཞིན་དུ་གྲུབ་པར་བྱས་ནས། །དེ་ལས་གྱུར་བའི་དྲིལ་བུ་བསྒོམ་སྟེ། རྡོ་རྗེ་དང་འཁྱུད་བའི་ཚུལ་གྱིས་བཟུང་སྟེ། བདག་པོར་དབང་ཞེས་པ་ནི་ཕྱེ་དང ་ནང་གཉིས་ཀྱི་རྣལ་འབྱོར་ལས་སོ། །ཐབས་དང་ཤེས་རབ་ལྡན་པ་ཡིས། །འགྲོ་དོན་མཉམ་ཉིད་བྱེད་པ་དང། །མཆོད་པའི་ལས་རྣམས་རྫོགས་བྱེད་ཕྱིར། །རྡོ་རྗེ་ལས་ཀྱི་དབང་བསྐུར་རོ། །ོཾ་བཛྲ་དི་བ་ཏི་མ་ཨ་བི་ཥིཉྩ་མི་ཞེས་བརྗོད་པས་བྱ་བ་ནན་ཏན་གྱི་ཡེ་ཤེས་རབ་ཏུ་རྒྱས་སོ། །སྤྱི ་བོར་མིང་གི་དབང་བསྐུར་སྟེ་ཞེས་པ་ནི་རྣམ་པར་སྣང་མཛད་ཕབ་སྟེ། དེ་ཡི་ལུས་ལ་ལྡན་པ་ཡིས། །འགྲོ་དོན་མཉམ་ཉིད་བྱེད་པ་དང། མཆོད་པའི་ལས་རྣམས་རྫོགས་བྱེད་ཕྱིར། །རྡོ་རྗེ་ལས་ཀྱི་དབང་བསྐུར་རོ། །ོཾ་བཛྲ་དི་བི་ཏི་ཏྲཾ་ཀ་ཨ་བྷི་ཥིཉྩ་མི་ཞེས་བརྗོད་པས་བྱ་བ་ནན ་ཏན་གྱི་ཡེ་ཤེས་རབ་ཏུ་རྒྱས་སོ། །སྤྱི་བོར་མིང་གིས་དབང་བསྐུར་ཏེ་ཞེས་པ་ནི་རྣམ་པར་སྣང་མཛད་ཕབ་སྟེ་དེའི་ལུས་ལ་སྟིམ་ནས་སྤྱི་བོར་ལག་པ་བཞག་ནས་ཆེ་གེ་མོ་རྡོ་རྗེ་ཞེས་པ་ནི་བོས། །རྡོ་རྗེ་མིང་གི་དབང་བསྐུར་བས། །བྱང་ཆུབ་སྙིང་པོའི་བར་དུ་ནི། །ཅིས་ཀྱང་མི་ཤིག ་མི་གཡོ་བར། །རྡོ་རྗེ་མིང་གིས་རབ་ཏུ་གྲགས། །ོཾ་བཛྲ་སྭཱཧཱ་ཏ་ཨ་བྷི་ཥིཉྩ་ཏ་ཞེས་བརྗོད་པས་རྣམ་པར་དག་པའི་ཡེ་ཤེས་རབ་ཏུ་རྒྱས་སོ། །ད་ནི་དེ་རྣམས་ལ་ཡེ་ཤེས་ལྔ་འབྱུང་བ་གསུངས་པ། གང་གང་ཞེས་པ་ལ་སོགས་པའོ། །དཀྱིལ་འཁོར་གྱི་གང་དང་གང་སྣང ་བ་དེ་ཀུན་གྱི་རང་བཞིན་ནི། །འཇམ་པའི་རྒྱལ་པོ་ཉིད་ཡིན་ཏེ། དེའི་ཕྱིར་རང་བཞིན་གྱིས་ནི་ཆོས་ཀུན་དག་ཅེས་པ་སྟེ། རང་བཞིན་གྱི་བསྒོམ་པ་བྲལ་བའི་ཕྱིར་ན་ཆོས་ཀུན་ལྷ་སྐུར་སྣང་བའོ། །དེ་ཀུན་ཡེ་ཤེས་འདུས་པའི་ཕྱིར། །འཇམ་པའི་དབྱངས་ནི་རང་གི་དཀྱིལ་འཁོར་གྱི ་གཙོ་བོ་འམ་གཞན་ལས་ཁྱད་པར་དུ་མཐོང་བར་བྱ་བའི་ཕྱིར་མཚན་གྱི་གོང་དུ་དཔལ་ཞེས་པའི་སྒྲ་བཞག་གོ་ཞེས་སོ། །དབང་རྣམ་པར་དག་པ་གསུངས་པ། ཆུ་དབང་མི་བསྐྱོད་ཅེས་པ་ལ་སོགས་པའོ། །ཡེ་ཤེས་རིགས་འདི་རྡོ་རྗེར་འགྱུར་ཞེས་པ་ནི་མིང་གི་དབང་ནི་རིག ་པའི་བདག་ཉིད་ཀྱི་ཕྱིར་ན་ཡེ་ཤེས་ཏེ་ཤིན་ཏུ་རྣམ་པར་དག་པའོ། །ད་ནི་ཐུན་མོང་དུ་གསུངས་པས་ཆོས་ཀྱི་དབྱིངས་ཤེས་བྱའོ། །དེའི་རྒྱུད་ནི་དེ་ལས་གྱུར་པ་སྟེ་དབང་བཞིའོ། །དེ་ནས་འདིར་དབང་བཞི་བསྡུས་པའི་ན་ཁྱད་པར་དུ་དེ་ལ་རིག་པའི་དབང་ཞེས་བྱའོ། །འདི ་རྣམས་ཀུན་གཞི་ལ་སོགས་པ་མེ་ལོང་ལྟ་བུར་གནས་འགྱུར་པས་མ་རིག་འཇོམས་པའི་ཕྱིར་དེ་སྐད་བརྗོད་དོ། །ད་ནི་དེ་རྣམས་ཀྱི་རྒྱུ་བརྟུལ་ཞུགས་ལ་སོགས་པ་གསུམ་དུ་གསུངས་པ། བརྟུལ་ཞུགས་ཞེས་བྱ་བ་ལ་སོགས་པའོ། ། ་བརྟུལ་ཞུགས་ཞེས་པ་དམ་ཚིག་གསུམ་ལས་དང་པོ་དང་གཉིས་པའོ། །ལུང་བསྟན་པ་དེང་དབུགས་དབྱུང་པ་ནི་འོག་ནས་སྟོན་པ་སྟེ། ཐུན་མོང་དུ་ཤེས་པར་བྱའོ། །དེ་རྣམས་ནི་རིག་པའི་ཡེ་ཤེས་ལྔའོ། །འདིས་སྤྱོད་པ་བྱེད་པས་ན། རིག་པར་སྦྱོར་བའོ། །དེ ་བས་ན་དམ་ཚིག་འདི་མེད་པར་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བའི་སྣོད་མ་ཡིན་པས་ཧཱུཾ་ལས་གྱུར་པའི་རྡོ་རྗེ་ལག་ཏུ་གཏད་ལ་འདི་སྐད་དུ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ཞེས་བརྗོད་ནས། ཧི་ཧི་ཧཱུཾ་ཞེས་པ་ནས་རྡོ་རྗེ་བརྟུལ་ཞུགས་བྱིན་ཏེ་དེ་ནས་རྡོ་རྗེ་དེ ་ཁོ་ན་ཉིད་བསྟན་ཏོ། །ཐོག་མ་ཐ་མ་མེད་པ་སེམས་དཔའ་ཨི་ཞེས་པ་ནས་རྡོ་རྗེ་སྙིང་པོའི་གཙོ་བོ་ཞེས་པ་དེ་ཁོ་ན་ཉིད་བྱིན་པ་ནི་རྡོ་རྗེའི་དམ་ཚིག་གོ། དེ་ལྟ་བུའི་དེ་ཁོ་ན་ཉིད་གཏོགས་པས་གསུང་གིས་བསྟན་པའི་ཕྱིར་དྲིལ་བུ་གྲགས་སུ་གསུངས་པ། དེ་བཞིན ་ཉིད་ཅེས་པ་ལ་སོགས་པ་གསུངས་སོ། ། ལས་ཡོངས་སུ་གྱུར་པའི་དྲིལ་བུ་ལག་ཏུ་བྱིན་ལ། འདི་སྟེ་སངས་རྒྱས་ཐམས་ཅད་ཀྱི་ཞེས་པ་ནི། རྒྱལ་བས་བྱང་ཆུབ་མཆོག་ཏུ་འདོད་ཅེས་པས་བརྟུལ་ཞུགས་བྱིན་ནས་དེ་ཁོ་ན་ཉིད་བརྗོད་དོ། །དེ་ནི་ཆོས་ཀྱིས་ཞེས ་པ་ནི་གཞུང་བཞིན་དུ་དཀྲོལ་པར་བྱ་སྟེ། སྲིད་པ་རང་བཞིན་གྱི་དག་ཅེས་པ་ནི། བཟུང་བ་ལ་སོགས་པས་དག་པ་སྟེ། དེ་ལྟར་མ་ཡིན་ན་དོན་མེད་པར་འགྱུར་བ་ལ་སོགས་པའོ། །རང་བཞིན་དག་ཅེས་པ་ནི་ཟབ་པའོ། །དེ་སེམས་ཅན་ཏེ་བྱང་ཆུབ་སེམས་དཔའ་ ་རྣམས་ཀྱི་བསྒོམ་པས་དམ་པའི་སྲིད་པ་ཅེས་ཏེ། དེ་བཞིན་གཤེགས་པ་རྣམས་ཐོབ་པར་བྱེད་པའོ། །བྱེད་པ་པོ་ཞེས་པ་ནི་ཟབ་པ་དེ་ཉིད་དོ། །དེ་ལྟ་བུའི་རང་བཞིན་དུ་ཤེས་པ་ནི་དྲིལ་བུའི་དམ་ཚིག་གོ། ད་ནི་ཕྱག་རྒྱའི་དམ་ཚིག་གིས་བཅོམ་ལྡན་འདས་ཐོབ ་པར་བྱ་བའི་བཟླས་པ་གསུངས་པ་ཕྱག་རྒྱ་ཆེན་པོ་ཞེས་པ་ལ་སོགས་པའོ། །ཕྱག་རྒྱ་ཆེན་པོ་ཞེས་པ་ནི་ལྷའི་སྐུ་ལ་སོགས་པའོ། །བྱིན་གྱིས་བརླབས་ཏེ་ཞེས་ནི་སྐུ་ལ་སོགས་པའོ། །སྙིང་ག་ཞེས་པ་ནི་ས་བོན་རྣམས་ཀྱིས་སོ། །བསྙེན་པ་ལ་སོགས་ཤེས་པ་ནི་ཆུང་ངུ་དང། འབྲིང་པོ་དང་ཆེན་པོའི་བསྙེན་པ་ལ ་སོགས་པས་སོ། །དམ་ཚིག་ཅེས་པ་ནི་རྡོ་རྗེ་འཛིན་པའོ། །འདོད་པ་ཡང་ཡིན་གཟུགས་ལ་སོགས་པ་ཡིན་པས་དེ་སྐད་དོ། །སྔགས་ནི་དབུགས་སུ་བརྟགས་ནས་བཟླས། ཞེས་པ་ནི་མན་ངག་གི་རིམ་པས་ཤེས་སོ། །རང་གི་རང་བཞིན་ཞེས་པ་ནི་ཞེས་སོ། །རང་གི་ལྷའི་རང་བཞིན ་སྟེ་གཟུགས་ལ་སོགས་པའོ། །དེ་ལྟར་ཤེས་པར་བྱས་ནས་མཆོད་པར་བྱའོ། །ཞེས་ཏེ་གསང་ཆེན་གྱི་མཆོད་པ་སྟེ། ཡིད་དགའ་བར་བྱེད་བའི་ཕྱིར་རོ། །མི་མཐུན་གང་ཞེ་ན། དཀའ་ཐུབ་དམ་བཅས་དེ་དག་ནི་ཞེས་པ་སྟེ། ཉན་ཐོས་ལ་སོགས་པའོ། །དེ་བསྙེན་པར་བྱས ་ནས་འགྲུབ་པ་མེད་ཅེས་སོ། །གང་མི་འགྲུབ་ཅེ་ན་མི་སྣང་མངོན་ཤེས་མཁའ་འགྲོ་སྟེ། ཐ་མལ་པ་རྣམས་ཀྱིས་མི་འགྲུབ་པོ། །དེ་བཞིན་དུ་སྐུ་གསུང་ཐུགས་ལ་འགྲུབ་པ་ཕྱག་རྒྱ་ཆེན་པོ་ཡང་མི་འགྲུབ་ཞེས་སོ། །དེ་བས་ན་བཀའ་སྩལ་བ། དེ་ནས་སངས ་རྒྱས་ཞེས་པ་ལ་སོགས་པའོ། །འབྲས་བུ་གསུངས་པ། ཆོས་ཡིག་མཆོག་ཅེས་ཏེ་མི་འགྱུར་བས་ན་ཡི་གེ་སྟེ། ཟབ་མོ་གསལ་བ་དབྱེར་མེད་པའོ། །བདེ་སྡུག་གཉིས་མེད་བདག་མེད་ཅེས་པ་ནི་གཟུགས་ལ་སོགས་པ་རེ་རེ་ཡང་གསུང་གི་བདག་ཉིད་དོ།། ་དེ་འདོད་ཆགས་ཡེ་ཤེས་ཏེ་རྡོ་རྗེ་འཛིན་པ་ལ་སོགས་པར་ཤེས་པར་བྱས་ནས་དེ་ཁོ་ན་ཉིད་འགྲུབ་པོ་ཞེས་སོ། །དེ་ཡང་སྐུ་གསུང་ཐུགས་བསྒོམ་པ་ནི་ཕྱག་རྒྱའི་དམ་ཚིག་བསྒོམ་ན་ཞེས་པ་ནི་ཕྱག་རྒྱའི་དམ་ཚིག་བསྒོམ་ན་རྟག་པ་ཙམ་གྱི་འགྲུབ་པོ ་ཞེས་སོ། །དམ་ཚིག་གསུམ་བསྡུས་པ་གསུངས་པ། ཇི་སྐད་ཅེས་པ་ལ་སོགས་པའོ། །ད་ནི་རྡོ་རྗེ་སློབ་དཔོན་གྱིས་དབང་བསྐུར་བ་གསུངས་པ། སྡོམ་པ་ཅེས་པ་ལ་སོགས་པ་གསུངས་པའོ། །ཞེས་སྡོམ་པ་གཟུང་པའི་སློབ་མའི་ཞེས་པ་ནི་ཕྱིར་མི་ལྡོག ་པའི་སྡོམ་པའོ། །དེ་ཡང་ཕྱིར་མི་ལྡོག་པའི་དབང་ལ་སོགས་པས་སློབ་མ་བཞུགས་སུ་གསོལ་བར་བྱ་སྟེ། དེ་ནས་བླ་མས་སྡོམ་པའི་མཆོག་བཀའ་སྩལ་པ།། །།ཕམ་པ་འདི་ནི་བཅུ་བཞིར་གྲགས། །སྤང?་ཞིང་དོར ་བ་མི་བྱ་སྟེ། །རྩ་བའི་ལྟུང་བ་དེ་ལྟར་གསུངས། །སློབ་དཔོན་ཉིད་ལ་སྨོད་པ་དང། །བདེ་བར་གཤེགས་པའི་སྐད་ཅིག་དང། །ཁྲོས་པས་མཆེད་ཀྱི་སྐྱོན་རྣམས་བརྗོད། །བྱམས་པ་ཆེན་པོ་ཡོངས་བྲལ་དང། །བྱང་ཆུབ་སེམས་ནི་སྨད་པ་དང། ་ཐེག་པ་གསུམ་པོ་སྨད་པ་དང། །སྣོད་མ་ཡིན་ལ་གསང་བ་བསྟན། །བདག་ཉིད་རྒྱལ་བའི་ཕུང་པོ་སྨད། །དག་པའི་ཆོས་ལ་སོམ་ཉི་དང། །དམ་པའི་ཆོས་ལ་དགའ་བྲལ་བར། །སྡུག་བསྔལ་དག་ལ་ཆོས་སུ་བརྟགས། །དད་སེམས་དག་ནི་སྨད་པ་དང།། ་དམ་ཚིག་ཉིད་ལ་སྤྲད་པ་དང། །རྙེད་པའི་གཟུགས་མང་སྨད་པ་དང། །དེ་ལྟར་རྩ་བའི་ལྟུང་བ་ཡིས། སྔགས་པ་རྣམས་ཀྱི་དམ་ཚིག་ཉམས། །ཉིན་གསུམ་མཚན་གསུམ་ལན་དྲུག་ཏུ། །ཉིན་རེ་བཞིན་དུ་བརྗོད་པར་བྱ། །ཡན་ལག་དམ་ཚིག་ཅེས ་བྱ་བ། །དམ་ཚིག་དང་ནི་མི་ལྡན་པའི། །རིག་མ་བརྟེན་པར་དགའ་བ་དང། །ཚོགས་ཀྱི་དཀྱིལ་འཁོར་སྨོད་པ་དང། །གསང་བའི་ཆོས་ནི་སྟོན་པ་དང། །སེམས་ཅན་དད་དང་ལྡན་པ་ལ། །དམ་པའི་ཆོས་ནི་ལོག་པར་བསྟན། །ཉན་ཐོས་དག་ཏུ་རློམ་བྱད ་པ། །ནང་དུ་ཞག་བདུན་གནས་པ་དང། །སྦྱོར་བ་ངེས་པར་མ་བྱས་དང། །སྣོད་མིན་གསང་བ་སྟོན་པ་རྣམས། །ཁ་ན་མ་ཐོ་སྦོམ་འགྱུར་ཏེ། །སྔགས་པ་དེ་ཡི་དམ་ཚིག་ཟད། །ཟད་པ་གྲུབ་པར་མི་འགྱུར་ཏེ། །ནད་དང་སྡུག་བསྔལ་རབ་ཏུ་འཕེལ། །ཐུར་དུ ་བལྟས་ཏེ་དམྱལ་བར་འགྲོ། །སྔགས་པས་དེ་དག་ཡོངས་སྤངས་ཏེ། །བདག་ཉིད་མ་འཁྲུལ་ཤེས་པར་བྱ་ཞེས་ལན་གསུམ་བརྗོད་དོ། །དེ་ལྟར་སྡོམ་པ་བཟུང་བའི་སློབ་མས་དེ་བཞིན་དུ་རྗེས་སུ་མཐུན་པའི་ཡོན་ཕུལ་ནས་ཕྱག་འཚལ་ནས་ཚིགས་སུ་བཅད་པ ་འདིས་རྡོ་རྗེ་སློབ་དཔོན་གྱི་དབང་ནོད་པར་བྱ་བའི་དོན་དུ་གསོལ་བ་གདབ་པར་བྱའོ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ་ཞེས་པ་ནས། ནམ་མཁའ་རྡོ་རྗེ་བདག་ལ་གསོལ་ཞེས་པའི་གསོལ་བར་བྱའོ། །དེ་ནས་བླ་མས་དབང་སྦྱིན་པ་ནི་འཇུག་པའི་སྒོ་ཞེས ་པ་ནི་ཤར་སྒོར་རོ། །འདབ་བརྒྱད་པདྨ་ཁྲི་ལ་བཞག་ཅེས་པ་ནི་ཁ་དོག་གཅིག་པའི་དཀྱིལ་ས་བོན་ལ་སོགས་པས་བརྒྱན་པ་ལ། འདབ་མ་བརྒྱད་པའི་འདབ་མ་ལ་གནས་པར་བྱས་ལ། །དེའི་སྟེང་དུ་རས་ལ་སོགས་པས་གཡོགས་པའི་སེང་གེས་མཚན་པ་ལ་སློབ་མ ་དེ་བཞག་སྟེ། གསོལ་བ་གདབ་པར་བྱའོ། །དེ་ནས་སློབ་མ་དེ་ལྷག་པར་མོས་པ་ལ་སོགས་པས་ཏིང་ངེ་འཛིན་གསུམ་གྱི་རྣལ་འབྱོར་དང་ལྡན་པས་བྱས་ནས་ཐབས་འདིས་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་རོ། །ཕྱོགས་བཅུ་དུས་གསུམ་གྱི་རྫོགས་པའི་སངས་རྒྱས་ཀྱི ་དཀྱིལ་འཁོར་སྟེ་བདེ་བར་གཤེགས་པ་ལྷ་མོའི་ཚོགས་དང་བུམ་པ་གཙོ་བོར་བྱས་པའོ། །མེ་ཏོག་སྤོས་མར་མེ་དྲི་ལྷ་བཤོས་གདུགས་རྒྱལ་མཚན་ཅན་ཁྱད་པར་གྱི་མཆོད་པ་སྣ་ཚོགས་པ་ཐོགས་པ་རྣམས་རང་སྙིང་ལས་ཕྱུང་ནས་ཞེས་པ་ནི། སློབ ་དཔོན་དང་ཡེ་ཤེས་སེམས་དཔའ་ཨི་ས་བོན་གྱི་འོད་ཟེར་བྱུང་ནས། དེ་བསྐུལ་བ་ཞེས་སོ། །རོལ་མོ་དྲི་སོགས་ལྡན་བྱས་ཞེས་པ་ནི་ལྔ་ལ་སོགས་པའོ། །རོལ་མོ་དང་དྲིལ་བུ་ལ་སོགས་པའི་རོལ་མོ་དང་ལྡན་པ་རྣམས་ཀྱི་ཚིགས་སུ་བཅད་པའི་རྡོ་རྗེ་བརྗོད་དོ། །སྔོན་བཞིན་རིག་པའི ་དབང་བསྐུར་ནས་ཞེས་པ་ནི་དེ་རྣམས་ཀྱི་བྱས་པ་བསམས་ཤིང་སློབ་དཔོན་གྱི་ཚུལ་སོགས་པ་བཀའ་སྩལ་བའི་མཐར་ཐུག་པའི་བར་དུ་བསྐུལ་བར་བྱའོ། །དེ་རྣམས་ཀྱི་ཚིགས་སུ་བཅད་པའི་སྡེ་བརྗོད་པ་འདི་དག་གོ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི་ཞེས་ནས་སངས ་རྒྱས་ཀུན་གྱིས་བྱིན་པ་ཡིན་ཞེས་པས་དབང་བསྐུར་བར་བྱའོ། །ཕྱིར་མི་ལྡོག་པའི་དབང་ཞེས་པ་ནི་ས་བརྒྱད་པ་ལས་སོ། །དེ་ནས་དེ་ཐམས་ཅད་ཡེ་ཤེས་ངོ་བོ་སློབ་མ་དེ་ལ་གཞུག་པར་བསམས་ནས། ཨོཾ་སུ་པྲ་ཏིཥྛ་ཏ་བཛྲ་སྭཱཧཱ། མི་བསྐྱོད་པ་རིན་པོ་ཆེའི་དབུ་རྒྱན ་གསལ། དེ་ནས་སྤྱི་བོར་མེ་ཏོག་སྤོས་དང་མར་མེ་དང་དྲི་མགྲིན་པ། སྙིང་གར་དྲི་རྒྱན་སྣ་ཚོགས་པ་ཁྱད་པར་གྱི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་མི་བསྐྱོད་རྡོ་རྗེ་ཞེས་པ་ལ་སོགས་པ་ནས་ཡང་དག་པར་བསྟེང་ནས། དེ ་ནས་སློབ་མ་རྡོ་རྗེ་དྲིལ་བུ་འཛིན་པར་བྱས་ནས་བཀྲ་ཤིས་ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་ཅིང་མགོའི་སྟེང་དུ་གདུགས་བཏེག་པར་བྱས་ནས་གཡས་སྐོར་དུ་ལན་གསུམ་བྱེད་དུ་གཞུག་ནས། དཀྱིལ་འཁོར་སྒོར་ཐལ་མོ་སྦྱར་ནས་གདུགས་དང་བཅས ་པས་ཕྱག་བྱེད་དུ་གཞུག་གོ་།དེ་ནས་དེ་གདུགས་གཟུང་ནས་ཁྲི་ལ་བཞག་སྟེ། རིམ་པ་འདིས་སློབ་དཔོན་གྱིས་བརྗོད་པར་བྱའོ། །དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས། །དཀྱིལ་འཁོར་གྱི་ནི་སློབ་དཔོན་འགྱུར། །སྔགས་དང་རྒྱུད་ཀྱང་འཛིན་པར་འགྱུར། །སངས་རྒྱས ་བྱང་ཆུབ་སེམས་དཔའ་དང། །ལྷ་རྣམས་ཀྱིས་ནི་བསྐུར་བར་འགྱུར། །སེམས་ཅན་རྣམས་ལ་སྙིང་རྩེའི་ཕྱིར། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །ནན་ཏན་བསྐྱེད་དེ་བྲི་བར་གྱིས། །སྒྲུབ་པ་པོས་ཡང་རྒྱུད་ལ་སྦྱོར་ཞེས་སློབ་དཔོན་གྱིས་ལས ་བསྟན་ཏོ། །དེ་ལ་ཚོན་ལྔ་ཡང་དག་སངས་རྒྱས་ལྔ་ཞེས་པས་ནི། བརྟག་པ་ལ་སོགས་པ་སྟེ་ཅིའི་ཕྱིར་ཚོན་ཅེས་བྱ་ན། ཚོན་རྩིར་སྣང་བའི་ཡེ་ཤེས་ཀྱིས་སངས་རྒྱས་ཀྱི་ངོ་བོར་སེམས་ཅན་གྱི་སེམས་མཚོན་པའི་ཕྱིར། དེ་བཞིན་དུ་དབང་པོ་ལ ་སོགས་པའི་ཆོས་ཇི་སྙེད་རང་རང་གི་ཚོན་ཉིད་དང་བྲལ་བའི་ཕྱིར་དག་པས་ན་ལྷ་རྣམས་སྟེ་དེའི་བུམ་པའོ། །ཇི་ལྟ་བུ་ཞེ་ན་སེམས་ཅན་རྣམས་ལ་ཡེ་ཤེས་བདུད་རྩི་ལྟ་བུ་བྱིན་པས་གསེར་ལྟ་བུར་གནས་སོ། །ཚོགས་གཉིས་ཀྱིས་གང་བའི་རྟགས་སུ་བུམ ་གང་ལའོ། །སེམས་ཅན་ལ་ཐུགས་རྡོ་རྗེའི་ཆུས་རླན་པའི་རྟགས་སུ་ཆུས་གང་པ་ཞེས་སོ། །དེ་བཞིན་ཨུ་བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་དང་འགྲོ་བ་རྣམས་ཡིད་ཚིམ་པར་བྱེད་པས་ན། སྒྲོན་མ་དང་ཛམྦུ་གླིང་གིས་ཆོས་བཤད་པའི་ཐམས་ཅད ་ནང་འགྲེངས་པའི་བདུགས་པ་དང། ལུང་སོགས་པ་ཆོས་ཀྱིས་ཚིམ་པའི་ལྷ་བཤོས་དང། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པས་ན་སྡོམ་པ་སྟེ། དམ་ཚིག་གིས་རྟགས་དང། བདེ་བ་ཆེན་པོ་འཕེལ་བར་བྱེད་པའི་གླུ་དང་གར་ལ་སོགས་པས་ཀྱང་བརྒྱན་པའོ། །ཕྱིན་ཅི ་ལོག་ཐམས་ཅད་ལས་གྲོལ་ཞིང་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོ་གནས་ཉིད་ཀྱི་ཕྱིར་ན་གཞལ་ཡས་ཁང་ངོ། །དཀྱིལ་འཁོར་སྙིང་པོ་འདུས་པའི་ཕྱིར་ཞེས་པ་ནི་སྙིང་པོ་ནི་གསལ་བ་དབྱེར་མེད་པའི་ཆོས་ཀྱི་དབྱིངས་ཏེ། དེ་བསྡུས་པ་ནི་དེ་རྟོགས ་པའི་དུས་ན་རྒྱུ་བ་དང་རྒྱུ་བའི་ཆོས་ཐམས་ཅད་དེའི་ངོ་བོར་རྟོགས་པས་ན་དཀྱིལ་འཁོར་རོ། །དེ་ལྟར་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་བསྟན་པའི་ཕྱིར། ད་ནི་ལྷའི་དེ་ཁོ་ན་ཉིད་བསྟན་པའི་ཕྱིར། །དད་པ་བརྩོན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་མེ་ལོང་སོགས་ཟད ་ཡེ་ཤེས་ཞེས་པ་ནི་ཀུན་གཞི་ལ་སོགས་པ་གནས་འགྱུར་ཞིང་བག་ཆགས་དང་བཅས་པ་ཟད་ཅིང་མཐར་ཐུག་པ་སྟེ། སྐད་ཅིག་མའོ། །མ་སྐྱེས་ཡེ་ཤེས་པ་ནི། དེ་རྣམས་ཀྱིས་རྣམ་པར་དག་པ་སྟེ། བཅོས་མ་མ་ཡིན་པ་ཕྱིན་ཅི་ལོག་པ་རྣམ་པ་ཐམས་ཅད་དུ ་མི་འགྱུར་བའོ། །གཟུགས་ལ་སོགས་འཁྲུག་པ་དག་པས་ནི་གཅིག་དང་དུ་མ་ལ་སོགས་པ་དག་པའོ། །ཕུང་པོ་བཞིས་ཞེས་བྱ་བ་ལ་སོགས་པ་ནི། རང་དབང་དུ་བརྟགས་པ་རྣམ་པར་དག་པ་སྟེ། ལྷ་མོ་ལ་སོགས་པའོ། །རང་གི་མི་མཐུན་པའི་ཕྱོགས་ཤེས་པ་ནི་སྒྲིབ ་པ་བཞིའོ། །དེ་ལ་ལོགས་པས་ན་སྟོབས་བཅུ་ལ་སོགས་པའོ། །སོ་སོ་རང་རིག་ཅེས་པ་ནི་གསལ་པའོ། །ཆོས་ཉིད་ཅེས་པ་ནི་ཟབ་པའོ། །དེ་གོ་རིམ་བཞིན་དུ་དབྱེར་མེད་པའི་རང་བཞིན་དུ་གནས་པའོ། །དེ་བཞིན་དུ་རིག་པའི་འཁྲུལ་པ་ཅེས་བྱ་བ་ནི་གོང་དུ་བསྟན་པ་ལྟར ་ཕྱིའི་དོན་གྱི་འཁྲུལ་པ་ལ་སོགས་པ་རྣམས་ལོག་ཅིང་གཞན་གྱི་རྣམ་ལྟར་འདི་བལྟས་ཏེ། འབྲས་བུ་ཕ་རོལ་ཕྱིན་སོགས་ཀུན་ཞེས་སོ། །དེ་ཉིད་ཀྱི་འདིར་དཀྱིལ་འཁོར་འཁོར་ལོའི་ཚུལ་དུ་ཤེས་པར་བྱའོ། །ཞེས་བསྟན་ཏོ། །ད་ནི་དེ་ལ་དེ་ཁོ་ན་ཉིད་དགུ་པ་སློབ ་དཔོན་ལ་སོགས་པ་ལས་དཀྱིལ་འཁོར་གྱི་བསྒྲུབ་པ་ལ་སོགས་སུ་གསུངས་པ། དེ་ནས་བྱད་དང་ཞེས་པ་ལ་སོགས་པའོ། །དེའི་དོན་ནི་འདི་ལྟ་སྟེ། སློབ་མ་རྣམས་དབང་བསྐུར་བའམ། བདག་ཉིད་ཀྱང་དངོས་གྲུབ་སྒྲུབ་པའི་དོན་དུ་དཀྱིལ་འཁོར་ཇི་ལྟ་བ་བཞི་ན་དུ། ་བྲིས་ཏེ་ཕྱག་རྒྱ་དགོད་པའི་ཕྱག་རྒྱ་ཡན་ཆད་རྫོགས་པར་བྱས་ནས་སངས་རྒྱས་མཉམ་སྦྱོར་ལས་གསུངས་པ་བཞིན་དུ་བླ་རེ་ལ་སོགས་པ་དང། ཨ་ཀ་རུ་ལ་སོགས་པའི་སྤོས་དང་མར་དཀར་གྱི་མར་མེ་འབུམ་ལ་སོགས་པ་དང། པི་ཝང་ལ་སོགས་པའི་བརྒྱན་གྱི་ཁྱབ ་པར་སྣ་ཚོགས་པས་རྣམ་པར་བསྐོར་ནས། །ཆོ་ག་འདིས་དཀྱིལ་འཁོར་བསྒྲུབ་པར་བྱའོ་ཞེས་སོ། །དེ་ནས་བྱང་དང་ཞེས་པ་ལ་སོགས་པའོ། །དེའི་དོན་ནི་བདག་ཉིད་ཕྱིའི་ཁྲུས་བྱས་ནས་གླ་རྩི་ལ་སོགས་པ་བྱུག་ཅིང་རྒྱན་སྣ་ཚོགས་པས་རྣམ་པར་བརྒྱན་ཕ་ལེགས་པའི ་ནང་ཚངས་ཅན་གྱི་བསྟན་པ་ལ། རྡོ་རྗེ་དྲིལ་བུ་ལྡན་པ་ཤར་ཕྱོགས་སུ་བལྟས་ཏེ་འདུག་པར་བྱའོ། །དེ་ནས་བྱད་ལ་སོགས་པ་དང་ལྡན་པའི་བུ་མོ་དང་ལྷན་ཅིག་ཏུ་གནས་ནས་རྗེས་སུ་ཆགས་པའི་མཛའ་ལ་ཐུགས་པས་དང་པོ་སྦྱོར་བ་བྱ་སྟེ། ཆོ་ག་གསུམ་གྱིས་གསང ་བའི་གནས་སུ་ལྔ་བསྐྱེད་ནས་བསྟན་པར་བྱས་ཏེ་རིགས་པ་དག་སྣང་བ་ཐོབ་ནས་སྦྱོར་བར་བྱའོ་ཞེས་སོ། །འདི་ཉིད་ནི་ལས་དང་པོ་དང་ཅུང་ཟད་ཡེ་ཤེས་དབང་དུ་འགྱུར་བའི་མཚན་མ་ཡང་ཡིན་ནོ། །དེ་ནས་རང་མཚན་བརྗོད་ནས། རྡོ་རྗེ་བདག་ཞེས་པ་ནི། བཛྲ་དྷིཀ་ལ ་སོགས་པ་བརྗོད་ནས་རྡོ་རྗེའི་བདག་ཉིད་རྣམས་འབྱུང་ངོ་ཞེས་སོ། །འཁོར་ལོ་མདུན་དུ་ཀུག་ནས་སུ་ཞེས་པ་ནི་རྡོ་རྗེ་དང་པདྨ་སྦྱོར་བའི་སྒྲས་གཤིན་རྗེ་གཤེད་བསྐུལ་བས་དེས་བཀུག་ནས་ཤར་ཕྱོགས་ཀྱི་སྒོར་གནས་པར་བསམ་མོ། །བགེགས་ཀུན་བསྐྲད་ཅེས་པ་ནི ་སྤྲོས་པའི་ཁྲོ་བོ་སོ་སོར་གསུངས་བྱས་ཏེ་ཞེས་པ་ནི། དྲ་བ་ལ་སོགས་པས་སོ། །དེ་ནས་ཡོན་ཕུལ་ནས་ཞེས་པ་སྟེ་དུང་ཕོར་གྱི་ཆུ་ཀུ་ཤའི་བཾ་པོས་གཏོར་ཞིང་ཨོཾ་ཨ་མཾ་ནི་ཝ་དྷ་པྲ་ཏཱིཙྪ་ཧཱུཾ་ཞེས་བརྗོད་ནས་བསང་གཏོར་བྱའོ། །ཉེ་རེག་གི་སྔགས་ཀྱང་དེའོ། ། ་དེ་བཞིན་དུ་བདུད་རྩི་ཆུ་ལ་ཡང་སྣོད་དུ་ཕུལ་ནས། ཨོཾ་ཨ་པྲ་བ་ར་ས་ཏ་ག་རཾ་ཨོཾ་ཨཾ་ཛ་ཞེས་བརྗོད་དོ། །ོཾ་ཨ་མཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་ཛ་བ་རང་ཡ་ཞེས་བརྗོད་ནས་མེ་ཏོག་སྒྱིད་པས་བླངས་ཏེ། ཞབས་ལ་དབུལ་བར་བྱའོ། །མཆོད་བྱས་ཏེ་ཞེས་པ་ནི་ཕྱི་དང་གསང་བའི་མཆོད་པས་སོ། ་དེ་ལ་བསྟོད་ནས་བདུད་རྩི་མྱངས་པ་ཡང་རབ་ཏུ་བྱས་ཏེ་སྒོ་བསྲུངས་ཀྱི་སྒོ་རུ་ལས་བྱ་ཞེས་པ་ནི་ཤེས་རབ་མཐར་བྱེད་ཀྱི་འོད་ཟེར་གྱིས་བཏེག་སྟེ་བསྐོར་ནས་ཇི་ལྟར་བཞིན་དུ་ཐིམ་པར་བྱའོ། །ཕྱི་མའི་བརྡ་ཕྲད་པར་ཟད་དོ། །དེ་ནས་མཆོད་པ་ལ་སོགས་པ་བྱས་ནས་ཕྱི ་རོལ་ཏུ་བྱུང་སྟེ། གོང་མ་བཞིན་དུ་ཕྱོགས་སྐྱོང་རྣམས་ལ་གཏོར་མ་དབུལ་ལོ། །དེ་ནས་ལྷག་ཆད་ཀྱི་སྐྱོན་བསལ་བའི་ཕྱིར་རྡོ་རྗེ་ཧཱུཾ་མཛད་དུ་བསྒྱུར་ནས་ནང་དུ་ཞུགས་ཏེ་གོང་མ་བཞིན་དུ་བྱའོ། །དེ་ནས་ཇི་སྐད་དུ་གསུངས་པའི་སྦྱིན་སྲེག་གི་ཆོ་ག་བྱས་ནས་སེམས་ཅན ་ཀུན་གྱི་དོན་གྱི་ཕྱིར། །དངོས་གྲུབ་ཐམས་ཅད་གྲུབ་པར་མཛོད་ཅིག་གསོལ་བ་གཏབ་པོ། །དེ་ལ་གཞན་ཚོགས་ཡོངས་སུ་རྫོགས་པར་བྱེད་པའི་དོན་དུ་དཀྱིལ་འཁོར་ཇི་སྐད་དུ་གསུངས་པ་བྲིས་ཕྱོགས་བཞིའི་གནས་མཛེས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། སྡོད་པོ ་བརྒྱན་དང་སྣང་བ་དམ་པ་དང། གསེར་འོད་དམ་པ་རྣམས་བཀླགས་ཤིང་སངས་རྒྱས་ལ་སོགས་པ་ལ་གོང་མ་ལྟ་བུའི་སྤོས་ལ་སོགས་པའི་མཆོད་པའི་ཡོ་བྱད་དཔག་ཏུ་མེད་པ་བསགས་ནས་ཕྱག་རྒྱ་དགོད་པ་ཡན་ཆད་རྫོགས་པར་བྱས་སྐུད་པ་དང་ཚེན་རྩི་གཤེགས ་སུ་གསོལ་ནས། བ་ལང་གི་ལྕི་བ་དང་བསྲེས་ནས་ཏེ། ཕྱི་སྐོར་ལ་བྱུག་ཅིང་མེ་ཏོག་ལ་སོགས་པ་སྣ་ཚོགས་པ་དགྲམ་པར་བྱའོ། །དེ་ནས་ཁྲུས་ལ་སོགས་པ་བརྩམས་ནས་ཤར་ཕྱོགས་སུ་ཁ་བལྟས་ཏེ་རྡོ་རྗེ་དྲིལ་བུ་དང་ལྡན་པས་རས་ཀྱིས་གཡོགས་པའི་སྒྲོམ་ལ་འདུག་སྟེ། ་དམ་ཚིག་ཅེས་པ་ཡོད་པའི་གྲོགས་པོ་རྣམས་ཀྱང་གོང་མའི་རིམ་པས་བརྒྱན་སྣ་ཚོགས་ཀྱིས་བརྒྱན་ནས་གནས་ཇི་ལྟ་བ་བཞིན་དུ་བཞག་པར་བྱའོ། །དེ་ནས་བླ་མས་བསྟན་པའི་དེ་ཁོ་ན་ཉིད་ལ་གོམས་པར་བྱ་བའི་ཆེད་དུ་བྱད་ལ་སོགས་པ་དང་ལྡན་པའི ་བུ་མོ་རང་གི་གཡོན་དུ་བཞག་སྟེ། གོང་དུ་བླ་མ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་ནས་འཁྱུད་པ་དང་པོ་བྱ་བ་ལ་སོགས་པའི་རིམ་པས་ཡེ་ཤེས་འཕེལ་བར་བྱའོ། །ཕྱི་མའི་སྔ་མ་བཞིན་དུ་བསྟན་པ་ལྟར་རོ། །དེ་བཞིན་དུ་རིག་པ་འདིས ་ཚོགས་ཀྱི་དཀྱིལ་འཁོར་ཡང་བསྒྲུབ་པར་བྱའོ་ཞེས་སོ། །ད་ནི་ཁོ་ན་ཉིད་བཅུས་གླེགས་བམ་ལ་སོགས་པས་བསྐོར་བའི་ཆོ་ག་སློབ་དཔོན་ལས་གསུངས་པ། དཀྱིལ་འཁོར་ཞེས་པ་ལ་སོགས་པའོ། །དཀྱིལ་འཁོར་སྔོན་བཞིན་བྲ་སཾ་ནས་སུ་ཞེས་པ ་ནི་དད་པ་ཅན་གང་ཞིག་གིས་གཟུགས་བརྙན་ནས་གླེགས་བམ་ལ་སོགས་པ་ཡིད་ཀྱི་བསམས་ནས་སྐྱེས་བུ་བྱང་མཛའ་ཡན་ཆད་དབང་ཞེས་པ་སྟེ། ཆུ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་ཡན་ཆད་ཇི་ལྟར་རིགས་པར་བསྐུར་བར་བྱའོ་ཞེས་སོ། ། ་བུམ་པ་ལ་སོགས་པ་ལ་ཡི་གེ་གསུམ་དང་ལྔ་བཟླས་པར་བྱའོ་ཞེས་སོ། །ཡང་ན་སྔོན་དུ་བྱུང་བའི་སྔགས་ཞེས་པ་སྟེ། བཛྲ་དྷྲཾ་ཀ་ལ་སོགས་པའི་ཀྱང་བཟླའོ་ཞེས་སོ། །ཕྱིའི་ཁྲུས་ནི་བྱས་ནས་སུ་ཞེས་པ་ནི་སྐུར་པའི་དུས་སུ་མེ་ལོང་དང་ལྡན་པའི་སྤྱི་ཁྲུས ་བྱས་ནས་ཤེས་སོ་ནང་གི་ཁྲུས་གང་ཞེ་ན་དཀྱིལ་འཁོར་ཞེས་པ་ལ་སོགས་པའོ། །དེའི་དོན་ནི་འདི་ལྟ་སྟེ། ཐབས་དང་ཤེས་རབ་ཀྱི་བདག་ཉིད་དཀྱིལ་འཁོར་གྱི་གཙོ་བོ་གཟུགས་སུ་བསྙེན་བསྒྲུབ་དང་ལྡན་པ་བསྐྱེད་པ་དེ་བཞིན་ཉིད་ཁྲུས་དེ་ཆོ་གའོ། །དེ ་ལྟ་བུ་ལ་སོགས་པའི་རིམ་པ་རྫོགས་ནས་དགོངས་ཞི་བའི་སྦྱིན་སྲེག་གིས་ཚིམ་པར་བྱ་སྟེ། དེ་ནས་ཐབ་ཀྱི་ནང་དུ་མན་འཇིའི་སྟེང་དུ་གསེར་དངུལ་གྱི་སྣོང་བཞག་ནས། འབྲས་ཀྱི་གྲུས་མ་གཙང་མ་འོ་མ་དང་སྦྲང་རྩི་དང་བུ་རམ་དང་མར་རྒྱ་ཆེ ་བར་བཏབ་ནས་བླུག་པར་བྱའོ། །དེ་སྐོལ་ཞིང་བདུད་རྩི་བྱིན་གྱིས་བརླབ་པའི་ཆོ་གས་སྦྱངས་ཏེ་ཡི་གེ་གསུམ་དུ་མར་བཟླས་ཏེ་དངུལ་གྱི་སྣོད་དུ་བླུགས་ཏེ། ཨོཾ་དིཔྱ་ཨནྣ་ས་མཱ་དྷི་དྷཡ་ན་པྲ་ཎི་ནེ་སྭཱཧཱ་ཞེས་བརྗོད་ནས་ལྷ་རྣམས་ལ་དབུལ་བར་བྱའོ། །རང ་ཡང་མྱང་ཡོན་བདག་ལ་ཡང་སྦྱིན་གཞན་དག་ལ་ཡང་སྦྱིན་ནོ། །དེ་ནས་འདི་བརྗོད་པར་བྱའོ། །བཟོད་པར་གསོལ་མཛའ་ཡང་སངས་རྒྱས་ཀུན། །ལྷ་དང་དེ་ཡི་སྲས་ཀུན་གང། །ཚངས་པ་ལ་སོགས་ཕྱོགས་སྐྱོང་ཀུན། །ཆོ་ག་གང་འདི་བྱ་བ་ལ། །ཞི་བ་བཀྲ་ཤིས་ཀུན་ལ ་ནི། །ཡོན་བདག་ཆེན་པོར་བྱས་ནས་སུ། །སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ། །ཡང་ནི་སླར་ནི་བྱོན་མཛོད་ཅིག་།ལྷ་ལ་བཟོད་པར་གསོལ་ནས་སུ། །འདི་ཉིད་ཀྱིས་ནི་བྱིན་གྱིས་རློབས། །གང་གིས་ད་ལྟར་བཞུགས་པར་འགྱུར། །བསྐལ་པ་འམ་བསྐལ་བ་བརྒྱ་ལྷག་དང། །ཅི ་སྙེད་ལྷ་ཀུན་གསུང་མཛོད་ཅིག་།ས་དང་ཆུ་དང་མེ་རླུང་རྣམས། །མོས་པ་དགའ་བ་བྱས་ནས་སུ། །ལེགས་པའི་རང་གནས་གཤེགས་སུ་གསོལ། །བུ་དང་རིགས་རྒྱུད་བསྲུངས་མཛོད་ཅིག་།ཞེས་བརྗོད་ནས་ནུབ་མོ་ཡང་དག་པའི་ཚོགས་ཀྱིས་མཆོད་པར་བྱ། །དགེ་འདུན ་རྣམས་ལ་ཆོས་སྟེན་གསོལ། །ས་གཞི་བྱུག་པར་བྱའོ། །ལྷ་མཉེས་པར་འདོད་ན་བླ་མ་ཅིས་ཀྱང་མཉེས་པར་བྱའོ། །ཡོ་བྱད་ཅི་སྙེད་པ་མ་ལ་དབུལ་བར་བྱའོ། །དེ་ལྟར་བྱས་པས་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །ཞེས་རྡོ་རྗེ་འཛིན་པས་གསུངས་སོ། །ད་ནི་དབང་ཐམས ་ཅད་འབྲས་བུ་བཞིར་བསྡུས་པ་གསུངས་པ་ཆ་དང་ཞེས་པ་ལ་སོགས་པ་སྟེ། འབྲས་བུའི་སྒོ་ནས་བླ་མ་ཤེས་སོ། །ད་ནི་གསང་བའི་དབང་བསྐུར་བའི་ཆོ་ག་གསུངས་པ་དེ་ནས་ཤེས་པ་ལ་སོགས་པའོ། །ངའི་དོན་ནི་འདི་ལྟར་སྟེ། རིག་པའི་དབང་དང་ཕྱིར་མི་ལྡོག ་པའི་དབང་དང། ཐོབ་པ་དེ་ཉིད་ལས་ཆུའི་ཡེ་ཤེས་བསྐྱེད་ནས་ཞིང་དག་པར་བྱས་པའི་ཕྱིར་སྔར་གྱི་དཀྱིལ་འཁོར་འདི་ཉིད་དམ་གཞན་ཡང་རུང་སྟེ་མེ་ཏོག་ལ་སོགས་པས་བརྒྱན་ནས། །བླར་ལོ་ལ་སོགས་པས་བསྙེན་བསྐུར་བྱས་པའི་བླ་མ་ལ་གསེར ་ལ་སོགས་པའི་ཡོན་དང། ཚོགས་ཀྱི་མཆོད་པ་ཆེན་པོ་བྱས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་གཙུག་ཏེ་གསོལ་བ་གདབ་པ་ནི་ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམས་སྤྱོད་པ། །དེ་རིང་བཤད་པའི་རིན་ཆེན་གྱིས། །གཙོ་བོས ་བདག་ལ་སྐུ་དྲིན་སྩོལ། །ཁྱོད་ཞབས་པདྨ་སྤངས་ནས་ནི། །རྗེ་གཅིག་བདག་ལ་སྐྱབས་མ་མཆིས། །འགྲོ་བ་དད་པའི་ཐུང་ཆེན་པོས། །དེ་བས་བློ་མཆོག་མཉེས་པར་མཛོད། །སྡུག་བསྔལ་ཀུན་གྱི་རྒྱུར་འགྱུར་བ། །རྗེ་བཙུན་གྱིས་ནི་གྲོལ་བར་མཛད་དོ།། ་སྡུག་བསྔལ་ཐམས་ཅད་གྲོལ་བར་མཛོད། །མགོན་མེད་རྣམས་ལ་ཐུགས་རྗེས་དགོངས། །ཞེས་གསོལ་བ་གདབ་བོ། །དེ་ནས་བླ་མ་དཔལ་ལྡན་པས། ཡོན་ཏན་གྱི་ཆོས་སྙིང་རྗེ་སློབ་མ་ལ་བསྐྱེད་ནས་ཞལ་གདམས་པར་བྱས་ནས། རབ་ཏུ་དགའ་ནས་སྔ་མ ་ལྟ་བུའི་སྡོམ་པ་བསྟན་པར་བྱ། དེ་ནས་སློབ་མ་དེས་གཟུགས་ལ་སོགས་པ་དང་ལྡན་པའི་རིག་མ་ལེགས་པར་བསླབས་པ་ལོ་བཅུ་དྲུག་ལོན་པ་བླ་མ་ལ་ཕུལ་ནས་བླ་མ་ཆེན་པོ་ལ་གསང་བའི་དབང་ནོར་དུ་གསོལ་བ་གདབ་པར་བྱའོ། །རྡོ་རྗེ་སེམས ་དཔའ་ཁྱོད་ནི་སངས་རྒྱས་ཀུན་གྱི་བདེ་བ་བསྒྲུབ་པ་སྟེ། རྣམ་དག་བྱང་ཆུབ་སེམས་དཔའ་བདེ་བ་རྒྱ་ཆེན་པོ་སྲས་སུ་བཅས་པའི། །ཡུན་རིང་སྟོང་ཉིད་བསྒོམས་པས་བདག་ནི་ཤིན་ཏུ་གདུངས། །དགའ་བའི་ཡིད་འོད་དོན་ཆེན་འདོད་པས་བདག་ལ ་སྐྱབ་དུ་གསོལ། །བྱེ་འདོད་ཆགས་དེ་ནི་དྲི་མེད་ཀུན་ཏུ་བཟང་པོའི་སྤྱོད་པ་སྟེ། །དག་པའི་འདོད་ཆགས་རྡོ་རྗེ་དམ་ཚིག་ལ་ནི་ཕྱེད་མཛད་ནས། དཀའ་བ་རྣམ་པ་དྲུག་པ་སྤྱོད་པས་ཤིན་ཏུ་གདུགས་མཛད་པའི། །རབ་ཏུ་དགྱེས་དབང་འདོད་པའི ་བདེ་བ་ཉིད་ཀྱིས་འཇོམས་པར་མཛད། །རྣམ་དག་རྡོ་རྗེ་ལས་བྱུང་བ་ཡི་ཡེ་ཤེས་ཆུ། །རིན་ཆེན་འབར་བ་བྱང་ཆུབ་སེམས་ཡིད་རྣམས་ཕྱུང་ནས། །རྒྱལ་བ་རྣམས་ཀྱི་དབུ་ནི་སྐམ་པ་ལས། །དྲི་མེད་རིན་ཆེན་ཆར་གྱི་སྤྱི་བོར་དབང་བསྐུར་མཛོད ་མཉམ་དང་མི་མཉམ་འདོད་ཆགས་ཚུལ་དག་པས། །པདྨའི་གནས་སུ་རྡོ་རྗེ་མཛོད་གཏོང་བ། །སྣ་ཚོགས་སེམས་དཔའ་སེམས་ཅན་རླན་གྱུར་པ། །སྦྱོར་བ་གཞན་ཡོན་མ་རྟོགས་བཤད་པར་གསོལ། །རྡོ་རྗེ་སེམས་དཔའ་ཁྱོད་དབང་མཆོག ་བདེ་བྱེད་པ་པོ། །རྡོ་རྗེ་པདྨ་ཆེ་བའི་ཚུལ་གྱིས་སྦྱོར་མཛད་དེ། །རྒྱུ་བ་ཀུན་གྱི་གཟུགས་ཀྱི་སྐུ་ནི་རབ་བསྟན་ནས། །ཐམས་ཅད་བདེ་བ་སྒྲུབ་པ་ཉིད་ཀྱིས་བདག་ལ་མཉེས་པར་མཛོད་ཅེས་གསོལ་བ་གདབ་པར་བྱའོ། །དེ་ནས་བླ་མས་བྱིན་གྱིས་བརླབས་པ་ཡང ་བྱས་ཏེ། ཤེས་པ་ནི་འབྲིང་པོའི་བསྟེན་བསྒྲུབ་བཞི་དང་ལྡན་པར་བྱ་སྟེ། །རྡོ་རྗེ་དང་པདྨ་དག་པར་བྱས་ནས་ཡང་དག་པའི་སྦྱོར་བ་བྱ། །དེ་ནས་ཐུབ་དབང་དེ་ནི་རྡོ་རྗེ་དཀྱིལ། །ཡང་དག་ཐིམ་ནས་ཤེས་པ་ནི། །ས་བོན་གྱིས་བསྐུལ་བའི་ཐུབ་དབང་ཞུ་བའི་རྡོ་རྗེ་འགྲོ ་བ་རིགས་བརྟགས་པར་བྱས་ནས་ཀྱང། སློབ་མའི་ཁ་རུ་དབབ་པར་བྱ་ཞེས་བླ་མ་བསྟན་པ་ལྟར་ཤེས་རབ་ཀྱི་བྱེ་བྲག་གིས་དབབ་པར་བྱའོ། །དེ་ནས་སློབ་མ་རྣམ་པར་སྣང་མཛད་གྱི་ངོ་བོར་གནས་པས་ཀྱང་དེ་བཞིན་གཤེགས་པ་ཞུ་བའི་བདག་ཉིད་དུ ་ཤེས་པར་བྱས་ནས་བཏུང་བར་བྱའོ། །སྣང་སྲིད་དུ་སྣང་བ་ཐམས་ཅད་ཀྱང་དེ་ཡིན་པར་ཤེས་པར་བྱའོ། ། ཧོ་མ་ཧཱ་སུ་ཁ་ཞེས་བརྗོད་པས་བྱའོ། །དེ་ནས་བླ་མའི་ཞལ་ནས་རྒྱུད་པའི་རྣལ་འབྱོར་པ་གསུམ་པའི་ལ་རྡོ་རྗེ་བཟླས་པས་སྒྱུ་མ་ལྟ་བུའི་སྐུའི་ངོ ་བོར་བསྟན་པར་བྱའོ། །སློབ་མས་ཀྱང་བསྟོད་པ་སྣ་ཚོགས་པས་བསྟོད་པར་བྱའོ། །དེ་ཁོ་ན་ཉིད་གསུམ་པའོ། །ད་ནི་དེ་ཁོ་ན་བཞི་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་གསུངས་པ། །དཔལ་ལྡན་ཞེས་པ་ལ་སོགས་པའོ། །དེའི་དོན་ནི་འདི་ལྟ་སྟེ་དེ ་ལྟར་རིག་པའི་དབང། །ཕྱིར་མི་ལྡོག་པའི་དབང་ཐོབ་པ་སློབ་མ་བཞི་དག་པར་བྱས་པ་དེ་ལ། རང་རིག་ཆོས་སྐུ་གསལ་བར་བསྟན་པའི་ཕྱིར་ཆོས་ཐམས་ཅད་ཀྱི་འབྱུང་གནས་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མར་བྱིན་གྱིས་བརླབ་པ་བརྒྱན་པ་ཇི་སྐད་གསུངས ་པ་དེ་ལག་ཏུ་སྦྱིན་པར་བྱའོ། །དེ་ནས་སྔ་མ་ལྟ་བུའི་སྡོམ་པ་དང་ཁྱད་པར་གྱི་སྡོམ་པ་སློབ་མ་ལ་བསྟན་པར་བྱས། དེ་ནས་དེས་ཀྲི་ཏ་མུ་རྩ་ཧེ་ཧེ་བ་ཙ་པི་ཏ་མུ་ཧ་དྷི་བཀྵ་ཁ་རག་ཏཾ་ཤུ་ཀྲ་ཏ་ཐཱ་མཾ་སཾ་སྟཾ་ནཾ་བྷཀྲ་ཏིཥྛ། པ་ར་རྩག་མ་ནཾ་པར་མ།། ་པུ་ཧི་བྷ་རྩ་ཡ་ཐཱ་ས་ག་མི་ཏི་ཞེས་བརྗོད་པ་དང་དེས་བཞད་གད་དང་བཅས་པར་སྨྲས་པ། ཀྲིན་ཙ་པི་ནོ་ཏ་ཧོ་ད་བ་ཤ་ཀཾ་ཀ་དྷི་བིཀཤ་ནཾ། ཀརྫ་བྷ་ག་ཧི་ས་ཧི་ཧྲི་ནཾ་ཙུ?་པ་ནཾ་བྷ་ག་མོ་པ་ཙོ་ཞེས་ལན་གདབ་པར་བྱའོ། །དེ་ནས་ཡང་བོད་པའི་གོས་ཕུང ་ནས་པདྨ་གསལ་བར་བསྟན་ཏོ་ཞེས་བརྗོད་དོ། །ེ་མ་བདག་གི་པདྨ་འདི། །བདེ་བ་ཐམས་ཅད་དང་ལྡན་པའི། །གང་གི་ཆོ་ག་སྦྱིན་བྱེད་ན། །དེ་ཡི་མདུན་ན་རྟག་པར་གནས། །དོན་བྱེད་པདྨ་དམ་པ་འདི། །སངས་རྒྱས་རྣམས་ཀྱིས་བཀུར་བའི་གནས། །བདེ་ཆེན་རྒྱལ་བའི ་རང་འབྱུང་འདི། །དེ་ནང་རྟག་ཏུ་བཞུགས་པ་ཡིན། །བྷ་ག་བྷོཀཤ་ཧོ་ར་ཏི།། །།དེ་ནས་བླ་མའི་མན་ངག་གི་ནང་ནས་གནས་པའི་རྩ་བའི་འཁོར་ལོ་བསྐུལ་ནས། །སོར་མོ་ལ་སོགས་པ་བླ་མའི་མན་ངག་གིས་ཤེས་པར་བྱ་སྟེ། །ས་བཅུ་དང་ལྡན་པ་དེ་ལ་འཁྱུད ་པར་བྱའོ། །བསྒྲུབ་བྱ་སྒྲུབ་པོ་སྦྱར་བ་དག། དེ་ནི་བརྙས་པ་ཅེས་སུ་གསུངས། །རྡོ་རྗེ་པདྨ་སྦྱོར་བ་གང། །ཉེ་བར་སྒྲུབ་པ་ཅེས་སུ་འདོད། །ཧཱུཾ་དང་ཕཊ་དང་ལྡན་པར་ནི། །སྒྲུབ་པ་སྒྲུབ་པར་གསུངས་པའོ། །རང་བཞིན་ཉིད་བདེ་ཞི་བར་ནི། །སྒྲུབ་པ་ཆེན་པོ་ཞེས་བྱའོ། །ཞེས་སོ།། ་དེ་བས་ན་ཉམས་སུ་མྱོང་ཞིང་བདེ་བ་དེ། །རྡོ་རྗེ་སྐྱིལ་མོ་ཀྲུང་ནས་སེམས། །ནོར་བུའི་བར་དུ་མཐོང་བར་བྱ་ཞེས་སོ། །བདེ་བ་དེ་གནས་ནས་འདར་རོ། །ོཾ་སརྦབ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ་ཧཾ་ཞེས་བརྗོད་ནས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ ་དང་ལྡན་པར་མཐོང་ནས་རང་གི་སྙིང་གནས་གཏི་མུག་དགའ་མ་ལ་སོགས་པས་སྤྲོས་ནས་སློབ་མའི་སྙིང་གར་གཞུག་པར་བྱའོ། །དེས་ཀྱང་པདྨ་རཱ་ག་ལ་སོགས་པ་སྣ་ཚོགས་པས་མཆོད་པར་བྱའོ། །པདྨ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡེ ་ཤེས་ཅན་གྱི་ཅེས་བླང་བར་བྱའོ། །ོཾ་བཛྲ་ཨ་མོཀཤོ་ཧོ། །ཤེས་རབ་ཡེ་ཤེས་སོ། །དེ་ནས་དེས་རྒྱས་བཏབ་ནས་དབང་བསྐུར་བ་རིན་པོ་ཆེ་བཞི་བ་བླ་མའི་མན་ངག་གིས་མཁའ་གཉིས་ཀྱི་སྦྱོར་བའི་བཤད་པ་སྦྱིན་པར་བྱ་སྟེ། བསམ་པ་བསྟན་པ་ཟབ་ཅི་རྒྱ་ཆེ་བ་ལ ་མོས་པའོ། །གཞན་ལ་མ་ཡིན་ནོ། །དེ་ནས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང། ལྷའི་དེ་ཁོ་ན་ཉིད་དང། སློབ་དཔོན་གྱི་ཕྲིན་ལས་བསྟན་པར་བྱས་ནས་གསང་བའི་དབང་དང། ཤེས་རབ་ཡེ་ཤེས་དབང་གི་དམ་ཚིག་དང་སྡོམ་པ་དེ་ཉིད་བསྟན་པར་བྱའོ། །དེ་བས་ན་བཀའ་ ་སྩལ་ཏེ་ཞེས་སོ། །དེ་ཇི་ལྟར་བྱང་ཆུབ་ཞེས་པ་ལ་སོགས་པའོ། །དེ་ལ་དེ་ལས་གཞན་ཡང་དམ་ཚིག་གསུང་ཤེས་པ་ནི་ལྟུང་བྱེད་དང་སྤོམ་པོའི་ལྟུང་བྱེད་དོ། །དཀོན་མཆོག་མ་བཞིན་པའི་ཞེས་པ་ནི་ལེའུ་དགུ་སོགས་པའི་རིམ་པས་ཤེས་སོ། །རྣལ་འབྱོར་རྒྱུད་ཞེས་པ་ནི་འདི ་ཉིད་དོ། །དེ་ལས་གསུངས་པ་ཁྱད་པར་གྱི་སྡོམ་པ་སྟེ། གླེགས་བམ་བཀླག་པ་ལ་སོགས་པའོ། །དེ་དག་ཀྱང་ཆོ་ག་བཞིན་དུ་གསུང་ཞེས་སོ། །དེ་ནས་སློབ་མ་དེས་པུས་མོ་བཙུགས་ཐལ་མོ་སྦྱར་ནས་གནས་པ་ལ་དེའི་སྤྱི་བོར་གཡོན་པའི་ཕྱག་བཞག་ནས་རིག་མའི་བརྟུལ ་ཞུགས་སྦྱིན་པར་བྱའོ། །བདག་གིས་དེ་རིང་ཡང་དག་བཤད། སྒྲུབ་པ་པོ་ལ་རིག་མ་སྦྱིན། །བྱང་ཆུབ་ཆེན་པོ་སྒྲུབ་པའི་ཕྱིར། །དེ་བཞིན་གཤེགས་རྣམས་མཁྱེན་པར་གསོལ། །ཐབས་གཞན་གྱིས་ནི་འཚང་མི་རྒྱ། །དེ་བས་འདིར་ནི་རིག་མའི་མཆོག་།ཐམས ་ཅད་ཆོས་ནི་གཉིས་མེད་དེ། །སྣང་བ་གཉིས་ཀྱིས་མཚོན་པ་ཡིན། །དེ་བས་རྟག་ཏུ་འཁོར་བ་རུ། ཁྱེད་ཀྱིས་བྲལ་བར་མི་བྱའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རིག་མའི་བརྟུལ་ཞུགས་བླ་ན་མེད། །བླུན་ཆེན་གང་ཞིག་འདའ་བྱེད་ན། །དེ་ལ་དངོས་གྲུབ་མཆོག་ནི ་མེད། །རིག་མའི་བརྟུལ་ཞུགས་ཆོ་གའོ། །ལུང་བསྟན་པ་གསུངས་པ། དེ་ནས་ཤེས་པ་ལ་སོགས་པའོ། །དེ་ལ་དེ་བཞིན་གཤེགས་འགྱུར་ནས་ཤེས་པ་ནི་བདག་ཉིད་སྐད་ཅིག་གིས་ཡི་གེ་ཨ་ལས་ཤཱཀྱ་ཐུབ་པའི་སྐུར་གྱུར་ཏེ་ཞེས་སོ། །མཆོག་སྦྱིན་ཚུལ་གྱིས་ལུང་བསྟན་བྱ ་ཞེས་པ་ནི་ཕྱག་རྒྱ་དེ་ཁོ་ནས་སོ། །དེ་དངོས་གང་ཞེས་ན་སྙིང་གར་ཁུ་ཚུར་གཡོན་གྱིས་སློབ་མའི་བར་གྱི་མཐར་གཟུང་སྟེ་གསང་བ་ཡིས་མཆོག་སྦྱིན་པའི་ཕྱག་རྒྱ་སྤྱི་བོར་བཞག་སྟེ། བླ་ན་མེད་པའི་བྱང་ཆུབ་ཆེན་པོར་ལུང་བསྟན་པར་བྱའོ། །བདེ་གཤེགས་ཀུན? ་གྱི་ལུང་བསྟན་ཡིན་ཞེས་པ་ནི། སློབ་དཔོན་ནས་རྡོ་རྗེ་འཛིན་པ་ལ་སོགས་པས་སོ། །བཀའ་ལུང་གནང་བའི་དབང་བསྐུར་བ་གསུངས་པ་ཇི་ལྟ་ཇི་ལྟར་ཞེས་པ་ལ་སོགས་པའོ། །དེ་ལ་དག་པ་ཞེས་པ་ནི་ཐ་མལ་པའི་འདོད་ཆགས་ལ ་སོགས་པ་དག་པས་སེམས་ཅན་གྱི་དོན་བྱ་ཞེས་སོ། །རང་རིག་བྱ་བ་གསུངས་པ་ཉིན་རེ་ཞེས་པ་ལ་སོགས་པའོ། །བསྒྱུར་ནས་འགྲུབ་ཞེས་པ་ནི། འགྲུབ་པའི་མཚན་མ་རྙེད་ནས་ཇི་སྐད་གསུངས་པ་བཞིན་དུ་འགྲུབ་ཞེས་སོ། །འབྲས་བུ་གསུངས་མི་སྣང་ཞེས་པ་ལ ་སོགས་པའི་སྟེ། དེ་ལ་འགྲོ་ཀུན་རྡོ་རྗེ་གཙོ་བོ་རྡོ་རྗེ་ཅན་ཞེས་པ་ནི་ཕྱག་རྒྱ་ཆེན་པོ་སྟེ་ཕྱོགས་མ་ཆད་པའོ། །དེ་ལས་གཞན་ཞེས་པ་ནི་རྒྱ་མཚོ་ཆགས་པ་ལ་སོགས་པའོ། །དེ་དག་ཀྱང་དཀྱིལ་འཁོར་གྱི་འཁོར་ལོ་ལ་རྗེས་སུ་ཆགས་པས་འགྲུབ་པས་ཆགས་པ ་ལ་སོགས་སོ། །དེ་ཉིད་གསུངས་པ་རྡོ་རྗེ་བདག་པོ་ཞེས་པ་ནི། གཟུགས་རྡོ་རྗེ་མ་ལ་སོགས་པ་སྟེ། དེ་རྣམས་ཀྱི་ཡུལ་རྣམས་བསྟེན་པར་བྱང་ཆུབ་ཐོབ་ཞེས་སོ། །དེ་བས་ཞེས་བྱ་བ་ལ་སོགས་པས་མཇུག་བསྡུས་པ་གསུངས་པ་སྟེ། ཆོ་ག་བཞིན་ཞེས་པ་ནི་མན ་ངག་གི་རིམ་པས་ཤེས་སོ། །དེའི་དོན་ནི་འདི་ལྟ་སྟེ་སྔ་མ་ལྟ་བུའི་ཀུན་མཁྱེན་ཞེས་བྱ་བ་ལ་སོགས་པས་གསོལ་བ་གདབ་པའི་སློབ་མ་ལ་བརྒྱུད་པ་དང། ཉན་པ་དང་མཆོག་ཏུ་ཐུན་མོང་སྒྲུབ་པ་དང། དབང་བསྐུར་བ་ལ་སོགས་པ་རྒྱུད་སོམ་ཉིར་གྱུར་པ ་རྣམས་ཀྱང་བསྟན་ཏོ། །ཐམས་ཅད་སྣང་བའི་དབང་སྦྱིན་ནོ་ཞེས་སོ། །དབུགས་དབྱུང་བའི་དབང་གསུངས་པ། ཅི་བཞིན་ཞུགས་པའི་ཞེས་པ་ལ་སོགས་པའོ། །དེ་ལ་སྔགས་པར་འདོད་པ་རྣམས་ལ་ཞེས་ཡོན་ཏན་བརྗོད་པར་འདོད་པ་རྣམས་ལའོ། ནས་བྱུང་བའི ་ཚིག་གིས་དབུགས་དབྱུང་ཞེས་སོ་དམ་ཚིག་གསུམ་ཞེས་པ་ནི། རྡོ་རྗེ་ལ་སོགས་པའོ། །ཆོ་ག་སྦྱིན་ཞེས་པ་ནི་འདིར་ནི་མན་ངག་གི་རིམ་པས་ཇི་ལྟ་བ་བཞིན་དུ་སྦྱིན་ནོ་ཞེས་སོ། །སྔགས་པ་དངོས་གང་ཞེ་ན། གསང་བའི་མཆོག་འགྱུར་ཞེས་བྱ་བ་ནས ་བརྩམས་ཏེ་ཁྱེད་རྣམས་འགྲོ་བར་ཤོག་ཅིག་ཅེས་པའི་བར་གྱི་རྡོ་རྗེ་འཛིན་པའི་ས་ལ་དབུགས་དབྱུང་བར་བྱའོ། །དེ་ནས་ཤིན་ཏུ་ཁོ་ནར་གནས་ཞེས་པ་ནི་ཤིན་རྣམ་པར་དག་པར་གནས་པའོ། །སྲིད་པ་ཤིན་ཏུ་དག་པ་སྟེ་ཞེས་པ་ནི་དུས་ནས་བཟུང་སྟེ། ཁྱེད་ཀྱིས་སྲིད ་པ་ནི་ཤིན་ཏུ་རྣམ་པར་དག་པའོ། །ཞེས་སོ། །དམ་ཚིག་རྡོ་རྗེ་ལྡན་པ་ཞེས་པ་ནི་རྡོ་རྗེ་འཛིན་པའོ། དེའི་ཁྱད་པར་གསུངས་པ། རིག་མ་ཞེས་པ་ལ་སོགས་པའོ། །རྡོ་རྗེ་ཕྱག་རྒྱ་ནི་རང་གི་ལྷའོ། །དམ་པའི་ཆོས་ནི་སྨད་མི་བྱ་ཞེས་པ་ལ་སོགས་པས་ནི་སེམས་ཀྱིས་ཀྱང ་མི་རུང་ན་གཞན་ལྟ་སྨོས་དགོས་ཞེས་སོ། །དད་པ་མེད་པས་དེ་རྣམས་དོན་མེད་པར་བསམས་ནས་ཡལ་བར་བྱ་བ་མ་ཡིན་ནོ། །མ་རིག་པ་ཅེས་བྱ་བ་ནི་མ་ཐོས་པའོ། །གཏི་མུག་གིས་ཞེས་བྱ་བ་ནི་མ་བསམས་པའི་དབང་གིས་མ་དྲན་པའོ་རང་དབང་ཞེས་པ་ནི་རྡོ་རྗེ ་འཛིན་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་དེ་ལས་བྱུང་བའི་ཕྱག་རྒྱ་དང་སྔགས་དང་ཡེ་ཤེས་ཀྱི་སྐུའོ། །ཉིད་ལས་བྱུང་ཞེས་པ་ནི། གཞན་ལ་བརྟེན་པ་དང་འདྲ་ཡང་རང་གི་དེ་ཁོ་ན་ཉིད་རྟོགས་པ་ལས་བྱུང་ངོ་ཞེས་སོ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་རྣམས་ཞེས་པ ་ནི་གོང་མའི་ལྟ་བུའི་དམ་ཚིག་གསུམ་མོ། །སྤང་བར་བྱར་མི་རུང་ཞེས་པ་ནི་སྐོམ་པ་དལ་བའི་དབང་གིས་མི་སྤོང། སྣོད་བྱེད་ན་ཞེས་པ་ནི་མ་དྲན་པ་ལ་སོགས་པས་སོ། །རྗེས་སུ་རིག་པས་ཤེས་པ་ནི་རང་གིས་དབང་གི་རྗེས་སུ་མཐུན་པར་ཞེས་པའོ། །རང་གི་དམ ་ཚིག་ཅེས་པ་ནི་རང་གི་ལྷའི་སྐུའོ། །དམ་ཚིག་ལྷ་དང་མཉམ་པར་དུ་ཞེས་པ་ནི་རང་གི་ལྷ་དང་གཅིག་ཁོ་ན་སྟེ། སོམ་ཉིད་མི་བྱའོ། །དེ་དག་ཀུན་མཛོད་ཅིག་ཅེས་པ་ནི་གོང་དུ་གསུངས་པ་རྣམས་སོ། །འགྲོ་བའི་བདེན་པ་ཞེས་པ་ནི། ཆུང་བ་དང་མི་བརྟན་པ་དང། ཡུན་རིང་པོར ་གནས་པ་ལས་དེ་ཉིད་བསྒོམ་པའི་སྟོབས་ཀྱིས་དག་པ་སྟེ། རྡོ་རྗེ་སེམས་དཔའ་དང་འདྲ་ཞེས་པ་ནི་དེ་དང་རོ་གཅིག་ཏུ་གྱུར་པ་དེ་ལ་ཁྱེད་རྣམས་གྲོལ་བར་ཤོག་ཅེས་སོ། །དེ་ནས་སྔར་བསྟན་པའི་བཀའ་ལུང་ཀུན་གནང་བའི་དབང་ཡང་སྦྱིན་ནོ། །དེ་ལྟར་དབང་ཐམས ་ཅད་བསྐུར་ནས་དམ་པའི་གུས་པ་དང་ལྡན་པའི་སློབ་མ་རྣམས་ཀྱིས་བླ་མ་ཆེན་པོའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཀའ་ཇི་ལྟར་རྗེས་སུ་མཐུན་པའི་བཀའ་སྩལ་པ་ལྟར་བདག་ཅག་གིས་ཀྱང་དེ་ལྟར་བྱའོ་ཞེས་བླ་མའི ་མདུན་དུ་གསོལ་བར་བྱའོ། །ད་ནི་དཀྱིལ་འཁོར་བསྡུས་པའི་ཆོ་ག་གསུངས་པ། འབྱོར་པ་ཅེས་པ་ལ་སོགས་པའོ། །སོ་སོ་རེ་རེ་ཞེས་པ་ནི་སློབ་མ་དེ་དག་འབྱོར་པ་ཡོད་ན་རང་གི་སྡིག་པ་ལ་སོགས་པ་ཞི་བར་བྱ་བའི་ཕྱིར་གོང་ནས་གསུངས་པ་ལྟ་བུའི ་སྦྱིན་སྲེག་རེ་རེ་བྱའོ་ཞེས་སོ། །ཡང་ན་ཐབས་གཅིག་ཁོ་ནར་མི་འགལ་ལོ་ཇི་ལྟར་བྱ་སྟེ་ལག་པ་གཡོན་གྱི་ཤེས་ཏེ་བླ་མའི་ལག་པ་གཡོན་གྱིས་སློབ་མའི་ལག་པའི་མཐེའུ་ཆུང་བཟུང་སྟེ་སྒོར་ཞིང་གོང་མའི་ཆོ་གས་ཞི་བར་བྱའོ། ཞེས་སོ། །གྲངས་གསུངས ་པ་དག་ལུགས་གསུམ་འམ་བདུན་ནམ་གཅིག་ཅེས་སོ། །ས་བདག་དང་ཕྱོགས་སྐྱོང་བ་ལ་སོགས་པ་ཞི་བར་བྱ་བའི་སྦྱིན་སྲེག་གསུངས་པ། རྒྱལ་པོ་ཞེས་པ་ལ་སོགས་པའོ། །དེའི་དོན་ནི་འདི་ལྟ་སྟེ། གོང་གི་ཐབ་དེ་ཉིད་དུ་ཇི་སྐད་གསུངས་པའི་རྫས་རྣམས ་ཀྱི་ཕྱོགས་སྐྱོང་ལ་སོགས་པ་ཞི་བའི་དོན་དུ་སྦྱིན་སྲེག་བྱས་ནས་གསོལ་བ་གདབ་པར་བྱའོ། །དེ་གང་ཞེ་ན་སེམས་ཅན་གྱི་དོན་བྱེད་པ་ལ་སོགས་པ། ཁྱེད་ཀྱིས་གྲོགས་མཛོད་ཅིག་ཅེས་གསོལ་བ་གདབ་པར་བྱའོ། །ད་ནི་སྤྱོད་ལམ་ལ་སོགས་པས ་མཉེས་པར་བྱ་བ་གསུངས་བ། གང་དེ་ལྷག་པ་ཞེས་པ་ལ་སོགས་པའོ། །ཟས་དང་ཞེས་པ་ནི་ཆང་ལ་སོགས་པའོ། །སྤྱོད་ལམ་ཞེས་པ་ནི་སྡོམ་པ་མཆོག་ལ་སོགས་པ་ལས་གསུངས་པའི་གླུ་དང་གར་ལ་སོགས་པའོ། །བདག་གཞན་ཞེས་པ་ནི ་སློབ་དཔོན་དང་གྲོགས་པོ་ལ་སོགས་པས་ཤེས་སོ། །དེའི་དོན་ནི་འདི་ལྟ་སྟེ། སྦྱིན་སྲེག་བྱས་པའི་དེ་མ་ཐག་པ་འདི་བླ་མ་ཡོད་པ་ལ་སོགས་པའི་མཆོད་པ་དང། བཟའ་བཏུང་དང་གླུ་གར་ལ་སོགས་པ་མཆོད་པ་དང་བདག་དང་ལྷའི་དཀྱིལ་འཁོར ་སྣ་ཚོགས་དམ་པའི་མཆོད་པས་ཚིམ་པར་བྱས་ཏེ་བསྡུ་བར་བྱ་ཞེས་བྱ་བར་སྦྱར་རོ། །སྐལ་ལྡན་སློབ་མས་གཟུང་ནས་སུ་ཞེས་པ་ནི་སྐལ་བ་དང་ལྡན་པའི་སློབ་མ་ལ་གཞན་སྨྲར་མི་རུང་བའི་དོན་མནས་བསྒགས་ཏེ་བསྟན་ཏོ། །ད་ནས་གཞུག་པ ་ཐམས་ཅད་ཀྱིས་ཀྱང་བླ་མ་ཆེན་པོ་ལ་ཕྱག་བྱས་ནས་མངོན་བར་བསྟོད་དེ་ཕྱིར་ཕྱུང་བར་བྱའོ། །མཛའ་མར་མུ་ཡི་གེ་གསུམ་ནི་སྔགས་ཀྱི་ཉེ་བར་བསྡུ་བར་བྱ་ཞེས་པ་ནི་ཐམས་ཅད་རྫོགས་ནས་མཆོད་པ་ལ་སོགས་པ་བྱ་སྟེ། ཨོཾ་ཨཱ(རྒྱུད་འགྲེལ་པའི་སྔགས་ཀྱི་ཡེ་ཤེས་སེམས་དཔའ་དཀྱིལ་འཁོར་གཤེགས་སུ་གསོལ་ལོ། །བསྡུ་བར་བྱ་ཞེས་པ་ནི་ཚིག་གིས་ནི་ཨོཾ་ཨཱ(རྒྱུད་འགྲེལ་ཀཱ་རི་ལ་སོགས་པས་ཤེས་པས་ནི་ཆོས་ཉིད་ཀྱི་བདེན་པ་བརྗོད་པ་སྟེ་ཨ་ཀཱ་རོ་མུ་ཁ་སརྦ་དྷརྨཱ་ཎཱི་ཨཱདྱ་ནུཏཔནྣ་ཏྭཏ་ཅེས་པས་གཟུགས་བརྙན་གྱི་དཀྱིལ་འཁོར་ནམ་མཁའ་དང་འདྲ་བ་སྟོང་པ་ཉིད་དུ་བསྒོམས་ནས་བསྡུ་བར་བྱའོ་ཞེས་སོ། །དཀྱིལ་འཁོར་ལ ་སོགས་པའི་ནོར་གཞན་གྱིས་བསྐུར་མི་རུང་བར་བསྟན་པར། ཁུང་བུ་གང་ཞེས་པ་ལ་སོགས་པའོ། །དེ་ལྟར་ན་གོང་ནས་གསུངས་པ་འདི་ལས་དང་པོའི་དཀྱིལ་འཁོར་གྱི་ཆོ་ག་གསུངས་པ་ཡིན་ནོ། །གཞན་རྣམས་ཀྱིས་མ་ལུས་པར་འདིར་ཅི་རིགས་པར་སྦྱར་རོ ་ཞེས་སོ། །ད་ནི་ཅུང་ཟད་ཡེ་ཤེས་དབང་དུ་གྱུར་པའི་རྣལ་འབྱོར་པས་དཀྱིལ་འཁོར་བྲི་བའི་ཆོ་ག་གསུངས་པ། ཅུང་ཟད་ཅེས་པ་ལ་སོགས་པའོ། །དེ་ལ་ཁྱེའུ་དང་བུ་མོ་བཅུ་གཉིས་པ་ཞེས་པ་ནི་དབབ་པའི་སྣོད་སྟེ། དེ་ལ་ཉོན་མོངས་པ་རིགས་པའི་སྐྱོན ་གྱིས་མགོས་པའི་ཕྱིར་རོ། །མཆོད་གནས་ཞེས་པ་ནི་གཉིས་གཉིས་པར་བྱས་ནས། དེས་དཀྱིལ་འཁོར་བྲི་བར་གཞུག་ཅེས་ཏེ་ཐིག་དང་རྡུལ་ཚོན་ལ་སོགས་པ་བྱེད་དུ་གཞུག་པའོ། །སྣོད་དེ་ལ་དངོས་གང་དབབ་ཞེས་ཐུགས་ལ་ཞེན་པ་ལ་སོགས་པའོ ་ཐུགས་ཀྱི་གནས་སྐབས་སུ་མི་བསྐྱོད་པ་ཁྱེའུ་བུ་མོ་ལ་མཱ་མ་ཀཱི་དབབ་ཞེས་སོ། །དེ་ལྟར་ཕྱི་མ་ལ་ཡང་སྦྱར་ཞེས་སོ། དབབ་པ་དེའི་ཡོན་ཏན་དང་རྟགས་གསུངས་པ་སེམས་ཅན་གང་ཞེས་པ་ལ་སོགས་པའོ། །དབབ་པའི་གྱིས་བྲིས་པ་ནི་རྨད་དུ ་བྱུང་བ་ཞེས་ཏེ་ཁྱད་པར་དུ་འཕགས་པ་ཅེས་སོ། །གཞན་མ་ནི་གོ་སླའོ། །སློབ་མ་གཞུག་པར་ཅེས་པ་ལ་སོགས་པ་ཅེས་པ་ནི་ལས་དང་པོ་པ་བཞིན་དུ་བྱའོ་ཞེས་གསུངས་པ་སློབ་དཔོན་སློབ་མའི་ཆོ་ག་ནི་སྔོན་བཞིན་བསམ་གཏན་ཁོ་ནས་གནས་ཞེས་སོ།། ་དེའི་དོན་ནི་འདི་ལྟ་སྟེ། གོང་དུ་སྨོས་པ་ལྟ་བུས་ཞུགས་པ་འམ་བདག་དངོས་གྲུབ་ཀྱི་མཚན་མ་མཉེས་འཛེབ་བཟླས་པ་བྱས་ཏེ། ས་དག་པར་བྱས་བའི་ཆོ་ག་ལ་སོགས་པ་བྱ་སྟེ། ཇི་སྐད་གསུངས་པའི་ཁྱེའུ་དང་བུ་མོ་ཁང་པར་བཅུག་སྟེ། སྒོ་གཅད་ནས ་ཆོ་ག་ཇི་ལྟ་བ་བཞིན་དུ་བབས་ཏེ་དེ་གཉིས་སློབ་དཔོན་དང་སློབ་མའི་ངོ་བོས་ཐིག་གདབ་པ་དང། ཚོན་དགྱེད་པ་དང་ཕྱག་རྒྱ་བཀོད་པ་ཇི་ལྟ་བ་བཞིན་དུ་བྱ་སྟེ་ལྷ་གཤེགས་སུ་གསོལ་ནས་དེ་གཉིས་སླར་བཏང་སྟེ། དེ་ནས་བདག་ནི་ལྷ་གནས་པའི ་བསམ་པའི་སྦྱོར་བ་ལ་སོགས་པ་སྔ་མ་ཁོ་ན་བཞིན་དུ་བྱའོ། །དེ་སློབ་དཔོན་བཞུགས་པ་དབང་བསྐུར་བ་ཡང་སྔ་མཁོ་ན་བཞིན་དུ་བྱའོ་ཞེས་སོ། །དངོས་གྲུབ་ཀྱི་མཚན་མ་མ་རྙེད་པ་ཞིག་ན་ལྷས་དབང་བསྐུར་བའི་ཆོ་ག་ཡན་ཆད་ཀྱིས་བདག ་བཞུགས་ཏེ། རྒྱུད་ལས་ཇི་སྐད་གསུངས་པ་བཞིན་དུ་ཐུན་མོང་གི་དངོས་གྲུབ་མཚན་མ་ཐོབ་པའི་བྱེ་བྲག་གིས་ཅི་རིགས་པར་བསྒྲུབ་པར་བྱའོ་ཞེས་སོ། །ད་ནི་ཡེ་ཤེས་དབང་དུ་གྱུར་པའི་རྣལ་འབྱོར་པས་བསམ་གདན་གྱི་དཀྱིལ་འཁོར་གྱི་ཆོ ་ག་གསུངས་པ། སེམས་དེ་ཉིད་ཁོ་ན་ཞེས་པ་ལ་སོགས་པའོ། །སེམས་ཉིད་ཁོ་ན་ཞེས་པ་ནི། ཕྱིའི་བྱ་བ་ལ་བལྟོས་པ་མེད་པར་ཁོ་ནར་ཞེས་པའི་དོན་ཏོ། ཡེ་ཤེས་དབང་དུ་ཐོབ་པ་ཅེས་པ་ནི་འདི་ལྟ་སྟེ། དེའི་བྱིན་རླབས་ཀྱིས་མཐོང་བ་སྟེ་ཞེས་སོ།། ་བཙུད་ནས་འདི་ན་གནས་པའི་མཛའ་ཞེས་པ་ནི། བསམ་གཏན་གྱི་དཀྱིལ་འཁོར་དེར་སྐལ་པ་དང་ལྡན་པ་བཅུད་ནས་བཀའ་ལུང་མཛའ་སྣང་བའི་མཐར་ཐུག་པའི་བར་གྱི་དབང་བསྐུར་བར་བྱའོ་ཞེས་སོ། །རྨི་ལམ་ལྟར་འདོད་ཤིན་ཏུ་གསལ ་ཞེས་པ་ནི། ཅུང་ཟད་མི་གསལ་ཞེས་པ་ནི། ཅུང་ཟད་མི་གསལ་བའི་དཔེར་བསྟན་པ་ཡིན་ཏེ། དེ་སྒྱུ་མ་ལྟ་བུའི་ལྟའི་སྐུ་རང་དང་གཞན་གྱི་མཐོང་བ་དེ་ཡང་ཇི་ལྟ་བ་བཞིན་དུ་མ་ཡིན་ཏེ་རྨི་ལམ་ལ་སོགས་པ་བཞིན་ནོ་ཞེས་སོ། །སེམས་ཀྱི་སྐུ་གཟུགས་བསྟན་པའི་ཕྱིར ་ཞེས་པ་ནི་ནང་གི་བཟླས་པའི་རིམ་པས་ཉིན་མཚན་དུ་རང་ཉིད་ཟློས་ཏེ། སྒྱུ་མ་ལྟ་བུའི་ལྷའི་གཟུགས་སུ་བསྟན་པའི་ཕྱིར་རྣལ་འབྱོར་པ་སྟེ། མཆོག་ནི་ཞེས་བྱའོ། །དེའི་དོན་ནི་འདི་ལྟ་སྟེ། གོང་དུ་སློབ་རྣམས་ལ་སྣོད་དུ་རུང་ཞིང་སྦྱོར་བ་ལ་རྣམ་པར་གནས་པ། ཡུལ་རྣམས ་ལ་ཞེན་པ་དང་བྲལ་བ་རྣམས་ཀྱིས་ཞུས་པའི་དོན་དུ་དཀྱིལ་འཁོར་སྒྱུ་མ་ལྟ་བུ་བསམ་གཏན་གྱིས་རྫོགས་པར་བྱ་སྟེ། ཁྱད་པར་ཅན་གྱི་སློབ་མ་དེ་དེར་བཅུག་ནས་ཆུ་ནས་ཐམས་ཅད་སྣང་བའི་མཐར་ཐུག་པའི་དབང་བསྐུར་བར་བྱའོ་ཞེས་སོ། །དེ་ལས་གཞན ་པའི་སློབ་མའི་བྱ་བ་ལ་མངོན་པར་ཞེན་ཅིང་བློ་གྲོས་དམན་པ་དེར་འཇུག་པར་མི་ནུས་པ་རྣམས་ལ་ཅུང་ཟད་ཡེ་ཤེས་དབང་དུ་གྱུར་པའི་རྣལ་འབྱོར་པ་ལྟར་གཟུགས་བརྙན་དུ་བྲིས་ནས་དབང་བསྐུར་བའི་ལ་སོགས་པ་བྱའོ། །ཞེས་སློབ་དཔོན་སྡོམ་པའི ་ཞལ་སྔ་ནས་བཤད་དོ། །དེ་ལ་གཞན་རྣལ་འབྱོར་པས་འདིས་དངོས་གྲུབ་ཆེན་པོ་ལ་སོགས་པའི་མཚན་མ་རྙེད་ནས། སྣོད་ལ་དབབ་པའི་ལྷས་བྲིས་པའི་དཀྱིལ་འཁོར་ལ་གནས་ནས་ཇི་སྐད་གསུངས་པའི་ལམ་གྱི་རིམ་པ་དངོས་གྲུབ་ཆེན་པོ་ལ་སོགས ་པ་བསྒྲུབ་པར་བྱའོ་ཞེས་སོ། །རྣལ་འབྱོར་གསུམ་གྱི་སྔ་མ་བཞིན་ཞེས་པ་ནི་སྐུ་ལ་སོགས་པའི་རྣལ་འབྱོར་པས་དཀྱིལ་འཁོར་བྲི་བའི་ཆོ་ག་ནི་གོང་མ་ཁོ་ནར་ཟད་དོ་ཞེས་སོ། །ཕྱག་མཚན་དགོད་པ་ཁྱད་པར་གསུངས་པ་ཆོ་ག་གསུང་བསྡུ་བའི་འཁོར་ལོའོ། །དེ ་ནས་མི་བསྐྱོད་ཕྱག་མཚན་དགོད་ཅེས་སོ། །ཅིའི་ཕྱིར་ཞེ་ན། སྐུ་གསུང་གསང་བ་དག་ཕྱིར་ཞེས་ཏེ། གསུང་རྡོ་རྗེ་དང་ཐུགས་རྡོ་རྗེ་ཡང་ཆོས་ཀྱི་དབྱིངས་སུ་ཡང་རོ་གཅིག་པའི་ཕྱིར་རོ་ཞེས་སོ། །དེ་བཞིན་དུ་ཁྱད་པར་གཞན་ཡང་ཅི་རིགས་པར་རྟོགས་པར་བྱའོ་ཞེས་སོ། ་ད་ནི་རྣལ་འབྱོར་པ་རྣམ་པ་གསུམ་ཆར་ལ་ཡང་སེམས་ཁོ་ན་གཙོ་བོ་ཡིན་པར་གསུངས་པ་ལས་དང་པོ་པས་ཤེས་པ་ནི་དེ་ཉིད་དོ། །དེ་ལས་དང་པོ་པ་ནི་དེ་ཉིད་དོ། །ཅུང་ཟད་ཙམ་ཞེས་པ་ནི་ཅུང་ཟད་ཡི་དབང་དུ་གྱུར་པའི་ཡེ་ཤེས་དབང་དུ་གྱུར་པའི་རྣལ་འབྱོར་པའོ། །དེ་རྣམས ་ཀུན་ཀྱང་སེམས་ཀྱི་ཆོག་གསུངས་ཏེ་ཞེས་པ་ནི་སྔགས་ལ་སོགས་པའི་བྱ་བ་ཙམ་གྱིས་བྱེད་པ་དགག་པའོ། །དེ་བས་ན་སེམས་ཀྱི་ཆོ་ག་དེ་མེད་ན་དེ་རྣམས་ལ་འགྲུབ་པ་མེད་ཅེས་སོ། །དེ་ཉིད་གསུངས་པ་རྡོ་རྗེ་སློབ་དཔོན་ཞེས་པ་ལ་སོགས་པའོ། །རྡོ་རྗེ་སློབ་དཔོན་དང ་སློབ་མ་མཚུངས་པར་རྒྱུ་མཐུན་པའི་འབྲས་བུ་ལ་སོགས་པ་བདག་གི་རྟོགས་པར་འདོད་ན། སེམས་ཀྱི་ཆོ་ག་མཆོག་གསུངས་ཞེས་ཏེ་དེ་ལ་བརྟེན་པའི་ལོ་ནས་འགྲུབ་པར་འགྱུར་ཞེས་སོ། །ངག་བརྗོད་ཙམ་གྱིས་ཅི་ཡང་མེད་ཅེས་པ་ནི། ནང་གི་བཟླས་པ་རྟོགས་པར་སྔགས་ལ་སོགས ་པ་བཟླས་ཀྱང་མི་འགྲུབ་ཅེས་སོ། །སྤྱོད་པ་ཙམ་གྱིས་སངས་མི་རྒྱས་ཞེས་སོ། །དེ་ནི་ཡེ་ཤེས་ཀྱི་སྐུ་མི་གཏོགས་པར་བགྲང་བ་དང། ལག་པའི་ཕྱག་རྒྱ་དང་སྐྱིལ་ཀྲུང་ལ་སོགས་པའི་མཚན་ཉིད་ཀྱིས་སངས་རྒྱས་མ་ཡིན་ཞེས་སོ། །ཐོས་ཕ་ཙམ་ལས་ཡོད་མ་ཡིན་ཞེས་སོ། །བླ་མ ་དམ་པ་བསྙེན་བཀུར་བ་ལས་བྱུང་བའི་དེ་ཁོ་ན་ཉིད་ཀྱིས་གསང་བའི་མན་ངག་བླ་མའི་ཞལ་ནས་མ་ཐོབ་པར་གཞན་ཚིགས་སུ་བཅད་ལ་སྐྱང་བ་ལ་སོགས་པས་ཀྱང། །ཕྱག་རྒྱ་ཆེན་པོ་མངོན་སུམ་དུ་མི་མཛད་ཅེས་སོ། །འོ་ན་གང་གི་ཐོབ་ཞེ་ན་ཅི་ཙམ་སེམས་དཔའ་ ་བརྟེན་བྱེད་ན་ཞེས་ཏེ། ཇི་སྐད་གསུངས་པ་རྣམས་རྟོགས་པར་བྱ་སྟེ། ཐབས་གཞན་གྱིས་བདེ་བར་གསུངས་གསོས་ཏེ། དེ་ནས་དག་ན་པ་ལ་སོགས་པ་ཡིད་དུ་འོང་བའི་ས་ཕྱོགས་སུ་གནས་ཏེ། ཇི་སྐད་གསུངས་པའི་འོག་ནས་བྱུང་པའི་བྲས་བུ་གསལ་བར་འགྱུར་ཞེས་སོ།། ་དེ་ཉིད་ཟློས་པའི་ཕྱིར་ཡང་བཀའ་སྩལ་པ། སྔགས་པ་རྣམས་ཀྱིས་བཞག་པར་བྱ་ཞེས་སོ། །ཅིའི་ཕྱིར་སྤྲོས་པ་མང་པོ་བཞག་ཅེ་ན་སེམས་ལ་ཐུན་མོད་དང་མཆོག་གི་ཁྱད་པར་འགྲུབ་པ་དང། སེམས་ལས་རྣམ་པ་ཐམས་ཅད་མཁྱེན་པའི་བྱང་ཆུབ་འབྱུང་བའི་ཕྱིར་དེ་ཁོ་ན ་ལ་བློ་རྣམ་པར་བཞག་སྟེ། གཞན་སྤྲོས་པ་མང་པོས་ཅི་ཞིག་བྱ་ཞེས་སོ། །ཇི་སྐད་གསུངས་པ་ཅེས་བྱ་བ་ལ་སོགས་པས་ནི། སེམས་ཁོ་ནས་ཇི་ལྟ་བ་བཞིན་དུ་རྟོགས་པ་དེ་ཉིད་རྣལ་འབྱོར་པས་ཞི་བ་ཡིན་ཏེ། སེམས་དེ་བྱང་ཆུབ་འབྲས་བུ་སྟེ། ཞེས་པ་ནི་བརྟུལ་ཞུགས་ལ་སོགས ་པའི་རིམ་པས། སེམས་དེ་ཁོ་ནས་ཐབས་ཅིག་གིས་རྟོགས་པ་དེ་ཉིད་བྱང་ཆུབ་ཀྱི་འབྲས་བུ་ཞེས་སོ། །དེ་དངོས་གང་ཞེ་ན་བླ་ན་མེད་པའི་སངས་རྒྱས་ཞེས་ཏེ། ས་འོག་མ་པ་མ་ཡིན་པའི་ཕྱིར་རོ། །དེ་ཉིད་གསུམ་པ་རྡོ་རྗེ་མས་དཔའ་བོ་དངོས་པོ་ཡི་ཆས་དང་ལོངས་སྤྱོད་སྤྲུལ ་པའི་ཞེས་ཏེ། རྟོག་པ་དེ་ཉིད་ལས་སྐུ་གསུམ་གྱི་དཀྱིལ་འཁོར་གྱི་འཁོར་ལོས་འགྲོ་བ་རྣམས་ཀྱི་དོན་མཛད་པ་ཡིན་ནོ་ཞེས་སོ། །དེ་བས་ན་གསུངས་པའི་དཀྱིལ་འཁོར་གསུམ་གྱི་མཛའ་ཡས་ཁམས། འགྲོ་བའི་ཕན་དོན་བྱེད་པ་པོ་ཞེས་པ། དེ་ཉིད་ཀྱིས་གསལ་བོར་མཛད་པ་ཡིན་པ ་རྣམས་ལོག་མ་ཐག་དེ་ལས་སྲིད་པ་སྡུག་བསྔལ་གཞན་ཡོད་པ་མ་ཡིན་ཞེས་ཏེ་དེ་ཉིད་སྲིད་པའི་སྡུག་བསྔལ་ཡིན་ནོ་ཞེས་སོ། །དོན་འདི་ལྟ་སྟེ། རྟག་པ་ལ་སོགས་པ་ལ་གཟུགས་ལ་སོགས་པར་འཁྲུལ་བ་དེ་ཉིད་སྲིད་པའི་སྡུག་བསྔལ་ཡིན་ནོ་ཞེས་སོ། །ཐབས་དང་ཤེས་རབ ་བདག་ཉིད་འདི་ཞེས་པ་མི་འོག་ནས་འབྱུང་བའི་ཟབ་མོ་གསལ་བའི་བདག་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་དུས་དང་གནས་སྐབས་ཐམས་ཅད་དུ་ཁྱབ་པའོ། །དེའི་གཉེན་པོ་མངོན་སུམ་དུ་མཐོང་ཞེས་པ་ནི་དེ་ཉིད་གོང་དུ་སྨོས་པའི་སྡུག་བསྔལ་གྱི་གཉེན་པོར་མངོན་སུམ ་དུ་ཤེས་པར་བྱའོ། །གཉེན་པོ་དེ་ཉིད་གསུངས་པ། ཆོས་ཀུན་ཕྱོགས་ལ་ཁྱབ་པའི་ཞེས་ཏེ། རྒྱུ་བ་དང་མི་གྱུ་བའི་ཆོས་ཐམས་ཅད་ལ་རྟག་པ་ལ་སོགས་པའི་རྒྱུན་འཇུག་པའི་ཀུན་རྫོབ་ཀྱི་གཟུགས་ལ་སོགས་པས་དཀྱིལ་འཁོར་གྱི་འཁོར་ལོ་རང་ལ་སྣང་བར་བྱས་ཏེ།། ་དེ་གོམས་པས་ཤེས་ཏེ་ཇི་སྐད་གསུངས་པའི་མ་ལ་གཞོལ་བས་ཟིན་པ་གཉིས་སུ་དབྱེར་མེད་པ་དེས་དུས་ཐམས་ཅད་དུ་དེ་ལ་ཁྱབ་པར་གནས་ཏེ། དེ་གཉིས་གསུངས་པ། ཐོག་མེད་དམ་པའི་འཁོར་ལོར་སྣང་བ་ཞེས་སོ། །རྟོག་པ་ལོ་གནས་སྣང ་བྱས་ཏེ། ཞེས་སྦྲུལ་བཞིན་དུ་སྣང་ལ། མེད་པའི་རྟོག་པ་དེ་ཉིད་ལོག་པར་བྱས་ནས་ཐག་པ་ལྟ་བུའི་རྟག་པ་ལ་སོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་རང་ལ་སྣང་བར་བྱས་ཏེ། དེ་གོམས་པ་ཅེས་ཏེ། ཇི་སྐད་གསུངས་པའི་མ་བཞིལ་ལ་བས་འཁོར་ལོ་དེ་གོམས ་པར་བྱས་ནས་དེ་ལྡོག་གོ་ཞེས་ཏེ། གཟུགས་ལ་སོགས་པ་འཁྲུལ་པའི་སྲིད་པའི་སྡུག་བསྔལ་དེ་ལྡོག་གོ་ཞེས་སོ། །གང་ཚོད་གང་གིས་མི་མཐུན་ཕྱོགས་ཞེས་པ་ནི་གང་གི་ཆེ་ན་རྣལ་འབྱོར་པ་གང་གི་རྒྱུད་ལས་སྲིད་པའི་སྡུག་བསྔལ་རྫུན་པ་ངོ་བོ་འཁྲུལ་པ་ནི་མི ་མཐུན་པའི་ཕྱོགས་སོ། །དེ་ཚེ་དེའི་དེ་ཡིས་འགག་ཅེས་ཏེ་དེའི་རྣལ་འབྱོར་བ་དེས་ཐོགས་པ་མེད་པའི་འཁོར་ལོ་བསྒོམས་པས་དེ་ཉིད་འགགས་ཞེས་སོ། །དེའི་དོན་ནི་འདི་ལྟ་སྟེ། རྟོག་པ་ནི་ཕྱོགས་ཀུན་ལ་ཁྱབ་པ་སྟེ། ཐོག་མ་མེད་པ་ནས་བརྟགས་པའོ། །ཟབ་མོ་དང་གསལ ་བའི་དཀྱིལ་འཁོར་དུ་སྣང་བའི་ཡིད་ལ་དེ་སྣང་བར་མི་རིགས་ཏེ། བཞི་རྣམ་པར་རྟོག་པའི་ཕྱིར་རོ། །དེ་བས་ན་བདེ་བ་དང་སྡུག་བསྔལ་དུས་གཅིག་ཏུ་མི་མཐུན་པ་བཞིན་ནོ། །འོ་ན་བྱམས་པ་ལ་སོགས་ཞེ་སྡང་ལ་སོགས་པ་འགག་པ་ལྟ་བུའི་མི་འགྱུར་རམ་ཞེ་ན། ་དེས་ན་བརྟན་དུ་ཟློག་བྱས་ཏེ་ཞེས་ཏེ་ཇི་ལྟ་བ་བཞིན་དུ་ཟློག་པའི་ཕྱིར་རྟོགས་པ་རྣམས་གཏན་དུ་དག་སྟེ། དེ་ལྟ་བུའི་སྣང་བ་སྐྱེ་མི་རིགས་ཏེ། དེ་ཉིད་རྫུན་པ་ཡིན་པའི་ཕྱིར། དེར་རྒྱུ་མཐུན་ཤིན་ཏུ་གོམས་ཕྱིར་རོ་ཞེས་པ་ནི་ཇི་སྐད་གསུངས་པའི་རིམ་པས། དེས་དེའི ་རྒྱུ་ལམ་རྣམ་པར་གོམས་པས་དེ་ཉིད་གསལ་བར་སྣང་བའི་ཕྱིར་ཅིག་ཤོས་སྣང་བར་མི་རིགས་སོ། །དམ་པའི་འཁོར་ལོ་ཞེས་པ་ནི་གོང་དུ་སྨོས་པའི་ཟབ་མོ་དང་གསལ་བའི་དེ་ཉིད་ཆོས་ཀུན་བདག་ཅེས་པ་སྟེ། ཆོས་ཐམས་ཅད་ལ་ཁྱབ་བདག་ཏུ་གྱུར་པའོ།། ་ནང་སྲིད་དག་པར་སྤྱོད་པའི་ཕྱིར་ཞེས་པ་ནི་རྒྱུ་བ་དང་མི་རྒྱུ་བའི་ཆོས་ཐམས་ཅད་གཟུང་བ་དང་འཛིན་པའི་རྣམ་པར་དག་པ་སྟེ། ཟབ་མོ་དང་གསལ་བའི་འཁོར་ལོར་སྔགས་པ་རྟག་ཏུ་སྤྱོད་བའི་ཕྱིར། སྲིད་པའི་སྡུག་བསྔལ་ཅན་དུ་ལོག་པར་བྱེད་དོ་ཞེས་སོ། །དེ་བས་ན་བྱམས་པ ་ལ་སོགས་པས་ཞེ་སྡང་ལ་སོགས་པ་སྐད་ཅིག་ཙམ་དུ་འཕགས་ཀྱང། ཡང་འབྱུང་དུ་མི་གཏུབ་པ་ཡིན་པའི་ཕྱིར་རོ། །དེ་བས་ན་འདིར་བྱང་ཆུབ་མངོན་དུ་འགྱུར་ཞེས་སོ། །དེའི་ཕྱིར་འདི་ལ་སྐབས་དང་འབྲེལ་བ་མེད་དོ། །དེ་ལྟར་ན་སྲིད་པའི་སྡུག་བསྔལ་ལྡོག་པར་འགྱུར་བའི ་ལམ་གཞན་ཡོད་པས་འཁོར་ལོ་འདིས་ཅི་ཞིག་བྱ་ཞེ་ན་དེའི་ཕྱིར་ལམ་དེ་ལས་ཚུལ་འདི་ཁྱད་པར་དུ་འཕགས་པར་གསུངས་པ་བསྐལ་པར་གནས་པ་ཞེས་པ་ལ་སོགས་པའོ། །བསྐལ་པར་གནས་ཀྱང་འབྲས་བུ་མེད་ཅེས་སོ། །སྦྱིན་སོགས་རིམ་བཞིན་ཟབ་མོར་ནི། །སྦྱིན ་རྫས་ཆུ་ལ་སོགས་རང་བཞིན་མེད་ཅེས་ཏེ། སྦྱིན་པ་ལ་སོགས་པའི་རང་བཞིན་མེད་པར་གོམས་པར་བྱེད་པ་ཁོ་ནའི་ཕྱིར་ཟབ་མོ་ཡིན་ནོ། །ཡང་དག་པར་གསལ་བ་མ་ཡིན་ནོ། །དེ་བས་ན་ཐ་མལ་པའི་རྟོག་པ་གསལ་བས་ཟློག་སྟེ། ཟབ་མོ་མ་ཡིན་ནོ། །གསལ་བ་རྣམ་པར་སྤྱོད ་པ་ནི་བདག་ཅག་རྣམས་ཀྱིའོ། །དེ་བས་ན་ཁྱེད་ནི་ཐ་མལ་པར་འགྱུར་ཞེས་མི་གསལ་གསལ་མི་འགྲུབ་ཞེས་སོ། །བྱང་ཆུབ་དུས་ཚད་མེད་པའི་ཕྱིར་ཞེས་པ་ནི། དེའི་གཞུང་གིས་བྱང་ཆུབ་བརྩལ་ནས་བསྐལ་བ་གྲངས་མེད་པ་གསུམ་འཛིན་པའི་ཕྱིར་ནི་རང་གི་དོན ་ཡུལ་དང་ས་བདག་ནི་ཞེས་ཏེ་ཁྱེད་ཀྱི་སྦྱིན་པ་ལ་སོགས་པའི་དངོས་པོ་བདག་ཉིད་རྣམས་ནི། མཁས་པ་ཐ་མལ་ཡིན་པར་བསྟན་ཞེས་སོ། །ཁྱོད་ཀྱི་ཡང་དེ་ལྟར་མི་འགྱུར་རམ་ཞེ་ན། སྣང་སྲིད་ཞེས་པ་ལ་སོགས་པའོ། །སྣང་སྲིད་ཆོས་བདག་དཀྱིལ་འཁོར་གྱིས་ཞེས་པ་ནི ་གོང་དུ་སྨོས་པའི་དཀྱིལ་འཁོར་གྱི་འཁོར་ལོ་མ་རྣལ་འབྱོར་པ་ཆེན་པོ་ཞིག་གིས་གོམས་པའི་སྟོབས་ཀྱིས་སྐད་ཅིག་འདིར་ནི་བྱང་ཆུབ་ཞེས་ཏེ། ཉིན་མཚན་དུ་སྦྱོར་བས་ཚེ་འདི་ཉིད་ལ་ཨིནྡྲ་བྷཱུ་ཧི་ལ་སོགས་པ་བཞིན་དུ་ཕུང་པོ་རྡོ་རྗེའི་ལུས་སུ་བརྗེ་བར་འགྱུར་རོ་ཞེས་སོ།། ་དེ་བས་ན་འདི་ནི་ཇི་ལྟ་བ་བཞིན་དུ་གནས་པའི་ལམ་སྟེ་སྐད་ཅིག་གིས་རྫོགས་པར་བྱེད་པའི་ཕྱིར་རོ། །ཁྱད་ཀྱིས་ཐ་མལ་པ་སྟེ། བསྐལ་པ་གྲངས་མེད་པ་གསུམ་ན་ཡང་འདི་ལྟ་བུའི་དོན་རྫོགས་པར་ཕྱེད་མི་ནུས་སོ། །ཞེས་སོ། །དེ་དག་གི་ཇི ་ལྟ་བར་ཐ་མལ་པར་འགྱུར་ཞེ་ན། སྦྱིན་རྫས་ཤེས་པ་ལ་སོགས་པའོ། །སྦྱིན་རྫས་ལ་སོགས་པ་མི་དམིགས་ཀྱང་ཞེས་པ་ནི་སྦྱིན་པའི་རྫས་དང་སྦྱིན་པ་བོ་དང་ལེན་པ་པོ་ལ་སོགས་པ་གསུངས་མི་དམིགས་པས་ཟབ་མོ་ཁོ་ན་ཡིན་ཡང ་སྦྱིན་པ་ལ་སོགས་པ་ཐ་མལ་བདག་ཅེས་པ་མི་དམིགས་པ་དེ་ཟབ་མོ་ཡིན་ཡང་སྦྱིན་པ་ལ་སོགས་པ་ནི་ཐ་མལ་པ་སྟེ། ཇི་སྟེ་ཀུན་རྫོབ་ཏུ་སོང་ན་འདུག་པ་དེ་གང་གིས་ཟློག་ནུས། དེ་བས་ན་ཁྱེད་ཀྱིས་ནི་ཐ་མལ་པའི་སྦྱིན་པ་ལས་འདས་པ་མ ་ཡིན་པ་དེ་བདག་མེད་པས་དམ་པའི་འཁོར་ལོ་མི་སྣང་ཞེས་ཏེ། སྦྱིན་པ་ལ་སོགས་པས་དེའི་ཁོ་ན་ཉིད་བླ་མའི་ཞལ་ནས་རྙེད་པར་བྱ་སྟེ། དེ་ལྟ་བུའི་དཀྱིལ་འཁོར་གསུམ་གྱི་དོན་རང་ཡིད་གང་གིས་བསྒོམ་མོ་བྱ་སྟེ་ཤེས་ཏེ་བསྒོམ་པར་བྱ་བ་མ་ཡིན་ནོ། དེའི་དོན་ནི་འདི་ལྟ་སྟེ། གཞན ་སྡུག་བསྔལ་གསུམ་གྱི་རང་བཞིན་གྱི་བསྐལ་པ་གྲངས་མེད་པ་གསུམ་བླ་ན་མེད་པའི་སངས་རྒྱས་ཐོབ་པ་རྣམས་ཀྱིས་འདི་ལྟ་བུ་དཔལ་དང་ལྡན་པ་ཀུན་ནས་བཀྲ་ཤིས་པའི་ངོ་བོ་འདི་གང་ཟག་གང་གིས་སྒོམ་པར་མི་བྱེད། ཁོ་ན་ཡིན་ཞེས་པའི་དོན་ཏོ།། །།ད་ནི་བླ་མ་ཆེན་པོ ་རྣམས་ཀྱིས་བརྩམས་པའི་ཆོས་དབང་པོར་བཞག་པས་གསུངས་པ་དམ་པའི་ཆོས་ཤེས་པ་ལ་སོགས་པའོ། །དམ་པའི་ཆོས་ཀྱི་རོ་མྱངས་པ་ཞེས་བྱ་བ་ནི་གཞུང་གི་ཆོས་ལ་བློ་རྣམ་པར་འབང་བའི་སྒོ་ནས་ཇི་ལྟ་བ་བཞིན་དུ་གནས་པའི་ཆོས་ཀྱི་རོ་མྱང་བ་ཅེས་པའི་དོན་ཏོ། །ཐོས ་པ་མང་པོས་ཕུན་སུམ་ཚོགས་པ་ཞེས་པ་ནི་བླ་མ་ནུས་པ་མཉེས་པར་བྱས་པ་སྟེ། ཕྱི་ནང་སྔགས་ཀྱི་རྒྱུད་ལ་སོགས་པ་མར་མེ་ལྟ་བུར་སྒོ་ནས་གསེར་ལྟ་བུའི་དོན་བླ་མའི་ཞལ་ནས་མང་དུ་ཐོས་པའོ། །དངོས་ཞེས་ན་སྐྱེས་བུ་དམ་པ་ཞེས་པ་ཏེ། འཕགས ་པ་ཀླུ་སྒྲུབ་ལ་སོགས་པའོ། །དེར་འདིར་ཚར་ནས་ཀྱང་ཞེས་པ་ནི། །དེ་རྣམས་ཀྱིས་རྣམ་པར་འདུ་བའི་ཆོས་དང་འདིར་བདག་གིས་འདིས་དབང་པོ་ལྟ་བུར་གཞན་ནས་སྒྲུབ་པའི་ཐབས་འདི། རང་གི་སེམས་ཀྱི་བརྩོན་འགྲུས་ཀྱིས ་བརྩམས་ང་རྒྱལ་གྱིས་མ་ཡིན་ནོ། །དེ་བཞིན་དུ་བདག་གིས་ཀྱང་བརྩོན་པར་གསུངས་པ། །བླ་མའི་གཞུང་ཞེས་པ་ལ་སོགས་པའོ། །དད་པས་རབ་ཏུ་གསལ་བར་བྱས་ཞེས་པ་ནི། འདིར་རིག་པ་ཡིན་ཏེ་བླ་མ་ཆེན་པོའི། ་གཞུང་བློ་ལ་རྣམ་པར་བཟུང་ནས་དད་པ་གསལ་བོར་བདག་གིས་བྱས་ཏེ། གཞན་མ་ཡིན་ཞེས་ཏེ་དད་པ་ལ་སོགས་ཞེས་པ་ནི་དད་པ་ལ་སོགས་པ་ནི། ཆོས་ལ་འཇུག་པའི་རྒྱུ་ཡིན་པའི་ཕྱིར་དེས་སྣོད་དུ ་རུང་བ་ཡོད་དེ། དེ་བས་ན་སྣོད་དུ་རུང་བའི་སྒོམ་པར་བྱ་བ་ལ་སྨྲ་བར་འོས་པ་མ་ཡིན་ཞེས་སོ།། །དེ་ཅིའི་ཕྱིར་ཞེ་ན། །དད་པ་རྣམ་པར་བརྩམས་པ་སྟེ། དད་པ་ནི་ཆོས་དཀར་པོའི་ཆོས་འཕེལ ་རྒྱུ་ཡིན་པའི་ཕྱིར་ན། དེ་ལ་སྨྲར་རུང་བ་མ་ཡིན་ནོ་ཞེས་སོ། །དེ་བས་ན་དད་པ་མེད་པའི་མི་རྣམས་ལ། དཀར་པོའི་ཆོས་རྣམས་ཡོངས་མི་སྐྱེ། །ས་བོན་མེ་ཡི་ཚིག་པ་ལ། །།མྱུ་གུ ་རྣམས་ནི་ཡོངས་མི་སྐྱེ། ཞེས་སོ། །ད་ནི་སློབ་དཔོན་གྱི་ང་རྒྱལ་གཞོམ་པ་གསུངས་པ།། །བློ་གྲོས་གཞན་ཡང་ཞེས་པ་ལ་སོགས་པའོ། །བདག་འདྲ་བའི་བློ་གྲོས་གཞན་པ་ལ། དོན་རབ ་ཏུ་རྟོགས་པ་ཡོད་སྲིད་ཅེས་སོ། །དེ་བཞིན་དུ་དྲིས་པའི་ཁ་ནས་ཚིག་སྙན་པ་བྱུང་སྲིད་པས། །འདིར་རང་གི་སེམས་ཀྱི་བརྩོན་འགྲུས་ཀྱིས་སོ། །ཞེས་སོ། །ཅིའི་ཕྱིར་ཞེ་ན། །མཆོག་ནི་སྐྱེས ་བུ་རྣམས་ཀྱི་གཞུང་ཞེས་པ་དེ་རྣམས་ལ་གཞུང་དུ་མ་འགའ་ཡོད་སྙམ་པའི་བློ་གཞན་པ་ལ་ཏེ་སྐྱེས་བུ་རྣམས་ཀྱིས་གཟུང་བར་མཛོད་ཅེས་སོ། དགེ་བའི་རྩ་བ་བསྔོ ་བ་གསུངས་པ། རིམ་པ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་དཀྱིལ་འཁོར་བྲིས་དགེ་བ་དེ་ཞེས་པ་ནི་གོ་རིམ་འབྲེལ་ཞིང་ཚ་བའི་བར་དུ་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས ་བྲིས་པའི་དགེ་བ་ཁ་བ་དང། ཟླ་བའི་འོད་ལྟ་བུ་དེས་འཇིག་རྟེན་པ་རྣམས་འཇམ་པའི་རྡོ་རྗེའི་གོ་འཕང་ཐོབ་པར་གྱུར་ནས། དེའི་སྟོབས་ཀྱིས་བདག་ཀྱང་འཇམ་དཔལ་གྱི་གོ་འཕང་དམ་པ་ཟབ་མོ ་རྒྱ་ཆེ་བ་མི་གཉིས་པ། འཁོར་ལོ་བ་ཇི་སྲིད་ཡོད་པ་དེ་སྲིད་ཀྱི་བར་དུ་རོ་མྱོང་ཚ་བའི་བདག་ཉིད་བརྒྱད་དང་ལྡན་པས་བཞུགས་པ་དེ་ལྟ་བུ་བདག་གིས་རྒྱུད་ལས་དེ་ལྟ་བྱུང་བར་གྱུར། གཅིག་ཅེས་བསམས་པ་ལས ་བྱུང་བའི་དགེ་བའི་རྩ་བ་བསྔོ་བའོ། །ད་ནི་རབ་ཏུ་ཕྱེད་པ་འདིའི་གཞུང་གི་ཤལཽ་ཀའི་ཚད་བསྟན་པའི་ཕྱིར་གསུངས་པ། ཚིག་བདུན་པའི་ཞེས་པ་ལ་སོགས་པའོ། །དེ་ལ་ཚིག་བདུན་པའི་ཚིགས་སུ་བཅད ་པ་བཞི་བརྒྱ་དང་ལྔ་བཅུ་ཐམ་པ་སྟེ། དེས་རབ་ཏུ་འབྱེད་པ་འདི་བསྒྲུབས་སོ་ཞེས་ཤེས་པར་བྱའོ། །དེ་དངོས་གང་ཞེ་ན་འཇིག་རྟེན་སྒྲོན་མ་ཞེས་བྱ་སྟེ། དེ་ལ་འཇིག་རྟེན་ནི་སེམས ་ཅན་རྣམས་ཏེ། དེ་ལ་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ལོའི་དོན་གསེར་ལྟ་བུའི་ཤལཽ་ཀ་དེ་རྣམས་སྒྲོན་མ་ལྟ་བུས་སྟོན་པ་དེའི་ཕྱིར་ཏེ་དེ་ལ་དེ་སྐད་ཅེས་བྱའོ། །དཀྱིལ་འཁོར ་སྒྲུབ་ཐབས་བརྩམས་པར་ཞེས་པ་ནི་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་སྒོ་ནས་ཐམས་ཅད་དེ་དཀྱིལ་འཁོར་གྱི་འཁོར་ལོ་མི་སྣང་བ་དེའི་ཕྱིར་ཐ་མལ་པའི་རྟོགས་པས་བརྩམས་པའོ་མ་ཡིན་ནོ། །དེ་ཉིད་ཟབ ་མོ་སྟེ། ཟབ་མོ་ནི་ཕན་འདོགས་པའི་རྒྱུ་མ་ཡིན་ནོ། །དེའི་ཡན་ལག་ཏུ་གྱུར་པ་སྟེ། སྣང་བའི་ཕྱིར་རོ། །དེ་ཡང་དག་པར་བསལ་བ་ནི་ཐ་མལ་པའི་རྟོག་པ་ཐམས་ཅད་རྣམ་པར ་འཇོམས་པ་ཡིན་ནོ། །རྟོག་པ་ཐམས་ཅད་ལོག་པ་དེ་ཉིད་ཟབ་མོ་ཞེས་ཏེ། དད་པ་མ་ཡིན་པའི་ཕྱིར་རོ། །དེ་བས་ན་ཡང་དག་པར་གསལ་བ་ཟབ་མོའི་དཀྱིལ་འཁོར་དེ་ཉིད་བསམ་པར་བྱས ་ནས་གདོང་འབྲས་བུའི་སྐལ་བ་ཅན་དུ་གྱུར་ཏེ། གཞན་རྣམས་ཀྱིས་དེ་ལྟ་བུ་གྲུབ་པ་མ་ཡིན་ནོ་ཞེས་སོ། །དེ་བས་ཀུན་རྟོག་བཅོམ་ནས་སུ་ཞེས་པ་ནི་ལམ་གྱི་རིམ་པ་གང་གིས། ཡང་དག ་པར་མ་ཡིན་པ་རྣམས་བཅོམ་ནས་ཀུན་ཏུ་འོད་ཟེར་འཕྲོས་ནས་ལྡན་པ་ཞེས་ཏེ། ཆོས་དང་ཕྱོགས་ཀུན་ལ་འོད་ཟེར་ལྟར་ཁྱབ་པའི་འཁོར་ལོ་ཇི་ལྟ་བུ་ཞེ་ན་ཀུན་ཏུ་བཟང་པོ་ཞེས་ཏེ་སྐྱོན་གྱིས་གདོང་མ་ནས་མ་གོས ་པའི་ཕྱིར་རོ། །དེ་བསམས་ན་གདོད་བྱང་ཆུབ་སྐལ་པ་དང་ལྡན་པར་འགྱུར་རོ་ཞེས་སོ། །ཐམས་ཅད་དེ་ཁོ་ནའི་རང་བཞིན་པའི་ཕྱིར་རོ། །དེ་བས་ན་དམ་པ་རྣམས་ཀྱི་ལམ་ཡིན་པར་གསུངས ་པ། དེའི་ཕྱིར་ཞེས་པ་ལ་སོགས་པའོ། །དེའི་ཕྱིར་དཀྱིལ་འཁོར་གྱི་འཁོར་ལོ་བསྟན་ཞེས་པ་ནི་ཐབས་དེས་ཀྱང་བྱང་ཆུབ་ཀྱི་སྐལ་པར་འགྱུར་བ་དེའི་ཕྱིར་སྙིང་རྗེ་ཆེན་པོ་དང་ལྡན་པས། ་ཇི་སྐད་གསུངས་པའི་དཀྱིལ་འཁོར་གྱི་འཁོར་ལོ་བསྟན་པ་ཡིན་ནོ་ཞེས་སོ། །དེ་ཉིད་གསུངས་པ་ཆོས་དང་ལོངས་སྤྱོད་སྤྲུལ་པ་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་དང། དེ ་བཞིན་ཉིད་ནི་ཆོས་སྐུའོ། །མཚན་དང་དཔེ་བྱད་དུ་ལྡན་པ་གཙང་མ་ནས་གནས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །ཚངས་པ་ལ་སོགས་པའི་གཟུགས་ཇི་ལྟར་ཕན་པར་བཞུགས་པ་ནི ་སྤྲུལ་པའི་སྐུའོ། །དེ་རྣམས་སྐུ་གསུང་ཐུགས་ཀྱི་གསང་བ་ནི་སྐུ་གསུམ་རིམ་པར་དག་ཞེས་ནི་གསང་བ་འདུས་པ་ལས་ཏེ། ཆོས་ཀྱི་སྐུ་རྣམ་པར་དག་པར་ཐུགས་ཀྱི་དཀྱིལ་འཁོར་རོ། ་ལོངས་སྤྱོད་རྫོགས་པའི་སྐུས་རྣམ་པར་དག་པ་ནི་གསུང་གི་དཀྱིལ་འཁོར་རོ། །སྤྲུལ་པའི་སྐུའི་རྣམ་པར་དག་པ་ནི་སྐུའི་དཀྱིལ་འཁོར་ཞེས་སོ། །དེ་བས་འདི་ཉིད་སྔོན་དུ་གྱུར་པས་ཐམས ་ཅད་མདོར་བསྡུས་པར་གསུངས་པ་སྐུ་གསུམ་ཞེས་པ་ལ་སོགས་པའོ། །སྐུ་གསུམ་ཞེས་པ་ན་གོང་མའི་དེ་ཉིད་དོ། །དེའི་ཁྱད་པར་ཡེ་ཤེས་ལྔ་ཞེས་པ་ནི་མེ་ལོང་ལ་གཟུགས་བརྙན་སྣང་བ་བཞིན་དུ་སྣང ་བ་མ་ལུས་པ་ཅིག་ཅར་སྣང་བ་བཞིན་དུ་བཅིངས་ཡོངས་སུ་ཞེས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །སེམས་ཅན་ཐམས་ཅད་མཉམ་པའི་ཡེ་ཤེས་བརྩམ་མོ། །ཞེས་པ་རྣམ་པ་གཅིག་ཏུ་རྟོགས་པ་ནི་མཉམ་པ་ཉིད་དོ། ་ཕྱི་ནང་གི་སྣང་བ་རྣམས་སོ་སོར་རྣམ་པར་བརྟགས་ན་ཐམས་ཅད་དོ། །སངས་རྒྱས་པར་ཤེས་ནས་ཆོས་ཐམས་ཅད་ཀྱི་ཆ་འདི་དག་ཅེས་པདྨའི་འདབ་མ་བཞིན་རྟོག་ཅིང་རྟོག་པ་མེད་པ་ནི་སོ་སོར་རྟོག་པའོ། །བདག་དང་གཞན་གྱི་ལུས་ངག ་ཡིད་ཀྱི་ལས་རྫོགས་པར་བྱེད་པ་བྱ་བ་སྒྲུབ་པའོ། །ལུས་ངག་ཡིད་ཀྱི་སྒྲིབ་པ་དང་གྲོལ་ཏེ། རྣམ་པར་རྟོག་པའི་བག་ཆགས་སྦྱངས་པ་ནི་ཆོས་ཀྱི་དབྱིངས་ཏེ། དེ་རྣམས་གོ་རིམ་བཞིན་དུ་འདིར་རྟག་པ་ལ་སོགས་པའོ། །དེ་རྣམས་འཁོར་ལོ་རྣལ་འབྱོར་གྱི ་བསྒྲུབ་བྱ་ཞེས་པ་ནི་དེ་དག་བླ་མ་དམ་པས་འབྲས་བུ་ཐོབ་པའི་སྡོམ་པ་བྱིན་ནས། དེ་ལ་བརྟེན་ནས་དཀྱིལ་འཁོར་དེ་བསྒྲུབ་པ་ཞེས་སོ། །དེའི་འབྲས་བུ་ནི་རྣམ་པ་ཐམས་ཅད་མཁྱེན་པ་འགྲུབ་ན་ཞེས་པ་རྡོ་རྗེ་འཛིན་པ་ཆེན་པོ་ཤེས་བྱའི་རྣམ་པ་ཐམས་ཅད་མཁྱེན ་པ། དེ་ལྟ་བུ་འགྲུབ་ནས་མ་གྲུབ་པ་ཅེས་གང་ཡང་མེད་ཅེས་ཏེ། རིགས་འཛིན་ལ་སོགས་པའོ། །ས་འོག་མ་པ་རྣམས་ཀྱིས་སངས་རྒྱས་ལ་སོགས་པ་ཡང་རྩོམ་པ་མེད་པ་ཐོབ་ཞེས་གསུངས་པས་སངས་རྒྱས་ལ་སོགས་པའོ། །སངས་རྒྱས ་ཞེས་པ་ནི་ས་འོག་མ་པའི་འོ། །ཕྱི་རོལ་ཕྱིན་འགྲུབ་ཞེས་པ་ནི་ས་འོག་མ་པའི་འོ། །ཕྱི་རོལ་འགྲུབ་ཞེས་པ་ནི་སྦྱིན་པ་ལ་སོགས་པའོ། །གཟུངས་དང་ཞེས་པ་ནི་ཚིག་གཟུངས་ལ་སོགས་པའོ། །ས་རྣམས་ཞེས་བྱ་བ་ནི་རབ་ཏུ་དགའ་བ ་ལ་སོགས་པ་སྟེ། །དེ་རྣམས་ཀྱང་བདེ་ཆེན་ཐེག་པ་འདི་ལས་ནི་ཞེས་པས་ནི་དཀའ་ཐུབ་ལ་སོགས་པ་སླང་བའི་བདེ་བ་དེ་ཉིད་ཀྱིས་གོ་འཕངས་དམ་པ་ཐོབ་པའི་ཐེག་པ་འདི་ལས་ཤེས་སོ། །སོ་སོ་རང་ཡིད་རྗེས་ལས་གྲུབ་ཞེས་པ་སྟེ། འབད་པ་དང་རྩོལ་བ ་མེད་པ་ཁོ་ན་བདེ་བ་ཆེན་པོའི་གོ་ཁོ་ནར་རྟོགས་པའི་སྟོབས་ཀྱིས་ཐམས་ཅད་འགྲུབ་པ་ལ་ཐོགས་པ་མེད་ཅེས་སོ་མཐར་ཐུག་པ་དེ་ཉིད་རྟོགས་པའི་ཕྱིར་རོ། །ད་ནི་དེ་ཁོ་ན་ལ་བརྟན་པོར་བྱས་པ་གསུངས་པ་དེ་ལྟར་ཞེས་པ་ལ་སོགས་པའོ། ། ་དེ་ལྟར་དཔལ་དང་ལྡན་པའི་རྣལ་འབྱོར་པ་ཆེན་པོས་དེའི་དོན་ཤེས་པར་བྱས་ནས་རང་ཉིད་ཆོས་ནི་འཕགས་པ་ལུས་ཞེས་པ་ན་རང་གི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་རྟག་པ་ལ་སོགས་པའི་འཕགས་པའི་འདུས་པའི་རང་བཞིན་རྙེད ་པ་ནས་དེའི་སྒྲུབ་པའི་ཐབས་རྙེད་དོ། །བརྩམས་སོ་ཞེས་སོ་གཞན་རྣམས་ཀྱང་མ་བསྟན་པ་མ་ཡིན་མོད་ཀྱི་དེའི་ཡན་ལག་ཏུ་གྱུར་པའི་ཕྱིར་རོ། །སངས་རྒྱས་ཡེ ་ཤེས་ཞབས་ཀྱི་གཞུང་ལུགས་གསལ་ཚིག་ནི། །བླ་མ་དམ་པའི་བཟང་པོའི་ཞབས་ཀྱིས་རྣམ་པར་བཤད། །དེ་ཟེར་རིམ་པས་སྨན་པའི་ཞབས་ལ་ཅུང་ཟད་ཕོག་།དེ་བས་འདི ་ནི་དོན་ཡོད་བསམས་ནས་རྣམ་པར་བཤད། །དེ་ལས་གྱུར་པ་དགེ་བ་ཟླ་འདྲ་དེ་ཡིས་ནི། །འཇིག་རྟེན་མ་ལུས་འདི་རྣམས་མ་རིག་བསལ་བྱས་ཏེ། །སྐྱེ་བའི་རྒྱ་མཚོ ་ལས་གྲོལ་དཀྱིལ་འཁོར་གྱི། །ལམ་གྱིས་རྡོ་རྗེ་འཛིན་པའི་ས་ལ་གནས་གྱུར་ཅིག། །།དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས། འཇིག ་རྟེན་སྣང་བྱེད་ཞེས་བྱ་བའི་རྣམ་པར་བཤད་པ། སློབ་དཔོན་ཆེན་པོ་པི་ཏཱ་པཱ་དས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུ་ཧཡ་དང། ་ཞུ་ཆེན་གྱི་ལོཙྪ་བ་མངའ་བདག་ཡེ་ཤེས་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །མང་ག་ལཾ། །། ་