CLOSE WINDOW

N1519: rje btsun 'phags pa gnod 'dzin chu dbang gi sgrub pa'i thabs
Wyliee-texts based on the ACIP/ALL Input

པའོ།། (།།རྗེ་བཙུན་འདགས་པ་གནོད་འཛིན་ཆུ་དབང་གི་སྒྲུབས་ཐབས་སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པའོ།།)་*། །རྒྱ་གར་སྐད་དུ། བྷཊཊ་རཱ་ག་ཨཱ་རྱ་ཛཾ་བྷ་ལ་ཛ་ལེནྡྲ་སཱ་དྷ་ནཾ། བོད་སྐད་དུ། རྗེ་བཙུན་འཕགས་པ་གནོད་འཛིན ་ཆུ་དབང་གི་སྒྲུབ་པའི་ཐབས། །སངས་རྒྱས་རིན་ཆེན་འབྱུང་ལྡན་ལ་ཕྱག་འཚལ་ལོ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་དང། སྡོམ་པ་དང། དབང་བསྐུར་བ་དང། བརྩོན་འགྲུས་དང་དད་པ་དང་ལྡན་པའི་སྔགས་པས་གནས་ཡིད་དུ ་འོང་པར་མཎྜལ་དང་མཆོད་པ་དང་གཏོར་མ་བཤམས་ཏེ། བསྟན་བདེ་བ་ལ་ཅི་བདེ་བར་གནས་པས་བླ་མ་དང། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང། འཕགས་པ་ཛཾ་བྷ་ལ་ཡང་བསྐུལ་ཏེ། ཕྱག་འཚལ་བ་ལ་སོགས་པ་ཡན ་ལག་བདུན་པ་བྱའོ། །དེ་ནས་ཚད་མེད་པ་བཞི་བསྒོམས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་ཤཱུ་ནྱ་ཏཱས་སྟོང་པ་ཉིད་དུ་བསྒོམས་ལ། །དེའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་ཡི་གེ་ཛཾ་སེར་པོ་དང། བི་ཛ་པཱུ་ར་ཡོངས་སུ་གྱུར་པ་ལས ་བྱུང་བའི་འཕགས་པ་ཛཾ་བྷ་ལ་སྐུ་མདོག་གསེར་བཙོ་མ་འདྲ་བ་།གསུས་པ་རབ་ཏུ་ཆེ་བ་།སངས་རྒྱས་ལྔའི་རིན་པོ་ཆེའི་ཅོད་པན་དང་ལྷའི་རས་ཀྱིས་བརྒྱན་པ། རྒྱན་མ་ལུས་པས་བརྒྱན་པ། ཞལ་གཅིག་པ་ཕྱག་གཉིས་པ ་གཡས་པ་ན་བི་ཛ་པཱུ་ར་འཛིན་པ། གཡོན་ནེའུ་ལེའི་ཁ་ནས་འབར་བའི་རིན་པོ་ཆེ་ཡོངས་སུ་འཛིན་པ། ཨུཏཔ་ལ་སྔོན་པོའི་ཕྲེང་བ་ཅན་འོད་ཟེར་དཔག་ཏུ་མེད་པ་འཁྲིགས་པ། ཞབས་ཀྱི་འོག་ན་རིན་པོ་ཆེའི་སྙེ་མའི་བུམ་པ ་ཡོད་པ། སྟེང་གི་ངོས་གཉིས་ན་རིན་པོ་ཆེའི་སྙེམ་ལས་ནོར་གྱི་ཆར་འབེབས་བ་འམ། །འབེབས་པའི་གནོད་སྦྱིན་གཉིས་སོ། །འདི་ལྟ་བུ་རབ་ཏུ་གསལ་བར་བསྒོམ་མོ། །དེ་ནས་རང་གི་སྙིང་གའི་ཛཾ་ཡིག་ལས་འོད་ཟེར ་འཕྲོས་པས། །དེ་དང་འདྲ་བའི་འཕགས་པ་ཛཾ་བྷ་ལ་མདུན་གྱི་ནམ་མཁའ་ལ་གནས་པ་ལ། མཆོད་པ་དངོས་དང་ཡིད་ལས་བྱུང་བས་མཆོད་ལ། །མཚན་བརྒྱ་རྩ་བརྒྱད་བས་བསྟོད་དེ། གཉིས་སུ་མེད་པར་བྱས་ལ་གནས་གསུམ ་དུ་ཡི་གེ་འབྲུ་གསུམ་དང། ཕྱག་རྒྱས་བརྒྱན་ནོ། །ལག་པ་གཉིས་ཁུ་ཚུར་བཅངས་ཏེ་གུང་མོའི་ཚིགས་དབུས་མ་དང། གསུམ་པ་བཀུག་པ་འདི་ནི་ཕྱག་རྒྱའོ། །དེ་ནས་དབང་བསྐུར་ཏེ་རིན་ཆེན་རྡོ་རྗེ་དབུ་རྒྱན་དུ ་བསམ་མོ། །དེ་ནས་དགོད་པ་ནི། སྤྱི་བོར་ཨོཾ། ཁ་ལ་ཛཾ། དཔུང་པ་གཡས་པ་ལ་བྷ་།གཡོན་པ་ལ་ལ་།སྙིང་གར་ཛཾ་།བརླ་གཡས་པ་ལ་ལེ། །གཡོན་པ་ལ་ཏྲ་།གསང་གནས་སུ་ཡེ། བྱིན་པ་དག་ལ་སྭཱ་།རྐང ་མཐིལ་དག་ལ་ཧཱ་དགོད་དོ། །དེ་ནས་སེར་སྣ་ཅན་དང་དབུལ་པོ་རྣམས་ལ་དམིགས། སྤྲོ་བསྡུ་ཅི་ནུས་བྱས་ཏེ་ཡིད་སྐྱོན་སྔགས་བཟླས་སོ། །དེ་ནས་ཡི་གེ་བརྒྱ་པ་བརྗོད་ལ། དགེ་བ་ཇི་ལྟར་འདོད་པར་བསྡོས་ལ་བཏང་ངོ། ་ལངས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཅི་རིགས་པར་བཀླག་གོ་།ཕྱི་རོལ་ཆེ་ཆུང་བྱས་ནས་ཁྲུས་བྱའོ། །མཉམ་པར་འཇོག་ཙན་ཡི་གེ་བརྒྱ་པས་བརྟན་པར་བྱའོ། །འདི་ལྟར་ཐུན་མཚམས་གསུམ་མམ་བཞིར ་བྱའོ། །ཐུན་མཚམས་རེ་རེ་ལ་ཡང་དང་པོ་དང་ཐ་མར་མཆོད་པ་དང་བསྟོད་པ་བྱས་ལ་ཐུན་ཐ་མ་ལ་གཤེགས་སུ་གསོལ་ཞིང། །ཐུན་དང་པོ་ལ་སྤྱན་དྲངས་ཏེ། མཆོད་པ་ཡང་དངོས་སུ་མ་འབྱོར་ན་ཡིད་ཀྱིས་བྱའོ། ། ་གཏོར་མ་ཡང་ཐུན་མཚམས་ཐུན་མཚམས་ཀྱི་དང་པོ་འཇུག་ཀ་འཇུག་ཀར་སྦྱིན་ནོ། །ཡང་ནས་ཡང་དུ་སྤྱོད་ལམ་གྱི་བྱ་བར་ཆུ་དབུལ་བ་དང། མཚན་བརྒྱ་རྩ་བརྒྱད་གདོན་ནོ། །ཡང་ན་བདག་ཉིད་ལྷག་པའི་ལྷ་གང་ཡང་རུང་བའི་ན་བཟའ་? ་དུ་གནས་པར་བཟླས་པ་དང་བསྟོད་པ་དང་ཆུ་དབུལ་བས་བསྒྲུབ་སྟེ། དེའི་རིམ་པ་ཡང་འཕགས་པ་ཛཾ་བྷ་ལའི་ལུགས་མ་རབ་ཏུ་གནས་པར་བྱས་ལ་བྱ། གོང་ངམ་ཉི་མའི་རྩེ་ལ་སྣོད་བཟང་པོ་གས་ཆགས་དང་བུག་རྡོལ་མེད་པར ་དེ་བཞུགས་ལ་བསྟོད་པ་དང་བཟླས་པ་ཅི་ནུས་བྱས་ཏེ། དེ་ནས་ཆུ་ཕུལ་ལ་དངོས་གྲུབ་གསོལ་བ་གདབ་པོ། །དེ་ནས་ཡང་ཟ་མ་ཏོག་སེར་པོ་དྲི་ཞིམ་པོས་བཀང་བར་སྦའོ། །དེ་ལ་ཆུ་དབུལ་བའི་མན་ངག་ནི་ཟླ་བ་དང་རྡོ་རྗེ་བསམ།། ་ཡི་གེ་ཨཾ་ལས་གདུ་བུ་ནི། །སོ་སོར་མཁྲིག་མར་བསམ་པར་བྱ། །བཾ་ནི་ཟླ་བའི་མདོག་ཅན་ཏེ། །དེ་ལས་བདུད་རྩི་རབ་འབབ་པ། དྲི་མེད་སེར་པོ་མངོན་ཕྱོགས་པས། །མཁས་པས་བུམ་པ་བཞིན་དུ་བལྟ། །མཛུབ ་མོ་པ་ནི་ནོར་བུ་བཟང། །གང་ཟག་ཞེས་བྱ་གུང་མོ་ལའོ། །སྲིན་ལག་ལ་ནི་ནོར་སྦྱིན་ཏེ། །ནོར་སྦྱིན་ཆེན་པོ་མཐེ་ཆུང་ལ། མཐེ་བོར་བི་ཙི་ཀུཎྜ་ལི། །ཀ་ལི་མ་ལི་མཁྲིག་མ་སྟེ། །སྒོ་དབང་སྤྱོད་པའི་དབང་པོ་དག་། ་ལག་པའི་ངོས་ལ་རྣམ་པར་བསམ། །སྔགས་པས་གནོད་འཛིན་ཆུ་དབང་ནི། །ལག་པའི་དབུས་སུ་རྣམ་བཞག་སྟེ། རང་རང་སྔགས་ཀྱིས་རིམ་བཞིན་བསམ། །དང་པོ་ཡི་གེ་ཨཾ་དང་ནི། །རསྣ་བཛྲ་རང་མིང་ལྡན། ། ་བཞི་ཡི་མཛའ་དང་དེ་བཞིན་དུ། སྭཱཧཱར་བཅས་པས་སྔགས་སུ་གྲགས། །རྡོ་རྗེ་བདུད་རྩི་ལག་པར་བསམ། །ཇི་ལྟར་སྤྱི་བོར་ཆོ་ག་བཞིན། །མཁས་པས་ཆུ་ཡི་སྦྱིན་གླུགས་བརྒྱ། །ཉིན་རེ་ལེགས་པར་དབུལ་ཞེས་སོ། །དམར ་དང་སེར་དང་སེར་བོ་དང། །སྔོ་དང་དམར་དང་ལྗང་གུ་དང། །སེར་པོ་དག་དང་གསེར་མདོག་དང། །དེ་དག་གིས་ནི་ཁ་དོག་བསྟན། །གཡས་ན་ལྕགས་ཀྱུ་ཞགས་པ་དང་ནེའུ་ལེ། །གཡོན་པ་ཛ་པུ་རཏན་རྡོ་རྗེ ་ལྕགས་ཀྱུ་དང། །ནེའུ་ལེ་ཅན་གྱི་ལག་པ་བསྟན་ལ་བརྟེན་པའོ། །དེ་ནས་བཟླས་པའི་སྔགས་ནི་ཇི་ལྟར་བཀོད་པ་ཉིད་དམ། །ཡང་ན་ཛཾ་བྷ་ལ་སྭཱ་ཧཱ་ཞེས་པའོ། །ཆུ་དབུལ་བའི་སྔགས་ནི་ཇི་ལྟར་བཏུས་པ་ཉིད་དམ་ཡང ་ན་བཟླས་པའི་སྔགས་ཀྱི་འཇུག་ལ། །དྷ་ནཾ་མེ་དེ་ཧི་སྭཱཧཱ་ཞེས་པ་སྤེལ་བ་འམ། །ཡང་ན་ཨོཾ་ཛལུཾ་ཙལུཾ་སྭཱཧཱ་ཞེས་པའོ། །ཡང་ན་ཨོཾ་ཛཾ་བྷ་ལ་ཛ་ལེནྡྲཱ་དྷ་ནཾ་མེ་དེ་ཧི་སྭཱཧཱ་ཞེས་པའོ། །ཆུ་དབུལ་བ་ན་ཡང་གཙོ་བོ་ལ་ཁྱོར་བའམ ་སྙིམ་པ་བརྒྱ་རྩ་བརྒྱད་དབུལ་ཞིང་གནོད་སྦྱིན་བརྒྱད་པོ་ལ་ཡང་སྙིམ་པ་རེ་རེ་འམ་གསུམ་གསུམ་མམ་བདུན་ཡན་ཆད་དབུལ་ལོ། །དབུལ་བ་ནི་ཏིང་ངེ་འཛིན་གྱིས་ཅི་བདེ་བར་རོ། །ཁ་ཟས་ཟ་བ་ན་ཡན་ལག་ལ་ལྷ་རྣམས ་དགོད་དོ། །ོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་སྭཱཧཱ་།ོཾ་མ་ཎི་བྷ་དྲཱ་ཡ་སྭཱཧཱ། ཨོཾ་པཱུརྞ་བྷ་དྲཱ་ཡ་སྭཱཧཱ། ཨོཾ་དྷ་ན་དཱ་ཡ་སྭཱཧཱ། ཨོཾ་པཾ་ཤྲ་བ་ཎཱ་ཡ་སྭཱཧཱ། ཨོཾ་པི་ཙི་ཀུཎྜ་ལི་ནི་སྭཱཧཱ། ཨོཾ་ཀི་ལི་མི་ལི་ནེ་སྭཱཧཱ། ཨོཾ་མུ་ཁེནྡྲཱ་ཡ་སྭཱཧཱ། ་ཨོཾ་ཙ་རེནྡྲཱ་ཡ་སྭཱཧཱ། ཐམས་ཅད་ཀྱི་སྭཱ་ཧཱའི་སྔོན་དུ་དྷ་ནི་མེ་དེ་ཧི་ཞེས་པ་སྤེལ་ལ། །ཆུ་ཕུལ་ནས་འཁོར་ལོ་ལ་ཐིམ་པ་འམ་གཤེགས་སུ་གསོལ་ལོ། །སྦྱོར་བ་འདིས་ཚེ་འདི་ཉིད་ལ་དབུལ་བ་འདོར་བ་དང་འབྱོར་བ་མི་བཟད ་པ་ཐོབ་བོ། །སྦྱོར་བ་འདི་དམན་པས་ཀྱང་སྲིད་པ་གཞན་ལ་འབྱོར་བ་ཐ་མེད་པར་འགྱུར་རོ། །ལོངས་སྤྱོད་རྣམས་དཀོན་མཆོག་དང་ཕ་མ་དང་བླ་མ་དང་སྡུག་བསྔལ་བ་རྣམས་ལ་ཟད་པར་བྱ་བར་བསམ་ཞིང་ཟང་བར་ཡང་བྱའོ། །གཞན ་དུ་ན་འགྲུབ་པ་མེད་དོ། །ནན་ཏུར་དུ་བྱ་བར་རིགས་པས་ནན་ཏུར་དུ་བྱེད་ན་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་ལ་གནས་པས་སྤྲ་ཚིལ་ལས་བྱས་པའི་མཚན་མ་རབ་ཏུ་འདྲ་བ་ལ་དུག་དང་ཚ་བ་གསུམ་དང་སྐེ་ཚེ་དང་ཚ་བའི་མར་ཁུ་དང་ཁྲག་གིས་བྱུགས་ལ ་དེའི་སྔགས་ཟློས་པས་དུར་ཁྲོད་ཀྱི་མེ་ལ་གདུངས་ན་ཞག་བདུན་གྱིས་མངོན་སུམ་དུ་ཅི་འདོད་པ་སྟེར་རོ། །དེ་ནས་བཟོད་པར་གསོལ་ལ་མཚན་མ་གནས་དབེན་པར་བཞག་སྟེ། རྫས་དང་དཔྲལ་བར་བྱའོ། །ནན་ཏུར་གྱིས་སྒྲུབ་པའོ། །ད་ནི ་མཉེས་པར་བྱ་བས་ཐབས་གཞན་བཤད་པར་བྱའོ། །གསེར་དངུལ་ལམ་ཟངས་ལྕགས་ཀྱི་ཤེག་པུ་ལ་པདྨ་འདབ་བརྒྱལ་པ་གཉིས་བྱས་ལ། །གཅིག་ལ་སྔ་མ་ལྟ་བུའི་ལྷ་དགུ་བྱ། གཅིག་ལ་ལྷ་མོ་དགུ་བྲི་ཞིང་དེ་ནས་རབ་གནས ་བྱས་ལ་ད་གཉིས་ཁ་སྦྱར་བས་མཉེས་བར་བསམས་ལ་མར་དང་སྦྲང་རྩི་དང་ཀ་རས་གྲིལ་ལ་ཟ་མ་ཏོག་སེར་པོས་བཀང་པའི་དབུས་སུ་བརྩལ་ཏེ་མཎྜལ་ཁྲུ་བརྒྱད་པ། །གྲུ་བཞི་བ་བྱི་དོར་ལེགས་པར་བྱས་ལ་མེ་ཏོག་སེར་པོ་བཀྲམ ་པའི་དབུས་སུ་ཟ་མ་གཏོག་བཞག་ལ་དུས་གསུམ་དུ་མཆོད་པ་བྱ་བ་དང་བསྟོད་པ་དང། བསྐོར་བ་དང་བཟླས་བ་བྱས་ན་དངོས་གྲུབ་ཆེན་པོ་བརྒྱད་ཀྱང་སྟེར་ན་དངོས་གྲུབ་ཕལ་པ་ལྟ་ཅི་སྨོས་།ནོར་རྒྱུན་མ་ནི་གསེར་མདོག་ལ་གཡས ་མཆོག་སྦྱིན། གཡོན་འབྲས་ཀྱི་སྙེ་མ་འཛིན་པ། རྒྱན་མ་ལུས་པ་དང་ལྡན་ཞིང་རབ་ཏུ་མཛེས་པའི་ན་ཆུང་མའོ། །ཟླ་འོད་མ་དང་སྦྱིན་མ་དང། རབ་སྦྱིན་མ་དང་འཕགས་མ་དང། རབ་བཟང་མ་དང་སྦས་མ་དང། །ལྷ་མོ ་དང་ནི་དབྱངས་ཅན་མ། །རང་རང་གི་གྲོག་པོ་དང་མདོག་དང་ལག་ཆ་འདྲ་བའོ། །ནོར་ལྷ་བརྒྱད་ཆུང་མ་དང་བཅས་པ་ཕྱག་གཉིས་པར་ཡང་རུང་ངོ། །ོཾ་བ་སུ་དྷཱ་རི་ཎི་དྷ་ནཾ་མེ་དེ་ཧི་སྭཱ་ཧཱ། ཨོཾ་ཙནྡྲ་ཀནཀྱཻ་སྭཱ་ཧཱ། ཨོཾ་དྷ་ན་དཱ་ཡ་སྭཱ་ཧཱ། ཨོཾ་སུ ་བྷ་ཏྲཡཻ་སྭཱ་ཧཱ། ཨོཾ་ཨཱ་རྱ་ཡཻ་སྭཱ་ཧཱ། ཨོཾ་སུཾ་བྷ་ཏྲཡཻ་སྭཱ་ཧཱ། ཨོཾ་གུབ་ཏྱཻ་སྭཱ་ཧཱ། ཨོཾ་དཏྟཡཻ་སྭཱཧཱ། ཨོཾ་སྭ་ར་སྭ་སྟྱཻ་སྭཱ་ཧཱ། སྒྲུབ་པ་ན་དྷ་ན་མེ་དེ་ཧི་ཞེས་སྤེལ་ལ་བཟླས་སོ། །རྗེ་བཙུན་ཛཾ་བྷ་ལའི་སྒྲུབ་པའི་ཐབས་སློབ་དཔོན་མི ་བསྐྱོད་རྡོ་རྗེ་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤུདྷ་ཀ་རེ་བྷ་ཏྲ་དང། ལོ་ཙ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་བའོ། །གནོད་སྦྱིན་ཐམས་ཅད་ཛཾ་བྷ་ལ་བཞིན་ལ། གནོད་སྦྱིན ་མོ་ཐམས་ཅད་ནོར་རྒྱུན་མ་བཞིན་ནོ་ཞེས་གསང་བའི་ཛཾ་བྷ་ལའི་སྒྲུབས་ཐབས་ནས་འབྱུང་ངོ། །ཁ་དོག་སོ་སོ་ལས་ཞལ་གཅིག་ཕྱག་གཉིས་པ་ཕྱག་གཡས་པ་ཐམས་ཅད་ལ་བི་ཛ་བཱུ་ར་དང། གཡོན་ཐམས་ཅད ་ནེའུ་ལའོ་ཞེས་རྒྱ་ཆེ་བའི་སྒྲུབ་ཐབས་ལས་གསུངས་སོ།། །།རྒྱ་གར་སྐད་དུ། གུ་ཧཡ་ཛཾ་བྷ་ལ་སཱ་དྷ་ནཾ། བོད་སྐད་དུ། གསང་བའི་ཛཾ་བྷ་ལའི་སྒྲུབ་ཐབས། །འཕགས་པ་ཛི་བྷ་ལ་ལ་ཕྱག་འཚལ་ལོ། །དེ་ལ ་