CLOSE WINDOW

N1515: dpal he ru ka'i sgrub pa'i thabs
Wyliee-texts based on the ACIP/ALL Input

ཞེས་བྱ་བ། །དཀྱིལ་འཁོར་ཆེན་པོའི་སློབ་དཔོན་སངས་རྒྱས་དཔལ་ཡེ་ཤེས་ཞབས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སྨྲི་ཏེ་ཛྙཱ་ན་ཀིརྟིས་བསྒྱུར་པའོ། །།*། །རྒྱ་གར་སྐད་དུ། ཤྲཱ་ཧེ་རུ ་ཀ་སཱ་དྷ་ནཾ། བོད་སྐད་དུ། དཔལ་ཧེ་རུ་ཀའི་སྒྲུབ་པའི་ཐབས། དཔལ་ལྡན་ཧེ་རུ་འགྲོ་བའི་མགོན། །བསྒྱུར་ནས་དོན་ཀུན་ཕུན་སུམ་ཚོགས། །འགྲོ་ལ་ཕན་པར་བྱ་བའི་ཕྱིར། །དང་པོ་འདི་ལྟར་བསྒོམ་པར་བྱ། །ཟུར་གསུམ ་ཆོས་ཀྱི་དབྱིངས་གནས་པ། །གཞལ་ཡས་ཁང་གི་དཀྱིལ་འཁོར་ལ། །སྣ་ཚོགས་པདྨ་ཟླ་བ་ལ། །རྡོ་རྗེ་ལྟེ་བར་ཟླ་བའི་འོད། །དབུས་ཞལ་སྐུ་ནི་ཤེལ་འདྲ་བ། །གཡས་གཡོན་གནག་དང་དམར་བའོ། །རང་འོད་ཤེས་རབ་ཉིད་ཀྱིས ་འཁྱུད། །རྡོ་རྗེ་རལ་གྲི་རིན་ཆེན་པར། །རྡོ་རྗེ་སེམས་དཔའ་བསྒོམ་ནས་ཀྱང། །རང་སེམས་ཡི་གེ་གསུམ་དུ་བྱ། །རྡོ་རྗེ་དེ་ལས་པདྨར་བབས། །འདོད་ཆགས་མེ་ཡིས་ཐམས་ཅད་ཞུ། །སྤྱན་ལ་སོགས་པས་རང་དབྱངས་ཀྱིས། །བཞེངས་པའི ་དོན་དུ་བསྐུལ་བར་བྱ། །འཇིག་པའི་མེ་དང་འབར་མཉམ་པ། །ཧྲི་ལས་སྐྱེས་པའི་རྡོ་རྗེའོ། །དེ་བསྐྱེད་སྙིང་རྗེའི་ཁྲོ་བ་ནི། །འཇིགས་བྱེད་ཆེན་པོ་ཐོད་ཕྲེང་ཐོགས། །ཁྲོ་གཉེར་སྐྲ་སྨིན་གྱེན་དཱུང་འབར། །ནག་པོ་ཆེ་བ་གཙིགས་པའི་ཞལ ་གཡས་ནི་དཀར་པོ་གཡོན་དམར་ཏེ། །དུར་ཁྲོད་ཐབས་བསྐུས་པའི་སྐུ། །དྲག་པོ་ལ་སོགས་དུག་དང་ལྡན། །རང་གི་རིག་མ་ཉིད་ཀྱིས་འཁྱུད། །རྡོ་རྗེ་ནག་པོ་རལ་གྲི་དང་ཁ་ཊཝཱཾ་རིན་ཆེན་རྒྱལ་མཚན་འཛིན། །ཀེང་རུས་གསུམ་ཕྲེང ་དབུ་ལ་བཅིངས། །ཡང་དག་རྒྱན་དང་ན་བཟར་ལྡན། །གཡས་ཀྱི་འོག་ན་བཞིན་གནོན་པ། །གཡོན་གྱི་བརླ་ཡིས་ནུ་མར་གཟིར། །ཁྲོ་བོའི་སྐྱིལ་ཀྲུང་ལེགས་གནས་པ། །བདག་ཉིད་ཧེ་རུ་ཀར་བསྒོམས་ཏེ། །སངས་རྒྱས་ཀུན་གྱི་དབང་དྲུག་བསྒོམ།། ་སྐུ་གསུང་ཐུགས་ཀྱང་ཡི་གེ་གསུམ། །ཐུགས་ཀར་ཡེ་ཤེས་སེམས་དཔའ་དང། །མི་བསྐྱོད་དབུ་རྒྱན་འབྲས་བུ་མཆོག་།དམ་པའི་དགའ་བ་བདེ་བ་མྱངས། །འཕྲོ་དང་འདུ་བའི་གཟུགས་བྱས་ཅན། །ཡེ་ཤེས་སེམས་དཔའ་བསྒོམས་ནས་ནི། ། ་རྣལ་འབྱོར་སྦྱོར་བ་ཐོབ་པར་འགྱུར། །དཔའ་བོ་ལྔ་དང་བདུད་རྩི་ལྔ། །པདྨ་བནད་ལ་བཞག་སྟེ། །སྐྲ་བཤིག་ཐལ་བས་ལུས་བསྐུས་ནས། །རྟག་ཏུ་བསྒོམས་ནས་བཟའ་བར་བྱ། །དེ་བཞིན་གཤེགས་པ་མཆོད་པ་དང། །འགྲོ་བ་ཀུན་གྱི་དོན་བྱེད་དང། །ཤེས་རབ ་སྙིང་རྗེ་བསྒོམ་པ་དང། །རྡོ་རྗེ་དབྱངས་བླང་ཐོད་རྒྱན་དང། །ཅང་ཏིའུ་ཁ་ཊཝཱཾ་གཟུར་བ་དང། །བསྒོམ་ནས་སྙིང་པོ་བཟླས་པ་དང། །གསང་ནས་རྣལ་འབྱོར་དུས་རྟག་ཏུ། །དེ་ལྟར་བརྟུལ་ཞུགས་གནས་དགུ་ལ། །མཚན་མོ་བསྒྲུབ་པར་བསྙེན ་པར་བྱ། །ཧེ་རུ་ཀ་ཡི་སྒྲུབ་པའི་ཐབས། །སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། (།།དཔལ་གསང་བ་འདུས་པའི་རིམ་པར་ཕྱེ་བ་ཧེ་རུ་ཀའི་སྒྲུབ་ཐབས་ཀྱི་འགྲེལ་བ་བཞུགས་སོ།།)་།།*། །རྒྱ་གར་སྐད་དུ། ཤཱི་ཧེ་རུ་ཀ ་