| Wylie | e-texts based on the ACIP/ALL Input |
ཤོག། །།སྟབས་སྟབས་ཀྱི་བཀོད་པ་སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།*། (།དཔལ་བསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་མར་མེ་མཛད་བཟང་པོའི་ཞལ་སྔ་ནས་མཛད་པ་བཞུགས་སོ།། །།) ་!། །རྒྱ་གར་སྐད་དུ། ཤྲཱི་གུ་ཧཡ་ས་མ་ཛ་མཎྜ་ལ་བི་དྷི་ནཱ་མ། བོད་སྐད་དུ། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། །བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །ཤེས་བྱ་སོགས ་སྒྲིབ་ལས་ངེས་གྲོལ། །མེ་ལོང་ཡེ་ཤེས་ལ་སོགས་ལྡན། །འཇམ་དཔལ་གསང་བའི་འཁོར་ལོ་མཆོག་།བཏུད་དེ་བདག་དྲན་ཕྱིར་དེ་བཤད། དཔལ་ལྡན་འདུས་པའི་གཞུང་དམ་པ་།འཁོར་ལོའི་མན་ངག་ཡིན ་པ་འདིས། །ཆུ་ཐོག་རྗེས་གནང་ཐ་མ་ཡིས། །གང་ཞིག་དབང་བསྐུར་དེ་ནས་བླང། །གསང་བའི་འཁོར་འདིར་དེ་ཉིད་ཐོབ། །གསང་དང་ཤེས་རབ་དབང་བསྐུར་བས། །གསང་ཤེས་རྣལ་འབྱོར་དེ་ཉིད་ཤེས། །ཐེག་གསུམ་དགོངས་པའི ་ཉིད་ཤེས། །རིག་དང་སྙིང་པོ་སྔགས་ཕྱག་རྒྱ། །ཏིང་ངེ་འཛིན་ནི་གསུམ་དག་དང། །ཐུན་མོངས་ཅིག་ཤོས་དངོས་གྲུབ་དང། །རྒྱུད་གཞུང་གི་ནི་རྣམས་དབྱེ་ཤེས། །དམ་ཚིག་ལྡན་ཞིང་སྡོམ་པ་གནས། །ཤེས་རབ་རྣལ་འབྱོར་ལ་རབ་བརྩོན། ། ་སྔགས་དང་རྒྱུད་ཀྱི་སྦྱོར་བ་མཁས། །སེམས་ཅན་དོན་སྒྲུབ་འོས་པ་ཡིན། །གཏོང་བརྟན་ལ་སོགས་ལྡན་གྱུར་ཀྱང། །སྔར་བཤད་ཡོན་ཏན་མི་ལྡན་ན། །འདི་ནི་འགྲོ་དོན་འོས་མིན་ཏེ། །དེ་ཡི་ཡོན་ཏན་འདི་མཆོག་ཡིན། །བརྩེད་ལྡན་བརྟུལ ་ཞུགས་བཟང་ཟློས་ལྡན། །དད་ལྡན་ཟབ་མོ་དེ་ཉིད་ཤེས། །རང་གི་འཁོར་གནས་སྔོན་སྙེན་པ། །བྱས་ནས་དཀྱིལ་འཁོར་བྲི་བར་བྱ། །ཡིད་དང་རྗེས་མཐུན་གནས་ལ་ལར། །ཙན་དན་མཆོག་ལ་སོགས་པས་བྱུང། །མེ་ཏོག་དྲི་བཟང་བཅལ་? ་པར། །ནང་པར་དང་པོར་འདུག་ནས་ནི། །རྣམ་ཐར་སྒོ་ནི་ལེགས་ངག་ཕྱིར། །སྙིང་གར་མཾ་ནི་འོད་འབར་བ། །བསམས་ནས་དགེ་བ་མངོན་འཕེལ་ཕྱིར། །བཤགས་ལ་སོགས་པ་རབ་ཏུ་བྱ། །ཕྱོགས་བཅུར་དུས་གསུམ་བྱུང་བ་ཡི། །སངས་རྒྱས ་རྣམས་ཀྱི་མདུན་གནས་ཏེ། །སྙིང་པོའི་འོད་བྱུང་གཟུགས་ལ་སོགས། །མཆོད་པ་ཆོག་བཞིན་དུ་བྱ། །རང་གི་ལོ་ཏོག་ཙམ་ལས་བྱུང། །ཉེས་བྱས་དུས་གསུམ་བྱས་པ་རྣམས། །རྨི་ལམ་རྨི་ལམ་སོགས་བཞིན་ཀུན། །ལན་གསུམ་ངག ་འཆགས་པར་བགྱིད། །རྫོགས་སངས་སྲས་མཆོག་འཕགས་རྣམས་དང། །གཞན་གྱི་དགེ་བ་དམ་པ་གང། །མ་ལུས་ལ་བདག་ཡི་རང་ཞིང། །རྫོགས་བྱང་ཆུབ་ཏུ་རྗེས་བསྔོ་བགྱི། །ཀུན་འདོད་དབུགས་འབྱིན་སྩོལ་མཛད་པའི། །སངས་རྒྱས་ཀུན་ལ་བདག་བསྐུལ་བ། ་བསྟན་པ་ནམ་མཁའ་ཨི་མཛའ་མཉམ་པ། །འཇིག་རྟེན་ཀུན་སྡིག་མེད་སྣང་མཛོད། །ཀུན་རྟོག་མ་ལུས་དག་གྱུར་ཅིག་།རང་རིག་དགའ་བ་ཐུགས་ཆུད་ལ། །རང་གཞན་དོན་གྱི་འབྲས་བུ་སྩོལ། །རྫོགས་སངས་རྒྱས་ལ་སྐྱབས་སུ་མཆི། །སེམས་མཆོག ་དམ་ཆོས་མ་ལུས་པ། །ལུང་དང་རྟོགས་པའི་བདག་ཉིད་ཅན། །དམ་པའི་ཕུན་ཚོགས་གནས་བསམ་ཡས། །བདག་ནི་ཡང་དག་སྐྱབས་སུ་མཆི། །མི་ལྡོག་དབུགས་འབྱིན་འཐོབ་གྱུར་ཅིང། །རྒྱུ་མཐུན་ལ་སོགས་འབྲས་བུར་ལྡན། །གསང ་པའི་དབང་བསྐུར་ལས་བྱུང་ཉིད། །ཚོགས་ལའང་བདག་ཉིད་སྐྱབས་སུ་མཆི། །ཐུབ་དབང་སྲས་ཀྱི་ལམ་གྱི་མཆོག་།སྤྱོད་པ་ཐོགས་མཛའ་མེད་རྟོགས་བྱེད། །ཀུན་སངས་རྒྱས་བདག་བློ་མཆོག་གིས། །དེ་བསད་ནི་གནས་པར་བགྱི། །སྒྲིབ་པ་ཐམས་ཅད ་ཡང་དག་གསོལ། །ཡེ་ཤེས་མཛའ་ཡས་བདུད་རྩིའི་གནས། །འཁྲུལ་པའི་ལྟ་བ་རབ་རྟོགས་ཕྱིར། །རྣམ་ཀུན་བྱང་ཆུབ་སེམས་བསྐྱེད་དོ། །བྱང་ཆུབ་སེམས་དང་སངས་རྒྱས་ཉིད། །རྒྱུ་དང་འབྲས་བུར་མ་ཆགས་ཉིད། །སོ་སོ་རང་རིག་ཆོས་ཡིན ་ཕྱིར། །སྟོང་པའི་ཡེ་ཤེས་བདག་ཅན་བདག་།ོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ཧཱུཾ་མཛད་ཡང་ན་གཙུག་ཏོར་རམ། །རྣམ་པར་སྣ་མཛད་ལ་སོགས་ཉིད། །ཁྲོ་བོའི་འཁོར་ལོར་གནས་སྲུང་ཕྱིར། །བསམས་ལ་བགེགས་ནི་རབ་ཏུ ་གཞོལ། །དེ་ནས་ཆོས་ཀྱི་དབྱིངས་བསམས་ཏེ། །ཟུར་གསུམ་དཀར་ཞིང་གྱེན་དཀར་གནས། །ཕྱོགས་ཀྱི་འཁོར་ལོར་སྣ་ཚོགས་འོད། །མཁའ་ནང་འོག་པར་རྡོ་རྗེ་གནས། །དེར་བྲུཾ་འཁོར་ལོ་ལས་བྱུང་བའི། །རིག་བཅས་རྣམ་སྣང་ལས་བྱུང་བ།། ་སངས་རྒྱས་སྤྲོས་ཚོགས་མཁའ་ཁྱབ་པ། །ཟུར་བཞི་ལ་སོགས་ཡང་དག་ལྡན། །སྣ་ཚོགས་པདྨ་ལྷ་ཡི་གདན། །ཟླ་བ་ཉི་མས་ལེགས་མནན་པ། །རིན་ཆེན་དམ་པ་ཀུན་གྱིས་བརྒྱན། །གཞལ་ཡས་ཁང་པ་རབ་བསམ་བྱ། །དབྱངས་ཡིག་མཆོག ་དང་ཡང་དག་ལྡན། །ཀ་སོགས་དཔེ་བྱད་འོད་ཟེར་ཅན། །དབུས་མའི་ཟླ་བ་གདན་ལ་སེམས། །ཡེ་ཤེས་ཟླ་བ་རྣམས་བསྒོམས་དེར། །དང་པོའི་སྙིང་ལས་བྱུང་རྡོ་རྗེ། །དམར་ཞིང་དང་པོའི་སྙིང་པོར་ལྡན། །སྤྲུལ་པས་འགྲོ་བའི་དོན་བྱས་ནས། །བདག་ཉིད་དེ་ཡི་ང ་རྒྱལ་ལྡན་།སྐུ་དང་ཞལ་མཆོག་ཤེས་ཟླ་འདྲ། །གཡས་པ་བསྔོ་ལ་ཅིག་ཤོས་དམར། །རྣམ་པ་ཀུན་མཆོག་རྒྱ་ཆེ་ཞིང། །ཡོན་ཏན་ན་བཟའ་བརྒྱན་མཆོག་ལྡན། །རྡོ་རྗེ་སྐྱིལ་ཀྲུང་ལེགས་པར་བཞུགས། །ཕྱག་གཉིས་ཤེས་རབ་མཆོག་ལ་འཁྱུད། །ཕྱག ་གཡས་རྡོ་རྗེ་རལ་གྲི་སྟེ། །གཡོན་ན་རིན་ཆེན་པདྨར་ལྡན། །དཔལ་ལྡན་ཤེས་རབ་ཐབས་བདག་ཉིད། །འགྲོ་བའི་ཕུན་ཚོགས་རྣམས་ཀྱི་གནས། །ཀུན་ཏུ་བཟང་པོ་འོད་འཕྲོ་པར། །བདག་ཉིད་རྣམ་པར་བསྒོམ་པར་བྱ། །དེ་ནས་འདོད་ཆགས་ཆེས་འདུལ ་པའི། །སྣོད་ཀྱིས་འཇིག་རྟེན་མཐོང་བ་དང། །དགའ་བའི་སྒྲ་ཡིས་རང་ནང་དུ། །རྒྱལ་བའི་ཚོགས་རྣམས་གཞུགས་པར་བྱ། །དེ་ནི་སྤྱན་སོགས་རིག་མཆོག་དང། །གཟུགས་སོགས་ཡུལ་གྱི་བདག་ཉིད་ཀྱི། །ལྷ་མོ་དགུ་རུ་ཕྱུང་ནས་ནི། །རང་གི ་རིག་པའི་ནང་དུ་གཞུག་།རང་རིག་པདྨའི་ལྟེ་བ་རུ། །རབ་དགའ་ལས་བྱུང་དཀྱིལ་འཁོར་ནི། །སྤྲུལ་ནས་འདིར་ནི་འགྲོ་བ་ཀུན། །དབུགས་ཕྱུང་ཕྱིར་ནི་གཞུག་པར་བྱ། །མཁའ་ཁྱབ་སངས་རྒྱས་བཤེས་གཉེན་མཆོག་།རང་རྡོ་རྗེ་ནང་ཞུ ་ལས་བྱུང། །མི་ལྡོག་ཕྱིར་དང་དེ་ཉིད་ཀྱི། །ཡེ་ཤེས་འབྲས་ཕྱིར་དབང་བསྐུར། །དབུགས་ཕྱིན་འགྲོ་བ་ད་མཐོང་ནས། །དེ་ཡི་དངོས་དབྱུང་ས་བོན་གྱིས། །སེམས་ཅན་ཐམས་ཅད་ཕྱུང་ནས་ནི། །འགྲོ་བ་སེམས་བདག་དངོས་ལས་བྱུང། །ས་ཡི ་སྙིང་པོ་ལ་སོགས་དྲུག་།མིག་སོགས་རང་གི་ངོ་བོར་བྱུང། །ཀྵིཾ་ཛྲི་ཁཾ་གཾ་ཥྐཾ། གཞན་ཡང། སཾ་ནི་རིམ་བཞིན་ས་བོན་ཡིན། །གཟུགས་ཀྱི་རྡོ་རྗེ་ལ་སོགས་དྲུག་།ཕྱི་ནང་བདག་ཉིད་ངོ་བོར་བྱུང། །ཛ(རྒྱུད་འགྲེལ་སྤྱན་ལ་སོགས་པའི་རིགས་པ་དེ། །ས་ལ་སོགས་པའི་ངོ་བོར་བྱུང། །ལཾ་མཱཾ་བཾ་ཏཱཾ་འདི་དག་གིས། །འགྲོ་ཆོས་བདག་ཉིད་དེ་ཉིད་སྐྱེས། །རྟགས་པ་ལ་སོགས་རྫོགས་སངས་རྒྱས། །གཟུགས་སོགས་ཕུང་པོའི་ངོ་བོར་བྱུང། །བྲུཾ་ཨཾ་ཛྲཾ་བཾ་ཧཱུཾ་རྣམས ་ཀྱིས། །ཆོས་རྣམས་ཐམས་ཅད་ཡང་དག་དབྱུང། །དེ་ནས་ཨོཾ་ཨ(རྒྱུད་འགྲེལ་ཞུ་བར་བྱས། །བཤེས་མཆོག་ལྟར་སྣང་ཕྱོགས་ལྷ་མོ། །ཀླུ་ཡི་གསོལ་བས་ལེགས་པར་བསྐུལ། །སེམས་ཅན་ཁམས་ན་གནས་ཀྱི་ཁྱོད་ནི་དབང་ཕྱུག་རྡོ་རྗེའི་ཐུགས། །དགའ་བས་ཡིད་འོང་དོན་ཆེན་འདོད་པས་བདག་ལ་སྐྱབ་ཏུ་གསོལ། །མགོན་པོ་གལ་ཏེ ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །སེམས་ཅན་ཡབ་ཆེན་གཉེན་མཆོག་བདག་ལ་དགྱེས་པར་མཛད་དུ་གསོལ། །རྡོ་རྗེ་སྐུ་ཁྱོད་བཀའ་ཡི་འཁོར་ལོ་སེམས་ཅན་ཀུན་ལ་ཕན། །སངས་རྒྱས་དོན་དུ་བྱང་ཆུབ་མཆོག་དོན་རབ་ཏུ་ཕན་པར ་གཟིགས། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །འདོད་ཆགས་དམ་ཚིག་ཆགས་པས་བདག་ལ་དགྱེས་པར་མཛད་དུ་གསོལ། །ཁྱོད་ནི་རྡོ་རྗེ་གསུང་སྟེ་ཀུན་ལ་ཕན་ཞིང་ཐུགས་བརྩེ་བ། །འཇིག་རྟེན་དག་གིས་དགོས ་པའི་དོན་མཛད་པ་ལ་རྟག་ཏུ་བརྩོན། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །སྤྱོད་པ་དྲི་མེད་ཀུན་ཏུ་བཟང་པོས་བདག་ལ་དགྱེས་པར་མཛོད། །ཁྱོད་ནི་རྡོ་རྗེ་འདོད་པ་དམ་ཚིག་མཆོག་གི་ཕན་དོན་ཆེ། །ཡང་དག་རྫོགས ་སངས་རྒྱས་ཀྱི་གདུང་མཆོག་མཉམ་ཉིད་གཟིགས། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །ཡོན་ཏན་རིན་ཆེན་མང་པོའི་གཏེར་གྱུར་བདག་ལ་དགྱེས་པར་མཛོད། །སློང་བར་བྱེད་པའི་དོར་བྱས་པས། །ཞུ་བ་?་པ་ལྟར ་མཐོང་སྟེ། །དངོས་རྣམས་སྒྱུ་མ་ལྟར་རིག་ནས། །རང་སྔགས་དོན་དུ་སླར་ཡང་གྱུར། །ཞལ་མཆོག་གུར་གུམ་ལྟ་བུ་སྟེ། །གཡས་པ་སྔོ་ལ་ཅིག་ཤོས་དཀར། །རྒྱན་དང་ཆ་ལུགས་གཞོན་ནུ་འདྲ་།ཤེས་རབ་དགའ་བས་ཅིག་རེཾ་མཛེས། །རང་སྣང་ཤེས་པ ་ལྡན་གྱུར་ཅིང། །ཕྱག་གཉིས་ཤེས་རབ་དམ་པ་འཁྱུད། །རལ་གྲི་འོད་ལྡན་མངའ་ཡི་མཆོག་།ུཏཔལ་སྔོན་གཞུ་ཕྱག་ན་བསྣམས། །རངས་རྒྱས་སྤྲིན་གྱི་སྤྲུལ་འཕྲོ་བས། །འགྲོ་བ་གསུམ་གྱི་དོན་རྫོགས་པ། །རང་གི་ས་བོན་མཚན་ལས་བྱུང། །འཛཾ ་པའི་རྡོ་རྗེར་རང་ཉིད་གྱུར། །སྲིད་པར་ཆགས་པས་མཛའ་ཡས་ཤིང། །ཞི་བར་ཆགས་ན་འབྱོར་ཉམས་འགྱུར། །སྒྱུ་མས་བསྙེན་པ་ཡང་དག་བྱས། །ཆོས་བྱིངས་བདག་ཉིད་ཅན་དུ་འགྱུར། །ོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། བཤེས་གཉེན ་དམ་པས་རྒྱུ་མཐུན་བྱས། །སྨིན་ལས་ཐམས་ཅད་མཁྱེན་ཉིད་འགྱུར། །དེ་ནི་མིག་སོགས་བྱིན་བརླབ་པ། །ཉེ་བར་བསྒྲུབ་པ་ཡིན་པར་འདོད། །ས་སྙིང་རྡོ་རྗེ་ཅན་མཁའ་སྙིང། །འཇིག་དབང་སྒྲིབ་སེལ་ཀུན་ཏུ་བཟང། །དེ་ནས་ས་བོན་རྣམས་ཀྱིས་ནི། །མིག་ལ ་སོགས་པ་ཡང་དག་དགང། །སྐྱེས་བུ་བསྐྱེད་པ་ཆོས་ལོངས་སྤྱོད། །སྤྲུལ་པ་ལས་བྱུང་འགྲོ་དོན་ཉིད། །ཐུགས་ཀྱི་གསུང་སོགས་བྱིན་གྱིས་བརླབ། །དེ་བས་སྒྲུབ་པའི་དོན་དུ་འགྱུར། །རང་ཉིད་ལྐོག་མ་སྤྱི་བོའི་ཟླར། །ཧཱུཾ་ཨཱ(རྒྱུད་འགྲེལ་རྡོ་རྗེ་ཆུ་སྐྱེས་འཁོར་ལོ་ཡི། །དབུས་གནས་ཐུགས་སོགས་གསང་བ་བསྒོམ། །དེ་ཐུགས་ཤེས་རབ་ཡན་ལག་འདུས། །འོད་ཀྱི་གཟུགས་ནི་རྡོ་རྗེ་སོགས། །འོད་ཀྱིས་ཕྱོགས་དུས་ཀུན་མཆོད་ཅིང། །མ་ལུས་གཙོལ་ཁྱབ་པར་གྱུར། །གང་ཞིག་སྙིང ་ལྐོག་སྤྱི་བོར་ཞུགས། །དེ་ཡི་མཛད་དོན་རྫོགས་པར་བྱས། །དེ་ནི་ཐུགས་ཀྱི་རྡོ་རྗེ་སོགས། །བྱིན་བརླབ་དེ་ནི་རབ་ཏུ་བསྒྲུབ། །དཔལ་ལྡན་རྡོ་རྗེའི་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེད་བདག་བྱིན་གྱིས་བརླབ་གནས་སུ། །རྡོ་རྗེ་ཐུགས་ཀྱི་མཛད ་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་གནས་སུ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །ོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭབྷཱ་བ་ཨཱཏྨ་ཀོ་ཧཾ། །ཆོས་ཀྱི་གསུང་ལམ ་དཔལ་དང་ལྡན། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེད་བདག་བྱིན་གྱིས་བརླབ་གནས་སུ། །རྡོ་རྗེ་གསུང་གིས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མ་ཕྱེད་གསུམ་བསྒོམས་ནས། །དེང་བདག་བྱིན་གྱིས་བརླབ་གནས ་སུ། །རྡོ་རྗེ་གསུང་གིས་མཛད་དུ་གསོལ། །ོཾ་སརྦ་ཏ་ཐཱ་ག་ཏ་བཱཀ་བཛྲ་མུ་བྷ་བ་ཨཱཏྨ་ཀོ་ཧཾ། །དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དང་བདག་བྱིན་གྱིས་བརླབ་གནས་སུ། །རྡོ་རྗེ་སྐུས་ནི་མཛད་དུ་གསོལ། །ཕྱོགས ་བཅུར་བཞུགས་པའི་སངས་རྒྱས་རྣམ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབ་གནས་སུ། །རྡོ་རྗེ་སྐུས་ནི་མཛད་དུ་གསོལ། །ོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། །རྗེ་དྲན་བཅུ་དྲུག་དག་པས་ནི། །བྱེད་པ ་ཡིན་ཞེས་དེས་གསུངས་པས། །དེ་ནི་ཐུགས་སོགས་བྱིན་བརླབས་པའི། །གནས་སྐབས་མིན་ཕྱིར་མ་བཤད་དོ། །སྒྱུ་མའི་ཤེས་རབ་ཡང་དག་འདུས། །གསུང་བ་གསུམ་གྱི་མཚན་ཉིད་བལྟ། །དབང་འབྲས་ཆུང་དུ་རྣམ་དག་ཕྱིར། །སྒྲུབ་པ་ཆེན་པོ་ཡིན་པར ་འདོད། །ཡེ་ཤེས་སེམས་ཐུགས་སྙིང་འོད་ཀྱི། །ཕྱོགས་བཅུའི་མགོན་པོ་ཡང་དག་བསྐུལ། །དེ་འོང་ལས་བྱུང་རིག་པོ་རྣམས། །བདུད་རྩི་ཆུས་བཀང་བུམ་བསྣམས་པས། །གཙོ་བོ་དཔལ་ལྡན་རང་དབང་བསྐུར། །རིགས་དབང་ཅོད་པན་དམ་པ་ཡིན། །དེ་བཞིན ་རྒྱུ་མཐུན་སོགས་པར་མས། །རང་གཅིག་ཤེས་རབ་རྣམ་པར་སྦྱང། །སྤྱི་བོ་སྙིང་ག་ལྟེ་བ་གསང། །རྐང་མཐར་ཐུག་པའི་ཆ་རེ་ལ། །ོཾ་ཧཱུཾ་སྭཱ་ཨཱ(རྒྱུད་འགྲེལ་དགའ་བར་བ། །ཧཱུཾ་ཨ་ཆུ་སྐྱེས་འདབ་བརྒྱད་པ། །ཡང་དག་སྦྱངས་དེས་སོགས་རྒྱས་རྣམས། །ཧཱུཾ་གི་རྡོ་རྗེ་མཆོག་མཉེས་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷ་བ་ཨཏྨ་ཀོ་ཧཾ། སྙིང་ཟླའི་རལ་གྲི་སྙིང་པོའི་འོད། །སངས་རྒྱས ་དཀྱིལ་འཁོར་མཁའ་ཁྱབ་པ། །བདག་ཉིད་ལ་བཞུགས་སེམས་མཆོག་གི་།གཟུགས་སུ་རྡོ་རྗེའི་བདེ་ལེགས་གནས། །རྒྱལ་བའི་འཁོར་ལོ་ས་བོན་གྱིས། །དེར་བསྐྱེད་ནས་ནི་བརྟན་བྱས་ལ། །འགྲོ་བའི་མི་ཤེས་དག་བྱའི་ཕྱིར། །རང་གི་ཆོ་གས ་དབྱུང་བར་བྱ། །ཞེ་སྡང་ཆེན་པོའི་དོན་བརྒྱད་རྒྱལ། །བདག་པོ་མི་བསྐྱོད་ཡང་དག་བསྐུལ། །བཛྲ་དྷྲིཀ་ཅེས་བྱ་བས་དབྱུང། །ནོར་བུ་ཨིནྡྲ་ནཱི་ལའི་མདོག། གཡས་པ་དཀར་ལ་ཅིག་ཤོས་དམར། །དཔལ་མཆོག་དང་པོའི་ཕྱག་དང་ལྡན། ། ་དཔལ་ལྡན་ལེགས་བསྡུས་བདག་ཉིད་ཀྱི། །དངོས་པོ་ཀུན་གྱིས་གཞུག་པར་བྱ། །ཛི་ན་ཛི་ཀ་གིས་དང་པོ་འདྲ། །གཏི་མུག་ཆེན་པོས་དོན་མཛད་གཙོ། །འཁོར་ལོ་བཟང་སོགས་དཔལ་དེ་བཞིན། །ཤར་གྱི་ཟླ་དཀྱིལ་དག་ལ་བསྒོམ། །རཏན་བྷཾ་ག ་གིས་རིན་ཆེན་དབང། །གསེར་མདོག་མཉམ་ཉིད་བརྩོན་འགྲུས་ཅན། །མགོན་པོ་རིན་ཆེན་མཆོག་སོགས་བསྣམས། །གཞོན་ནུའི་ཞལ་འདྲ་ལྷོ་ཕྱོགས་སུའོ། །ཱ་རོ་ལཀི་གིས་གསུང་དབང་པོ། །འདོད་ཆགས་ཆེན་པོས་དོན་མཛད་གཙོ། །པདྨ ་དཱ་གའི་མདོག་པད་སོགས། །གཞོན་ནུའི་ཞལ་འདྲ་ནུབ་ཕྱོགས་སུའོ། །པྲཛྙཱ་དཱི་ཀ་གིས་དོན་ཡོད་དབང། །གཏུམ་ཆེན་ཕྲག་དོག་དོན་མཛད་པ། །བཻ་ཌཱུ་རྱ་སྣང་གཞོན་ནུའི་ཞལ། །རལ་གྲི་སོགས་བསྣམས་བྱང་དུ་བསམ། །ཀུན་ཀྱང་རལ་པ ་ཅོད་པན་བཅས། །རང་རིག་གཉིས་སུ་མེད་པར་སྤྱོད། །རྒྱན་དང་ན་བཟའ་མཆོག་ཀུན་ལྡན། །པདྨ་ཉི་དཀྱིལ་དག་ལ་བསམ། །མོ་ཧ་ར་ཏིས་ཤར་ལྷོ་རུ། །སྙིང་རྗེ་ཐབས་ཀྱིས་འགྲོ་དོན་སྩོལ། །རང་གི་ངོ་བོ་སྐུ་དབང་འདྲ། །སྤྱན་ནི་ཟླ་དཀྱིལ་དགར་བ ་བསམ། །དྭེ་ཥ་ར་ཏིས་ལྷོ་ནུབ་ཏུ། །བྱམས་དང་སྨོན་ལམ་འདོད་སྩོལ་བ། །དགར་ལྡན་ཐུགས་ཀྱི་དབང་པོ་འདྲ། །མཱ་མ་ཀཱི་ནི་ཟླ་དཀྱིལ་བསམ། །རཱ་ག་ར་ཏིས་ནུབ་བྱང་དུ། །དགའ་དང་སྟོབས་དང་ཏིང་འཛིན་སྩོལ། །གསུང་གི་དབང་འདྲ་དོན་དག ་བསམ། །གོས་དཀར་མོ་ནི་ཟླ་དཀྱིལ་བསམ། །བཛྲ་ར་ཏིས་བྱང་ཤར་དུ། །བཏང་སྙོམས་ཡེ་ཤེས་ཏིང་འཛིན་སྩོལ། །རང་གི་ངོ་བོར་རིན་དབང་འདྲ། །ཡིད་འོང་སྒྲོལ་མ་ཟླ་དཀྱིལ་བསམ། །འདི་རྣམས་མཚན་མ་རིམ་བཞིན་དུ། །འཁོར་ལོ་ཨུཏཔལ་དམར་པོ ་མཆོག་།པདྨ་ཨུཏཔལ་སེར་པོ་སྟེ། །ལྷག་མ་དང་བདག་ལྟ་བུར་བསྟན། །མེ་ལ་སོགས་པའི་མཚམས་བཞི་དང། །ཤར་སྒོ་ཡི་ནི་ངོས་གཉིས་སུ། །དེ་ཉིད་གསུམ་གྱི་གཟུགས་སོགས་པ། །མེ་ལོང་སོགས་བསྣམས་སྐུ་སོགས་འདྲ། །ཡ་མཱནྟ་ཀྲིཏ ་གྱིས་ཡམས་འཇོམས། །ཕུང་པོ་ཤེས་བྱ་རྣམ་འཇིག་པ། །ཐུགས་ཀྱི་དབང་འདྲ་ལྟ་རབ་འབར། །ཤར་སྒོར་ཁྲོ་བོའི་དཀྱིལ་མོས་ནས། །པྲཛཱནྟ་ཀྲིཏ་ཀྱིས་སྲིད་འཇོམས། །ཉོན་མོངས་བདག་ལྟ་འཇིག་བྱེད་པ། །གཏུམ་ཞིང་འཇིགས་ལ་ཀུན་དབང ་འདྲ། །གཞན་གྱིས་མི་ཐུབ་ལྷོ་སྒོར་རོ། །པདྨནྟ་ཀྲིཏ་ཀྱིས་འདོད་འཇོམས། །འཆི་བདག་སྐྱེས་པའི་ཚོགས་འཇིག་པ། །གཏུམ་ཞིང་སྒྲ་ཟབ་གསུམ་དབང་འདྲ། །རྟ་མགྲིན་ནུབ་ཀྱི་སྒོ་རུ་བསམ། །བིགྷནྟ་ཀྲིཏ་ཀྱིས་བགེགས་འཇོམས། །བྱ་བ་ལྷ་ཡི་བདུད་དག ་ཉིད། །གཏུམ་ལ་མི་བསྐྱོད་མདོག་འདྲ་བ། །བདུད་རྩི་འཁྱིལ་པ་བྱང་སྒོར་བསམ། །སྨིན་འདེགས་དབུ་སྐྲ་གྱེན་དུ་འབར། །སྨ་ར་སྨིན་མ་སྤྱན་དམར་སེར། །ཞལ་གདང་ལྗགས་ནི་རྣམ་པར་བསྐྱོད་མཆེ་བར་བཅས་ཤིང་རྟག་ཏུ་བཞད?། །འདི་རྣམས ་ཕྱག་ན་ཐོབ་དྲག་།དབྱུག་པ་པདྨ་རྡོ་རྗེ་ཐོགས། །ཁྲོས་པའི་སྦྲུལ་གྱིས་སྐུ་ལ་བརྒྱན། །རང་རིག་ཤེས་རབ་ཡན་ལག་ལུས། །རྫོགས་པའི་འཁོར་ལོ་ལ་བལྟས་ནས། །ཀུན་ན་རང་གི་དངོས་པོ་ཡིས། །སྙིང་པོའི་ས་བོན་འོད་ལྕགས་ཀྱུས། །སངས ་རྒྱས་འཁོར་ལོ་འདྲ་བ་བསྡུ། །མཐོང་བར་གྱུར་ནས་བགེགས་རྣམས་ནི། །ཀུན་ཏུ་བསྐྲད་དེ་མངོན་བར་བསྲུང། །ཟླ་སོགས་མེ་ཏོག་ལྡན་པ་ཡི། །གསང་སྔགས་མཆོག་བཟླས་མཆོད་ཡོན་དབུལ། །འཁོར་ལོ་དེ་འཁོར་ལོ་ལ་གཞུག་། ་མིག་དང་སྐུ་སོགས་བྱིན་གྱིས་བརླབ། །སྔོན་བཞིན་དབང་བསྐུར་དེ་ལ་བསམ། །རྒྱུ་མཐུན་ལ་སོགས་ཆེན་པོ་ཉིད། །སངས་རྒྱས་ཅོད་པན་མི་བསྐྱེད་པ། །ལྷག་མ་རང་བདག་དབང་བསྐུར་བ། །སྐུ་དབང་མི་བསྐྱོད་གསུང་པ་པོ། །ཐུགས་དབང་སྒོ་བ ་རྣམས་ལ་འདོད། །དེ་ལྟར་དབང་བསྐུར་རང་སྙིང་པོའི། །འོད་ཀྱིས་ཤེས་རབ་པད་དེར་གཞུག་།གཟུགས་སོགས་སྤུ་ཁུར་ལས་བྱུང་བའི། །གཟུགས་ཀྱི་རྡོ་རྗེ་སོགས་འོད་ནི། །གཞལ་ཡས་ཁང་འོད་ལས་འདས་ནས། །ནམ་མཁའ་ཨི་མཛའ་ནི་རབ་ཁྱབ་པས། ། ་ཐུབ་དབང་རང་ནི་ལེགས་མཆེད་པའི། །མཆོད་དང་མཆོད་པའི་བདག་ཅན་གྱུར། །ོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ཆོས་རྣམས་ཀུན་གྱི་འཁོར་ལོ་བསྟོད། །རང་གི་བདག་ཉིད་རྫོགས་སངས་སྐུས། །ཡེ་ཤེས་ལྔ་དང་ཕྱག་རྒྱ་དང།། ་རིགས་བརྒྱ་ལྔ་དང་གསུམ་གྱིས་སོ། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་ཆེན་པོ། །དཀྱིལ་མཆོག་གི་གསུམ་པ་ཡི་གེ་གསུམ། །རྡོ་རྗེ་དབྱངས་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང ་བཞིན་འོད་གསལ་མཆོག་གི་མཆོག་།སྟོན་པ་རྡོ་རྗེ་ཕྱག་འཚལ་ལོ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པས་གོས་པ་མེད། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །རྡོ་རྗེ་མི་འཆི་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་ ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེའི་གསུང་ལ་ཕྱག་འཚལ་ལོ། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །རང་བཞིན་དག་པ་ཉིད་ལས་བྱུང། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་ལོ། །ཟླ་བ་ཉི་མ་ཆུང་དང ་སྨན། །དྲི་ནི་རླུང་མེའི་འཁོར་ལོར་གནས། །ོཾ་གྱིས་བྱིན་བརླབས་འོད་བཅས་པ། །དེ་ཉིད་གསུམ་གྱིས་མངོན་པར་བཟླས། །རྡོ་རྗེའི་ལྕེ་མཆོག་ཏུ་ཧཱུཾ་བཀོད་པ། །བསམས་ནས་ཡེ་ཤེས་བདུད་རྩི་བླང། །སྙིང་གའི་ཟླར་ཆུད་མ་ལུས་པའི། །འཁོར ་ལོ་དེས་ནི་ཚིམ་པར་བྱ། །སྙིང་པོའི་འོད་ཀྱིས་སྤྲུལ་མགོན་པོས། །རང་གི་ལོག་རྟོག་རྣམ་སྤངས་ཏེ། །འགྲོ་བ་སངས་རྒྱས་བདག་ཉིད་བྱས། །སྙིང་པོའི་ས་བོན་ནང་དུ་གཞུག་།སྙིང་གར་མཚན་མའི་ལྟེ་ནང་ནས། །ཟླ་སྙིང་ཐིག་ལེའི་གཟུགས ་ཅན་དུ། །རང་ཡིད་འོད་ལྡན་བསྒོམས་ནས་ནི། །ཡེ་ཤེས་སེམས་དཔའ་རབ་ཏུ་བསྒོམ། །ཐུགས་སུང་སྐུ་ཡི་རྡོ་རྗེ་ཡང། །འོད་ཀྱི་ཕྲེང་བས་རབ་སད་བྱ། །དེ་ནི་སྙིང་གར་ཞུགས་བསམ་པ། །རང་གི་ཡེ་ཤེས་བདུད་རྩི་འབབ། །དེ་ནས་ནང་གི་ལུས་ཐམས ་ཅད། །བ་སྤུ་ལས་བྱུང་འོད་ཟེར་ཚོགས། །དེ་ཡིས་ཀུན་ནས་སྣང་བྱས་ལ། །འགྲོ་བའི་དོན་ནས་རྫོགས་བྱ། །ཡང་ན་རང་རྟག་ཕྲ་བསྒོམ་པ། །རིག་པའི་སྣ་ཡི་རྩེ་མོར་གནས། །ཐུག་པའི་འཁོར་ལོ་རང་རིག་པ། །ཤེས་རབ་དམ་པ་འདུས་འོད་ལྡན། ། ་བརྟན་པ་ལ་མཚན་མ་མཐོང་བ་དང། །དེར་རྟོགས་འོད་ཟེར་སྤྲོ་བྱ་ཞིང། །སྣ་ཚོགས་མཚན་མ་སངས་རྒྱས་ནི། །ཡང་དང་ཡང་དུ་སྤྲོ་བར་བྱ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་མཆོག་།ཡེ་ཤེས་ལྔ་ཡི་འོད་ཟེར་ཅན། །སྤྲོས་ཏེ་སྔགས་ནི་ཟླ་བྱ་བ། །ཅིག ་ཅར་ཡང་ན་རིམ་གྱིས་སོ། །རྡོ་རྗེ་གསལ་ཆོས་འཁོར་ལོ་སྟེ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེར་གཏོགས། །གནས་སུ་དེ་ནི་བརྟན་བྱས་ལ། །ཡེ་ཤེས་སྐུ་ནི་སྤྲོ་ཞིང་བཟླ། །བརྗོད་ཅིང་སྲོག་གིས་སྤྲོ་བྱ་ཞིང། །སྔགས་ནི་རྩོལ་བས་བསྡུ་བར་བྱ། །སྐུ་སོགས ་སྤྲོ་དང་བསྡུས་པ་ཡིས། །རིམས་བཞིན་རིམས་བཞིན་བཟླས་བརྗོད་བྱ། །དེ་ལྟར་བརྗོད་དེ་མཁའ་ཁྱབ་པའི། །སྐུ་ལ་སོགས་ཏེ་རང་འོད་ཀྱིས། །སྔོ་ཞིང་སྣ་ཚོགས་མཆོད་མཆོག་འོས། །སྲོག་ལས་རིག་པའི་ཚོགས་རྣམས་སྤྲོ། །རིག་བསྒེགས ་པས་ཡོངས་འཁྱུད་པའི། །བདེ་བ་བབས་པས་དབང་བྱས་ལ། །རྩོལ་བས་ཡེ་ཤེས་སངས་རྒྱས་ཚོགས། །མཐར་ནི་རང་གི་ནང་ལ་གཞུག་།ཐིག་ལེ་ཕྲ་མོ་གསང་གསུམ་དབྱུང། ལྷག་མར་མོས་པ་རྒྱུ་མཐུན་སོགས། །ཆུང་ངུ་ལ་སོགས་ཀྱིས་བྱ? ་ལྟར། །རྣལ་འབྱོར་བསྙེན་སོགས་དེ་བཞིན་བསྒོམ་།རང་སྙིང་དེ་ཉིད་མཆོག་བརྟགས་པས། །སེམས་ཀྱི་འཇུག་པ་ཞུམ་གྱུར་ན། སྤྱན་སོགས་ཚོགས་ཀྱི་གླུ་ཡིས་ནི། །འཁོར་ལོ་གསོལ་གཏབ་མཆོད་པར་བྱ། །སྤྱི་བོར་ཟླ་བ་ཨོཾ་རླན་ཅན། །དམ་པའི་སེམས ་ཀྱིས་ཆུ་འཇིག་པས། །སྐུ་གསུང་ཐུགས་ནི་ཚིམ་བྱེད་པ། །ཆོ་ག་བཞིན་དུ་དབབ་པར་བྱ། །དེ་ལྟར་ངལ་གསོ་བཟླས་བྱས་ཤིང། །མཁས་པས་མཆོད་ལ་སོགས་བྱས་ནས། །དེར་ཉིད་གསུམ་བསྡུས་སངས་རྒྱས་རྣམས། །བཞུད་པའི་སྐབས་སུ་གཤེགས་སུ་གསོལ།། ་འདི་ནི་དེ་ཉིད་མཐོང་བར་བཤད། །འགྲོ་བ་མ་ལུས་བལྟས་ནས་ཀྱང། །སྙིང་རྗེ་དེ་ལ་ཕན་པའི་ཕྱིར། །སྨོན་ལམ་རྣམས་ནི་མངོན་དུ་བྱ། །ཏིང་ངེ་འཛིན་ལས་འདས་ནས་ཀྱང། །བདག་པོའི་ང་རྒྱལ་མངོན་དུ་བྱ། །འཇུག་པར་གཏོགས་ཆེ་རྫོགས ་སངས་རྒྱས། །ཡུལ་གྱི་ཡང་དག་མཆོད་པར་བྱ། །འཇམ་དཔལ་རྡོ་རྗེ་ཀུན་བདག་ཉིད། །ངོ་བོ་ཉིད་ཀྱིས་ཡུལ་རྗེས་འགྲོ། །དེ་ལྟར་ཡུལ་རྣམས་བསྒོམ་པ་ནི། །རང་རང་དག་པར་རྣམ་པར་གནས། །རྟག་པ་ལ་སོགས་ངོ་བོ་དེ། །རང་རིག་ཆོས་སུ་ཡང ་དག་གནས། དཔལ་ལྡན་རྡོ་རྗེ་འཆང་འདྲ་བར། །དག་པའི་སེམས་དཔར་ཡང་དག་ལྡན། །རང་གི་ལོག་རྟོག་རྣམ་སྤངས་པས། །བྱ་བ་ཐམས་ཅད་རྫོགས་པར་བྱ། །རྟག་ཏུ་ཚད་མེད་རབ་སྦྱོར་པས། །འཁོར་ལོ་མཆོག་འདི་མཛའ་ཡས་མཆོད། །རང ་སྙིང་ཟླ་བར་རང་འཁོར་གཙོ། །རང་གི་ས་བོན་རང་ཟས་ལ། །ལེགས་དམིགས་རང་སྙིང་དེ་ཉིད་ཀྱིས། །བདུད་རྩིས་སངས་རྒྱས་ཀུན་ཚིམ་བྱ། །ཆོས་ཉིད་ཀུན་གྱིས་དག་པ་དང། །དེ་ཉིད་གསུམ་གྱིས་མངོན་བཟླས་ལ། །རང་གི་ལྷ་ཡི་འཁོར་ལོ་མཆོག་།ཚིམ་བྱ ་ངེས་ནི་མཆོད་པར་བྱ། །ཕྱི་ཡི་སྦྱིན་སྲེག་དགེ་ཚུལ་གྱིས། །སེམས་ཅན?་གྱིས་ནི་ཡིད་ཀྱིས་བྱ། །ཡེ་ཤེས་མེ་ཡི་ཕུང་པོས་ཤིང། །བསྲེག་བས་འདི་ནི་བླ་མེད་ཡིན། །དེ་ལྟར་འདོད་པ་མ་ལུས་པས། །བདག་ཉིད་རང་ལྷའི་དངོས་གྱུར་དང། །གཞན་ཡང་དེ ་མཆོད་བྱ་བ་ཡིན། །དམ་ཚིག་བདེ་གཤེགས་བཞེད་པ་ཡིན། །ལུས་སེམས་ལས་གང་དེ་དང་དེས། །སངས་རྒྱས་ཐམས་ཅད་མཆོད་པ་དང། །རྗེས་མཐུན་འགྲོ་བའི་བྱ་བ་རྣམས། །རྟག་ཏུ་མཉམ་པར་བཞག་པས་བྱ། །ལུས་ངག་ལས་ཀྱི་རང ་བཞིན་གང། །ཕྱག་རྒྱ་སྔགས་ཀྱི་བདག་ཉིད་ཆེ། །དེ་དང་དེ་ཡི་ལས་སྒྲུབ་པས། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །དངོས་གཅིག་ལ་ཡང་ཀུན་རྟོག་པ། །རྣམ་པ་སྣ་ཚོགས་སྣང་གྱུར་ཏེ། །གྲོལ་དང་སྡུག་བསྔལ་བདེ་བསྐྱེད་པའི། །ལས་ནི ་མ་ལུས་འབྱུང་བར་འགྱུར། །དེ་བས་ལུས་ལ་སོགས་པའི་ལས། །དགེ་དང་མི་དགེ་རྟོག་ལས་བྱུང། །རྟོག་པ་ཀུན་ལས་དེས་གྲོལ་བ། །ཡེ་ཤེས་ལས་ནི་རྟོག་དེ་ཅི། །དམ་ཚིག་དག་ལས་བསླང་བ་ནི། །དོན་ཡོད་རྡོ་རྗེའི་འཁོར་ལོ་བཟང། །སྙིང ་གར་ལས་ཀྱི་རྡོ་རྗེ་ཁམས། །བསམས་ནས་ཐམས་ཅད་བདག་དབང་བསྐུར། །བླ་མ་བརྙས་ལ་སོགས་ཉེས་པ། །སྦྱིན་དང་བཅས་པའི་རྨཆོད་སྟོན་བྱ། །ཕྱི་ཁྲུས་རང་གི་འཁོར་ལོར་གནས། །དབང་བསྐུར་བ་ཡི་ཆོ་གས་བྱ། །ཐུན་མཚམས་སུ ་ཡང་ཆོས་ལ་སོགས། །བཟླས་པ་སྔ་མ་བཞིན་དུས་བྱ། །སྙིང་གར་འཁོར་ལོ་མཆོད་ཆུད་བྱས། །ཤེས་རབ་སྙིང་རྗེར་ལྡན་པས་ཉལ། །ལྡང་ཚེ་དཔལ་ལྡན་ལྷ་མོ་ཡི། །གླུ་བླངས་པས་ནི་བསྐུལ་བར་བྱ། །ནང་པར་ལངས་ནས་སྔར་བཞིན་ནི། ། ་ལགས་འདོད་དང་པོའི་ལས་ཅན་ཡིན། །ཡེ་ཤེས་ཅུང་ཟད་བབས་གྱུར་པས། །སྔགས་ཀྱི་ཚུལ་ཁྲིམས་བརྟུལ་ཞུགས་ལྡན། །མིག་དང་སྐུ་སོགས་བྱིན་གྱིས་བརླབ། །ཐུན་མཚམས་སུ་ནི་རབ་བསྒྲིམས་བཟླས། །རྣམ་པ ་ཀུན་ཏུ་རབ་རྫོགས་པར། །སྤྲོ་དང་བསྡུ་བ་བྱེད་པ་པོ། །ཡེ་ཤེས་དབང་བ་ཅུང་ཟད་འཐོབ། །ཉིན་མཚན་རྣལ་འབྱོར་ཡང་དག་བསྟེན། །ཡང་དག་ཡེ་ཤེས་དབང་ཐོབ་བསྒོམ། །ཁམས་ཀྱི་རྡུལ་ནང་ཁམས་གསུམ་མཆོག་།གཟུགས་བརྙན ་བདག་ཉིད་སྐུ་ཅན་གྱི། །འགྲོ་བའི་དོན་གྱིས་བྱ་བ་བྱེད། །རྣལ་འབྱོར་མཚན་མ་དགེ་བ་ཡང། །དུ་མ་ཐོབ་ཅིང་ཡང་དག་འགྲུབ། །དེ་ཉིད་གསུམ་ནི་ཆོ་ག་བཞིན། །མཆོད་བྱས་དཀྱིལ་འཁོར་བྲི་བར་བྱ། །རང་ངམ་གཞན་གྱི་གསོལ ་བཏབ་བམ། །གཞན་དོན་འབད་པར་བྱེད་པས་ཀྱང། །འཁོར་ལོ་ལ་གནས་ཚུལ་བཞིན་བཟླས། །མཚན་མ་ཐོབ་ནས་ཡང་དག་བྲི། །འཁོར་ལོ་ཅན་སྔགས་འབུམ་བཟླས་སམ། །ཡང་ན་རང་གི་ལྷ་ཡི་འབུམ། །གཞན་གྱི་ཁྲི་སྟེ་ཡང་ན་ནི།། ་འཁོར་ལོ་ཅན་གྱི་བཀས་གནང་བྲི། །འབྱིན་པ་དེ་ཉིད་གསུམ་དང་སྤེལ། །གཞན་དག་སྙིང་པོའི་ས་བོན་སྤེལ། །མིང་གི་ཡི་གེ་དང་པོ་ནི། །ཀླད་ཀོར་བཅས་པས་སྔགས་རྣམས་བཏུ། །སྐུ་དང་གསུང་ཐུགས་རྡོ་རྗེར་བཤད། །ལས་ཆོད་ཆེན ་པོའི་བདག་ཉིད་ཅན། །གསང་གསུམ་ཕྱག་ཚིག་ཕྱག་རྒྱ་ཡིན། །ས་བོན་སྙིང་པོ་ཡིན་པར་བཤད། །ཞི་ལ་སོགས་པ་རབ་བསྐུལ་བས། །ལས་རྣམས་བྱེད་པ་རིག་པར་བཤད། །ཕྲེང་བའི་སྔགས་ཀྱང་རིག་པར་བཤད། །མཁས་པས ་དེ་རྣམས་ཀུན་ཏུ་བཟླ། །ཅི་རིགས་པར་ནི་བཟླས་བྱས་དང། །རང་བདག་ལ་སོགས་བཀའ་ཐོབ་བམ། །འགོག་པའི་འཁོར་ལོ་གོམས་པ་ཡིས། །རང་སེམས་དག་ནས་བྲི་བར་བྱ། །ཏིང་འཛིན་གསུམ་པོ་བྱས་ནས་ནི། །སངས་རྒྱས་ལ་སོགས་ལྷག་གནས ་བྱ། །བགེགས་རྣམས་བསལ་ཏེ་ཕུར་བུས་གདབ། །གསང་བྱུགས་ས་ལ་གསོལ་བ་གདབ། །མཆོད་ཡོན་མཆོད་དང་གཏོར་སྦྱིན་ནས། །སྦྱིན་སྲེག་ཚིམ་བྱས་མཁའ་ལ་དགོད། །བགེགས་མེད་ས་ནི་བརྐོས་ནས་སུ། །ཁུང་བུ་དགའ་བ?་རིམ ་འདི་ཡིན། །འཇམ་རྡོ་རྗེ་བདག་རྣལ་འབྱོར་ལྡན། །སྔོན་དུ་བསྙན་པ་རྫོགས་བྱས་ལ། །གྲོགས་དང་མཆོད་པ་དང་ལྡན་པར། །དཀྱིལ་འཁོར་གནས་ནི་ཡང་དག་སྦྱང། །བགེགས་དགྲའི་འཁོར་ལོའི་སྦྱོར་ལ་གནས། །རང་གི་དབང་བསྐུར་ཡང ་དག་བླང། །ད་ལྟར་གདུག་པ་ཚར་བཅད་པ། །ཡང་ན་རང་ལྷའི་སྦྱོར་བས་བྱ། །ོཾ་བྷུ་ཁཾ་གི་སྔགས་ཀྱིས་ནི། །ས་ནི་ནམ་མཁའ་གྱུར་པར་བྱ། །ཧཱུཾ་ལཾ་ཧཱུཾ་གིས་རྡོ་རྗེའི་བདག་།ས་བྱས་དེ་ནི་བྱིན་གྱིས་བརླབ། །ོཾ་མེ་ནི་བཛྲི་བྷ་བ་བཛྲ་བནདྷ ་ཧཱུཾ། སྔར་བཞིན་བགེགས་གཞོམ་སྦྱོར་བའི་བདག་།བསྙེན་སོགས་རྗེས་ཆགས་མཐར་ཐུག་པའི། །དང་པོའི་སྦྱོར་ལྡན་རང་འཁོར་ལོའང། །རབ་བྱུང་བདུད་རྩི་མཐར་ཐུག་དེ། །འཁོར་ལོའི་རྒྱལ་མཆོག་སྦྱོར་བའི་བདག་།འཁོར་ལོའི ་ལས་ན་ལས་མཆོག་བྱེད། །ལས་རྒྱལ་མཆོག་གི་སྦྱོར་ལྡན་པས། །ཏིང་འཛིན་གསུམ་པོ་དམ་པ་ཡིན། །དེ་ལྟའི་སྦྱོར་གནས་སློབ་དཔོན་ནི། །སངས་རྒྱས་ཀུན་བདག་ལུས་ཅན་ཏེ། །ངོ་བོ་ཉིད་བདག་རྡོ་རྗེའི་བདག་།འཁོར་ལོའི་ས་གཞི ་དབུས་ལེགས་གནས། །རྡོ་རྗེ་དྲིལ་འཛིན་དཔའ་བོ་ལ། །རྡོ་རྗེ་དྲིལ་མཆོག་འཛིན་པའི་གྲོགས། །རྟག་སོགས་བདག་ཉིད་གཟུགས་ཅན་གྱིས། །འཁོར་གསུམ་སྤྲུལ་ལ་གསོལ་བ་གདབ། །དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས།། ་ཆོས་ཀུན་བདག་མེད་མེད་པའི་མཆོག་དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་རྣམ་སྤངས་ལ། །ཀུན་ཏུ་བཟང་པོའི་སྐུ་ཡི་མཆོག་།དཀྱིལ་འཁོར་དམ་པ་བཤད་དུ་གསོལ ་ཞི་བའི་ཆོས་ནི་མཆོག་ལས་བྱུང། །ཡེ་ཤེས་སྤྱོད་པ་རྣམ་སྦྱོར་བ། །ཀུན་ཏུ་བཟང་པོ་གསུང་གི་མཆོག་།དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དམ་པ་དྲི་མ་མེད། །ཀུན ་བཟང་ཐུགས་མཆོག་འཁོར་ལོ་སྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །དེ་ནས་འགྲོ་ཁམས་མུན་ནག་བསྟེན། །འཇམ་རྒྱལ་ཁྲོས་པས་བལྟས་པ་ནི། །ཧཱུཾ་བཛྲོཏ་ཏིཥྛས་རང་མིག་དང། །སྦྲུལ་པའི་འཁོར་ལོ་བརྡེག་པར་བྱ། །ཡི་གེ་མ ་ནས་ཉི་ཟླའི་མིག་ཕྱོགས་དུས་ཐམས་ཅད་སྦར་བ་དང། །བློ་ལྡན་འགྲོ་ལ་བལྟས་ནས་ནི། །འཁོར་ལོའི་ས་ནི་ཡོངས་སུ་བསྐོར། །རྐང་འོག་རྡོ་རྗེ་འབར་བ་དང། །རྡོ་རྗེ་གསོར་བས་ཤིན་ཏུ་བརྩོན། །རོལ་པའི་རྡོ་རྗེ་འགྲོས་ཀྱི་གར། །མཆེ་བ་གཙིགས ་བཅས་ཧཱུཾ་སྒྲོགས་ཤིང། །ལྷ་སོགས་བགེགས་ཀྱི་དཀྱིལ་འཁོར་རྣམས། །རབ་གདུག་བགེགས་སོགས་བསྐྲད་པར་བྱ། །ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་ནི་ཐམས་ཅད་ཉོན། །ད་ནི་དཔལ་ལྡན་འཇམ་དབྱངས ་ཏེ། །བསྲུང་བའི་འཁོར་ལོ་རབ་སྦྱོར་བས། །གལ་ཏེ་བདག་བསྒོ་ལས་འདས་ན། །རྡོ་རྗེ་འབར་བའི་གཟུགས་ལྡན་པས། །སྐུ་གསུམ་འབྱུང་བས་དགས་བྱ་སྟེ། །འཇིགས་པར་འགྱུར་བར་གདོན་མི་ཟ། །ས་ནི་ཡོངས་སུ་བཟུང་བྱས་ནས།། ་བགེགས་མེད་ཕྱིར་ནི་ཕུར་བུ་གདབ། །བསྔགས་ལ་ཨོཾ་གྷ་གྷ་གྷཱ་ཏ་ཡ། གྷཱ་ཏ་ཡ། སརྦ་དུཥྞན་ཕཊ། ཀི་ལཱ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོ་ཨཱ་ཛྙཱ་པ་ཡ་ཏི། ཀཱ་ཡ་བཱཀྩིཏྟ་བཛྲ་ཀི་ལ་ཡ་ཧཱུཾ་ཕཊ། སྨད་དུ ་རྩེ་གཅིག་སྟོད?་བགེགས་དགྲ་།བསམས་ནས་དབུས་སུ་ཕུར་བུས་གདབ། ཕྱོགས་བཅུ་ཀུན་ཏུ་གནས་པ་ཡི། །བགེགས་ཚོགས་ཐམས་ཅད་གཞོམ་པར་བྱ། །ས་ནི་ཀུན་ཏུ་བགེགས་བྲལ་ཞིང། །འབར་བའི་གཟེར་རྣོས་ཁྱབ་བསམས་ལ། ། ་མཚམས་དང་རབ་ཕྱོགས་བཅིང་བ། །བློས་བྱས་ནས་ནི་ལྷག་གནས་བྱ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་གྱི་ཁྱད་པར་དང། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ ་བཅོམ་པ། །དེ་བཞིན་བདག་གི་བདུད་ཀྱི་སྡེ། ཕྱི་པར་བྱས་ཏེ་དཀྱིལ་འཁོར་བྲི། །ས་བཞི་དྲི་ཞིམ་སོགས་བྱུགས་ཤིང། །མེ་ཏོག་སྣ་ཚོགས་སིལ་མ་དགྲམ། །ཟླ་སོགས་འཁོར་ལོ་ཅན་གནས་སུ། །མཁས་པས་དཀྱིལ་འཁོར་རབ་ཏུ་བྱ། །དེ་ལ་འཁོར་ལོ་སྤྱན་དྲང་ ་བ། །བྱས་ནས་མཚམས་ལ་སོགས་བཅིངས་ཏེ། །མཆོད་བསྟོད་འདུད་རྩི་མྱང་བྱས་ནས། །བུམ་པ་ལྷག་པར་གནས་པར་བྱ། །མགྲིན་པ་གོས་མཆོག་གིས་དཀྲིས་ལ། ། མྲ་སོགས་འདབ་ཀྱིས་ཁ་དགབ། །དཀྱིལ་འཁོར་པ་ཡི་བུམ་པ་ནི། །དེ་ཡི་སྔགས ་ཀྱི་ལྷག་གནས་བྱ། །འབྲུ་སྨན་རིན་ཆེན་ལྔ་རྣམས་དང། །དྲི་བཟང་ཆུ་དང་འཁོར་ལོའི་ཚོགས། །མེ་ཏོག་ཕྲེང་བཏགས་རྡོ་རྗེ་ནི། །སྟེར་བཞག་འཁོར་ལོའི་གཙོ་རྒྱལ་ལ། མཆོད་ཡོན་ཕུལ་ཏེ་ཡང་དག་མཆོད། །མེ་ཏོག་དཀར་པོ་གཞུག ་པར་བྱ། །དེར་ནི་སྤོས་སོགས་དྲི་བསྒོས་པའི། །པད་སྣོད་དྲི་བཟང་སོགས་ལྡན་བྱ། །ཉིན་རེ་བཞན་དུ་ཐུན་གསུམ་དུ། །གཏོར་མ་བྱིན་ལ་དེ་བཞིན་ཟླ། །དེ་ཡང་འཁོར་ལོའི་ཕྱི་མཚམས་སུ། །རྣམ་རྒྱལ་འཁོར་གཙོའི་གཡས་སུའོ། །དེ ་ལས་མཆོད་ཡོན་སྣོད་དུ་ཆུ། །བཅུག་ནས་དེ་ཡིས་དབང་བསྐུར་ན། །བདག་དང་སློབ་མ་ཐམས་ཅད་ནི། །ཆུ་ཡི་དབང་གིས་བསྐུར་བར་འགྱུར། །སླར་ཡང་འཁོར་ལོ་མཆོད་བྱས་ལ། །ལག་པར་བདུག་སྤོས་ཐོགས་ནས་ནི། །བློ་ལྡན་པུས་བཙུགས ་འཁོར་ལོའི་གཙོ། །བདེ་གཤེགས་རྣམས་ལ་གསོལ་བ་གདབ། །བཅོམ་ལྡན་འཇམ་པའི་རྡོ་རྗེ་མཆོག་།རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །སློབ་མ་རྣམས་ལ་བརྩེ་པ་དང། །ཁྱེད་ཅག་རྣམས་ལ་མཆོད་པའི་ཕྱིར། །ཐུགས་རྗེའི་བདག་ཉིད་ཅན་རྣམས ་ཀྱི། །དཀྱིལ་འཁོར་བདག་ནི་འདྲི་བར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་ནི་གནང་བ་མཛད་པའི་རིགས། །སངས་རྒྱས་འགྲོ་འཁོར་བྱ་དོན་སྩོལ། །བྱང་ཆུབ་སེམས་དཔའ་འབྲས་གནས་དང། །གང་གཞན་གསང་སྔགས ་ལྷ་རྣམས་དང། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང། །གང་ཡང་འབྱུང་པོ་མཐུ་ཆེན་དང། །གང་ཡང་ལྷ་ཡི་སྤྱན་མངའ་བའི། །སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ ་ཡིས། །དཀྱིལ་འཁོར་འཇམ་དཔལ་འབྱུང་བ་ནི། །འགྲོ་བ་དག་པར་བྱ་བའི་ཕྱིར། །ཡོ་བྱད་ཅི་འབྱོར་པས་འདྲི་ན། །དེང་བདག་སློབ་མར་བཅས་པ་ལ། །ཐུགས་ནི་བརྩེ་བར་དགོངས་ནས་སུ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པ ་མཛད་དུ་གསོལ། །དེ་ལྟར་ལན་གསུམ་དེ་གསོལ་གདབ། །གཙོ་བོ་མཆོད་ལ་སོགས་བྱས་ཏེ། །ཡང་དག་བསྲུངས་ལ་ཕྱིར་ཕྱུང་ནས། །མེ་ཏོག་ཕྲེང་ཐོགས་རང་སློབ་མ། །ཡིད་གཞུངས་སྤྲོ་བ་ཆེ་བ་དང། །བྱས་པ་བཟོ་ཞིང་ང་རྒྱལ་མེད། །རིགས ་མཐོ་ཡོན་ཏན་ལྡན་ཞིང་དང། །གཟུགས་དང་ཁ་དོག་ལང་ཚོར་ལྡན། །བདེ་བར་གཤེགས་པའི་གསང་བ་ནི། །བསྒྲུབ་ལ་དོན་གཉེར་མངོན་བརྩོན་ན། །གཟུགས་ངན་ཡོན་ཏན་མེད་པའམ། །དམན་པ་འང་ལྷག་པར་གནས་པར་བྱ། །དཀྱིལ་འཁོར་གྱི ་ནི་ཆོ་ག་ལས། །འཁོར་བཞི་ཆར་ཡང་རྗེས་སུ་གནང། །རང་གི་བསླབ་དང་ཤིན་ཏུ་ལྡན། །ཐེག་ཆེན་ལ་དགའ་ཨི་བདག་ཉིད་ཅན། །ལ་ལ་གསང་སྔགས་སྒྲུབ་དོན་གཉེར། །འདི་ནི་དཀྱིལ་འཁོར་འཇུག་པར་བྱེད། །བསོད་ནམས་འདོད་པས་དེ་ལས་གཞན ་གཞན་དག་འཇིག་རྟེན་གཞན་དོན་གཉེར། །འཇིག་རྟེན་ཕ་རོལ་དོན་གཉེར་བའི། །དད་པ་མང་དུ་བྱེད་པ་ཡིས། །བློ་ལྡན་དཀྱིལ་འཁོར་འཇུག་བྱ་ཡི། །ཚེ་འདིའི་འབྲས་བུ་འདོད་མི་བྱ། །ཚེ་འདི་འདོད་པར་གྱུར་པ་ལ། །འཇིག་རྟེན་ཕ ་རོལ་དོན་མི་འགྱུར། །འཇིག་རྟེན་ཕ་རོལ་དོན་གཉེར་སྐྱེས། །འཇིག་རྟེན་འདི་ཡིས་འབྲས་བུ་རྒྱས། །དེ་སྐད་བརྗོད་ནས་སློབ་མ་དེ། །བློ་ཡིས་རང་གི་ནང་དུ་གཞུག་།སྔོན་བཞིན་རྡོ་རྗེ་ཆུ་སྐྱེས་ཀྱིས། །བདག་བྱས?་ཁྱིམ་སྒོར་གསོལ་བ་འདེབ། །དགའ་ཆེན་ཁྱོད་ལ? ་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བརྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ནི་བདག་ལ་སྩོལ། །ཐར་པ ་ཆེན་པོ་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་འཚལ། །སློབ་མ་དེས་ནི་ལན་གསུམ་བརྗོད། །རབ་གུས་བཤེས་གཉེན་ཤེས་ནས་ནི། །སློབ་མ་གཙོ་བོ་གཅིག་ལ་ནི། །དམིགས་བཅས་ཚིག་འདི་བརྗོད་པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། ་བུ་ཆུང་ཐེག་པ་ཆེན་པོ་ཡི། །གསང་སྔགས་སྤྱོད་ཚུལ་ཆོ་ག་འདི། །ཁྱེད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང། །དེ་བཞིན་གང་དག་མ་བྱོན་དང། །ད་ལྟར་བྱུང་བའི་མགོན་པོ་རྣམས། །འགྲོ་ལ་ཕན་ཕྱིར་བཞུགས་པ་དག་།དེ་དག ་ཀུན་གྱི་གསང་སྔགས་ཀྱི། །ཆོ་ག་མཆོག་བཟང་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཚན་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེ། །ཤཱཀྱ་སེངྒེ་སྐྱོབ་པ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟང་བ། །དཔུང ་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག་།བཤགས་སོགས་ལན་གསུམ་བརྗོད་ནས་ནི། །དེ་ནས་བླ་མས་བྱང་ཆུབ་སེམས། །མ་བསྐྱེད་པ་ནི་བསྐྱེད་པར་བྱ། །བསྐྱེད་པ་སླར་ཡང་དྲན་དུ་གཞུག་།ལས་ཀུན ་གྱི་ལས?་བསྲུངས་ནས་ནི། །སྙིང་ག་ལྐོག་མ་སྤྱི་བོ་རུ། །རྡོ་རྗེ་པདྨ་འཁོར་ལོ་དག་།ཧཱུཾ་ཨཱ(རྒྱུད་འགྲེལ་ཏོག་མདུན་དུ་སྤོས། །མར་མེ་དྲི་ཡང་ཐུགས་ཀ་རུ། །ཀུན་བྱེད་བཟླས་ནས་གུས་པ་ཡི། །སློབ་མ་རྣམས་ལ་སྦྱིན་པར་བྱ། ། ཤྭཏ་ཨུ་དུཾ་བ་ར་ཡི། །སོ་ཤིང་སོར་ནི་བཅུ་གཉིས་པ། །མ་ཡོ་མ་གས་སྲོག་ཆགས་མེད། །རྩེ་མོར་མེ་ཏོག་བཅས་པ་སྦྱིན། ་ཤར་རམ་བྱང་དུ་ཁ་བལྟས་བཞག་།བཅས་ནས་བལྟོས་པ་མེད་པར་ནི། །བ་ཀོ་ཙམ་ནི་བྱུག་པར་དོར། །ཞི་ལ་སོགས་པའི་དངོས་གྲུབ་བརྟན། །འཐུར་འཐུང་སྐྱོར་ཆུ་ལན་གསུམ་བླུད། །ཕྱི་རོལ་ཏུ་ནི་ངེས་བཞག་སྟེ། །སྟན་དང་སྔས་ཕྱིར་ཀུ་ཤ་སྦྱིན། ། ་དཔུང་པར་སྐུད་པས་བསྲུང་བར་བྱ། །སྐྱོར་ཆུ་ལན་གསུམ་བླུང་པའི་སྔགས། །ོཾ་ཧྲི་བི་ཤུདྡྷ་དྷརྨ་སརྦ་པཱ་པ་ནི་ཙ་སྱ་ཤོ་དྷ་ཡ་བི་ཀལ་པཾ་ཨ་པ་ན་ལ་ཧཱུཾ། འཇིག་རྟེན་དུ་ནི་ཀུན་མཁྱེན་ནས། །ུ་དུཾ་བ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ ་ཞིག་།འབྱུང་འགྱུར་ཡང་ན་མི་འབྱུང་ངོ། །གསང་སྔགས་སྦྱོད་པའི་ཚུལ་བྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། སྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་བགྱིས་པར་གྱུར་པ་གང། །དེ་ཀུན ་དཀྱིལ་འཁོར་འདི་འདྲ་བ། །མཐོང་བས་འབྱང་བར་འགྱུར་ལགས་ན། །གྲགས་པ་མཛའ་ཡས་བསྔགས་སྤྱད་པའི། །ཚུལ་ལ་གནས་པ་སྨོས་ཅི་འཚལ། །སྐྱོབ་པའི་གསང་སྔགས་བཟླས་ནས་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་དག་སྤྱོད་པ་མཆོག ་འདི་ལ?། །བློ་གྲོས་ཤིན་ཏུ་མི་གཡོ་བ། །དེ་དག་གིས་ནི་ངན་འགྲོའི་རྒྱུན། །སྡུག་བསྔལ་ཀུན་འབྱུང་རབ་ཏུ་བཅས། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་གཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེ་རིང་དོར་བས་ན?། །རབ ་བྱུང་སྐལ་པ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །དོན་བཤད་བསྲུང་བ་བྱས་ནས་ནི། །ཀུ་ཤའི་སྟན་ལ་ཉལ་དུ་གཞུག་།རྨི་ལམ་གང་དག་ཅི་མཐོང་བ། །དེ་ཀུན་ནང་བར་ང་ལ་ཟློས། །སྲུང་དང་བྱིན་རླབས་སོགས ་གང་དག་།དེར་ནི་ལས་ཀུན་བྱེད་པ་བཟླ། །རིགས་ལྔ་འཁོར་ལོ་གསུམ་གྱི་ནི། །ལས་ཀུན་བྱེད་པ་ཐབ་སྦྱོར་ཡིན། །རྨི་ལམ་བཟང་ངན་དྲིས་ནས་ནི། །མི་དགེ་ཐབ་སྦྱོར་དག་གིས་གཞོལ། །སློབ་མ་ལེགས་བསྲུངས་སྐལ་ལྡན་པ། །དེ་ནས་སྡོམ་པ་འཛིན་དུ ་གཞུག་།མི་ལྡོག་འཁོར་ལོའི་དབང་བསྐུར་བ། །རྩལ་ནས་མགོན་པོ་བདག་ལ་ནི། །འཁོར་ལོ་ལྷ་ཡི་དེ་ཉིད་དང། སློབ་དཔོན་གྱི་ནི་ལས་རྣམས་དང། །སངས་རྒྱས་ཀུན་གྱི་དམ་ཚིག་དང། །སྡོམ་པ་དང་གསང་བ་དམ་པ་དང། །སེམས་ཅན ་ཀུན་གྱི་དོན་གྱི་ཕྱིར། །རྟག་ཏུ་སློབ་དཔོན་བདག་འགྱུར་གསུངས། །སློབ་མ་སློབ་དཔོན་ཉིད་དོན་གཉེར། །སྡོམ་པ་རྣམས་ཀྱང་འཛིན་དུ་གཞུག་།རྣལ་འབྱོར་མཉམ་གཞག་འཁོར་ལོ་མཆོག་།ལེགས་མཆོག་བློ་ཡིས་མཁའ་ལ་བཞག་།རྟག་པ་ལ ་སོགས་དངོས་འདྲ་ཞིང། །དེ་མདོག་ས་བོན་ལས་བྱུང་བ། །ཡེ་ཤེས་ལྔ་ལྡན་སྲིད་བུ་ནི། །ཉི་ཤུ་རྩ་ལྔར་རྣམ་ཕྱེ་བ། །ཛ(རྒྱུད་འགྲེལ་ནི་ནང་དུ་གཞུག?་།རྣམ་སྣང་ལ་སོགས་ཞུགས?་ཡེ་ཤེས། །སྲད་བུ་ཐམས་ཅད་བྱེད་དང་བཅས། །རང་གི་འཁོར་ལོ་ཐིག་གདབ་ཕྱིར། །རྟག་པའི་ཐིག་ནི་སྩལ་དུ་གསོལ། །ཇི་སྲིད་མི་བསྐྱོད་མཐར་ཐུག་པ། །འདི་དག་དེ་ཉིད་གསུམ་དང་སྤེལ། ། ནྱོ་ཨ ་?་??་དྷརྨ?་ཞེས་བྱ་སོགས་དྲན་བྱ། །ཆུར་ནི་འཁོར་ལོའི་ཉེས་འགྱུར་ལ། །སྦོམས་སུ་སྒོ་ཡི་ཉི་ཤུའི་ཆ། །མི་འཆི་བཅུ་བྱེད་དྲི་བཟང་གིས། །སྤངས་ནས་ཀྱང་ནི་བསྲུང་བར་བྱ། །ཡིས་གསུམ་ཆུད་པར་རྣལ་འབྱོར་པས། །ཐིག་འཛིན་པ་དང་བསྒྲིལ་ ་པར་བྱ། །ཛཛ་གསུམ་གྱིས་ནི་དེ་གཏང་ཞིང། །རང་ཡང་ཛཛ་ཛཛ་ཛཛ་ཞེས་ཟློས། །ཁུ་ཚུར་གཡོན་པས་ལྟེ་བར་ནི། །བཟུང་དང་ནུབ་དང་ལྷོ་ཕྱོགས་གནས། །བློ་ལྡན་ནམ་མཁའ་ཨི་ཐིག་གདབ་སྟེ། །དེ་བཞིན་འོག་ཏུ་ཐིག་རབ་གདབ། །ོཾ ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ། །ནམ་མཁའ་གང་བའི་བདེ་གཤེགས་རྣམས། །ཁྱོད་ཀྱི་འགྲོ་དོན་མཛད་དུས་ལགས། །ཐིག་གི་སྒྲ་ཡིས་བསྐུལ་ནས་ནི། །དེ་རྣམས་འདི་ནི་གཤེགས་སུ་གསོལ། །གནོད་སྦྱིན་ཡི་དགས་དབང་པོ་ཀླུ། ཕྱོགས་བལྟས ་མེ་དང་རླུང་ལ་བརྟེན། །དང་པོ་ཤར་དང་ནུབ་བྱང་ལྷོར། །ཕྱོགས་ཀྱི་ཕྱི་རོལ་སྲད་བུ་གདབ། །མེ་དང་བདེན་བྲལ་ཕྱོགས་གནས་ཏེ། །མཚམས་ཀྱི་སྲད་བཱུང་ཡང་དག་གདབ། །ཤར་ལྷོ་ནུབ་བྱང་དེ་བཞིན་དུ། །བྱས་པས་དཀྱིལ་འཁོར་རྒྱད་དུ་འགྱུར།། ་ཐིག་དེ་ཉིས་རིམ་བྱས་ནས་ནི། །འཁོར་ལོའི་དབུས་སུ་གཞག་ནས་སུ། འཁོར་ལོ་རྣམ་པར་དེ་རྒྱབ་ཏུ། །རྡོ་རྗེའི་སྲད་བུ་གཉིས་ཀྱང་གདབ། །དབང་ལྡན་ལས་ནི་ལྕགས་རི་དག་།རང་དང་རྗེས་མཐུན་གཡས་ནས་བསྐོར། །མཁས་པས་ཐིག་གིས་ཐིག ་བཏབ་ནས། །ཕྱོགས་ཀུན་མཉམ་པ་ཉིད་དུ་བྱ་།ལྟས་ངན་བྱུང་ན་དངོས་མི་འགྲུབ། །སྲད་བུ་ཆད་ན་བླ་མ་འཆི། །རིང་ཐུང་ཁྱེར་ནན་བར་འགྱུར། །ཕྱོགས་འཁྲུལ་སློབ་མ་མྱང་བར་འགྱུར། །ཟུར་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་རྣམ ་པར་མཛེས། །ཐིག་བཞི་དང་ནི་ཡང་དག་ལྡན། །ངར་དང་མེ་ཏོག་ཕྲེང་བས་བརྒྱན། །གྲཝ་ཡི་ཕྱོགས་རྣམས་ཐམས་ཅད་དང། །སྒོ་ཁྱུད་ཀྱི་ནི་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་སྤྲས་པར་ནི། །དཀྱིལ་འཁོར་ཕྱི་རིམ་ཐིག་གདབ་པོ། །དེ་ཡི་ནང་གི་འཁོར་ལོ་ནི།། ་དཀྱིལ་འཁོར་བརྒྱད་པ་འདྲ་བ་ལ། །ཕྱི་ཡི་འཁོར་ལོའི་ཕྱེད་ཀྱི་ཚད། །ཀུན་ནས་ཡེངས་སུ་ཟླུམ་པོར་བྱ། །ཀ་བ་འཁོར་ལོ་ལ་སོགས་སྦྲས། །རྡོ་རྗེ་ཕྲེང་བ་བཟང་པོས་བསྐོར། །དེ་ནས་ཧཱི་ལས་ཁྲོ་བོ་ཡི། །བལྟ་པས་སྒོ་ནི་རྣམ་པར་དབྱེ། །སྒོ་ནི་འཁོར་ལོའི ་བརྒྱད་ཆ་སྟེ། །ཁ་ཁྱེར་མེད་པ་ཉིད་དུ་འདོད། །སྒོ་ཁྱུད་སྒོ་ཡི་ཚད་ཡིན་ཏེ། །ལྷ་ཡི་རྣམ་བཱུང་དེ་ཡི་ཚད། །དེ་ཕྱེད་ཁ་ཁྱེར་ཀུན་ནས་བསྐོར། །འོག་དང་འབྲས་ནི་དེ་བཞིན་ཏེ། །དྲ་བ་དྲ་ཕྱེད་ཉི་ཟླ་དང། །དར་སོགས་སྣམ་བུ་ཚད་དེ་བཞིན། །ཚོན་གྱིས ་ནི་དེ་ཡི་ཕྱེད། །རྩ་བའི་ཐིག་སའི་ཕྱི་རོལ་དུའོ། །འཁོར་ལོ་ལ་སོགས་ཀ་བའི་ཐིག་།ཚོན་གྱི་ས་དང་ས་གཞི་མཉམ། རྟ་བབས་སྒོ་ཡི་སུམ་འགྱུར་ཏེ། །བ་དན་ཕྲེང་བ་རྣམས་དང་ལྡན། །དྲིལ་བུ་མཆོག་ནི་རླུང་གིས་བསྐྱོད། །བ་དན་ཕྱི་ཡི་མཚམས ་སུ་བྱ། །གཞན་དག་འཁོར་ལོའི་རྗེས་མཐུན་པར། །ཇི་ལྟར་མཛེས་པར་རྣམ་པར་བརྟགས། །རྫོགས་སངས་ཡེ་ཤེས་སྐུ་ཡིན་ཕྱིར། །ཆོས་སྐུའི་བདག་ཉིད་ཤིན་ཏུ་དག་།གསུང་དབང་རྡོ་རྗེའི་རིགས་སུ་བཤད། །འདི་ནི་ཐུག་ཀྱི་འཁོར་ལོ་ཡིན། ། ་སེམས་ཅན་བསམས་བ་ལ་བརྟེན་ནས། །ཚད་ལ་སོགས་པ་ངེས་མཛད་ཀྱི། །ཐབས་ཤེས་ལས་བྱུང་དངོས་གྲུབ་ལ། །ཚད་སོགས་ངེས་པས་ཅི་ཞིག་བྱ། །དེ་ནི་ཁྲུ་གཅིག་ནས་བརྩམས་ཏེ། །ཇི་སྲིད་ཁྲུ་སྟོང་བར་དུའོ། །དེ་ལྟར་འཁོར་ལོའི་དེ ་ཐིག་གདབ། །ཚོན་ལ་འབར་བའི་ལྟ་བས་ཀྱང། །སྔ་མའི་རིམ་གྱིས་ཡེ་ཤེས་སྦར། །ཡང་དག་གཟི་བསྐྱེད་གསང་སྔགས་བཟླ། །ོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། །འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་གྲོལ་བྱེད་པ། །འཇམ ་དབྱངས་རྒྱལ་པོ་རང་ཉིད་ནི། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཉེས་པ་ཀུན་ལས་རབ་གྲོལ་བའོ། །འཁོར་ལོའི་ནང་ན་ཡང་དག་གནས། །བླ་མས་གཡོན་པའི་ཁུ་ཚུར་གྱིས། །དབང་ལྡན་ཕྱོགས་ནས་བརྩམས་ནས་ནི། །དཀར་དང ་སེར་དང་དེ་བཞིན་དམར། །ལྗང་གུ་དང་ནི་ནག་པོ་ཉིད། །མཉམ་ཞིང་གཡས་བསྐོར་རྒྱུན་མ་ཆད། །མ་ཡོ་བར་ནི་ཚོན་རྩི་དགྱེ། །སྒོ་ཡི་ཉི་ཤུ་ཆ་རུ་ནི། །རི་མོ་མཉམ་པར་དགྱེ་བར་བྱ། །སྦོམ་པོར་བཀྱེ་བས་ནད་ཀྱིས་འདེབས། །ཕྲ་མོས་ནོར ་ནི་རྣམ་པར་འཇིག་།ཡོན་པས་རྣམ་འགྲས་འཆད་པ་ཡིས། །བླ་མ་དང་ནི་སློབ་མ་འཆི། །གཡས་བསྐོར་མིན་པར་བཀྱེ་བ་ཡིས། །ཚོན་རྩི་ཕུར་བུས་བཏབ་པར་འགྱུར། །དཀར་པོ་རྡོ་རྗེ་རྩེ་རང་བཞིན། །གཉིས་པ་གསེར ་ལ་དམིགས་པ་སྟེ། །པདྨ་རཱ་གའི་རང་བཞིན་ཏེ། །དེ་བཞིན་གཞན་དག་མ་རྒད་ཡིན། །ནག་པོ་ནད་དུ་ཤེས་བྱ་སྟེ། །འདི་ནི་ཚོན་གྱི་རིམ་པར་བཤད། །དཀར་པོ་ཆེན་པོ་ཤར་ཕྱོགས་སུ། །ལྷོ་རུ་སེར་དང་ཡང་དག་ལྡན། །ནུབ་ཀྱི་ཆ་ནི ་དམར་པོ་སྟེ། །བྱང་ནི་ལྗང་དང་ཡང་དག་ལྡན། །དབུས་ཀྱི་ས་གཞིའི་ཆ་དག་ནི། །ིནྡྲ་ནཱི་ལའི་འོད་གསལ་འབར། །རྟག་པར་ཤེས་རབ་ཐབས་བདག་ཉིད། །ཤིན་ཏུ་མཉམ་གཞག་ལེགས་པར་བྲི། །རི་མོ་ཕན་ཚུན་ནས་གང་གིས། །མ་རེག ་པར་ནི་བྲི་བར་བྱ། །བདུད་རྩི་ཐབས་སྦྱོར་རྡོ་རྗེ་ཡིས། །གདུག་པ་ཐམས་ཅད་རྣམ་པར་གཞོམ། །འདི་ནི་རྒྱ་ཆེན་ཆེ་བར་བཤད། །གདུག་པའི་དག་སྟེ་གསང་སྔགས་རྒྱལ། །ན་མ་ས་མནྟ་ཀཱ་ཡ་བཱཀྩིཏྟ་བཛྲཱ་ཎཱཾ། ན་མོ་བཛྲ་ཀྲོ་དྷཱ་ཡ་མ་ཧཱ་དྷཾ་ཥྚོ་ཧ ་ཀཊ་བྷཻ་ར་བ་ཡ། ཨ་སི་མུ་ས་ལ་པ་རི་ཤུ་པཱ་ཤ་ཧ་སྟ་ཡ། ཨཾ་ཨ་མྲི་ཏ་ཀུཎྜ་ལི། ཁ་ཁ་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བྷནདྷ་བྷནདྷ། ཧ་ན་ཧ་ན། ད་ཧ་ད་ཧ། གརྫཛ་གརྫཛ། བི་སཕོཊ་ཡ་བི་སཕོཊ་ཡ། སརྦ་བིགྷཱན་པ་ནི་ཡ་ཀཱན་མཧཱ་ག་ན་པ་ཏི་ཛཱི་བི ་ཏ་ཨནྟ་ཀ་ར་ཡ་ཧཱུཾ་ཕཊ། །དེ་ལྟར་དཀྱིལ་འཁོར་ཀུན་བྲིས་ནས། །ཟླ་བ་ཉི་མའི་གདན་བྱས་ཏེ། །རལ་གྲི་སྔོ་བསངས་དབུས་བྲི་བ། །ཤིན་ཏུ་རྣམ་དག་སོགས་འོད་ལྡན། །ཤར་དུ་འཁོར་ལོ་བརྩིབས་བརྒྱད་མཆོག་།མེ་ལོང་ལ་སོགས་ཡང ་དག་འབར། །ལྷོ་རུ་རིན་ཆེན་སྔོ་བསངས་འོད། །ཆ་དགུ་པ་མཐོང་མཉམ་པ་ཉིད། །ནུབ་ཏུ་པདྨ་འདབ་བརྒྱད་པ། །སོ་སོར་རྟོག་ལ་སོགས་ལྡན་དམར། །བྱང་དུ་རལ་གྲི་དམ་པ་ནི། །བྱ་བ་ལ་སོགས་ཀྱིས་རབ་བརྒྱན། །ཤར་ལྷོར་སྤྱན་དེ་ཐབས་ཡིན ་ལ། །ལྷོ་ནུབ་རྡོ་རྗེ་སྨོན་ལམ་སྟེ། །ནུབ་བྱང་ཁ་ནི་བྱེ་བ་ཡི། །པདྨ་སྡོད་བུ་བཅས་པ་སྟོབས། །བྱང་ཤར་ཨུཏཔལ་ཡེ་ཤེས་ཏེ། །སེར་དང་སྤྲིན་སྔོན་ལྟ་བུར་མཛེས། །མེལ་སོགས་པའི་མཚམས་བཞི་དང། །ཤར་སྒོ་ཡི་ནི་ངོས་གཉིས་སུ། །མེ་ལོང་དེ་བཞིན་པི་ཝཾ་དང། །དྲི་ཡི ་དུད་དང་བཅུད་ལེན་སྣོད། །གོས་དང་ཆོས་འབྱུང་ཉིད་དག་སྟེ། །སྦྱིན་དང་ཚུལ་ཁྲིམས་སོགས་པས་བརྒྱན། །དང་སོགས་ཐོ་བ་དབྱིག་པ་དང། །པདྨ་རྡོ་རྗེ་བཞི་པ་ཡིན། །རྣམ་གསལ་ཀུན་དར་ཤེས་བྱས་ལ། །རང་གི་འཁོར་ལོ་རབ་གསལ་བསྒོམ། །སྔར་བཞིན་ཤེས ་རབ་ཡང་དག་འདུག་།སངས་རྒྱས་རྣམས་ནི་རང་ནང་གཞུག་།སེམས་བཟང་ནམ་མཁའ་ཁྱབ་བྱས་པའི། །འཁོར་ལོའི་ངོས་སུ་གནས་བྱའོ། །དེ་དང་ལྷན་ཅིག་འོངས་པའི་བགེགས། །དེ་ནི་ཀུན་བསྐྲད་མངོན་གང་བསྲུང། །གཤིན་རྗེའི་དགྲ་སོགས་ཀྱིས་བཀུག་ལ། ་བཅུག་སྟེ་བཅིངས་ནས་དབང་དུ་བྱ། །མིག་དང་སྐུ་སོགས་བྱིན་བརླབས་ལ། །མཆོད་ཡོན་དབང་བསྐུར་མངོན་མཆོད་པ། །བྱས་ནས་བསྟོད་དེ་ཚིམ་བྱ་ཞིང། །རྣམ་བསྒོམས་བཟླས་བས་མཉེས་པར་བྱ། །སྔོན་བཞིན་པད་སྣོང་དམ་པར་ཡང། །བདུད་རྩི་ཡེ་ཤེས ་བདུད་རྩིར་བྱ། །ཕྱོགས་སྐྱོང་རང་རང་སྦྱོར་ལ་གནས། །རབ་ཏུ་མཆོད་དེ་དཀྱིལ་འཁོར་འཇུག་།འཇིག་རྟེན་གསུམ་ལས་རྒྱལ་གྱུར་པས། །གོས་དང་རྒྱན་ནི་ཇི་སྙེད་དང། །འཁོར་ལོ་བསྐོར་བ་བྱས་ནས་ནི། །ཕྱག་བྱས་སྦྱིན་སྲེག་དག་གིས་མཆོད། །ཀུན་ནས་སོར ་བཞི་དོར་བར་དུ། །ཁ་ཁྱེར་དེའི་ཚད་པད་ཁ་བྱེ། །ཁྲུ་ཕྱེད་པ་དང་ཁྲུ་གང་པ། །འཁོར་ལོ་ལྟ་བུ་ལས་ཀུན་བྱེད། །རལ་གྲི་ཆུ་དང་དབངས་སུ་ནི། །སོར་བརྒྱད་སོར་གཅིག་པ་ཡི་ཚང། །ཐབ་ནང་འཁོར་ལོ་རིན་ཆེན་དང། །པདྨ་རལ་གྲི་དབུས་ཆུད་བྲི། ཕྱི་རོལ ་རྡོ་རྗེ་ཕྲེང་བས་བསྐོར། །སྔགས་པ་ཤར་དུ་ཁ་བལྟས་ཏེ། །ཀུན་བྱེད་བཟླས་པས་ཀུན་ཏུ་བསྲུང། །མཆོད་ཡོན་སོགས་གཡོན་དེ་ལས་གཞན། །ཡོ་བྱས་གཡས་བཞག་བསངས་ནས་ནི། །འཇམ་པའི་རྡོ་རྗེའི་འབྱོར་བ་བདག་ལྡན། །འོ་མ་ཅན་ཤིང་གིས་སྦྱར ་པའི། །མེ་ནི་ཡི་གེ་གསུམ་གྱི་གསང། །རླུང་ཡབ་གཡབས་པས་རབ་སྦར་ལ། །གཡས་ནས་བསྐོར་ཞིང་ཀུ་ཤ་དགྲམ། །དང་པོའི་སྙིང་བྱུང་དགྲུ་གསུམ། །བདག་ནས་ས་བོན་རི་ལས་བྱུང། །སེར་ཞིང་ཞལ་སེར་གསུམ་པ་ལ། །ཤེས་རབ ་ཡན་ལག་བརྒྱད་དང་ལྡན། །སྤྱི་བླུགས་མི་འཇིགས་དབྱུག་པ་ཕྲེང། །ཕྱག་ན་བསྣམས་པ་འདིར་མེ་བསམ། །སྔར་བཞིན་དེ་ཉིད་གསུམ་འདོན་པས། །ཡེ་ཤེས་དམ་པའི་མེ་སྤྱན་དྲང། །དེ་ལ་བསང་གཏོར་ལ་སོགས་པ། །བྱས་ནས་གདན་ལ་བཞུགས ་སུ་གསོལ། །དགང་གཟང་བླུགས་གཟར་ཡུ་བ་ཁྲུ། །འོག་ཏུ་རྡོ་རྗེ་རིན་ཆེན་བྱ། །དེ་སྟེང་དགང་གཟར་བརྒྱར་སོར་བཞི། ཟབས་སུ་སོར་གཉིས་ནང་རྡོ་རྗེ། །སོར་བཞིའི་མཐར་ནི་རྡོ་རྗེ་སྟེ། །བར་དུ་པདྨའི་འདབ་མའི་དབྱིབས། །བླུགས་གཟར་པདྨའི་དབྱིབས ་སོར་གཉིས། །ཟབས་སུ་སོར་གཅིག་ནང་རྡོ་རྗེ། །དགང་གཟར་བླུགས་གཟར་ཁ་རང་གི་།ལྷ་ཡི་ས་བོན་རབ་འབར་བསམ། །དེའི་ཁར་ཡི་གེ་རཾ་བཀོད་ལ། །དེ་ལ་དགང་བླུགས་སྦྱིན་པར་བྱ། །མེ་ལྷ་འབྱོར་ལྡན་ཡམ་ཤིང་སྟེ། །ཡམ་ཤིང་མེ་ལ་མར་དང ་ཏིལ། །མ་གྲུགས་དུར་བ་འབྲས་ཆེན་ཞོ། །ཀུ་ཤ་ཆོ་གའི་རིམ་པ་ཡིན། །དེ་ཉིད་ཡེ་ཤེས་དམ་པའི་མེ། །ཐུགས་ཟླར་མཾ་སྐྱེས་བདག་པོ་ནི། །འཁོར་ལོ་མཆོག་བསམས་ཕྱི་མཆོད་སོགས། །སྔོན་དུ་འགྲོ་བས་སྦྱིན་སྲེག་བྱ། །ོཾ་ཨགན་ཡེ་སྭཱཧཱ། མར ་གྱིའོ། །ོཾ་སརྦ་པཱ་བ་ད་ཧ་ན་བཛྲ་ཡེ་སརྦ་པཱ་པཾ་ད་ཧ་སྭཱཧཱ། ཏིལ་གྱིའོ། །བཛྲ་པུཥྚ་ཡེ་སྭཱཧཱ། འབྲས་མ་གྲུགས་པའི་འོ། །ོཾ་བཛྲ་ཨཱ་ཡུ་ཥེ་སྭཱཧཱ། དུར་བའིའོ། །ོཾ་སརྦ་སཾ་པ་དེ་སྭཱཧཱ། །ཞོ་དང་འབྲས་ཆེན་གྱིའོ། །ོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱཧཱ། ་ཀུ་ཤའིའོ། །རྒྱས་དང་ཞི་དང་དབང་དགུག་བཅིང། །སྡང་དང་བསྐྲད་དང་མངོན་སྤྱོད་ལ། །ོཾ་སྭཱཧཱ། ཧོ་ཛ་ཧཱུཾ་ཧཱུཾ་ཕཊ། །སྔགས་ཀྱི་མཐར་ནི་བསྐུལ་བའང་བྱ། །རང་བདག་སྙིང་གའི་སེམས་དཔའ་ཡི། །ལྷ་ཀུན་ཚིམ་པ་ཉིད་དུ་བྱ། །ཟླ་སོགས་དེ་ལས ་གཞན་པའི་རྫས། །སྙིང་ཟླའི་འཁོར་ལོའི་ལྗགས་ཀྱི་མཆོག་།བསྒོམས་ནས་སྔོན་བཞིན་ཚིམ་པར་བྱ། །མཐར་ནི་དེ་བཞིན་དགང་བླུགས་དབུལ། །བསང་དང་འཐོར་འཐུང་མཆོད་ཡོན་དག་།ཕུལ་ནས་མཆོད་དེ་གཤེགས་སུ་གསོལ། །རྣལ་འབྱོར་པ་ཡི་རྫས ་ལྷག་མ། མེ་འཕུལ་ལ་དེ་བཞིན་དུ། །ཆོ་ག་སྔ་མས་གཤེགས་གསོལ་ལ། །འཁོར་ལོ་མཆོད་དེ་ཡང་དག་གཞུག་།སློབ་མ་འཇུག་པའི་ཆོ་ག་ཡིས། །དང་པོར་ཞུགས་ལ་རང་གི་ནི། །དབང་བསྐུར་བྱ་བ་རྫོགས་བྱས་ཤིང། །རིགས་བདག་རྗེས ་གནང་ཐོབ་པ་དང། །འདོད་ཆགས་ཆེ་ལས་བྱུང་དེ་ཉིད། །འཁོར་ལོའང་གཟུགས་བརྙན་ལྟ་བུ་ཡི། །གྲོང་དུ་སློབ་མ་འཇུག་བྱའི་ཕྱིར། །བདེན་པ་འདི་ནི་བསྒྲག་པར་བྱ། །ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག་།སེམས ་དཔའ་རྡོ་རྗེ་ཆེ་རང་བཞིན། །འཇམ་པའི་རྡོ་རྗེར་དེང་གྲུབ་མཛོད། །ཀུན་མཆོག་དངོས་འགྲུབ་ཆེན་པོ་སྟེ། །དབང་ཕྱུགས་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་གྲུབ་མཛོད། །ཉེས་པ་མི་མངའ་རྟག་པའང ་ཁྱོད། །འདོད་ཆགས་ཀུན་གྱི་རྗེས་ཆགས་པ། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་ཀྱི་གྲུབ་མཛོད། །ཤིན་ཏུ་དག་པ་ཀུན་གྱི་མཆོག་།གདོང་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང ་ཆུབ་སེམས་དཔར་བདག་གྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག་།དབང་ཕྱུག་ཆེན་པོ་རྒྱ་མཆོག་གིས། །གྲུབ་པའི་རྡོ་རྗེ་ཆེར་བསྟོད་པ། །རྡོ་རྗེ་བསྙེམས་བདག་བདག་མཛོད་ཅིག་།སེམས་ཅན་ཀུན་གྱི་ཡིད་ཁྱབ་ཅིང། །སེམས་ཅན ་ཀུན་གྱི་སྙིང་ལ་བཞུགས། །སེམས་ཅན་ཀུན་གྱི་ལམ་གྱུར་ཉིད། །འདོད་མཆོག་དམ་ཚིག་མཆོག་གྱུར་པའོ། །བདེན་པ་གང་གིས་ཡེ་ཤེས་མཆོག་།ཤེས་རབ་ཐངས་བདག་དཀྱིལ་འཁོར་ཡིན། །བདེན་པ་དེ་ཡིས་མགོན་བདག་ལ། །ཁྱོད་ཀྱི་དང་པོར? ་པར?་བ་རྫོགས་མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་པས?་ལས་ཀུན་ཏུ་འབྱུང། །དེ་བཞིན་ཉིད་ལས་ངེས་པར་སྐྱེས། །བདེན་པ་འདི་ཡིས་དཀྱིལ་འཁོར ་དུ། །གཟུགས་བརྙན་གསལ་བར་སློབ་མ་ནི། །ཀུན་གྱིས་དྲི་མ་མེད་མཐོང་ཤོག་།སློབ་མ་ཅི་ཡི་སྡོམ་པ་དང། །སྔོན་བཞིན་སྐུ་སོགས་འོད་གསལ་བྱ། །ཀུན་བྱེད་བུམ་པའི་ཆུ་ཡིས་ནི། །ཡོལ་བའི་མཐར་ནི་བསང་གཏོར་བྱ། །དེ་ནས་གོས་དམར ་གྱིས་གདོང་གཡོག་།སྡུག་པ་ཁྱོད་ནི་སུ་ཞེས་དྲི། །དེ་ནས་སློབ་མས་ཚོག་ཏུ་ནི། །བདག་ནི་སྐལ་པ་བཟང་ཞེས་བརྗོད། །སྒོར་ནི་ཕྲེང་ཐོག་ཡང་དག་མཆོད། །དེ་བཞིན་ཡོན་ནི་ཕུལ་བ་དང། །རྣལ་འབྱོར་སེམས་ནི་ཡང་དག་བསྐྱེད། །སྙིང་གར་རྡོ་རྗེ ་སྙིང་པོ་བསམ། །སྔགས་ལ་ཨོཾ་སརྦ་ཡོ་ག་ཙི་ཏ་ཨུཏཔ་ཏ་ཡ་མི། སུ་ར་ཏ། ས་མ་ཡ་སྟཾ་ཧོ། །སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང ་བ་འདི་ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ལ་སྨྲ་བར་མ་བྱེད་ཅིག་།དད་པ་དང་མི་ལྡན་པ་རྣམས་ལ་ཡང་མ་ཡིན་ནོ་ཞེས་བརྗོད་པར་བྱའོ། །གཤིན་རྗེ་གཤེད་སོགས་རང་སྔགས་ནི། །དམ་པས་དགུག་དང་གཞུག་པར་བྱ། །ཡི་གེ་ལྔ་དང ་དེ་བཞིན་དུ། །བརྗོད་དེ་དམ་ཚིག་འཛིན་དུ་གཞུག་།དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། །ངས་ཁྱོད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་ན། །དངོས་གྲུབ་གཞན ་ལྟ་སྨོས་ཀྱང་ཅི་དགོས་ཏེ། །དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱ་ཡིས། །ཁྱོད་ཀྱི་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་མ་སྨྲ་ཞིག་།དམ་ཚིག་ཉམ་པར་གྱུར་ཏ་རེ། །དེ་ཡི་སྙིང་གར་རྡོ་རྗེ་བཞག་ལ། །ོཾ་རྡོ་རྗེ་སེམས་དཔའ་དང་ཁྱོད་ཀྱི།། ་སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ནས་གཤེགས། །པད་ནས་ཡི་གེ་གསུམ་གྱིས་སྦར། །མི་འཆི་ལྔ་པ་འཐུང་དུ་གཞུག་།འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང? ་ན་དངོས་གྲུབ་སྟེར། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཞིག་།ོཾ་བཛྲོད་ཀ་ཋ་ཋ་ཋ། དམ་བཅའ་བ་བརྟན་པར་འདི་སྐད་ཅེས་བརྗོད་དོ། །དེང་ཕྱིན་ཆད་ཁྱོད་ཀྱིས་ཕྱག་ན་རྡོ་རྗེ་ནི་ད་ཡིན་གྱིས། །ངས་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་ཡང་བྱ་དགོས་སོ། །ཁྱོད ་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག་།མི་བདེ་བ་མ་སྤངས་པར་ཁྱོད་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་སྨྲས་ལ། །དེ་ནས་སློབ་མ་ལ་འདི་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ། །རྡོ་རྗེ་སེམས་དཔའ་བདག ་ལ་འབབ་པར་གྱུར་ཅིག་ཅེས་སྨྲོས་ཤིག་པར་བསྒོའོ། །དེ་སྐད་བརྗོད་ནས་དེའི་སྙིང་གར། །དབང་ཆེན་དཀྱིལ་འཁོར་མཚམས་སུ་ནི། །རྡོ་རྗེས་མཚན་པ་ཁ་དོག་སེར། །ལཾ་ལས་བྱུང་བའི་ཧཱུཾ་བསྒོམ་བྱ། །བཾ་བྱུང་ཆུ་ནི་ཁ་དོག་དཀར། །བུམ་པས་མཚན་ཅིག ་ཡོངས་སུ་ཟླུམ། ཡཾ་ལས་བྱུང་བའི་གཡོ?་བའི་རླུང། །བ་དན་དངོས་མཚན་གཞུ་ཡི་དབྱིབས། །དེ་ལ་སྐུ་གསུང་ཧ་ཨ་བསྒོ། །རྐང་འོག་ཛཧཻ་ནི་རབ་འབར་བ། །རླུང་ལཾ་རཾ་བྱུང་གྲུ་གསུམ་པར། །གནས་པས་སྦར་ལ་སློབ་མ་དབབ། ། བེ་ཤ་ཡསྟཾ་བ་ཡ་ར་ར་ར་ར་ཙཱ་ལ་ཡ་ཙཱ་ལ ་ཡ། ཧཱུཾ་ཧ་ཨ་ཛཧཻ། ལྕེ་ལ་ཨ་ནི་དམར་པོ་ཞིག་།བསམས་ཏེ་བབས་ལ་སླར་ཡང་བསྒོ། །འདོད་ཆགས་རྡོ་རྗེ་དེ་གནས་པ། །སྨྲོས་ཤིག་རྡོ་རྗེ་དགེ་མི་དགེ་།བབས་པ་དེ་ནི་བརྟན་བྱ་བ། །དེ་ལ་ཏིཥྛ་བཛྲ་བརྗོད། །མེ་ཏོག་ཕྲེང་བ་འཁོར་ལོར་དོར། །པྲ་ཏིཙྪ་བཛྲ ་ཧོ་ཞེས་བརྗོད། །དེ་ནི་སྤྱི་བོར་བཅིང་བར་བྱ། །པྲ་ནི་གྲིཧྞ་ཏྭ་མི་མཾ་སཏྭ་མ་ཧཱ་བ་ལ། །བླངས་པ་འམ་མ་བླངས་པ་གཉིས་ནི། །མཚན་འམ་མཚན་མ་ཉེ་བ་རུང། །བབས་སམ་དང་ཀྱང་དེའི་སྦྱོར་བ། །སྐལ་ཅན་ཉིད་ལ་སྦྱིན་པར་བྱ། །མིག་ཏུ་འབར་བཅས ་ཨོཾ་བསམས་ལ། །རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །མིག་ནི་ཐམས་ཅད་འབྱེད་པར་མཛད། །རྡོ་རྗེའི་མིག་ནི་བླ་ན་མེད། །དེ་ནས་འཁོར་ལོ་བསྟན་པར་བྱ། །འཁོར་ལོའི་བདག་པོ་ནས་བརྩམས་ཏེ། ། ་བདུད་རྩི་ཐབ་སྦྱོར་བར་དུའོ། །བཛྲ་ཨ་བྷི་ཥིཉྩ་ཞེས། །བརྗོད་དེ་སྤྱི་བོར་ཆུས་དབང་བསྐུར། །སྔོན་བཞིན་ཅོད་པན་གྱིས་རང་བདག་།ལྷ་ཡི་དབང་བསྐུར་སྦྱིན་པར་བྱ། །སྙིང་གར་རྡོ་རྗེ་དེ་འཛིན་པ། །རྡོ་རྗེ་ཡིས་ཀྱང་དབང་བསྐུར་བྱ། །སངས་རྒྱས ་ཀུན་གྱི་རྡོ་རྗེའི་དབང། །དེ་རིང་ཁྱོད་ནི་སྐུར་བར་གྱུར། །སངས་རྒྱས་ཀུན་ཏུ་རབ་གྲུབ་པའི། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང། །རྡོ་རྗེ་དྲིལ་བུས་འཁྱུད་ནས་ནི། །རང་གི་བདག་པོས་དབང་བསྐུར་སྦྱིན། །ོཾ་བཛྲ་ཨ་དྷི་པ་ཏི་ཏྭཾ་ཨ་བྷི་ཥིཉྩ་མི་ཏ་ཥྛི ་བཛྲ་ས་མ་ཡ་སྟཝཾ། སྤྱི་བོར་མིང་གི་སྟེ། ཨོཾ་བཛྲ་སཏྭ་སྟཾ་ཨ་བྷི་ཥིཉྩ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་ཆེ་གེ་མོ་རྡོ་རྗེ། རང་གི་དངོས་པོ་གང་གང་སྣང། །གཙོ་ཆེར་དེར་ནི་འཇམ་རྒྱལ་རང། །ཆོས་རྣམས་རང་བཞིན་གྱིས་དག་པས། །སངས་རྒྱས ་ཡེ་ཤེས་གང་ཡིན་དེ། རང་ཉིད་འཁོར་ལོ་སྒྱུར་ཉིད་པས། །མཚན་གྱིས་ཐོག་མར་དཔལ་གྱི་སྒྲ། །ཀུན་ལའང་བདག་པོ་ཐམས་ཅད་ལས། །ཀྱེ་དང་རྡོ་རྗེ་མཛའ་མར་སྦྱར། །ཆུ་ཁམས་དག་པ་མི་བསྐྱོད་པ། །ཅོད་པན་མཉམ་པའི་བདག་ཉིད ་ཅན། །རྡོ་རྗེ་སོ་སོར་རྟོག་མཆོག་བདག་།བདག་པོ་བྱ་སྒྲུབ་དོན་སྩོལ་བ། །ཡེ་ཤེས་རིག་ཡིན་འདིར་རྡོ་རྗེ། །རྒྱུ་དང་རིགས་ཀྱིས་དབང་བྱས་པ། །བརྟུལ་ཞུགས་ལུང་བསྟན་དབུགས་འབྱིན་པ། །རིགས་མང་བསྐུར་ལའང་འདི་མིང་ཡིན། ། ་འདི་དེ་སངས་རྒྱས་ཐམས་ཅད་དེ། །རྡོ་རྗེ་སེམས་དཔའ་ཨི་ལག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང། །རྡོ་རྗེ་སེམས་དཔའ་ཨི་བརྟུལ་ཞུགས་བརྟན། །ོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ཏྭཾ་དྷ་ར་ཡཱ་མི་ཧི་ཧི་ཧི་ཧི་ཧཱུཾ། རྡོ་རྗེ་བརྟུལ ་ཞུགས་ཀུན་འབྱིན་ནས། །རྡོ་རྗེ་དེ་ཉིད་ཀྱིས་འཛིན་གཞུག་།ཐོག་མཛའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་བསྙེམས་ཚུལ་བདག་པོའི་བདག། དྲིལ་བུ་དེ་ཉིད་ཀྱིས་བཟུང་ལ། །ཆོས་ཀྱི ་སྒྲ་ཡི་དཀྲོལ་དུ་གཞུག་།འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་སྒྲ་ཡི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་བརྟག་ཏུ་བཅང། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །དེ་ཆོས་ཀྱིས་བཀྲོལ་དུ་གཞུག་སྟེ། །སྲིད་པ་ངོ་བོ་ཉིད་ཀྱི་བདག་།ངོ་བོ་ཉིད་ཀྱིས ་འགལ་སྲིད་བྱས། །རང་བཞིན་གྱིས་དག་སེམས་དཔའ་མཆོག་།སྲིད་པ་མཆོག་ཏུ་བྱེད་པར་འགྱུར། །བསྙན་སོགས་སྙིང་པོར་བཤད་པ་ཡིས། །ཕྱག་རྒྱ་ཆེན་པོར་བྱིན་བརླབས་ལ། །གཟུགས་སོགས་འདོད་པའི་དམ་ཚིག་གིས། །གསང་སྔགས ་མ་མ་ཚང་མེད་པར་བཟླ། །རང་གི་རིག་པའི་ངོ་བོ་དེ། །ཕྱོགས་བཅུར་དུས་གསུམ་བཞུགས་བ་དེ། །རང་གི་ལྷ་ཡི་སྦྱོར་བ་ཡི། །བདག་དང་གཞན་ལ་མཆོད་པར་བྱ་བཀའ་ཐུབ་སྡོམ་པ་མི་བཟད་པ། །བསྟེན་ན་མི་སྣང་མངོན་ཤེས་དང། མཁའ་ལ ་རྒྱུ་དང་ལུས་ངག་ཡིད། །ལས་བྱུང་དངོས་གྲུབ་འགྲུབ་མི་འགྱུར། །དེ་བས་སངས་རྒྱས་སེམས་དཔའ་མཆོག་།སྔགས་ཀྱི་སྤྱོད་མཆོག་སྤྱོད་པ་རྣམས། །འདོད་པ་ཐམས་ཅད་བསྟེན་པ་ཡིས། །ཆོས་ཀྱི་ཡི་གེ་མཆོག་བརྙེས་སོ། །བདེ་དང་སྡུག་བསྔལ ་དེ་བདག་མིན། །འདོད་པའི་ཡོན་ཏན་ལྔ་རྣམས་བསྟེན། །ཡེ་ཤེས་དོན་གཉེར་འདོད་ཆགས་ཅན། །སྦྱོར་བས་བསྒྲུབས་ན་མྱུར་དུ་འགྲུབ། །སྐུ་གསུང་ཐུགས་ནི་ཡང་དག་འགྲུབ། །གང་གཞན་སྨན་པར་བཤད་པ་ནི། །སྔགས་ཀྱིས ་བཟླས་པས་འགྲུབ་འགྱུར་བ། །སྐུ་གསུང་ཐུགས་ནི་བསྒོམས་པས་སོ། །དེ་ཉིད་ཀྱིས་ནི་རྡོ་རྗེ་གཟུང། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གི་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླ་ཞེས་གང་བཤད་པ་དེའི ་ཕྱིར་དེ་སྐད་ཅེས་བཤད་པ་ཡིན་ནོ། །སློབ་མ་སྡོམ་པ་བཟུང་བ་དང། །དེ་བཞིན་ཡོན་ནི་ཕུལ་བ་ཡིས། །དབང་བསྐུར་ཕྱིར་ནི་གསོལ་འདེབས་ཤིང། །ཚིགས་བཅད་འདིས་ཀྱང་ཕྱག་བྱའོ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ཀྱིས། །མཆོད་ཆེན་ཇི་ལྟར་གསོལ ་བ་བཞིན། །བདག་ཀྱང་རབ་ཏུ་སྐྱབ་པའི་ཕྱིར། །ནམ་མཁའ་ཨི་རྡོ་རྗེ་བདག་ལ་སྩོལ། །འཇུག་སྒོར་པདྨ་འདབ་བརྒྱད་བར། །རང་ལྷའི་སྦྱོར་བས་ཁྲི་ལ་གནས། །དུས་གསུམ་ཕྱོགས་ཀུན་ནམ་མཁའ་ཁྱབ། །སངས་རྒྱས་འཁོར་ལོ་རང་སྙིང་བྱུང། །རོལ་མོ་དྲི་ལ ་སོགས་ལྡན་ཞེས། །སྔ་མ་བཞིན་དུ་རིག་དབང་བསྐུར། །རྡོ་རྗེ་ཆེན་པོའི་དབང་བསྐུར་བ། །ཚིགས་བཅད་འདིས་ནི་དབང་བསྐུར་རོ། །རྡོ་རྗེ་ཆེན་པོའི་དབང་བསྐུར་བ། །ཁམས་གསུམ་གྱིས་ནི་ཕྱག་བྱས་པ། །གསང་བ་གསུམ་གྱི་གནས་ལས་བྱུང། །སངས་རྒྱས ་ཀུན་གྱིས་སྦྱིན་པར་བྱ། །མི་ལྡོག་དབང་བསྐུར་བྱིན་ནས་ནི། །འཁོར་ལོ་དེ་ཉིད་སྦྱིན་པར་བྱ། །མི་མཉམ་མེད་པ་ཟུར་བཞི་པ། །སངས་རྒྱས་སངས་རྒྱས་མི་མཉམ་ཉིད། །ལུས་ཚོར་སེམས་དང་ཆོས་རྣམས་ཀྱིས། །གཅིག་དང་སྣ་ཚོགས་སྦྱོར་བྲལ་ཉིད། །དེ་དྲན ་དེ་ལ་དད་པ་གང། །ཤར་སྒོར་བྱང་ཆུབ་ཕྱིར་འདོད་དོ། །དེ་ནས་བྱུང་དང་འབྱུང་འགྱུར་བའི། །ཕྱིན་ཅི་ལོག་སྤང་མ་སྐྱེས་བྱ། །མ་སྐྱེས་སྐྱེས་པའི་ཡང་དག་ཀྱང། །བསྐྱེད་པ་དང་ནི་གནས་བྱ་བ། །བརྩོན་འགྲུས་རྣམ་བཞི་ལྷོ་ཡི་སྒོ། །འདུན་དང་སྤྲོ་དང་གནས་དང ་བློ། །རྫུ་འཕྲུལ་རྐང་དང་དྲན་པ་འདིར། །ནུབ་ཀྱི་སྒོ་ནི་ཡིན་པར་བཤད། །དད་དང་བརྩོན་འགྲུས་དྲན་བསམ་གཏན། །ཤེས་རབ་དབང་སྟོབས་མཉམ་མེད་དེ། །ཏིང་ངེ་འཛིན་ཡང་བྱང་དེ་ལྟར། །དྲན་ནས་དབང་པོ་སྒོ་བཞི་ཡིན། །དང་པོ་ལ་སོགས་བསམ ་གཏན་བཞི། །རྟ་བབས་བཞིར་ནི་བྱུང་བ་ཡིན། །དཔའ་བར་འགྲོ་དང་མཁའ་མཛོད་སོགས། །ཏིང་འཛིན་ཁ་ཁྱེར་ཡིན་པར་བཤད། །ལག་ན་མཆོད་ཐོགས་གཡོན་སྤྱོ་རྣམས། །ཚིགས་ལ་སོགས་པའི་གཟུང་སོགས་ཡིན། །གང་ཕྱིར་སྣ་ཚོགས ་རྒྱན་ལྡན་པ། །བསམ་པ་ཐམས་ཅད་རྫོགས་བྱེད་པའོ། །གདུལ་བྱ་བསྐྱོད་པའི་དམ་པའི་ཆོས། །ཡན་ལག་དགུ་སྒྲ་ཀུན་ཏུ་སྒྲོགས། །བ་དན་སྣ་ཚོགས་རླུང་གིས་བསྐྱོད། །རྩེ་མོར་དྲིལ་བཏགས་སྒྲ་སྒྲོགས་ཡིན། །ཡེ་ཤེས་མེ་ལོང་བྱང་ཡན་ལག་།ཕྱོགས་ཀུན་ཏུ་ནི་འོད་རབ ་གསལ། །དྲ་བ་དྲ་ཕྱེད་ཉི་ཟླ་དང། །རྔ་ཡབ་མེ་ལོང་མེ་ཏོག་ཕྲེང། །འཁོར་ལོ་རིན་ཆེན་སོགས་ཀ་བ། །རྣམ་ཐར་བརྒྱད་ཀྱིས་སྦྱངས་པ་ཡིན། །དེ་ཡི་ནང་གི་འཁོར་ལོ་དེ། །དཀྱིལ་འཁོར་བརྒྱད་པ་ལྟ་བུ་ཡིན། །ཕྱོགས་ཀུན་དུས་གསུམ་རྫོགས་སངས་རྒྱས།། ་རྡོ་རྗེ་ཐེག་པ་རབ་སྟོན་པས། །ཀུན་ནས་ཡོངས་སུ་ཟླུམ་པོར་ནི། །རྡོ་རྗེའི་ཐིག་གིས་བསྐོར་བ་ཡིན། །ཡེ་ཤེས་ཀྱིས་འགྲོ་ལ་ཞེན་པས། །ཚོན་ནི་རྫོགས་སངས་རྒྱས་ལྔ་ཡིན། །དབང་པོ་དོན་སོགས་རྣམ་དག་པ། །རང་གི་མཚན་ཉིད་དབེན་པ་ཉིད། །ཤེས་རབ་ཡེ་ཤེས ་བདུད་རྩི་ནི། །རྡོ་རྗེ་ཅན་གསོལ་བུམ་པའང་དེ། །ཚོགས་རྫོགས་པ་ཡི་རྒྱུ་མཐུན་པ། །ཐུགས་རྗེས་རླན་ཞིང་བུམ་པ་གང། །དཀྱིལ་འཁོར་གང་དུ་མེ་ཏོག་སྤོས། །མར་མེ་ཆེ་དང་དྲིར་བཤད་པ། །བྱང་ཆུབ་ཡན་ལག་ཡིད་རབ་ཚིམ། །ཆོས་ཀྱི་སྣང་བ་གྲགས་བསྡུས ་ཡིན། །ཆོས་ཀྱི་ཟས་ནི་ལྟ་བཤོས་ཡིན། །ངོ་ཚ་ཁྲེལ་ཡོད་པ་ཡི་གོས། །གླུ་སྙན་གར་དང་རོལ་མོ་རྣམས། །བདེ་བ་ཆེན་པོ་རྣམ་འཕེལ་བའོ། །གྲོང་ཁྱེར་ཐར་པའི་གྲོང་ཁྱེར་བས། །དཀྱིལ་འཁོར་སྙིང་པོ་བསྡུས་པ་ཡིན། །འཁོར་ལོའི་དེ་ཉིད་ལེགས་བསྟན་ནས། །ལྷ་ཡི་དེ་ཉིད་བསྟན་པར་བྱ། ། ་དད་དང་བརྩོན་འགྲུས་དྲན་བསམ་གཏན། །རྣམ་དག་སྒོ་སྲུངས་མཆོག་གི་གཟུགས། །སྐུ་སོགས་རྣལ་འབྱོར་འཛིན་པའི་སེམས། །ཤེས་རབ་དག་པས་རབ་དྲི་མེད། །སྦྱིན་སོགས་དྲུག་པོས་ཕྱི་རོལ་དག་།གཟུགས་རྡོ་རྗེ་སོགས་རང་བཞིན་ཅན། །ས ་ཐབས་ལ་སོགས་མཚན་མེད་ཕྱིར། །སྤྱན་ལ་སོགས་པའི་ངོ་བོ་ཉིད། །དོན་དང་སེམས་ཅན་བདག་ཀུན་རྟོག་།འཇུག་པའི་ཤེས་པ་རྣམ་དག་པ། །མེ་ལོང་ལ་སོགས་ཡེ་ཤེས་ནི། །སངས་རྒྱས་ཀུན་གྱི་ངོ་བོ་ཡིན། །མ་སྐྱེས་ཡེ་ཤེས་སྦྱོར་བ་ཡིས། ། ་འཁོར་ལོའི་གཙོ་བོ་ལྟ་བུར་སྣང། །གཟུགས་སོགས་འཁྲུལ་བ་ལེགས་དག་པ། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་སོ། །སེར་སྣ་ལ་སོགས་གནས་གྱུར་པ། །མཆོག་དང་སེར་ནི་ཤིན་ཏུ་བསྟན། །རང་གི་??་གནས་?་པ། །?་སོགས་ཚང་ཞིང ་དྲི་མ་མེད། །རྣམ་པར་མི་རྟོག་ཟབ་པ་དང། །རྒྱ་ཆེ་བ་ནི་རང་གཞན་འབྱུང། །ཟབ་དང་རྒྱ་ཆེན་འདི་དག་ཉིད། །ཤེས་རབ་ཐབས་བདག་ཉིད་གང་སྟེ། །སོ་སོ་རང་རིག་ཆོས་ཡིན་ཕྱིར། །དབྱེ་ཡོད་དབྱེ་མེད་སོགས་མི་གནས། །དེ་ལྟར་སྤྲོས་པར་གྱུར ་པ་ནི། །ཕ་རོལ་ཕྱིན་སོགས་འབྲས་བུར་སྣང། །དེ་ནས་རྣལ་འབྱོར་དམ་ཚིག་མཆོག་།གཟུགས་དང་ལང་མཚོ་ཡོན་ཏན་ལྡན། །སྦྱོར་བྱས་སློབ་དཔོན་དེ་འདུག་ལ། །ཡེ་ཤེས་དབབ་པ་རབ་ཏུ་བརྟག་།རྡོ་རྗེ་ཆུ་སྐྱེས་ཁ་ཕྱེ་ལ། །སངས་རྒྱས་རང ་སྣང་གཞུག་པར་བྱ། །པདྨ་ལ་གནས་བརྟན་བྱས་ཏེ། །རིགས་བདག་སྣང་བ་ཐོབ་པ་དང། །རྡོ་རྗེའི་བདག་ཉིད་རང་མིང་བརྗོད། །འཁོར་ལོའི་སྦྱོར་བས་སྤྲོ་བར་བྱ། །རྡོ་རྗེ་ཆུ་སྐྱེས་སྒྲས་སངས་རྒྱས། །སྤྱན་དྲངས་འཁོར་ལོའི་ཕྱོགས་ལོགས་སུ། ། ་བགེགས་རྣམས་བསམ་ལ་ཡང་དག་བསྲུང། །མཆོད་ཡོན་ཕུལ་ལ་རབ་ཏཱུང་མཆོད། །ཡང་དག་བསྟོད་དེ་སྒོ་བས་སྒོར། །པས་རྣམས་བྱས་ནས་བསྒྲུབ་པར་བྱ། །མིག་དང་སྐུ་སོགས་བྱིན་བརླབས་ལ། །དབང་བསྐུར་མཆོད་པ་ལ་སོགས་བརྟག་། ་དངོས་གྲུབ་ཀུན་ཕྱིར་སེམས་ཅན་དོན། །མཛོད་ཅིག་ཅེས་ནི་གསོལ་བ་གདབ། །འཁོར་ལོ་ཡང་དག་བྲིས་ནས་ནི། །དང་པོ་རབ་གནས་ཆོ་ག་འདི། །སྐུ་གཟུགས་གླེགས་བམ་ལ་སོགས་ལ། །སྐྱེས་བུའི་མཐར་ཐུགས་པས་དབང་བསྐུར། །བུམ་པ་མཆོད་ཡོན་བླ་རེ་སོགས།། ་བསྲུངས་ནས་སྦྱིན་སྲེག་སོགས་བཤད་གང། །ཡི་གེ་སྔགས་གསུམ་སྔགས་མཆོག་གམ། །སྔར་བཏུས་པ་ཡི་སྔགས་ཀྱིས་བྱ། །ཕྱི་ཡི་ཁྲུས་ནི་བྱས་པ་དག། འཁོར་ལོས་སྒྱུར་འདྲ་དེ་རང་ཉིད། །ཤེས་རབ་ཐབས་ཀྱི་བདག་ཉིད་གང། །དེ་ཉིད་མཆོག་ནི་དེ ་ཉིད་ཡིན། །རྒྱུ་མཐུན་ཆུ་དང་ཕྲེང་བ་སྟེ། །རྣམ་སྨིན་རྡོ་རྗེའི་བདག་པོར་བཤད། །སྐྱེས་འབྲས་རྫོགས་སངས་ཀྱིས་དབང་བསྐུར། །དབང་འབྲས་གསང་བའི་སྦྱོར་བ་ཉིད། །དེ་ནས་གཟུགས་སོགས་ཡོན་ཏན་ལྡན། །འཁོར་ལོས་རྣལ་འབྱོར་ཤིན་ཏུ་གོམས། །དམ ་ཚིག་སྡོམ་ལ་གནས་པ་ཉིད། །འཁོར་ལོའི་ཕྱག་རྒྱ་འང་བྱིན་གྱིས་བརླབ། །ཐུག་པའི་དབང་ཚོགས་རྡོ་རྗེའི་མཐར། །ཡང་དག་དབབ་སྟེ་བདེ་མཆོག་དེ། །ཐུ་བོ་ཐ་མ་མིན་པར་བསྡམ། །སྣོད་གྱུར་སྒོར་ནི་ངེས་པར་དབབ། །བརྟན་པའི་བློ་ལྡན་སྣོད་ཀྱིས ་ཀུན། །རྣམ་སྣང་བདག་ཉིད་ཅན་འཐུངས་ལ། །སྣ་ཚོགས་བཞིན་ཏེ་སྣ་ཚོགས་གྱུར། །ཀྱེ་མ་ཤིན་ཏུ་བདེན་ཚིག་བརྗོད། །ཤེས་རབ་ཡན་ལག་འདུས་དཔལ་ལྡན། །དེ་ཉིད་ཉེ་བར་ཤེས་པར་བྱ། །གཟུངས་འདི་ཤིན་ཏུ་ཡིད་འོང་སྟེ། བསྟེན་བྱང་སངས ་རྒྱས་རྣམས་ཀྱིས་བརྟགས། །འཁོར་ལོའི་རིམ་གྱིས་རབ་སྦྱོར་བས། །བདེ་བ་དམ་པ་ཡང་དག་སྤྱོད། །རྡོ་རྗེའི་སྐྱིལ་ཀྲུང་ཉིད་དང་སེམས། །ནོར་ལྡན་ཁོངས་སུ་གཏོགས་པར་བསམ། །དཀྱིལ་འཁོར་ལྷ་ཡི་དེ་ཉིད་དང། །སློབ་དཔོན་གྱིས་ནི་ལས་རྣམས་དག་།རབ ་གསང་ཤེས་རབ་མཆོག་གི་ནི། །དབང་བསྐུར་དེ་ཉིད་ཡང་དག་བཤད། །དབང་བསྐུར་འདི་ནི་ཇི་ལྟ་བར། །བྱང་ཆུབ་སྤྱོད་གཞན་དེ་བཞིན་དུ། །དགེ་བའི་ཚུལ་ནི་གཞན་གསུངས་པ། །སངས་རྒྱས་ཀུན་སོགས་འཐོབ་མི་འགྱུར། །དམ་ཚིག་དང་ནི ་བསྲུང་བ་དང། །རྟག་ཏུ་སྡོམ་པ་བརྐྱང་བར་བྱ། །བཅུད་ཕྱེད་སྒྲོལ་མ་མི་འཆི་སྤྱད། །དམ་ཚིག་གཞན་ཡང་བསྲུང་བ་ནི། །དཀོན་མཆོག་གནོད་གཞོམ་བུད་མེད་ཀུན། །མཆོག་མྱང་ལོག་པའི་དག་མ་ཡིན། །འདི་དག་ཆོ་ག་བཞིན་བསྲུང་བ། །རྣལ་འབྱོར་རྒྱུད ་དུ་གང་བཤད་བའོ། །དེ་ནས་དེ་བཞིན་གཤེགས་གྱུར་ལ། །གཟེངས་བསྟོད་འདི་དང་ལུང་བསྟན་ཏེ། །གཡོན་པ་སྙིང་གར་ཁུ་ཚུར་དང། །ཆོས་གོས་འཛིན་ཚུལ་གཡས་མཆོག་སྦྱིན། །ོཾ་ང་ཡིས་འདི་ལྟར་ལུང་བསྟན་ཏེ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས།། ་སྲིད་པའི་མཛའ་ནི་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་ཉིད་ལས་གཏོན། །ཀྱེ་དེ་བཞིན་གཤེགས་པ་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བ་སིདྡྷི་བྷུ་ར་བྷུ་བ་སྭ(རྒྱུད་འགྲེལ་བྱང་ཆུབ་ཏུ། །བདེ་གཤེགས་ཀྱིས་ཀྱང་ལུང་བསྟན་མཛད། །ངོ་བོ་ཉིད་ཀྱིས་སེམས་ཅན་རྣམས། །ཇི་ལྟ་ཇི་ལྟར་འདུལ་འགྱུར་བ། །དེ་ལྟ་དེ་ལྟར་ཆགས་ལ་སོགས། །གཙང་བས་སེམས་ཅན་དོན་བྱའོ། །ཉིན་རེ་བཞིན་དུ་ཐུན་བཞི་རུ། །ཏིང་འཛིན ་གསུམ་གྱི་སྦྱོར་ལྡན་པར། །གྱུར་པས་ཐུན་མོང་ཅིག་ཤོས་ཀྱི། །དངོས་གྲུབ་ཐོབ་པ་སྒྲུབ་པར་བྱ། །མི་སྣང་བ་ནི་སྟོང་ཡིན་ཏེ། །མངོན་ཤེས་ལྡན་པ་གཉིས་སྟོང་ཡིན། །རྡོ་རྗེ་ཅན་ནི་འགྲོ་ཀུན་བདག། ཞི་དང་རྒྱས་སོགས་ལས་གང་དང། །དེ་ལས ་གཞན་བ་ཅི་འདོད་པ། །འཁོར་ལོ་རྗེས་མཉེས་སྦྱོར་པ་ཡིས། །བསྒྲུབས་ན་མྱུར་དུ་འགྲུབ་པར་འགྱུར། །དེ་ཡང་རྡོ་རྗེ་བདག་པོ་ཐམས་ཅད་ནི། །འདོད་ཆགས་དེ་ཉིད་དོན་སེམས་པ། །སེམས་ཅན་ཀུན་ལ་ཕན་བཞེད་པ། །འདོད་ཆགས་ལས་བྱུང ་བྱང་ཆུབ་བྱེད། །དེ་བས་བྱང་ཆུབ་འདོད་ཆགས་པས། །ལུས་ངག་ཡིད་ཀྱི་སྤྱོད་པ་རྣམས། །ཐམས་ཅད་བྱང་ཆུབ་བར་འདོད་པས། །ཆོ་ག་བཞིན་དུ་ལས་རྣམས་བྱ་ཞེས་གསུངས་པ་ཡིན་ནོ། །ཇི་བཞིན་ཞུགས་པའི་སློབ་མ་དང། །ཕན་དོན ་གཉེར་བ་རྣམས་ལ་ཡང། །གང་ཕྱིར་དབུགས་འབྱིན་དམ་ཚིག་གསུམ། །ཆོ་ག་བཞིན་དུ་སྦྱིན་པར་བྱ། །མཆོག་གསང་དཀྱིལ་འཁོར་དམ་པ་འདི། །མཐོང་བ་དང་ནི་ཞུགས་གྱུར་པས། །སྡིག་པ་ཀུན་ལས་ངེས་གྲོལ་བར། །ཁྱེད་རྣམས་དེ ་ཉིད་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ལས་ནི། །སླར་ཁྱོད་འཆི་བ་ཡོད་མིན་ཏེ། །མི་ཚུགས་པ་དང་མི་སོང་པས། །ཅིས་ཀྱང་མི་ཚུགས་དགའ་བར་གྱིས། །སྲིད་པ་ཤིན་ཏུ་དག་བའི་ཕྱིར། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། ་སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར། །སྟོན་པའི་མཆོག་ཏུ་གྱུར་པ་ཡིན། །དམ་ཚིག་སྡོམ་པ་གྲུབ་པ་འདི། །རྟག་ཏུ་ཁྱོད་ཀྱིས་སྲུང་བར་བྱ། །སངས་རྒྱས་ཀུན་གྱིས་མཐུན་བར་གསུངས། །དམ་པ་རྟག་པའི་བཀའ་ཡིན་ནོ། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས ་རྒྱས་ཉིད་དུ་དོག་མེད་པའི། །བྱང་ཆུབ་སེམས་ནི་བཏང་མི་བྱ། །ཕྱག་རྒྱ་རྡོ་རྗེ་གང་ཡིན་པའོ། །དམ་པའི་ཆོས་ནི་མི་སྤང་ཞིང། །ནམ་ཡང་དོར་བར་མི་བྱའོ། །མི་ཤེས་པའམ་རྨོངས་པ་ཡིས། །ཚུལ་ཆེན་བསྟན་པར་མི་བྱའོ། །བདག་ཉིད་ཡོངས་སུ་སྤངས ་ནས་སུ། །དཀའ་ཐུབ་ཀྱིས་ནི་མ་གདུངས་ཤིང། །ཅི་བདེ་བར་ནི་བདེ་བར་གཟུང། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་རྣམས། །ནམ་ཡང་ཡོངས་སུ་མི་འདོར་ཞིང། །སློབ་དཔོན་སྤང་བར་མི་བྱ་སྟེ། འདི་ནི་སངས་རྒྱས་ཀུན་དང་འདྲ། །སངས ་རྒྱས་ཚུལ་མཚུངས་བླ་མ་ཡིས། །སློབ་དཔོན་ལ་ནི་གང་སྨོད་པ། །དེ་ནི་སངས་རྒྱས་ཀུན་སྨད་པས། །རྟག་ཏུ་སྡུག་བསྔལ་འཐོབ་འགྱུར་ཏེ། །རིམས་དང་དུག་དང་དབྱིག་དུག་དང། །མཁའ་འགྲོ་རྣམས་ཀྱིས་གཅོས་པ་དང། །གདོན་དང་ལོག་འདྲེན ་གཏུམ་པོ་ཡིས། །བསད་ནས་སེམས་ཅན་དམྱལ་བར་འགྱུར། །དེ་བས་ནན་ཏན་ཐམས་ཅད་ཀྱིས། །རྡོ་རྗེ་སློབ་དཔོན་བློ་གྲོས་ཆེ། །དགེ་བ་རབ་ཏུ་མི་སྦྱོམས་པ། །ནམ་ཡང་སྨད་པར་མི་བྱའོ། །བླ་མ་ལ་ནི་གུས་བཅས་ཡོན། །རྗེས་མཐུན་ཁྱོད་ཀྱིས ་སྦྱིན་པར་བྱ། །དེ་ནས་རིམས་སོགས་གནོད་པ་རྣམས། །ཕྱི་ཞིང་འབྱུང་བར་མི་འགྱུར་རོ། །རྟག་ཏུ་རང་གི་དམ་ཚིག་བསྲུང། །རྟག་ཏུ་དེ་བཞིན་གཤེགས་པ་མཆོད། །རྟག་ཏུ་བླ་མ་ལ་ཡང་དབུལ། །འདི་ནི་སངས་རྒྱས་ཀུན་དང་མཉམ།། ་དེ་སྦྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་བྱིན་པ་ཉིད་དུ་འགྱུར། དེ་བྱིན་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །གང་ཕྱིར་འདིར་ནི་ལགས་གནས་བས། །དེང་ཁྱོད་སྐྱེ་བ་འབྲས་བུར་བཅས། །དམ་ཚིག་ལྷ་ ་རྣམས་ཀུན་མཉམ་པར། །དེང་ཁྱོད་གྱུར་པར་ཐེ་ཚོམ་མེད། །སངས་རྒྱས་རྡོ་རྗེ་འཛིན་བཅས་ལ། །ཀུན་གྱིས་དེང་ཁྱོད་དབང་བསྐུར་བས། །ཁམས་གསུམ་གྱི་ནི་རྒྱལ་པོ་ཆེ། །རྒྱལ་པོའི་བདག་པོར་བསྟན་པ་ཡིན། །དེང་ནི་བདུད་ལས ་རྣམ་རྒྱལ་ཏེ། །གྲོང་ཁྱེར་མཆོག་ཏུ་རབ་ཏུ་ཞུགས། །ཁྱེད་རྣམས་ཀྱིས་ནི་སངས་རྒྱས་ཉིད། །དེང་ཉིད་ཐོབ་པར་ཐེ་ཚོམ་མེད། །དེ་ལྟར་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་གྱིས། །རང་གི་དམ་ཚིག་མི་བཟད་བདེ་སྐྱེད་བསྟེན་པར་གྱིས། །དེར་ནི་འགྲོ་ལ་མྱུར་བདེ་རྡོ ་རྗེ་སེམས་དཔའ་དང། །རབ་ཏུ་མཉམ་ཞིང་རྟག་པ་ཉིད་དུ་གཏོགས་པར་འགྱུར། །སློབ་མ་རབ་དང་མཉེས་གཤིན་པས། །བླ་མའི་ཞབས་ལ་ཕྱག་བྱས་ཏེ། །གཙོ་བོས་ཇི་སྐད་བཀའ་སྩལ་པའི། །གསུང་ནི་དེ་བཞིན་བཀའ་བགྱིད་དོ། །གལ་ཏེ་འབྱོར ་ན་དེ་རྣམས་ཀྱི། །མཐེ་པོ་གཡས་པ་ལག་གཡོན་གྱིས། །ལེགས་པར་བཟུང་སྟེ་རེ་རེ་ནས། །ཞི་བ་ཆོ་ག་བཞིན་དུ་བྱ། །དེ་ནས་རྒྱལ་པོ་འམ་ས་བདག་ཕྱིར། །སྦྱིན་བླུགས་གསུམ་འམ་བདུན་གཅིག་བྱའོ། །ཕྱོགས་སྐྱོང་བདག་ཉིད་ཞི་བྱའི་ཕྱིར། ། ་སྲེག་བླུགས་ཕུལ་ལ་ཡོན་བསླང་ངོ། །ཉན་པ་ལ་སོགས་རེ་རེ་ཞིང། །སེམས་ཅན་ཀུན་གྱི་དོན་བྱའོ། །ས་གཞི་རྒྱལ་སྲིད་གསེར་ལ་སོགས། །ཡང་ན་རང་གྲུབ་ཕྱིར་གྲོགས་ཉིད། །གང་དེ་བཏང་ནས་ལེགས་བླངས་པའི། །ཡོན་ཕུལ་བས་ནི ་མགུ་བར་བྱ། །ཁ་ཟས་དང་ནི་སྤྱོད་ཀུན་གྱིས། །རང་གཞན་འཁོར་ལོ་མཆོད་པར་བྱ། །ལེགས་བཟུང་སྣོད་གྱུར་སློབ་མ་མཆོག་།སྣ་ཚོགས་ཆེ་མཆོག་རྣམས་ཀྱིས་ནི། །ཚིམ་བྱས་མུ་ཡི་མཛའ་ཅན་གྱི། །ཡི་གེ་གསུམ་གྱིས་ཡང་དག་བསྡུ། ། ་ཨ་ཀཱ་རོ་སོགས་སྔགས་ཀྱིས་ནི། །དཀྱིལ་འཁོར་དམ་པ་དབྱི་བར་བྱ། །སློང་ལ་ཚོན་རྩི་ཅུང་ཟད་སྦྱིན། །ཚོན་རྣམས་ཆུ་བོ་ཆེན་པོར་དོང། །ཁུང་བུ་འགེངས་དང་རབ་གནས་དང། །སྦྱིན་སྲེག་དཀྱིལ་འཁོར་ནོར་གང་ཡིན། །དེ་ཀུན་སློབ་དཔོན་ཉིད་དབང་ཞེས། ། ་རྡོ་རྗེ་མཆོག་ནི་འཛིན་པས་གསུངས་སོ། །དེ་ལྟར་དང་པོའི་ལས་ཅན་གྱི། །དཀྱིལ་འཁོར་ཆོ་ག་གསལ་བར་བཤད། །ཡེ་ཤེས་དབབ་པ་ལེགས་ཐོབ་པ། །སེམས་དཔའ་དབབ་པ་ཉིད་བཤད་དེ། །ལོ་བཅུ་གཉིས་ལོན་བྱིས་པ་དང། །བུ་མོ་དབབ་བྱས་ཡང་དག་མཆོད།། ་དེ་ཉིད་ཀྱིས་བྲིས་འཁོར་ལོ་གང། །ཐུགས་ལ་མི་བསྐྱོད་མཱ་མ་ཀཱི། དབབ་ཡིན་པར་ནི་ཡང་དག་བཤད། །གསུང་ལ་དཔག་མེད་གོས་དམར་མོ། །སྐུ་ལ་རྣམ་སྣང་མཛད་དང་སྤྱན། །ཐུགས་གསུང་སྐུ་ནི་ལེགས་དབབ་པས། །བྲིས་པ་འདི་ནི་རྨད་བྱུང ་ཡིན། །ཐུགས་བབས་པས་ནི་ཡོངས་ཤེས་པ། །གསུང་བབས་གསར་སྔགས་སྨྲ་བའོ། །སྐུ་ཡི་བབས་པས་མཁའ་ལ་གནས། །དབབ་དང་གཡོ་བའི་ཆོ་ག་འདིའོ། །སློབ་དཔོན་སློབ་མ་དབང་བསྐུར་འདིར། །སྔ་མའི་ཚུལ་ནི་ཉིད་ཀྱིས་གནས། །ཡེ་ཤེས་དབང ་ཐོབ་པ་ཡི་སེམས། །ཉིད་ཀྱི་འཁོར་ལོ་གསུམ་པོ་བྱ། །བྱིན་རླབས་དེས་ནི་འཁོར་ལོ་དེ། །གང་ཕྱིར་རང་བཞིན་དག་ལ་སྣང། །འདིར་ནི་འཇུག་དང་རྗེས་གནང་བས། །རྨི་ལམ་གསལ་བ་བཞིན་དུ་སྣང། །གང་ཕྱིར་སེམས་ཀྱི་ཚུལ་བསྟན་པས། །དེ་ནི་མཆོག་ཏུ ་ཤེས་པར་བྱ། །རྣལ་འབྱོར་པ་གསུམ་ཆར་གྱིས་ཀྱང། །གསུང་སྐུའི་གསང་བ་དག་བྱའི་ཕྱིར། །གསུང་སྐུའི་འཁོར་ལོའི་ཆོ་ག་ནི། །སྔོན་བཞིན་གནས་དེར་མི་བསྐྱོད་མཚན། །ཡེ་ཤེས་ལས་དང་པོ་ཅུང་ཟད། །ཐོབ་དང་ཡང་དག་འཐོབ་པས་ཀྱང། །ཡིད་ཀྱི་ཆོ ་ག་ཀུན་བྱ་སྟེ། །དེ་མེད་པར་ནི་འགྲུབ་མི་འགྱུར། །རྡོ་རྗེ་སློབ་དཔོན་སློབ་མ་མཆོག་།རྒྱུ་མཐུན་ལ་སོགས་དགའ་བའི་བདག་།ཡིད་བཤད་ཆོ་ག་མཆོག་ཡིན་གྱིས། །ཚིག་ཙམ་གྱིས་འདིར་ཅི་ཞིག་འགྱུར། །འཇུག་པ་ཙམ་གྱིས་འཚང་མི་རྒྱ། །ཐོས་ཙམ་གྱིས ་ཀྱང་མི་འགྱུར་རོ། །ཇི་སྲིད་བསམས་པར་གྱུར་པ་དང། །བསྒོམས་པ་ཉིད་ཀྱིས་འགག་པར་འགྱུར། །ཇི་སྐད་དུ། །སང་སྔགས་སྨྲ་རྣམས་མང་དུ་ནི། །སྤྲོས་ཏེ་སྨྲས་པས་ཅི་ཞིག་བྱ། །ཁྱད་པར་དུ་ནི་སེམས་བསྒྲུབས་ཏེ། །སེམས་ལས་རྫོགས་པའི་བྱང ་ཆུབ་འབྱུང་ཞེས་གསུངས་པ་དང། །ཇི་སྐད་དུ། བྱང་ཆུབ་སེམས་ཀྱི་འབྲས་བུ་གང། །དེ་ནི་སངས་རྒྱས་ཡེ་ཤེས་མཆོག་།རྡོ་རྗེ་སེམས་དཔའ་ཨི་རང་བཞིན་དེ། །ཆོས་དང་ལོངས་སྤྱོད་སྤྲུལ་པ་ཡིན་ཞེས་གསུངས་པ་ཡིན་ནོ། །? ་རྣམ་རྟོག་པ་གཏོགས་པར། །སྲིད་སོགས་སྡུག་བསྔལ་གཞན་མེད་དེ། །དེ་ལྟར་འདི་ནི་སྔོན་འགག་འདི། །ཤེས་རབ་ཐབས་ཀྱི་བདག་ཉིད་ཡིན། །དུས་ཆོས་ཕྱོགས་ཀུན་ཁྱབ་པ་ཡིས། །མ་ཆགས་འཁོར་ལོར་སྣང་བ་ན། །རྟོག་དེ་སྣང་བར་མི ་འགྱུར་ན། །ལེགས་པར་གོམས་པས་དེ་ལྡོག་འགྱུར། །འདི་ན་གང་གི་ལན་འགའ་ཡང། །མི་མཐུན་གྱུར་ཏེ་རྟག་པ་ཡིན། །གང་གི་རྒྱུན་ནི་གོམས་འགྱུར་ལས། །དེ་ནི་ཤིན་ཏུ་ལྡོག་པར་འགྱུར། །གཞན་དག་ཐ་མལ་གཞོམ་པ་ནི།། ་འཁོར་ལོ་མཆོག་ལ་དེ་ཡོད་དེ། །ཆོས་ཀུན་བདག་ཉིད་འཁོར་ལོ་མཆོག་།འགྲོ་བ་ཡོངས་དག་མངོན་གྱུར་ལས། །མངོན་སུམ་རྒྱུ་ལས་བྱང་ཆུབ་འབྱུང། །སྐལ་པར་རྟོག་འདི་འབྲས་བུ་མེད། །རིམ་གྱིས་སྦྱིན་སོགས་བླང་བྱ་དང། ། ་ཁྲིམས་སོགས་མ་ཆགས་ལས་ཟབ་ཡིན། །ཐ་མལ་མ་སྡངས་རྒྱ་ཆེན་ཡིན། །དུས་ཀྱི་ཚད་ཀྱིས་འདིར་བྱང་ཆུབ། །རང་གི་ཡུལ་དུ་བདག་ཉིད་ཅན། །མཁས་པས་ཐ་མལ་པ་རུ་བཤད། །འགྲོ་བ་རྫོགས་བྱང་འཁོར་ལོའི་བདག། སྐད་ཅིག་གིས ་འདིར་བྱང་ཆུབ་སྣོད། །སྦྱིན་བྱ་ལ་སོགས་མི་དམིགས་ཀྱང། །སྦྱིན་སོགས་ཐ་མལ་བདག་ཉིད་ཅན། །བདག་མེད་ཐ་མལ་མི་འཇོམས་ཀྱི། །འཁོར་ལོ་མཆོག་ལ་དེ་ཡོད་མིན། །དེ་བས་ཀུན་རྟོག་རྣམ་བསལ་ཅིང། །ཀུན་ནས་འོད་ཟེར་རྣམ་འཕྲོ ་དང། །བདག་ཉིད་ཀུན་ཏུ་བཟང་པོར་ནི། །བསྒོམས་པ་ཉིད་ཀྱིས་བྱང་ཆུབ་འཐོབ། །དེ་པས་འཁོར་ལོ་གསུམ་བསྟན་པ། །ཆོས་དང་ལོངས་སྤྱོད་སྤྲུལ་པའོ། །ཐུགས་དང་གསུང་དང་སྐུའི་གསང་བ། །སྐུ་གསུམ་རིམ་པ་དག་པ་ཉིད། །ཡེ་ཤེས་ལྔ་དང ་སྐུ་གསུམ་ནི། །འཁོར་ལོའི་སྦྱང་བདག་ཉིད་ཀྱིས་འགྲུབ་།རྣམ་པ་ཐམས་ཅད་མཁྱེན་གྲུབ་ན། །མི་འགྲུབ་དེ་ལས་གཞན་ཅི་ཡོད། །གང་ཕྱིར་བྱང་ཆུབ་ཕ་རོལ་ཕྱིན། །གཟུངས་དང་ས་རྣམས་གྲུབ་པ་དག། བདེ་ཆེན་རྣལ་འབྱོར་འདི་ལས་ནི། །རང་ཉིད་རྗེས་སུ་གྲུབ ་པར་འགྱུར། །དེ་ལྟར་རྟོག་པའི་དཔལ་ལྡན་དེ། །འཕགས་ཆོས་མཆོག་ཀུན་བསྡུས་པ་ཡིན། །ཕྲ་རབ་ཀུན་ནའང་འཁོར་གསུམ་མཆོག་།རང་གི་ཡིད་ནི་སུ་མི་བསྒོམ། །དམ་ཆོས་རོ་མཆོག་མྱོང་གྱུར་དང། །ཐོས་པ་མང་པོ་གནས་བྱས་པའི། །སྐྱེ་མཆོག་ཚང ་མར་འདི་འགྱུར་ཕྱིར། །རང་སེམས་ཀྱིས་འདིར་ནན་གྱིས་བྱས། །བླ་མ་དམ་པའི་གཞུང་གཟུང་བ། །དད་པ་ཡིས་ནི་གསལ་བར་བྱས། །དད་སོགས་ནོར་ནི་བསྟེན་བྱ་ཡིན། །བསྟེན་འོས་སྐལ་ལྡན་སྨད་བྱ་མིན། །བདག་ལས་དམན་པ་འམ་མཚུངས་དོན ་ཡོད། །སེམས་ཅན་དམ་པས་ལེགས་བཤད་ནི། །བྱིས་པ་ལས་ཀྱང་བླང་བྱ་ཡིན། །དེ་ལྟར་རང་སེམས་ཉིད་ཀྱིས་བརྟགས། །རིམ་པས་བརྒྱུད་ཅིང་ཡང་དག་རྫོགས། །འཁོར་ལོ་བྲིས་པའི་དགེ་བ་གང། །འདིས་འགྲོ་འཇམ་དཔལ་རྡོ་རྗེར་ཤོག་།སྡེབ་སྦྱོར་བྱས་པའི ་ཚིགས་བཅད་ནི། །བཞི་བརྒྱ་ལྔ་བཅུ་པ་ཉིད་དུ། །རབ་བྱེད་འཇིག་རྟེན་ལེགས་དྲན་ཕྱིར། །དཀྱིལ་འཁོར་ཆོ་ག་འདི་བྱས་སོ། །དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་།སློབ་དཔོན་མར་མེ་མཛད་བཟང་པོའི་ཞལ་སྔ་ནས་མཛད་པ་རྫོགས་སོ ་སོ།། །།རྒྱ་གར་གྱི་མཁན་པོ་པདྨ་ཀ་ར་ཝརྨ་དང། །ཞུ་ཆེན་གྱི་ལོ་ཙ་བ་དགེ་སློང་རིན་ཆེན་བཟང་པོས་སྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།!། (།མཛེས་པའི་མེ་ཏོག་ཅེས་བྱ་བ་རིམ་པ་གཉིས་པའི་དེ་ཁོ་ན་ཉིད་བསྒོམ་པ་ཞེས་བྱ་བ་ཞལ་གྱི་ལུང་གི ་