CLOSE WINDOW

N1510: dpal gsang ba 'dus pa rgyud kyi rgyal po'i bshad pa zla ba'i 'od zer zhes bya ba
Wyliee-texts based on the ACIP/ALL Input

དཔལ་གསང་བ་འདུས་པའི་རྒྱུད་འགྲེལ་ཟླ་བའི་འོད་ཟེར་ཞེས་བྱ་བ། སློབ་དཔོན་རབ་ཏུ་དགའ་བའི་འབྱུང་གནས་གོ་ཆའི་ཞལ་སྔ་ནས་ཀྱིས་མཛད་པ་བཞུགས།། །།རྒྱ་གར་སྐད་དུ། ཤྲཱི་གུ་ཧཡ་ས་མ་ཛཱ་ཏྲནྟྲ་རཱ་ཛཱ་ཊཱི་ཀ ་ཙནྡྲ་བྲ་བྷ་ནཱ་མ། བོད་སྐད་དུ། དཔལ་གསང་བ་འདུས་བ་རྒྱུད་ཀྱི་རྒྱལ་པོའི་བཤད་པ། ཟླ་བའི་འོད་ཟེར་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འཇམ་པའི་མགོན་ལ་ཕྱག་འཚལ་ལོ། །ཤེས་རབ་ཐབས ་གཉིས་དག་པས་བདག་གཞན་ཕན་པ་ཕུན་སུམ་ཚོགས་ཆེན་མངའ་བ་ཆོས་ཀྱི་སྐུ། །རྒྱལ་བ་མཆོག་གི་ཆོགས་དང་དེ་ཡི་སྲས་རྣམས་བཅས་པར་རིག་པ་སྤྲོ་བ་འབྱུང་པ་དང་པོ་ཡི། །དཔལ་ལྡན་ཆོས་འབྱུང་ཞེས་བྱར་བཞུགས་ཤིང་རྒྱལ ་བའི་རིག་ཚོགས་ལྷན་ཅིག་སེམས་ཅན་དོན་མཐར་ཕྱིན། །སྒྱུ་མའི་སྤྲུལ་གཟུགས་བདེ་གཤེགས་མང་པོའི་བདག་པོ་རྡོ་རྗེ་སེམས་དཔའ་ལ་ནི་ཕྱག་འཚལ་ལོ། །འགྲོ་བ་དོན་ཕྱིར་སྐྱེ་བོ་མཁས་པ་ཡི། །པདྨ་ཁ་འབྱེད་ཡང་དག་རིག་ལ་དགྱེས། ་མགོན་པོ་རྡོ་རྗེ་སློབ་དཔོན་ཞེས་བྱ་བ། །མ་ལུས་པ་ལ་རབ་ཏུ་ཕྱག་འཚལ་ཞིང། །དཀོན་མཆོག་གསུམ་དང་ཁྱད་པར་དུ། །ཡི་གེ་གསུམ་ལ་ཕྱག་འཚལ་ནས། །དཔལ་ལྡན་གསང་བ་འདུས་པ་ཡི། །བཤད་པ་འདི་ནི་བདག་གིས་བྱ། །འདིའི ་བརྗོད་པར་བྱེད་པ་ནི་གང་བརྗོད་པར་བྱ་བ་ནི་གང། འབྲེལ་པ་ནི་གང། དགོས་པ་ནི་གང། འདིའི་དགོས་པའི་དགོས་པ་ནི་གང་ཞིག་ཡིན་ཞེས་བྱ་བ་དེ་ལྟ་བུའི་རྣམ་པར་དཔྱད་པ་མེད་ན། རྟོག་བ་སྔོན་དུ་གཏོང་བ་རྣམས་རབ་ཏུ་མི་འཇུག་པས་རྗོད་པར ་བྱེད་པ་ལ་སོགས་པ་བསྟན་ཏོ། །འདིའི་རྗོད་པར་བྱེད་པ་ནི་གསང་བ་འདུས་བ་ཡིན་ནོ། །ཇི་ལྟར་ཞེ་ན། འདི་ལྟར་གསང་བ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བྷ་གར་ལྷ་ཐམས་ཅད་ཚོགས་པའོ། །ཡང་ན་གངས་བ་ནི་ལྷ་མོ་སྟེ་དེ་རྣམས ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་ལྷན་ཅིག་ཚགས་པ་ནི་འདུས་པའོ། །ཡང་ན་ཉན་ཐོས་ལ་སོགས་པ་རྣམས་ལ་སྦ་བར་བྱ་བ་ཉིད་ཡིན་པའི་ཕྱིར་གསང་བའོ། །ཆོས་ཐམས་ཅད་མཉམ་པ་ཉིད་ཡིན་པའི་ཕྱིར་མཉམ་པའོ། །མིག་གནས་བའི ་མྱ་ངན་ལས་འདས་པའི་རང་བཞིན་དང་ལྷན་ཅིག་ཀུན་ཏུ་གནས་པའི་ཕྱིར་མ་སྐྱེས་པ་ནི་སྐྱེ་མེད་པའོ། །གསང་པ་ཡང་ཡིན་ལ་མཉམ་པ་དང་སྐྱེ་བ་མེད་པ་ཡང་ཡིན་པས་གསང་བ་འདུས་པ་སྟེ། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའོ། ། ་དོན་དེ་སྟོན་པར་བྱེད་པའི་སྒྲའི་ཚོགས་ནི་རྒྱུད་ཡིན་ནོ། །རྒྱུད་དང་བརྗོད་པར་བྱ་བདག་ནི་རྗོད་པར་བྱེད་པ་དང་བརྗོད་པར་བྱ་བའི་མཚན་ཉིད་ཀྱི་འབྲེལ་བ་ཡིན་ནོ། །བྱང་ཆུབ་ཏུ་སེམས་བསྐྱེད་བ་ལ་སོགས་པའི་སྒོ་ནས་གདུལ་བྱའི་སྐྱེ་བོའི་? ་དོན་བྱ་བ་ནི་དགོས་བའོ། །འདིར་གདུལ་བྱ་ནི་རྒྱུད་གཞན་ལས་བཀག་བའི་གདོལ་པ་ལ་སོགས་བ་རྣམས་ཀྱང་ཡིན་ཏེ། མཆོག་གི་ཡང་མཆོག་གི་རྒྱུད་ནི་རྣམ་པ་ཐམས་ཅད་དུ་དག་པ་ཉིད་ཡིན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་མི་དག་བ་ཅུང་ཟད ་ཀྱང་མེད་དོ་ཞེས་གསུངས་སོ། །དེའི་དགོས་བ་ནི་བསྒོམ་པ་གོམས་པ་བརྟན་པའི་སྟོབས་ཀྱིས་རང་གི་འདོད་པའི་ལྷའི་གོང་བར་ཐོབ་པའོ།། །།དེ་ལ་ལེའུ་བཅུ་བདུན་པོ་རྣམས་ཀྱི་དོན་བཤད་བར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བྱིན་གྱིས་རློབ་པའི་ལེའུ་དང་པོའི་སྒོ་ནས་རྡོ་རྗེ་འཆང་ཆེན་པོའི་ཡན་ལག་གི་ཆ་ཤེས་སུ་གྱུར་པ། བར་ཏའི་བུ་རྣམས་ཀྱིས་འདས་པའི་དོན་སོ་སོར་སྣང་བར་བྱེད་པ་བཞིན་དུ་ཁྱད་པར་ཅན་ལ་མོས་ཤིང་འཁྲུལ་པ་དང ་ལྡན་པའི་མ་འོངས་པའི་སེམས་ཅན་རྣམས་ཀྱི་ཟློས་གར་སྟོན་པར་བྱེད་པ་ཐམས་ཅད་མཁྱེན་བའི་ཡེ་ཤེས་མངོན་དུ་མཛད་བའི་དེ་བཞིན་གཤེགས་པ་ལ་སོགས་བ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཆོས་བསྟན་པའི་ཕྱིར་གསོལ་བ་བཏབ་བོ། ། ་བཅོམ་ལྡན་འདས་ཀྱིས་ཀྱང་ལེགས་སོ་ཞེས་བྱ་བ་སྔོན་དུ་འགྲོ་བ་ཅན་གྱི་སྤྲོ་བ་མེད་པ་གསལ་བར་མཛད་དོ། །ཡང་སླར་གསོལ་བ་བཏབ་བ་ནི། དཀྱིལ་འཁོར་སྦྲུལ་པར་མཛད་དེ། མ་འོངས་པའི་སྐྱེ་བོ་རྣམས་དང་ཐ་དད་པ་མེད་པའི་རང་བཞིན་གྱི ་བྱང་ཆུབ་སེམས་དཔའ་རྣམས་དཀྱིལ་འཁོར་དུ་བཅུག་ནས། ལེའུ་བཅུ་དྲུག་པ་ལས་གསུངས་བའི་དབང་བསྐུར་བ་གསུམ་བོ་རྣམས་ཀྱིས་དབང་བསྐུར་ཏེ། སྔགས་ཐམས་ཅད་ཀྱི་སྦྱོད་པའི་ལེའུ་ལྔ་པ་ལས་གསུངས་པའི་དམ་ཚིག་དང་སྡོམ་པ ་ཕོག་པ་མཛད་དོ། །དེ་ནས་མ་འོངས་པའི་སྐྱེ་བོ་རྣམས་ཀྱིས་ཟློས་གར་སྟོན་པར་བྱེད་པའི་སྒྲིབ་བ་ཐམས་ཅད་རྣམ་པར་སེལ་བ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་དེ་ཁོ་ན་ཉིད་ལ ་སྨད་པ་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རིགས་ཀྱི་བུ་ཐོང་ཞེས་བྱ་བ་ལ་སོགས་པས་ཁོང་དུ་ཆུད་བར་བྱས་པ་ནམ་རྟོགས་པས་འཇིགས་སྐྲག་ཅིང་བརྒྱལ་བར་གྱུར་ཏོ། །དེ་ནས་བསླད་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་ལ་དེ ་བཞིན་གཤེགས་བ་ཐམས་ཅད་ཀྱིས་གསོལ་བ་བཏབ་པ་ན། ནམ་མཁའ་དང་མཉམ་པའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཇི་ལྟ་བ་བཞིན་དུ་དབང་བསྐུར་ཏེ་བསླང་བར་མཛད་དོ། །དེ་ནས ་བཅོམ་ལྡན་འདས་ཀྱིས་དེ་རྣམས་ལ་སྡོམ་པ་དེ་དག་ཐམས་ཅད་དབོག་པའི་ཕྱིར་དོན་དམ་པའི་དག་པ་དེ་ཁོ་ན་ཉིད་ཀྱི་དོན་ནི་དོན་གྱི་དམ་ཚིག་གི་ལེའུ་རབ་ཏུ་ཕྱེ་ནས་བསྟན་ཏོ། །སླར་དེ་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་རྡོ་རྗེ་དཔལ ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་རིགས་ཀྱི་བུ་དམན་བའི་འདུ་ཤེས་དང་སྨད་པའི་འདུ་ཤེས་འདི་ལྟ་བུ་མ་བསྐྱེད་ཅིག་ཅེས་བྱ་བ་ལ་སོགས ་པས་རྟོགས་པར་མཛད་པ་ན། ངོ་མཚར་དུ་གྱུར་ཅིང་རྨད་དུ་གྱུར་ནས་མིག་གདངས་ཏེ། དགའ་བར་གྱུར་ནས། རྨད་བྱུང་ཆེན་པོའི་ཆོས་རྣམས་ནི། ཞེས་བྱ་བ་ལ་སོགས་པས་རང་གི་རྟོགས་པ་བརྗོད་དོ། །དེ་ལྟར་ཡེ་ཤེས་ཀྱི་སྤྲུལ་པའི་དཀྱིལ་འཁོར་དུ་བྱང ་ཆུབ་སེམས་དཔའ་རྣམས་ཀྱི་དོན་མཛད་ནས། དེ་བཞིན་དུ་མ་འོདས་པའི་སློབ་དཔོན་རྣམས་ཀྱིས་དབང་བསྐུར་བ་ལ་སོགས་པ་རྣམས་ཀྱི་སྒོ་ནས་སེམས་ཅན་སྐལ་པ་དང་ལྡན་པ་རྣམས་ཀྱི་དོན་བྱ་བའི་ཕྱིར་བྲི་བའི་དཀྱིལ་འཁོར་གྱི་དོན་སྟོན་པར་བྱེད་པ། ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་གྱི་ལེའུ་བཞི་པ་གསུངས་སོ། །འདི་རྣམས་ཀྱི་དབང་བསྐུར་དང་དམ་ཚིག་དང་སྡོམ་པ་ཡང་སྔ་མ་བཞིན་ནོ། །དེ་ལྟར་དམ་ཚིག་དང་སྡོམ་པ་ཐོབ་པ་རྣམས་ལ་རྡོ་རྗེ ་འཆང་ཆེན་པོ་ལ་སོགས་པ་རྣམས་བསྒྲུབ་བའི་མན་ངག་སྦྱིན་པར་བྱའོ། །མན་ངག་དེ་ཡང་ཇི་ལྟར་བླ་མ་བརྒྱུད་བ་ལས་འོངས་པ་དེ་བཞིན་དུ་བཤད་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སྦྱོར་བའི་དམ་ཚིག་སྒྲུབ་པའི ་མཆོག་བསྟན་བའི་ལེའུ་བཅུ་གཉིས་པ་ལས་གསུངས་པའི་དགོན་པོ་ཆེན་པོ་ལ་སོགས་པའི་གནས། བཤད་གཅི་དམ་ཚིག་གི་ལེའུ་བརྒྱད་པ་ལས་གསུངས་པའི། །ས་ཕྱོགས་གཙང་ཞིང་རབ་དབེན་བ། ཞེས་བྱ་བ་ལ་སོགས ་པས་མངོན་པར་འདུས་བྱས་པ། སེམས་ཅན་ཐམས་ཅད་ཀྱི་དམ་ཚིག་གི་སྙིང་པོའི་རྡོ་རྗེ་ཡང་དག་པར་འབྱུང་བའི་ལེའུ་བཅོ་ལྔ་པ་ལས་གསུངས་བའི། བཤད་གཅི་ལ་སོགས་དམ་ཚིག་གིས་ཞེས་བྱ་བ་ལ་སོགས་པས་ཉེ་བར་བྱུགས་པར ་སྟན་འཇམ་པོ་ལ་ཉེ་པར་འདུག་སྟེ། སེམས་ཅན་ཐམས་ཅད་སྡུད་པའི་སྙིང་རྗེ་ཆེན་བོའི་སེམས་བསྐྱེད་ནས། རྡོ་རྗེ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་ལེའུ་གསུམ་པ་ལས་གསུངས་པའི། །ནམ་མཁའ་དབྱིངས་ཀྱི་དབུས་གནས་བར། ཞེས་བྱ་བ ་ལ་སོགས་པ་ནས། གཟུགས་ནི་དབུས་སུ་བསྒོམ་བར་བྱ། ཞེས་བྱ་བ་ལ་ཐུག་བའི་བར་གྱིས་བདག་ཉིད་རྡོ་རྗེ་འཆང་ཆེན་པོ་ཇི་ལྟ་བ་བཞིན་དུ་མོས་པ་བྱའོ། །དེ་ནས་ལེའུ་དང་པོ་ལས་གསུངས་པའི་ཡེ་ཤེས་སྒྲོན་མ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི ་ཚུལ་གྱིས་མི་བསྐྱོད་པ་ཕྱུང་སྟེ་བཅུག་པས་ཞེ་སྡང་རྡོ་རྗེར་གྱུར་ནས། གནོད་མཛེས་རྒྱལ་པོ་ཕྱུང་ལ། ཨོཾ་སུཾ་བྷ་ཞེས་བྱ་བ་ལ་སོགས་པས་དེ་ལ་བཀའ་བསྒོས་ཏེ། ཕྱོགས་བཅུ་ན་རྣམ་བར་གནས་པའི་ཁྱབ་འཇུག་ལ་སོགས་བའི་བགེགས་ཀྱི་ཚོགས ་རྣམས་བཀུག་ནས། རྡོ་རྗེའི་དམ་ཚིག་བཀོད་པ་དེ་ཁོ་ན་ཉིད་ཀྱི་དོན་བསྒོམ་པ་མངོན་པར་བྱང་ཆུབ་པའི་ལེའུ་བཅུ་གསུམ་པ་ལས་གསུངས་པའི། བསམ་གཏན་ལས་བྱུང་ཞེས་བྱ་བ་ལ་སོགས་པ་དང། བཅུ་དྲུག་པ་ལས་འཆང་བར་འགྱུར་བའི ་ཚུལ་གྱིས་བདུད་རྩི་འཁྱིལ་པའི་ཕུར་བུ་རྣམས་ཀྱིས། གནོད་མཛེས་ལ་བཀའ་བསྒོས་ཏེ་གདབ་པར་བྱ་ཞིང་བཀའ་བསྒོམ་ཏེ། ཕྱོགས་ཀྱི་ཕྱི་རོལ་ཡང་བཅིང་བར་བྱའོ། །ཕྱོགས་དང་ཕྱི་རོལ་བཅིང་བ་ལ་སོགས་པའི་ཆོ་ག་སྔོན་དུ་འགྲོ་བ་ཅན ་གྱི་སྡམ་བཞིན་དུ་རྡོ་རྗེ་འཆང་ཆེན་པོར་མོས་བ་དང་ལྡན་པས་སྒྲུབ་ཐབས་ཀྱི་རིམ་བ་བཞིན་དུ། བྱང་ཆུབ་ཀྱི་སེམས་ཀྱི་ལེའུ་གཉིས་པ་ལས་གསུངས་པའི། དངོས་པོ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་བའི་དོན་རྣམ་པར་བསྒོམས་ཏེ། ་ལེའུ་གསུམ་པ་ལས་གསུངས་པའི་ཨོཾ་ཤུ་ཉ་ཏཱ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་བྱིན་གྱིས་བརླབས་རྣམ་རང་གི་སྔགས་བརྗོད་དེ་ཟླ་བ་ལ་གནས་པའི་རྡོ་རྗེ་འཆང་ཆེན་པོའི་ང་རྒྱལ་དང་ལྡན་པ་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་གྱུར་ཏེ། ་ཟླ་བ་སྟེ་ཡང་ཨཱ་ལི་དང་ཀཱ་ལི་རྣམ་པར་དགོད་པ་ལ་སོགས་བའི་ཆོ་ག་སྔོན་དུ་འགྲོ་བ་ཅན་གྱི་ཤེས་རབ་ཀྱི་ཆོས་འབྱུང་གི་གཟུགས་སུ་ཡོངས་སུ་གྱུར་ནས། ལེའུ་དང་པོ་ལས་གསུངས་པའི། དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་བས་ཞེས ་བྱ་བ་ལ་སོགས་པས་རྡོ་རྗེའི་བཙུན་མོའི་བྷ་ག་དེར་མཱ་མ་ཀཱི་དང་སྙོམས་པར་ཞུགས་བའི་མི་བསྐྱོད་པའི་རྣལ་འབྱོར་དང་ལྡན་པས་འདུག་སྟེ། ཡེ་ཤེས་སེམས་དཔའ་སྙིང་གར་བཅུག་ནས། རོལ་པའི་སྦྱོར་བས་བྱང་ཆུབ་ཀྱི་སེམས ་ཕྱུང་སྟེ། ལེའུ་བརྒྱད་པ་ལས་གསུངས་བའི། ནམ་མཁའ་དབྱིངས་ཀྱི་དབུས་གནས་པར། །ཡེ་ཤེས་རྒྱ་མཚོ་བསྒོམ་པར་བྱ། ཞེས་བ་ཨ་བ་ལ་སོགས་པས་ཡེ་ཤེས་ཀྱི་རྒྱ་མཚོའི་གཟུགས་སུ་གྱུར་བར་བྱ་ཞིང། དེ་བཞིན་གཤེགས ་པ་ལྔས་ཡེ་ཤེས་ཀྱིས་གཞི་རྫོགས་པར་བྱའོ། །མི་བསྐྱོད་པ་ནི་རྡོ་རྗེའི་རིགས་གཙོ་བོ་གྱུར་བ་ཡིན་པའི་ཕྱིར་གཙོ་བོ་ཉིད་ཡིན་ཏེ། ཇི་སྐད་དུ་།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་དམ་ཚིག་གི་དེ་ཁོ་ན ་ཉིད་རྡོ་རྗེའི་རིགས་པའི་སྐྱེས་བུ་མཆོག་གི་ལེའུ་བཅུ་གཅིག་པ་ལས། ནམ་མཁའ་རྡོ་རྗེའི་དབུས་གནས་པར། །དཀྱིལ་འཁོར་རྡོ་རྗེ་ཀུན་སྐྱེས་བསམ། །ཞེས་གསུངས་པ་བཞིན་ནོ། །རྣམ་པར་སྣང་མཛད་ལ་སོགས་པ་རྗེས་སུ་ཞུགས་པས་སའི་རྣམ ་པ་ལ་སོགས་པར་བྱིན་གྱིས་བརླུབ་པ་ཡིན་པར་ཁོང་དུ་ཆུང་པར་བྱ་སྟེ། བརྒྱད་པ་ལས། ཞི་བ་རྡོ་རྗེ་འཛིན་འདོད་ན། །བསྡུ་བ་དག་ཀྱང་རབ་ཏུ་བྱ། །ཞེས་གང་གསུངས་བའོ། །དེ་ལྟར་བུར་གྱུར་བའི་ཡན་ལག་རྫོགས་ནས་དེར། ལེའུ་བཅུ་གཅིག་པ ་ལས་གསུངས་བའི། ཡི་གེ་བྷྲུཾ་གིས་གནས་བསྒོམས་ཏེ། ཞེས་བྱ་བ་འདིས་གཞལ་ཡས་ཁང་ལེའུ་བརྐྱང་བ་ལས། རིན་ཆེན་སྣ་བཞིའི་མཆོད་རྟེན་ནི། །ཞེས་བྱ་བ་ལ་སོགས་པས་གསུངས་བའི་མཚན་ཉིད་ཅན། རྒྱར་དཔག་ཚད་བྱེ་བ་ཡོད་པ ་ཤིན་ཏུ་ཆེ་བའི་ཚད་དང་ལྡན་པ། ཡང་ལེའུ་དང་པོ་ལས་གསུངས་བའི། །གསལ་བ་ལ་སོགས་དཀྱིལ་འཁོར་ལྡན། །ཞེས་བྱ་བ་ལ་སོགས་པས་འདབ་མ་སྣ་ཆོགས་བའི་པདྨའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་སོགས་བའི་གདན་ཀྱིས་བརྒྱན་པ། ་ལྷ་ཐམས་ཅད་ཀྱི་གནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁང་པ་བརྩེགས་པ་བསྒོམ་བར་བྱའོ། །སྡོན་ལ་གནས་རྫོགས་པར་བྱས་ཏེ། རྡོ་རྗེ་གསུམ་བསྐྱེད་པ་བསྒོམ་པར་བྱའོ་ཞེས་འབྱུང་བས། དེའི་དབུས་ཀྱི་གདན་ལ་སེམས་དཔའ་ ་སྐྱེ་ལ་མོ་ཀྲུང་གི་འདུག་སྟེ། སྔ་མ་བཞིན་དུ་ལྷག་པར་མོས་པ་ནི་སེམས་ཀྱིས་ལྷའི་འཁོར་ལོའི་དབུས་ན་གནས་པའི་རྡོ་རྗེ་འཆང་དུ་བདག་ཉིད་དམིགས་ནས་བྱང་ཆུབ་ཀྱི་སེམས་རྣམ་པར་བསྒོམས་ཏེ། ཨོཾ་ཤཱུ་ཉ་ཏཱ་ཞེས་བྱ་བ་ལ་སོགས་པའི་སྔགས ་ཀྱིས་བྱིན་གྱིས་བརླབས་ནས། སྐྱེ་བ་མེད་པའི་རི་མོ་ལ་ཐིག་ལེའི་ཟླ་བའི་དཀྱིལ་འཁོར་ཨཱ་ལི་དང་ཀཱ་ལི་ལ་སོགས་པའི་ཆོ་ག་སྔོན་དུ་འགྲོ་བ་ཅན་བསྒོམས་ཏེ། ལེའུ་བཅུ་གཅིག་པ་ལས་རྡོ་རྗེའི་དཀྱིལ་འཁོར་དབུས་གནས་པར། ཡི་གེ་ཨོཾ་ནི་ཞེས་བྱ་བ་ལ ་སོགས་པས་ཐུགས་ལ་སོགས་པའི་རྟེན་རྣམས་ལ་སྐུ་ལ་སོགས་པའི་ཡིག་འབྲུ་སེམས་ཀྱི་བདག་ཉིད་དུ་བསྒོམ་བར་བྱའོ། །དེ་ནས་ཡི་གེ་གསུམ་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་དེ་བཞིན་གཤེགས་པ་ལ་སོགས་པ་ཐམས་ཅད་ཡི་གེ་གསུམ་དུ་གཞུག་པར་བྱ ་ཞིང་ཆོས་ཀྱི་དབྱིངས་ཀྱི་སྔགས་ཀྱིས་བྱིན་གྱིས་བརླབས་པའི་སྒོ་ནས་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་གྱུར་པའི་ཟླ་བའི་དཀྱིལ་འཁོར་དེ་ལ། ཐུགས་སྐུལ་བར་བྱེད་བའི་ལེའུ་བཅུ་པ་ལས་གསུངས་པས་ས་བོན་བཀོད་དོ། སྤྲོ་བ་དང་བསྡུ་བའི་རིམ་གྱིས་རྡོ་རྗེའི་དང ་རྒྱལ་ལས་བྱུང་བའི་རྡོ་རྗེ་བའི་རྡོ་རྗེ་འཆང་ཆེན་པོར་བདག་ཉིད་བསྒོམ་པར་བྱ་ཞིང། ང་རྒྱལ་ཡང་བྱའོ་ཞེས་བྱ་བ་ནི་རྣལ་འབྱོར་ཏེ། ལེའུ་དང་པོ་ལས་གསུངས་བའི་དམ་ཚིག་འབྱུང་བའི་ཏིང་ངེ་འཛིན་དུ་རིག་བའི་སྐྱེས་དུང་སྐུའི་དོན་དུ་གཟུགས་བསྟན་ཏོ། ་སྙིང་གར་ཡེ་ཤེས་སེམས་དཔའ་གཞུག་པ་ནི་རྗེས་སུ་རྣལ་བྱོར་རོ། །ལེའུ་བཅུ་བདུན་པ་ལས་གསུངས་པའི་ཕུང་པོ་ཞེས་བྱ་བ་ལ་སོགས་པ་ནས་བདུད་རྩི་འཁྱིལ་པ་ལ་ཐུག་པས་བྱིན་གྱི་རླབས་བྱ་སྟེ། ལེའུ་བཅུ་གཅིག ་བ་ལས་གསུངས་བའི་སྐུ་ལ་སོགས་པ་བྱིན་གྱིས་རློབ་པར་བྱེད་པའི་སྒྲུབ་པའི་ཡི་གེ་གསུམ་མགོ་དང་ལྐོག་མ་དང་སྙིང་གའི་ཕྱོགས་རྣམས་སུ་རྣམ་པར་བཀོད་ནས། དེ་རྣམས་ལས་བྱུང་བའི་སངས་རྒྱས་སྤྱན་ལ་སོགས་པ་རྣམས་ཀྱིས་སྐུ་རྡོ་རྗེ་ལ་སོགས་བ་རྣམས ་བཀུག?་སྟེ། ལེའུ་བཅུ་གཅིག་པ་ལས་གསུངས་པའི། དཔལ་ལྡན་སངས་རྒྱས་སྐུ་འཆང་བ་།ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་བ་རྣམས་ཀྱིས་གསོལ་བ་བཏབ་ནས། ལེའུ་བཅུ་བདུན་པ་ལས་གསུངས་པའི། སངས་རྒྱས་ཀུན་གྱི་སྐུ་གང ་ཡིན། །ཞེས་བྱ་བ་ལ་སོགས་བའི་ཚིགས་སུ་བཅད་པ་རྣམས་ཀྱིས་ང་རྒྱལ་བསྐྱེད་དེ། ལེའུ་དྲུག་བ་ལས་གསུངས་བའི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཞེས་བྱ་བ་ལ་སོགས་པའི་སྔགས་རྣམས་ཀྱིས་བྱེད་གྱིས་བརླབ་བར་བྱའོ་ཞེས་བྱ་བ ་ནི་རྣལ་འབྱོར་ཆེན་པོ་སྟེ། དེ་ཙམ་གྱིས་སྔགས་ཀྱི་བྱིན་གྱི་བརླབས་ཞེས་བྱ་བ་ལ་སོགས་བ་ནི་དམ་ཚིག་འབྱུང་བ་རྡོ་རྗེའི་ཏིང་ངེ་འཛིན་ཁོ་ནའི་དོན་བསྟན་ཏོ། །དང་པོར་བཅོམ་ལྡན་འདས་འདོད་ཆགས་ཆེན་པོའི་ཚུལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས ་པ་གང་ཡིན་པ་དེ་ནི་འདོད་ཆགས་ལ་སྦྱོད་པའི་སེམས་ཅན་རྣམས་རབ་ཏུ་དགའ་བར་བྱ་བའི་ཕྱིར་ཡིན་ནོ། །འདིར་མན་ངག་ཀྱང་བརྗོད་བར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་རྗེས་སུ་མཉེས་བར་བྱ་བའི་ཕྱིར་དེ་བཞིན་གཤེགས་བའི་བཀོད་པ་རབ་ཏུ་བཅུག ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་པ་སངས་རྒྱས་སྦྱན་ལ་སོགས་པའི་གཟུགས་རྣམས་མངོན་པར་སྦྲུལ་ཏེ་བྱུང་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་དང་སྡོམ་བ་རྡོ་རྗེ་བྱིན་གྱིས་རློབ་པའི་ལེའུ་བཅུ་བདུན་བ་ལས་གསུངས ་པའི་འདོད་པ་ཐམས་ཅད་ལ་ཉེ་བར་ལོངས་སྤྱོད་བའི་དཔལ་གྱི་ཏིང་ངེ་འཛིན་ལ་སྙོམས་བར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་པ་དེ་རྣམས་དམ་ཚིག་གི་འཁོར་ལོ་ཞེས་བྱ་བ་ལ་སོགས་པས་སློབ་བཞིན་པའི་རྣལ་འབྱོར་པ་རྣམས ་ཀྱིས་ཀྱང་སྔོན་དུ་བྱ་བ་རྫོགས་པར་བྱ་སྟེ། སྒྲུབ་པ་ཆེན་པོའི་དུས་སུ་ལེའུ་བཅོ་ལྔ་བ་ལས་གསུངས་པའི་མཚན་དང་ལྡན་བའི་གདོལ་བའི་བུ་མོ་ལེགས་པར་བསླབས་པ་མདུན་དུ་བཞག་ནས་སྒྲུབ་ཐབས་ཀྱི་ཚུལ་བཞིན་དུ་རང་གི་སྙིང་གནས་བྱུང་སྟེ ་ནུ་མའི་དབུས་དེར་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་བ་ལྔ་ཡིས་སྙིང་གའི་གནས་ལ་སོགས་བ་བྱིན་གྱིས་བརླབས་ཤིང་སྙིང་གའི་ནང་དུ་ཡེ་ཤེས་ཀྱི་ལྷ་མོས་བརྒྱན་པ། ས་ལ་སོགས་བ་ལ་སངས་རྒྱས་སྦྱན་ལ་སོགས་པ་དང། དེའི ་གཟུགས་དང་སྒྲ་ལ་སོགས་པ་ལ་གཟུགས་རྡོ་རྗེ་མ་ལ་སོགས་པ་དང། དེའི་དཔུང་པ་གཡོན་ལ་སོགས་པ་ལ་རོ་ལངས་མ་ལ་སོགས་པ་ལ་བཀོད་ནས། ལེའུ་བདུན་པ་ལས་གསུངས་བའི་ཡི་གེ་ཧཱུཾ་དང་ཞེས་བྱ་བ་ལ་སོགས་བས་རང་གི་རྡོ་རྗེ་དང་པདྨ་མངོན ་པར་འདུས་བྱས་ཏེ། དེ་ཉིད་ལས་གསུངས་བའི་འོད་ཟེར་ལྔའི་འོད་ཀྱིས་ཁྱབ་ཅེས་བྱ་བ་ལ་སོགས་བས་དེ་གཉིག་འོད་ཟེར་ལྔས་ཁྱབ་བ་དང། བདུན་བ་ལས་གསུངས་བ་ཟླ་བའི་འོད་ཟེར་ཞེས་བྱ་བ་ལ་སོགས་པས་རང་གི་རིག་མ་བསིལ་བའི་འོད་ཟེར ་ལྔ་དང་ལྡན་པར་བསམས་ནས། །ཆགས་ཤིང་ཆགས་པའི་བལྟ་བས་ལྟ། ཞེས་བྱ་བ་འདིས་རྡོ་རྗེ་དང་པདྨ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་ཀྱིས་རྡོ་རྗེ་གཉི་ག་རྗེས་སུ་མཉེས་བར་བྱ་སྟེ། རིན་ཆེན་ཏོག་གི་ང་རྒྱལ་དང་ལྡན་བས་ལེའུ་དྲུག?་པ་ལས་གསུངS་པའི་རྗེས་སུ་ཆཌ ་པའི་སྔས་བརྗོད་ལ། རིམ་པ་དེ་ཉིད་ཀྱིས་ལེའུ་བདུན་པ་ལས་གསུངས་པའི་རྡོ་རྗེ་རྗེས་དྲན་པའི་ཚུལ་གྱིས་རྡོ་རྗེ་གཡོ་བ་པདྨར་བཅུག་སྟེ། འདོད་བ་ཐམས་ཅད་ལ་ཉེ་བར་ལོངས་སྦྱོད་བའི་དཔལ་གྱི་ཏིང་ངེ་འཛིན་ལས་གསུངས་ས་བོན་བཞིན་དུ་འདོད་བར་བྱའོ། ། ་ཡི་གེ་ཧཱུཾ་གི་གླུ་ལེན་ཅིང་ལས་ལ་གནས་བར་བྱ་སྟེ། ཏིང་ངེ་འཛིན་དེ་ཉིད་ལ་ཅང་མི་སྨྲ་བར་གནས་བར་བྱའོ། །བྱང་ཆུབ་ཀྱི་སེམས་དབྱུང་བའི་གནས་སྐབས་ནི། ལེའུ་དང་པོ་ལས་གསུངས་བ་དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པའི་ཏིང ་འཛིན་གྱི་རང་བཞིན་གྱི་ཆོས་ཀྱི་སྐུའི་རྣམ་བ་བསྟན་པ་ཡིད་ནོ། །དེ་ནས་ནམ་མཁའ་ཨི་དབྱིངས་འདི་ཞེས་བྱ་བ་ལ་སོགས་པས་རྣམ་པར་སྤྲས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་ནམ་མཁའ་ཨི་དབྱིངས་ཐམས་ཅད་ཡོངས་སུ་གང་བར་བསམས་ཏེ། བྱང་ཆུབ་སེམས་ཀྱི་དུལ་ཕྲ ་རབ་དེ་རྣམས་ཀྱང་རང་གི་རིག་མས་འཁྱུད་བའི་དེ་བཞིན་གཤེགས་པ་ལ་སོགས་པའི་རྣམ་པར་བལྟས་པ་བསྡུས་ནས་པདྨར་བཅུག་སྟེ། ལེའུ་བདུན་པའི་དམ་ཚིག་རྗེས་སུ་དྲན་བ་བསྒོམ་པ་ལས་གསུངས་པ། ཁུ་བ?་ཕྱུང་ནས་ཞེས་བྱ་བ་ལ་སོགས ་པས་སྒྱུ་མ་ལྟ་བུའི་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་གྱུར་པའི་ཞུ་བ་ཉིད་དུ་བཏུད་པར་བྱའོ། །དེ་ནས་སླར་ཡང་འདོད་ཆགས་ཆེན་པོའི་ཚུལ་ལས་གསུངས་པའི་ཚུལ་གྱིས་བཅུག་མ་ཐག་པ་དེ་རྣམས་བཅོམ་ལྡན་འདས་ལ་མངོན ་པར་མཆོད་པའི་ཕྱིར་བུད་མེད་ཀྱི་གཟུགས་འཛིན་པར་གྱུར་པས། བཅོམ་ལྡན་འདས་ཀྱི་སྐུ་ལ་མངོན་པར་བྱུང་ནས། །ནམ་མཁའ་ཨི་དབྱིངས་མ་ལུས་པ་མངོན་པར་ཁྱབ་སྟེ། ལེའུ་བརྒྱད་པ་ལས་གསུངས་པའི་བླ་ན་མེད་པའི་མཆོད་པ་རྣམས་ཀྱིས ་མཆོད་པར་དམིགས་ལ། དོན་ཡོད་པར་གྲུབ་བའི་ང་རྒྱལ་དང་ལྡན་པས་ལེའུ་བརྒྱད་པ་ལས་གསུངས་པའི་སྔགས་ཀྱིས་མཆོད་པའི་ཚོགས་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་ནི་ཤིན་ཏུ་རྣལ་འབྱོར་རོ། །གཞུང་དེ་ཙམ་གྱིས་ནི་རྣལ་འབྱོར་བཞིའི ་བདག་ཉིད་ཀྱི་བདག་གི་དོན་ཕུན་སུམ་ཚོགས་པའི་རང་བཞིན་གྱི་དང་པོ་སྦྱོར་བ་ཏིང་ངེ་འཛིན་དད་པོ་བསྟན་ཏོ། །བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཆེད་དུ་ལེའུ་བདུན་པ་ལས་དཀྱིལ་འཁོར་རྗེས་སུ་དྲན་པ་བསྒོམ་པ་གསུངས་ཏེ། ལེའུ་དང་པོ ་ལས་གསུངས་པའི་ཡེ་ཤེས་སྒྲོན་མ་རྡོ་རྗེའི་ཏིང་ངེ་འཛིན་གྱིས་ཚུལ་གྱིས་མི་བསྐྱོད་པ་ཕྱུང་ལ། ངེས་ཀྱང་ཞེ་སྔད?་ལ་སྤྱོད་པའི་སེམས་ཅན་རྣམས་ཡང་དག་པར་སྦྱངས་ནས། དེ་བཀུག་སྟེ་རང་གི་ལུས་ལ་བཅུག་ནས་ཞེ་སྡང་རྡོ་རྗེར་གྱུར་པས། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་འབྱུང་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སོགས་པ་སྔོན་དུ་བྱ་བ་སྔོན་དུ་འགྲོ་བ་ཅན་གྱི་རྣམ་པར་སྣང་མཛད་ལ་སོགས་པ་དཀྱིལ་འཁོར་བའི་ལྷ་རྣམས་ཡང་དག་པར་ཕྱུང་སྟེ། དེ་རྣམས་ཀྱིས་གཏི་མུག་ལ་སོགས ་པ་ལ་མངོན་པར་དགའ་པའི་སེམས་ཅན་རྣམས་ཡང་དག་པར་སྦྱངས་ནས། དེ་རྣམས་སླར་བཀུག་ལ་གནས་ཇི་ལྟ་བ་བཞིན་དུ་བཀོད་པར་བྱས་ཏེ། ཕྱག་རྒྱ་བཞིས་རྒྱས་བཏབ་ནས་བསྡུས་ཏེ་ཡེ་ཤེས་ཀྱི་འཁོར་ལོ་གཞུག་པར་བྱའོ་ཞེས་བྱ་བ་ནི ་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏེ་གཉིས་པའོ། །ལས་རྒྱལ་པོའི་མཆོག་ནི་མི་བསྐྱོད་པ་ལ་སོགས་པ་རེ་རེ་ཞིང་ཕྱུང་བའི་རྗེས་ཐོགས་ཉིད་དུ་ཞེ་སྡང་ལ་སོགས་པ་ལ་མངོན་པར་དགའ་བའི་སེམས་ཅན་རྣམས་ཀྱི་དོན་བྱ་བའི ་རྣམ་པའོ། །སྐུ་གསུང་ཐུགས་རྨད་དུ་བྱུང་བའི་སྔགས་ཀྱིས་འགུགས་པའི་རྣམ་པར་འཕྲུལ་པའི་རྒྱལ་པོའི་ལེའུ་བཅུ་བཞི་པ་ལས་གསུངས་པའི་ཞི་པ་ལ་སོགས་པའི་ལས་ཅན་དུ་རྟགས་པར་བྱའོ་ཞེས་བྱ་བས་ནི། གཅིག་ཏུ་གཞན་གྱི་དོན་བྱེད་པའི ་མཚན་ཉིད་ཅན་གྱི་ཏིང་ངེ་འཛིན་གསུམ་པ་ཡིན་པར་བསྟན་ཏོ། །དེ་ནས་ལེའུ་གསུམ་པ་ལས་གསུངས་པ་རིན་ཆེན་ཁ་དོག་སྣ་ལྔ་པ། ཞེས་བྱ་བ་ལ་སོགས་པ་དང། ལེའུ་དྲུག་པ་ལས་གསུངས་པ་སྣའི་རྩེ་མོར་ཡུངས་ཀར་ཞེས་བྱ་བ་ལ་སོགས་པ་དང། ་སེམས་ནི་ཐིག་ལེར་གྱུར་བ་བཞག་ཅེས་བྱ་བ་ལ་སོགས་པས་སེམས་བརྟན་པར་བྱ་བའི་ཕྱིར་ཕྲ་མོའི་རྣལ་འབྱོར་བསྒོམ་པར་བྱའོ། །ལེའུ་བཅུ་གསུམ་པ་ལས་གསུངས་པའི་བཟླས་པ་ཡང་སྒྲུབ་ཐབས་ཀྱི་ཚུལ་བཞིན་བྱའོ། །དེ་ལྟར་དམ་ཚིག་དང་སྡོམ་པ་ལ ་རབ་ཏུ་གནས་ཤིང། དབང་བསྐུར་བ་དང་རྗེས་སུ་སྣང་བ་ཐོབ་པ། ཆོ་ག་ཐོབ་པ་མ་ཚང་བ་མེད་པའི་ཕྱིར་བྱ་བ་མ་ལུས་པ་བསྒྲུབ་པ་ལྷུར་ལེན་པས། གང་གི་ཚེ་བསྒྲུབ་པ་དྲུག་གིས་ཀྱང་བཅོམ་ལྡན་འདས་མ་གྲུབ་པ་དེའི་ཆོ། ལེའུ་བཅུ་པ་ལས་གསུངས་པའི ་ང་རྒྱལ་དང་ལྡན་པས་སྦྱོར་བས་བསྒྲུབ་པར་བྱ་སྟེ། རང་གིས་གསུངས་པའི་དམ་ཚིག་ལས་འདས་པའི་འཇིགས་པས་བདུན་ཕྲག་གསུམ་གྱི་ནང་དུ་ངེས་པར་འགྲུབ་པར་འགྱུར་རོ། །དེ་ནས་ཐུན་པ་ནི་ས་ལ་ཐམས་ཅད་བསྡུས་ནས་ཟག་པ་མེད་པའི ་བདེ་པ་དམ་པའི་རང་བཞིན་གྱི་ཆོས་ཀྱི་སྐུ་ལ་དམིགས་ཏེ་གནས་པར་བྱའོ། །དེ་ནས་མཱ་མ་ཀཱི་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་རྡོ་རྗེ་ཐུགས་ཁྱོད་ཅེས་བྱ་བ་ལ་སོགས་པའི་གླུ་རྣམས་ཀྱིས་རབ་ཏུ་བསྐུལ་ནས། དེ་བཞིན་གཤེགས་པ་རྣམས་ཀྱིས ་ཀྱང་མི་བསྐྱོད་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་བསྟོད་པ་རྣམས་ཀྱིས་ཀྱང་བསྟོད་དེ་ཡང་དག་པར་སོད་ནས། དེ་བཞིན་གཤེགས་པ་རྣམས་རང་གི་ལུས་ལ་བཅུག་ནས་ཆོ་ག་བཞིན་དུ་ཡང་དག་པར་མཆོད་དོ། དཀྱིལ་འཁོར་ལུས ་ཐ་མི་དད་པར་བལྟས་ལ་བརྟན་པར་བྱས་ཏེ་ཉེ་བར་བསྲུང་བར་བྱའོ། །དེ་ལྟར་བསྒྲུབ་པའི་ཐབས་ཀྱིས་བསྡུས་པའི་དོན་བསྟན་པ་ན་ལེའུ་དང་པོ་ལ་བརྟེན་ནས་ལེའུ་བཅུའི་དོན་བཤད་པ་ཉིད་ཡིན་ནོ། །ལེའུ་བཅུ་གཅིག་པས་ནི་གནས་ཀྱི་ལྷ་བསྐྱེད་པ་དང། ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་བསྟན་ནས། དབེན་ཞིང་ཞེས་བྱ་བ་ལ་སོགས་པས་སྔོན་དུ་སྤྱོད་པ་བྱས་ཤིང་ལྷའི་གནང་བ་ཐོབ་པའི་རྣལ་འབྱོར་པས་ནི། རང་གི་ལྷ་བསྒོམ་པ་སྔོན་དུ་འགྲོ་བ་ཅན་གྱི་ཡི་གེ་ཨོཾ་ལ་སོགས་པ་སྙིང་གར ་སྒོམ་པས་བསྐལ་པ་གསུམ་དུ་གནས་པའི་ཕྱིར་ཡེ་ཤེས་ཀྱི་བཅུད་ཀྱིས་ལེན་ཟླ་བ་ཕྱེད་ཀྱིས་འགྲུབ་པར་འགྱུར་རོ། །ཡེ་ཤེས་དཀྱིལ་འཁོར་དབུས་སུ་ནི་ཞེས་བྱ་བ་ལ་སོགས་པས་མི་སྣང་བ་བསྒོམ་སྟེ། རྡོ་རྗེའི་དཀྱིལ་འཁོར་དབུས་སུ་ནི་ཞེས་བྱ་བ ་ལ་སོགས་པ་ནས། སྐུ་གསུམ་མི་ཕྱེད་སྒྲུབ་པར་འགྱུར། ཞེས་བྱ་བ་ལ་ཐུག་པའི་བར་གྱིས་གོ་རིམ་བཞིན་དུ། འཕགས་པ་འཇམ་དཔལ་དང། སའི་སྙིང་པོ་དང། ཕྱག་ན་རྡོ་རྗེ་དང། ནམ་མཁའ་ཨི་སྙིང་པོ་དང། འཇིག་རྟེན་དབང་ཕྱུག་དང། སྒྲིབ ་པ་ཐམས་ཅད་རྣམ་པར་སེལ་བ་དང། ཀུན་ཏུ་བཟང་པོ་དང། མགོན་པོ་བྱམས་པའི་ཏིང་ངེ་འཛིན་རྣམས་བཤད་དོ། །རྣམ་པར་དབེན་པའི་རི་བོ་དང། །ཞེས་བྱ་བ་ལ་སོགས་པས་ནི་མངོན་པར་ཤེས་པ་བསྒྲུབ་པའི་གནས་བསྟན་ཏོ། །མི་བསྐྱོད ་ཡེ་ཤེས་ཞེས་བྱ་བ་ལ་སོགས་པས་ནི། ལྷ་གང་ཡང་རུང་བའི་རྣལ་འབྱོར་དང་ལྡན་པས་མིག་ལ་སོགས་པ་རྣམས་ལ་སའི་སྙིང་པོ་ལ་སོགས་པ་བཀོད་པ་བསྒོམ་པའི་སྒོ་ནས་མངོན་པར་ཤེས་པ་ལྔ་བསྒྲུབ་པ་བསྟན་ཏོ། །རྡོ་རྗེ་ལ་སོགས་པ ་བསྒོམ་པས་ཀྱང་དེ་དང་འདྲ་བ་ཉིད་དོ། །སྙིང་གར་ཡི་གེ་ཨོཾ་ཞེས་བྱ་བ་ལ་སོགས་པས་ནི་སེམས་བསྟན་པར་བྱ་བའི་བསྒོམ་པའི་མན་ངག་གསུངས་སོ། །ལུས་ངག་སེམས་ལ་ཡི་གེ་ཨོཾ་ཞེས་བྱ་བ་ལ་སོགས་པས་ནི་བསྐལ་པར་གནས་པའི་མན་ངག་གསུངས་སོ། ་བཅུ་གཉིས་པས་ནི་བསྒྲུབ་པ་ཆེན་པོའི་གནས་བསྟན་ནས། མཾ་ཞེས་བྱ་བ་ལ་སོགས་པས་ནི་འཕགས་པ་འཇམ་དཔལ་བསྒོམ་པའི་སྒོ་ནས་མི་སྣང་པའོ། །རྡོ་རྗེ་མི་ཕྱེད་ཅེས་བྱ་བ་ལ་སོགས་པས་ནི་རྫས་ཀྱི་རི་ལུ་བསྒྲུབ་པའོ། །རྡོ་རྗེ་ཆེན་པོ་རང་སྔགས་ཀྱིས་ཞེས་བྱ་བ་ལ ་སོགས་པས་ནི་འཁོར་ལོ་ལ་སོགས་པས་ནི་སེམས་བསྒྲུབ་པ་གསུངས་སོ། །འོད་ཟེར་ལྔའི་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་གསུམ་གྱི་རིག་པ་འཛིན་པ་ཉིད་དོ། །ོཾ་ནི་ཞེས་བྱ་བ་ལ་སོགས་པས་རི་ལུ་བསྒོམ་པའོ། །ནམ་མཁའ་ཨི་དབྱིངས་གསལ་ཞེས་བྱ་བ་ལ་སོགས་པ་ནི ་འཁོར་ལོའི་རིག་པ་འཛིན་པ་ལ་སོགས་པ་རྣམས་བསླབ་པའོ། །ལམ་གྱི་བཞི་མདོ་ཞེས་བྱ་བ་ལ་སོགས་པས་ནི་དགུག་པ་བསྒྲུབ་པའི་གནས་སོ། །སྦྱོར་གསུམ་ཞེས་བྱ་བ་ལ་སོགས་པས་ནི་སངས་རྒྱས་ལ་སོགས་པ་རྣམས་དགུག་པའོ། །རྣམ་པ་མཆོག་རྣམས་ཞེས་བྱ ་པ་ལ་སོགས་པས་ནི་རིག་པ་བསྐུལ་བའི་སྒོ་ནས་ཤིན་ཏུ་མྱུར་བར་དངོས་གྲུབ་བསྒྲུབ་པའོ། །ཤ་ཆེན་ཞེས་བྱ་བ་ལ་སོགས་པས་ནི་སྒྲུབ་པ་ཆེན་པོ་ལ་སོགས་པ་ལ་ཞུགས་པའི་ཟས་ངེས་པར་བྱེད་པའོ། །རྣམ་པ་མཆོག་རྣམས་ཀུན་ལྡན་པ་ཞེས་བྱ་བ་ལ་སོགས་པས ་ནི་དམ་ཚིག་སྤྱོད་པའི་སྦྱོར་བའོ། །རྡོ་རྗེ་དམ་ཚིག་གསུམ་བསྒྲུབ་མཆོག་ཅེས་བྱ་བ་ལ་སོགས་པས་ནི་གྲུབ་པ་ཕན་ཡོན་གྱི་འབྲས་བུའོ། །བསྙེན་པ་ལ་སོགས་པའི་དོན་རྡོ་རྗེ་བཞི་ནི་སྔར་བཤད་པའི་བསྒྲུབ་པའི་དོན་དང་མཚུངས་པ་ཁོ་ན་ཡིན་ནོ། །བསྙེན་པའི་ཡེ ་ཤེས་བདུད་རྩི་དག་ཞེས་བྱ་བ་ལ་སོགས་པས་ནི་རྫོགས་པའི་རིམ་པ་གསུངས་སོ། །དུས་བཞི་དག་ཏུ་ཞེས་བྱ་བ་ལ་སོགས་པས་ནི་དེ་བཞིན་གཤེགས་པ་བཞིའི་དབུས་ན་གནས་པའི་ལྷ་གང་ཡང་རུང་བའི་རྣལ་འབྱོར་རོ། །བཅུ་གསུམ་པས་ནི་བཟླས་པའི་ཆོ་ག ་བསྟན་ནས། འདོད་ཆགས་དེ་ནི་བོན་བསྒོམ་བ། ཞེས་བྱ་བ་ལ་སོགས་པ་ནི་འདོད་པའི་འདོད་ཆགས་དང། གཏི་མུག་དང། ཞེ་སྡང་རྣམ་པར་དག་པ་ཁོ་ན་རྫོགས་པའི་བྱང་ཆུབ་ཡིན་ནོ་ཞེས་བཤད་དོ། །ཡེ་ཤེས་འཁོར་ལོ ་ཅན་རྣམས་ཀྱི། ཞེས་བྱ་བ་ལ་སོགས་པས་ནི་རང་གི་དཀྱིལ་འཁོར་ན་གནས་པའི་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་སྔགས་ཀྱི་དོན་བསྒོམ་པར་བྱའོ་ཞེས་བཤད་དོ། །རྡོ་རྗེ་རྣམ་པ་བཞིའི་ལས། ཞེས་བྱ་བ་ལ་སོགས་པས ་ནི་ཞི་བ་ལ་སོགས་པའི་ལས་བཞི་བསྟན་ཏོ། །མ་དང་སྨྲ་བའི་ཞེས་བྱ་བ་ལ་སོགས་པ་ནས། བཀའ་ཨི་འཁོར་ལོ་སྦྱར་བར་བྱ། ཞེས་བྱ་བ་ལ་ཐུག་པས་ནི་མངོན་སྤྱོད་ཀྱི་ཡུལ་དང་དེའི་ལས་བསྟེན་ཏོ། །སྔགས་ཀུན་བསྲུང་ཕྱིར་ཞེས་བྱ་བ་ལ་སོགས་པ་ན ་འགྲོ་བ་འདུལ་བཞི་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་ཐུག་པ་ནི། བྱང་ཆུབ་འདོད་པའི་རྣལ་འབྱོར་པའི་བསྲུང་བ་དང། ཆུའི་སྟེང་ནས་འགྲོ་བ་དང་ཕ་རོལ་རྒོལ་པ་རྣམས་རེངས་པར་བྱ་བ་དང། རྒྱལ་པོ་དང་དགྲ་དང་གནོད་པར་བྱེད་པ་རྣམས་རྨོངས་པར་བྱ་བ་དང། ་གནས་བསྲུང་བའི་ཕྱིར་ཞི་བའི་སྦྱོར་བ་དང། དཀྱིལ་འཁོར་གྱི་གནས་དང། བསྒྲུབ་པའི་གནས་བསྲུང་བ་བསྟེན་ཏོ། །ཞི་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པས་ནི་ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་བསྟན་ཏོ། །རྣམ་པར་སྣང་མཛད་ཞལ ་གསུམ་པ། ཞེས་བྱ་བ་ལ་སོགས་པས་ནི་བསྒོམ་པ་པོའི་དབང་དུ་བྱས་ནས་ཞལ་དང་ཁ་དོག་དང་ཕྱག་དང་མཚན་ཆ་རྣམས་ངེས་པར་བྱེད་དོ། །སངས་རྒྱས་གཟུགས་ནི་ཞེས་བྱ་བ་ལ་སོགས་པས་ནི་སངས་རྒྱས་ཏེ་རྡོ་རྗེ་འཆད་དེ་བསྒོམ་པ་སྔོན་དུ་འགྲོ ་བ་ཅན་གྱི་ལྷ་ཐམས་ཅད་བསྐྱེད་པ་བསྟན་ཏོ། །ལེའུ་བཅུ་བཞི་པའི་དོན་ནི་སྔར་བཤད་ཟིན་ཏོ། །ལེའུ་བཅོ་ལྔ་པ་ལས་ནི་རྡོ་རྗེའི་རིགས་ཀྱི་ཡན་ལག་དཀྱིལ་འཁོར་གྲུ་བཞི་པ་གསུངས་སོ། །དཀྱིལ་འཁོར་ལྔའི་ཞེས་བྱ་བ་ལ་སོགས་པས་ནི་བཅོ་? ་མཁན་གྱི་བུ་མོ་དང་ལྡན་པའི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་དང། རྡོ་རྗེ་སེམས་དཔའ་བཞིན་དུ་གསུང་རྡོ་རྗེའི་གར་མཁན་གྱི་བུ་མོ་དང། རྡོ་རྗེ་འཆང་ཆེན་པོའི་བྲམ་ཟེ་ལ་སོགས་པའི་བུ་མོ་དང། །རྣམ་པར་སྣང་མཛད་ལ་སོགས་པའོ། །རྡོ་རྗེ་ཉི་མ་ནུབ་ནས་ནི།། ་ཞེས་བྱ་བ་ལ་སོགས་པས་ན་དུས་ངེས་པ་དང་དོན་གཞན་ཡིན་ནོ། །རྒྱན་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནས་འདོད་དང་ཐར་པའི་དམ་ཚིག་རྡོ་རྗེས་དེ་སྣང?་བཀའ་སྩལ་ཏོ་ཞེས་བྱ་བ་ལ་ཐུག་པས་ནི་སངས་རྒྱས་ཀྱི་བྱང་ཆུབ་སྒྲུབ་པའོ། །དེ་ནས་བཅོམ ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་བུ་མོ་རྣམས་རེངས་པའི་སྦྱོར་པའོ། །བཅུ་བཞི་ཞེས་བྱ་བ་ལ་སོགས་པས་ནི་ཚངས་པ་དང་སྲིན་པོ་ལ་སོགས་པ་རྣམས་རི་མོ་དང་ཐོ་བ་དང་ཡི་གེ་ཧཱུཾ་དང་རྡོ་རྗེ་འཆང་བ་རྣམས་ཀྱིས་བསད་པ་གསུངས་སོ། །ལས་ཀྱི་རྡོ་རྗེ ་ཞེས་བྱ་བ་ལ་སོགས་པས་ནི་ཆུ་རེངས་པའོ། །དཀྱིལ་འཁོར་དག་ནི་འདྲི་བ་ན། ཞེས་བྱ་བ་ལ་སོགས་པས་ནི་ཡི་གེ་ཕྲད་ཀྱི་སྔགས་ཀྱིས་རླུང་ལ་སོགས་པའི་བགེགས་རྣམས་བཟློག་པའོ། །ཡེ་ཤེས་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་ནི་རྡོ་རྗེ་འཆང ་ཆེན་པོ་སྐུ་མདོག་དཀར་པོ་བསྒོམ་པའི་མན་ངག་གོ་།བུད་མེད་ཅེས་བྱ་བ་ལ་སོགས་པས་ནི་འཇམ་དཔལ་ལྟ་བུའི་མི་སྣང་བའི་བདག་པོ་བསྟན་ཏོ། །བཤད་པའམ་ཞེས་བྱ་བ་ལ་སོགས་པ་ནས་དམ་ཚིག་མི་སྣང་བའི་རྡོ་རྗེ་ཆེན་པོས་དེ་སྐད་བཀའ་སྩལ་ཏོ ་ཞེས་བྱ་བ་ལ་ཐུག་པའི་བར?་ཁྱིས?་ནི་མི་སྣང་བ་ཁོ་ནའོ། །དེ་ནས་སངས་རྒྱས་ཞེས་བྱ་བ་ལ་སོགས་པས་ནི་ངོ་མཚར་དུ་གྱུར་པ་བསྟན་ཏོ་།དེ་ནས་སྟོན་པ་རྡོ་རྗེ་འཛིན། ཞེས་བྱ་བ་ལ་སོགས་པས་ནི་ལྷ་ཐམས་ཅད་ཀྱི་དབང་བསྐུད་པའོ། །རི་རྩེ་ཞེས་བྱ་བ་ལ ་སོགས་པས་ནི་སྒྲུབ་པའི་གནས་སོ། །རྡོ་རྗེ་སེམས་དཔའ་ལ་སོགས་ཞེས་བྱ་བ་ལ་སོགས་པས་ནི་ལྟས་བཟང་ངན་དྲི་བའི་ཕྱིར་སློབ་མ་དབབ་པའི་ཆོ་ག་གསུངས་སོ། །རྩེ་གཅིག་མ་གྱུར་ཅེས་བྱ་བ་ནས་བཅོམ་ལྡན་འདས་ཁྲོ་བོ་ཆེན་པོའི་དམ་ཚིག་རྡོ་རྗེ་ཁྲོ་བོས ་དེ་སྐད་བཀའ་སྩལ་ཏོ། ཞེས་བྱ་བ་ལ་ཐུག་པའི་བར་གྱིས་ནི། འཕགས་པ་བདུད་རྩི་འཁྱིལ་བའི་རྣལ་འབྱོར་གྱིས་རྣམ་པ་དུ་མའི་སྒོ་ནས་བསད་པ་གསུངས་སོ། །སྤྲུལ་ནི་མི་སྡུག་ཅེས་བྱ་བ་ལ་སོགས་པས་ནི་བྲིས་པའི་སྦྲུལ་དང། ་སྤལ་པ་ལ་སོགས་པ་ལ་རེག་པས་འཇིག་པ་དང་ཨོཾ་ལ་སོགས་པས་ནི་དུག་འཕོ་བ་དང་དུག་མེད་པར་བྱ་བ་དང། འབྲས་ལ་སོགས་པ་ཉེ་བའི་དུག་རྣམས་བཟློག་པའོ། །ཛི་ན་ཛིཀ་ཞེས་བྱ་བ་ལ་སོགས་པས་ནི་ཕྱི་དང་ནང་གི་ནང་རྣམས་བཟློག་པའོ།། ་ཆོས་རྣམས་རྨི་ལམ་ལྟ་བུ་སྟེ། །ཞེས་བྱ་བ་ལ་སོགས་པས་ནི་རྨི་ལམ་གྱི་མཚན་མ་རྨོངས་སོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པས་ནི་རྨི་ལམ་གྱི་མཚན་མའི་བྱེ་བྲག་ལས་བྱུང་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ཕྱག་འཚལ་བ ་བྱས་ཏེ། བཅོམ་ལྡན་འདས་ལ་གསོལ་བ་བཏབ་པས་ཡང་དག་པར་རྟོགས་པར་མཛད་ཅིང། དེ་རྣམས་ཀྱིས་ཀྱང་རྟོགས་པར་གྱུར་ནས། །རང་གི་སེམས་ཀྱི་ཆོས་ཉིད་ལ་གནས་ནས་སེམས་ཤིང་ཅང་མི་སྨྲ་པར་འཁོད་པར་གྱུར་པའོ། །ལེའུ ་བཅུ་དྲུག་པས་ནི། དེ་ནས་ཞེས་བྱ་བ་ལ་སོགས་པས་སྐུ་རྡོ་རྗེ་སྒྲུབ་པའི་དཀྱིལ་འཁོར་དམ་ཚིག་གི་དཀྱིལ་འཁོར་དང། དེ་བཞིན་དུ་གསུང་གི་དཀྱིལ་འཁོར་ཉིད་གསུངས་སོ། །རྡོ་རྗེ་འཛིན་མཆོག་གང་ཡིན་པའི། ཞེས་བྱ་བ་ལ་སོགས་པས་ནི་གཉི ་གའི་རང་བཞིན་གྱི་ལྷའི་དཀྱིལ་འཁོར་ཐམས་ཅད་གསུངས་སོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པས་ནི་ཐིག་གདབ་པ་དང། ཚོན་རྩི་དགྱེ་བ་དང། སྔགས་ཀྱི་ཡི་གེ་རྣམས་སོ། །སྔགས་ཀྱི་སེམས་པས་མི་བྱ་སྟེ། ཞེས་བྱ་བ་ལ་སོགས་པས་ནི་རྫོགས ་པའི་རྣལ་འབྱོར་པས་སྣོད་དུ་རུང་བ་གཉིས་བཅུག་ནས་བསྒྲུབ་པ་ཁྱད་པར་ཅན་གྱི་དཀྱིལ་འཁོར་འདྲིར་གཞུག་པར་བྱ་སྟེ་རང་གིས་ནི་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །བདག་ཉིད་གང་ཚེ་སྦྱོར་པ་ན། ཞེས་བྱ་བ་ལ་སོགས་པས་ནི་ཁྱད་པར་ཅན་དུ་གྱུར ་པ་ཡིན་ཡང། མངོན་པར་འདུས་བྱས་པའི་ཐིག་སྐུད་ཀྱིས་བདག་ཉིད་སློབ་པ་དང་བཅས་པས་ཐིག་གདབ་སྟེ། དམ་ཚིག་གི་དཀྱིལ་འཁོར་བྲི་བར་བྱའོ་ཞེས་བཤད་དོ། །སྔགས་རྣམས་ཐམས་ཅད་ཉིད་ལའང། ཞེས་བྱ་བ་ལ་སོགས་པས་ནི་ལྷ་ཐམས ་ཅད་དགུག་པ་ལ་སོགས་པའི་དོན་དུ་ཞགས་པ་དང་ལྕགས་ཀྱུ་ཐོགས་པའི་རྡོ་རྗེ་ཧཱུཾ་མཛད་དུ་ཤེས་པར་བྱའོ། །རྡོ་རྗེ་བུས་པ་བཞག་པ་ནི། ཞེས་བྱ་བ་ལ་སོགས་པས་ལྷ་རྣམས་བཀོད་པའི་རྗེས་ཐོགས་ལ། སྔགས་ཤེས་པས་ནི་སྦྱིན་སྲེག་བྱ། ཞེས ་བྱ་བ་ལ་སོགས་པས་ནི། དཀྱིལ་འཁོར་རྩེ་མེ་པ་འམ། སྒྲུབ་པ་རྩོམ་པའི་དང་པོར་བགེགས་འཇོམས་པའི་ཞི་བ་དང། དེ་ནས་སྤྱན་དྲངས་པ་རྣམས་ཚིམ་པར་བྱ་བའི་སྦྱིན་སྲེག་དང། བཅུག་པའི་སློབ་མ་རྣམས་ཀྱི་སྡིག་པ་བསྲེག་པའི་ཕྱིར་དང། ་ཟིན་པའི་དུས་སུ་ཞི་བའི་སྦྱིན་སྲེག་གོ། རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པས་ནི་བཅུག་པར་གྱུར་པའི་སློབ་མ་ལ་དབབ་པ་གསུངས་སོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པས་ནི། དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པ་ལ་ཡི་གེ་ལྔ་པའི ་སྔགས་སྦྱར་བར་བྱའོ། །སངས་རྒྱས་ཀུན་གྱིས་ནམ་མཁའ་ཨི་ཁམས། ཞེས་བྱ་བ་ལ་སོགས་པས་ནི་དབང་བསྐུར་པ་གསུངས་སོ། །བྱང་ཆུབ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་ནི་སྔོན་དུ་གསོལ་བ་གདབ་པ་བལྟ་བར་བྱའོ། །དེ་ཚེ་དེ་ལ་དབང་བསྐུར་པ། ཞེས་བྱ་བ ་ལ་སོགས་པས?་ནི་དབང་བསྐུར་བའི་དུས་སུ་སྙིང་གར་བདག་པོ་བསྒོམ་པར་བྱའོ་ཞེས་བསྟན་ཏོ། །རྡོ་རྗེ་སློབ་མ་བློ་ལྡན་པ་ཞེས་བྱ་བ་ལ་སོགས་པས་ནི་དབབ་པའི་རྗེས་ཐོགས་ལ་དཀྱིལ་འཁོར་བསྟན་པའི་ཕྱིར། བུམ་པའི་དབང་བསྐུར་པའི་རྗེས ་ཐོགས?་སུ་དམ་ཚིག་བདད?། སྡོམ་པ་འབོག་པ་དང། གསང་པའི་དབང་བསྐུར་པ་དང། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་དང། ལངས་ནས་ལུང་བསྟན་པའི་རྗེས་ཐོས་ལ་མན་ངག་སྦྱིན་པར་བྱ་བའོ། །གསང་བ་ཞེས་བྱ་བ་གསང་བའི་དབང་ ་བསྐུར་བའི་སྔོན་དུ་བལྟ་བར་བྱའོ། །ཁུ་བ་འམ་ཞེས་བྱ་བ་ལ་སོགས་པས་ནི་སློབ་མ་?་གཞུག་པའོ། །གླང་པོའི་ཤ་ལ་སོགས་པ་ནི་ལྷ་རྣམས་ལ་རབ་ཏུ་དབུལ་བར་བྱའོ། །ཡིད་ཆེས་བསྐྱེད་པས་ཞེས་བྱ་བས་ནི་བདུད ་རྩི་ལྔ་འབར་བར་སློབ་མ་ལ་བསྟན་པར་བྱའོ། །དངོས་གྲུབ་ཐམས་ཅད་བསྒྲུབ་པ་དང། ཞེས་བྱ་བ་ལ་སོགས་པས་ནི་དཀྱིལ་འཁོར་ཐམས་ཅད་དུ་བསྒྲུབ་པར་བྱ་པའོ། །བཤད་གཅི་ཞེས་བྱ་བ་ལ་སོགས་པས་ནི་རྫས་བླངས་པས་གྲུབ་པའོ། །དྲི་ནི་འབར་བ ་འོད་བཟང་པོ་ཞེས་བྱ་བ་ལ་སོགས་པ་ནས། བཅོམ་ལྡན་འདས་སངས་རྒྱས་ཐམས་ཅད་ཀྱི་བུ་གཅིག་པ་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏོ། །ཞེས་བྱ་བའི་བར་འདིས་ནི་ཕྱག་ན་རྡོ་རྗེ་ལ་སོགས་པའི་གཟུགས་ཅན་གྱི་མན་ངག་གཞུག་པ ་བསྒྲུབ་པའོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ནས་རྡོ་རྗེའི་དོན་གྱི་བློ་ཡིས་གསུངས་ཞེས་བྱ་བ་ལ་ཐུག་པའི་བར་གྱིས་ནི་འཕགས་པ་འཇམ་དཔལ་གྱི་རྣལ་འབྱོར་གྱི་དབང་དུ་བྱ་བའོ། །སྔགས་ཀྱི་རྡོ་རྗེ་ཧཱུཾ་ལ་སོགས་ཞེས་བྱ་བ་ནི་དབབ་པའི་རྗེས་ཐོགས ་ཉིད་དུའོ། །རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པས་ནི་བཀྲེས་པ་དང་སྐོམ་པ་ལ་སོགས་པ་བཟློག་པའི་སྦྱོར་པའོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་དེ་བཞིན་གཤེགས་པ་དཔའ་བོ་རྡོ་རྗེའི་ཏིང་ངེ་འཛིན་ནོ། །ཙུཾ?་ཞེས་བྱ ་བ་ལ་སོགས་པས་ནི་སྐུ་ལ་བྱེད་མའི་ཏིང་ངེ་འཛིན་མཆོག་གོ། ཛི་ཞེས་བྱ་བ་ལ་སོགས་པས་ནི་འཕགས་པ་?་བྷ་ལའི་ཏིང་ངེ་འཛིན་ནོ། །ཀྵཾ་ཞེས་བྱ་བ་ལ་སོགས་པས་ནི་གནོད་སྦྱིན་མོ་བསྒྲུབ་པའོ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཞེས་བྱ ་བ་ནས། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་རྡོ་རྗེས་དེ་སྐད་བཀའ་སྩལ་ཏོ། །ཞེས་བྱ་བ་ལ་ཐུག་པའི་བར་གྱིས་ནི། དམན་པ་དང་བར་མ་དང་མཆོག་གི་དངོས་གྲུབ་ཀྱི་དབྱེ་བའོ། །ཡང་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ ་ནས་རྫོགས་པ་ལ་ཐུག་པས་ནི་རིག་པའི་བརྟུལ་ཞུགས་གསུངས་སོ། །བཅུ་བདུན་པས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདུས་པ་སྔོན་དུ་འགྲོ་བ་ཅན་གྱི་གསོལ་བ་བཏབ་སྟེ། རང་གི་རྗེས་སུ་མཐུན་པའི་བསྟོད་པའི་མཆོད་པ་རྣམས་ཀྱིས་ཡང་དག་པར་བསྟོད? ་པར་གྱུར་ནས། ངོ་མཚར་སྔོན་དུ་འགྲོ་བ་ཅན་གྱི་སྐུ་རྡོ་རྗེ་ལ་སོགས་པའི་སྒྲུབ་པ་མ་ལུས་པའི་དམ་ཚིག་བསྟན་ཏེ། རྡོ་རྗེ་འཆང་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྙིང་པོ་མཉམ་པ་ཉིད་རྣམ་པར་བསམས་ནས་ཅད་མི་གསུང་བར་གྱུར་པའོ། །དེ་ནས ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་རྣམས་ལ་ཅད་མི་གསུང་བའི་དོན་དྲིས་པར་གྱུར་ནས་སྐུ་ནི་མི་འགྱུར་སྐྱེ་བ་མེད་ཞེས་བྱ་བ་ལ་སོགས་པ་བསྟན་པ་ན། ཚངས་པ་ལ་སོགས་པ་རྣམས ་ཀྱིས་བཅོམ་ལྡན་འདས་ལ་བརྙས་པར་འགྱུར་དུ་འོང་པས་ཞེས་བྱ་བ་དེ་ལྟ་བུས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་ཀྱིས་བཀག་པར་གྱུར་ནས། དེ་རྣམས་ཀྱིས་བརྙས་པར་གྱུར་དུ་ཟིན་ཀྱང། འོན་ཀྱང་རང་གི་ངོ་བོ་ཁོ་ན་གསུངས་ཀྱི། ་རང་གི་ངོ་བོ་མ་ཡིན་པ་ནི་མ་གསུངས་སོ་ཞེས། དེ་བཞིན་གཤེགས་པ་རྣམས་ཀྱིས་རེ་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་སངས་རྒྱས་ཆོས་ནི་གནས་མེད་པ། ཞེས་བྱ་བ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་ཀྱིས་བཅོམ་ལྡན་འདས་ལ་དྲིས་པ ་ནས། ནམ་མཁའ་གང་ལ་གནས་གང་ལ་ཡང་མ་ཡིན་ནོ། །ཞེས་བྱ་བའི་བར་འདིས་ནི་མངོན་པར་འདོད་པའི་དོན་བསྟན་ཏོ། །དེ་ནས་ངོ་མཚར་ཞེས་བྱ་བ་ལ་སོགས་པ་བརྗོད་པར་གྱུར་ཏོ། །ནམ་མཁའ་རྡོ་རྗེའི་དབུས་གནས་པར། ཞེས་བྱ་བ་ལ ་སོགས་པས་ནི་རང་གི་དཀྱིལ་འཁོར་ལ་གནས་པའི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པའི་དབང་བསྐུར་བའི་བསྒོམ་པས་བྱང་ཆུབ་མྱུར་དུ་འགྲུབ་པར་འགྱུར་རོ་ཞེས་བྱ་བ་བཤད་དོ། །གལ་ཏེ་དངོས་གྲུབ་མཆོག ་ཅེས་བྱ་བ་ལ་སོགས་པས་ནི་གོང་མ་གོང་མའི་ཚུལ་ལ་དོན་ཁྱད་པར་ཅན་གསུངས་སོ། །སླར་ཡང་སངས་རྒྱས་ཀྱི་དམ་ཚིག་ཅེས་བྱ་པ་ལ་སོགས་པས་ནི། སྐུ་རྡོ་རྗེ་ལ་སོགས་པ་རྣམས་ལས་མི་འདའ་བར་བྱ་བ་ཉིད་ཀྱི་ཕྱིར་ཕུང་པོ་ལྔ་ནི་ཞེས་བྱ་བ་ལ ་སོགས་པ་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་གནས་པ་རྡོ་རྗེའི་ཏིང་ངེ་འཛིན་གྱི་སྒོ་ནས་ཅང་མི་གསུང་པར་གྱུར་པས་ནི་བྱང་ཆུབ་ཀྱི་སེམས་དང་རྡོ་རྗེ་སློབ་དཔོན་དག་ལ་ཐ་དད་པ་མེད་པར་བསྟན་ཏོ། །དེའི་རྗེས་ཐོགས་ལ་དེ ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ཞེས་བྱ་བ་ལ་སོགས་པས་ནི། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བཙལ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གསང་བ་འདུས་པར་དབང་བསྐུར་བར་གྱུར ་པའི་བཅོམ་ལྡན་འདས་སློབ་དཔོན་ལ། དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཇི་ལྟར་བལྟ་བར་བྱ་ཞེས་དྲིས་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་རྡོ་རྗེར་ཞེས་བྱ་བ་ལ ་སོགས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྣམ་པར་ཞེས་བྱ་བའི་ཁྱད་པར་གྱི་ཚིག་རྣམས་ཀྱིས་སློབ་དཔོན་གྱི་ཆེ་བ་ཉིད་བསྟན་པས་དུས་སྔར་བརྙེས་པའི་ཐེ་ཚོམ་སེམས་ལ་བཞག་ནས། འཇིགས་ཤིང་སྐྲག་པའི་ཡིད་ཀྱིས་ཅང་མི་སྨྲ་བར་གྱུར་ཏེ། །སླར ་ཡང་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་དོན་དེ་ཉིད་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བསྟན་ཏོ། །ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྐུ་གསུང་ཐུགས་རྡོ་རྗེ་དངོས་གྲུབ་རྣམས ་གདལ?་གནས། ཞེས་དེ་བཞིན་གཤེགས་པ་རྣམས་ལ་དྲིས་པར་གྱུར་པ་ན། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་གསུམ་གྱི་རྡོ་རྗེ་སློབ་དཔོན་གྱི་ཞེས་བྱ་བ་ལ་སོགས་པ་གང་ལ་ཡང་མི་གནས་སོ་ཞེས་བྱ་བའི་བར་གསུངས་ཏེ། དེ་རྣམས་ཀྱང་ངོ ་མཚར་ལ་སོགས་པར་གྱུར་ནས་ཅང་མི་སྨྲ་པར་འཁོད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་གསང་པ་རྡོ་རྗེའི་ཏིང་ངེ་འཛིན་ལས་བཞེངས་ནས། ཞེས་བྱ་བ་ལ་སོགས་པ་བསམ་གཏན་གྱི་དཀྱིལ་འཁོར་ཞེས་བྱ་བ ་ལ་ཐུག་པའི་བར་བྱིས་ནི། དེའི་སྣོད་དུ་རུང་བའི་སེམས་ཀྱི་སྤྱོད་པ་དང་ལྡན་པའི་སེམས་ཅན་རྣམས་ཀྱི་ཐུན་མོང་དུ་བསམ་གཏན་གྱི་དཀྱིལ་འཁོར་གསུངས་པར་གྱུར་ཏོ། །ཧཱུཾ་ཏྲི་ཁཾ་ཞེས་བྱ་བ་འདིས་ནི་བདུད་རྩི་དགུག་པའི་དོན་དུ་སྦྱོར་བ་གསུངས་སོ། །བཟའ་བ་འམ ་ཞེས་བྱ་བ་ལ་སོགས་པས་ནི་བཟའ་བ་ལ་སོགས་པ་བདུད་རྩི་ལྔ་དང་མཚུངས་པར་མངོན་པར་འདུས་བྱས་ལ་བཟའ་བར་བྱའོ། །དེ་ནས་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་དེ་སྐད་བཀའ་སྩལ་ཏོ་ཞེས་བྱ་བ་ལ་ཐུག་པའི ་བར་གྱིས་ནི་མཆོད་པ་རྣམ་པ་ལྔ་དང། དབང་པོ་ཉིད་སྦྱོར་བ་དང། མའི་རྣལ་འབྱོར་དང། སྒྲུབ་པ་པོའི་ང་རྒྱལ་དང། ཚིམ་པར་བྱ་བའི་སྦྱོར་བ་དང། མཆོད་རྟེན་གྱི་ལས་ལ་སོགས་པ་མི་བྱ་བ་དང། དུག་གསལ་བ་དང། རེངས་པ་དང། དགུག་པ་དང ་སྔགས་དང་ལྡན་པའི་བསྲུང་བའི་འཁོར་ལོ་བྲི་བ་དང། རྡོ་རྗེ་མིག་སྨན་གྱི་བྱ་བ་རྣམས་བཤད་དོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞེས་བྱ་བ་ལ་སོགས་པས་ནི། དེ་བཞིན་གཤེགས་པ་རྣམས་ཀྱིས་གསང ་པའི་ཡི་གེ་བྲིས་ནས་བཅོམ་ལྡན་འདས་ཀྱིས་བཤད་པར་གྱུར་ཏོ། །དེ་ནས་དོན་རྟོགས་ནས་ཕྱག་བཙལ་ཏེ་ཅང་མི་གསུང་བར་བཞུགས་པར་གྱུར་ཏོ། །སྔོན་འདས་པའི་དུས་སུ་ཞེས་བྱ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ནི། དེ་བཞིན་གཤེཌ ་པའི་ནང་ནས་སངས་རྒྱས་ཞེས་བྱ་བའི་གྲངས་སུ་འགྲོའོ་ཞེས་བྱ་བའི་བར་འདིས་ནི་སྐལ་པ་དང་མི་ལྡན་པའི་སེམས་ཅན་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་དང། འབྲས་བུ་མྱུར་དུ་སྒྲུབ་པར་བྱེད་པ་ཡིན་པར་བསྟན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་རྣམས་ཞེས ་བྱ་བ་ལ་སོགས་པ་ཅང་མི་སྨྲ་བར་གྱུར་ཏོ་ཞེས་བྱ་བའི་བར་འདིས་ནི། སྔོན་གྱི་དུས་སུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་བརྩམས་ཏེ། དཀའ་བ་སྤྱད་པ་ལ་སོགས་པའི་སྡུག་བསྔལ་རྗེས་སུ་དྲན་ནས། ཆོས་ཀྱི་རྣམ་གྲངས་འདི་ཡང་རྙེད་པར་དཀའ་བ་ཉིད་དུ ་རྟོགས་ཏེ། རབ་ཏུ་དུ་ཞིང་སྡུག་བསྔལ་གསུམ་སྐྱེས་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་རྟོགས་པར་མཛད་དོ། །དེ་ནས་ཇི་སྐད་བཤད་པའི་གནས་ནས་བཞུགས་པའི་བཅོམ་ལྡན་འདས་མཆོག་ཏུ་བདེ་པ་ལ་ཞུགས་ནས། མཱ་མ་ཀཱི་ལ ་སོགས་པའི་ལྷ་མོ་རྣམས་ཀྱིས། རྡོ་རྗེ་ཐུགས་ཁྱོད་ཅེས་བྱ་བ་ལ་སོགས་པའི་བླུ་རྣམས་ཀྱིས་སད་པར་བྱས་སོ། །འདོད་པ་ཐམས་ཅད་ཉེ་བར་ལོངས་སྤྱད་པ་དཔལ་གྱི་ཏིང་ངེ་འཛིན་གྱི་དོན་བཤད་ཟིན་པ་ཡིན་ནོ། །དེ་ནས་དེ་བཞིན་གཤེགས་པ་རྣམས་བཙུན་མོའི ་བྷ་ག་ལས་མངོན་པར་བྱུང་སྟེ། བཅོམ་ལྡན་འདས་ངོ་མཚར་ཆེའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་རྣམ་པ་ཐམས་ཅད་དུ་རྣམ་པར་དག་པ་བསྟན་ཏོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ ་སོགས་པས་ནི། དཔལ་གྱི་རིག་པའི་སྒོ་ནས་ཆོས་ཀྱི་རྣམ་གྲངས་འདི་ལ་སྐལ་པ་དང་ལྡན་པར་གྱུར་པའོ། །རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པས་ནི་རྡོ་རྗེ་ཆོས་ཀྱི་ཏིང་ངེ་འཛིན་དང་ཁས་བླངས་པའོ། །དེ་ནས་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱིས་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་གྱི་སྐུ་དང། གསུང་དང་ཐུགས་རྣམས་བྱིན་གྱིས་བརླབས་པར་གྱུར་ཏོ། །དེས་ནི་ཐོག་མ་དང་ཐ་མ་མེད་པའི་རང་བཞིན་དུ། རྟག་ཏུ་གནས་པའི་དཔལ་ལྡན་གསང་བ་འདུས་པའི ་བསྡུས་པའི་དོན་བསྟན་ཏོ། །འདི་ལ་གཞུང་ཚད་ནི་རྗེས་སུ་བསྔགས་པའི་ཚིགས་སུ་བཅད་པ་སུམ་བརྒྱ་སུམ་ཅུ་རྩ་གཉིས་ཡོད་དོ།། །།དེ་ལྟར་བསྡུས་པའི་དོན་བསྟན་ནས་ཡན་ལག་གི་དོན་རྣམ་པར་དབྱེ་བའི་ཕྱིར་རྒྱུད་ལ་གཞུག་པར་བྱའོ།། ་འདི་སྐད་ཅེས་བྱ་བ་ལ་སོགས་པ་ལ། འདི་སྐད་ཅེས་བྱ་བ་ནི་བསྡུས་པ་པོ་རྡོ་རྗེ་ཆོས་ཀྱིས་རྒྱུད་ཀྱི་དོན་མ་ལུས་པ་སེམས་ལ་བཞག་ཅིང་བསྔོགས་ནས་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་བསྟན་པའི་ཕྱིར ་གསུངས་པའོ། །བདག་གིས་ཐོས་པ་ཞེས་བྱ་བ་ནི། ད་བདག་ཉིད་ཀྱིས་དངོས་སུ་བཅོམ་ལྡན་འདས་ལས་ཐོས་ཀྱི། ཐོས་པ་བརྒྱུད་པ་ལས་འོངས་པ་མ་ཡིན་ནའོ། །དེ་གང་ཞིག་ཅེ་ན། གསང་བ་འདུས་པའོ། །གང་གི་ཚེ་ཞེ་ན། དུས་གཅིག་ན ་ཞེས་བྱ་བ་དུས་ཚོད་གཅིག་ན་སྟེ། འདིས་ནི་གཞན་དང་གཞན་གྱི་དུས་སུ་གཞན་དང་གཞན་ཡིན་ནོ་ཞེས་རྣམ་པ་མང་པོ་ཐོས་པ་ཡིན་པར་སྟོན་ཏོ། །ཡང་ན་དུས་གཅིག་ན་ཞེས་བྱ་བ་སྐད་ཅིག་གཅིག་ན་ཐོས་པར་བྱ་པ་གང་ཇི་སྙེད་པ་དེ་རྣམ་པར་ཐར་པའི ་སྒོ་མཛའ་ཡས་པ་ཐོབ་པའི་སྟོབས་ཀྱིས། སྐད་ཅིག་གཅིག་གི་དུས་སུ་ཐོས་སོ་ཞེས་འདིས་ནི་བློ་བཟང་བོ་དང་ལྡན་པ་ཉིད་དུ་བསྟན་པའི་སྒོ་ནས་ཚིག་བཟུང་བར་འོས་པར་ཉིད་དུ་བསྟེན་ཏོ། །གང་ཞིག་གི་ཐོས་པ་བརྒྱུད་པ་ལས་འོངས་ཤིང། གང་ལ ་རྣམ་པར་ཐར་པའི་སྒོ་དཔག་ཏུ་མེད་པ་དངོས་སུ་ཐོབ་པ་མེད་པ་དེའི་ཚིག་མ་ཚང་བ་སྲིད་དོ་ཞེས་བསྟན་པ་ཡིན་ནོ། །སུ་ལས་ཞེ་ན། བཅོམ་ལྡན་འདས་ལས་ཐོས་སོ། །བཅོམ་ལྡན་འདས་བཞུགས་སོ་ཞེས་བྱ་བར་སྦྱར་ཏེ། བདུད་བཞི་བཅོམ་པའི ་ཕྱིར་རམ། སྐལ་བ་ཕུན་སུམ་ཚོགས་ཡིན་པའི་ཕྱིར་བཅོམ་ལྡན་འདས་སོ། །ཡང་ན་དབང་ཕྱུག་དང་གཟུགས་བཟང་བ་དང་གྲགས་པ་དང་དཔལ་དང། །ཡེ་ཤེས་རྡོ་རྗེ་དང་བརྩོན་འགྲུས་ཏེ། ཡོན་ཏན་དྲུག་དང་ལྡན་པའི་ཕྱིར་རམ། བྷ་ག་ལ ་གནས་པའི་ཕྱིར་རམ། འདི་ལ་བྷ་ག་ཡོད་པས་ན་བཅོམ་ལྡན་འདས་སོ། །དེ་སྐད་དུ་ཡང། བྷ་ནི་གསལ་བ་ཞེས་སུ་གསུངས། །ག་ནི་འགྱུར་མེད་ནམ་མཁའ་སྟེ། གཉིས་པོ་དག་ནི་འདུས་པའི་ཕྱིར། །བྷ་ག་ཤེས་རབ་ཐབས ་སུ་བརྗོད། །ཅེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ། དེ་རྣམས་ནི་དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དེ། ནམ་མཁའ་ཨི ་དབྱིངས་མ་ལུས་པ་ཏིལ་གྱི་གང་བུ་བཞིན་དུ་ཡོངས་སུ་གང་པའི་སྐུ་རྡོ་རྗེ་ལ་སོགས་པ་རྣམས་སོ། །ཡང་དག་པའི་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པའི་ཕྱིར་དེ་བཞིན་གཤེགས་པ་འམ། རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཐམས་ཅད་རྟོགས་པའི་སྒོ་ནས་རང་གིས ་ཁོང་དུ་ཆུད་པ་སེམས་ཅན་རྣམས་ལ་སྟོན་པར་མཛད་པས་ན་དེ་བཞིན་གཤེགས་པའོ། །དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་རྣམ་པར་སྣང་མཛད་དང། འོད་དཔག་ཏུ་མེད་པ་དང། མི་བསྐྱོད་པའི་རང་བཞིན་རྣམས་སོ། །དེ་རྣམས་ཀྱི་སྙིང་པོ་ནི་དེ ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱིས་ཡོངས་སུ་བསྐྱེད་པའི་རང་བཞིན་གྱི་རྡོ་རྗེ་འཆང་ཆེན་པོའོ། །དེའི་རྡོ་རྗེ་བཙུན་མོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྟེ། དེའི་བྷ་ག་ཆོས་འབྱུང་ཞེས་བྱ་བར་ཇི་སྐད་བཤད་པའི་མཚན་ཉིད་དང་ལྡན་པའི ་གཞལ་ཡས་ཁང་གི་ནང་དུ་གསལ་པ་ལ་སོགས་པའི་གདན་དང་ལྡན་པའི་ལྷ་ཐམས་ཅད་ཀྱི་གནས་ལ་རང་གི་རིག་མ་དང་གཉིས་སུ་མེད་པའི་སྦྱོར་བས་བཅོམ་ལྡན་འདས་འཁོར་ལོ་ཐམས་ཅད་དང་ཐབས་གཅིག་ཏུ་བཞུགས་ཞེས་བྱ་བ་ནཾ ་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་ཡིད་དེ་དང་དེ་ལྟ་བུའི་རྣམ་པར་དག་པའི་ཐབས་རྣམས་ཀྱིས་མགུ་བར་བྱས་ཏེ་བཞུགས་པར་གྱུར་ཏོ། །ཞེས་བྱ་བའི་དོན་ཏོ། །དེས་ནི་འདི་སྐད་དུ་གང་གི་ཚེ་དེ་བཞིན་གཤེགས་པ་ལ་སོགས་པའི་འཁོར་དང་ཐབས་གཅིག་ཏུ ་བཅོམ་ལྡན་འདས་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་པ་དེའི་ཚེ་བཅོམ་ལྡན་འདས་ལས་བདག་གིས་ཐོས་སོ། །ཞེས་བཏགས་པ་ཡིན་ནོ། །འཁོར་དེ་རྣམས་མང་བ་ཉིད་དུ་བསྟན་པའི་ཕྱིར་བརྗོད་ཀྱིས་མི་ལང་བཞེས་བྱ་བ་ལ་སོགས་པ་གསུངས་ཏོ། བརྗོད་པ་ནི་གྲངས ་ཡིན་ཞིང་གང་ལ་དེ་མེད་པ་དེ་རྣམས་ནི་བརྗོད་ཀྱིས་མི་ལང་བ་ཞེས་བྱ་བ་སྟེ། གྲངས་ལས་ཡང་དག་པར་འདས་པ་ཞེས་བྱ་བའི་ཐ་ཚིག་གོ། བརྗོད་ཀྱིས་མི་ལང་པ་གཉིས་པའི་སྒྲས་ནི་སོ་སོ་རེ་རེའི་ཞིང་གི་གཟུགས་དང་ཡོན་ཏན་དང་སེམས་ཅན་གྱི་དོན་དང་སྤྲུལ་པ་ལ་སོགས་པ ་རྣམས་བསྟན་ཏོ། །དོན་དེ་ཉིད་གསུངས་པ་སངས་རྒྱས་ཀྱི་ཞིང་མཛའ་ཡས་པའི་རི་རབ་རྣམས་རྡུལ་ཕྲ་རབ་རེ་རེར་ཕྱེ་བའི་རྡུལ་སྙེད་ཅེས་བྱ་བའི་དོན་ཏོ། །བྱང་ཆུབ་ཀྱི་བདག་ཉིད་ཀྱི་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་ཨོ། །སེམས་ཅན་གྱི་ཚོགས་ཆེན་པོའི་དོན་བྱ་བ ་ལ་ཞུགས་པ་ཉིད་ཡིན་པའི་ཕྱིར་སེམས་དཔའ་ཆེན་པོ་སྟེ་དེ་རྣམས་དང་ཐབས་གཅིག་ཏུའོ། །དེ་རྣམས་ཀྱི་ནང་ནས་གང་དག་མེད་ན་ལྷའི་རྣལ་འབྱོར་དང་དཀྱིལ་འཁོར་རྫོགས་པར་མི་འགྱུར་བ་དེ་རྣམས་བཏུས་ནས་འདི་ལྟ་སྟེ། ཞེས་བྱ་བ་འདིས་གསུངས་པ་ཡིན་ནོ། ་དེ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་ཉེ་བར་སྟོན་པར་བྱེད་དེ། ལྷ་མཉེས་པ་ནི་དམ་ཚིག་གཙོ་བོར་གྱུར་པ་ཡིན་པས་དང་པོར་བསྟན་ཏོ། །དམ་ཚིག་ནི་དོན་ཡོད་པར་གྲུབ་པ་སྟེ། ཇི་ལྟ་ཞེ་ན། འདོད་ཆགས་ཞེ་སྡང་གཏི་མུག་དང། །ཡིད ་བཞིན་ནོར་བུ་དམ་ཚིག་གོ་།ཞེས་བྱ་བ་ལ་སོགས་པ་བསྟན་པའི་ཕྱིར་དེའི་རང་བཞིན་གྱི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་པའོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ནི་སའི་སྙིང་པོ་དང་འཇིག་རྟེན་དབང་ཕྱུག་དང་ཕྱག་ན་རྡོ་རྗེ་རྣམས་སོ། །ཏིང་ངེ་འཛིན་རྣམས་ནི ་སེམས་རྩེ་གཅིག་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་མཉེས་པར་བྱེད་པའི་རྣམ་པ་ཅན་ཡིན་ཞིང། དེའི་རང་བཞིན་གྱི་ནམ་མཁའ་ཨི་སྙིང་པོ་ལ་སོགས་པ་རྣམས་སོ། །ཉོན་མོངས་པ་ཐམས་ཅད་ལས་རྒྱལ་བའི་མཚན་ཉིད་ནི་མཆོག་ཏུ་ཟག་པ་མེད་པའི་ ་བདེ་བ་ཆེན་པོ་སྟེ། དེའི་རང་བཞིན་གྱི་ཀུན་ཏུ་བཟང་པོའོ། །ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་རྡོ་རྗེ་རྣམས་ནི། འཕགས་མ་སངས་རྒྱས་སྤྱན་དང། མཱ་མ་ཀཱི་དང། གོས་དཀར་མོ་དང། སྒྲོལ་མ་དང། ཀུན་ཏུ་བཟང་མོ་རྣམས་ཏེ། ལེའུ ་བཅུ་བདུན་པ་ལས། ས་ནི་སངས་རྒྱས་སྤྱན་དུ་བཤད། ཅེས་བྱ་བ་ལ་སོགས་པ་བསྟན་པའི་ཕྱིར་རོ། །གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་རྡོ་རྗེ་རྣམས་ནི། གཟུགས་རྡོ་རྗེ་མ་ལ་སོགས་པ་ལྷ་མོ་དྲུག་གོ། དེ་རྣམས་ཐམས ་ཅད་ཀྱི་བྱང་ཆུབ་སེམས་དང་ཞེས་བྱ་བ། བྱང་ཆུབ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སོགས་པ་ཀུན་ཏུ་བཟང་པོ་ལ་ཐུག་བའི་བྱང་ཆུབ་སེམས་དཔའ་གང་རྣམས་ལ། དེ་ལྷ་མོའི་གཟུགས་སུ་གྱུར་པ་དང ་གཉིས་སུ་མེད་པར་ཡང་དག་པར་སྦྱོར་བའི་རང་བཞིན་ཡོད་པ་དེ་རྣམས་ལ་དེ་སྐད་ཅེས་བྱའོ། །སངས་རྒྱས་སྤྱན་ལ་སོགས་པ་ཆོས་ཀྱི་དབྱིངས་རྡོ་རྗེ་ལ་ཐུག་པ་རྣམས་ནི་རིག་པའི་རང་བཞིན་ཉིད་ཀྱིས་བྱང་ཆུབ་ཀྱི་བདག་གི་སེམས་དཔའ་ཡིན་པས་བྱང་ཆུབ་སེམས ་དཔའ་རྣམས་སོ། །བདེ་བ་ཆེན་པོའི་ཉམས་སུ་མྱོང་བའི་རང་བཞིན་དང་ལྷན་ཅིག་ཀུན་ཏུ་གནས་པའི་ཕྱིར་སེམས་དཔའ་ཆེན་པོ་རྣམས་སོ། །བྱང་ཆུབ་སེམས་དཔའ་ཨི་ཚོགས་འབའ་ཞིག་གིས་ཡོངས་སུ་བསྐོར་ནས་བཞུགས་པ་ནི་མ་ཡིན་གྱི། དེ་བཞིན་གཤེགས་པ ་ནམ་མཁའ་ཨི་དབྱིངས་ཏེ་ནམ་མཁའ་ཨི་གཏོགས་དང་མཉམ་པར་བརྗོད་ཅིང་བསྟན་པ་རྣམས་དང་ཐབས་གཅིག་ཏུ་སྟེ། ནམ་མཁའ་ཨི་གཏོགས་ཀུན་ཏུ་གང་བ་རྣམས་དང་ཞེས་བྱ་བའི་དོན་ཏོ། །འདི་ལྟ་སྟེ་ཞེས་བྱ་བ་ནི་དཔེར་ན་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེཌ ་པ་རྣམས་ཀྱི་ནང་ནས་ཀྱང་གཙོ་བོ་ནི། དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པ་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཡིན་པས། སྲ་ཞིང་བརྟན་ལ་ཁོང་སྟོང་མེད་པ་དང། ་བཅད་ཅིང་གཞིག་པར་བྱ་བ་མ་ཡིན་པའི་མཚན་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གཅིག་དུ་ཉིད་ཡིན་པའི་ཕྱིར་རྡོ་རྗེའོ། །བདུད་བཞི་ཡིས་བསྐྱོད་པར་མི་ནུས་པ་ཉིད་ཡིན་པའི་ཕྱིར་མི་བསྐྱོད?་པ་སྟེ། དེ་ནི་རྡོ་རྗེ་ཡང་ཡིན་ལ་མི་བསྐྱོད་པ་ཡང་ཡིན་པས་རྡོ་རྗེ་མི་བསྐྱོད་པའོ།། ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་གྱི་རྒྱུ་མཐུན་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་རྣམ་པ་སྣ་ཚོགས་པར་གསལ་ཞིང་ཀུན་ཏུ་སྣང་བར་བྱེད་པས་ན་རྣམ་པར་སྣང་བ་ཡིན་ཞིང། རྣམ་པར་སྣང་བ་ཉིད་ནི་རྣམ་པར་སྣང་མཛད་དེ། རང་གི་དོན་ཅན་གྱི་མཛད་བའི་རྐྱེན་ནི་འགྱུར་པ? ་པ་ལ་འགྱུར་བར་བྱེད་པ་ཞེས་བྱ་བ་བཞིན་ནོ། །རིན་ཆེན་ནི་ཟག་པ་མེད་པའི་བདེ་བ་ཆེན་པོ་དམ་པ་སྟེ། དེ་ལ་འཕེལ་ཞིང་རྒྱས་པས་རིན་ཆེན་ཡིན་ཞིང། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་གྱི་རིན་ཆེན་འབྱུང་ལྡན་གང་ལ་དེ་ཉིད་འགྲོ་བའི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ ་ཉིད་ཀྱིས་ཡིད་བཞིན་གྱི་ནོར་བུའི་གཟུགས་ཀྱི་དཔལ་དུ་གྱུར་པའི་ཕྱག་མཚན་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་སེམས་ཅན་གྱི་དོན་བྱེད་པའི་སྤྲུལ་པའོ། །དཔག་པ་ནི་ཡོངས་སུ་ཆད་པ་སྟེ་དཔག་ཏུ་ཡོད་པ་མ་ཡིན་པས་ན་དཔག་ཏུ་མེད ་པའོ། །གདོན་ཟབ་ནི་འབྲས་བུ་མེད་པ་སྟེ། གདོན་ཟ་བ་མ་ཡིན་པས་ན་གདོན་མི་ཟ་བ་ནི་སེམས་ཅན་རྣམས་ཀྱི་འདོད་པ་གྲུབ་པའི་འབྲས་བུ་སྒྲུབ་པར་བྱེད་པ་རྣམ་པར་ཐར་པའི་སྒོ་རང་བཞིན་གྱིས་འོད་གསལ་བའི་རྒྱུ་མཐུན་པ་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་རང ་བཞིན་གྱི་དོན་ཡོད་པར་གྲུབ་པ་ཡིན་ནོ། །དེ་ལྟ་བུ་ལ་སོགས་པ་ནི་རིགས་ལྔས་བསྡུས་བར་གྱུར་པ་གཞན་རྣམས་ཏེ། ནམ་མཁའ་ཨི་དབྱིངས་ཐམས་ཅད་ཀུན་དུ་ཁྱབ་པ་རྣམས་དང་ངོ། །འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་དེ་རྣམས་ཉིད་ཏིལ་གྱི་གང་བུའི་དཔེའི ་སྒོ་ནས་སྟོན་པར་བྱེད་དེ། ཇི་ལྟར་ཏིལ་གྱི་གང་བུའི་ཏིལ་རྣམས་ཕྲན?་ཚུན་རེག་ཅིང། གཟུགས་སོ་སོ་སོ་སོར་མ་འདྲེས་པའི་རང་བཞིན་དུ་སྣང་བ་དེ་བཞིན་དུ་ཆོས་བསྟན་པའི་ཚེ། དེ་བཞིན་གཤེགས་པ་ཀུན་ནམ་མཁའ་ཨི་ཁམས་ཐམས་ཅད་ན་སྣང་ངོ་ཞེས་བསྡུས་པ་པོས ་བཤད་དོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་འདོད་པའི་ཁམས་ན་གནས་པའི་སེམས་ཅན་རྣམས་ཀྱི་དོན་བྱ་བའི་ཕྱིར། ཚོང་དཔོན་གྱི་བུ་ཡིད་འོད་སྔོན་དུ་འགྲོ་བ་ཅན་གྱི་ཆོད་དུས་ཀྱི་གཏམ་རྒྱུད་ཀྱི་ཚུལ་བཞིན་དུ། དང་པོ་ཁོ་ནར ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་སྟེ། དཔལ་རྡོ་རྗེ་འཆང་རྡོ་རྗེ་ཆེན་པོ་འདོད་ཆགས་ཆེན་པོའི་ཚུལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །འདོད་ཆགས་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། ཡང་དག་པར་རྫོགས་པའི་བྱང་ཆུབ ་ལ་ཆགས་པས་སེམས་ཅན་ཀྱེ་རྒྱུད་དགའ་བར་བྱེད་པས་ན་འདོད་ཆགས་སོ། །འདོད་པ་ན་སྤྱོད་པའི་སེམས་ཅན་རྣམས་ཀྱིས་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་འབྲས་བུ་ཐོབ་བར་བྱེད་པ་ཉིད་ཡིན་པའི་ཕྱིར་ཆེན་པོའོ། །དེ་ནི་འདོད་ཆགས་ཡིན་ལ་ཆེན་པོ ་ཡང་ཡིན་པས་འདོད་ཆགས་ཆེན་པོ་སྟེ། བདེ་བ་ཆེན་པོའོ། །དེའི་ཚུལ་ནི་དེ་ཐོབ་པས་ཐབས་ཏེ་ཏིང་ངེ་འཛིན་གང་ལ་མིང་དེ་སྐད་ཅེས་བྱ་བ་ཡོད་པ་དེ་ལ་སྙམས་པར་ཞུགས་ཤིང་མངོན་དུ་མཛད་པར་གྱུར་ཏེ། །དེ་བཞིན་གཤེགས་པའི་བཀོདཔ་དེ་དག་ཐམས ་ཅད་ཅེས་བྱ་བ་ནི་བཤད་མ་ཐག་པ་སྟེ། ཉིད་ཀྱི་སྐུ་ལ་བཙུག་པར་གྱུར་ཏོ། །གཞན་དུ་ན་འདོད་ཆགས་སྤྱོད་པ་རྣམས་མགུ་བར་མི་འགྱུར་བས། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡོངས་སུ་མཉེས་པར་བྱ་བའི་ཕྱིར་ཞེས་བྱ་བ་བརྟན་པ་དང། ་གཡོ་པའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་འདོད་ཆགས་སྤྱོད་བའི་སེམས་ཅན་གྱི་རྒྱུད་ཀྱི་བདག་ཉིད་ཅན་མཉེས་བར་བྱ་བའི་དོན་དུ། རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱི་བདག་ཉིད་སངས་རྒྱས་སྤྱན་ལ་སོགས་པའི་གཟུགས་སུ་མངོན་པར ་སྤྲུལ་ནས་བཅོམ་ལྡན་འདས་ཀྱི་སྐུ་ལས་གྱུར་བར་གྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཡོངས་སུ་གྱུར་པ་ཉིད་ཀྱིས་རང་གི་འཁོར་དུ་གཟིགས་ནས་འགྲོ་བའི་དོན་དུ་དེ་ཡོངས་སུ་མཉེས་བར་གྱུར་ཏོ། །དེ་ལ་ལ་ལ་ཞེས་བྱ་བ་རྣམ་པར་སྣང་མཛད་དང་མི ་བསྐྱོད་པ་དང། འོད་དཔག་ཏུ་མེད་པ་དང་དོན་ཡོད་གྲུབ་པ་རྣམས་ནི། སངས་རྒྱས་སྤྱན་དང་མཱ་མ་ཀཱི་དང་གོས་དཀར་མོ་དང། སྒྲོལ་མའི་རྣམ་པར་རོ། །ཡང་འོད་དཔག་ཏུ་མེད་པ་དང་རིན་ཆེན་འབྱུང་ལྡན་དང་དོན་ཡོད་པ་དང་མི་བསྐྱོད་པ་དང་རྣམ་པར་སྣང་མཛད་རྣམས་ཏེ། དྲི་དང ་སྒྲ་དང་རོ་དང་རེག་བྱ་དང་གཟུགས་རྡོ་རྗེའི་ལྷ་མོའི་རྣམ་པར་རོ། །ཇི་ལྟར་བཅོམ་ལྡན་འདས་དེས་བཙུན་མོའི་བྷ་གར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་མཛད་པ་དེ་བཞིན་དུ་སློབ་བཞིན་པའི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་དེར་འདུག་སྟེ། བདག་དང་གཞན ་གྱི་དོན་བསྒྲུབ་པར་བྱ་བ་ཡིན་པས་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱེ་བའི་སྒྲ་ནི་རྗེས་ཐོག་སུའོ། །ཡང་ཞེས་བྱ་བའི་སྒྲ་ནི་ཚིག་གི་རྒྱུན་ནོ། །བྷ་ག་དེ་རྡོ་རྗེ་བཙུན་མོའི་བྷ་གར་དམ་ཚིག་ཆེན་པོ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་དེའི་དཀྱིལ་འཁོར་ཡེ ་ཤེས་ཀྱིས་གཞིའི་ཆ་བཅོམ་ལྡན་འདས་མི་བསྐྱོད་པས་དེ་བཞིན་གཤེགས་པ་རྣམས་རང་གི་རིག་མ་དང་གཉིས་སུ་མེད་པར་གྱུར་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་གྱུར་པའི་སྒོ་ནས་སྤྲུལ་པར་མཛད་དོ། །རྡུལ་མེད་པ་ནི་སྐྱོན་ཐམས་ཅད་དང་བྲལ་བའོ། །མི་མཉམ ་པ་ཉིད་མེད་པའི་ཕྱིར་མུ་བཞིའོ། །གསལ་བ་ནི་དྲི་མ་མེད་པ་སྟེ། གཞལ་ཡས་ཁང་གི་ཕྱི་རོལ་ན་གནས་པ་རྣམས་ཀྱིས་ཀྱང་ཤེས་ལ་སོགས་པའི་ནང་ན་གནས་པའི་གཟུགས་མཐོང་བ་བཞིན་དུ་སངས་རྒྱས་ལ་སོགས་བའི་གཟུགས་མཐོང་བའི་ཕྱིར་རོ། །དེའི་དོ ་པོ་ཉིད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་དགའ་བའི་རང་བཞིན་ནོ། །སྣ་ཚོགས་གཟུགས་ཅན་ནི་ཁ་དོག་དཀར་པོ་ལོ་སོགས་པ་དང་ལྡན་པའོ། །སངས་རྒྱས་སྤྲིན་གྱིས་ཀུན་ཏུ་ཁྱབ་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་དང་དཀྱིལ ་འཁོར་བ་རྣམས་ཀྱིས་ཁྱབ་པའོ། །འོད་ཟེར་འཕྲོ་བ་མང་པོ་འཁྲུག་པ་ནི་འོད་ཟེར་སྣ་ཚོགས་འཕྲོ་བའོ། །གསལ་བ་ལ་སོགས་དཀྱིལ་འཁོར་ལྡན་ཞེས་བྱ་བ་ནི་ཟླ་བའི་གདན་ལ་སོགས་པས་བརྒྱན་པའི་ལྷ་ཐམས་ཅད་ཀྱི་གནས་སོ། །འདི་ནི་དེ་བཞིན་གཤེཌ ་པ་ཐམས་ཅད་ཀྱི་ཡིན་པས་དེ་བཞིན་གཤེགས་པ་ཀུན་གྱིའོ། །གནས་ནི་གཞལ་ཡས་ཁང་ངོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་པོ་ནི་རྡོ་རྗེ ་འཆང་ཆེན་པོ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོ་བཤད་མ་ཐག་པའི་དབུས་སུ་བདག་ཉིད་བཞུགས་པར་གྱུར་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་དང་པོ་སྦྱོར་བའི་ཏིང་ངེ་འཛིན་བསྒོམས་པའི་རྗེས་ཐོགས་ལ ་རྟེན་གྱི་དཀྱིལ་འཁོར་བསྐྱེད་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ཤིན་ཏུ་ཕྲ་བའི་དམ་ཚིག་གི་དཀྱིལ་འཁོར་གྱི་རང་བཞིན་དུ་རྟེན་གྱི་དཀྱིལ་འཁོར་གྱི་དབུས་ན་གནས་པའི་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ཐུགས་ལ་སྟེ། ཤེས་རབ་ཡེ ་ཤེས་ཀྱི་རང་བཞིན་བདེ་བ་ཆེན་པོའི་གནས་ཆོས་འབྱུང་ཞེས་བྱ་བ་ལ་བཞུགས་བར་གྱུར་ཏེ། དེ་སྐད་དུ་ཡང་ཐུགས་ནི་ཡེ་ཤེས་ཞེས་བྱར་བརྗོད་ཞེས་གསུངས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཞེས་བྱ་བ་ལ། བྱང་ཆུབ་ནི་ཤེས ་རབ་སྟེ་དེ་དང་ལྡན་པའི་སེམས་རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེའོ། །ཡང་ན་བ་ནི་རྡོ་རྗེའོ། །དྷི་ནི་འཛིན་པའོ། །ཙ་ནི་འཛག་པའོ། །ཏ་ནི་མཆོག་ཏུ་དགའ་བ་སྟེ། དེ་སྐད་དུ་ཡང་ཟླ་གསང་ཐིག་ལེ་ལས། པ་ནི་རྡོ་རྗེ་ཞེས་བྱར་བཤད། །ཡི་གེ་དྷི་ནི་འཛིན ་བའི་གནས། །ཅེ་ནི་འཛག་པར་རབ་ཏུ་བརྗོད། །ཏ་ནི་བདེ་བ་ཆེན་པོའོ་ཞེས་གསུངས་སོ། །དེ་ཉིད་ནི་ཤེས་རབ་གཙོ་བོར་གྱུར་པ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་སྟེ། ངེས་འབྱེད་ཤེས་རབ་རྡོ་རྗེ་ཡིན། ཞེས་འབྱུང་བའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས ་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་དཀྱིལ་འཁོར་པ་རྣམས་དང། ཏིལ་གྱི་གང་བུ་དང་མཚུངས་པ་རྣམས་སོ། །དེ་དག་ཏིང་ངེ་འཛིན་གང་གིས་དེ་རྣམས་ཟིལ་གྱིས་གནོན་པ་སྟེ། མཆོག་ཏུ་དགའ་པའི་རང་བཞིན་གྱི་ཆོས་ཀྱི་སྐུལ ་དམིགས་པའི་སྒོ་ནས་སྣང་བ་མེད་བར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་རྣམ་པར་དག་པའི་བློ་ཡིན་པའི་ཕྱིར་རྡོ་རྗེ་སྟེ། སྡོམ་པའི་རྒྱུད་ཕྱི?་མ་ལས་ཀྱང། །ཟླ་བ་ལྟ་བུ་བདག་པའི་གོ་རྡོ་རྗེ་ཞེས་ནི་མངོན་པར་བརྗོད། ཞེས་གསུངས་སོ། །ཏིང་ངེ་འཛིན་གང་ལ་མིང་དེ་སྐད་ཅེས་བྱ་བ ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པའི་ནམ་མཁའ་ཨི་དབྱིངས་འདིར་རི་དེ་བཞིན་གཤེཌ་པ་ཐམས་ཅད་ཀྱི་རྡོ་རྗེའི་ངོ་བོར་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐབ?་ཀྱི་རྡོ་རྗེ་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཡིན་ཞིང། དེའི་ངོ་བོ་སྟེ་རང་བཞིན་དུ་གྱུར་ཅིང ་གནས་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་དཔའ་ཨི་བྱིན་གྱི་རླབས་ཀྱིས་ཞེས་བྱ་བ་ནི་བདེ་བ་ཆེན་པོ་ལས་བྱུང་བའི་རྡོ་རྗེ་དཔལ་དང་རེག་པས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་ནི་མཆོག་ཏུ་དགའ་བའོ། །ཡིད ་བདེ་བ་ནི་དེ་ལས་བྱུང་བའི་མཛའ་ཡས་པའི་སྤྲུལ་པས་སེམས་ཅན་གྱི་དོན་བྱེད་པ་སྟེ། སེམས་ཅན་གང་དག་གིས་དེ་དག་ཐོབ་ཅིང་རྙེད་པ་དེ་རྣམས་དེ་སྐད་ཅེས་བྱའོ། །སེམས་ཅན་ཐམས་ཅད་ཀྱིས་རྡོ་རྗེ་འཆང་ལ་སོགས་པའི་གོ་འཕང་ཐོབ་པའི་ཐབས་སྟོན་པར་བྱེད་བའི ་རྣལ་འབྱོར་གསུམ་སྟོན་པའི་དམ་ཚིག་འབྱུང་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུཌ་རྡོ་རྗེ་ནི་ཡི་གེ་གསུམ་སྟེ། སྐུ་རྡོ་རྗེ་ལ་སོགས་པ་སྐྱེད་པར ་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །དམ་ཚིག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདའ་བར་བྱ་བ་མ་ཡིན་པའི་རྡོ་རྗེ་འཆང་ཆེན་པོ་སྟེ། ཏིང་ངེ་འཛིན་གང་དེ་ལ་འབྱུང་ཞིང་སྐྱེ་བ་རྡོ་རྗེ་ལྟར་མི་ཤིགས་པ་ཡོད་པ་?་དེ་སྐད་ཅེས་བྱའོ། །དེ་ནི་རིག་པ་ཡང་ཡིན་ལ་ཆེན་པོ ་ཡང་ཡིན་པས་རིག་པ་ཆེན་པོ་ནི་སྔགས་ཀྱི་ཡི་གེ་རྣམས་ཁོ་ན་ཡིན་ཏེ། སྔགས་ནི་རིག་པ་ཞེས་སུ་བསྒྲགས། ཞེས་འབྱུང་བའི་ཕྱིར་རོ། །དེ་རྣམས་ཀྱི་བསྐྱེད་པའི་མགོ་དང་ལག་པ་ལ་སོགས་པ་དང་ལྡན་པའི་སྐྱེས་བུའི་རྣམ་བའི་ལྷའི་སྐུ་ནི་རིག་པའི་ཆེན་པོའི ་སྐྱེས་བུའི་གཟུགས་སོ། །ཡང་ན་རིག་པ་དང་འཁྱད་པ་ཉིད་ཡིན་པའི་ཕྱིར་ཏེ། བཅོ་བརྒྱད་པ་ལས། སྐྱེས་བུ་རིག་པ་དང་ལྡན་པ། དེ་ནི་རིག་པའི་སྐྱེས་བུར་བརྗོད། ཅེས་གང་གསུངས་པའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལ། དེ ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ནི་ཡི་གེ་ཧཱུཾ་ལ་སོགས་པ་རྣམས་ཏེ། དེ་རྣམས་ཀྱིས་བྱིན་གྱིས་བརླབ་པ་ནི་རྣལ་འབྱོར་རྫོགས་པའི་རྗེས་སུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོའི་རང་བཞིན་ཡིན་ཞེང་དེ་དག་གིས་བྱིན་གྱིས་བརླབས་པར་གྱུར་ཏོ། །བྱིན་གྱིས་བརླབས ་པས་ཇི་ལྟ་བུའི་རྣམ་པར་གྱུར་ཅེ་ན། ཞལ་གསུམ་པ་ལྟ་བུར་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་བཞུགས་པ་རྣམས་ཀྱིས་གཟིགས་པར་གྱུར་ཏོ་ཞེས་གསུངས་སོ། །དེས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། དཔོན་པ་ཆེན་པོ་ལ་སོགས་པའི་གནས་མངོན་པར ་འདུས་བྱས་བར། བདུད་རྩི་ལྔས་བྱུགས་པའི་དཀྱིལ་འཁོར་གྲུབ་བཞིའི་སྟེང་དུ་སྟན་འཇམ་པོ་ལ་ཉེ་བར་འདུག་སྟེ། སེམས་ཅན་མ་ལུས་སྡུད་པར་བྱེད་བའི་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་ནས། སྐད་ཅིག་གིས་ཆོས་འབྱུང་གི་ནང་ན་གནས་པའི་གཞལ་ཡས ་ཁང་གི་ནང་དུ་ལྷ་ཐམས་ཅད་ཀྱི་འཁོར་ལའི་དབུས་ན་གནས་པའི་རྡོ་རྗེ་འཆང་ཆེན་པོའི་ང་རྒྱལ་དང་ལྡན་པས་འཆད་པར་འགྱུར་བའི་མི་བསྐྱོད་པ་དབྱུང་བ་དང་གཞུག་པའི་སྒོ་ནས་ཞེ་སྡང་རྡོ་རྗེར་གྱུར་པར་བྱའོ། །དེ་ནས་མཱ་མ་ཀཱིའི་པདྨ་ལ་གནས་པའི་ཟླ ་པ་ཡི་གེ་ཧཱུཾ་གྱུར་པ་ལས་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་བའི་གཅོད་མཛེས་རྒྱལ་པོ་བསྐྱེད་དེ་ཕྱུང་ནས། མདུན་ན་གནས་པའི་ཉི་མའི་དཀྱིལ་འཁོར་ལ་འཇིག་པའི་དུས་ཀྱི་སྤྲིན་ལྟར་དྲག་ཅིང་སྔོ་ལ་བསྐལ་པའི་མེ་ལྟར་འབར་བ། པུས་མོ ་བསྐུམ་པའི་རྐང་པ་གཡས་པས་ཨུ་མའི་ནུ་མ་རྒྱས་པ་མནན་ཅིང། གཡོན་པ་བརྐྱང་བས་མཐོ་ལྔས་བར་ཆོད་པར་དྲག་པོའི་རྣ་བ་གཡོན་པའི་སྟེང་དུ་མནན་ཏེ་གནས་པ། ཞལ་དབུས་མ་སྔོ་ཞིང་ཁྲོ་གཉེར་དང་བཅས་ལ་སྤྱན་དམར་ཞིང་མཆེ་བ་གཙིགས་པ། ་ཞལ་གཡས་དང་གཡོན་ནི་དཀར་ཞིང་ནི་བ་དང་དམར་ཞིང་སྒེག་པ། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། རལ་བའི་ཅོད་པན་ལ་གནས་པའི་མི་བསྐྱོད་བའི་དབང་བསྐུར་བ་དང་ལྡན་པ། རྩ་བའི་ཕྱག་དག་གིས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱས་རིག་མ་ལ་འཁྱུད་ཅིང་རྡོ་རྗེ་དང་དྲིལ་བུ ་བསྣམས་པ། གཡས་པ་དག་གིས་ལྕགས་ཀྱུ་དང་རལ་གྲི། གཡོན་པ་དག་གིས་དགྲ་སྟེ་དང་ཞགས་པ་བསྣམས་པ། རྣམ་པར་བསམས་ནས། དེ་ལ་བཀའ་བསྒོ་བར་བྱ་སྟེ། ཨོཾ་སུཾ་བྷ་ནི་སུ་བྷ་ཧཱུཾ། གྲིཧྞ་གྲིཧྞ། གྲིཧྞ་བ་ཡ་གྲིཧྞ་པ་ཡ་ཧཱུཾ། ཨོཾ་ཨཱ་ཉ་ཏོ་བྷ་ག་བན་བིརྡཱ? ་རཱཛཱ་ཧཱུཾ་ཕཊ། དེ་ནས་བཅོམ་ལྡན་འདས་གནོད་མཛེས་རྒྱལ་པོས་ཞགས་པ་དང་ལྕགས་ཀྱུ་རྣམས་ཕྱོགས་བཅུ་རུ་སྐྱུར་ནས། དེ་རྣམས་ཀྱིས་རང་རང་གི་ཕྱོགས་ན་གནས་པའི་ལོག་འདྲེན་རྣམས་སྐེ་ནས་བཅིངས་ཤིང་སྙིང་ག་རུ་བཏབ་སྟེ་བཀུག་ནས་གནས་རྣམས་མངོན་དུ ་ཕྱོགས་པར་འགོད་པར་བྱེད་པར་བསམ་པར་བྱའོ། །ཁྱབ་འཇུག་ལ་སོགས་པ་རྣམས་ཀྱི་ཁ་དོག་ལ་སོགས་པ་བརྗོད་པར་བྱ་སྟེ། མཁའ་ལྡིང་ས་སྲུང་དག་ལ་ཞོན། སྤྲིན་དང་འཛམ་བུའི་གསེར་མདོག་ཅན། །འཁོར་ལོ་རྡོ་རྗེ་འཛིན་པའི་ལྷ། །ཁྱབ་འཇུག་བརྒྱ་བྱིན ་ཞེས་བྱ་མདག?། དབང་པོ་ཡི་ནི་ཕྱོགས་སུའོ། །དམར་པོ་མེ་ཐབ་ཕྲང་བ་ཐོགས། །བསྐྱེས་ལ་ཞོན་དྲང་སྲོང་བཅས། །མེ་ལྷ་མེ་ཡི་ཕྱོགས་སུའོ། །གཤིན་རྗེ་ནག་པོ་དབྱུག་པ་ཐོགས། །མ་ཧེ་ལ་ཞོན་འཁོར་དང་བཅས་།གཤིན་ཐེ་ཡི་ནི་ཕྱོགས་སུའོ། །བདེན་བྲལ་སྲིན་ལྟར་སྣང ་བ་ནི།། ཡི་དགས་ལ་ཞོན་རལ་གྲི་ཐོགས། །བདེན་བྲལ་གྱི་ནི་ཕྱོགས་སུའོ། །ལག་འགྲོ་ལ་ཞོན་ཞགས་པ་ཐོགས། །ཆུ་ལྷ་ཟླ་བ་ལྟ་བུ་ནི། །འཁོར་བཅས་ཆུ་ཡི་ཕྱོགས་སུའོ། །རི་དགས་ལ་ཞོན་བབ་ལ་མདོག་།རྒྱལ་མཚན་འཛིན་པའི་རླུང་ལྷ་ནི། །འཁོར་བཅས་རླུང་གི ་ཕྱོགས་སུའོ། །རྩངས་པ་དང་ནི་མི་ལ་ཞོན། །ལ་ཐུ་དཔལ་འབྲས་དག་ཐོགས་ཤིང། །ཟླ་བ་དང་ནི་གསེར་ལྟ་བུའི། །དགེགས་དག་ལུས་ངན་པོ་དག་ནི། །མ་ལུས་བགེགས་དང་སྲིན་སོགས་ཀྱི། འཁོར་གྱི་ཚོགས་དང་ཡང་དག་ལན། །ལུས་ངན་པོ་ཡི་ཕྱོགས་སུའོ། ་གླང་ལ་ཞོན་ཞིང་རྩེ་གསུམ་ཐོགས། །འཁོར་བཅས་ཟླ་བ་ལྟར་སྣང་བ། །དབང་ཕྱུག་ཆེན་པོ་དབང་ལྡན་དུའོ། །ཁ་དོག་སེར་པོ་དང་དམར་པོ་དང། ཀར་པོ་དང་ལྡན་པ། ལག་ན་མེ་ཐབ་དང་ཕྲེང་བ། པདྨ་དང་ཀུ་མུ་ང་ཐོགས་པ། རང་ལ་དང ་རྟའི་ཤིང་རྟ་དང་མེ་ཏོག་ཀུ་མུ་ལ་གནས་པའི། ཚངས་པ་དང་ཉི་མ་དང་ཟླ་བ་རྣམས་འཁོར་དང་བཅས་པ་རྣམས་ནི་སྟེང་དུའོ། །ཤིང་རྟ་ལ་ཞོན་རལ་གྲི་ཐོགས་།ལྗང་གུ་དྲག་པོ་ལྷ་མིན་དབང། །བུ་དང་ཆུང་མ་འཁོར་བཅས་པའི། །ཐག་བཟང་རིས་ནི་ས་འོག ་དུ། །ས་ཡི་ལྷ་མོ་ཁ་དོག་སེར། །བུམ་པ་སེར་པོ་ལག་ན་ཐོགས། །ལུས་ཀྱི་ཕྱེད་ནི་ངེས་ཕྱུང་བ། །མ་ལུས་ཀླུ་བཅས་དགོད་པར་བྱ། །དེ་ནས་བཅོམ་ལྡན་འདས་ཞེ་སྡང་རྡོ་རྗེ་ཉིད་ཀྱིས་མཱ་མ་ཀཱིའི་ཆོས་འབྱུང་ན་གནས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བ་ལ་ཡི་གེ་ཧཱུཾ ་བཅུ་བསམས་ཏེ། དེ་རྣམས་གྲུབ་པའི་ཁྲོ་བོ་བདུད་རྩི་འཁྱིལ་པ་ལྟེ་བ་མན་ཆད་ཕུར་བུའི་རྣམ་པ་ཅན། །སྟོང་འཆང་པར་འགྱུར་པའི་ཞལ་དང་ཕྱག་ལ་སོགས་པ་དང་ལྡན་པ། ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པ་བཅུ་ཕྱུང་ནས། གནོད་མཛེས་ལ་བཀའ་ ་?་ཏེ་དེ་རྣམས་ལག་པ་གཡོན་པས་བཟུང་ནས། ཤར་ལ་སོགས་པའི་ཕྱོགས་ན་གནས་པའི་ཁྱབ་འཇུག་ལ་སོགས་པའི་བགེགས་ཀྱི་ཚོགས་རྣམས་ཀྱི་མགོའི་སྟེང་དུ། ལག་པ་གཡས་པའི་རྡོ་རྗེ་ཐོ་བ་དང་འདིས་ཕུང་བུ་གདབ་པར་བྱའོ། །ོཾ་གྷ་གྷ། གྷ་ཏ་ཡ་གྷཱ་ཏ ་ཡ། བིཥྚཱི་རཱི་ན་ཕཊ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་བིཥྛ?་དཱིན་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོ་ཨཱཛྙཱ་པ་ཡ་ཏི། པིཥྞ་དཱི་ན་བི་?་ཀཱ་ཡ་བཱ་ཀྩིཎྟ་བཛྲཾ་ཀཱི་ལ་ཡ་ཧཱུཾ་ཕཊ། ཡང་ན་རིམ་པ་པས་དགུག་པ་དང་ཕུར་བུས་གང་པར་བྱའོ། །ཁྲོ་བོ་རྣམས་ཀྱི་འོད་ཀྱི་རིག་པ་དང། ་དེ་བཞིན་དུ་བདག་ཉིད་ཀྱི་འོད་ཟེར་འབར་བས་ཤ་ཟ་ལ་སོགས་པ་རྣམས་ཐལ་བར་གྱུར་པར་ཀུན་ཏུ་བསམ་པར་བྱའོ། །ཡི་གེ་རཾ་ལས་ངེས་འབྱུང་བའི། །མེ་ཡི་འཁོར་ལོས་ཕྱོགས་རྣམས་ནི། །ཀུན་ནས་བཅིང་བར་མཁས་པ་ཡིས། །མདོང་ན་ཡང ་དག་བརྟན་པར་བྱ། །ལམ་གྱི་ས་བོན་ལས་བྱུང་བའི། །དབང་ཆེན་གྱི་ནི་དཀྱིལ་འཁོར་ཀྱིས། །ཕྱོགས་རྣམས་མཛའ་ཡི་མཚམས་སུ་ནི། །ཀུན་ནས་ཡོངས་སུ་བཅིང་བར་བྱ། །སྐལ་བ་ཡི་ནི་མེ་ལྟར་སྣང། །རྡོ་རྗེ་དག་ལས་བྱས་པ་ཡི། །ར་བ་ཕུར་བུའི་ནང་གནས་པ། །ཧཱུཾ ་བྱུང་ཀུན་ནས་བསམ་བར་བྱ། །ཞེས་འབྱུང་བའི་ཕྱིར། །མཚམས་བཅིང་པ་ལས་ནང་ར་བ་ལས་ཕྱི་རོལ་དུ་བགེགས་རྣམས་ཕུར་བུས་གདབ་པར་བྱའོ། །དེ་ནས་རབ་ཏུ་འབར་པའི་མེ་ལྟར་སྣང། །འོད་ཟེར་འབར་བའི་ཕྲེང་བས་ཁྱབ། །རྡོ་རྗེ་དྲ་བརྒྱ་ཆེན་པོའི། །ར་བའི་ནང་དུ ་བསམ་པར་བྱ། །བསྲུང་བའི་འཁོར་ལོ་བཤད་པ་འདི། །མཆོག་གྱུར་རྒྱུད་ཀྱི་དོན་དང་མཐུན། །བསམ་གཏན་ལས་བྱུང་འདི་ཡིས་ནི། །གནས་ནི་ཀུན་ནས་བསྲུངས་འགྱུར་ན། །ནམ་ཡང་སངས་རྒྱས་རྣམས་ཀྱིས་ཀྱང། །གཞིག་པར་ནུས་པ་མ་ཡིན་ཉིད། །གལ་ཏེ་དེ? ་ལྟ་ན་ཡང་བགེགས་གཞོམ་པར་མ་ནུས་ན། །དེའི་ཚེ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱའོ། །དེ་ལྟ་བུར་གྱུར་པའི་སེམས་གང་ཡིན་པ་ལ། །བགེགས་རྣམས་འབྱུང་བར་འགྱུར་བ་གང་ཡིན་པ་དེ་ནི་གནས་མེད་ཅིང་སྐབས་མེད་དེ། བགེགས་ལ ་སོགས་པ་རྣམས་ནི་ཐ་མལ་བའི་རྣམ་པར་རྟོག་པ་ལས་བྱུང་བ་ཉིད་ཡིན་པའི་ཕྱིར་རོ།། །།དེ་ལྟར་བསྲུང་བའི་ཆོ་ག་ཡོངས་སུ་རྫོགས་ནས་འབྲས་བུ་གྲུབ་པར་བྱ་བའི་ཕྱིར་དེ་བཞིན་དུ་རྟེན་གྱི་བདག་པོ་རྡོ་རྗེ་འཆང་ཆེན་པོ་གཅིག་པུའི་ལྷག་པར་མོས ་པ་དང་ལྡན་པ་དེར་རང་གི་སྙིང་གར་ཡི་གེ་ཧྲི་ལས་པདྨ་འདབ་མ་བརྒྱད་པ། དེའི་སྟེང་དུ་ཡི་གེ་ཨ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཡི་གེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་འབར་བ་དབུས་ན་ཡི་གེ་ཧཱུཾ་གིས་མཚན་པ་བསམས་ཏེ། དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས ་ཀྱིས་ལུས་ལ་སོགས་པ་རྣམས་མི་སྣང?་བར་བྱས་ལ། །དངོས་པོ་མེད་པར་བསྒོམ་པ་མེད་བསྒོམ་པར་བྱ་བ་བསྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །བསྒོམ་པ་དམིགས་མེད་པའོ། །ཞེས་བྱ་བ་འདིས་ཆོས་ཐམས་ཅད་བདག་མེད་པར་བསྒོམས ་ཏེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བ་བ་ཨཱ་ཏྭ་ལོ་ཉ?་ཧཱུཾ། ཞེས་བྱ་བ་འི་སྔགས་ཀྱིས་བྱིན་གྱིས་བརླབས་པར་བྱའོ། །དེ་ནས་ཡི་གེ་ཧཱུཾ་ཡིད་ཀྱིས་བརྗོད་ཅིང་ཟླ་བའི་དཀྱིལ་འཁོར་གྱི་དབུས་ན་གནས་པ་ཀུན་ཏུ་བཟང་མོ་དང་ཡང་དག་པར་ལྡན་པའི ་རྡོ་རྗེ་འཆང་ཆེན་པོར་བདག་ཉིད་རྣམ་པར་བསྒོམས་ཏེ། རང་གི་བསྡུའི་བུ་གའི་གསེབ་ནས་བྱུང་བའི་འོད་ཟེར་གྱི་ཚོགས་རྣམས་ཀྱིས་ནམ་མཁའ་ཨི་དབྱིངས་ཁྱབ་པའི་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ཡང་དག་པར་བཀུག་ནས། རང་གི་ལུས་དང ་སངས་རྒྱས་སྤྱན་ལ་སོགས་པ་རིག་མའི་ལུས་ལ་བཅུག་སྟེ། ལས་ལ་གནས་པས་ཟག་པ་མེད་པའི་བདེ་བ་མཆོག་གི་གནས་སྐབས་ཐོབ་པ་ལས་།གཉི་ག་ཡང་ཞུ་བར་གྱུར་ཏེ། ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་གྱུར་པར་བལྟ་བར་བྱ་ཞིང་བཟླ་བ་དེ་ལ་ཡི ་གེ་ཨ་ལ་སོགས་པཀྵ་ལ་ཐུག་པ་མགོ་སྟེང་དུ་བསྟན་ཞིང། སྟེང་ན་ཐིག་ལེ་མཚན་པ་བསམས་ལ། ཡི་གེ་ཨ་ལ་སོགས་པ་རྣམས་ནི་སངས་རྒྱས་སྤྱན་ལ་སོགས་པའི་ལྷ་མོའི་རྣམ་པ་དང། ཡི་གེ་ཀ་ལ་སོགས་པ་རྣམས་ནི་དེ་བཞིན་གཤེགས་པ་ལ་སོཌ ་པ་དཀྱིལ་འཁོར་པའི་ལྷ་རྣམས་ཀྱི་གཟུགས་སུ་ངེས་པར་བསམས་ཏེ། དེ་རྣམས་ཀྱི་ཐུགས་ཀར་པདྨ་དང་ཟླ་བ་ལ་གནས་པའི་རང་གི་ས་བོན་གྱིས་བསྐྱེད་པ། རང་གི་རིགས་ཀྱི་ཕྱག་མཚན་དབུས་ན་ས་བོན་དེ་རྣམས་ཀྱིས་མཚན་པ་བསམས་ལ། ཧཱུཾ་གི་ས་བོན ་ལས་བྱུང་བའི་འོད་ཟེར་སྔོན་པོའི་ལྕགས་ཀྱུའི་རྣམ་པར་སྤྲོས་ནས། མངོན་པར་དགའ་བའི་ནམ་མཁའ་ཨི་དབྱིངས་ན་བཞུགས་པའི་ཡེ་ཤེས་སེམས་དཔའ་ཨི་རྡོ་རྗེའི་ལམ་ནས་ཞུགས་ཏེ། ཐུགས་ཡང་དག་པར་བསྐུལ་ལ་ཞལ་ནས་བྱུང་བ་ནས། རིག་མའི་འཁོར ་ལོ་ལ་ཞུགས་ཤིང་སུགས?་བསྐུལ་ཏེ་པདྨ་ནས་བྱུང་བའི་རིམ་པས་མི་བསྐྱོད་པ་ལ་སོགས་པ་རྡོ་རྗེའི་རིགས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ལྷའི་འཁོར་ལོ་བཀུག་ནས། དེའི་རིགས་ཀྱི་དམ་ཚིག་སེམས་དཔའ་རྣམས་ཀྱི་ཐུགས་ཀར་བཞུགས་པར་བྱའོ། །དེ ་བཞིན་དུ་ཐུགས་ཀ་ན་གནས་པའི་ཕྱག་མཚན་གྱི་སྟེང་གི་ས་བོན་ལས་བྱུང་བ་རང་དང་རྗེས་སུ་མཐུན་བའི་ཁ་དོག་དང་ལྡན་པའི་རིམ་གྱི་འོག་མིན་གྱི་གནས་དང། རིན་ཆེན་འབྱུང་གནས་དང། བདེ་བ་ཅན་དང། མེ་ཏོག་དང་ལྡན་འཇིག་རྟེན་གྱི་ཁམས་རྣམས་ན་བཞུགས ་པའི་དེ་བཞིན་གཤེགས་པ་དང་རིན་པོ་ཆེ་དང་པདྨ་དང་ལས་ཀྱི་རིགས་ཀྱི་ཡེ་ཤེས་ཀྱི་འཁོར་ལོ་དེ་དང་དེའི་རིག?་རྣམས་ཀྱི་ཐུགས་ཀར་གཞུག་ཅིང་ཀ་ཀན་འདིའི་འཇིག་རྟེན་གྱི་ཁམས་ན་གནས་པའི་ལྷ་མོའི་འཁོར་ལོ་དེ་བཞིན་དུ་བཞུགས་པར་བྱའོ། །དེ་ནས་ཕན ་ཚུན་འདུས་བའི་རོལ་པའི་བདེ་པ་ཉམས་སུ་མྱོང་བའི་དབང་གི་ཞུ་བར་གྱུར་ནས་ཆོས་འབྱུང་གི་རྣམ་པར་གྱུར་པར་བལྟ་བར་བྱའོ། །དེ་ནས་དེ་རུ་མཱ་མ་ཀཱི་དང་ལྡན་པའི་མི་བསྐྱོད་པའི་རྣལ་འབྱོར་པར་ལྡན་པ་ཡེ་ཤེས་སེམས་དཔའ་ཐུགས་ཀར་བཅུག་ནས་རོལ་པ་ལ ་ཐུག་པས་ཡེ་ཤེས་ཀྱི་འཕྲེང་བས་ཁྱབ་པའི་རྒྱ་མཚོ་ཆེན་པོའི་གཟུགས་སུ་གྱུར་པ་བྱའོ། །དེ་བཞིན་དུ་སངས་རྒྱས་སྤྱན་དང་ལྡན་པའི་རྣམ་པ་སྣད་མཛད་ལ་ཡེ་ཤེས་སེམས་དཔའ་གཞུག་པ་བསྔོལ?་བ་དང་ཞུ?་གྱུར་པའི་ཐིམ་པའི་སྒོ་ནས་ཆུའི་ཁམས་སྲ་བའི་རྣམ་པར་བྱིན་གྱིས ་བརླབ་བོ། །དེ་བཞིན་དུ་རིན་པོ་ཆེའི་དམ་ཚིག་དང་ལྡན་པའི་རིན་ཆེན་འབྱུང་ལྡན་ཐིམ་པས་རྒྱ་ཆེ་པར་གྱུར་བའོ། །གོས་དཀར་མོ་དང་ལྡན་པའི་འོད་དཔག་ཏུ་མེད་པ་ཞུགས་པས་ཡེ་ཤེས་ཀྱི་འབར་བའི་འཕྲེང་བས་ཁྱབ་པར་བྱིན་གྱིས་བརླབ་བོ། །སྒྲོལ་མ་དང་ལྡན ་པའི་དོན་ཡོད་པར་གྲུབ་བཞུགས་པས་བསྡུས་ཏེ་གྲུ་བཞི་བའི་རྣམ་པའི་ཡེ་ཤེས་ཀྱིས་བཞིར་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་སའི་ཆ་དེར་གསེར་གྱི་རི་བོ་ལྟ་བུའི་ཡི་གེ་བྷྲུཾ་བཀོད་དེ། །དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་ཀྱིས་ནམ་མཁའ་ཨི་དབྱིངས་ཁྱབ་པའི་དེ་བཞིན ་གཤེགས་པ་རྣམས་བཀུག་ལ་བ་ནུག་སྟེ། འཁོར་ལོ་རྩིབས་བརྒྱད་པའི་གཟུགས་སུ་བསམས་ལ། དེ་གྱུད་པའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་ལྡན་པའི་རྣམ་པར་སྣང་མཛད་ཀྱི་སྐུ་བས་བྱུང་བ་རིན་པོ་ཆེ་སྣ་བཞིའི་རང་བཞིན་ཅན་གྱི་མཆོད་རྟེན་གྱི་དབྱིབས་ཅན ་འོད་ཟེར་གྱི་འཕྲེང་བས་རྣམ་པར་བརྒྱན་ཅིང་དཔག་ཚང་བྱེ་བའི་ཁྱོན་དང་ལྡན་པའི་གནས་བསྒོམ་པར་བྱའོ། །དེའི་འོད་གཞིང་ཡི་གེ་ཧ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་ས་འོག་ལ་ཐུག་པར་ཀུན་ཏུ་ཁྱབ་པར་གནས་པར་བལྟ་བར ་བྱའོ། །དེའི་སྟེང་ན་གནས་པ། ཟུང་བཞི་པ་ལ་གྲུ་བཞི་པ། །རྟ་བབས་བཞི་དང་ཡང་དག་ལྡན། །དྲིལ་བུ་བ་དན་གོས་སོགས་ཀྱིས། །སྒོ་དང་སྒོ་འཁྱུད་རྣམ་པར་བརྒྱན། །མཚམས་ཀྱི་ཆེ་ནི་ཐམས་ཅད་དུ། །རྡོ་རྗེ་རིན་ཆེན་རྣམས་ཀྱིས་མཛེས། ། ་དྲ་བ་དྲ་བ་ཕྱེད་པས་སྤྲས། །ཟླ་བ་ཉི་མ་སོགས་པས་བརྒྱན། །བླ་རེ་བྲེས་ཤིང་སྣ་ཚོགས་པའི། །གོས་དང་འཕྲེང་བས་རྣམ་པར་བརྒྱན། །ཐིག་བཞི་དག་གིས་ཡོངས་སུ་བསྐོར། །ཀ་བ་བརྒྱད་ཀྱིས་ཀུན་ནས་བཏག། དེ་ཡིད་བུས་སུ་འཁོར་ལོ ་ནི།། ཀུན་ནས་ཡོངས་སུ་ཟླུམ་པོར་དགོད། །ལྷ་རྣམས་ཀུན་གྱི་གནས་སུ་ནི། །ཡི་གེ་ཧྲི་ལས་བྱུང་བ་ཡི། །སྣ་ཚོགས་པདྨ་ལྟེ་བ་དང། །གེ་སར་ལྡན་པ་བསམ་པར་བྱ། །དབུས་སུ་ཟླ་བ་རྣམ་པར་བསྒོམ། །རྣམ་སྣང་རིགས་ལ་དེ་བཞིན་ནོ། །རིན་པོ ་ཆེན་ཆེ་བརྒྱད་པ། །བསམ་བྱ་རིན་ཆེན་རིགས་ཀྱིའོ། །དེ་བཞིན་པདྨ་རིགས་ཀྱི་ནི། །པདྨའི་སྟེང་དུ་པདྨ་དམར། །ལས་ཀྱི་རིགས་ཀྱི་རྣལ་འབྱོར་བ། །གྲུ་གསུམ་མེ་དང་ཡང་དག་མཚུངས། །སྣ་ཚོགས་འོད་ཟེར་འོང་འབར་པའི?། །གདན་ནི་མཚོ་སྐྱེས་སྟེང ་དུ་བསམ། །ཕྱག་ན་རྡོ་རྗེ་མཱ་མ་ཀཱི་ཁྱད་པར་དུ་ནི་ཁྲོ་རྣམས་ཀྱི། །རང་གི་པདྨ་ཉིད་དཀྱིལ་འཁོར། །བདག་ཉིད་ཆེན་པོ་རྣམས་ཀྱིས་བསམ། དེ་ལྟར་གནས་དང་གདན་རྣམས་བསྐྱེད་ནས། ལྷ་རྣམས་བསྐྱེད་པའི་ཕྱིར། དབུས་ཀྱི་གདན ་ལ་སེམས་དཔའ་ཨི་སྐྱིལ་མོ་?་གིས་ཉེ་བར་འདུག་སྟེ། སྔ་མ་བཞིན་དུ་རྡོ་རྗེ་འཆང་ཆེན་པོར་ལྷག་པར་མོས་པ་དང་ལྡན་པ། ཨོཾ་ཤཱུ་ནྱ་ཏཱ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་བྱིན་གྱིས་བརླབ་པའི་ཆོ་གའི་རྫེས་ལ། སྲིད་བའི་རྩེ་མོའི་བར་དུ་སོ་སོར ་བརྟགས་ཏེ། ཤེས་རབ་དང་སྙིང་རྗེའི་བདག་ཉིད་ཅན་གཡས་དང་གཡོན་དཀར་ཞིང་དམར་ལ་པདྨའི་སྡོང་བུའི་སྐུད་པ་དང་མཚུངས་པའི་སྐྱེ་བ་མེད་པའི་རི་མོ་?་གྱེན་དུ་ལྟས་པ་ཞུ་བའི་གཟུགས་ཅན་བསྡུས་ནས་ཐིག་ལེའི་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་གྱུར་བར་བསྒོམ ་བར་བྱའོ། །དེ་ནས་ཟླ་བ་དེ་ལ་སྔ་མ་བཞིན་དུ་ཨཱ་ལི་ཀཱ་ལིའི་རྣམ་པར་བཀོད་ལ་དབྱངས་དང་ཡི་གེ་རྣམས་ལྷའི་རྣམ་པར་གྱུར་ཅིང་ཡེ་ཤེས་ཀྱི་ལྷའི་འཁོར་ལོ་བཅུག་ལ་རོལ་པ་ལ་ཐུག་པས་ཞུ་བར་གྱུར་ཏེ། ཞུ་བའི་གཟུགས་ཅན་གྱི་ཟླ་བ་གསལ་བ་ལ་སྟེང་དང་བར ་དང་འོག་ཏུ་རིམ་བཞིན་དུ་ཟླ་བ་དང་པདྨ་དང་ཉི་མ་ལ་གནས་པ་དཀར་པོ་དང་དམར་པོ་དང་སྔོན་པོའི་ཨོཾ་ཨཱ(རྒྱུད་འགྲེལ་ཀྱིས་འགྲོ་བ་དྲུག་གི་སེམས་ཅན་རྣམས་དང་སངས་རྒྱས་དང་རྡོ་རྗེ་འཆང་ལ་སོགས་པ་རྣམས་ལ་ཡང་དག་པར་?་གནས། ཉི་མ་དང་ཟླ་བ་དང་པདྨ་ལ་གནས་བའི་ཡི་གེ་གསུམ་དུ་བྱས་ཏེ། ཡེ་ཤེས་ཀྱི་འོད་ཟེར་གྱི་ལྕགས་ཀྱུ་དེ་རྣམས་ཉིད་ཀྱིས་བཀུག་ནས་བདག ་ཉིད་ཀྱི་ཡི་གེ་གསུམ་དུ་གཞུག་པར་བྱའོ་།དེ་ནས་སེམས་ཅན་མ་ལུས་པ་སྡུད་པར་བྱེད་པའི་སྙིང་རྗེ་ཆེན་པོའི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་དེ། ཨོཾ་དྷརྨ་དྷཱ་དུ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ་ཞེས་བྱ་བའི་སྔགས་ཀྱིས་བྱིན་གྱིས་བརླབ་པའི་སྒོ་ནས་སྙིང་རྗེ་དང་ཤེས་རབ ་ཀྱི་བདག་ཉིད་ཀྱི་དམར་པོ་དང་དཀར་པོར་སྣང་བའི་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་བལྟ་བར་བྱའོ། །དེ་ནས་དེ་ལ་ཡེ་གེ་ཧཱུཾ་མགོ་གྱེན་དུ་བལྟས་པ་བསམས་ལ། དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་རྣམས་ཀྱིས་ནམ་མཁའ་ཨི་དབྱིངས་ཐམས་ཅད་ཁྱབ་པའི་དེ ་བཞིན་གཤེགས་པ་ལ་སོགས་པ་རྣམས་བཀུག་ནས་བཅུག་སྟེ། ཐམས་ཅད་གྱུར་ནས། དང་པོའི་རྡོ་རྗེ་དཀར་དམར་དུ་གྱུར་ཏེ། བཛྲ་ཨཱཏྨ་ཀོ་ཉ་ཧི། ཞེས་བྱ་བའི་ང་རྒྱལ་དང་ལྡན་པས་རྡོ་རྗེ་ལས་བྱུང་པའི་རྡོ་རྗེ་འཆང་ཆེན་པོར་བདག་ཉིད་བསྒོམ་པར་བྱ ་ཞིང། བདག་ནི་རྡོ་རྗེ་འཆང་ཆེན་པོ་ཡིན་ནོ་ཞེས་བྱ་བའི་ང་རྒྱལ་ཡང་བྱའོ་ཞེས་བྱ་བ་ནི་རྣལ་འབྱོར་རོ། །དེ་ནས་སྙིང་གར་ཡི་གེ་ཧྲི་དང་ཨ་ལས་བྱུང་བའི་པདྨ་དང་ཟླ་བ་དག་བསམས་ཏེ། དེར་སྔ་མ་བཞིན་དུ་ཡེ་ཤེས་སེམས་དཔའ་བཅུག་པ་དེ་དང་ལྷན ་ཅིག་ཐ་མི་དད་པའི་ང་རྒྱལ་བྱའོ་ཞེས་བྱ་བ་ནི་རྗེས་སུ་རྣལ་འབྱོར་རོ།། །།དེ་ནས་ཨོཾ་སྭཱ་ཨཱ་ཧཱ་ཧཱུཾ་ཞེས་བྱ་བ་འདི་རྣམས་ཀྱིས། གཟུགས་དང། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པའི་ཕུང་པོ་རྣམས་རྣམ་པར་སྣང ་མཛད་དང། རིན་ཆེན་འབྱུང་ལྡན་དང། འོད་དཔག་ཏུ་མེད་པ་དང། དོན་ཡོད་གྲུབ་པ་དང། མི་བསྐྱོད་པའི་རང་བཞིན་དུ་བསམས་ལ། མོ་ཧ་ར་ཏེ། དེ་ཥ་ར་ཏི། རཱ་ག་ར་ཏི། བཛྲ་ར་ཏི་ཧཱུཾ་ཞེས་བྱ་བ་དེ་རྣམས་ཀྱིས། ཕྱི་དང་ནང་གི་བདག་ཉིད་ཅན་གྱིས་དང། ་ཆུ་དང་མེ་དང། རླུང་དང། ནམ་མཁའ་རྣམས་སངས་རྒྱས་སྤྱན་དང། མཱ་མ་ཀཱི་དང། གོས་དཀར་མོ་དང། སྒྲོལ་མ་དང། ཀུན་ཏུ་བཟང་མའོ་རང་བཞིན་དུའོ།། །།ཐལི?་ཨོཾ་ཨོཾ་ཨོཾ་ཧཾ་ཨོཾ་ཞེས་བྱ་བ་དེ་རྣམས་ཀྱིས། མིག་དང། རྣ་བ་དང། སྣ་དང། ་ལྕེ་དང། ལུས་དང་ཡིད་རྣམས། སའི་སྙིང་པོ་དང། ཕྱག་ན་རྡོ་རྗེ་དང། ནམ་མཁའ་ཨི་སྙིང་པོ་དང། འཇིག་རྟེན་དབང་ཕྱུག་དང། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང། ཀུན་ཏུ་བཟང་པའི་རང་བཞིན་དུའོ། །ཡ་མནྟ་ཀྲི་ཏ། པྲཛྙཱནྟ་ཀྲིཏ། པད་མཱ་ནྟ་ཀྲིཏ། བིགྷྣ་ཏ་ཀྲིཏ། ་ཅེས་བྱ་བ་དེ་རྣམས་ཀྱིས། དཔུང་པ་གཡས་པ་དང་གཡོན་པ་དང་ཁ་དང་གསང་བའི་རྡོ་རྗེ་རྣམས། འཕགས་པ་གཤིན་རྗེ་གཤེད་དང། གཞན་གྱིས་མི་ཐུབ་པ་དན་རྟ་མགྲིན་དང་བདུད་རྩི་འཁྱིལ་པའི་རང་བཞིན་དུ་བསམ་པར་བྱ་སྟེ། དེ་ལྟ་བུ་ནི་ཐ་མལ ་པའི་ཕུང་པོ་ལ་སོགས་པ་རྣམས་ཀྱི་གཉེན་པོ་ཡིན་ནོ། །དེ་ནས་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་དང། སངས་རྒྱས་ལ་སོགས་པའི་རང་བཞིན་དང་ལྡན་པ་མུན་པ་ལ་སྒྲོན་མ་བཞིན་དུ་རྣམ་པར་རྟོག་པའི་མུན་པ་མ་ལུས་པ་རབ་ཏུ་བཅོམ་ཞིང། ཉི་མའི་འོད ་ཟེར་ལྟ་བུའི་ཡེ་ཤེས་ཀྱི་སྣང་བའི་བདག་ཉིད་ཀྱིས་ཀུན་ཏུ་གསལ་བར་གྱུར་པར་བདག་ཉིད་བལྟས་ལ། སྐུ་ལ་སོགས་པ་བྱིན་གྱིས་བརླབ་པར་བྱ་སྟེ། བར་སྣང་ལ་རང་གིས་སྤྲུལ་པའི་སྐུ་རྡོ་རྗེའི་ཚོགས་ནམ་མཁའ་ཨི་དབྱིངས་ཁྱབ་པའི་དབུས་ན་བཞུགས་པའི་རྟག་པ་བསམས ་ལ། རང་གི་སྤྱི་བོར་ཟླ་བའི་གཟུགས་ལ་གནས་པའི་ཡི་གེ་ཨོཾ་དཀར་པོ་བལྟས་ལ་དེ་ལས་བྱུང་བའི་འོད་ཟེར་གྱིས་བསྐྱེད་པའི་སངས་རྒྱས་སྤྱན། །རང་གིས་སྤྲུལ་པའི་སངས་རྒྱས་སྦྱན་གྱི་ཚོགས་ནམ་མཁའ་ཨི་དབྱིངས་ཁྱེར་པའི ་དབུས་ན་བཞུགས་པ་སྒྲོས་ཏེ། དེ་ཡིས་བདག་པོ་དང། སྤྲུལ་པ་རྣམས་ཀྱིས་སྤྲུལ་པ་རྣམས་མཉེས་པར་བྱས་ནས། ལག་བར་གྱི་ཞགས་པ་རྣམས་གྱིས་བཀུག་སྟེ་མདུན་ན་གནས་པའི་པདྨ་དང་ཟླ་བ་ལ་བཞུགས་པ་ལ། ཚིགས་བཅས་པས་གཤོལ་བ་གདབ་པར་བྱ་སྟེ། ་དཔལ་ལྡན་སངས་རྒྱས་སྐུ་འཆང་པ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པའི། །རྡོ་རྗེ་སྐུ་ཡིས་དེང་བདག་ནི། །བྱིན་གྱིས་བརླབ་པར་མསཟད་དུ་གསོལ། །ཐོག་མ་དང་ཐ་མ་མེད་པ་དེ་ལ་བརྟེན་ནས་གྲུབ་པ་གཞན་རྣམས་ལ་ཡང་གསོལ་བ་གདབ་པར་བྱ་སྟེ། ་ཕྱོགས་བཅུར?་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པའི། །རྡོ་རྗེ་སྐུ་ཡིས་དེང་བདག་ནི། །བྱོན་གྱིས་བརླབ་པར་མཛད་དུ་གསོལ། །སངས་རྒྱས་སྤྱན་དང་བཅས་པ་རྠམས་ཅད་ཆུའི་རླབས་བཞིན་དུ་རང་གི་ལུས་སུ་ཞུགས་ནས ་མཚན་དང་དཔེ་བྱད?་ཐམས་ཅད་ཀྱིས་རྣམ་པར་སྤྲས་པར་བདག་ཉིད་བལྟས་ལ་ང་རྒྱལ་བྱ་སྟེ། སངས་རྒྱས་ཀུན་གྱི་སྐུ་གང་ཡིན། །ཕུང་པོ་ལྔ་ཡིས་རབ་གང་བ། །སངས་རྒྱས་སྐུ་ཡི་ངོ་བོ་ཡིས། །བདག་ཀྱང་དེ་དང་འདྲ་བར་ཤོག་།དེ་ནས་ཨོཾ་སརྦ་ཏ་ཐཱ ་ག་ཏ་ཀཱ་ཡ་བཛྲ་སཱ་བྷཱ་བ་ཨཱཏྨ་ཀོཉ་ཧཾ་ཞེས་བྱ་བའི་སྔགས་ཀྱིས་བརླབ་པར་བྱའོ། །དེ་ནས་དེ་ཁོན་བཞིན་དུ་རང་གི་ཚོགས་ཀྱི་དབུས་ན་བཞུགས་པའི་འོད་དཔག་ཏུ་མེད་པ། ལྐོག་མའི་ཆུ་སྐྱེས་ལ་གནས་པའི་ཡི་གེ་ཨཱ(རྒྱུད་འགྲེལ་མོ་སྤྲོས་ཏེ་མཉེས་པར་བྱས་ལ་བཀུག་སྟེ་མདུན་གྱི་མཚོ་སྐྱེས་ཀྱི་སྟེང་གི་པདྨ་ལ་བཞུགས་པ་ལ་གསོལ་བ་གདབ་པར་བྱ་སྟེ། ཆོས་ཀྱི་གསུང་ལམ་དཔལ་དང་ལྡན། །རྡོ་རྗེ་མི་ཕྱེད་གསུམ་བསྒོམ་པའི། །རྡོ་རྗེ་གསུང་གིས ་དེད་བདག་ནི། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དེ་ནས་ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པའི། །རྡོ་རྗེ་གསུང་གིས་དེང་བདག་ནི། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དེ་ནས ་དེ་རྣམས་བཅུག་པས་དུང་གཡས་སུ་འཁྱིལ་བརྒྱ་ཆེན་པོ་ལ་གནས་ཤིང་རང་གི་བཞིན་གྱི་དཀྱིལ་འཁོར་ཁེབས་པ། ཆོས་ཐམས་ཅད་ཀྱི་གནས་ཀྱི་རང་བཞིན་དུ་གྱུར་ཅིང་གསུང་དབྱངས་ཐམས་ཅད་རྣམ་པར་དག་པའི་མཚན་ཉིད་དང་ལྡན་པའི་ལྕེ་རྣམ ་བར་བསྒོམས་ནས་ང་རྒྱལ་བྱ་སྟེ། རྡོ་རྗེ་ཆོས་ཀྱི་གསུང་གང་ཡིན། །ངེས་པའི་ཚིག་ནི་ཕུན་སུམ་ཚོགས། །བདག་གི་ཚིག་ཀྱང་དེ་འདྲ་ཞིང། །ཆོས་འཛིན་པ་དང་འདྲ་བར་ཤོག་།ོཾ་སརྦ་ཏ་ཐཱ་ག་ཏ་པཱ་ག་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ། དེ་ཁོ་ན་བཞིན་དུ ་ཐུགས་ཀའི་ཉི་མ་ལ་གནས་པའི་ཡི་གེ་ཧཱུཾ་མཐིང་ཤུན་ལྟ་བུ་ལས་མཱ་མ་ཀཱི་སྤྲོ་བ་སྔོན་དུ་འགྲོ་བ་ཅན་གྱི་མདུན་ན་པདྨ་ལ་གནས་པ་ལ་གསོལ་བ་གདབ་པར་བྱ་སྟེ། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པའི། །རྡོ་རྗེ ་ཐུགས་ཀྱིས་དེང་བདག་ནི། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་བྱེད་གསུམ་བསྒོམས་པའི། །རྡོ་རྗེ་ཐུགས་ཀྱིས་དེང་བདག་ནི། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། ། ་དེ་རྣམས་བཅུག་པར་གྱུར་པ་ཉིད་ཀྱིས་ཡི་གེ་ཧཱུཾ་ལས་བྱུང་བའི་པདྨ་དང་ཟླ་བ་ཆོས་ཐམས་ཅད་འབྱུང་བའི་ཕྱག་རྒྱ་འོད་ཟེར་གྱི་ཕྲེང་བ་འབྲོ་བ་བལྟས་ལ་ང་རྒྱལ་བྱས་ཏེ། སེམས་དཔའ་རྒྱལ་བ་སྲས་རྣམས་ཀྱི། །སྐུ་གསུང་ཐུགས་ཀྱི་མཚན ་ཉིད་ཐུགས། །མཁའ་དང་མཚུངས་བ་གང་ཡིན་པ། །བདག་ཀྱང་དེ་དང་འདྲ་བར་ཤོག་།གསང་བའི་དབང་པོ་བློ་ལྡན་པ། །ཀུན་ཏུ་བཟང་པོའི་ཐུགས་གང་ཡིན། །བདག་གི་སེམས་ཀྱང་དེ་འདྲ་ཞིང། །རྡོ་རྗེ་འཆང་དང་མཚུངས་བར་ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧེ། དེ་ལྟར་བྱིན་གིས་བརླབས་ནས་བདག་།ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །སེམས་དཔའ་ཨི་སྐྱིལ་མོ་གྲུང་གནས་ཤིང། །ཟླ་བའི་མདོག་ཏུ་རྣམ་པར་བསྒོམ། །རྣམ་པ་མཆོག་རྣམས་ཀུན་ལྡན་ཞིང། །རྒྱན་རྣམས་ཀུན་གྱིས་རྣམ་པར ་བརྒྱན། །ཤེས་རབ་ཡེ་ཤེས་དབང་བསྐུར་ལྡན། །རལ་པའི་ཅོད་པན་དག་གིས་བརྒྱན། །དཔའ་བོ་ཞལ་གསུམ་ཕྱག་དྲུག་སྟེ། །ཞི་ཞིང་སྒེག་པའི་གཟུགས་དང་ལྡན། །གཡས་པ་དྲག་ཅིང་སྔོ་བ་སྟེ། །གཡོན་དམར་ཞལ་ནི་དཀར་བའོ། །སྣ་ཚོགས་འོད་ཟེར ་ཚོགས་རྣམས་ཀྱིས། །ནམ་གའི་བྱིངས་ནི་མ་ལུས་ཁྱབ། །རྡོ་རྗེ་ཡེ་ཤེས་ལྔ་རང་བཞིན། །འོད་ཟེར་ལྔ་ཡིས་རྣམ་པར་བརྒྱན། །སངས་རྒྱས་སྤྲིན་ནི་སྤྲོ་བྱེད་བ། །དེའི་ཕྱག་དུ་རྣམ་པར་བསམ། །གཉིས་པ་ན་ནི་འཁོར་ལོ་ཆེ། །རྩིབས་བརྒྱད་ཟླ་བ་དང ་མཚུངས་ཤིང། །བདུད་དང་བགེགས་ཀུན་གཅོད་བྱེད་པ། །ཐོགས་པ་རྣམ་པར་བསམ་པར་བྱ། །འོད་ཀྱི་སྤྲིན་གྱིས་ཀུན་ཁྱབ་ཅིང། །གངས་དང་འོ་མ་ལྟར་དཀར་བ། །འདོད་ཆགས་ཐམས་ཅད་དག་བྱེད་པའི། །པདྨ་ཆེན་པོ་གསུམ་པར་རོ། །གཡོན་ན ་དྲིལ་བུ་རམ་དམར་ཞིང། །ཟླ་བ་ལྟ་བུའི་འོད་དང་ལྡན། །ཆོས་རྣམས་སྒྲ་བརྙན་ལྟ་བུར་ནི། །སྒྲ་ཡིས་རྟོགས་པར་བྱེད་པ་རྣམས། །རྡོ་རྗེ་འབར་བས་རྣམ་བརྒྱན་ཅིང། །ཉི་མ་འཆར་ཀ་དང་མཚུངས་པ། །བསམ་པ་ཐམས་ཅད་རྫོགས་བྱེད་པའི། །རིན་པོ་ཆེ་ནི་གཉིས ་པ་ན། །ུཏཔལ་སྔོན་པོའི་འདབ་འདྲ་ཞིང། །ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་མི་ཤེས་གཅོད་བྱེད་པ། །རལ་གྲི་ཆེན་པོ་གསུམ་པར་རོ། །འབར་ཞིང་འབར་བའི་རྣམ་པ་ཡི། །འོད་ཀྱི་དཀྱིལ་འཁོར་གྱིས་སྤྲས་པ། །ཟླ་བ་ཉི་མ་དྲི་མེད་པ ་སྟོང་པས་ལྷག་པར་མཁས་པས་བསམ། །ཞེས་བྱ་བ་ནི་རྣལ་འབྱོར་ཆེན་པོའོ།། །།དེ་ནས་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀའི་པདྨ་དང་ཟླ་བ་ལ་གནས་པའི་རྡོ་རྗེའི་ལྟེ་བར་ཡི་གེ་ཧཱུཾ་བཀོད་དེ། དམ་ཚིག་དང་སྡོམ་པ་ལ་གནས ་པས་བསྙེན་པ་ལ་སོགས་པའི་ཆོག་སྔོན་དུ་འགྲོ་བ་ཅན་གྱིས་བསྒྲུབ་པ་ཆེན་པོ་བརྩམ་པར་བྱ་སྟེ། གཟུགས་དང་ལང་ཚོ་དག་གིས་བརྒྱན། །ུཏཔལ་སྔོན་པོའི་འདབ་འདྲ་བ། །དམེ?་ཤ་ཅན་ནི་བདག་ཉིད་ཆེ། །རྒྱན་རྣམས་ཐམས་ཅད་ཡང་དགེ་རྫོགས། །དི་ ་དང་མེ་ཏོག་རྣམས་ཀྱིས་བརྒྱན། །ན་ཚོད་ལོ་ནི་བཅུ་གཉིས་ལྡན། །བུ་མོ་མིག་ཡངས་རྙེད་ནས་ནི། །བླངས་ཏེ་བསྒྲུབ་པ་བརྩམ་བར་བྱ། །དེ་ནི་མདུན་དུ་བཞག་བྱ་སྟེ། །ཁྲོ་བོ་ཧཱུཾ་ལས་བྱུང་བ་ཡི། །རྡོ་རྗེ་འབར་ལྡན་ཉི་མའི་གཟུགས། །དེ་དབུས་འོད་ཟེར ་འབར་བའི་ཧཱུཾ། །དང་པོར་དེ་ཡི་སྙིང་གར་བསམ། །དེ་ལས་བྱུང་བའི་འོད་ཟེར་གྱིས། །དེ་ནི་ཐལ་བར་བྱས་བལྟ་ཞིང། །རྣམ་ཤེས་མར་མེ་ལྟ་བུ་ཡིན། །ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀ་ཡི། །ཧཱུཾ་ལས་འོད་ཟེར་སྔོན་པོའི་ཚོགས། །སྣ་ཁུང་གཡས་ནས་སྤྲོས ་ནས་ནི། །དེ་ཡིས་མར་མེ་དེ་བཅིང་སྟེ། །དེ་བཞིན་སྣ་ཁུང་གཡོན་ནས་ནི། །དེ་ཉིད་ཀྱིས་ནི་གཞུག་བར་བྱ། །ཡེ་ཤེས་སེམས་དཔའ་ཨི་ལམ་ནས་ནི། །རྡོ་རྗེ་ལམ་ནས་དེས་བྱུང་སྟེ། །རིག་མའི་པདྨར་བཞག་བྱས་ནས། །ནུར་ནུར་པོ་ལ་སོགས་པ་དང། །ཡན ་ལག་སོར་མོ་སྔ་རིམ་གྱིས། །རིག་མ་ཡི་ནི་གཟུགས་སུ་འགྲུབ། །རིག་མའི་ཆུ་སྐྱེས་ནས་བྱུང་སྟེ། །རང་གིས་རྡོ་རྗེ་ལམ་ནས་བྱུང། །གཡས་པ་ཡི་ནི་གསུམ་པ་ཡིས། །ུཏྨལ་སྔོན་པོ་འཛིན་བྱེད་ཅིང། །མེ་ཏོག་བཟང་པོ་སྣ་ཚོགས་ཀྱིས། །སྤྱི་བོ་ལ་ནི ་རྣམ་པར་བརྒྱན། །ལྷག་མ་ཐམས་ཅད་བདག་པོ་དང། །མཚུངས་པར་བསམས་ནས་རིགས་ལྔ་དགོད། །མགོ་དང་སྙིང་ག་དང་ལྟེ་བ་དང་གསང་བ་དང་རྐང་བའི་སྟེང་དུ་པདྨ་ལ་གནས་པའི་ཟླ་བ་དང། ཉི་མ་དང་རིན་པོ་ཆེ་དང། པདྨ་དང་འོད་ཀྱི ་དཀྱིལ་འཁོར་ལ། །ོཾ་ཧཱུཾ་སྭཱ་ཨཱ་ཧཱ། ཞེས་བྱ་བ་དེ་རྣམས་ལས་བྱུང་བའི་རྣམ་པར་སྣང་མཛད་ལ་སོགས་པ་རང་རང་གི་རིག་མ་དང་གཉིས་སུ་མེད་པར་གྱུར་པ། སངས་རྒྱས་སྤྱན་ལ་སོགས་པ་ལྷ་མོ་བཞི་ས་ཡོངས་སུ་བསྐོར་བ་རྣམས་བསམ་པར་བྱའོ། །དེ་ལྟར་རིགས ་ལྔ་ཡིས་ཁྱབ་པར་བྱས་ནས། རྗེས་སུ་རྣལ་འབྱོར་གྱི་སྒོ་ནས་དེའི་སྙིང་གར་ཡེ་ཤེས་ཀྱི་རིག་མ་བསམས་ཏེ། དེའི་སྨེ་བ་ཉིད་ནི་སངས་རྒྱས་སྤྱན་གྱི་རང་བཞིན་གྱི་ནུ་མ་གཉིས་དང། ཆུའི་ཁམས་ནི་མཱ་མ་ཀཱིའི་དང་བཞིན་གྱི་མཆུ་དང། མེའི་ཁམས་ནི་གོས་དཀར ་མོ་རྣམ་པའི་པདྨ་དང། རླུང་གི་ཁམས་ནི་སྒྲོལ་མའི་རྣམ་པ་གཡོ་བའི་བྱ་བ་དང། ནམ་མཁའ་ནི་ཀུན་ཏུ་བཟང་མོའི་རང་བཞིན་གྱི་མཚོ་སྐྱེས་ཀྱི་ཁོང་སྟོང་དང། དེའི་གཟུགས་ནི་གཟུགས་རྡོ་རྗེ་མ་དང། ཚིག་དང་སིད་ཀྱི་སྒྲ་ལ་སོགས་པ་ནི་སྒྲ་རྡོ་རྗེ་དང། དྲི་ཚོར་བ་ན ་ཚིམ་པ་ནི་དྲི་རྡོ་རྗེ་མ་དང། དེའི་མཆུ་ནི་རོ་མྱང་བ་དང། །བདེ་བའི་རོ་མྱང་བ་ནི་རྡོ་རྗེ་མ་དང། ལུས་ཀྱི་རེག་བྱ་དང། དབང་པོའི་རེག་བྱ་བདེ་བ་ནི་རེག་བྱ་རྡོ་རྗེ་མ་དང། མཆོག་ཏུ་དགའ་བ་ནི་ཆོས་ཀྱི་དབྱིངས་རྡོ་རྗེ་མའི་རང་བཞིན་དང། དཔུང་པ་གཡོན་པ་ནི་རོ ་ལངས་མ་དང། གཡས་པ་ནི་གཞན་གྱིས་མི་ཐུབ་མོ་དང། ཁ་ནི་ཁྲོ་གཉེར་ཅན་དང། པདྨ་ནི་རལ་པ་གཅིག་པའི་རང་བཞིན་དུ་བལྟ་བར་བྱའོ་ཞེས་བྱ་བ་ནི་མན་ངག་ཡིན་ནོ། །དེ་ནས་ཡི་གེ་ཧཱུཾ་ལས་བྱུང་ཞིང་རིག་མའི་ཚོགས་མཛའ་ཡས་པ་རྗེས་སུ་ཆགས་པར ་བྱེད་པའི་སྙིང་རྗེ་ཆེན་པོ་དང། འདོད་ཆགས་རྣམ་པར་དག་པའི་སྒོ་ནས་དཀར་དམར་དུ་སྣང་ཞིང་དང་པོའི་རྡོ་རྗེའི་རང་བཞིན་ཅན། འོད་ཟེར་སྣ་ཚོགས་ཀྱི་འཕྲེང་བ་ཅན། ཨོཾ་གྱིས་བྱིན་གྱིས་བརླབས་པའི་རིན་པོ་ཆེ་འབར་བའི་ནོར་བུ་དང་ལྡན་པའི་རང་གི་གསང ་བའི་རྡོ་རྗེ་བསམས་ལ། ཡི་གེ་ཨ་ལས་རིག་མའི་པདྨ། རྣམ་པར་ཤེས་པ་བརྒྱད་རྣམ་པར་དག་པས་འདབ་མ་དཀར་དམར་བརྒྱད་དང་ལྡན་ཞིང་སྤྲུལ?་བ་མཛའ་ཡས་བས་འགྲོ་བ་རྣམས་ཀྱི་དོན་བྱེད་པའི་ཕྱིར་གེ་སེར་དང་བཅས་པ། བསམ་པ་ཐམས་ཅད་ཡོངས་སུ ་རྫོགས་པར་བྱེད་པའི་སྒོ་ནས་སེམས་ཅན་གྱི་རྒྱུད་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་ལྟེ་བ་སེར་པོ་དང་ལྡན་ཞིང་འོད་ཟེར་རྣམ་པ་ཐ་དད་པས་འབར་བ། དེ་བཞིན་གཤེགས་པ་ལ་སོགས་པ་ལྷ་མ་ལུས་པ་མཉེས་པར་བྱེད་པར་བསམས་ཏེ། དེ་ཡང ་ཟླ་བ་ལ་སོགས་པ་ཁ་དོག་གི་འོད་ཟེར་གྱིས་གསལ་བའི་སྒོ་ནས་ཡིད་འཕྲོག་པར་བྱེད་པར་བསྒོམ་པར་བྱའོ། །དེ་ནས་རྡོ་རྗེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་པདྨའི་ལམ་ནས་ཞུགས་ཏེ། ལྷ་མོའི་འཁོར་ལོ་རྗེས་སུ་མཉེས་པར་བྱས་ནས། འོད་ཟེར་གྱི་ཚོགས་རིག ་མའི་ཁ་ནས་ཕྱུང་སྟེ། བདག་ཉིད་ཀྱི་ཁམས་ཞུགས་ནས་རྡོ་རྗེའི་ལམ་ནས་བྱུང་སྟེ། དེར་གནས་པར་བལྟ་བར་བྱའོ། །དེ་བཞིན་དུ་པདྨ་ལས་བྱུང་བའི་འོད་ཟེར་གྱི་ཚིགས་རྡོ་རྗེའི་ལམ་ནས་ཞུགས་ཏེ། ལྷའི་འཁོར་ལོ་མཉེས་བར་བྱས་ནས། རང་གི་ཁ་ནས་བྱུང ་སྟེ་རིག་མའི་ཁར་ཞུགས་ནས་པདྨ་ནས་བྱུང་སྟེ། དེ་ཉིད་དུ་གནས་པར་བསམ་པར་བྱའོ། །དེ་ནས་དེ་བསྟོད་པའི་ཚིག་དང་ལྡན་པའི་ཀླུ་རྣམས་ཀྱི་སྒོ་ནས་སྒྱུ་མའི་དགའ་བ་དོན་དུ་གཉེར་བར་བྱེད་པར་དམིགས་ལ། རིན་ཆེན་དཔལ་གྱི་ང་རྒྱལ་དང་ལྡན་ཞིང་དགའ་ ་པ་ལ་ཤིན་ཏུ་བརྩོན་པས་རང་གི་དམ་ཚིག་ལ་མངོན་པར་བལྟ་བ་ནས། །འདོད་ཆགས་མ་ཡིན་ཆགས་བྲལ་མིན། །བར་མ་ཡང་ནི་མི་དམིགས་ལ། །བུད་མེད་སྒྱུ་མའི་ཕྱག་རྒྱ་འདི། །གཉིས་མེད་ཐེག་པ་བླ་མེད་ཡིན། །ཞེས་ལྷག་པར་མོས་པར་བྱས་ཏེ། ་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ། །ཞེས་བརྗོད་ཆོ་ག་འདི་ལྟ་བུས། །རྗེས་སུ་ཆགས་པ་བརྩམ་པར་བྱ། །ལག་པར་དག་གིས་དེ་ལ་ནི། །དམ་དུ་འཁྱུད་ནས་རང་བྲང་གིས། །སྔགས་པས་དེ་ཡི་བྲང་སྟེང་དུ། །ནུ་མ་རྒྱས་པ་བཅིད་བར ་བྱ། །ལག་པ་གཡོན་པ་དེ་ཡི་སྐྲ། །རོལ་པ་དང་བཅས་བཟུང་ནས་ནི། །གཡོན་པས་བཞིན་ནི་བཏེག་བྱས་ནས། །ཁ་ནི་ཀུན་ཏུ་སྦྱར་བར་བྱ། །འཁྱུད་དང་ཁ་ནི་སྦྱོར་བ་དང། །འཛིབ་ཅིང་སིད་ཀྱིས་སྒྲ་སྒྲོགས་པས། །དེ་ནི་ལག་དར་ནང་བཞག་སྟེ། །རབ་ཏུ ་གསང་བའི་དགའ་བ་བྱ། །སྣ་རྩ་དེ་བཞིན་མཚན་ཁུང་དང། །མདུན་འོག་ཏོ་སྨད་ལ་སོགས་པ་རི། །སྔགས་པས་སེན་མོ་གདབ་བྱ་ཞིང། །ཡང་ནས་ཡང་དུ་གདབ་པར་བྱ། །གཡོན་པས་པདྨ་མཉམ་བྱ་ཞིང། །ལག་པ་དག་གིས་སུ་དཀྱིལ་འཁོར ་གཡོན་པའི་རྡོ་རྗེ་སོར་མོ་གསུམ། །དེ་ནས་པདྨར་རབ་གཞུག་བྱ། །བྱང་ཆུབ་ཀྱི་ནི་སེམས་འབྱུང་རྩ། །ཡི་གེ་ཧཱུཾ་ལས་ཡང་དག་བྱུང། །འོད་ཟེར་ལྔ་ནི་རབ་འཕྲོ་བའི། །རྡོ་རྗེ་ལྕེ་ཡིས་བསྐུལ་བར་བྱ། །དེ་ལྟར་བྱས་པར་གྱུར་པ་ན། །གང ་ཚེ་སྙིང་ནི་འདར་ཞིང་མྱོས། །སྐྲ་བཤིགས་ལུས་ནི་གོས་དང་བུལ། །རྡུལ་གྱི་ཐིག་ལེ་འཇོག་པས་ཁྱབ། །ལྡོག་པར་བྱེད་ཅིང་པ་སྤུ་ལངས། །མིག་ནི་ཀུན་ཏུ་ཆགས་པས་ཁྱབ། །རང་ཉིད་འགུལ་ལ་འཁྱུད་བྱེད་ཅིང། །སིད་ཀྱི་སྒྲ་ནི་རྒྱུན ་འབྱིན་པ། །དེ་ཚེ་རིག་དང་གཉིས་མེད་པའི། །རྣལ་འབྱོར་པ་ནི་སྐྱིལ་ཀྲུང་བཅས། །རྡོ་རྗེ་འཆང་གི་ང་རྒྱལ་འཛིན་པ་ཡིས། །བྱང་སེམས་བསྐྱེད་ཕྱིར་དེ་ནས་ཀ་ལའི་སྒྲ། །ཕཊ་ཅེས་བྱ་བའི་སྒྲ་ནི་རྣམ་བརྟགས་ཅིང། །ཐབས་དང་ཤེས་རབ ་རྡོ་རྗེ་ཆུ་སྐྱེས་བྱུང། །བྱང་སེམས་སྤྲོས་ནས་དེ་ཡིས་ཡོངས་གང་བྱ། །རྡོ་རྗེའི་ཆུས་གང་བུམ་པ་གང་བ་བཞིན། །སངས་རྒྱས་མཛའ་ཡས་རྡུལ་སྙེད་དེ་རུ་གཞུག། རིག་བཅས་ཏིལ་གང་བཞིན་དུ་ནམ་མཁའ་གང། །ཆོས་འབྱུང་འོད་ཟེར ་ཚོགས་ཀྱིས་བསྡུས་ནས་ནི། །རབ་མཆོག་བདེ་བ་བུམ་པ་ཕུན་ཚོགས་གཞུག། འདོད་ཆགས་མེ་ཡིས་ཐུབ་ཚོགས་ཞུ་གྱུར་པ། །པད་གནས་སངས་རྒྱས་མཆོག་ཞི་བཅུད་ལེན་ཏེ། །དེ་ཉིད་ཁས་བླངས་བདེ་བ་ཆེན་པོ་ཡིས། །རང་གི ་ལུས་བསྒོམ། འཁོར་ལོ་ཀུན་ཚིམ་བྱ། །འདི་ནི་མཁས་པས་ནང་གི་སྦྱིན་སྲེག་བཤད། །དེ་ནས་དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་བཅོམ་ལྡན་འདས་ལ་མངོན་པར་མཆོད་པའི་ཕྱིར་ཉིད་ཀྱི་སྐུ་སངས་རྒྱས་སྤྱན་ལ་སོགས་པ་ལྷ་མོ ་རྣམས་ཀྱི་གཟུགས་སུ་མངོན་པར་སྤྲུལ་ནས། གཟུགས་རྡོ་རྗེ་མ་ལ་སོགས་པ་ལྷ་མོའི་ཚོགས་དུ་མས་ཡོངས་སུ་བསྐོར་བ། རྣམ་པར་བསྐྱེད་ཅིང་སྒེག་པ་དང་བཅས་པའི་ཕྱག་ཡིད་དུ་འོང་བ་དང་ལྡན་པ། འོད་ཟེར་འབར་བ་རྣམས ་གྱིས་པདྨ་དང་ཨུཏཔ་ལ་དང་སྣ་མ་དང་དོར་ཀ་དང། མ་ལི་ཀ་དང་ཡུ་ཏི་ཀ་དང་ཀ་ར་བི་ར་ལ་སོགས་བའི་མེ་ཏོག་ཁ་དོག་སྣ་ལྔ་པ་དང། སྤོས་དར་དྲི་དང་མར་མེ་དང། གཏོར་མའི་ཡོ་བྱད་དང། མལ་སྟན་དང། གླང་པོ་དང། རྟ་དང། སྐྱེད་མོས་ཚལ་དང། ་གདུགས་དང། རྒྱལ་མཚན་དང། བ་དན་དང་བླ་རེ་དང་རླུང་ཡབ་དང། གོས་དང་རིན་པོ་ཆེ་ལ་སོགས་པ་སྣ་ཚོགས་པའི་མཆོད་པའི་སྤྲིན་གྱི་དྲ་བའི་ཚོགས་སྤྲུལ་པར་བྱེད་པ། འཇིག་རྟེན་རྣམས་ལ་སྒྱུ་མའི་ལ་སོགས་པའི་དངོས་པོར་ཤེས་པའི་སྒོ་ནས ་ལྟ་བ་ལ་མཁས་པ། བདག་ཉིད་ཇི་ལྟ་བཞིན་དུ་རྟོག་པ་མ་ལུས་པ་རྣམས་ལས་གྲོལ་བ། བཟའ་བ་ལ་སོགས་པ་དང། མྱང་བ་དང་གཞིབ་བ་དང་མྱོས་པ་དང་བཅས་པ་དང་མྱོས་པ་མེད་པའི་གཏུང་བ་ལ་སོགས་པ་དང། གར་དང་གླུ་དང་རོལ་མོ་ལ་སོགས་པའི ་མཆོད་པ་བླ་ན་མེད་པ་སྒྲུབ་བར་བྱེད་པ། རྒོད་པ་དང་སྒེག་པ་དང་ལྡན་པའི་རོལ་ཅིང་དགའ་བའི་མཆོད་པ་བླ་ན་མེད་པ་དང་བདེ་བ་བསྐྱེད་པའི་རྒྱུར་གྱུར་པ་དེ་རྣམས་ཀྱིས། མཆོག་ཏུ་ཟག་པ་མེད་པའི་བདེ་བ་ཆེན་པོའི་མཆོད་པ་བླ་ན་མེད་པ་རྣམས་ཀྱིས། རང་གི ་བདག་པོ་འཁོར་དང་བཅས་པ་ལ་མཆོད་པར་དོན་ཡོད་གྲུབ་པའི་ང་རྒྱལ་དང་ལྡན་པས་བལྟ་བར་བྱ་ཞིང། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ་ཞེས་བྱ་བ་འདིས་མཆོད་པའི་ཚོགས་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་ནི་ཤིན་ཏུ་རྣལ་འབྱོར ་རོ། །དེས་ནི་རྣལ་འབྱོར་བཞིའི་བདག་ཉིད་ཅན་གྱི་དང་པོ་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་རང་གི་དོན་ཕུན་སུམ་ཚོགས་པའི་མཚན་ཉིད་ཅན་བསྟན་ཏོ། །དེ་ནས་ལྷ་མོའི་ཚོགས་དེ་རྣམས་རིག་མའི་པདྨར་བཅུག་ལ་ཡང་དག་པར་མཆོད་དེ་། ་བྱང་ཆུབ་སེམས་ཀྱི་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་གྱུར་པར་བསམས་ནས། ཟླ་བ་དེ་ལ་བཛྲ་དྷྲིཀ་ཅེས་བྱ་བའི་ས་བོན་རྣམ་པར་བཀོད་ལ། དེ་གྱུར་པ་ལས་ཡི་གེ་གསུམ་གྱིས་ཕྱིན་གྱིས་བརླབས་ཤིང། །རྡོ་རྗེ་རྩེ་ལྔ་པས་བྱིན་གྱིས་བརླབས་པ། ་རྡོ་རྗེ་བསྣམས་པའི་མི་བསྐྱོད་པ་བཛྲ་དྷིཀ་ཅེས་བྱ་བ་བརྗོད་ཅིང་བྱུང་ནས་དེས་ཞེ་སྡང་གི་སྤྱོད་པ་ཅན་རྣམས་བཏུལ་ཏེ། བཀུག་སྟེ་རང་གི་ལུས་ལ་བཀུག་སྟེ། རང་གི་ངོ་བོར་ཡོངས་སུ་གྱུར་ནས་ཞེ་སྡང་རྡོ་རྗེར་གྱུར་པར་བྱ་སྟེ། ཨིནྡྲ་ནཱི་ལའི་འོད་འདྲ་ཞིང། ་རྣམ་བརྩེགས་གཏུམ་ཞིང་འཇིགས་སུ་རུང། །རྡོ་རྗེ་སེམས་དཔས་དབང་བསྐུར་ཞིང། །འཇིག་རྟེན་ཁམས་ནི་ཀུན་ཏུ་ཁྱབ། །ཉི་མའི་དཀྱིལ་འཁོར་དབུས་གནས་ཤིང། །ཉི་མ་སྟོང་གི་འོད་དང་མཚུངས། །སྤྱན་དམར་ཤིན་ཏུ་འཇིགས་པར་བྱེད། ། ་རྒྱན་རྣམས་ཀུན་གྱིས་བརྒྱན་པ་སྟེ། །དག་པོ་ཞི་བ་ཕྱག་ཆེན་གྱི། །ཞལ་གསུམ་གྱིས་ནི་རྣམ་པར་མཛེས། །རང་གི་དམ་ཚིག་སྙོམས་ཞུགས་ཤིང། །ཕྱག་དྲུག་གིས་ནི་བརྒྱན་པ་སྟེ། །ིནྡྲ་ནཱི་ལའི་འོད་མཚུངས་པའི། །སངས་རྒྱས་སྤྲིན ་གྱིས་ཀུན་ཏུ་ཁྱབ། །རྡོ་རྗེ་ཆེན་པོ་རྩེ་དགུ་པ། །དེ་ཡི་ཕྱག་ཏུ་རྣམ་བསྒོམ་ཞིང། །སྔར་བཤད་པ་ཡི་རིམ་པ་བཞིན། །ཕྱག་རྒྱ་ལྷག་མ་རྣམ་བསྒོམ་བྱ། །ཞེ་སྡང་རྡོ་རྗེའི་ཏིང་འཛིན་གནས། །དཀྱིལ་འཁོར་ཐམས་ཅད་རབ་ཏུ་དབྱུང། །དེ་ལྟར ་རང་སྙིད་ལས་བྱུང་ཞིང། །ཡི་གེ་གསུམ་གྱིས་བརླབས་པ་ཡི། །ལྷ་རྣམས་ཐམས་ཅད་པད་ཟླ་ལས། །དེ་རྣམས་ཉིད་ཀྱིས་སྤྲོ་བར་བྱ། །ཛི་ན་ཛིཀ་སྔགས་ལས་བྱུང་བའི། །ཁྱབ་བདག་རྣམ་པར་སྣང་མཛད་སྤྲོ། །ཞི་བའི་རོ་ཡིས་ཀུན་ཏུ་ཁྱབ། ། ་ཕྱོགས་རྣམས་ཐམས་ཅད་སྣང་བར་བྱེད། །སྐུ་ནི་སྟོན་ཀའི་སྤྲིན་དང་མཚུངས། །རྒྱན་རྣམས་སྣ་ཚོགས་དག་གིས་བརྒྱན། །དེ་ཡི་ཞལ་གསུམ་ཁ་དོག་ནི། །དཀར་དང་སྔོ་དང་ཤིན་ཏུ་དམར། །སྣ་ཚོགས་འོད་ཟེར་བཀོད་ཆེན་ལྡན། །དེ་ནི་ཕྱག ་དྲུག་ལྡན་པར་བསྒོམ། །འཁོར་ལོ་རྡོ་རྗེ་ཆུ་སྐྱེས་དཀར། །གཡས་པ་དག་ཏུ་རྣམ་?་བར་བསམ། །དྲིལ་བུ་ནོར་བུར་ལ་གྲི?་ནི། །གཡོན་བདག?་ཏུ་རྣམ་པར་བསམ། །པདྨ་ཟླ་བ་ལས་བྱུང་སྟེ། །ཕྱགས་རྣམས ་ཀུན་ཏུ་རྣམ་གཟིགས་ཤིང། །སངས་རྒྱས་རྫུ་འཕྲུལ་རྣམ་འཕྲུལ་སོགས། །ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིས། །གཏི་མུག་ལམ་ལ་རབ་གནས་པའི། །སེམས་ཅན་ཐམས་ཅད་ཡང?་དག་སྦྱངས། །སླར་བྱོན་ནས་ནི་མགོན་པོ་ཡི། །། ་ཤར་དུ་ཟླ་བ་ལ་བཞུགས་སོ། །རཏན་དྷྲི?་ཀ་ཅེས་བྱ་བ་འདིས་སྔ་མ་བཞིན་དུ་རིན་ཆེན་འབྱུང་ལྡན་སེར་པོ། །རྩ་བའི་ཞལ་སྐུ་དང་མཚུངས་ཤིང་ཞལ་གཡས་བ་དང་གཡོན་པ་སྔོན་པོ་དང་དཀར་པོ་མདའ་བ། །རྩ་བའི་ཕྱག་ན་ཉི་མ་ལྟར་དམར་བའི ་རིན་པོ་ཆེ་དང། །གཞན་དག་ན་རྡོ་རྗེ་དང་འཁོར་ལོ་བསྣམས་ཤིང་གཡོན་པ་རྣམས་ན་དྲིལ་བུ་དང་པདྨ་དང་རལ་གྲི་བསྣམས་པ་བྱུང་སྟེ། མངོན་པའི་ང་རྒྱལ་ཅན་གྱི་སེམས་ཅན་རྣམས་བཏུལ་ནས་ལོག་སྟེ། བཅོམ་ལྡན་འདས་ཀྱི་ལྷོ་ཕྱོགས ་སུ་རིན?་པོ་ཆེ་ཟུར་བརྒྱད་པ་ལ་བཞུགས་སོ། ། རོ་ལི་ཀ་ཅེས་བྱ་བ་འདིས་འོད་དཔག་ཏུ་མེད་པ། གཡས་པ་དང་གཡོན་པ་ཁ་དོག་སྔོན་པོ་དང་དཀར་པོ། གཡོན་པ་ན་སྒེག་པ་དང་བཅས་བས་དྲིལ་བུ་དང་བཅས་པའི་པདྨ་དམར་པོའི་སྔོན་བུ་བསྣམས ་ཤིང། །གཡས་པ་ཡིས་ཐུགས་ཀ་ན་གནས་བའི་པདྨ་ཁ་འབྱེད་བར་གཛད་པ། གཡས་པ་དག་ན་རྡོ་རྗེ་དང་འཁོར་ལོ། །གཡོན་བདག་ན་རིན་པོ་ཆེ་དང་རལ་གྲི་བསྣམས་བ། འདོད་ཆགས་ཀྱི་སྦྱོད་བ་ཅན་རྣམས་བཏུལ་ནས། བཅོམ་ལྡན་འདས ་ཀྱི་ནུབ་ཕྱོགས་སུ་པདྨ་དམར་པོ་འདབ་བརྒྱད་པའི་གདན་ལ་བཞུགས་སོ། །པྲ་ཛྙཱ་དྷྲིག་ཅེས་བྱ་བ་ལས་བྱུང་བའི་དོན་ཡོད་བར་གྲུབ་པ་བཻཌཱུརྱ་ལྗང་སེར་ལྟ་བུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞལ་གཡས་པ་དང་གཡོན་པ་སྔོན་པོ་དང་དཀར་པོ ་མངའ་བ། འོད་ཟེར་ཁ་དོག་སྣ་ལྔ་པས་ཀུན་ཏུ་ཁྱབ་པ། ཕྱག་གྲུལ?་གཡས་པའི་རྩ་བའི་ཕྱག་ན་རལ་གི་དང་གཉིས་ན་འཁོར་ལོ་དང། སྣ་རྫོགས་རྡོ་རྗེ་བསྣམས་ཤིང། གཡོན་བདག་རྠ?་དྲིལ་བུ་དང་རིན་པོ་ཆེ་དང་པདྨ་ལྗང་སེར་བསྣམས་པ་བྱུང་སྟེ། ཕྲག་དོག ་གི་སྤྱོད་པ་ཅན་གྱི་སེམས་ཅན་རྣམས་ཡང་དག་པར་སྦྱངས་ནས་ལོག་སྟེ་བྱང་ཕྱོགས་སུ་འོད་ཟེར་གྱི་གདན་ལ་བཅོམ་ལྡན་འདས་ལ་གཟིགས་ཤིང་བཞུགས་པར་བསམ་བར་བྱའོ། །དེ་བཞིན་གཤེགས་པ་རྣམས་ནི་རལ་བའི་ཅོད་པ་ན་དང་ལྡན་ཞིང་རྡོ་རྗེ་འཆབ ་ཆེན་པོའི་དབང་བསྐུར་བ་དང་ལྡན་པའོ། །དྭེ་ཥ་ར་ཏི་ཞེས་བྱ་བ་འདིས་མཱ་མ་ཀཱི་ཨུཏཔལ་སྔོན་པོའི་མདོག་ཅན། ཞལ་མཛེས་པ་དང་ལྡན་ཞིང་སྤྱན་ཡངས་བ་མངའ་པ། གཟུགས་དང་ལང་ཆོས་བརྒྱན་བ་ཞལ་དབུས་མ་སྐུ་དང་མཚུངས་ཤིང། ཞལ ་གཡས་པ་དང་གཡོན་པ་དཀར་པོ་དང་དམར་པོ་མདའ་པ། མེ་ཏོག་སྣ་ཚོགས་ཀྱིས་བཅིངས་བའི་ཐོར?་ཚུགས་ཅན་མི་བསྐྱོད་པའི་དབང་བསྐུར་བ་དང་ལྡན་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡས་པ་ན་རྡོ་རྗེ་དང་འཁོར་ལོ་དང་ཨུཏཔ་ལ་རྩ་དམར་བ། ་གཡོན་པ་ན་སྒེག་པ་དང་བཅས་པས་དྲིལ་བུ་དང་རིན་པོ་ཆེ་དང་རལ་གྲི་བསྣམས་པ་ཕྱུང་སྟེ། དེས་བགེགས་ཆེན་པོ་རྣམས་ཀྱིས་འཇིགས་པས་ཉེན་པ་རྣམས་ཀུན་ཏུ་བསྲུངས་ནས་བཀུག་སྟེ། བདེན་བྲལ་གྱི་ཕྱོགས་སུ་པདྨ་དང་ཉི་མ་ལ་བཞུགས་ཤིང་མགོན ་པོ་ལ་གཟིགས་བར་བལྟ་བར་བྱའོ། །དེ་བཞིན་དུ་ཆོས་ཀྱི་དབྱིངས་རྡོ་རྗེ་མ་ལ་ཐུག་པའི་ལྷ་མོ་རྣམས་ནི་མེ་ཏོག་སྣ་ཚོགས་ཀྱིས་བཅིངས་པའི་ཐོར་ཚུགས་དང་ལྡན་པའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་རལ་པའི་ཅོད་པན་དང་ལྡན་པ། །དཀྱིལ ་འཁོར་བ་ཐམས་ཅད་རྩ་བའི་ཞལ་སྐུ་དང་མཚུངས་ཤིང་རང་གི་དེ་བཞིན་གཤེགས་པ་རྣམས་ཀྱི་དབང་བསྐུར་བ་དང་ལྡན་པའོ། །མོ་ཧ་ར་ཏི་ཞེས་བྱ་བ་འདིས་སངས་རྒྱས་སྤྱན་ཞལ་གསུམ་པ་སྟོན་ཀའི་ཟླ་བ་ལྟ་བུ་ཞི་བའི་རོ་དང་ལྡན་པ། ཞལ ་གཡས་པ་དང་གཡོན་པ་སྔོན་པོ་དང་དམར་པོ་མངའ་བ། འོད་ཟེར་དཀར་པོས་ཁྱབ་པའི་འོད་དང་ལྡན་པ། རྣམ་པའི་མཆོག་ཐམས་ཅད་དང་ལྡན་ཞིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡས་པ་རྣམས་ཀྱིས་འཁོར་ལོ་དང ་རྡོ་རྗེ་དང་ཨུཏཔ་ལ་དཀར་པོ་དང། གཡོན་པ་རྣམས་ཀྱིས་དྲིལ་བུ་དང་རིན་པོ་ཆེ་དང་རལ་གྲི་བསྣམས་པ་དེས་གདོན་ལ་སོགས་པ་རྣམས་ཀྱིས་ཉེན་པ་རྣམས་ཞི་བར་བྱས་ཏེ། དེ་སླར་བཀུག་ནས་མེའི?་ཕྱོགས་སུ་ཟླ་བ་ལ་བཞུགས་སོ། །རཱ་ག་ར་ཏི་ཞེས ་བྱ་བ་འདིས་གོས་དཀར་མོ་པདྨ་རཱ་ག་དང། ཟླ་བའི་མདོག་ཅན། ཞལ་གཡས་པ་དང་གཡོན་པ་སྔོན་པོ་དང་དཀར་པོ་མདའ་བ། མཚན་ཐམས་ཅད་ཡོངས་སུ་རྫོགས་ཤིང། རྒྱན་ཐམས་ཅད་ཀྱིས་མཛེས་པ། གཡོན་པ་ན་སྒེག་པ་དང་བཅས་པས་སྡོད ་པུའི་ཁྲི་ཤིང་དང་བཅས་པའི་དྲིལ་བུ་བསྣམས་ཤིང། གཡས་པས་ཨུཏཔལ་དམར་པོ་ཁ་འབྱེད་པ། གཡས་དག་ན་རྡོ་རྗེ་དང་འཁོར་ལོ། གཡོན་པ་དག་ན་ནོར་བུ་དང་རལ་གྲི་བསྣམས་པ་དེས་གདོན་ལ་སོགས་པས་བསྐམས་པ་རྣམས་རྒྱས་པར་བྱ་སྟེ། ་རླུང་གི་ཕྱོགས་སུ་པདྨའི་སྟེང་གི་འདབ་མ་ལ་བཞུགས་སོ། །བཛྲ་ར་ཏིའི་ས་བོན་ལས་སྒྲོལ་མ་མ་རྒད་ལྟར་ལྗང་སེར་དུ་སྣང་བ། ཡན་ལག་ཐམས་ཅད་མཚན་དང་ལྡན་ཞིང་བུད་མེད་ཀྱིས་བསྒྲུབ་པར་བྱ་བའི་འདོད་པ་ལ་བརྩོན་པ། སྒེག་ཅིང་འཛུམ་ལ་ཟུར ་མིག་དང་ལྡན་པའི་ཞལ་མངའ་བ། ཞལ་གཡས་པ་དང་གཡོན་པ་སྔོན་པོ་དང་དཀར་པོ་མངའ་བ། གཡས་པ་རྣམས་ཀྱིས་རལ་གྲི་དང་སྣ་ཚོགས་རྡོ་རྗེ་དང་འཁོར་ལོ། །གཡོན་པ་རྣམས་ཀྱིས་དྲིལ་བུ་དང་རིན་པོ་ཆེ་དང་ཨུཏཔ་ལ་ལྗང་སེར་བསྣམས་པ་བྱུང་སྟེ། ་ཆགས་ཤིང་སྔར?་ལ་རྨོངས་པར་གྱུར་པ་རྣམས་འོད་ཟེར་རྣམས་ཀྱིས་རེག་པས་དབང་དུ་བྱས་ནས། ལོག་སྟེ་དབང་ལྡན་གྱི་མཚམས་འོད་ཟེར་གྱི་དཀྱིལ་འཁོར་ལ་བཞུགས་ཏེ་མགོན་པོ་ལ་གཟིགས་པར་བསམ་པར་བྱའོ། །ཡི་གེ་ཐལིཾ་ལས་སའི་སྙིང་པོ ་སྐུ་མདོག་དང་ཞལ་ལ་སོགས་པ་རྣམ་པར་སྣང་མཛད་དང་མཚུངས་པའོ། །ཡི་གེ་ཨོཾ་ཚར་གསུམ་པའི་ས་བོན་ལས་བྱམས་པ་ཕྱག་གཡས་པ་ན་ན་ག་གེ་སར་གྱི་ལྟུག?་མ་དང་ལྡན་པ། ལྷག་མ་སྔ་མ་དང་མཚུངས་པའོ། །ཡི་གེ་ཨོཾ་གསུམ ་ལས་གོ་རིམ་བཞིན་དུ་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་ལ་གནས་པའི་ཕྱག་ན་རྡོ་རྗེ་དང་ནམ་མཁའ་ཨི་སྙིང་པོ་དང་འཇིག་རྟེན་དབང་ཕྱུག། མི་བསྐྱོད་པ་དང་རིན་ཆེན་འབྱུང་ལྡན་དང་འོད་དཔག་ཏུ་མེད་པ་དང་མཚུངས་པའོ། །ཡི་གེ་ཧཾ་ལས་བྱུང་བའི ་འཕགས་པ་འཇམ་དཔལ་གཡས་པའི་རྩ་བའི་ཕྱག་གིས་རལ་གྲི་འཕྱང་ཞིང། གཡོན་པས་ཐུགས་ཀའི་ཕྱོགས་སུ་དྲིལ་བུ་བསྣམས་པའོ། །ཧཱ་ཞེས་བྱ་བ་འདི་ལས་སྒྲིབ་ལ་ཐམས་ཅད་རྣམ་པར་སེལ་བ་ཕྱག་གཡོན་པ་རོལ་པའི་ཚུལ ་གྱིས་གང་ན་མནན་པ། གཡས་པ་ན་མེ་ཏོག་གི་ཕྱག་རྒྱས་རྡོ་རྗེ་ཨུཏཔལ་བརྣམས་པ། ལྷག་མོ་དོན་ཡོད་པ་དང་མཚུངས་པ། ཡི་གེ་ཨོཾ་ལས་ཀུན་ཏུ་བཟང་པོ་དེ་དང་མཚུངས་པའོ། །དེ་ནས་ཨོཾ་སྭཱ་ཨཱ་ཧཱ་ཧཱུཾ་ཨ་ཞེས་བྱ་བ་དེ་རྣམས ་ལས་གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་དང། བྱམས་པ་དང་འཇམ་དཔལ་གྱི་ས་བོན་དག་ལས་བྱམས་པ་དང་སྙིང་རྗེ་མ་ས་བོན་གསུམ་གྱིས་བྱིན་གྱིས་བརླབས་པ་རྣམས་བྱུང་སྟེ། དེ་རྣམས་ཀྱིས་རྣམ་པ་གསུམ་པའི ་གཟུགས་ལ་སོགས་པའི་ཡུལ་རྣམས་དང། བྱམས་པ་དང་སྙིང་རྗེ་དག་རྣམ་པར་སྦྱངས་ནས་བཀུག་སྟེ་དབང་ལྡན་གྱི་ཕྱོགས་དང་ཉེ་བ་ནས་བརྩམས་ནས། ཤར་དུ་སའི་སྙིང་པོ་དང་གཟུགས་རྡོ་རྗེ་མ་བྱམས་པ་དང་ལྷ་མོ་བྱམས་ན ་དགོད་པར་བྱའོ། །དེ་བཞིན་དུ་ལྷོ་རུ་ཕྱག་ན་རྡོ་རྗེ་དང་སྐྲ?་རྡོ་རྗེ་མ་ནམ་མཁའ་ཨི་སྙིང་པོ་དྲི་རྡོ་རྗེ་མའོ། །དེ་བཞིན་དུ་ནུབ་དུ་འཇིག་རྟེན་དབང་ཕྱུག་དང་རོ་རྡོ་རྗེ་མ། འཇམ་དཔལ་དང་ལྷ་མོ་སྙིང་རྗེ་མའོ། །བྱང་དུ་ནི་སྒྲིབ་པ་རྣམ་པར་སེལ་བ ་དང་རེག་བྱ་རྡོ་རྗེ་མ། ཀུན་ཏུ་བཟང་པོ་དང་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་སྟེ་རང་གི་ཕྱོགས་དང་རྗེས་སུ་མཐུན་པའི་གདན་ལ་བཞུགས་པ་དང། རང་གི་དེ་བཞིན་གཤེགས་པ་རྣམས་ཀྱི་ཁ་དོག་དང་ལྡན་པ་རྣམས་བསྒོམ་པར་བྱའོ། ། ་ཁྱད་པར་རྣམས་ནི་བརྗོད་པར་བྱ་སྟེ། གཟུགས་རྡོ་རྗེ་མ་ནི་ཕྱག་གཉིས་ཀྱིས་མེ་ལོང་འཛིན་པའི་བྱ་བ་དང་ལྡན་པའོ། །དེ་བཞིན་དུ་ཐམས་ཅད་ཀྱང་ན་ག་གེ་སར་གྱི་ལྷུག?་མ་དང། པི་བང?་བརྡུང་པ་དང་དྲིའི་དུར་ཕོར་དང། ཡེ་ཤེས་ཀྱི་བདུད་རྩིའི ་སྣོད་དང། རལ་གྲི་དང་དྲིལ་བུ་དང་མཛའ་གཉིས་སུ་རྡོ་རྗེས་མཚན་པའི་ཀ་ཙ་ཡིན་ངའི་གོས་རེག་བྱ་བདེ་བ་དང་ལྡན་པ་དང། སྣ་ཚོགས་རྡོ་རྗེ་མཚན་པའི་གྲུ་གསུམ་དཀར་པོ་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྣམས་ཕྱག་གཉིས་ན་བསྣམས་པའོ། །ཡ་མནྟ ་ཀྲིཏ་ཅེས་བྱ་བ་འདི་ཡིས་འཕགས་པ་གཤིན་རྗེ་མཐར་བྱེད་འཇིག་པའི་དུས་ཀྱི་སྤྲིན་གྱི་ཚོགས་དང་མཚུངས་པ། ཞལ་གཡས་པ་དང་གཡོན་པ་དཀར་པོ་དང་དམར་པོ་མདའ་བ། འོད་ཟེར་འབར་བའི་ཚོགས་རྣམས་ཀྱིས་ནམ་མཁའ་ཨི་དབྱིངས་མ ་ལུས་པ་ཁྱབ་པ། གཡས་པ་རྣམས་ན་འཁོར་ལོ་དང་རལ་གྲི་དང་ཐོ་བ་བསྣམས་པ། གཡོན་པ་དྲིལ་བུ་དང་བཅས་པས་སྙོམས་པར་ཞུགས་པའི་རོ་ལངས་མའི་ནུ་མ་འཛིན་ཅིང། གཞན་དག་གིས་དགྲ་སྟ་དང་ཞགས་བའོ། །པྲཛྙཱནྟ ་ཀྲིཏ་ཅེས་བྱ་བས་གཞན་གྱིས་མི་ཐུབ་པ་དཀར་པོ་ཞལ་གཡས་དང་གཡོན་སྔོན་པོ་དང། དམར་པོ་མངའ་བ། གཡས་པ་རྣམས་ཀྱིས་རྡོ་རྗེ་དང་དབྱུག་པ་སྐོར་བ་དང་རལ་གྲི་འཕྱར་བའོ། །གཡོན་པ་དྲིལ་བུ་དང་བཅས་པས་གཞན་གྱིས་མི་ཐུབ ་མའི་ནུ་མ་འཛིན་ཅིང། གཞན་དག་གིས་དགྲ་སྟ་དང་སྡིག་མཛུབ་ཞགས་པ་དང་ལྡན་པའོ། །པདྨནྟ་ཀྲིཏ་ཅེས་བྱ་བས་རྟ་མགྲིན་མེ་ཏོག་བནདྷུ་ཀ་ལྟ་བུ། ཞལ་གཡས་དང་གཡོན་སྔོན་པོ་དང་དཀར་པོ་མངའ་བ། གད་བརྒྱངས་ཀྱིས་རི་བོའི ་ཚོགས་འཇིག་བར་མཛད་པ། གཡས་པ་རྣམས་ཀྱིས་པདྨ་བསྐྱོད་པ་དང་རལ་གྲི་དང་ཐོ་བ་བསྣམས་པ། གཡོན་པས་དེ་བཞིན་དུ་ཁྲོ་གཉེར་ཅན་གྱི་ནུ་མ་དང་གཞན་དག་གིས་དགྲ་སྟ་དང་ཞགས་པ་འཛིན་པའོ། །དིགྷྣཱནྟ་ཀྲིཏ་ཅེས་བྱ་བས་འཕགས་པ ་བདུད་རྩི་འཁྱིལ་པ་བགེགས་ཀྱི་རིགས་མ་ལུས་པ་སྐྲག་པར་མཛད་པ་ཟར་མའི་མེ་ཏོག་ལྟ་བུ། ཞལ་གཡས་པ་དང་གཡོན་པ་དཀར་པོ་དང་དམར་པོ་མངའ་བ། གཡས་བ་རྣམས་ཀྱིས་སྣ་ཚོགས་རྡོ་རྗེ་བསྐྱོད་བའི་དང་རལ་གྲི་དང་ཐོ་བ་བསྣམས ་པ། གཡན་པས་རལ་པ?་གཅིག་མའི་ནུ་མ། གཞན་དག་གིས་དགྲ་སྟ་དང་ཞགས་པ་འཛིན་པ་སྟེ། ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པ་དེ་རྣམས་ཡ་མནྟ་ཀྲིཏ་ཅེས་བྱ་བ་ལ་སོགས་པ་བརྗོད་པས་རིམ་པ་བཞིན་དུ་ཕྱུང་སྟེ། སེམས་ཅན ་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་འཆི་བདག་དང་ཉོན་མོངས་པ་དང་ཕུང་པོ་དང་ལྷའི་བུའི་བདུད་ཀྱི་རྣམ་བར་རྟོག་བ་རྣམས་བསལ་ནས། ལོག་སྟེ་ཤར་དང་ལྷོ་དང་ནུབ་དང་བྱང་གི་སྒོ་རྣམས་སུ་རང་གི་པདྨའི་ཉི་མའི་གདན་རྣམས་ལ། གཤིན་རྗེ ་དང་ཁྱབ་འཇུག་དང་ཚངས་བ་དང་བགེགས་ཀྱི་བདག་པོ་དང་ལུས་དན་པོ་དང་འདོད་པའི་ལྷ་ལ་སོགས་བའི་རང་བཞིན་ཅན་དེ་རྣམས་ཉིད། གོ་རིམ་བཞིན་དུ་གཡས་བརྐྱང་པ་དང་གཡོན་བརྐྱང་བ་དང་ས་ག་དང་ཟླུམ་པའི་འདུག་སྟངས་རྣམས་ཀྱིས ་མནན་ནས་བཞུགས་པར་བསམ་པར་བྱའོ། །ཁྲོ་བོ་འདོད་པ་ཨིནྡྲ་ནཱི་ལའི་མདོག་དང་ལྡན་ཞིང་ཁྲོ་བ་དང་བཅས་པ། ཞལ་གཡས་པ་དང་གཡོན་པ་དཀར་པོ་དང་དམར་པོ་མངའ་བ། སྒེག་བའི་ཆ་བྱད་ཅན། ཕྱག་བཞི་པ། རྩ་བའི་ཕྱག་དག་ན་འདོད་པའི ་རྒྱལ་པོའི་ཕྱག་རྒྱས་རྡོ་རྗེ་ལྕགས་ཀྱུ་དང་ཞགས་པ་བསྣམས་ཤིང། གཞན་དག་གིས་མདའ་དང་གཞུ་བསྣམས་པ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་ཞིང། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཉི་མ་ལྟ་བུའི་འོད་མངའ་བ། མེའི་མཚམས་སུ ་པདྨ་དང་ཉི་མའི་གདན་ལ་གཡོན་བརྐྱང་པས་མེ་ལྷ་མནན་ནས་བཞུགས་པར་བསམ་བར་བྱའོ། །དབྱུག་པ་སྔོན་པོ་སྐུ་མདོག་ལ་སོགས་པ་རྣམས་བདུད་རྩི་འཁྱིལ་པ་དང་མཚུངས་པ། ཕྱག་གཡས་པ་རྣམས་ཀྱིས་དབྱུག་བ་སྤོན ་པོ་བསྐྱོད་པ་དང་འཁོར་ལོ་དང་པདྨ་བསྣམས་པ། གཡོན་པ་དྲིལ་བུ་དང་བཅས་པས་སྙོམས་པར་ཞུགས་ཤིང་འཁྱུད་པའི་རིག་མའི་ནུ་མ་འཛིན་ཅིང། གཞན་དག་གིས་རིན་པོ་ཆེ་དང་རལ་གྲི་བསྣམས་པ། བདེན་བྲལ་གྱི་མཚམས་སུ་གཡོན་བརྐྱང་བའི ་འདུག་སྟེངས་ཀྱིས་བདེན་བྲལ་མནན་ནས་བཞུགས་སོ། །འཕགས་པ་སྟོབས་པོ་ཆེ་འཕགས་པ་དབྱུག་པ་སྔོན་པོ་དང་མཚུངས་ཏེ། འོན་ཀྱང་ཕྱག་གཡས་པ་དག་གིས་འོད་ཟེར་དཀར་པོ་དང་ལྡན་པའི་རྡོ་རྗེ་དང། འཁོར་ལོ་བསྣམས་པ། རླུང་གི ་མཚམས་སུ་རླུང་ལྷ་དང།?་ཆུ་ལྷ་དག་མནན་ནས་བཞུགས་སོ། །འཕགས་པ་མི་གཡོ་བ་སྐུ་མདོག་ལ་སོགས། རྣམས་མི་བསྐྱོད་པ་ཅན་ཏེ། འོན་ཀྱང་གཡས་པའི་རྩ་བའི་ཕྱག་གིས་རྡོ་རྗེ་རལ་གྲི་བསྐྱོད་ཅིང། གཞན་ཕྱག་གཡོན་པ་དྲིལ་བུ་དང ་ཞགས་པ་དང་བཅས་པས་རིག་མའི་ནུ་མ་འཛིན་པ། གསུམ་པས་པདྨ་བསྣམས་པ། དབང་ལྡན་གྱིས་མཚམས་སུ་གཡོན་བརྐྱང་པས་དབང་ཕྱུག་ཆེན་པོ་མནན་ནས་བཞུགས་སོ། །ཡི་གེ་བྲུཾ་ལས་བྱུང་བའི་གཙུག་ཏོར་འཁོར་ལོས་སྒྱུར་བ་ཆེན་པོ ་རིག་མ་དང་བཅས་ཤིང་སྐུ་མདོག་སེར་པོ། །རྩ་བའི་ཞལ་སྐུ་དང་མཚུངས་ཤིང། ཞལ་གཡས་པ་དང་གཡོན་པ་སྔོན་པོ་དང་སེར་པོ་མངའ་བ། ཕྱག་ལ་སོགས་པ་རྣམ་པར་སྣང་མཛད་དང་མཚུངས་པ་སྟེ། འོན་ཀྱང་མདུན་དུ་རྩ་བའི་ཕྱག་གིས ་གཙུག་ཏོར་བསྣམས་ཤིང། རྡོ་རྗེ་དང་པདྨ་དང་འཁོར་ལོ་དང་ཕྲེང་བ་དང་ལྡན་པ། འོག་ཏུ་པདྨ་དང་ཉི་མའི་གདན་ལ་གཡོན་བརྐྱང་བས་ཐག་བཟང་རིས་དང་ཀླུ་རྣམས་དང་སའི་ལྷ་མོ་མནན་ནས་བཞུགས་པའོ། །དཔལ་གནོད་འཛེས་རྒྱལ་པོ་ནི ་སྔ་མ་དང་མཚུངས་པ་སྟེ། འོན་ཀྱང་སྟེང་ན་ཚངས་བ་དང་ཉི་མ་དང་ཟླ་བ་ལ་སོགས་པ་རྣམས་མནན་ནས་བཞུགས་པར་བསམ་པར་བྱ་སྟེ། ལེའུ་བཅོ་བརྒྱད་པ་ལས། འདོད་དབྱུག་སྟོབས་ཆེན་མི་གཡོ་བ། ལྕགས་ཀྱུ་དབྱུག་པ་རྩེ་གསུམ་དང། ་རལ་གྲི་མཚམས་རྣམས་དག་ཏུ་དགོད། །འཁོར་ལོ་གནོད་མཛེས་འོག་སྟེང་དུ། ཞེས་བསྟན་པའི་ཕྱིར་རོ། །ཁྲོ་བོ་དེ་རྣམས་ཐམས་ཅད་ཀྱང་སྨིན་མ་བཏེག་ཅིང་ཁྲོ་གཉེར་དང་བཅས་པ། འཇིག་པའི་དུས་ཀྱི་མེ་དང་ཉི་མ་དང་མཚུངས་པའི་སྤྱན་ཟླུམ་པོ་གཡོ ་ཞིང་འཇིགས་སུ་རུང་བ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། བུམ་པ་ལྟར་སྔོ་བའི་ཀླུ་མཛའ་ཡས་དང་རིགས་ལྡན་དག་གིས་བཅིངས་པའི་ཐོད་པའི་ཕྲེང་བ་དང་ལྡན་པའི་ཅོད་པན་མངའ་བ། སྨ་ར་འབར་བས་ཤིན་ཏུ་བསལ་ཞིང་མཆེ་བ་གཅིགས་ལ་ཁྲོ་བ ་དང་བཅས་ཤིང་བཞད་པའི་ཞལ་མངའ་བ། གསུས་པ་འཕྱང་ཞིང་བྲད་རྒྱ་ཆེ་བ་དང་ལྡན་པ་གསེར་དང་མཚུངས་པའི་འཇོག་པོ་སྒེག་པ་དང་བཅས་པས་རྣ་རྒྱན་བྱས་ལ། གསེར་བཅོ་མ་དང་མཚུངས་པའི་ཀླུ་པདྨ་ཆེན་པོ་ཞེས་བྱ་བས་བརྒྱན་པ། ་པདྨའི་སྐུད་པ་ལྟང?་དཀར་བའི་སྟོངས་རྒྱུ་བའི་ཚངས་པའི་སྐུད་པ་ཐོགས་པ། པདྨ་དམར་པོ་ལྟ་བུའི་ནོར་རྒྱས་ཀྱི་བུས་རྣམ་པར་སྦྲས་པའི་སྐ་རགས་བཟང་པོ་མངའ་བ། ཀླུ་པདྨ་དང་དུང་སྐྱོད་དཀར་པོ་དང་དམར་པོས་རྐང་གདུབ་བྱས་པ། སེང ་གེའི་པགས་པ་རློན་པ་བསྣམས་ཤིང། སྟག་གི་པགས་པའི་ཤམ་ཐབས་དང་ལྡན་པར་བསམ་པར་བྱའོ། །དེ་བཞིན་གཤེགས་པ་རྣམས་ནི་སེམས་པའི་སྐྱིལ་མོ་ཀྲུང་གིས་རང་གི་རིག་མ་དང་བཅས་པའོ། །ལྷ་མོ་རྣམས་ནི་བདག་པོ་རྣམས་དང་པོ།། ་བྱང་ཆུབ་སེམས་དཔའ་རྣམས་ནི་རང་གི་རིག་མ་རྣམས་དངའོ། །དེ་ཁོ་ན་བཞིན་དུ་ཁྲོ་བོ་རྣམས་ནི་གཡས་བརྐྱང་བ་ལ་སོགས་པའི་འདུག་སྟངས་ཀྱིས་བཅས་པའོ། །དེ་ལྟར་སྐུ་དང་གསུང་དང་ཐུགས་དང་ཤེས་རབ་དང་བཅས་པ་སྟེ། ་ཕྱག་རྒྱ་བཞིས་ལྷའི་འཁོར་ལོ་རྒྱས་བཏབ་པར་བལྟ་བར་བྱས་ཏེ། སྐུ་ནི་ཕྱག་རྒྱ་ཆེན་པོ་སྟེ། གསུང་གི་ཆོས་ཀྱི་ཕྱག་རྒྱ་ཡིན། ཐུགས་ནི་ལས་ཀྱི་ཕྱག་རྒྱ་སྟེ། ཤེས་རབ་དམ་ཚིག་ཕྱག་རྒྱར་བཤད་ཅེས་གང་གསུངས་བའོ། །དེ་ནས་རང ་གི་ཡེ་ཤེས་ཀྱི་འོད་ཟེར་གྱི་ལྕགས་ཀྱུ་རྣམས་ཀྱིས་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་བསྡུས་ནས་ཆུའི་རླབས་བཞིན་དུ་དཀྱིལ་འཁོར་པ་རྣམས་ལ་བཅུག་སྟེ། དེ་རྣམས་དང་ལྷན་ཅིག་ཐ་མི་དད་པར་ལྷའི་འཁོར་ལོ་བསམ་པར་བྱའོ། །དེ་ནས་དཀྱིལ་འཁོར་ལས་ཕྱི ་རོལ་དུ་གསེར་གྱི་མདོག་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། པདྨའི་སྟེང་ན་འདུག་ཅིང། བདེ་བའི་ཡོ་བྱད་ཐམས་ཅད་ཐོགས་པའི་བུད་མེད་རིན་པོ་ཆེ་དང། དེ་བཞིན་དུ་གནོད་སྦྱིན་གྱི་ཆ་བྱད་ཅན་གྱི་ཁྱིམ་བདག་རིན་པོ་ཆེ་དང། མཆེ་བ་དྲུག་དང་ལྡན ་ཞིང་དཀར་བའི་བླང་པོ་ཆེ་དང། མཐོ་ཞིང་སེར་བའི་རྟ་རིན་པོ་ཆེ་དང། རིན་པོ་ཆེ་དུ་མས་སྤྲས་བའི་ཆང་ཟུངས་དང་ལྡན་ཞིང། ཨུཏཔ་ལ་སྔོན་པོའི་བདེ?་བ་མ་ལྟ་བུའི་རལ་གྲི་རིན་པོ་ཆེ་དང། འོད་ཟེར་འཕྲོ་ཞིང་རྩིབས་བརྒྱད་དང་ལྡན་པའི་འཁོར་ལོ་རིན་པོ་ཆེ་དང། ་འོད་ཟེར་དཔག་ཏུ་མེད་པས་ནམ་མཁའ་ཨི་དབྱིངས་མ་ལུས་པ་གསལ་བར་བྱེད་པའི་དམག་དཔོན་རིན་པོ་ཆེ་དང་རྡོ་རྗེའི་ལྷའི་བུ་མོ་དང། གྲུབ་བ་དང་རིག་པ་འཛིན་པ་ལ་སོགས་པའི་ཆོགས་རབ་ཏུ་དགའ་བ་དང་ལྡན་པ་རྣམས་ཀྱིས་བྱས་པའི་གླུ་དང་གར་དང་པི་བང ་དང་གླིང་བུ་དང་རྫ་རྔ་དང་ཁར་དཀྲོལ་ལ་སོགས་པའི་ཅ་ཅོའི་སྒྲས་ནམ་མཁའ་ཨི་དབྱིངས་མ་ལུས་པ་ཀུན་ཏུ་གང་ཞིང་འཁྲུགས་པ་དང། གསེར་གྱི་མདོག་ཅན་གྱི་ཨུཏཔ་ལ་དང། པདྨ་དཀར་པོ་ལ་སོགས་པ་རྣམ་པ་སྣ་ཚོགས་པ་རྣམས་ཀྱིས་བརྒྱན་པ་།དང ་པ་དང་ངུར་པ་ལ་སོགས་པའི་ཚོགས་ཡིད་དུ་འོང་ཞིང་སྒྲ་སྙན་པ་སྒྲོགས་པ་རྣམས་དང་ལྡན་པས་ཡིད་དུ་འོད་བ། མེ་ཏོག་དང་ཤིང་མཆོག་རྣམ་པ་ཐ་དད་པ་རྣམས་ཀྱིས་བརྒྱན་པ། རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱི་སྐས་དང་ལྡན་པའི་རྫིང་བུ་རྣམས་དང། ་དཔག་བསམ་གྱི་ཤིང་རྣམས་དང། ཕྱོགས་བཞི་རུ་འཁོར་ལོ་མཆོད་པའི་ཕྱིར་དྲི་དང་སྤོས་དང་མར་མེ་དང་མེ་ཏོག་དང་བཟའ་བ་དང་བཅའ་པ་དང་ཁང་བཟད་དཀར་པོ་བླ་ན་མེད་པ་དང། སྐྱེས་མོས་ཚལ་དང་བཞོན་པ་དང། མལ་སྟན་དང། གདན?་ལ? ་སོགས་པ་དཔག་ཏུ་མེད་པ། ཡི་གེ་སྭཱའི་ས་བོན་ལས་བྱུང་བ། ཆོས་ཀྱི་དབྱིངས་ཀྱི་མཐས་གཏུགས་པ་བསམ་པར་བྱའོ། །དེ་ནས་རང་བཞིན་དག་པའི་ཆོས་རྣམས་ཀྱི། །ཆོས་དབྱིངས་གནས་པ་མེད་པ་ལ། །རྟོག་པའི་རྡོ་རྗེ་ལས་བྱུང་བ། །རྫོད? ་པ་ཡང་ནི་བརྗོད་པ་མིན། །ཞེས་བྱ་བ་འདིས་སྟོང་པ་ཉིད་དུ་རོ་གཅིག་ཅིང། བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་དཀྱིལ་འཁོར་པའི་ལྷ་རྣམས་དང་ཐ་དད་པ་མེད་ཅིང་རང་བཞིན་གྱིས་འོད་གསལ་བའི་མཆོག་ཏུ་དགའ་བའི ་རང་བཞིན་དུ་བདག་ཉིད་བསྒོམ་པར་བྱའོ་ཞེས་བྱ་བ་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པའོ།། །།ལས་རྒྱལ་པོ་མཆོག་ནི་དེ་ཉིད་དུ་ཞེ་སྡང་ལ་སོགས་པ་རྣམས་ལ་མངོན་པར་དགའ་བའི ་སེམས་ཅན་གྱི་དོན་བྱ་བའི་མཚན་ཉིད་དུ་ཁོང་དུ་ཆུད་པར་བྱའོ། །དེ་ནས་བརྟན་པར་བྱ་བའི་ཕྱིར་ཕྲ་མོའི་རྣལ་འབྱོར་བསྒོམ་པར་བྱ་སྟེ། རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པས་ནི་རང་གི་རིག་མའི་པདྨའི་སྣ་རྩེ་རིན་པོ་ཆེ་ཁ་དོག་སྣ་ལྔ་པ་ཡུངས་ཀར་གྱི ་འབྲུའི?་ཚད་ཙམ་བསམས་ལ། དེའི་ནང་དུ་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ཀྱི་རང་གི་འཁོར་ལོ་བདག་པོ་དང་བཅས་པ་འམ། ལྷ་མོ་བཞིས་ཡོངས་སུ་བསྐོར་བའི་གསང་བ་ལྔའི་བདག་ཉིད་བལྟ་བར་བྱའོ། །ཡང་ན་ཕུང ་པོ་ལ་སོགས་པ་བྱིན་གྱིས་བརླབས་པ་སྙོམས་པར་ཞུགས་ཤིང་ལས་ལ་གནས་པའི་གཟུགས་གཅིག་པུ། ཇི་སྲིད་སྒྲ་ལ་སོགས་པ་ཉེ་བར་གྱུར་པ་མི་དམིགས་པ་དང། བསམ་པར་བྱ་བ་ཅམ་ལ་དམིགས་པའི་མཚན་མའི་སྐོ་ནས་སེམས ་བརྟན་པར་གྱུར་པར་སེམས་ཀྱིས་ཤེས་པར་གྱུར་པ་དེ་སྲིད་དུ་བསྒོམ་པར་བྱའོ། །དེ་ནས་སངས་རྒྱས་འབར་བའི་འོད་དང་མཚུངས་པའི། །རབ་མཆོག་སྤྲིན་རྣམས་སྤྲོ་བར་བྱ། །དེ་ནས་རྡོ་རྗེ་དང་འཁོར་ལོ ་དང་དྲིལ་བུ་དང། རིན་པོ་ཆེ་དང་པདྨའི་དང་རལ་གྲིའི་སྤྲིན་དང། དེ་བཞིན་གཤེགས་པ་ལ་སོགས་པ་དཀྱིལ་འཁོར་པ་རྣམས་ཀྱིས་ནམ་མཁའ་ཨི་དབྱིངས་མ་ལུས་པ་ཏིལ་གྱི་གང་བུ་བཞིན་དུ་ཀུན་ཏུ་བཀང་སྟེ། བསྡུ་བ་དང་བསྟིམ་པ་དང་བརྟན ་པར་བྱ་བ་དང། རྗེས་སུ་མཉེས་པར་ཡིད་བྱའོ། །དེ་བཞིན་དུ་ཞེ་སྡང་རྡོ་རྗེའི་རྣལ་འབྱོར་པས་ནི་ཨུཏཔལ་སྔོན་པོའི་འདབ་མ་ལྟ་བུའི་རྡོ་རྗེ་རྩེ་དགུ་པ་འབར་བ་ནས་ཀྱི་འབྲུའི་ཚད་ཙམ་དང། དེ་བཞིན་གཤེགས་པའི་རིགས་ཀྱི་མི་བསྐྱོད་བའི་རྣལ ་འབྱོར་པས་ནི་རྡོ་རྗེ་རྩེ་ལྔ་པ་འབར་བ་དང། རང་གི་རིགས་ཀྱི་དེ་བཞིན་གཤེགས་པའི་རྣལ་འབྱོར་པས་ནི་ཙ་ན་ཀའི་འབྲས་བུའི་ཚད་ཙམ་གྱི་འཁོར་ལོ་རྩིབས་བརྒྱད་པ་དང། དེ་བཞིན་དུ་པདྨ་རིགས་ཀྱི་རྣལ་འབྱོར་པས་པདྨ་འདབ་མ་བརྒྱད་པ ་དང། རིན་པོ་ཆེའི་རིགས་ཀྱི་རྣལ་འབྱོར་པས་སྔ་མ་བཞིན་དུ་རིན་པོ་ཆེ་སྟེ། འོན་ཀྱང་བཻརཱུརྱ་དང། རང་གི་རིགས་ཀྱི་དོན་ཡོད་པར་གྲུབ་པའི་རྣལ་འབྱོར་པས་ཨུཏཔལ་ལྗང་ཀུའི་མདབ་མ་ལྟ་བུའི་རལ་གྲི་ནས་ཀྱི་འབྲུའི་ཚད་ཙམ་བསམས་ལ། ་ཐམས་ཅད་ཀྱི་ཆོ་ག་ཀུན་རྡོ་རྗེ་འཆང་ཆེན་པོའི་དང་མཚུངས་པར་བྱའོ། །དེ་ལྟར་མཚན་མ་དང་ལྷའི་རྗེས་སུ་གནང་བ་ཐོབ་པ། སྒྲུབ་པའི་དཀྱིལ་འཁོར་དུ་ཐམས་ཅད་བྱེད་ཅིང་གྲུབ་པ་ནི་འགྲོ་བ་མ་ལུས་པ་རྣམས་ཀྱི་བསམ་པ་ཡོངས་སུ་རྫོགས ་པར་བྱེད་ནུས་པར་འགྱུར་རོ། །བཟླས་བ་ཡང་བྱ་སྟེ། རང་གི་སྙིང་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀའི་པདྨ་དང་ཟླ་བ་ལ་ཧཱུཾ་མཾ་ཨཱ:ཧཱུཾ་བཛྲ་དྷྲིཀ་སྭཱཧཱ། །ཞེས་བྱ་བའི་སྔགས་ཀྱི་ཕྲེང་བ་མགོ་གྱེན་དུ་བལྟས་ཤིང། ཁང་པའི་ནང་ན་གནས ་པའི་མར་མེ་བཞིན་དུ་ལུས་ཀྱི་ཡན་ལག་ཀུན་ཏུ་གསལ་བར་བྱེད་པ་བཀོད་ལ། མར་མེ་ལས་མར་མེ་འབྱུང་བ་བཞིན་དུ་ཡེ་ཤེས་སེམས་དཔའ་ཨི་རྡོ་རྗེ་ནས་ཕྱུང་སྟེ། རང་གི་རིག་མའི་ཁ་ནས་ཡེ་ཤེས་ཀྱི་རིག་མའི་ཞལ་དུ་བཅུག་ལ། དེ་བཞིན་དུ་རྫོགས ་པའི་བྱང་ཆུབ་ཀྱི་འབྲས་བུའི་རང་བཞིན་གྱི་འཁོར་ལོ་བཅུག་ནས། དེའི་པདྨའི་ལམ་དང་རིག་མའི་པདྨའི་ལམ་ནས་ཕྱུང་སྟེ། རང་གི་རྡོ་རྗེའི་ལམ་དང་ཡེ་ཤེས་སེམས་དཔའ་དེའི་ལམ་ནས་བཅུག་ལ། དཀྱིལ་འཁོར་དེ་ཐུགས་ཀའི་ཟླ་བའི་དཀྱིལ ་འཁོར་ལ་གཞུག་ཅིང་བཟླས་པ་བྱ་སྟེ། །ཡང་དང་ཡང་དུ་སྔགས་བརྗོད་ཅིང། ཏིལ་གྱི་གང་བུ་དང་མཚུངས་པའི་དཀྱིལ་འཁོར་པ་རྣམས་ལ་ཡང་དེ་བཞིན་དུ་སྔགས་བཀོད་དེ། ཐམས་ཅད་ཀྱི་སྔགས་ཀྱི་སྒྲ་ལ་དེ་རྣམས་ཀྱི་སྒོ་ནས་དམིགས་ཤིང ་བཟླས་པ་བྱའོ། །དེ་བཞིན་དུ་ལྷ་ཐམས་ཅད་ཀྱི་རྣལ་འབྱོར་པ་བདག་ཉིད་ཀྱིས་རང་གི་སྔགས་དགོད་པ་སྔོན་དུ་འགྲོ་བ་ཅན་ནི་རྡོ་རྗེ་བཟླས་པའི་རིམ་པའོ། །དེ་ལ་ལྷ་ཐམས་ཅད་ཀྱི་སྔགས་ནི་བྷྲུཾ་ཨོཾ་ཨཱ(རྒྱུད་འགྲེལ་མཛའ་ཅན་རྣམས་ཡིན་ནོ་ཞེས་བྱ་བ་ནི་མན་ངག་ཡིན་ནོ། །མགོ་དང་ལྐོག་མ་དང་སྙིང་གའི་ཕྱོགས་རྣམས་སུ་རྟེན་དང་བཅས་པའི་སྐུ་ལ་སོགས་པའི་ཡི་གེ་རྣམས་རྣམ་པར་བཀོད་དེ། སྔགས་དེ་རྣམས་ལས་ཕྱག་མཚན་དང་ལྷ་རྣམས་རིགས་ཀྱི་བྱེ་བྲག་གི་སྒོ ་ནས་རྣམ་པ་གསུམ་རིམ་གྱིས་སམ་ཅིག་ཅར་དུ་སྤྲོ་བར་བྱ་སྟེ། འདིས་ནི་རྡོ་རྗེ་གསུམ་དང་མཚུངས་པར་འགྱུར་རོ། །ཏིལ་གྱི་གང་བུ་དང་མཚུངས་པའི་དཀྱིལ་འཁོར་པ་རྣམས་ལ་སྐུ་གསུང་ཐུགས་བསམས་ཏེ། ལྷ་མོའི་ཚོགས་ཡང་དག་པར་སྤྲོས ་ལ། སྔ་མ་བཞིན་དུ་བླ་ན་མེད་པ་ལ་སོགས་པའི་མཆོད་པ་བྱ་སྟེ་འབྲས་བུ་ནི་དེ་དང་མཚུངས་པའོ། །ཡང་ན་དཀྱིལ་འཁོར་ན་གནས་པའི་སྐུ་རྡོ་རྗེའི་རྣལ་འབྱོར་པས་སྒྱུ་མ་ལྟ་བུའི་སྐུ་ལ་སོགས་པར་ལྷག་པར་མོས་པའི་སྒོ་ནས་ཡེ་ཤེས་སེམས ་དཔའ་ཨི་ཐུགས་ཀར་པདྨའི་ཟླ་བ་ལ་ཡི་གེ་ཨོཾ་རྣམ་པར་བཀོད་དེ། ཡི་གེ་ཨོཾ་ལས་འཁོར་ལོའི་ཕྱག་རྒྱ་དང་རྣམ་པར་སྣང་མཛད་རྣམས་སྤྲོ་བར་བྱའོ། །དེ་བཞིན་དུ་གསུང་རྡོ་རྗེ་ལ་སོགས་པ་ཐམས་ཅད་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང ་བྱ་བ་ཡིན་ཏེ། ཐམས་ཅད་དུ་སྔགས་བརྗོད་པར་བྱ་ཞིང། དེ་བཞིན་གཤེགས་པ་ལ་སོགས་པ་ཐམས་ཅད་ཡང་དག་པར་སྤྲོས་ཏེ། དེ་རྣམས་ཀྱིས་ནམ་མཁའ་ལ་བཀད་ལ། བརྗོད་པའི་མཐར་དེ་རྣམས་ཡང་དག་པར་བསྡུས་ཏེ། རང་གི་སྙིང་གར་གཞུག་ཅིང ་བཟླས་པ་བྱའོ། །ཡོད་པ་འམ་མེད་པ་དང། སྒྲ་འམ་སྒྲ་མ་ཡིན་པ་དང། ཕྱི་འམ་ནང་འམ་གཉིས་ཀའི་བར་ན་སེམས་གནས་ཞེས་རྣམ་པར་སྤྱོད་པ་ནི་སྐུ་རྡོ་རྗེ་དང་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེ་རྣམས་ཀྱི་བཟླས་པ་ཡིན་ནོ། །མཉམ་པ་ཉིད་ཀྱི་ཡེ ་ཤེས་ཀྱི་དུས་གསུམ་གྱི་སངས་རྒྱས་དཀོན་མཆོག་རྣམས་ཀྱི་དོན་ལ་རྣམ་པར་དཔྱོད་པ་ནི་རིན་པོ་ཆེའི་བཟླས་པའོ། །རང་གི་བ་སྤུའི་བུ་གའི་གསེབ་ནས་བྱུང་བ་རྟེན་དང་བརྟེན་པར་བཅས་པའི་སངས་རྒྱས་ཀྱི་ཞིང་ནམ་མཁའ་དང་མཉམ་པ་སྤྲོ་བ་ནི་དོན ་ཡོད་པའི་བཟླས་པའོ། །ཁྲོ་བོའི་རྣལ་འབྱོར་པས་ནི་དཔག་ཚད་བྱ་བའི་ཚད་དང་ལྡན་པའི་དཀྱིལ་འཁོར་ན་བཞུགས་པའི་ལྷའི་འཁོར་ལོས་གསན་པར་བྱའོ་སྙམ་དུ་ལྷག་པར་མོས་པའི་སྒོ་ནས་བཟླས་པ་བྱས་ཏེ། ལྕེ་ནི་ཤིན་ཏུ་མི་གཡོ་ཞིང། སོ་དང ་མཆུ་དག་མི་སྦྱོར་པའི། །རྡོ་རྗེ་ཚིག་ནི་སྒྲ་མེད་པས། །འདོད་པ་ཐམས་ཅད་བསྒྲུབ་པར་བྱ། ཞེས་བྱ་བས་གང་ཡང་རུང་བའི་མིང་ཅན་ཇི་སྲིད་འདོད་པར་བཟླས་པ་བྱས་ལ། དེའི་དོན་ལ་ངེས་པར་བརྟག་པར་བྱ་སྟེ། སྔགས་ལ་དམིགས་པའི་ལུས་དང ་ནི། །དག་དང་ཡིད་ཀྱིས་བསྐུལ་ནས་སུ། །ཡིད་ནི་དགའ་ཞེས་མགུ་བ་ཡིས། །དངོས་གྲུབ་རབ་མཆོག་བསྒྲུབ་པར་བྱ། །སེམས་ལ་དམིགས་པ་བདག་མེད་པས། །ངག་དང་ལུས་ཀྱང་རྣམ་པར་བསྒོམ། །ནམ་མཁའ་བཞིན་དུ་མཉམ་པའི་གནས། ། ་སྦྱོར་བ་རྣམ་གསུམ་བསྒྲུབ་པར་བྱ། །ལུས་དང་ངག་དང་སེམས་དམིགས་ན། །ངོ་བོ་ཉིད་ནི་དམིགས་སུ་མེད། །སྔགས་ཀྱི་ལུས་སུ་སྦྱོར་བ་ལ། །བྱང་ཆུབ་མེད་ཅིང་སྦྱོར་བ་མེད། །སྐུ་གསུང་ཐུགས་ཀྱི་མཚན་ཉིད་དུ། །འདི་ནི་མདོར་ན་རྣམ་དཔྱད་ནས། ། ་སྔགས་ཀྱིས?་བརྟགས་པའི་ཏིང་ངེ་འཛིན། །བྱང་ཆུབ་སྦྱོར་བ་བསྒོམ་པར་བྱ་།ཞེས་བྱ་བ་འདིས་རྫོགས་པའི་ཡེ་ཤེས་རྟོག་པའི་ཉེས་པ་ཐམས་ཅད་དང་བྲལ་ཞིང་མཆོག་ཏུ་ཟག་པ་མེད་པའི་བདེ་བ་ཆེན་པོར་བདག་ཉིད་བལྟ་བར་བྱའོ། །དེ་ནས་ཞེས་སྡང་རྡོ་རྗེ ་མཆོག་ཏུ་བདེ་བ་ལ་ཞུགས་མཐོང་ནས་ནི། །བདེ་བའི་རོ་དང་བྲལ་བས་མཱ་མ་ཀཱི་སོགས་ཡིད་འོང་ཞིང། འདོད་པའི་བདེ་བ་བསྒྲུབ་ནུས་རྣམས་ཀྱིས་སྒྲ་སྙན་དང་ལྡན་པའི། །གླུ་རྣམས་སྙམ་པ་ཡིད་འོང་དག་གིས་བསྐུལ་བར་བསམ་བྱས་ཏེ། །རྡོ་རྗེ ་ཐུགས་ཁྱོད་སེམས་ཅན་ཁམས་ན་གནས་ཀྱི་དབང་ཕྱུག་སྟེ། །དགའ་བའི་ཡིད་འོང་དོན་ཆེན་འདོད་པས་བདག་ལ་བསྐྱབ་ཏུ་གསོལ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །སེམས་ཅན་ཡབ་ཆེན་གཉེན་མཆོག་བདག་ལ ་དགྱེས་པར་མཛད་དུ་གསོལ། །རྡོ་རྗེའི་སྐུ་ཁྱོད་བཀའ་ཨི་འཁོར་ལོ་སེམས་ཅན་ཀུན་ལ་ཕན། །སངས་རྒྱས་དོན་དུ་བྱང་ཆུབ་མཆོག་སྒྲུབ་རབ་ཏུ་ཕན་པར་གཟིགས། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །འདོད ་ཆགས་དམ་ཚིག་ཆགས་པས་བདག་ལ་དགྱེས་པར་མཛད་དུ་གསོལ། །ཁྱོད་ནི་རྡོ་རྗེའི་གསུང་ཏེ་ཀུན་ལ་ཕན་ཞིང་ཐུགས་བརྩེ་པ། །འཇིག་རྟེན་དག་གིས་དགོས་པའི་དོན་མཛད་པ་ལ་ཤིན་ཏུ་བརྩོན། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན ་པར་མཆིས་བཞེད་ན། །སྤྱོད་པ་དྲི་མེད་ཀུན་ཏུ་བཟང་པོ་བདག་ལ་དགྱེས་པར་མཛོད། །ཁྱོད་ནི་རྡོ་རྗེ་འདོད་པ་དམ་ཚིག་མཆོག་གི་ཕན་ཡོན་ཆེ། །ཡང་དག་རྫོགས་པ་སངས་རྒྱས་གདུང་མཆོག་མཉམ་པ་ཉིད་གཟིགས་པ། །མགོན་པོ་གལ་ཏེ ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །ཡོན་ཏན་རིན་ཆེན་མང་པོའི་གཏེར་གྱུར་བདག་ལ་དགྱེས་བར་མཛོད། །ཅེས་ལྷ་མོ་རྣམས་ཀྱིས་ཡང་དག་པར་བསྐུལ་བར་བྱེད་དོ། །དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་མི་བསྐྱོད་པ་ནི ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །གསང་བའི་གསུང་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་རབ་ཏུ་དག་།རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་གྱིས་ནི་འོད་གསལ་ཆོས། །སྟོན་བ་རྡོ་རྗེ་ཕྱག་འཚལ་ལོ། ། ་རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་བྲལ། །དངོས་ཉིད་དག་པ་དྲི་མ་མེད། །རྡོ་རྗེ་སྐུལ་ཕྱག་འཚལ་ལོ། །རྡོ་རྗེ་མི་འཆི་འདོད་ཆགས་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེ་གསུང་ལ་ཕྱག་འཚལ་ལོ ་རྡོ་རྗེ་དག་ལ་གདོན་མི་ཟ། །བསམ་པ་ཐམས་ཅད་ཡོངས་རྫོགས་བྱེད། །ངག་པ་ངོ་བོ་ཉིད་ལས་བྱུང། །རྡོ་རྗེ་སེམས་དཔའ་ཁྱོད་ཕྱག་འཚལ། །ཞེས་བྱ་བས་བསྡོད་པར་གྱུར་ཏོ། །དེ་ནས་ཡང་དག་པར་བཞེངས་ནས་དེ་བཞིན་གཤེགས་པ་ལ་སོགས ་པ་ཐམས་ཅད་ལ་བླ་ན་མེད་པ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་དེ་དཀྱིལ་འཁོར་རྣམས་ཕུང་པོ་ལ་སོགས་པ་རྣམས་ལ་བཅུག་ནས། ཐམས་ཅད་ཀྱང་ཡི་གེ་གསུམ་དུ་བསྡུས་ལ། དེ་རྣམས་ཀྱང་ནམ་མཁའ་དང་མཚུངས་པར ་དམིགས་ནས་ཉེ་བར་བསྡུ་བར་བྱའོ། །དེ་ལྟར་བསྒོམ་པ་ན་གང་གི་ཚེ་སྐྱོ་བར་གྱུར་པ་དེའི་ཆེ། རང་གི་ལྷ་ཚིམ་པར་བྱ་བའི་དོན་དུ་མགོ་ལས་མཐོ་གང་ཙམ་གྱི་སྟེང་དུ་དམ་ཚིག་ལྔའི་དཀྱིལ་འཁོར་བསམས་ལ། དེའི་དབུས་ན་གནས་པའི་ཡི་གེ་ཨོཾ་གྱི ་འོད་ཟེར་དམར་པོས་ཞུ་པར་གྱུར་ནས། ཟླ་བ་ལྟར་བསིལ་བའི་རྒྱུན་རྐན་གྱི་ཕྱོགས་སུ་བབས་པས་རྩ་རྣམས་ཀྱི་སྦུབས་ཁྱབ?་པའི་སྒོ་ནས་ལུས་ཐམས་ཅད་ཚིམ་པར་བསམ་པར་བྱའོ། །རྣལ་འབྱོར་བ་འགའ་ཞིག་གང་གི་ཚེ་བཀྲེས་པ་དང་སྐོམ་པ་ལ ་སོགས་པའི་སྡུག་བསྔལ་བྱུང་བ་དེའི་ཚེ། ཇི་ལྟ་བ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་དང་ལྡན་པས་ཡི་གེ་ཨོཾ་ལས་བྱུང་བའི་རང་གི་ལྕེ་འོད་ཟེར་སྣ་ཚོགས་ཀྱི་ཕྲེད་གང་ལྡན་པ་བསམས་ལ། རང་གི་མཆུ་ལ་རེག་པར་ཡི་གེ་ལས་བྱུང་བའི་བུམ་པ ་བཟང་པོ་སེར་པོ། ཟླ་བ་ཕྱེད་པ་དང་ཐིག་ལེར་བཅས་པའི་ཨོཾ་ལས་བྱུང་བའི་ཡིད་བཞིན་གྱི་ནོར་བུས་རྣམ་པར་བརྒྱན་པ་བལྟས་ཏེ། དེ་ནས་ལྕེའི་འོད་ཟེར་གྱིས་བཀུག་ལ་བཟའ་བ་དང་བཏུད་བ་ལ་སོགས་པ་བྱས་ན་ཐམས་ཅད་འགྲུབ་པར་འགྱུར་ཏེ། ་བཅོམ་ལྡན་འདས་ཀྱིས་བཀའ་འདི་ནི་ཕྱིན་ཅི་མ་ལོག་པ་ཡིན་ནོ། །ཡིད་ཆེས་པ་བརྟན་ཞིང་སྡོམ་པ་ལ་གནས་པ། ལྷའི་ང་རྒྱལ་གྱིས་བྱ་བ་མ་ལུས་པ་སྒྲུབ་པ་ལྷུར་ལེན་ཅིང། ལྷ་རྣམས་ཀྱིས་རྗེས་སུ་གནང་བ་བྱིན་པས་གང་གི་ཚེ་ཟླ་བ་དྲུག་དང་གཉིས་དང་ཕྱེད་དང ་གཉིས་དང་གཅིག་གི?་དང?་ཕྱེད་དང་ཞག་བདུན་པའི་བསྒྲུབ་པ་དྲུག་གིས་ལྷ་རྣམས་མ་གྲུབ་པ་དེའི་ཚེ་ཞག་བདུན་པའི་སྒྲུབ་པ་བརྩམ་བར་བྱ་སྟེ། ཧཱུཾ་གི་ས་བོན་ལས་བྱུང་བའི་གཞལ་ཡས་ཁད་གི་ནང་ན་གནས་པའི་ཆོགས་ཀྱི་དཀྱིལ་འཁོར་གྱི་དབུས་ན་བཞུགས ་པའི་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པ་གང་ཡང་རུང་བའི་རྡོ་རྗེའི་རིགས་ཀྱི་རྣལ་འབྱོར་དང་ལྡན་པས། རང་གི་བ་སྡུའི་བུ་གའི་གསེབ་ནས་ཕྱུད་བའི་ལྷ་མོའི་ཆོགས་ཀྱིས་མངོན་པར་དགའ་བའི་འཇིག་རྟེན་ཁམས་ན་བཞུགས་པའི་ཡེ་ཤེས་ཀྱི་ལྷ་ལ ་བླ་ན་མེད་པ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་དེ་དེ་རྣམས་ཉིད་ཀྱིས་སྙན་ཅིང་འཇམ་ལ་ཡིད་དུ་འོང་བའི་ཚིག་རྣམས་ཀྱིས་བསྐུལ་ནས་བཀུག་ལ་རང་གི་ལུས་ལ་བཅུག་སྟེ་དེ་དང་ལྷན་ཅིག་ཐ་མི་དད་པར་བདག་ཉིད་བསྒོམ ་པར་བྱ་སྟེ་ཞག་བདུན་ན་འགྲུབ་པར་འགྱུར་རོ། །གལ་ཏེ་དེ་ལྟ་ན་མ་གྲུབ་པ་དེའི་ཚེ་རང་གི་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀ་ན་གནས་པའི་པདྨའི་སྟེད་གི་ཟླ་བ་ལ་གནས་པའི་རྡོ་རྗེའི་ལྟེ་བའི་ཧཱུཾ་ལས་བྱུང་བ་གནོད་མཛེས་རྒྱལ་པོ་དང ་མཚུངས་ཤིང་ས་བོན་གསུམ་གྱིས་བྱིན་གྱིས་བརླབས་བའི་རྡོ་རྗེ་ལྕགས་ཀྱུ་རང་གི་ཁ་ནས་བྱུང་སྟེ། ཡི་གེ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་ལ་གནས་པའི་རཾ་ལས་བྱུང་བའི་ཤིང་རྟ་གསུམ་ལ་བཞག་ལ། ་འཇིག་པའི་དུས་ཀྱི་མེ་དང་ཉི་མ་ལྟ་བུ་རང་ལ་བཀའ་ནོད་བར་བསམས་ནས་མདག་པར་བྱའོ། །ཡང་དག་བར་སོང་ནས་རྡོ་རྗེ་ལྕགས་ཀྱུ་འབར་བས་དེའི་ཐུགས་ཀར་བརྡབ?་ཅིང། །རྡོ་རྗེ་ཆེན་པོ་ཆེ་གེ་མོ། །ཁྱོད་ཀྱི་སྒྲུབ་པ་ལ་གནས་ཤིང། །ཁྱེད?་ལ ་རྟག་ཏུ་གུས་པ་ཉིད། །དམ་ཚིག་སྲུང་བ་ལྷུར་ལེན་ཞིང། །དབང་དག་བསྐུར་ཞིང་རྗེས་གནང་ཐོབ། །དེ་ལ་དངོས་གྲུབ་རྩལ་དུ་གསོལ། །ཞེས་བརྗོད་ན་ཞག་བདུན་ན་འགྲུབ་པར་འགྱུར་རོ། །གལ་ཏེ་དེ་ལྟ་ན་ཡང་དངོས་གྲུབ་མི་སྟེར?་ན་དེའི་ཚེ་རིག ་མའི་ནང་མའི་ནང་དུ་ཡི་གེ་ཧ་ལས་བྱུང་བའི་སྣ་ཆོགས་རྡོ་རྗེ། དེའི་སྟེང་དུ་ཡི་གེ་ཧཱུཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་ཉི་མ་བྱེ་བ་དང་མཚུངས་པར་རྣམ་པར་བསམས་ལ། དེའི་ཡང་སྟེང་གི་ཡི་གེ་ར་དང། དེའི་སྟེང་གི་ཕཊ་ལས་བྱུང་བའི་གྲུ ་གསུམ་འབར་བ་བསྐལ་བའི་མེ་ལྟར་འབར་བ་ཡོངས་སུ་བསམས་ཏེ། རང་གི་རྡོ་རྗེ་སྔ་མ་བཞིན་དུ་རྡོ་རྗེ་འབར་བར་རྣམ་པར་བསམས་ནས་དེ་ཁོ་ན་བཞིན་དུ་རྡོ་རྗེ་ལྕགས་ཀྱུ་མ་དགས་ཏེ། དེས་ཡེ་ཤེས་ཀྱི་ལྷ་སྙིང་ག་ནས་ཕུག་ལ་བཀུག་སྟེ ་བཅུག་ལ་ལྷ་མོའི་པདྨའི་ནང་དུ་མོའི་དཀྱིལ་འཁོར་ལ་བཞག་པར་བྱའོ། །དེ་ནས་སྲེག་པར་བྱེད་པའི་འོད་ཟེར་གྱི་ཆོགས་འཕྲོ་པའི་རྡོ་རྗེ་དེ་པདྨར་བཅུག་ལ་སྔར་བཤད་བའི་རིག་མའི་སྔགས་ཀྱི་འཕྲེང་བ་བཀོད་པ་དུས་མཛའ་ཨི་མེའི་ཕྲེང་བ་ལྟར་དེའི ་ལུས་ལ་བསམ་པར་བལྟ་བར་བྱའོ། །དེ་དག་ཐམས་ཅད་ཀྱིས་ཐལ་བ་ཉིད་དུ་བྱས་བར་བལྟས་ལ། །དེའི་རྣམ་པར་ཤེས་པ་མར་མེ་ལྟ་བུ་ཡི་གེ་ཧཱུཾ་གི་གཟུགས་ཅན་ཡོངས་སུ་གྱུར་པར་བྱས་ནས། རྡོ་རྗེ་འཆང་ཆེན་པོ་ལ་སོགས་བའི་གཟུགས་སུ ་རྣམ་བར་བསྒོམས་ནས། རང་གི་ལུས་ལ་ཡང་བཅུག་སྟེ་དེ་དང་ལྷན་ཅིག་ཐ་མི་དད་པར་བདག་ཉིད་བསྒོམས་ན་རང་གིས་བཤད་པའི་དམ་ཚིག་ལས་འདས་པའི་འཇིགས་པས་ཞག་བདུན་ན་གདོན་མི་ཟ་བར་འགྲུབ་པར་འགྱུར་རོ། །རྣམ་པ་གསུམ་པོ་དེ་རྣམས་ཀྱིས ་གོ་རིམས་བཞིན་དུ་བསྡུམ་པ་དང་དཔྱེ་བ་དང་ཆད་པ་གཅད་བའི་རིམ་པར་ཤེས་པར་བྱ་སྟེ། དེ་ལྟ་བུ་ནི་སྒྲུབ་ཐབས་ཀྱི་རིམ་པའོ།། །།དེ་ལྟ་བུའི་ཞལ་དང་ཕྱག་ལ་སོགས་པ་དང་ལྡན་ཞིང་འཁོར་ལོ་དང་བཅས་བའི་བཅོམ་ལྡན་འདས་གཟིགས ་ནས། བཙུན་མོའི་ཆོས་འགྱུར་ནས་བྱུང་སྟེ། མི་བསྐྱོད་བ་ལ་སོགས་པ་དེ་བཞིན་གཤེགས་པ་རབ་ཏུ་དགའ་བའི་ཡིད་དང་ལྡན་པ་རྣམས་ཀྱི་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དེ། ཨེ?་མ་ཞེས་བྱ་བ་ནི་ངོ་མཚར་བའོ། །འོ་ཞེས་བྱ་བའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཆེན་ནོ།། ་བྱང་ཆུབ་སེམས་ནི་རབ་འཇུག་བ་ནི་ཡང་དག་བར་སྦྱོར་བ་ལས་བྱུང་བའི་དཀྱིལ་འཁོར་འཁོར་ལོའི་སྒོ་ནས་འགྲོ་བ་མ་ལུས་བ་རྣམས་ཀྱི་དོན་བྱེད་པའོ། །འདི་དེ་བཞིན་གཤེགས་པ་ཀུན་གྱི་ཡིན་བས་དེ་བཞིན་གཤེགས་པ་ཀུན་གྱིའོ་བྱ་བ་ལ་སོགས་པའི ་ཚུལ་ལ་བརྟེན་པ་རྣམས་ཀྱིས་མི་ཤེས་པ་ཉིད་ཡིན་པའི་ཕྱིར་གསང་བའོ། །ཐབས་ལས་འདས་པ་ཉིད་ཡིན་པའི་ཕྱིར་རབ་ཏུ་བརྟག་ཏུ་མེད་པའོ། །ཉོན་མོངས་པ་ཐམས་ཅད་དང་བྲལ་བ་ཉིད་ཡིན་བའི་ཕྱིར་རྙོག་པ་མེད་པའོ།། །། ་ད་ནི་མ་འོངས་པ་རྣམས་ལ་གཟིགས་ནས་རྡོ་རྗེ་འཆང་ཆེན་པོའི་ཡན་ལག་གི་ཆ་ཤས་ཀྱི་བདག་ཉིད་ནུས་བ་དང་མི་ལྡན་ཞིང་འཁྲུལ་པ་ཅན་གྱི་གདུལ་བྱ་རྣམས་དང་ཐ་མི་དད་པའི་རང་བཞིན་གྱིས་སའི་སྙིང་པོ་ལ་སོགས་པ་རྣམས་ལ་སློབ་དཔོན་དང་སློབས? ་མའི་འབྲེལ་པ་བསྟན་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ཀྱིས་ཐབས་དང་ཤེས་རབ་གཉིས་སུ་མེད་པ་ཉིད་ཡིན་པའི་དེ་ཁོ་ན་ཉིད་ཡིན་ཞིང། དེ་དག་སྙོམས་པར་འཇུག་པའི་རང་བཞིན་དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ནི་དགའ་བ་རྒྱས་པར ་བྱེད་པ་ཉིད་ཡིན་པའི་ཕྱིར་རིན་བོ་ཆེ་ཡིན་ལ་།དེའི་སྤྲིན་དེ་ནམ་མཁའ་ཁྱབ་པའི་བཀོད་པ་རྣམས་ཀྱིས་ཡང་དག་པར་མཆོད་དེ་ཕྱག་འཚལ་ནས་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ ་ཀུན་གྱི་གསང་བ་ནི་བདེ་བ་ཆེན་པོའོ། །དེ་ལས་བྱུང་བ་ནི་གསང་བ་ལས་བྱུང་འདུས་པའོ། །དེ་ཉིད་རྡོ་རྗེ་དེ་བཞིན་བཤེགས་པ་རྣམས་ཀྱི་ཡིན་པས་ན་རྡོ་རྗེ་སྙིང་པོའོ། །མདོར་བསྡུས་ནས་བསྟན་པའི་ཕྱིར་བཏུས?་པའོ། །དེ་ཉིད་ནི་ཐབས་དང་ཤེས ་རབ་ཀྱི་རང་བཞིན་དེ་བཤད་ཅིང་གསལ་བར་མཛད་དུ་གསོལ་ཞེས་བྱ་བའི་དོན་ཏོ། དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་སུ་སྟེ་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལེགས་སོ? ་སོགས?་སོ?་ཞེས་བྱ་བ་ནི་ཞལ་གྱིས་བཞེས་པ་སྟེ། ལེགས་སོ་ཞེས་བྱ་བ་ནི་མངོན་པར་འདོད་པའི་དོན་སྟོན་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། འོན་ཀྱང་ཞེས་བྱ་བའི་སྒྲ་ནི་རྣམ་པར་རྟོག་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་རིགས་ངེས་པ་དང་ལྡན་པའི ་སེམས་ཅན་རྣམས་ཏེ། དུས་གསུམ་གྱི་དམ་ཚིག་དེ་བཞིན་གཤེགས་པ་ཐམས་ཅད་ནི་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཁོ་ན་ཡིན་པར་རྗེས་སུ་ཤེས་པར་བྱ་སྟེ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཉིད་ཡིན་པས་སོ་ཞེས་འབྱུང་བའི་ཕྱིར་རོ། །གཞན་རྣམས་ལྟ་ཅི ་སྨོས་ཞེས་བྱ་བ་ནི་འདི་རིགས་མ་ངེས་པ་དང?་རིགས་ཆད་པ་རྣམས་ཀྱི་སྦྱོར་ཡུལ་ཡིན་པར་སྤྲོ་བ་མེད་པར་སྟོན་ཏོ། །འདི་ནི་རིགས་ངེས་པ་རྣམས་ཀྱི་ཡང་ཡུལ་མ་ཡིན་ནོ་ཞེས་བྱ་བའི་བཅོམ་ལྡན་འདས་ཀྱི་གསུང་དེ་ལྟ་བུ་ཐོས་ནས་ངོ་མཚར་དུ་གྱུར་ཅིང། ་རིགས་མ་ངེས་པ་རྣམས་གྱི་ཡིན་པ་ལྟ་ཅི་སྨོས་ཞེས་བྱ་བས་ནི་རྨད་དུ་གྱུར་ཏོ། །དེ་ནས་སླར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཐེ་ཚོམ་ཐམས་ཅད་གཅོད་པར་མཛད་པ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །གང་ཞེས ་བྱ་བ་ནི་གང་གི་ཕྱིར་རོ། །འདི་ལྟ་བུའི་ཡོན་ཏན་ཁྱད་བར་ཅན་དུ་གྱུར་པ་དང་ལྡན་པ་ཞེས་བྱ་བ་ཇི་སྐད་བཤད་པའི་འཁོར་དུའོ?། །དེ་རྣམས་ནི་དེ་བཞིན་གཤེགས་པ་ཡིན་ལ་ཐམས་ཅད་ཀྱང་ཡིན་བས། དེ་བཞིན་གཤེགས་པ་ཐམས་ཅད་དེ་མི་བསྐྱོད་པ་ལ་སོགས ་པ་རྣམས་སོ། །དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་གསང་བ་སྟེ། དམ་ཚིག་དང་སྡོམ་པ་ལ་སོགས་པ་སྟོན་པར་མི་སྤྲོ་བ་དེའི་ཕྱིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ལ་བྱིན་གྱིས་བརླབས་ཅིང་སྣོད་དུ་རུང་བ་ཉིད་དུ་མཛད་དེ་ཡང་དག་པར་བསྟན་དུ ་གསོལ་ཞེས་བྱ་བར་སྦྱར་རོ། །གང་གིས་ཞེ་ན། རྡོ་རྗེ་དམ་ཚིག་འབྱུང་བའི་ཚིག་རྣམས་ཀྱིས་སྟེ། དེ་ལ་རྡོ་རྗེ་དམ་ཚིག་ནི་དབང་པོ་གཉིས་ཡང་དག་བར་སྦྱོར་བའི་མཚན་ཉིད་དེ། དེ་ལས་བྱུང་བའི་ཚིག་རྣམས་ནི་བྱང་ཆུབ་ཀྱི་སེམས་དབྱུང་བ་ལ་སོགས་པ་རྣམས་ཏེ་དེ ་རྣམས་ཀྱིས་སོ། །ངེས་ནི་འདི་སྐད་དུ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཇི་སྐད་བཤད་པའི་ཚུལ་བ་རྣམས་བཅུག་ལ། ཕྲེང་བ་དང་བུམ་པ་ལ་སོགས་པའི་དབང་རྣམས་དང། གསད་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་དག་གིས་དབང་བསྐུར་ཏེ། བཞེངས་ནས་ལུང ་བསྟན་པ་སྔོན་དུ་འགྲོ་བ་ཅན་གྱི་བཤད་པ་མཛད་དུ་གསོལ་ཞེས་བསྟན་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བདེ་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་ནི་ཐབས་དང་ཤེས་རབ་ལས་བྱུང་བའི་མཆོག་ཏུ་དགའ་ ་བའི། །ཡིད་བདེ་བ་ནི་དེ་ལས་བྱུང་པའི་ལྷའི་ཁྱད་པར་ནམ་མཁའ་ཨི་གཏོས་ཁྱབ་པ་རྣམས་ཀྱིས་འགྲོ་བ་མ་ལུས་པ་རྣམས་ཀྱི་དོན་བྱེད་པའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པས་ནི་བསྒོམ་པ་གོང་ནས་གོང་དུ་གོམས་བར་བྱས་བའི་སྟོབས་ཀྱིས། ་རྒྱུད་ལས་གསུངས་པ་སངས་རྒྱས་དང་རྡོ་རྗེ་འཆང་ལ་སོགས་པ་རྣམས་ཀྱི་དངོས་གྲུབ་དག་ཐོབ་བར་བྱ་བའི་བར་གྱི་ཕྱིར་རོ་ཞེས་བསྟན་ཏོ། །དེ་ནས་དེ་རྣམས་སྣོད་དུ་རུང་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྲུལ་པར ་མཛད་དེ། དེ་ནས་ཞེས་བྱ་བ་ལ་སོགས་པ་ནས་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་རིགས་ཐམས་ཅད་བསྡུས་པར་གྱུར་པ ་ཉིད་ཡིན་པའི་ཕྱིར་རོ། །ཡེ་ཤེས་སྒྲོན་མ་ནི་མི་བསྐྱོད་པ་སྟེ་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས་རྣམ་པར་རྟོག་པའི་མུན་པ་ཐམས་ཅད་རྣམ་པར་འཇོམས་པར་བྱེད་པ་ཉིད་དང། གདུལ་བྱ་རྣམས་ཀྱི་རྒྱུད་ལ་ཡེ་ཤེས་ཀྱིས ་སྣང་བར་བྱེད་པ་ཉིད་ཡིན་བའི་ཕྱིར་རོ། །དེ་ཉིད་རྡོ་རྗེ་ལྟར་མི་ཤིགས་བསན་རྡོ་རྗེ་སྟེ། ཏིང་ངེ་འཛིན་གང་ལ་དེ་སྐད་ཅེས་བྱ་བའི་མིང་ཡོད་པ་དེ་ལ་སྙོམས་པར་ཞུགས་སོ། །ཤིན་ཏུ་དྲག་ཅིང་གཏུམ་པ་ལ། །ཞི་བར་ཕན་པར་མི་འགྱུར་ཏེ། ཞེས ་འབྱུང་བའི་ཕྱིར། དེ་ལྟ་བུར་གྱུར་པའི་གདུལ་བྱ་རྣམས་ཀྱི་དོན་བྱ་བའི་ཕྱིར་ཐུགས་རྗེ་ཆེན་པོའི་ཐབས་ཀྱིས་ཁྲོ་བ་ནི་ཞེ་སྡང་སྟེ། སོ་གའི་དུས་ཀྱི་སྤྲིན་མེད་པའི་ཉིན་བར་གྱི་ཉི་མ་ཕྱེད་ཀྱི་རྒྱ་མཚོ་ཆེན་པོའི་ཆུ་བཞིན་དུ་ཕྱི་རོལ་དྲོ་ཞིང་ནང་བསིལ་བ་ཡིན་ནོ་ཞེས ་བྱ་བའི་དོན་ཏོ། །དེའི་རིགས་ནི་ཁྲོ་བོ་ཐམས་ཅད་ཀྱི་རང་བཞིན་གྱི་རྡོ་རྗེ་རྩེ་ལྔ་བ་མཆོག་ཏུ་འབར་བ་སྟེ་འགྲོ་བ་མ་ལུས་པའི་རྣམ་པར་ཤེས་པའི་ཕུང་པོའི་རང་བཞིན་གྱི་མི་བསྐྱོད་པའི་གཟུགས་སྐྱེད་པར་བྱེད་བ་ཡིན་བའི་ཕྱིར་རོ། །མཆོག་གི་སྙིང་པོའི ་སྙིང་པོ་འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །ཕྱུང་ངོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་ཇི་སྐད་བཤད་པའི་སྒྲུབ་ཐབས་ཀྱི་ཚུལ་བཞིན་དུ་མི་བསྐྱོད་པ་ཕྱུང་བའོ། །བཛྲ་དྷྲིཀ་ཅེས་བྱ་བ་འདིའི་དོན་ནི་འདི་ཡིན་ཏེ། རྡོ་རྗེ་ཞེས་བྱ་བ་ནི་འོག་གི་རྩེ ་མོ་ལྔས་ཆོས་མ་ཡིན་པའི་རང་བཞིན་གྱི་མུན་པའི་རྣམ་པར་ཤེས་པ་ལྔའི་རྣམ་པར་རྟོག་པ་ལྔ་སྤངས་བ་དང། སྟེང་དུ་ལྟས་བ་རྣམས་ཀྱིས་སྟོང་བ་ཉིད་ལ་སོགས་པའི་རྒྱུ་མཐུན་པ་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་ཁོང་དུ་ཆུད་པ་མཚོན་པར་བྱེད་པའོ།། ་རྡོ་རྗེ་འཛིན་པར་བྱེད་བས་ན་བཛྲ་དྷྲིཀ་སྟེ། བཅོམ་ལྡན་འདས་མི་བསྐྱོད་པའོ། །དེ་སྐད་དུ་ཡང། ལྔ་ནི་ཡངས་པ་ལྔ་རིག་བ། །བཛྲ་ཞེས་ནི་མངོན་པར་བརྗོད། །འཛིན་པ་དྷྲིཀ་ཅེས་བྱ་བར་བཤད། །རྣམ་ཤེས་བཛྲ་དྷྲིཀ་དུ་འདོད། ཅེས་གསུངས་སོ། །དེ་ནས ་འདི་ཞེས་བྱ་བ་ལ་སོགས་པ་ནས་བཞུགས་སོ་ཞེས་བྱ་བར་སྦྱར་ཏེ། དེ་ཉིད་ཅེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའོ། །སྐུ་དང་གསུང་དང་ཐུགས་ཞེས་བྱ་བ་ནི་ནང་གི་བདག་ཉིད་ཅན་ནོ། །རིག་བའི་སྐྱེས་བུ་ཞེས་བྱ་བ་ནི་ཡང་དག་པར་སྦྱོར་བ་དང་ལྡན་པ་སྟེ། སྐུ ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །ཐ་དད་དངོས་སུ་དབྱེར་མེད་པའི། །རིག་དང་ལྷན་ཅིག་སྦྱོར་བ་ཡི། །སྐྱེས་བུ་རིག་པའི་སྐྱེས་བུར་བརྗོད། །ཞེས་འབྱུང་བའི་ཕྱིར་རོ། །མི་བསྐྱོད་པའི་ཕྱག་རྒྱ་ཆེན་པོ་ནི་ཞལ་ནག་པོ་ལ་སོགས་པའི་བདག་ཉིད་ཅན་ཏེ། དེར ་སྦྱོར་པ་ནི་དབྱུང?་བ་སྔོན་དུ་འགྲོ་བ་ཅན་གྱི་རང་ལ་གཞུག་བ་ཡིན་ཞིང། དེས་ནག་པོའི་རྣམ་པར་གྱུར་པའི་ཕྱིར་སྒྲུབ་ཐབས་ལས་བཤད་པའི་མཚན་ཉིད་ཅན་གྱི་ཞེ་སྡང་རྡོ་རྗེར་གྱུར་ཏོ་ཞེས་བསྟན་ཏོ། །དེ་བཞིན་དུ་ལེའུ་བཅོ་བརྒྱད་པས་བཅོམ་ལྡན་འདས ་ཀྱིས་འབྱིན་བའི་སྔགས་ཐམས་ཅད་བཤད་པས་དེའི་ཕྱིར་བརྗོད་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་བཤད་མ་ཐག་པ་དང་རྗེས་སུ་མཐུན་པར་ཁོ་ན་སྦྱར་བར་བྱའོ། །དེ་བཞིན་དུ་བཅོམ་ལྡན་འདས་ཞེས་བྱ་བ་ནི་རྡོ་རྗེ་འཆང་ངོ། །དེ་བཞིན་གཤེཌ ་པ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ནི་འདའ་བར་བྱ་བ་མ་ཡིན་བ་སྟེ། མེ་ལོང་བཞིན་དུ་ལྷ་ཐམས་ཅད་ཀྱི་གཟུགས་འབྱུང་བའི་རྒྱུ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་ལས་འབྱུང་བ་ནི་དམ་ཚིག་འབྱུང་བ་སྟེ་རྣམ་པར་སྣང ་མཛད་དོ། །དེ་ཉིད་མི་ཤིགས་པ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་སྟེ། དེའི་ང་རྒྱལ་དུ་སེམས་རྩེ་གཅིག་པ་ཉིད་དུ་མཛད་དེ་ཞེས་བྱ་བའི་དོན་ཏོ། །ལམ་ལ་རྨོངས་པ་དང་བཅས་པའི་སེམས་ཅན་གདུལ་བར་བྱ་བའི་དོན་དུ་ཞི་བའི་རོ་དང་ལྡན་པ་ནི་གཏི་མུག་སྟེ། དེའི ་རིགས་ནི་ཞི་བ་ལ་སོགས་པའི་གཟུགས་ཅན་ནོ། །མཆོག་གི་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ཡོད་མེད་དབུས་ལས་འདས་གྱུད་ཅིང། །འབྱུང་དང་འབྱུང་གྱུར་ལས་བྱུང་པ། །སེམས་ཅན་དག་ནི་ཀུན་གྱི་ལུས། ། ་རྒྱལ་བ་སྐྱེད་བྱེད་ཛིན་ཛིཀ་།སྤྱན་སྔར་ཞེས་བྱ་བ་ནི་མདུན་དུ་སྟེ། བཅོམ་ལྡན་འདས་ལ་གཟིགས་ཏེ་བཞུགས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནས་སྔ་མ་བཞིན་དུ་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རིན་པོ་ཆེ ་ནི་ཐབས་དང་ཤེས་རབ་མཉམ་པ་ཉིད་དུ་རོ་གཅིག་པའི་བདེ་བ་ཆེན་པོ་སྟེ། དེ་ལས་བྱུང་བས་ནི་རིན་པོ་ཆེ་འབྱུང་བ་སྟེ་རིན་ཆེན་དཔལ་ལོ། །རྫས་ཐམས་ཅད་དག་པར་བྱེད་པའི་ཕྱིར་ཕུན་སུམ་ཚོགས་པ་མི་ཕྱེད་པ་ནི་རྡོ་རྗེ་དཔལ་ཏེ། ཏིང་ངེ་འཛིན་གང་ལ་དེ ་སྐད་ཅེས་བྱ་བ་ཉིད་ཀྱི་མིང་ཡོད་ཕ་དེ་ལ་སྙོམས་པར་བུ?་གསོ། །དེ་བཞིན་དུ་ང་རྒྱལ་གྱིས་ཁེབས་པའི་སེམས་ཅན་རྣམས་འདུལ་བར་མཛད་པའི་སྒོ་ནས་དོན་བྱ་བའི་ཕྱིར་འགྲོ་བ་མ་ལུས་པ་རྣམས་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་ཅིང། ཁམས་གསུམ ་པའི་ཆོས་གྱི་རྒྱལ་སྲིད་ཀྱི་བདག་པོ་ང་རྒྱལ་གྱི་བ་དན་བསྒྲེང་བ་ན་གནས་པ་དང་མཚུངས་པ་ནི་ཡིད་བཞིན་གྱི་ནོར་བུ་སྟེ། །དེའི་རིགས་ནི་ཡངས་ཤིང་ཆེ་བའི་རང་བཞིན་ནོ། །རཏན་དྷྲིཀ་ཅེས་བྱ་བ་ལ། དོན་རྣམས་ཀུན་ལས་བྱུང་བ་ཡི། །སེམས་ནི་རིན་ཆེན་ཞེས ་བྱར་བཤད། །རིག་བས་རིག་བྱ་འཛིན་པ་ཡི། །རིག་བ་རཏན?་དྷྲིཀ་དུ་འདོད། །ལོ་གནས་བཅོམ་ལྡན་འདས་ཀྱི་ལྷོ་རུའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནས་དེ་ཁོ་ན་བཞིན་དུ་སྦྱར་རོ། །ཐབས་དང་ཤེས་རབ་ཐམས་ཅད་ཀྱི་ཕན་ཚུན་ཤིན་ཏུ་ཆགས་པ་རྣམ ་པར་དག་པར་བྱེད་པའི་སོ་སོར་རྟོག་པ་ནི་ང་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་ཆེན་པོ་སྟེ། དེ་ལས་བྱུང་བ་ནི་འོད་དཔག་ཏུ་མེད་པ་ཡིན་ཞིང་མི་བྱེད་པས་ན་རྡོ་རྗེ་སྟེ། དེའི་རྣམ་པར་སེམས་རྩེ་གཅིག་པ་ཉིད་དུ་མཛད་དོ་ཞེས་བྱ་བའི་དོན་ཏོ།། ་འདོད་ཆགས་ཀྱི་སྤྱོད་པ་ཅན་གྱི་སེམས་ཅན་རྣམས་ཀྱི་དོན་བྱ་བའི་ཕྱིར་པདྨ་དག་པར་བྱེད་པའི་རྡོ་རྗེ་ནི་རྡོ་རྗེ་འདོད་ཆགས་སྟེ། དེའི་རིགས་ནི་འདོད་ཆགས་ཐམས་ཅད་ཀྱི་བདག་ཉིད་ཅན་ནོ། ། རོ་ལིཀ?་ཅེས་བྱ་བ་ནི། མཚོན་ཆ་མཚོན་བྱེད་འདོད་པ་ཡིས། །ཀུན་ཏུ ་ཐམས་ཅད་ཀུན་ནས་ནི། །མཚོན་བྱ་མཚོན་བྱེད་ལ་རོལ་པ། ། རོ་ལིཀ?་ཅེས་བསྟན་པ་ཡིན། །འཇིག་རྟེན་དབང་ཕྱུག་ནི་གསུང་རྡོ་རྗེ་ཡིན་ཞིང། དེ་ཉིད་སྒྲ་ལས་བྱུང་བའི་ཤེས་རབ་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རིག་པ་ཐམས་ཅད་ཀྱི་བདག་པོ་སྟེ། བཅོམ་ལྡན་འདས?་ཀྱི ་ནུབ་ཏུའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གདོན་མི་ཟ་བ་ནི་དོན་ཡོད་པར་གྲུབ་པ་ཡིན་ཞིང་དེ་ཉིད་དང་ཚིག་སྟེ། འགྲོ་བ་མ་ལུས་པ་རྣམས་ཀྱི་བྱ་བ་ཡང་དག་པར་བསྒྲུབ་པའི་བྱ་བ་བསྒྲུབ་པའི་ཡེ་ཤེས་ཡིན་པས ་འདའ་བར་བྱ་བ་ཉིད་མ་ཡིན་པའི་ཕྱིར་རོ། །ཏིང་ངེ་འཛིན་གང་ལ་རྡོ་རྗེ་ཡིན་པ་དེ་ཉིད་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཕྲག་དོག་གི་སྤྱོད་པ་རྣམས་དེ་དག་པར་བྱེད་པའི་ཐབས་ཡང་དག་པར་བསྟན་པ་ཉིད་ཀྱི་སྒོ་ནས་འགུག་པར་བྱེད་པའི་ཕྱིར། འཕགས་མ ་སྒྲོལ་མ་དང་བཅས་པས་ཕྲག་དོག་ལ་སོགས་པའི་བྱ་བ་ཡང་དག་པར་སྟོན་པ་ནི་དམ་ཚིག་འགུགས་པ་སྟེ། དེའི་རིགས་ནི་ཕྲག་དོག་གི་བདག་ཉིད་ཅན་ནོ། །པྲཛྙཱ་དྷྲིཀ་ཅེས་བྱ་བ་ནི། རྣམ་ཤེས་ཁྱད་པར་ཅན་གྱུར་གང། །དེ་ནི་ཤེས་རབ་ཡིན་ཞེས་བྱ། ། ་འདུ་བྱེད་སེམས་དཔའ་ཨི་ཆོས་དག་ནི། །པྲཏཉཱ?་དྷྲིཀ་ཅེས་བྱ་བར་བརྗོད། །བྱང་དུ་བཞུགས་པར་གྱུར་ཏོ། །འདིས་ནི་མི་བསྐྱོད་པ་རྣམས་ཀྱི་རྣམ་པར་ཤེས་པའི་ཕུང་པོ་ལ་སོགས་པ་རྣམས་བཅོམ་ལྡན་འདས་ཀྱིས་ཇི་སྐད་གསུངས་པ་ཁོ་ན་བཞིན་དུ་བཤད་པ་ཡིན ་ཏེ། རྣམ་པར་ཤེས་དང་ཞེ་སྡང་བརྗོད། །ཡངས་དང་ཡེ་ཤེས་གཉིས་ཀྱི་གསལ། །དེ་བཞིན་ཡེ་ཤེས་རང་བཞིན་རྨོངས། །བེམས་པོ་སྲ་པའི་ངོ་བོ་ཉིད། །ཚོར་བ་རྒྱགས་དང་རློམ་སེམས་ཀྱི། །ང་རྒྱལ་ངོ་བོ་ཉིད་ཡིན་ནོ། །འདུ་ཤེས་ཀུན་ཏུ་ཆགས ་བདག་ཉིད། །དངོས་པོ་ནུས་པའི་མཚན་ཉིད་དོ། །འདུ་བྱེད་རྟག་ཏུ་ཕྲག་དོག་ལྡན། །བརྟེན་འབྱུང་བསྐྱོད་པའི་བདག་ཉིད་དོ། །ཞེ་སྡང་ལ་སོགས་པའི་རིགས་ལྔ་པོ་འདི་རྣམས་ཐབས་དང་ཤེས་རབ་ཀྱིས་དག་པར་ལྷག་པར་མོས་པའི ་སྒོ་ནས་བསྟེན་ན་།སེམས་ཅན་རྣམས་ཀྱི་མངོན་པར་འདོད་པའི་འབྲས་བུ་སངས་རྒྱས་ལ་སོགས་པ་སྒྲུབ་པར་བྱེད་དོ། །ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་ཉིད་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ཉིད་བྱང་ཆུབ་ཡིན་ནོ་ཞེས་པ་བྱུང་བའི་ཕྱིར་རོ། ། ་དེ་ནས་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་དུ་སྦྱར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་འཛིན་ནི་མི་བསྐྱོད་པ་སྟེ། དེ་མཉེས་པའི་དམ་ཚིག་ནི་མཱ་མ་ཀཱི་ཡིན་ཞིང་དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །འདི་དང་པོ་སྦྱོར? ་ནི་རྡོ་རྗེའི་རིགས་གཙོ་བོར་གྱུར་པའི་ཕྱིར་ཏེ་དྲེ་ཥ་ཏོ་ཏིའོ། །རྡོ་རྗེ་འཆད་དེ་ཉིད་མཱ་མ་ཀཱིའི་གཟུགས་སུ་གྱུར་ནས་བདེན་བྲལ་གྱི་མཚམས་སུ་ཉེ་བར་བཞུགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ཡིན་ཞིང་རྗེས་སུ་མཉེས་པར་བྱེད ་པའི་རྡོ་རྗེ་ནི་སངས་རྒྱས་སྤྱན་ཏེ་མོ་ཧ་རཏི་མེའི་མཚམས་སུའོ། །འདོད་ཆགས་འཛིན་པ་ནི་འོད་དཔག་ཏུ་མེད་པ་ཡིན་ཞིང་དེ་རྗེས་སུ་མཉེས་པར་བྱེད་པའི་རྡོ་རྗེ་ནི་གོས་དཀར་མོ་སྟེ། དེའི་རྣམ་པར་སེམས་རྩེ་གཅིག་པ་ཉིད་དུ་མཛད་ནས་རཱ་ག་ཏི་རླུང་གི་མཚམས ་སུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ནི་དོན་ཡོད་པར་གྲུབ་པ་སྟེ། དེ་བྱ་བ་དང་འཛིན་པ་དང་ལན་པ་ལ་སོགས་པ་རབ་ཏུ་དགའ་བ་རྗེས་སུ་མཐུན་པའི་སྦྱོར་བ་རྣམ་པ་ཐ་དད་པ་རྣམས་ཀྱིས་གང་གིས་བསླུ་ཞིང་ཡང་དག་པར ་སྦྱོར་བར་བྱེད་པ་དེ་ནི་རྣམ་པར་བསླུ་བ་རྡོ་རྗེ་སྟེ་འཕགས་མ་སྒྲོལ་མ་ཡིན་ཞིང། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱ་སྟེ། བཛྲ་ར་ཏིའོ། མཱ་མ་ཀཱི་ལ་སོགས་པ་རྣམས་ཞེ་སྡང་རྡོ་རྗེ་ལ་སོགས་པ་རྣམས་དང་ལྷན་ཅིག་ཡང་དག་པར་སྦྱོར་བ ་ཕུན་སུམ་ཚོགས་པའི་བདེ་བ་ནི་དགའ་བ་སྟེ། ཤིན་ཏུ་སྦྱོར་བ་ཕུན་སུམ་ཚོགས་པའོ། །བུད་མེད་བདེ་མཆོག་དགའ་བ་སྟེ། གཏི་མུག་དེ་བཞིན་ཞེ་སྡང་ཆགས། །རྡོ་རྗེ་རྟག་ཏུ་དགའ་བ་གནས། ཞེས་གསུངས་བའོ། །བྱང་ཕྱོགས་ཀྱི་བྲ་རུ་ཞེས་བྱ་བ་ནི་དབང་ལྡན་ཀྱི་མཚམས་སུ? ་ཐབས་ནི་གཡས་སུ་བཞག་བྱ་སྟེ། དེ་བཞིན་ཤེས་རབ་གཡོན་ཉིད་དུ། ཞེས་འབྱུང་བའི་ཕྱིར། ལྷ་མོ་རྣམས་ནི་རང་གི་དེ་བཞིན་གཤེགས་པ་རྣམས་ཀྱི་གཡོན་ལོགས་སུ་བཞག་པར་བྱ་སྟེ། དེ་རྣམས་དང་ལྷན་ཅིག་ཡང་དག་པར་ལྡན་པར་བསྒོམ་པར་བྱའོ། །དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་མཆོག་ཕུན་སུམ་ཚོགས་པ་ནི་བཙུན་མོའི་མཆོག་ཕུན་སུམ་ཚོགས་པ་ཞེས་བྱ་བའི་སྒྲས་བསྟན་ཏེ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཕྱུང་ངོ་ཞེས་བྱ་པར་སྦྱར་ཏེ། འཕགས་པ་གཤིན་རྗེ་མཐར་བྱེད་བསྐྱེད་བའི་ཕྱིར་རྣམ་པར་སྣང ་མཛད་ཀྱི་རྣམ་པར་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཞེས་བྱ་བ་ནི་དཀྱིལ་འཁོར་ལ་མཐུ་སྟེར་བར་བྱེད་པའོ། ཡ་མནྟ་ཀྲིཏ་ནི། ཆོས་རྣམས ་?་མེད་བདག་ཉིད་དང། །སྐྱེ་བ་མེད་པའི་རང་བཞིན་ནི། །དངོས་རྣམས་ཀུན་གྱི་དམ་ཚིག་སྟེ། །དེ་ཕྱིར་ཡ་མནྟ་ཀྲིཏ་དེ། །བསྙེངས་པར་བྱེད་པའི་ཚུལ་ཞེས་བྱ་བ་ནི་བཤད་ཟིན་པའི་མཚན་ཉིད་ཅན་གྱི་ཁྲོ་བོའི་གཟུགས་སོ། །དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་མངོན་པར་བྱང་ཆུབ་པ་རྡོ་རྗེ་ནི་འཕགས་པ་གཞན་གྱིས་མི་ཐུབ་པ་སྟེ་དེའི་རྣམ་པར་སེམས་རྩེ་གཅིག་པ་ཉིད་དུ་མཛད་ནས་ཞེས་བྱ་བའི་ཐ་ཚིག་གོ་།པྲཛྙཱ་ནྟ་ཀྲིཏ?་ཅེས་བྱ་བ་ནི། །མཆོག་ཏུ་དགའ་བས་རྣམ་དག་ཕྱིར། །ཆོས་རྣམས་རྣམ་ཤེས ་བདག་ཉིད་ཡིན། །སེམས་རྣམས་ཀུན་གྱི་དམ་ཚིག་སྟེ། །དེས་ན་པྲཛྙཱནྟ་ཀྲིཏ་རྒྱལ། །ཆོས་རིན་པོ་ཆེ་ནི་པདྨའི་རིགས་ཡིན་ཞིང། འཕགས་པ་རྟ་མགྲིན་གང་ལ་འབྱུང་གནས་ཏེ་སྐྱེ་བའི་གནས་དེ་ཉིད་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ལ་དམིགས་པའི ་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །པད་མནྟ་ཀྲིཏ་ནི། ཆོས་རྣམས་བརྗོད་བྱའི་བདག་ཉིད་མིན། །མིང་དང་གཟུགས་ཟློ་རང་བཞིན་མེད། །ཆོས་རྣམས་ཀུན་གྱི་དམ་ཚིག་སྟེ། །དེས་ན་པད་མནྟ་ཀྲིཏ་གཙོ། །སྐུ་གསུང་ཐུགས་ཀྱི་ཚུལ་དུ ་ཞེས་བྱ་བ་ནི་ཞལ་གསུམ་པར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཁྲོ་བོ་ཆེན་པོ་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་འཕགས་པ་བདུད? ་རྩི་འཁྱིལ་པ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །བིགྷྣཱནྟ་ཀྲིཏ་ཅེས་བྱ་བ་ནི། རང་གིས་ཞི་བའི་རང་བཞིན་ཕྱིར། །ཆོས་རྣམས་མི་རྟོག་བདག་ཉིད་ནི། །རྡོ་རྗེ་ཀུན་གྱི་དམ་ཚིག་སྟེ། །དེ་ཕྱིར་བིགྷྣཱནྟ་ཀྲིཏ་གཙོ་ཁྲོ་བོ་རྣམས ་ཀྱི་སྐྱིལ་ཀྲུང་ནི་གཡས་བརྐྱང་བ་ལ་སོགས་པ་ཉིད་ཡིན་ཏེ། བཅོམ་ལྡན་འདས་ཀྱིས། རྐང་པ་བསྐྱོད་དང་དེས་བསྐྱོད་དང། །ཡང་དག་བསྐྱོད་དང་གྱེན་བསྐྱོད་གནས། །དེ་དག་ཁྲོ་བོ་རྣམས་ཀྱི་ནི། །སྐྱིལ་ཀྲུང་ཆེན་པོར་ཡང་དག་བསླགས། །ཞེས ་གསུངས་སོ། །ཁྲོ་བོ་རྣམས་ནི་ཤར་ལ་སོགས་པའི་སྒོ་ནས་གནས་པ་སྟེ། དེ་རྣམས་ཀྱི་ཁ་དོག་དང་དབྱིབས་དང་གདན་ལ་སོགས་པའི་དེས་པ་ནི་སྒྲུབ་པའི་ཐབས་སུ་བཤད་པ་དེ་ཉིད་ཕྱིར་ཡང་དག་པར་བརྗོད་པ་མི་བྱའོ། །དཀྱིལ་འཁོར་དུ ་མཉེས་པར་བྱ་བའི་དོན་གྱི་དམ་ཚིག་སེམས་དཔའ་རྣམས་ནི་དཀྱིལ་འཁོར་མཉེས་པར་བྱ་བའི་དམ་ཚིག་སེམས་དཔའ་རྣམས་ཏེ། བགེགས་ཐམས་ཅད་རབ་ཏུ་འཇོམས་པར་བྱེད་པ་ཉིད་ཡིན་པའི་ཕྱིར་དང། བཀའ་ཐམས་ཅད་སྒྲུབ་པར་བྱེད་པའི ་ཕྱིར་རོ། །ཏིང་ངེ་འཛིན་དང་དཀྱིལ་འཁོར་དག་བྱིན་གྱིས་རློབ་པ་འམ། ཏིང་ངེ་འཛིན་གྱིས་བསྐྱེད་བའི་དཀྱིལ་འཁོར་དུ་སེམས་ཅན་རྣམས་ཀྱང་ཉན་པར་འདོད་པ་ནུས་པ་ཅན་དུ་བྱིན་གྱིས་རློབ་པ་སྟེ། དོན་དེ་སྟོན་པར་བྱེད་པའི་སྒྲའི་ཚོགས་ལ་དེ་སྐད ་ཅེས་བྱའོ། །བ་ཏ་ནི་བྱང་ཆུབ་ཀྱི་སེམས་ཡིན་ཞིང་དེ་ལེན་པར་བྱེད་བས་ན་བ་ཏ་ལ་སྟེ་ལེའུའོ།། །།རབ་ཏུ་དགའ་བའི་འབྱུང་གནས་གོ་ཆས་མཛད་པ་ལས་ལེའུ་དང་པོའི་རྣམ་པར་བཤད་པའོ། །འདི་ལ་བསྡུས་པའི་ཚང་ནི་ཚིགས་སུ ་བཅད་པ་སྟོང་དགུ་བཅུ་རྩ་གཉིས་ཡོད་དོ།། །།སྣོད་དུ་རུང་བར་བྱས་པ་རྣམས་ལ་གནས་དང་བསྟན་ལ་སོགས་པའི་ཆོ་ག་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་ཀྱི་སེམས་སྒོམ་པ་ཉེ་བར་བསྟན་པར་བྱ་བ་མ་ཡིན་པའི་ཕྱིར། དེའི་རྗེས་ཐོགས་སུ ་བྱང་ཆུབ་སེམས་ཀྱི་ལེའུ་དེ་ནས་ཞེས་བྱ་བ་ལ་སོགས་བས་གསུངས་ཏེ། གསོལ་ཏོ་ཞེས་བྱ་བར་སྦྱར་རོ། །དེ་ནི་སྐུ་གསུང་ཐུགས་ཀྱི་བདག་ཉིད་ཀྱང་ཡིན་ལ་བདག་པོ་ཡང་ཡིན་པས་རྡོ་རྗེ་འཆང་ཆེན་པོ་སྟེ་དེ་ལའོ། །དེ་རྣམས་ནི་དེ་བཞིན་གཤེགས་པ་ཡང་ཡིན ་ལ་ཐམས་ཅད་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དེ། རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱིས་མཆོད་པ་ཞེས་བྱ་བ་བླ་ན་མེད་པ་ལ་སོགས་པའི་རང་བཞིན་ཅན་ཏེ་བྱས་ཏེ་ཕྱག་ཀྱང་འཚལ་ནས་བཅོམ་ལྡན་འདས་ལ་གསོལ་པ ་བཏབ་པོ། །སྐུ་དང་གསུང་དང་ཐུགས་ཀྱི་མཆོག། བཅོམ་ལྡན་སྙིང་པོ་བཤད་དུ་གསོལ། ཞེས་བྱ་བར་སྦྱར་ཏེ། སྙིང་པོ་ཞེས་བྱ་པ་ནི་ཆོས་ཀྱི་སྐུའི་རང་བཞིན་ཏེ། །ཤེས་རབ་གཙོ་བོར་གྱུར་པའོ། །དེ་ཉིད་ནི་མི་ཕྱེད་ཅིང་ཁྱད་པར་དུ་འཕགས་པའི་ཐབས ་གཙོ་བོར་གྱུར་བའི་སྐུ་ལ་སོགས་པ་རྣམས་སྒྲུབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར། སྐུ་དང་གསུང་དང་ཐུགས་ཀྱི་མཆོག་སྟེ་རྒྱུ་ལ་འབྲས་བུ་ཉེ་བར་བཏགས་བའི་ཕྱིར་རོ། །དེ་བས་ན་འདིས་ནི་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཅན་གྱི་བྱང་ཆུབ་ཀྱི་སེམས་གསུངས་སོ། ། ་འདི་ནི་དེ་བཞིན་གཤེགས་པ་ཀུན་གྱི་ཡིན་པས་དེ་བཞིན་གཤེགས་པ་ཀུན་གྱིའོ་།སྤྱོད་པ་ལ་སོགས་པའི་ཚུལ་བརྟེན་པ་རྣམས་ལ་བཤད་པར་མི་བྱ་བ་ཉིད་ཡིན་པའི་ཕྱིར་གསང་བའོ། །བྱང་ཆུབ་སེམས་བྱ་བ་ནི་དོན་དམ་པ་སྟེ་དེ་ཉིད་ཀྱི་ཕྱིར ་ཐམས་ཅད་ལས་མཆོག་ཡིན་པས་བླ་ན་མེད་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་བཀའ་སྩལ་ཏོ་ཞེས་བྱ་བར་སྤྱད་ཏེ་ལྷག་མ་ནི་གོ་སླའོ། །སེམས་ཀྱི་ཡོངས་སུ་རྟོག་པ་ཡང་ཐུགས་ཀྱིས་མཁྱེན་ནས་ཞེས་བྱ་བ་ནི་གལ་ཏེ ་བཅོམ་ལྡན་འདས་ཀྱིས་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་བདག་ཅག་ལ་བྱང་ཆུབ་ཀྱི་སེམས་ཆེན་པོའི་མན་ངག་བྱིན་པ་དེའི་ཆ། སེམས་ཅན་རྣམས་ཀྱི་དོན་ཆེན་པོར་འགྱུར་རོ་སྙམ་པའི་དེ་ལྟ་བུར་རོ། །ཁྱོད་ཀྱིས་སེམས་ཞེས ་བྱ་བ་ནི་བྱང་ཆུབ་ཐོབ་པར་བྱེད་པ་སྟེ། ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །ལུས་ཀྱི་རྣམ་ལ་དེ་ལྟ་བུ་ཞེས་བྱ་བ་ནི་དེ་བཞིན་ཉིད་དུ་རོ་གཅིག་པའི་བདག་ཉིད་ཅན་གྱི་གཟུགས་བརྙན་ལྟ་བུའི་སྐུ་རྡོ་རྗེའི་ངོ་བོར་རོ། །ལུས ་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་དང། ཉོན་མོངས་པ་ཅན་མ་ཡིན་པ་དང། བརྟན་པ་དང་གཡོ་བའི་ཁམས་གསུམ་པ་མ་ལུས་པ་ནི་ལུས་ཡིན་ཏེ། འདི་ཉིད་ལས་དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་རྣམ་པར་སྣང་མཛད་ཁམས་གསུམ་པའི ་སྐུ་རྡོ་རྗེ་ཐམས་ཅད་ལ་ཞུགས་ཏེ། དེ་བཞིན་གཤེགས་པ?་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་ལྷག་པར་དམིགས་ནས་ཅད་མི་གསུང་བར་གྱུར་ཏོ་ཞེས་གང་གསུངས་པའོ། །སེམས་ལྟ་བུ་ཞེས་བྱ་བ་ནི་སྲ་ཞིང་བརྟན་ལ་ཁོང་སྟོད་མེད་པ་གཞིག ་པར་བྱ་བ་མང་ཞིང་བཅད་པར་བྱ་བ་མ་ཡིན་པའི་མཚན་ཉིད་ཅན་དང་པོའི་རྡོ་རྗེའི་རྣམ་པར་སྟེ། སྒྱུ་མ་ལ་སོགས་པ་བཞིན་དུ་སྣང་བ་ཙམ་ཡིན་ཞིང་དོན་དམ་པར་རང་བཞིན་མེད་པར་རོ། །སེམས་ཞེས་བྱ་བ་ནི་ཁམས་གསུམ་པའི་སྣང་བའི ་རྣམ་པའོ། །ཚིག་བརྗོད་པ་ལྟ་བུར་ཞེས་བྱ་བ་ལ་ཚིག་ཉིད་བརྗོད་པ་ཡིན་པས་ཚིག་བརྗོད་པ་སྟེ། གསུང་རྡོ་རྗེ་ཡིན་ཞིང་དེ་ལྟ་བུ་སྟེ་བྲག་ཅའི་སྒྲ་དང་མཚུངས་ཤིང་ནམ་མཁའ་ཨི་མཚན་ཉིད་དུའོ། །ཚིག་ཀྱང་ཞེས་བྱ་བ་ནི་ཁམས་གསུམ་པ ་ཐམས་ཅད་ཀྱི་ཐུགས་དང་གསུང་རྡོ་རྗེ་རྣམས་ལ་བཞུགས་ཏེ་ཞེས་བྱ་བ་ལ་སོགས་པ་འབྱུང་པའི་ཕྱིར་ཁམས་གསུམ་པའི་ཚིག་སྟེ་སྐྱེད་ཅིག་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་སྦྱར་ནས་ཞེས་བྱ་བ་ཐོས་པའི་དོན་བརྟན་པར་བྱས་ཤིང་སྒོམ་པས ་ཁོང་དུ་ཆུད་པར་བྱས་ནས་སེམས་རབ་ཏུ་དགའ་བར་གྱུར་བས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དེ། སྤྱོད་ནས་ཐོས་དང་བསམ་ལྡན་པས། །བསྒོམ་པ་ལ་ནི་རབ་ཏུ་སྦྱར། ཞེས་འབྱུང་བའི་ཕྱིར་རོ། །ེ་མ་ཞེས་པ་ནི་ངོ་མཚར་བའོ། །འོ་།ཞེས་བྱ་བའི ་སྒྲ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །གང་ལས་ཀུན་ཏུ་བཟང་བ་སྟེ་དགེ་ལེགས་གདུལ་བྱ་རྣམས་ཀྱི་རྒྱུད་ལས་འབྱུང་བས་ན་ཀུན་ཏུ་བཟང་པོ་སྟེ། ཚངས་པ་ལ་སོགས་པའི་གཟུགས་རྣམས་ཀྱི་སྒོ་ནས་ཀྱང་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལྟ་བུའི་ཡོན་ཏན་ཁྱད་པར་ཅན ་དང་ལྡན་པའི་རྡོ་རྗེ་འཆང་ཆེན་པོ་དེའི་སྐུ་དང་གསུང་དང་ཐུགས་རྣམས་ནི་དོན་དམ་པར་ནམ་མཁའ་བཞིན་དུ་སྐྱེ་བ་མེད་བ་ཡིན་པས་འདི་ནི་སྐྱེ་བ་མེད་པ་སྟེ་ཆོས་ཀྱི་སྐུའོ། །དེའི་སྦྱོད་བ་ནི་རྣལ་འབྱོར་པ་རྣམས་ཀྱི་རྒྱུད་དེའི་རང་བཞིན་དུ་བྱ་བའོ། །དེས་སྐྱེ་བ་ནི་ལོངས་སྤྱོད ་རྫོགས་པའི་སྐུ་ལ་སོགས་པ་རྣམས་ཀྱི་རྣམ་པར་ནམ་མཁའ་ལས་མཚན་མ་དད་གཟུགས་སུ་འབྱུང་བ་སྟེ། རྩིག་པ་ལ་སོགས་པ་སླངས་ནས་ནམ་མཁའ་ལ་བཞག་གོ་ཞེས་བྱ་བ་ལ་སོགས་པའི་ཐ་སྙད་བཞིན་ནོ། །འདི་ནི་ཞེས་བྱ་བ་ནི་ཐུགས་ལ་གནས་པ་སྟེ་རབ་ཏུ ་བསྒྲགས་ཤིང་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རིགས་ཆད་པ་དང་རིགས་མ་ངེས་པ་རྣམས་དང་རྗེས་སུ་མཐུན་པར་སྟོན་པ་ལྷུར་ལེན་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བྱང་ཆུབ་ཀྱི་སེམས་བསྟན་ཏེ། ད་ནི་རིགས་ངེས་པའི་སེམས་ཅན་རྣམས་ཀྱི་རང་བཞིན་ཅན ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་དབང་དུ་མཛད་ནས། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསུངས་སོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་རྣམ་པའི་སྒོ་སྟོང་པ་ཉིད་ལ་སོགས་པའི་རྒྱུ ་མཐུན་པ་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་རྟོགས་པའོ། །དེའི་ཚུལ་ནི་དེ་མངོན་དུ་བྱ་བའི་ཐབས་ཡིན་ཞིང་དེ་ཉིད་རྡོ་རྗེ་སྟེ་དོན་དེ་བསྟན་པའི་ཕྱིར་སེམས་རྩེ་གཅིག་པ་ཉིད་དུ་མཛད་ནས་ཞེས་བྱ་བའི་དོན་ཏོ། །དངོས་པོ་རྣམས་ལ། ་དམིགས་པའི་སྤྱོད་པ་ཅན་གྱི་སེམས་ཅན་རྣམས་ཀྱི་དབང་དུ་མཛད་ནས། དངོས་པོ་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་བརྟགས་པའི་དངོས་པོ་རྣམས་ཀྱི་གཟུགས་ལ་སོགས་པའི་རྣམ་པ་རྡུལ་ཕྲ་རབ་ལ་སོགས་པར་ཕྱེ་བའི་སྒོ་ནས་བསལ ་བ་ཉིད་ཡིན་པའི་ཕྱིར་དངོས་པོ་མེད་པའོ། །དེ་བས་ན་དེ་བསྒོམ་པ་མེད་ཅིང་སྟོང་པའོ། །གལ་ཏེ་ཆོས་ཐམས་ཅད་ཅེས་བྱ་བ་ནི་མངོན་པར་ཞེ་ན་པའི་རྣམ་པ་སྟེ། དེ་ནི་མེད་པ་ཡིན་ཞིང་བསྒོམ་པ་མ་གྲུབ་པ་དེ་ལྟ་ན་ནི་སྟོང་པ་ཉིད་ཁོ་ན་ཡིན་གྲང་ངོ་ཞེས་བྱ་བར་ངེས ་སོ། །མཚན་མ་དགག་པའི་ཕྱིར་བསྒོམ་པར་བྱ་བ་ལ་སོགས་པ་གསུངས་ཏེ། སྟོང་པའི་རྣམ་པ་ཅན་གྱི་བསྒོམ་པར་བྱ་བ་ཀུན་ཏུ་བརྟགས་པ་གང་ཡིན་པ་དེ་ནི་རུད་པ་མ་ཡིན་པ་ཉིད་དེ། གདན་བུམ་པ་ཉེ་བར་དམིགས་ཤིང་དེ་མེད་པ་ན། འདི་ནི་བུམ་པས ་སྟོང་པའི་གནས་ཡིན་ནོ་ཞེས་བརྗོད་པར་བྱ་བ་ཡིན་ན། འདི་ནི་རེ་ཞིག་བསྒོམ་པ་ཉིད་ཀྱང་མ་གྲུབ་ན་དེས་སྟོང་པ་ཉིད་ལྟ་ག་ལ་གྲུབ། དེ་སྐད་དུ་ཡང་མེད་པ་ཡོད་པའི་ཟླས་དྲངས་སོ་ཞེས་བཤད་དོ། །སྨོན་པ་དགག་པའི་ཕྱིར་དེ་ལྟར་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། དེ་ལྟར་དེ་བཞིན་དུ་ཡང་སྨོན་ལམ་གྱི་སྒོ་ནས་ཀུན་ཏུ་བརྟགས་བའི་འབྲས་བུ་གང་ཡིན་པ་དེ་ཡང་མེད་པ་ཡིན་ཏེ། དངོས་པོ་དང་མཚན་མ་བཀག་པ་ཉིད་ཡིན་པས། བསྐལ་པའི་སྨོན་པར་བྱ་བ་དང་སྨོན་པར་བྱེད་པ་དང་སྨོན་པ་ཉེ་བར་དམིགས་པ ་མེད་པའི་ཕྱིར་རོ། །དེ་ལ་དམ་པའི་དོན་དུ་མ། །?་དུ་འགྲོ་བྱ་འགྲོ་བ་དང། །འགྲོ་བ་པོ་མེད་སྒོམ་པ་དང། །བསྒོམ་བྱ་བསྒོམ་པ་པོ་ཉིད་མེད། །ཅེས་གང་གསུངས་བའོ། །འདིས་ནི་བར་དུ་གཅོད་པའི་འབྲས་བུ་ལ་ངེས་པ་མེད་པའི་ཕྱིར་མངོན་པར་རྫོགས ་པའི་བྱང་ཆུབ་ནི་རང་གི་སེམས་ཡིན་པར་བསྟན་སྟེ། རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ཁོ་ན་བྱང་ཆུབ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །འདུ་བྱེད་པའི་མཚན་ཉིད་བསལ་བའི་ཕྱིར་དེ་བས་བསྒོམ་པས་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། དེ་བས་ཞེས་བྱ་བ་ནི་ཚིགས་སུ་བཅད་པའི་དོན་བསྟན་པའི་སྒོ་ནས་སོ། །བསྒོམ་པ་སྟེ་དངོས་པོ་ལ་སོགས་པའི་རྣམ་པ་ཅན་དམིགས་སུ་མེད་ཅིང་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། ཚིག་དེ་རྣམས་ཀྱིས་ནི་དངོས་པོ་ལ་སོགས་པ་རྣམས་ཀྱི་གཉེན ་པོར་གྱུར་པ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ལ་སོགས་པ་བཞི་བསྟན་པར་རྟོགས་པར་བྱའོ། །དེ་ལ་ཐོག་མ་དད་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ནི་ཐར་བའི་གྲོང་ཁྱེར་ཤིན་ཏུ་ཁྱད་པར་དུ་འཕགས་པ་ཡིན་པར་བརྗོད་པར་བྱ་སྟེ། དེར་འཇུག་པའི་སྒོ་དང་ལམ་ནི་སྟོང་པ ་ཉིད་ལ་སོགས་པ་ཡིན་པའི་ཕྱིར་རྣམ་པར་ཐར་པའི་སྒོ་བསྟན་པ་ཉིད་ཀྱིས་ཆོས་ཀྱི་དབྱིངས་ཀྱི་དོན་བསྟན་པ་ཁོ་ན་ཡིན་ནོ། །དེའི་ཕྱིར་བདག་པོ་གཙོ་བོར་བྱ་བའི་སྒོ་ནས་བཅོམ་ལྡན་འདས་ཀྱིས་ཚིག་ཐ་དད་པས་བསྟན་ཏེ་མི་བསྐྱོད་པའི་རང་བཞིན་ཡིན་ནོ། །སླར་ཡང་སྟོང་པ་ཉིད ་ལ་སོགས་པ་རྣམས་ཀྱི་དགོངས་པ་བསྟན་ཏེ། དངོས་པོ་ཙམ་འབའ་ཞིག་འགོག་གི་ཐམས་ཅད་ནི་མ་ཡིན་ཞིང། མེ་ལོང་དུ་བྱུང་བའི་གཟུགས་བརྙན་གྱི་ཚུལ་དུ་ཐམས་ཅད་ཡོད་དོ་ཞེས་བྱ་བ་འདིས་ནི་སྟོང་པ་ཉིད་ཀྱི་རྒྱུ་མཐུན་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན ་ཀྱི་རྣམས་པ་སྣང་མཛད་ཀྱི་མདོ་བསྟན་ཏེ། །དེ་བཞིན་དུ་མཚན་མ་མེད་པའི་སོགས་པ་རྣམས་ཀྱི་རྒྱུ་མཐུན་པའི་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་སོགས་པའི་རང་བཞིན་གྱི་རིན་ཆེན་དཔལ་ལ་སོགས་པ་རྣམས་ཀྱི་མདོ་ཚིག་རྣམས་བསྟན་ཏོ། །དེ་ལྟར་ན་སེམས་ཅན་དེ་རྣམས ་པའི་ཆེས་པ་ཐོབ་པར་གྱུར་པས་བསྒྲུབ་པ་ལ་སོགས་པ་ལ་ཡང་དག་པར་འཇུག་པར་འགྱུར་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་དེ་ལྟ་བུ་ལ་སོགས་པ་གསུངས་སོ། །ད་ནི་བཅོམ་ལྡན་འདས་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་ཚིགས་སུ་བཅད་པའི་དོན་རྟོགས་ནས། དེ་བཞིན ་གཤེགས་པ་རྣམས་ཀྱི་རང་རང་གི་རྣམ་པར་ཐར་པ་རྣམས་ཀྱི་སྒོ་ནས་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་དོན་བྱ་བའི་ཕྱིར་ཚིགས་སུ་བཅད་པ་རྣམས་གསུངས་ཏེ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གསུངས་སོ་ཞེས་བྱ་བར་སྦྱར་རོ། ། ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་ཏེ་རྣམ་པ་མ་ལུས་པར་རྟོགས་པ་ནི་གཟུགས་བརྙན་འབྱུང་མཚན་ཉིད་ཙམ་གྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་གྱི་རྣམ་པར་སྣང་མཛད་དོ། །དེའི་ཚུལ་ནི་དེ་སྐྱེད་པར་བྱེད་པའི་དེ་བཞིན་ཉིད་ཡིན་?་?་ལ་དེ ་ཉིད་རྡོ་རྗེ་ཡིན་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་སྟོན་པའི་རྣམ་པ་ཅན་དུ་སེམས་རྩེ་གཅིག་པར་མཛད་དེ་ཞེས་བྱ་བའི་ཐེ་ཚིག་གོ་།དངོས་པོ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ནི་མདོའི་དོན་བསྟན་ཏེ། དངོས་པོ་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་ནི་དངོས་པོར ་དམིགས་པ་མེད་པའོ། །དངོས་པོ་དེ་གང་ཞེ་ན། ཕུང་པོ་ལ་སོགས་པ་རྣམས་སོ། །གཟུང་བ་ནི་ཡུལ་གྱི་རང་བཞིན་ནོ། །འཛིན་པ་ནི་རྣམ་པར་ཤེས་པ་ཡིན་ལ། དེ་དག་ལྕགས་ཀྱི་གོང་བུ་སྐམ་པས་འཛིན་པའི་ཚུལ་དུ་གཟུང་བ་དང། འཛིན་པ་མི་དམིགས་ཏེ། ་སྐད་ཅིག་གཅིག་ཏུ་འབྱུང་བར་སྣང་བ་ཙན་ཉིད་ཡིན་པའི་ཕྱིར་རོ། །རང་དང་སྤྱིའི་མཚན་ཉིད་འཛིན་པའི་ཕྱིར་ཆོས་ཏེ། ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའི་རང་བཞིན་ཅན་གྱི་ཕུང་པོ་ལ་སོགས་པ་རྣམས་པ་དང། །སྟོབས་བཅུ་དང་མི་འཇིགས ་པ་ལ་སོགས་པ་རྣམས་དང། སངས་རྒྱས་ཀྱི་ཡོན་ཏན་གྱི་འབྱུང་གནས་ཀྱི་ཡོན་ཏན་བཅོ་ལྔའོ། །དེ་རྣམས་དོན་དམ་པར་རང་བཞིན་མེད་པ་ཉིད་ནི་ཆོས་བདག་མེད་པ་ཡིན་ཞིང། གང་དག་ལ་བདག་སྟེ་རང་བཞིན་མེད་པ་དེ་ནི་བདག་མེད་པ་སྟེ། བདག་མེད་པའི ་དངོས་པོ་ནི་བདག་མེད་པ་ཉིད་དོ། །དེ་ཉིད་ནི་མཉམ་པ་ཉིད་དེ་དངོས་པོ་ཐམས་ཅད་ཐ་དད་པ་མེད་པའོ། །དེའི་ཕྱིར་རྒྱུ་དེས་སེམས་ཅན་ཐམས་ཅད་ཀྱི་རང་གི་སེམས་གཟོད་མ་ནས་མ་སྐྱེས་པ་ཡིན་ཞིང་དེ་ཉིད་ཀྱི་ཕྱིར་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་ནོ། །དེ་ནས་ཞེས ་བྱ་བ་ལ་སོགས་པ་ལ་གསུངས་སོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མི་ཟད་པ་ནི་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཏེ། ཏིང་ངེ་འཛིན་གང་ལ་དེ་ཉིད་མི་བཞིགས་པ་ཉིད་ཀྱི་ཕྱིར་རྡོ་རྗེ་ཡིན་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དངོས་པོ་ན་ཉོན་མོངས ་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའི་རྣམ་པ་ཅན་གྱི་ཕུང་པོ་ལ་སོགས་པ་རྣམས་དང། རྡོ་རྗེའི་རིགས་ཀྱི་རང་བཞིན་ཅན་གྱི་ཡོན་ཏན་གྱི་ཚོགས་རྣམས་ཏེ་དེ་རྣམས་མ་སྐྱེས་པ་ནི་མ་བྱུང་བའོ། །ཅིའི་ཕྱིར་ཞེ་ན། ཆོས་དང་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། འདི་ལྟར་ཤེས་རབ་སྟོབས་ཀྱིས་རྣམ་པར་དཔྱད་ན་ཆོས་རྣམས་ཉེ་བར་མི་དམིགས་ཤིང། དེའི་ཆོས་ཉིད་ནི་སྟོང་པ་ཉིད་དེ་དེ་ཡང་དངོས་པོར་མ་གྲུབ་པ་ཉིད་ཀྱིས་བསལ་བ་ཡིན་ནོ། །དོན་དེ་ཉིད་དཔེའི་སྒོ་ནས་བསྟན་པའི་ཕྱིར། ནམ་མཁའ་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། ཇི་ལྟར་ནམ་མཁའ་རྗེས་ཐམས་ཅད་མེད་པའི་རང་བཞིན་ཡིན་པ་དེ་བཞིན་དུ། ཆོས་ཐམས་ཅད་བདག་མེད་པ་སྟེ་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནོ། །འདི་ནི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །ཇི་སྐད་བཤད་པའི་བྱང་ཆུབ ་ཀྱི་སེམས་ཀྱིས་ཐོས་པ་དང་བསམ་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱི་སྒོ་ནས་བྱང་ཆུབ་ཏུ་ཁྲིད་པར་བྱེད་པས་ན་བྱང་ཆུབ་ཚུལ་ལོ། །བརྟན་པ་ནི་ངེས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་གསུངས་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་བདག་མེད་པ་ནི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའི་རྒྱུ་མཐུན་པའི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། གང་ལ་དེ་ཉིད་རྡོ་རྗེ་ཡོད་པ་ཡིན་པ་དེ་ལ་འདི་སྐད་ཅེས་བྱའོ། །ཆོས་རྣམས་ཐམས་ཅད་དངོས་མེད་ཅིང། ཞེས་བྱ་བ་ནི་བཤད་ཟིན་པའི་མཚན་ཉིད་ཅན་ཁོ་ན ་ཡིན་ནོ། །ཇི་ལྟར་ཞེ་ན། ཆོས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རེ་ཞིག་ཁམས་གསུམ་པའི་དག་པ་དང་མ་དག་པའི་རྣམ་པར་རྟོག་པའི་རང་བཞིན་ཅན་གྱི་ཆོས་རྣམས་མ་གྲུབ་པ་ཁོ་ན་ཡིན་ན། དེ་རྣམས་ཀྱི་མཚན་ཉིད་ལྷ་གང་ལ་གྲུབ་སྟེ། མོ ་བཤམ་གྱི་བུའི་སྔོ་བསངས་དང་དཀར་ཤམ་ཉིད་ལ་སོགས་པ་བཞིན་ནོ། །དེའི་ཕྱིར་ཆོས་ཀྱི་མཚད་ཉིད་རྣམ་པར་སྤངས་བ་ཡིན་ནོ། །ཇི་ལྟར་རིགས་ལ་སོགས་པ་རྣམས་འབྱུང་ཞེ་ན། ཆོས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ཆོS ་བདག་བདག་མེད་པ་ནི་བཤད་ཟིན་པ་ཡིན་ཞིང་དེ་ལས་ཀུན་ཏུ་འབྱུང་བས་ཆོས་བདག་མེད་ལས་ཀུན་ཏུ་བྱུང་བ་སྟེ། རིན་པོ་ཆེའི་རིགས་ཀྱི་ལྷ་རྣམས་སོ། །དེ་ནས་ཞེས་བྱ་བ་ནས་གསུངས་སོ་ཞེས་བྱ་བར་སྦྱར་རོ། །ཡེ་ཤེས་ཀྱི་འོད་ཟེར་ནི་རྣམ་པར་ཐར་པའི ་སྒོ་སྨོན་པ་མེད་པ་ཡིན་ཞིང། གང་ལ་བསྒོམ་པར་བྱ་བ་དང་སྒོམ་པར་བྱེད་པ་དང་བསྒོམ་པ་བཀག་བའི་སྒོ་ནས་ཉོན་མོངས་པའི་བུད་ཤིང་མ་ལུས་པ་སྲེག་པར་བྱེད་པ་དེ་ལས་བྱུང་པའི་རྡོ་རྗེ་སྒྲོན་མ་སྟེ། སོ་སོར་རྟོག་པའི་ཡེ་ཤེས་ཡོད་པ་དེ་ལ་དེ་སྐད ་ཅེས་བྱའོ། །མ་སྐྱེས་པའི་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །ནམ་མཁའ་ནི་རྣམ་པར་ཐར་པའི་སྨོན་པ་མེད་པའོ། །དེ་ཉིད་གནས་ཏེ་ཞིང་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་གྱི་འོད་དཔག་ཏུ་མེད་པའི་སྐྱེ་བའི་གནས་སོ། །སྦྱོར་བ་ནི་པདྨའི་རིགས ་བསྒོམ་པའི་རྣམ་པ་སྟེ་དེ་ཡིས་སོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་འདིས་ནི་དེ་ལྟར་དངོས་པོ་དངོས་མེད་བས་ཞེས་བྱ་བའི་མདོ་དེའི་དོན་ཡིན་པར་རབ་ཏུ་བསྒྲགས་ཤིང་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་དོན་ཡོད་གྲུབ་པས་གསུངས་སོ་ཞེས་བྱ་བར་སྦྱར་རོ།། ་རྣམ་པར་ཐར་པའི་སྒོ་རང་བཞིན་གྱིས་འོད་གསལ་པའི་རྒྱུ་མཐུན་པ་བྱ་བ་བསྒྲུབ་པའི་ཡེ་ཤེས་གང་གིས། དེ་བཞིན་གཤེགས་པ་ཐམས་ཅད་དེ་བཤད་མ་ཐག་པ་དེ་རྣམས་ཟིལ་གྱིས་གནོན་ཅིང་སྣང་བ་མེད་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱ་ཞིང། གང་ལ ་དེ་ཉིད་རྡོ་རྗེ་ཡིན་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆོས་རྣམས་ཞེས་བྱ་བ་ལ་སོགས་པ་ལ་ཆོས་རྣམས་ཞེས་བྱ་བ་ནི་སྔར་རྣམ་པར་ཕྱེ་བ་རྣམས་ནི་རང་བཞིན་ཏེ་ངོ་བོ་ཉིད་ཀྱིས་འོད་གསལ་ཞིང་དྲི་མ་མེད་པའོ། །ཅིའི་ཕྱིར་ཞེ་ན། གདོང་ནས་དག་པ ་ཞེས་བྱ་བ་གདོད་མ་ཉིད་ནས་མ་སྐྱེས་བ་ཉིད་ཡིན་པའི་ཕྱིར་རོ། །དེ་རྣམས་ཅི་ལྟ་བུ་ཞེ་ན། ནམ་མཁའ་བཞིན་ཞེས་བྱེ་བ་གསུངས་ཏེ། ཉི་མ་ཕྱེད་ཀྱི་དུས་ཀྱི་སྤྲིན་དང་བྲལ་བ་དེ་བཞིན་དུ་དེ་རྣམས་ནི་དྲི་མ་མེད་ཅིང་གསལ་བའི་རང་བཞིན་ཡིན་ནོ་ཞེས་བྱ་བའི? ་དོན་ཏོ། །གདོད་ནས་དག་པ་ཉིད་ཡིན་པའི་ཕྱིར་བྱང་ཆུབ་སྟེ་ཀུན་ཏུ་བཏགས་པའི་རང་བཞིན་གྱི་འབྲས་བུ་མེད་ཅིང་མངོན་པར་རྟོགས་ཏེ་དེ་ཐོབ་པར་བྱེད་པའི་རྒྱུ་མེད་པ་ཁོ་ནའོ། །ལྷག་མ་ནི་བཤད་ཟིན་ཏེ་།དོན་ཡོད་པར་གྲུབ་པས་དེ་སྐད་ཅེས་གསུངས་སོ། ། ་ཁ་ཅིག་ནི་བཅོམ་ལྡན་འདས་ཉིད་ཏིང་ངེ་འཛིན་དེ་དང་དེ་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་ཀྱི་ཚིགས་སུ་བཅད་པ་རྣམས་གསུངས་སོ་ཞེས་ཟེར་ཏེ། དངོས་པོ་དེ་ནི་ཡིད་བཞིན་གྱི་རིན་པོ་ཆེ་ལྟ་བུ་ཡིན་པས་བཤད་པ་གཞན་དེ་ཡང་ཡིན་ལ་ནི་དག་ན། ་འོན་ཀྱང་ཇི་ལྟར་འབྱིན་པའི་སྐབས་སུ་བཅོམ་ལྡན་འདས་ཉིད་དེ་དང་དེའི་རྣམ་གཟུགས་སུ་གྱུར་ནས་དེ་དང་དེར་བཞུགས་པ་དེ་བཞིན་དུའི་རང་ནི་མི་འདོད་དེ། ཚིགས་སུ་བཅད་པ་རྣམས་ཀྱི་ཐོག་མ་དང་ཐ་མར་རྣམ་པར་སྣང་མཛད་ལ་སོགས་པའི་མཚན་གྱི་ཚིག ་རྣམས་དང་སྤེལ་བ་ཉིད་ཡིན་པའི་ཕྱིར་རོ། །བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས། བཅོམ་ལྡན་འདས་དང་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་བསྟན་པ་ཐོས་ནས་ངོ་མཚར་དང་རྨད་དུ་གྱུར་པའི་ཚིག ་དག་གིས་རྒྱུ་དང་འབྲས་བུ་ལ་ངོ་མཚར་དུ་གྱུར་པ་སྟོན་པར་བྱེད་ཅིང་དགའ་བའི་ཚིག་གིས་ཆེད་དུ་བརྗོད་པ་སྔོན་དུ་འགྲོ་བ་ཅན་གྱི་བསྟོད་པ་བྱེད་དེ། ཨེ་མའོ་ཞེས་པ་ནི་ངོ་མཚར་བའོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པས་ནི་སྟོན་པ་པོ་རྙེད་བར ་དཀའ་བ་ཉིད་དུ་སྟོན་ཏོ། །མི་བསྐྱོད་པ་གང་ལ་དེ་ཁོ་ན་ཉིད་ཀྱིས་དག་པའི་དོན་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དག་པའི་དོན་ནི་རྣམ་པར་སྣང་མཛད་དེ་མེ་ལོང་ལྟ་བུའི་ཡེ་ཤེས་དྲི་མ་མེད་པ་དང་ལྡན་པའི་ཕྱིར་རོ། །བདག་མེད ་པའི་ཆོས་ནི་སྔ་མ་བཞིན་ཏེ་དེ་ལས་བྱུང་བ་ནི་རིན་ཆེན་དཔལ་ལོ། །གདུལ་བྱ་རྣམས་ཀྱིས་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་བྱེད་པས་ན་སངས་རྒྱས་བྱང་ཆུབ་རྫོགས་པར་མཛད་པས་ནི་འོད་དཔག་ཏུ་མེད་པའོ། །རང་བཞིན་གྱིས ་འོད་གསལ་བའི་རྒྱུ་མཐུན་པ་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱིས་རྣམ་པར་རྟོག་པའི་ཉེས་པ་མ་ལུས་པའི་སྤངས་པ་ཉིད་ཡིན་པའི་ཕྱིར་རྣམ་པར་མི་རྟོག་པ་ནི་དོན་ཡོད་པར་གྲུབ་པའི། །གནས་སྐབས་ལ་སོགས་པའི་རྣམ་པ་ཅན་གྱི་མཱ་མ་ཀཱིའི་སྤྲུལ་པས ་དམིགས་པ་སྤོང་བའི་ཕྱིར་དམིགས་སུ་མེད་པའོ། །སངས་རྒྱས་སྤྱན་གྱི་སྤྲུལ་པའི་སྒོ་ནས་ཞི་བ་ལ་སོགས་པ་རྣམས་ཀྱིས་འགྲོ་བ་མ་ལུས་པའི་དོན་མཛད་པའི་ཕྱིར་ཀུན་ཏུ་བཟང་པོའོ། །དེ་ཁོ་ན་བཞིན་དུ་གོས་དཀར་མོའི་སྒོ་ནས་སེམས་ཅན་རྣམས་ཀྱི ་རྒྱུད་ལ་ཆོས་ཀྱི་དོན་རྒྱས་པར་བྱེད་པའི་ཕྱིར་ཐམས་ཅད་དོན་ནོ། །འཕགས་མ་སྒྲོལ་མ་སྤྲུལ་པའི་སྒོ་ནས་ཞི་བ་ལ་སོགས་པ་རྣམས་ཀྱིས་འགྲོ་བ་མ་ལུས་པའི་བྱ་བ་སྒྲུབ་པའི་ཕྱིར་བྱང་ཆུབ་སེམས་ནི་རབ་སྐོར་བའོ། །བྱང་ཆུབ་ཀྱི་ལམ་ལ་འདུར? ་བར་བྱེད་པའི་ཕྱིར་དང། ཞུགས་པའི་སེམས་ཅན་གྱི་ཁམས་ཀུན་ཏུ་སྲུང་བའི་ཕྱིར། གཤིན་རྗེ་མཐར་བྱེད་ནི་བྱང་ཆུབ་སྦྱོད་པ་རྡོ་རྗེ་ཆེའོ་།དེ་བཞིན་གཤེགས་པའི་ཐུགས་དག་པ་ཞེས་བྱ་བ་ཉོན་མོངས་པ་མ་ལུས་པ་ཀུན་ཏུ་ཕམ་པར་བྱེད་པའི ་ཕྱིར་འཕགས་པ་གཞན་གྱིས་མི་ཐུབ་པའོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལྟར་མི་ཕྱེད་པ་ཉིད་འཛིན་པར་བྱེད་པས་ན་སྐུ་དང་གསུང་དང་ཐུགས་རྡོ་རྗེ་འཛིན་ཏེ་འཕགས་པ་རྟ་མགྲིན་ནོ། །གང་ལ་སངས་རྒྱས་ཀྱི་བྱང་ཆུབ་ལ་སེམས་ཅན་རྣམས་ཁྱད་པར ་འགོད་པའི་དང་ཚུལ་ཡོད་པ་དེ་ནི་སངས་རྒྱས་བྱང་ཆུབ་རབ་སྟོན་པ་དེ་འཕགས་པ་བདུད་རྩི་འཁྱིལ་པའོ། །བྱང་ཆུབ་ཀྱི་སེམས་ལ་ཕྱག་འཚལ་བའི་ཆོག་བཞི་པོ་རྣམས་ཀྱིས་ནི་རྣམ་པར་དག་པའི་བྱང་ཆུབ་ཀྱི་སེམས་ཆེན་པོ་མདའ་ཞིང་རྣམ ་པར་དག་པ་བཞི་དང་ལྡན་པ། རྣམ་པར་ཐང་པའི་སྒོ་བཞིའི་རྒྱུ་བའི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ཀྱི་བདག་ཉིད་འབྱིན་པའི་དཀྱིལ་འཁོར་གྱི་རང་བཞིན་ཅན་གྱི་བཅོམ་ལྡན་འདས་ལ་ཕྱག་བཞི་བྱས་སོ། །གཞན་ནི་བཤད་ཟིན་ཏོ། །བྱང་ཆུབ ་སེམས་ཀྱི་ལེའུ་སྟེ་གཉིས་པའི་རྣམ་པར་བཤད་པའོ།། །།ལྷག་པར་མོས་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པའི་རྗེས་ཐོགས་སུ་བྱང་ཆུབ་ཀྱི་སེམས་བསྒོམས་ནས་དེ་བརྟན་པར་བྱ་བ་སྔོན་དུ་འགྲོ་བ་ཅན་གྱི་རང་གི་ལྷ་ལ་དམིགས ་པར་བྱའོ་ཞེས་བསྟན་པའི་ཕྱིར། རྡོ་རྗེ་བཀོད་པ་ཞེས་བྱ་བའི་ལེའུ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནས་གསུངས་སོ་ཞེས་བྱ་བར་སྦྱར་རོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་སོ། །དེ་རྣམས་ཀྱིས་ནམ་མཁའ་ཁྱབ་པ་ནི་འཕྲོ་བ་ཡིན་ཞིང། ནམ་མཁའ་ཨི་དབྱིངས་མ་ལུས་པ་ཁྱབ་པར་བྱེད་པའི་ཕྱིར་དེ་ཉིད་སྤྲིན་ཡིན་ནོ། །དེ་དག་ཡང་དག་པར་བསྡུས་ནས། རྟེན་གྱི་དཀྱིལ་འཁོར་ལ་གནས་ཇི ་ལྟ་བ་བཞིན་དུ་གནས་པའི་དཀྱིལ་འཁོར་བའི་ལྷ་རྣམས་ཉེ་བར་དགོད་པའི་རིམ་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་བཀོད་པའོ། །དེ་ཉིད་མི་ཤིགས་པ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་ཡིན་ཞིང་དེ་ལ་དམིགས་ཤིང་དེའི་མིང་ཅན་གྱི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱ་སྟེ ་དེ་ལ་སྙོམས་པར་ཞུགས་ནས་སོ། །རྡོ་རྗེ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །དེ་རྣམས་ཀྱི་བཀོད་པ་ནི་དཀྱིལ་འཁོར་དུ་བགོད་པའི་རང་བཞིན་ཏེ། དེ་ཉིད་ཏིང་ངེ་འཛིན་ཀྱི་ལེའུ་ཞེས་བྱ་བ་ལ་རྟེན་དང་བརྟེན་པ་ཉིད་རྡོ་རྗེ་འཆང་ཆེན་པོར་ལྷག་པར་མོས ་པའི་རྣམ་པར་སེམས་རྩེ་གཅིག་པ་ཉིད་ནི་ཏིང་ངེ་འཛིན་ནོ། །པ་ཏ་ནི་བྱང་ཆུབ་ཀྱི་སེམས་ཏེ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་ཐམས་ཅད་ལ་བཀབ་པའི་ཕྱིར་རོ། །དེ་ལེན་ཅིང་འཛིན་པར་བྱེད་པས་ན་པ་ཏ་ལ་སྟེ་ལེའུའོ། །འདི་ཞེས་བྱ་བ་ནི་ཐུགས་ལ ་གནས་པའོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། སློབ་བཞིན་པའི་རྣལ་འབྱོར་པ་ཇི་སྐད་བཤད་པའི་གནས་ན་གནས་ཤིང་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་པ་སྔོན་དུ་འགྲོ་བ་ཅན་གྱི་རྡོ་རྗེ་ཆེན་པོར་ལྷག་པར་མོས་པ་དང་ལྡན་པས ་སྤྲོ་བ་རང་སྡུ་པའི་རིམ་གྱིས་རྟེན་དང་བརྟེན་པའི་བདག་ཉིད་ཅན་དུ་གྱུར་ནས། སྒྲུབ་ཐབས་ཀྱི་ཚུལ་བཞིན་དུ་བྱང་ཆུབ་ཀྱི་སེམས་རྣམ་པར་བསྒོམས་ཏེ། ཨོཾ་ཤཱུ་ནྱ་ཏཱ་ཞེས་བྱ་བའི་སྔགས་ཀྱི་བྱིན་གྱིས་བརླབ་པར་བྱ་བྱའོ། །དོན་དེ་ཉིད་ནམ་མཁའ་ཨི ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའ་ཨི་དབྱིངས་ནི་ལྷ་མོ་ཀུན་ཏུ་བཟང་མོའི་ཆོས་འབྱུང་ཡིན་ཞིང་དེའི་དབུས་སུ་བསྒོམ་པར་བྱའོ། །སངས་རྒྱས་དཀྱིལ་འཁོར་ཞེས་བྱ་བ་ལ། སངས་རྒྱས་ཏེ་རྣམ་པར་སྣང་མཛད་ལ་སོགས་པ ་དེ་བཞིན་གཤེགས་པ་རྣམས་ཀྱི་དཀྱིལ་འཁོར་ནི་སངས་རྒྱས་དཀྱིལ་འཁོར་རོ། །འོད་ཟེར་སྤྲིན་གྱི་ཚོགས་ཆེན་པོ་ཞེས་བྱ་བ་ནི་འོད་ཟེར་མཛའ་ཡས་བའི་ཚོགས་རྣམས་ཀྱིས་རྣམ་པར་སྤྲོས་ཤིང་མཛེས་པའོ། །གང་ལ་སངས་རྒྱས་ཀྱི ་འབར་བ་རྣམས་དང་མཉམ་ཞིང་མཚུངས་པའི་འོད་ཡོད་པ་དེ་ནི་སངས་རྒྱས་འབར་མཉམ་འོད་དང་ལྡན་པ་སྟེ་མཆོད་རྟེན་གྱི་ནང་ན་གནས་པའི་དཀྱིལ་འཁོར་རོ། །དེ་ཉིད་འོད་ཟེར་སྣ་ལྔས་ཀུན་ཏུ་ཁྱབ་ཅེས་བྱ་བས་ཁྱད་པར་དུ་བྱེད་དེ་འོད་ཟེར ་དཀར་པོ་དང་སེར་པོ་དང་ལྗང་གུ་དང་དམར་པོ་དང་སྔོན་པོ་རྣམས་ཀྱིས་ཁྱབ་པའོ། །ཀུན་ནས་ཡོངས་སུ་ཟླུམ་པོ་སྟེ་ཞེས་བྱ་བ་ནི་དབུས་ཀྱི་དཀྱིལ་འཁོར་འོད་ཀྱི་དཀྱིལ་འཁོར་ཟླུམ་པོ་ཉིད་ཡིན་པའི་ཕྱིར་རོ། འདོད་པའི་ཡོན་ཏན་ལྔ་ནི་གཟུགས་ལ་སོགས་པའི་ཡུལ ་རྣམས་ཏེ་གང་ལ་གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོའི་རང་བཞིན་ཅན་དེ་རྣམས་ཉིད་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྟག་པ་ལ་སོགས་བའི་རང་གི་ངོ་བོ་ཅན་གྱི་བདུད་རྩི་ལྡན་མཆོད་པ་རྣམ་པ་ལྔ་སྟེ། དེ་རྣམས་ཀྱིས་བརྒྱན་ཅིང ་མཛེས་པར་བྱས་པ་ཞེས་བྱ་བའི་དོན་ཏོ། །མདོར་ན་དེ་ལྟར་བསྒོམས་ནས་སུ། །ཞེས་བྱ་བ་ནི་སྐད་ཅིག་གི་ཇི་སྐད་བཤད་པའི་རྟེན་ནོ། །གཟུགས་ནི་དབུས་སུ་བསྒོམ་པར་བྱ། ཞེས་བྱ་བ་ནི་རྟེན་བ་རྡོ་རྗེ་འཆང་ཆེན་པོའི་གཟུགས་ཡིན་ཞིང། དེ་ཡང་དེ་ཁོ་ན ་བཞིན་དུ་སྟེ། འོག་ནས་སངས་རྒྱས་གཟུགས་ནི་རབ་བསྒོམས་ན། རྣམ་པར་སྣང་མཛད་ལ་སོགས་བསྒོམ་ཞེས་སྟོན་པའི་ཕྱིར་རོ། །དེའི་སྒྲུབ་ཐབས་ལས་བཤད་པའི་ཚུལ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པ་དབྱུང་བ་དང་གཟུག་པའི་སྒོ ་ནས་ཕྱག་རྒྱ་ཆེན་པོ་གསུམ་གྱི་རང་བཞིན་དང་ལྡན་པར་བསྒོམ་པར་བྱའོ། །ཡང་ན་སྐུ་གསུང་ཐུགས་རྡོ་རྗེ་ནི་ཞེ་སྡང་རྡོ་?་སྟེ་དེའི་ཕྱག་རྒྱ་ཆེན་པོའོ། །ཚོགས་གཉིས་དང་ལྡན་པ་ཞེས་བྱ་བ་ནི་ཡང་དག་པར་སྦྱོར་བ་ལས་ཕྱུང་སྟེ། དེའི་སྤྲུལ་པ་རྣམས་ཀྱིས ་འགྲོ་ལམ་ལུས་པའི་དོན་བྱས་ནས། དེ་བསྡུས་ཏེ་རང་གི་ལུས་ལ་བཅུག་ནས་མི་བསྐྱོད་བར་གྱུར་པར་བྱ་ཞིང་ཚུལ་འདིས་རྡོ་རྗེ་འཆང་ཆེན་པོ་དང་མི་བསྐྱོད་པ་དག་གཅིག་ཉིད་དུ་གྱུར་བས་ཚོགས་གཉིས་དང་ལྡན་པ་སྟེ། དེ་ཡིས་སོ། །མི་བསྐྱོད་པའི་རྒྱལ ་མཆོག་ཅེས་བྱ་བ་རྡོ་རྗེའི་རིགས་གཙོ་བོར་གྱུར་བ་ཡིན་པའི་ཕྱིར་མཆོག་དང། དེ་བཞིན་དུ་རིན་ཆེན་དཔལ་ལ་སོགས་པ་ལྷ་ཐམས་ཅད་ཀྱིས་ཕྱག་རྒྱ་ཆེན་པོ་རྡོ་རྗེ་འཆང་ཆེན་པོ་དང་ཐ་མི་དད་པའི་བདག་པོའི་རང་བཞིན་དུ་དཀྱིལ་འཁོར་གསུམ ་ལས་གང་ཡང་རུང་བའི་དབུས་སུ་བསྒོམ་པར་བྱ་སྟེ། རྡོ་རྗེ་འཛིན་མཆོག་གང་ཞིག་གི་། གཟུགས་ནི་དབུས་སུ་ལེགས་བྲིས་པའི། །དཀྱིལ་འཁོར་གནས་ནི་དེ་ཡི་ཡིན་ཞེས་འབྱུང་བའི་ཕྱིར་རོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་ཞེས ་བྱ་བ་ནི་ཞེ་སྡང་རྡོ་རྗེའི། །ིནྡྲ་ནཱི་ལའི་འོད་འདྲ་བ་ཞེས་བྱ་བ་ནཱི་ལ་ལྟ་བུའི་སྐུ་མདོག་དང་ལྡན་པའོ། །ཕྱག་ན་རྡོ་རྗེ་རྩེ་ལྔ་པ་འབར་བ་བསྣམས་པ་ནི་མི་བསྐྱོད་པ་ཡིན་ཞིང། དེ་ཉིད་རབ་འབར་བ་དེ་གང་ལ་རབ་ཏུ་འབར་བ་ཡོད་པ་དེ་ལ ་དེ་སྐད་ཅེས་བྱའོ། །མཆེ་བ་འགུལ་བ་ནི་རྣམ་པ་སྟེ་།དེ་གཙིགས་པ་ནི་ཤིན་ཏུ་དྲག་པའོ། །དེ་ཉིད་ཀྱི་ཕྱིར་འཇིགས་སུ་རུང་བ་སྟེ་འཇིགས་པར་བྱེད་པ་ཡིན་ལ། མཆེ་བ་གཙིགས་ཤིང་རྣམ་པར་ཁྲོས་པའི་མདངས་ཅན་གྱི་ཞལ་དང་ལྡན ་པའི་མི་བསྐྱོད་པའོ། །ཤེལ་དང་ཟླ་བའི་འོད་ཅེས་བྱ་བ་ལ་སོགས་པས་ནི་རྣམ་པར་སྣང་མཛད་འཁོར་ལོ་བསྣམས་པའོ། །འཛམ་བུ་ཆུ་པོའི་གསེར་འོད་འདྲ་བ་རིན་ཆེན་དཔལ་སྐུ་མདོག་སེར་པོ་དང་ལྡན་པའོ། །སངས་རྒྱས་སྤྲིན་གྱིས་རབ་ཏུ་འཁྲིགས ་རྡོ་རྗེ་ཆེན་པོ་རྩེ་དགུ་པ། །ཞེས་བྱ་བ་ནི་སངས་རྒྱས་སྤྲིན་གྱི་ཚོགས་འཕྲོ་ཞིང་ཨིནྡྲ་ནཱ་ལི་ལྟ་བུའི་རྡོ་རྗེ་ཆེན་པོ་རྩེ་མོ་དགུ་བ་སྟེ་ཐུགས་ཀྱི་དཀྱིལ་འཁོར་གྱི་ལེའུ་ལས་ཨིནྡྲ་ནཱི་ལའི་མདོག་ཅན་དུ་བསྟན་པའི་ཕྱིར་རོ། །དེའི་ཞེས་བྱ་བ་ཞེ་སྡང་རྡོ་རྗེའི་ཕྱག་དུའོ།། ་མ་ར་ཀ་ཏའི་འོད་འདྲ་བ་ཞེས་བྱ་བ་ནི་དེ་ཉིད་ཀྱི་འོད་ཀྱི་དཀྱིལ་འཁོར་རོ། །པདྨ་རཱ་ག་ཞེས་བྱ་བ་ལ་སོགས་པས་ནི་འོད་དཔག་ཏུ་མེད་བས་སྐུ་མདོག་དམར་པོ་ཕྱག་ན་བསྡམས་པའོ། །འོད་ཟེར་སྣ་ལྔ་ཞེས་བྱ་བ་ལ་སོགས་པས་ནི་དོན་ཡོད ་པར་གྲུབ་པ་འོད་ཟེར་ཁ་དོག་སྣ་ལྔ་པའི་འོད་འབར་ཞིང་ཕྱག་ན་རལ་གྲི་བསྣམས་པའོ། །ཁ་དོག་སྣ་ཚོགས་པ་ནི་མ་ཡིན་ཏེ་འབྱིན་པའི་སྐབས་སུ་ལྗང་གུ་ཉིད་དུ་བསྟན་པའི་ཕྱིར་རོ། །རང་གི་ཡི་གེ་གསུམ་ལས་བྱུང་བའི་འོད་གཟེར་རྣམས་ཀྱིས ་དེ་བཞིན་གཤེགས་པ་ལ་སོགས་པ་ཐམས་ཅད་ཡི་གེ་གསུམ་དུ་བྱས་ཏེ་བཅུག་པའི་རྗེས་ཐོགས་ལ་ཆོས་ཀྱི་དབྱིངས་ཀྱི་སྔགས་ཀྱིས་བྱིན་གྱིས་བརླབ་བར་བྱ་བ་ཡིན་པས། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་ཀྱི་དབྱིངས་ཞེས ་བྱ་བ་ནི་སེམས་ཅན་མ་ལུས་བ་སྡུད་པར་བྱེད་པའི་སྙིང་རྗེ་ཆེན་པོའི་རང་བཞིན་ཅན་རང་གི་སྐུ་དང་གསུང་དང་ཐུགས་ཀྱི་ཡི་གེ་རྣམས་ཀྱི་ཆོས་ཀྱི་དབྱིངས་ཏེ་དེ་བཞིན་ཉིད་དོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོའོ། །སྙོམས་པར ་ཞུགས་ནས་ཞེས་བྱ་བ་ནི་དེ་བསྟན་པའི་རྣམ་པར་སེམས་རྩེ་གཅིག་པ་ཉིད་དུ་བྱས་ནས་སོ། །སྐུ་དང་གསུང་དང་ཐུགས་ཞེས་བྱ་བ་ཡི་གེ་གསུམ་གྱི་རྣམ་པ་ཅན་གྱི་སྔཌ་ཀྱིས་བྱིན་གྱིས་བརླབས་པས་སྙིང་རྗེ་དང་ཤེས་རབ་ཐ་མི་དད་པ་དང་བསོད་ནམས ་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རང་བཞིན་ཅན་གྱི་ཟླ་བའི་དཀྱིལ་འཁོར་དམར་སྐྱ་བལྟ་བར་བྱའོ། །ཏིང་ངེ་འཛིན་གསུམ་གྱི་རྗེས་ཐོགས་སུ་སློབ་བཞིན་པའི་རྣལ་འབྱོར་པས་ཕྲ་མོའི་རྣལ་འབྱོར་པ་སྒོམ་པར་བྱ་བ་ཡིན་པས། རིན་ཆེན་ཁ་དོག་ཅེས་བྱ་བ ་ལ་སོགས་པ་གསུངས་སོ། །རིན་ཆེན་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཉུངས་ཀར་གྱི་འབྲུའི་ཚད་ཙམ་མོ། །རིགས་ལྔའི་ཡེ་ཤེས་བསྡུས་པ་ཉིད་ཡིན་པའི་ཕྱིར་ཁ་དོག་ལྔ་པ་སྟེ། དེའི་དབུས་སུ་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར ་པས་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་དམ། ཡང་ན་ལྷ་མོ་བཞིས་ཡོངས་སུ་བསྐོར་ཅིང་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ཅན་གཉིས་སུ་མེད་པར་སྙོམས་པར་ཞུགས་པའི་གཟུགས་ཅན་གྱི་རྡོ་རྗེ་འཆང་ཆེན་པོ་བསྒོམ་པར་བྱའོ། །སྣའི་རྩེ ་མོར་ཞེས་བྱ་བ་ནི་རང་གི་རིག་མའི་པདྨའི་སྣའི་ནང་དུའོ། །ནན་ཏན་དུ་ཞེས་བྱ་བ་ནི་སེམས་རྩེ་གཅིག་པར་རོ། །སྦྱོར་བ་ཡིས་ཞེས་བྱ་བ་ནི་རྡོ་རྗེ་དང་པདྨར་སྦྱོར་བས་སོ། །རྟག་ཏུ་ཞེས་བྱ་བ་ནི་ཉིན་དང་མཚན་དུའོ། །རིན་ཆེན་བརྟན་པར་གྱུར ་ཅེ་བྱ་བ་བ་ནི་ཇི་སྲིད་དུ་སྒྲ་ལ་སོགས་པ་ཉེ་བར་གྱུར་པ་མི་འཛིན་པ་དང། བསམ་པར་བྱ་བ་ཙམ་ལ་དམིགས་པའི་མཚན་མ་མཐོང་བའི་སྒོ་ནས་སེམས་བརྟན་པར་གྱུར་བར་ཤེས་པ་དེ་སྲིད་དུ་བསྒོམ་པར་བྱ་བའི། དེ་ནས་སེམས་དབང་དུ ་གྱུར་པར་བྱ་བའི་ཕྱིར་སྤྲོ་བར་བྱ་སྟེ། རྣམ་པར་སྣང་མཛད་ལ་སོགས་པའི་སངས་རྒྱས་རྣམས་ཀྱི་འོད་ཟེར་དཀར་པོ་ལ་སོགས་པའི་ཚོགས་ཀྱི་རྣམ་པ་ནི་སངས་རྒྱས་?་བའོ། །རྣམ་པར་སྤྲོས་པའི་དེ་བཞིན་གཤེགས་པ ་ལ་སོགས་པ་གང་དག་ལ་དེ་རྣམས་དང་འདྲ་བའི་འོད་ཡོད་བ་དེ་དག་ལ་དེ་སྐད་ཅེས་བྱའོ། །མཆོག་རབ་ཅེས་བྱ་བ་ནི་ཁྱད་པར་དུ་འཕགས་པ་ཡིན་ཞིང་དེའི་སྤྲིན་ནི་ཚོགས་རྣམས་ཏེ་དེ་དག་གིས་སོ། །དེ་ཉིད་འཁོར་ལོ་ཞེས་བྱ་བ་ལ་སོགས་པས་འཚལ ་ཡང་བྱེད་དེ། འཁོར་ལོ་ནི་དཀར་པོ་རྩིབས་བརྒྱད་པའོ། །རྡོ་རྗེ་ནི་ཨིནྡྲ་ནི་ལ་ལྟ་བུའོ། །སྤྲིན་ཆེན་ཞེས་བྱ་བ་ནི་སྒྲའི་རྫས་སུ་འཇུག་པའི་ཤེས་རབ་ཀྱི་རན་བཞིན་གྱི་དྲིལ་བུ་དམར་སྐྱའོ། །པདྨ་ནི་དེའི་ལྷ་དང་རྗེས་སུ་མཐུན་པའི་མདོག་ཅན་ནོ། །མཛོད ་ནི་ནོར་གྱི་ཁང་པ་དེའི་རང་བཞིན་ཅན་གྱི་ཡིད་བཞིན་གྱི་རིན་པོ་ཆེ་འཆང་ཀའི་ཉི་མ་ལྟ་བུའོ། །མཚོན་ཆ་ནི་རལ་གྲི་ཨུཏཔ་ལ་སྔོན་པོའི་མདོག་ཅན་ཏེ། རང་གི་རིགས་ཀྱི་ཕྱག་མཚན་དེ་རྣམས་གཡས་པའི་རྩ་བའི་ཕྱག་གིས་འཛིན་ཅིང། ་ལྷག་མ་རྣམས་གཞན་རྣམས་ཀྱིས་འཛིན་པར་བྱེད་པས་ན་དཀྱིལ་འཁོར་པ་ཐམས་ཅད་ཕྱག་མཚན་དྲུག་འཛིན་པ་སྟེ་དེ་རྣམས་སོ། །དེ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་སྤྲིན་ཆེན་རྣམས་ཞེས་བྱ་བ་གསུངས་སོ། །དེ་ནི་ཉེ་བར་མཚོན་བ་ཡིན་ཏེ ་ལྷ་མོ་དང་ཁྲོ་བོའི་སྤྲིན་རྣམས་ཀྱང་ངོ་ཞེས་ཤེས་པར་བྱའོ། །གང་ལ་གནས་ནས་འདི་བསྒོམ་པར་བྱ་ཞེ་ན། ནམ་མཁའ་ཞེས་བྱ་བ་ལ་སོགས་བ་གསུངས་ཏེ། ནམ་མཁའ་ཨི་དབྱིངས་ནི་བཙུན་མོའི་པདྨའོ། །དབུས་གནས་བ་ཞེས་བྱ་བ་ནི་དེའི ་ནང་དུ་ཤེལ་གྱི་རང་བཞིན་ཅན་གྱི་གདན་ལ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཨིནྡྲ་ནཱི་ལ་དང་པདྨ་རཱ་ག་དང་གསེར་དང་མ་ར་ཀ་ཏའི་རང་བཞིན་གྱི་གདན་རྣམས་ལ་མི་བསྐྱོད་པ་དང་འོད་དཔག་ཏུ་མེད་པ་དང་རིན་ཆེན་འབྱུང་ལྡན་དང་དོན་ཡོད ་པར་གྲུབ་པའི་དཀྱིལ་འཁོར་རྣམས་བསྒོམ་པར་བྱའོ། །འདི་དག་ཅེས་བྱ་བ་ནི་བཤད་མ་ཐག་པའི་རྣམ་པར་སྣང་མཛད་ལ་སོགས་བརྟེན་དང་རྟེན་པའི་དངོས་པོ་རྣམས་སོ། །སྙིང་པོ་བསྡུས་པ་ཉིད་ཡིན་པའི་ཕྱིར་དཀྱིལ་འཁོར་རོ། །རྡོ་རྗེ་ནི་བྱན་ཆུབ་ཀྱི ་སེམས་ཏེ་དེ་ལས་བྱུང་བསན་རྡོ་རྗེ་ལས་བྱུང་བའོ། །བསྒོམ་པ་པོ་རྣམས་ཀྱིས་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་བྱེད་པའི་ཕྱིར་དེའི་ཚུལ་ཐོབ་པའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །རྡོ་རྗེ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་གསུམ ་པའི་རྣམ་བར་བཤད་པའོ། །དེ་ལྟར་བསྒོམ་པ་བརྟན་པ་དང་ལྡན་པའི་སློབ་དཔོན་རྣམས་ཀྱིས་ཕྲ་མོའི་རྣལ་འབྱོར་བསྒོམ་པའི་སྒོ་ནས་སེམས་བརྟན་བར་བྱས་ཏེ། ཁྱད་པར་ཅན་ལ་མོས་པའི་མ་འོངས་པའི་སེམས་ཅན་རྣམས ་ལ་དཀྱིལ་འཁོར་དུ་དམ་ཚིག་དང་དབུགས་དབྱུང་བ་སྦྱིན་བ་ལ་ཐུག་པའི་ཆོ་གའི་སྒོ་ནས་དོན་བྱ་བའི་ཕྱིར་ཐུགས་ཀྱི་དཀྱིལ་འཁོར་གྱི་ལེའུ་གསུངས་ཏེ་།དེ་ནས་ཞེས་བྱ་བ་ལ་སོགས་བ་ལ་གསོལ་བ་བཏབ་པོ་ཞེས་བྱ་བར་སྦྱར་རོ། །ཡང་ཞེས་བྱ་བའི་སྒྲ་ནི་ལེའུ ་དང་པོའི་འདུས་པ་ལ་བལྟོས་པའོ། །འདིས་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་བསྟོད་པས་སོ། །སྔོན་དུ་བསྙེན་པའི་བྱ་བ་ཐམས་ཅད་རྫོགས་པར་བྱས་ནས། ཡང་སྒྲུབ་ཐབས་ཀྱི་ཚུལ་བཞིན་དུ་དབུས་ཀྱི་བསྟན་ལ་ཉེ་བར་འདུག་སྟེ་བདག་པོའི་ང་རྒྱལ ་དང་ལྡན་པ་ལ། ཤར?་ལ་སོགས་པའི་ཕྱོགས་ན་གནས་ཤིང་སངས་རྒྱས་རྣམས་ཀྱི་ང་རྒྱལ་དང་ལྡན་པ་རྡོ་རྗེ་དང་དྲིལ་བུ་ཐོགས་བའི་སྒྲུབ་པའི་གྲོགས་མཆོག་རྣམས་ཀྱིས་བསྟོད་པའི་མཆོད་པས་དཀྱིལ་འཁོར་བྲི་བའི་ཕྱིར་གསོལ་བ་གདབ་བར ་བྱ་བ་ཡིན་པས། དེ་བཞིན་གཤེགས་པ་ཀུན་ཞེས་བྱ་བ་ལ་སོགས་བ་གསུངས་ཏེ། སྙོམས་པར་འཇུག་པའི་སྒོ་ནས་སྤྲོ་བ་ལས་བྱུང་ཞིང་བདེ་བ་ཆེན་བོའི་རང་བཞིན་ཅན་ཉིད་ཡིན་པའི་ཕྱིར་ཞི་བའི་དཀྱིལ་འཁོར་ཏེ། དབང་པོ་གཉིས་ནི་སྙོམས ་འཇུག་པ། །མཁས་པས་རང་གི་ཁུ་བ་དག་།རྣལ་འབྱོར་པས་ནི་རྟག་ཏུ་དབྱུང། །དཀྱིལ་འཁོར་དཀྱིལ་འཁོར་ཚུལ་དུ་བྱ་ཞེས་འདི་ཉིད་ལས་བཤད་པའི་ཕྱིར་རོ། །དེ་ཉིད་ནི་གནས་ཏེ་ལྷ་ཐམས་ཅད་ཀྱི་གནས་སོ།། ་བདག་མེད་ཅེས་བྱ་བ་ནི་ཤེས་རབ་ཀྱི་རྣམ་པར་དག་པའོ། །ཆོས་རྣམས་ཀུན་གྱི་མཆོག་ཅེས་བྱ་བ་ནི་ཡེ་ཤེས་ལྔ་དང་རིགས་ལྔ་བསྐྱེད་པའི་བདག་ཉིད་ཅན་གྱིས་རྡོ་རྗེ་འཆང་ཆེན་པོའི་རྒྱུ་མཐུན་པ་སྟེ་ཡོན་ཏན་གྱི་ཁྱད་པར་ཅན་དེ་ལྟ་བུ་དང ་ལྡན་པ་བཤད་དུ་གསོལ་ཞེས་བྱ་བའི་དོན་ཏོ། །ཚིགས་སུ་བཅད་པ་དེ་ནི་རིགས་ཐམས་ཅད་ཀྱི་ཐུན་མོང་པ་ཡིན་ནོ། །མཚོན་རྣམས་ཐམས་ཅད་ཡང་དག་པར་རྫོགས། །ཞེས་བྱ་བ་ནི་ཟུང་བཞི་ལ་སོགས་པའི་མཚན་ཉིད་དང་ལྡན་པའོ། ། ་རི་མོ་སྦོམ་པ་དང་ཕྲ་བ་དང་འཁྱོག་པ་ལ་སོགས་པའི་སྐྱོན་ཐམས་ཅད་དང་བྲལ་བ་ཉིད་ཡིན་པའི་ཕྱིར། མཚན་མིན་ཐམས་ཅད་ཡང་དག་སྤངས་པ་སྟེ་སྐུའི་དཀྱིལ་འཁོར་རོ། །ཞི་བའི་ཆོས་ནི་སོ་སོར་རྟོག་པའི་ཡེ་ཤེས་ནི་དེ་ལས་བྱུང ་བའི་མཆོག་ནི། འགྲོ་བ་མ་ལུས་པའི་བྱ་བ་གཙོ་བོར་གྱུར་པའི་རང་བཞིན་དུ་གྲུབ་པ་སྟེ་གསུང་གི་དཀྱིལ་འཁོར་རོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་དེ་ཡེ་ཤེས་ཀྱི་སྤྱོད་པས་དེ་རྣམས་རྣམ་པར་སྦྱོར་བ་ནི་དཀྱིལ་འཁོར་ཉིད་ཡིན་ཏེ ་བདེ་བ་ཆེན་པོ་རབ་སྒྲུབ་ཕྱིར། །གང་དུ་ཞུགས་པ་ཙམ་གྱིས་ནི། །དེ་རྣམས་ཟིལ་གྱིས་མི་ནོན་ཅིང། །ཕྱིར་མི་ལྡོག་ཅིང་མཁས་པར་འགྱུར། །ཞེས་འབྱུང་བའི་ཕྱིར་རོ། །སེམས་ཅན་ཐམས་ཅད་སྡུད་པར་བྱེད་ཅིང་རྡོ་རྗེ་འཆང་ཆེན་པོའི་རང ་བཞིན་ཅན་གྱི་ཐུགས་ཀྱི་དཀྱིལ་འཁོར་ནི་སེམས་ཅན་ཀུན་གྱི་སེམས་ཆེན་པོའོ། །དེ་ཉིད་ནི་རང་བཞིན་དག་པ་སྟེ། དཀྱིལ་འཁོར་གསུམ་པོ་དེ་རྣམས་སུ་སེམས་ཅན་རྣམས་ཀྱི་འདོད་པ་ཀུན་ཏུ་སྒྲུབ་པར་མཛད་པ་ཉིད་ཡིན་པའི་ཕྱིར་ཀུན་ཏུ ་བཟང་པོའོ། །དེ་ནས་ཞེས་བྱ་བ་ནི་གསོལ་བ་བཏབ་པའི་རྗེས་ཐོགས་སུའོ། །ཉོན་མོངས་པའི་དགྲ་འཇོམས་པའི་ཕྱིར་སྟོན་པའོ། །འཇིག་རྟེན་གསུམ་ནི་ས་འོག་དང་ས་སྟེང་དང་ས་བླའི་འཇིག་རྟེན་ན། ཁམས་གསུམ་པ་ནི་འདོད་པ་དང་གཟུགས་དང་? ་གཟུགས་མེད་པའི་ཁམས་ཀྱི་རང་བཞིན་ཅན་ནོ། །འཇིག་རྟེན་གསུམ་གྱི་མཆོག་ནི་དམ་པ་སྟེ་ཚངས་པ་ལ་སོགས་པ་རྣམས་ཡིན་ཞིང་དེ་རྣམས་ལས་རྡོ་རྗེ་སྟེ་ཡེ་ཤེས་ཀྱིས་གཙོ་བོར་གྱུར་པ་ནི་ཉན་ཐོས་དང་རང་རྒྱལ་བ་རྣམས་སོ། །འཇིག་རྟེན ་གསུམ་གྱིས་མཆོག་ཚངས་པ་ལ་སོགས་པ་རང་རྒྱལ་བ་རྣམས་ལ་ཐུག་པ་དེ་རྣམས་ལས་མཆོག་སྟེ། གཙོ་བོ་ནི་བྱང་ཆུབ་སེམས་དཔའ་རྣམས་ཡིན་ཞིང། དེ་རྣམས་ལས་ཀྱང་མཆོག་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་རྣམས་འཆིས? ་པར་བྱེད་ཅིང་རང་གི་བསྟན་པ་ལ་སྦྱོར་བར་བྱེད་པས་ན་སྟོན་པ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ངེས་དེ་བཞིན་གཤེགས་པ་ཀུན་གྱི་ཐུགས་ཀྱི་དཀྱིལ་འཁོར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཉིད་སྙིང་པོ་བསྡུས་པ་ཡིན་པའི་ཕྱིར་དཀྱིལ ་འཁོར་དང་འདྲ་པ་ཡིན་ཞིང། གདུལ་བྱའི་སྐྱེ་བོ་རྣམས་ཀྱི་ཡིད་དུ་འོང་བ་བཤད་དོ། །དེ་ལས་ཞེས་བྱ་བ་ནི་སྐབས་སུ་བབ་པའོ། །དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་སུའོ། །ཐུགས་ཀྱི་རྡོ་རྗེ་རབ་འདྲ་བ། ཞེས་བྱ་བ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་རྣམ་པར ་དག་པའི་སྒོ་ནས་བྲི་བའི་དཀྱིལ་འཁོར་ཡིན་ཏེ། ཡོན་ཏན་དང་རྣམ་པར་སྨིན་པ་དང་དབྱིབས་ལ་སོགས་པ་དེ་དང་མཚུངས་པ་ཉིད་ཡིན་པའི་ཕྱིར་རོ། །རྡོ་རྗེ་སེམས་སོགས་ལྷ་རྣམས་ཀྱི། །འཁོར་ལ་མངོན་སུམ་མཐོང་བ་ལས། །བསོད་ནམས་རྟག ་པ་ཇི་འདྲ་ཐོབ། །ཕྱི་ནས་བྲིས་པ་ལས་དེ་བཞིན། །ཞེས་འབྱུང་བའི་ཕྱིར་རོ། །སྐུ་དང་གསུང་དང་ཐུགས་རྣམས་ཀྱི། །དཀྱིལ་འཁོར་ཞེས་བྱ་བ་ལ། ཐུགས་ཀྱི་གཙོ་བོར་གྱུར་པ་ཉིད་ཀྱི་རྒྱུད་ཡིན་པའི་ཕྱིར་དང་པོར་ཐུགས་ཀྱི་དཀྱིལ་འཁོར ་བཤད་མོད་ཀྱི། འོན་ཀྱང་གསོལ་བ་བཏབ་པའི་ཚུལ་བཞིན་དུ་ལེའུ་བཅུ་དྲུག་པ་ལས་གསུངས་པའི་སྐུ་དང་གསུང་གི་དཀྱིལ་འཁོར་དག་ཀྱང་གཟུང་བར་བྱའོ། །རབ་ཏུ་རྣམ་པར་ཕྱེ་ནས་བཤད་པ་ནི་རབ་ཏུ་བཤད་པར་བྱའོ། །སར ་པ་ཞེས་བྱ་བ་ནི་གསར་དུ་བཀའ་བའ་ཨོ། །ལེགས་པར་བཀལ་བ་ནི་མདུད་པ་ལ་སོགས་པ་མེད་པའོ། །ཚད་མ་ཞེས་བྱ་བ་ནི་ཁྲུ་ཉི་ཤུ་རྩ་བཞི་ལས་ལྷག་མ་དང་བཅས་པ་འམ་སྒྲུབ་པ་པོའི་ཁྲུ་དྲུག་པའོ། །ཁྲུ་ནི་བཅུ་གཉིས་ཚད་དུ་བྱ་ཞེས་བྱ་བ་ནི ་ཁ་ཅིག་ན་རེ་ལོགས་རེ་རེ་ཞིང་ཁྲུ་གསུམ་པ་ཡིན་ནོ་ཞེས་ཟེར་ཏེ། འདི་ནི་གསང་བའི་དཀྱིལ་འཁོར་ཉིད་ཡིན་པའི་ཕྱིར་དེ་ཉིད་རིགས་པ་ཡིན་ནོ། ངོས་བཞིན་མི་མཉམ་པ་མེད་པའོ། །ཕྱོགས་བཞིའི་རི་མོ་ཕན་ཚུན་ཕྲད་པ་ཉིད་ཡིན་པའི་ཕྱིར་གྲཝ་བཞིར ་ལྡན་པའོ། །དེའི་ཞེས་བྱ་བ་ཕྱིའི་དཀྱིལ་འཁོར་གྱི་དབུས་སུ་ནང་གི་དཀྱིལ་འཁོར་ཟླུམ་པོའོ། །དེ་ནས་ལས་ཀྱི་ཆོ་ག་ནི། །མཐོང་བས་ཕྱག་རྒྱ་དགོད་པར་བྱ། ཞེས་བྱ་བ་ལ་ཆོ་ག་ཞེས་བྱ་བའི་སྒྲ་ནི་སེམས་ཅན་རྣམས་བཞུགས་པའི་ཕྱིར་དམ ་ཚིག་གི་དཀྱིལ་འཁོར་བྲི་བ་སྟེ་དེའི་ཕྱིར་དེ་བཤད་བར་བྱའོ། །སློབ་དཔོན་ལན་གཉིས་གསུམ་གསོལ་བཏབ། །གསང་བ་དམ་པ་བདུད་རྩིའི་སྣོད། །གུས་དང་ལྡན་ཞིང་ཡང་དག་བརྟགས། །སློབ་མ་བཟང་པོ་ཐར་པར་འདོད། །དཔལ་ལྡན་འདུས་པས ་གཟུང་འོས་པ། །དེ་རྣམས་སྙིང་རྗེའི་སེམས་ལྡན་པས། །བདག་གིས་བྱང་ཆུབ་དགོད་སྙམ་གཟུང། །དེ་ལ་རེ་ཞིག་རྡོ་རྗེ་ཐེག་པ་ཆེན་པོའི་ཚུལ་ལ་མཁས་ཤིང་འགྲོ་བ་མ་ལུས་པ་ཀུན་ཏུ་གདོན་པའི་བསམ་པ་དང་ལྡན་པ། དད་པ་དང་ཐོས ་པ་ལ་སོགས་པའི་སྟོབས་ཀྱིས་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བར་ཀུན་ཏུ་རྟོགས་པར་གྱུར་པས་ཡུལ་གྱི་ལོངས་སྤྱོད་མ་ལུས་པ་དྲི་མ་མེད་པར་བྱས་པ། ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་རྟོགས་པའི་ལྷག་པའི་བསམ་པས ་རྣམ་པར་དག་པའི་དགའ་བ་ལ་གནས་པ། ཤེས་རབ་ཀྱི་ཚོགས་མངོན་པར་འཕེལ་བས་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པའི་བག་ཆགས་ལས་བྱུང་པའི་གཏི་མུག་གི་དྲ་བའི་ལིང་ཏོག་ཐག་རིང་དུ་ཕངས་པའི་སློབ་དཔོན་གྱིས། གང་གི་ཚེ་སློབ ་མས་གསོལ་བ་བཏབ་པ་དེའི་ཚེ། སེམས་ཅན་གྱི་ཁམས་འདི་ཐམས་ཅད་བདག་གིས་བླ་ན་མེད་པའི་བདེ་བ་ཆེན་པོའི་གོ་འཕང་ལ་དགོད་པར་བྱའོ་སྙམ་པའི་ལྷག་པའི་བསམ་པ་དང་ལྡན་པར་བྱས་པས་སློབ་མ་ལ་ཁྱོད་ཀྱི་ཡོ་བྱད་ཐམས་ཅད ་ཚོགས་སམ་འོན་ཏེ་མ་ཡིན་ཞེས་དྲི་བར་བྱའོ། །གལ་ཏེ་ཅུང་ཟད་ནི་ཚོགས་ཅུང་ཟད་མ་ཚོགས་སོ་ཞེས་ཟེར་ན། དེའི་ཚེ་དེའི་ལྟེ་བར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཧཱུཾ་བཀོད་པའི་འོད་ཟེར་རྣམས་ཀྱིས་སྙིང་ག་ན་གནས་པའི ་ཡི་གེ་ཀཾ་ལས་བྱུང་བའི་མདོག་ནག་པ་རྣམ་པར་གཙིགས་ཤིང་ཤ་ཟ་དང་མཚུངས་པའི་སྡིག་པ་སྣའི་རྩེ་མོ་ནས་གྱུར་སྟེ། ཡི་གེ་ཧཱུཾ་དེ་ཡང་སྙིང་གར་བྱིན་པར་བྱས་ནས། གཡོན་བརྐྱང་བས་གནས་ཤིང་མཆེ་བ་གཙིགས་པ་སྙིང་གར ་གཡོན་པས་མཆེ་བ་དང་བཅས་པའི་སྡིགས་མཛུབ་བྱས་ཤིང་ཕྱག་གཡས་པ་མཆེ་བ་འཕྱར་བ་དང་ལྡན་པ་མངའ་བའི་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་གྱི་གཟུགས་སུ་བྱས་ཏེ་ཕྱུང་ནས། ཨོཾ་བཛྲ ་ཡཀྵ་ཀྲོ་དྷ། ཁཱ་?་ཁཱ་ད། སརྦ་པ་པ་ནི་ཨ་སྱ། ཧཱུཾ་ཕཊ་ཅེས་བྱ་བས་སྡིག་པ་ཟར་བཅུག་སྟེ། ཡི་གེ་སཾ་ལས་ཀུན་ཏུ་བཟང་པོའི་གཟུགས་རྣམ་པར་བསམས་ལ། སྔར་བཤད་པའི་བདུད་རྩི་འཁྱིལ་པས་དེའི་སེམས་ཀྱི་བགེགས་རྣམས ་ཕུར་བུས་བཏབ་ཏེ། །དེ་ལས་བྱུང་བའི་འོད་ཟེར་གྱི་དྲག་པོའི་ཚོགས་རྣམས་ཀྱིས་གདུག་པ་རྣམས་ཀུན་ཏུ་བསྲེགས་ལ། བསློབ་མའི་སེམས་ཀུན་ཏུ་བསྲུང་བའི་ཕྱིར་མགོའི་སྟེང་དུ་དབྱངས་དང་པོ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་དང། དབྱངས་ ་ཐ་མ་ལས་བྱུང་ཞིང་དེ་ལ་གནས་པའི་ལས་ཀྱི་རྡོ་རྗེ་དབུས་ན་ཡི་གེ་ཧཾ་གྱིས་མཚན་པ་བསམ་པར་བྱའོ། །དེ་ནི་སློབ་མ་ཡོངས་སུ་གཟུང་པའོ། །དེ་ནས་སྒྲུབ་ཐབས་ལ་བསྟན་པའི་གནས་སུ་དེ་ལས་བཤད་པའི ་བསྲུང་བའི་ཆོ་ག་དང་ཏིང་ངེ་འཛིན་གསུམ་བསྒོམ་པའི་ཆོ་ག་སྔོན་དུ་འགྲོ་བ་ཅན་གྱི་ཕྲ་མོའི་རྣལ་འབྱོར་ལ་སོགས་པ་གང་ཡང་རུང་བ་བསྒོམ་པས་སེམས་བརྟན་པར་བྱས་ཏེ། བྱད་ངམ་ཤར་གྱི་ཕྱོགས་ཀྱི་ཆར་ལྷ་རྣམས་རེ་རེ་ཞིང ་བཟླས་པ་འབུམ། ཀུན་ནས་མཛེས་ཤིང་སྣུམ་པ་དང། ཟུག་རྔུའི་ཉེས་པ་དང་བྲལ་ཞིང། །ཡིད་འོང་ཤར་དང་བྱང་དུ་གཞོལ། །ཤིང་དང་མེ་ཏོག་ཆུར་ལྡན་པ། །ཡང་ན་ཡིད་ནི་ཉམས་དགའ་བ། །གང་ཡང་རུང་པར་ཡང་དག་བརྩམ།། ་དེ་ནས་ཕྱི་དྲོའི་དུས་སུ་མི་བསྐྱོད་པའི་རྣལ་འབྱོར་དང་ལྡན་པས་ཡི་གེ་བཾ་ལས་བྱུང་བའི་སའི་ལྷ་མོ་མདོག་སེར་པོ་ལག་ན་གསེར་གྱི་བུམ་པ་ཐོགས་པ་ལུས་ཕྱེད་ཕྱུང་བ་རྣམ་བར་བསམས་ལ། ལག་པ་གཡས་པས་ས་ལ་རེག་ཅིང་བསྐུལ་བར་བྱ ་སྟེ། སྐྱོབ་པའི་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་གྱི་ཁྱད་པར་དང། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །སྐྱོབ་པའི་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདུད་དཔུང་ཕམ? ་བྱས་ནས། །བདག་ནི་དཀྱིལ་འཁོར་འདྲི་བར་བྱེད། །སྔགས་པས་ཆོ་ག་བཞིན་བསྐུལ་ཏེ། ལག་པས་ས་ལ་རེག་ནས་ནི། །དྲི་དང་མེ་ཏོག་སོགས་མཆོད་ནས། །དེ་ཉིད་དུ་ནི་ཐིམ་པར་བསམ། །ས་བདག་ལ་སོགས་པ་རྣམས་ལ་གཏོར་མ ་དང་མཆོད་པ་ལ་སོགས་པ་བྱིན་ཏེ་ས་བསླངས་ལ་དེ་ཉིད་དུ་ཉལ་བར་བྱའོ། །གལ་ཏེ་རྨི་ལམ་ལ་སོགས་པ་འཁྲུལ་པ་བྱུང་ན། །དེའི་ཚེ་ཕྱེ་དེ་ཞག་ཉི་མ་ཕྱེད་ཀྱི་དུས་སུ་ཁྲོ་བོའི་རྣལ་འབྱོར་དང་ལྡན་པས་མངོན་སྤྱོད་ཀྱི་ཆོ་གས་བགེགས ་རྣམས་ཉེ་བར་གཞོམ་བའི་ཕྱིར་སྦྱིན་སྲེག་བྱས་ཏེ། ཕྱི་དྲོའི་དུས་སུ་ཁྲུས་བྱས་ཤིང་ཡན་ལག་དྲི་ཞིམ་པོས་བྱུགས་ལ། རྡོ་རྗེ་འཆང་གི་ང་རྒྱལ་དང་ལྡན་པས་འཆད་པར་འགྱུར་བའི་ཚུལ་བཞིན་དུ་ཞི་བའི་སྦྱིན་སྲེག་བྱས་ནས། དངོས་གྲུབ་ཐ་མ་དང་འབྲིང་དང་མཆོག ་གི་བྱེ་བྲག་གིས། ས་པུས་མོ་དང་རྐེད་པ་དང་ལྟེ་བ་ཙམ་དུ་བརྐོས་ལ། སྦུན་པ་དང་རྡོ་བ་དང་སོལ་བ་དང་དུས་པ་དང། གསེག་མ་དང་གྱོ་མོ་ལ་སོགས་པ་དང་བྲལ་བར་བྱས་ཏེ། བདུད་རྩི་ལྔའི་ཆུས་དྲི་དང་ལྡན་པར་བྱས་པའི་ས་དྲི་ཞིམ་པོ་གཞན་གྱིས་ཀུན ་ཏུ་དགང་བར་བྱའོ། །འཕགས་པ་བདུད་རྩི་འཁྱིལ་པ་བཟླས་པའི་བདུད་རྩིའི་ཆུས་ཆག་ཆག་བཏབ་སྟེ། མི་བསྐྱོད་པ་དང་བཅས་བའི་ལག་མཐིལ་གྱིས་བཅགས་ལ་གཞལ་ཡས་ཁང་གི་ནང་ན་གནས་ཤིང་རིན་པོ་ཆེ་དང་སྨན་དང་འབྲུ་ཐམས་ཅད ་ཀྱི་སྙིང་པོ་དང་ལྡན་པ། ཕྱོགས་བཞི་རུ་རྟ་བབས་དང་ཡོལ་བ་བྲེས་པ། ཀུན་ནས་རབ་ཏུ་རྣམ་པར་སྒྲས་པ། དྲིལ་བུ་བཟང་པོ་བཏགས་པའི་རྒྱལ་མཚན་མཛེས་པ་དང་ལྡན་པའི་བླ་དེ་བྲེས་པས་མཆོག་ཏུ་གྱུར་པ། །དཔལ་བདུད་རྩི་ཞེས་བྱ་བའི་ཁྲོ ་བོའི་རྣལ་འབྱོར་གྱིས་ཡི་གེ་གསུམ་གྱིས་མངོན་པར་འདུས་བྱས་པའི་བདུད་རྩི་ལྔས་བྱུགས་པ། སྤོས་དང་མེ་ཏོག་ལ་སོགས་པ་དང་ཡང་དག་པར་ལྡན་པར་བྱས་ཤིང། ཁྲོ་བོའི་བལྟ་བས་གཡོན་ཕྱོགས་སུ་བལྟ་བའི་སྒོ་ནས་རིམ་གྱིས་གདུག་པ་རྣམས ་བསྐྲད་པ་དང། ཕྱོགས་བཅིང་བ་ལ་སོགས་པ་བྱས་ཏེ། ཨོཾ་བྷུ་ཁཾ་ཞེས་བྱ་བས་ས་གཞི་ནམ་མཁར་གྱུར་ཅིང། ཧཱུཾ་ལཾ་ཧཱུཾ་ཞེས་བྱ་བས་རྡོ་རྗེའི་རྡུལ་ཕྲ་རབ་རྣམས་ལས་གྲུབ་པ། །ོཾ་མེ་དི་ནི་བཛྲི་བྷ་བ་བཛྲ་བནདྷ་ཧཱུཾ་ཞེས་བྱ་བ་འདི་ཡིས་བྱིན་གྱིས་བརླབས ་ནས། །ལག་པ་གཡས་བས་རིག་ཏེ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ཤིང་མངོན་པར་བཟླས་པའི་ས་གཞིར་བྱའོ། །འདུ་ཁང་དང། རྡོ་ལེབ་ཀྱི་སྟེང་དང། བ་ལང་གི་ལྷས་དང། དྲང་སྲོང་གི་གནས་དང། གཙུག་ལག་ཁང་ལ་སོགས་པ ་དང། ཆུ་བོའི་འགྲམ་དག་ལ་ནི་ཡི་གེ་གསུམ་བཟླས་པར་བྱ་སྟེ་བརྐོ་བར་ནི་མི་བྱའོ། །དེ་ལྟ་བུ་ནི་ས་སྤྱང?་བ་དང་ཡོངས་སུ་གཟུང་བའི་ཆོ་གའོ།། །།དེ་ནས་ཉི་མ་རེ་རེའམ། ཟླ་བ་རེ་རེའམ། ལོ་རེ་རེ་ཞིང་དཀྱིལ ་འཁོར་བྲི་བར་བྱ་སྟེ། ཉ་ནས་བརྩམས་ནས་ཕྱི་མའི་ཉའི་བར་རམ། ཡར་ངོའི་ཆོས་གཅིག་གམ་བརྒྱད་དམ་དགུ་ལ་སོགས་པ་ནས་བརྩམས་ཏེ། ཉའམ་སྔ་དྲོའི་མཚམས་ཀྱི་དུས་ནས་བརྩམས་ཏེ་ཞག་དེ་ཉིད་ལ་ཐམས་ཅད་བྱའོ། །དེ་ནས ་སྔར་བཤད་པའི་གནས་བསྐྱེད་པའི་རིམ་པ་གཞལ་ཡས་ཁང་གི་ནང་དུ་དཀྱིལ་འཁོར་གྱི་རྣམ་པ་ཅན་གྱིས་གཞིར་ལྷག་པར་མོས་པར་བྱས་ཏེ། དེ་བཞིན་གཤེགས་པ་ལ་སོགས་པ་དཀྱིལ་འཁོར་བའི་ལྷ་རྣམས་ཀྱི་གནས་ལ། དེ་བཞིན་དུ་པདྨ ་དང་ཟླ་བ་ལ་སོགས་པའི་གདན་རྣམས་བསམས་ནས། དེའི་དབུས་ཀྱི་གདན་ལ་འདུག་པའི་རྡོ་རྗེ་འཆང་བདག་ཉིད་དེང་ནི་བདག་ཚེ་འབྲས་བུ་ཡོད། །བདག་གི་གསོན་པའང་འབྲས་བུར་བཅས། །ལྷ་དང་དམ་ཚིག་གིས་མཉམ་པར། །གྱུར་པར ་བདག་ནི་ཐེ་ཚོམ་མེད། །བྱང་ཆུབ་སེམས་དང་སེམས་གཅིག་པས། །ཕྱིར་མི་ལྡོག་པ་ཉིད་དུ་འགྱུར། །དེ་བཞིན་གཤེགས་པའི་རིགས་སུ་ནི། །དེང་བདག་སྐྱེ་བར་ཐེ་ཚོམ་མེད། །དེང་བདག་ཉི་མ་དམ་པ་སྟེ། །བདག་གིས་མཆོད་སྦྱིན ་བླ་ན་མེད། །སངས་རྒྱས་ཐམས་ཅད་སྤྱན་འདྲེན་བས། །དེང་བདག་འདུས་པའི་མཆོག་ཡིན་ནོ། ཞེས་སྤྲོ་བ་བསྐྱེད་བར་བྱའོ། །དེ་ནས་ཡན་ལག་ཐམས་ཅད་ཀྱིས་ཕྱག་བཅལ་ནས། ལག་ཏུ་སྤོས་ཀྱི་རེང་བུ་ཐོགས་པས་སངས་རྒྱས་ཐམས་ཅད། མ་ལུས་ཕྱོགས ་ན་བཞུགས་པ་ཡི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་པ་ཡི། །རྡོ་རྗེ་ཅན་གྱི་དཀྱིལ་འཁོར་འདྲི། །དེ་རིང་སངས་རྒྱས་ཀུན་གཤེགས་ཏེ། །དངོས་གྲུབ་དེ་འདྲ་སྩལ་དུ་གསོལ། ཞེས་བྱ་བས་སྤྱན ་དྲང་བར་བྱའོ། །དེ་ནས་དབུས་ཀྱི་གདན་ལ་བཞུགས་པའི་གཙོ་བོའི་རྣལ་འབྱོར་ཉིད་དང་ལྡན་པས་སྐུ་ལ་སོགས་པ་བྱིན་གྱིས་བརླབས་པའི་རྗེས་ལ། །རྡོ་རྗེའི་རིགས་ཀྱིས་མངོན་པར་འདུས་བྱས་པའི་ཕྱི་རོལ་གྱི་བུད་མེད་དང་ལྡན་པས་མཆོད་པ་བསྡུས་པའི་ཟླ་བའི ་དཀྱིལ་འཁོར་དུ་བཛྲ་དྷྲི་ཀ་ཅེས་བྱ་བ་ལ་སོགས་པ་རྣམས་ཀྱིས་མི་བསྐྱོད་པ་ལ་སོགས་པ་རྣམས་ཡང་དག་པར་ཕྱུང་ནས། དེ་རྣམས་ཀྱིས་ཞེ་སྡང་ལ་སོགས་པའི་སྤྱོད་པ་ཅན་གྱི་སེམས་ཅན་རྣམས་ཀྱི་དོན་བྱས་ནས་བཀུག་སྟེ། རང་གི་གནས་ལ་གནས་པར ་བྱས་ནས། སྤྲོ་བ་དང་བསྡུ་བ་དང་བསྟིམ་བ་དང་བརྟན་པར་བྱ་བ་དང་མཉེས་བར་བྱ་བ་དང། ལས་ལ་གནས་པར་བལྟས་ཏེ། ཨོཾ་བཛྲ་ཨཱཏྨ་ཀོཉཧཾ། ཨོཾ་སྭ་བྷ་བ་ཤུདྡྷོཉཧཾ་།ོཾ་སརྦ་ས་མོ་ཏི་།ཞེས་བརྗོད་ལ། རྡོ་རྗེའི་བདག་ཉིད་དང་།རང་བཞིན་གྱིས་དག་པ་དང། ལྷ་ཐམས་ཅད ་དང་ཐ་དད་པ་མེད་པར་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་ཤར་ལ་སོགས་པའི་ཕྱོགས་ན་གནས་ཤིང་རྡོ་རྗེ་དང་དྲིལ་བུ་མཆོག་ཐོགས་པའི་བསྒྲུབ་བའི་གྲོགས་མཆོག་རྣམས་ཀྱིས་དཀྱིལ་འཁོར་བྲི་པའི ་ཕྱིར། དེ་བཞིན་གཤེགས་པ་ཀུན་ཞི་བ། །ཞེས་བྱ་བ་ལ་སོགས་པ་བཤད་ཟིན་པའི་བསྟོད་པའི་མཆོད་བས་གསོལ་བ་གདབ་པར་བྱའོ། །དེ་ནས་བླ་མ་རྡོ་རྗེ་དང་དྲིལ་བུ་ཐོགས་པས་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ཏེ། ཧཱུཾ་བཛྲ་ཨུ་ཏ ་ཏཥྵཱི?་ཞེས་བྱ་བས་ཇི་ལྟར་སྤྲུལ་པའི་དཀྱིལ་འཁོར་གྱི་འཁོར་ལོ་བཏེག་ལ། དཔལ་རྡོ་རྗེ་འཆང་གི་ང་རྒྱལ་དང་ལྡན་ཞིང། མིག་གཡོན་ཡི་གེ་ཏ་ཡིས་ཟླ་བར་བྱས། ཡི་གེ་མ་ཡིས་ཉི་མ་མིག་གཡས་བཀོད། །རྡོ་རྗེ་འཆང་གི་ང་རྒྱལ ་ལེགས་འཆང་བས། །དཀྱིལ་འཁོར་ས་གཞིའི་ཆ་རུ་ཡོངས་སུ་བསྐོར། །རྡོ་རྗེར་བ་ལ་སོགས་པ་ཀུན་ཏུ་རྣམ་པར་འགོད་ཅིང་རྐང་པའི་མཐིལ་དུ་སྣ་ཚོགས་རྡོ་རྗེ་བཀོད་པ། ཁྲོ་བ་དང་བཅས་ཤིང་རྡོ་རྗེ་སེམས་དཔའ་ཨི་ང་རྒྱལ་བྱས་པས ་ཡི་གེ་གསུམ་འདོན་ཅིང། རོལ་པ་དང་བཅས་པའི་གར་གྱི་འགྲོས་ཀྱིས་དཀྱིལ་འཁོར་གྱི་ས་གཞི་ཡོངས་སུ་བསྐོར་བར་བྱའོ། །དཔལ་ལྡན་རྡོ་རྗེ་སེམས་དཔར་སྤྱོད། །མཆུ་གཉིས་མ་མཁལ་ཡང་དག ་བསྡམས། །དཔལ་ལྡན་གཡོན་དུ་བསྙེམས་བཅས་པས། །འཁོར་ལོའི་ཕྱོགས་སུ་སྟང་སྟབས་བྱ། །འོག་དང་སྟེང་དག་བྱིན་བརླབས་ཏེ། །ས་འོག་ས་སྟེང་ས་བླར་བསམ། །ཡི་གེ་ཧཱུཾ་ནི་བརྗོད་བྱས་ན། །བདག་ཉིད ་ངན་པས་འཇུག་པར་དཀའ་། །དེ་ནས་སྔ་མ་བཞིན་དུ་རིན་པོ་ཆེའི་སྣ་བཞིའི་རང་བཞིན་ཀྱི་མཆོད་རྟེན་རྣམ་པར་བསམས་ཏེ། གསང་བའི་དཀྱིལ་འཁོར་ལ་བོང་ཐུང་ཞིང་གསུམ་བ་ཆེ་ལ་ཁ་དོག་གནག་པ། རལ་པ་དང་ལྡན ་ཞིང། ཞལ་གསུམ་པ། གཡས་པ་དག་ན་རྡོ་རྗེ་དང་འཁོར་ལོ། ཅིག་ཤོས་དག་ན་པདྨ་དང་དྲིལ་བུ་བསྣམས་པ། གདུལ་བྱ་རྣམས་སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར། སྒོར་གྱུར་པའི་ཞལ་དེ་རྣམས་ནས ་རང་གི་ཁོང་པར་འཇུག་པར་བྱེད་ཅིང་རྟེན་དུ་གྱུར་པའི་རྡོ་རྗེ་རྒྱུའི་ངོ་བོ་རྣམ་པར་བསམས་ལ། སྒོ་དབྱེ་བའི་སྔགས་ཀྱིས་སྒོ་རྣམས་ཕྱེ་སྟེ། ཨོཾ་བཛྲ་མན་ལ་ཧཱུཾ་ཛ(རྒྱུད་འགྲེལ་བྱ་ཞིང། ཨོཾ་མཧཱ་བཛྲ་ཙཀྲ་ཨ་དྷི་ཏིཥྛ་སིདྡྷཡ་ཧཱུཾ། ཞེས་བྱ་བས་དཀྱིལ་འཁོར་བྱིན་གྱིས་བརླབས་ལ། སྔ་མ་བཞིན་དུ་འཕགས་པ་ཁྲོ་བོ་བདུད་རྩི་ཞེས་པའི་བསམ་གཏན་གྱིས་ཕུར་བུས་ཕྱིའི་དཀྱིལ་འཁོར་གྱི་ཟུར་བཞིར་། ་ཨོཾ་གྷ་གྷ་ཞེས་བྱ་བ་ལ་སོགས་པ་དང། བཛྲ་མུང་ཀ་ར་ཧཱུཾ་ཞེས་བྱ་བ་འདིས་ཕུར་བུས་གདབ་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་ཡི་གེ་ཧཱུཾ་བརྗོད་ཅིང། ཕྱོགས་ཀྱི་མཚམས་དང་ནམ་མཁའ་བཅིང་བ་ལ་སོགས་པའི་གསུང་བ ་བྱས་ནས། འཆད་པར་འགྱུར་བའི་ཆོ་གས་འཕགས་པ་བདུད་རྩི་འཁྱིལ་པ་ཡོངས་སུ་བཟླས་བའི་ལས་ཐམས་ཅད་པའི་བུམ་པ་ཀུ་ཤའི་བམ་བོ་དང་ལྡན་པ། འཇུག་པ་རྣམས་བསང་བར་བྱ་བའི་ཕྱིར་དཀྱིལ་འཁོར་གྱི་ཕོ་བྲང་ལས་ཕྱི་རོལ་དུ་འམ། ། ་ནང་གི་སྒོ་དང་ཉེ་བར་གཡས་སུ་བཞག་སྟེ། བགེགས་མཐར་བྱེད་ཀྱི་ང་རྒྱལ་གྱིས་སྙིང་པོའི་སྔགས་ཡང་དག་པར་ཟློས་ཤིང་གྲོགས་པོ་ཤར་ཕྱོགས་ནས་བརྩམས་ཏེ། དཀྱིལ་འཁོར་གྱི་ས་གཞི་བདུད་རྩི་ལྔས་ཉེ་བར་འཇུག་ཏུ་གཞུག་གོ་།དེ ་ནས་བདག་པོ་ལྔའི་གནས་རྣམས་སུ་ཙན་དང་བཅས་པའི་བདུད་རྩི་ལྔའི་དཀྱིལ་འཁོར་གྲུ་བཞི་རང་རང་གི་ལྷའི་སྔགས་ལན་བདུན་བཟླས་པ་རྣམས་གནས་པ་ཇི་ལྟ་བ་བཞིན་དུ་བྱས་ཏེ། མེ་ཏོག་རྣམས་ཀུན་ཏུ་བཀྲམ་ལ། སློབ་དཔོན་དཀྱིལ་འཁོར་གྱི ་དབུས་སུ་སྣ་ཚོགས་པདྨའི་སྟེང་གི་ཟླ་བ་ལ་གནས་པས་དཀྱིལ་འཁོར་དེ་རྣམས་ལ་སྔ་མ་བཞིན་དུ་གདན་རྣམས་བསམས་ཏེ། རང་གི་གནས་ན་གནས་པའི་ལྷའི་འཁོར་ལོ་བལྟས་ལ་ནམ་མཁའ་ན་གནས་པ་དང་།གཅིག་ཏུ་བྱས་ཏེ། བླ་ན་མེད་པ ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་། གསེར་དང་དངུལ་དང་ཟངས་མ་ལ་སོགས་པ་ལས་བྱས་བ་རྩ་བ་ན་གནག་བག་མེད་པ་ལྟོ་ལ་ཆེ་ཞིང་མགྲིན་པ་རིང་བ་མཆུ་འཕྱང་བ། དྲི་དང་བཅས་པའི་གོས་བཟང་པོ་ཟུང ་ཅིག་གིས་མགྲིན་པ་བཅིངས་པ་ཡལ་ག་དང་འབྲས་བུ་བཟང་པོའི་ཁ་རྒྱན་དང་ལྡན་པ། རང་གི་བདག་པོའི་ཕྱག་མཚན་གྱིས་མཚན་པའི་རྣམ་པར་རྒྱལ་བའི་བུམ་པ། དནཌོ?་ཏ་པ་ལ་དང། སི་ཏ་རཀྟ་དང། བྲི་ཧ་ཏི་དང། ཀནྟ་ཀ་རི་དང ་གི་རི་ཀ་ར་ནི་ཀ་སྟེ་སྨན་ཆེན་པོ་དང་ལྡན་པ། ཨིནྡྲ་ནཱི་ལ་དང། མུ་ཏིག་དང་བྱུ་རུ་དང་དངུལ་དང་གསེར་ཏེ་རིན་པོ་ཆེ་དང་ལྡན་པ། ཏིལ་དང། ནས་དང། མ་ཤ་དང་གྲོ་དང་འབྲས་སོ་བ་སྟེ་འབྲུ་ལྔ་དང་ལྡན་པ། ས་བོན་གྱིས་མཚོན་པ་ལ། ་བཛྲ་དྷྲིཀ་ཅེས་བྱ་བ་འདི་བརྒྱ་རྩ་བརྒྱད་བཟླས་པའི་ཡོན་ཆབ་དང། དྲིལ་ཆབ་དང། མངོན་པར་འདུས་བྱས་པའི་བདག་ཉིད་ཅུང་ཟད་བླུགས་ཏེ། དེར་ཡི་གེ་ཧཱུཾ་ལས་འཕགས་པ་བདུད་རྩི་འཁྱིལ་བ། རལ་པ་གཅིག་མ་དང ་སྙོམས་པར་ཞུགས་བ་རྣམ་པར་བསྒོམས་ལ་དབང་བསྐུར་ཏེ། ཡོན་ཆབ་དང་མཆོད་པ་རྣམ་བ་ལྔ་དང་བླ་ན་མེད་པ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས། དེ་ལ་མེ་ཏོག་གི་ཕྲེང་བས་བཅིངས་པའི་གསང་བའི་རྡོ་རྗེ ་བཞག་སྟེ། ཕྲེང་བ་དེའི་རྩེ་མོ་ལག་པས་བཟུང་ནས། ཨོཾ་ཨཱ། བིགྷྣཱཾ?་ཏ་ཀྲིཏ་ཧཱུཾ་ཕཊ་ཅེས་བྱ་བ་བརྒྱ་རྩ་བརྒྱད་བཟླས་ཏེ། མེ་ཏོག་དཀར་པོ་སིལ་མ་གཏོར་ལ་སྤོས་དབུལ་བར་བྱའོ། །དེ་བཞིན་དུ་རྡོ་རྗེ་མེ་དང་ཐུགས་རྡོ་རྗེ་དག་གིས་ཐམས་ཅད ་བྱས་ལ་སྤོས་དབུལ་བར་བྱ་སྟེ། དེ་ལ་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཉི་མ་གཡོན་བརྐྱང་བས་གནས་པ་སྐུ་མདོག་སྔོན་པོ། སྙིང་གར་གཡོན་པས་ཁྲོ་བོའི་ཁུ་ཚུར་གྱི་སྡིགས་མཛུབ་བྱས་བ། གཡས་པ་ན་རྡོ་རྗེ་འབར་བ་བསྣམས་པའི ་སྔགས། ཧཱུཾ་བཛྲ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་དྷཉྫ?་ར་ན་ཧཱུཾ་ཕཊ་ཅེས་བྱ་བ་འདི་བཟླས་པར་བྱའོ། །དེ་ལྟར་ཉིན་རེ་ཞིང་ཐུན་བཞིར་ལྷའི་འཁོར་ལོ་བཀོད་ཀྱི་བར་དུ་བྱ་སྟེ། དེ་ནི་བུམ་པ་ལྷག་པར་གནས་པའོ། །དེ་ནས་ཕྱི་རོལ་པ་རྣམས་ལ་གཏོར ་མ་བྱིན་ཏེ། འཕགས་པ་བདུད་རྩི་འཁྱིལ་པ་ཞེས་བྱ་བས་བགེགས་གཞོམ་པའི་སྦྱིན་སྲེག་དང། རྡོ་རྗེ་འཆང་ཆེན་པོས་ཞི་བའི་སྦྱིན་སྲེག་བྱས་ལ། དཀྱིལ་འཁོར་པ་རྣམས་ཡང་དག་པར་བཀོད་དེ་མཆོད་ནས། ཡོན་ཆབ་ཕུལ་ལ་ལྷག ་པར་གནས་པར་བྱ་སྟེ། ལྕེའི་རྩེ་མོ་ལ་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྣམ་པར་བསམས་ལ། ཨོཾ་པདྨ་ས་ར་ས་ཏི་ས་ཏྱཾ་ཨ་བརྟ་ཡ་ཤོ་དྷ་ཡ་ཧཱུཾ་ཧྲཱི། ར་ཧྲཱི་ཞེས་བྱ་བས་ལྕེ་བྱིན་གྱིས་བརླབས་ཏེ། ལག་ན་སྤོས་ཀྱི་རེད་བུ་ཐོགས་པས་ཡན་ལག ་ཐམས་ཅད་ཀྱིས་ཕྱག་བྱས་ནས། ཐུགས་རྗེས་ཟིན་པས་དགོངས་པ་ཅན། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །ཐུགས་ཀྱི་དཀྱིལ་འཁོར་དམ་པ་ནི། །རྡོ་རྗེ་འཆང་བདག་ཆེ་གེ་མོ། །རྣལ་འབྱོར་པ་ཡི་ཡོ་བྱད་ཀྱིས། །ནང་བར་གྱི་ནི་དུས་སུ ་འདྲི།། སྲས་དང་བཅས་བར་གཤེགས་སུ་གསོལ། །ཞེས་བྱ་བས་ལྷག་པར་གནས་པར་བྱའོ།། །།དེ་ནས་སློབ་མ་རྣམས་ལྷག་པར་གནས་པར་བྱ་སྟེ། དཀྱིལ་འཁོར་གྱི་སྒོ་ལ་མངོན་པར་ཕྱོགས་པར་གནས་པ་སྔར ་བཤད་པའི་མཚན་ཉིད་དང་ལྡན་པའི་སློབ་མ་རྣམས་ཀྱིས་སློབ་དཔོན་ལ་ཕྱག་འཚལ་ནས། འདི་སྐད་དུ། བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས ་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་དང། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་དུ། །མགོན་པོ་བདག་ནི་གཞུག་དུ་གསོལ། ཞེས་བརྗོད་པར་བྱའོ། །དེ་ནས་སློབ་དཔོན་གྱིས་སློབ ་མ་གཙོ་བོ་མངོན་དུ་བྱ་སྟེ་འདི་སྐད་དུ། ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །བུ་ཚུར་ཐེག་པ་ཆེན་པོ་ཡི། །གསང་སྔགས་སྤྱོད་ཚུལ་ཆེན་ཆོ་ག་།ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་འདས་གང་དང། །དེ་བཞིན་མ་བྱོན་གང ་དག་དང། །ད་ལྟར་བྱུང་བའི་མགོན་གང་དང།། འགྲོ་ལ་ཕན་ཕྱིར་བཞུགས་པ་དག། དེ་རྣམས་ཀུན་གྱི་གསང་སྔགས་ཀྱི། །ཆོ་ག་བཟང་མཆོག་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཚན་མེད ་བརྙེས། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ནི་གང་གིས་བཅོམ། །གསང་སྔགས་སྦྱོར་ཨིབ་མཉམ་མེད་དེ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་བསྐྱེད་ཅིག་།ཅེས་ ་བརྗོད་པར་བྱ་སྟེ། སློབ་མ་རྣམས་ཀྱིས་སོ་སོར་རེ་རེ་ལ་བོས་པར་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་ཡང་དག་པར་འཛིན་དུ་བཅུག་ནས། སློབ་མ་རེ་རེ་ཞིང་མེའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ར་ལས་བྱུང་བའི་མེས་ཐལ ་བར་བྱས་ཏེ། ཡི་གེ་གསུམ་གྱི་བདག་ཉིད་ཅན་རང་གི་ཁ་ནས་བཅུག་ལ། བདེ་བ་ཆེན་པོའི་རང་བཞིན་གྱི་རྡོ་རྗེ་ནས་ཕྱུང་སྟེ། སྐུ་ལ་སོགས་པ་བྱིན་གྱིས་བརླབས་པ། སྙིང་ག་ན་ཧཱུཾ་ལས་བྱུང་བའི་རྡོ་རྗེ་དང་ལྡན་པ། ཨ་ཁཾ་བཱི་ར་ཧཱུཾ་ཞེས་བྱ་བ་གོ ་རིམ་བཞིན་དུ་ལྐོག་མ་དང། །སྤྱི་བོ་དང། དཔུང་པ་གཡས་པ་དང། གཡོན་པའི་རྩ་བ་དག་དང། སྙིང་གར་བཀོད་ལ། བདག་གིས་སྡིག་པ་བགྱིས་པ་དང། །བགྱིད་སྩལ་རྗེས་སུ་ཡི་རང་གང། །མགོན་པོ་ཀུན་གྱི་སྤྱན་སྔར་དེང། །དེ་ནི་བདག ་གིས་གཤེགས་པར་བགྱི། །རང་རྒྱལ་སློབ་མ་ལས་བྱུང་དང། །ཐུབ་པ་སངས་རྒྱས་འགྲོ་བ་ཡི། །བསོད་ནམས་གང་ཡིན་དེ་ཀུན་ལ། །བསམ་པ་ཐག་པས་བདག་ཡི་རང། །སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱི། །བླ་ན་མེད་པའི ་ཆོས་དཀོན་མཆོག། འཕགས་པ་བྱང་ཆུབ་སེམས་ཚོགས་ལ། །བདག་ནི་ཉེ་པར་སྐྱབས་སུ་མཆི། །རྫོགས་པའི་སངས་རྒྱས་ཆོས་བསྟན་གསོལ། །ནམ་ཡང་མྱ་ངན་འདའ་མ་མཛད། །སེམས་ཅན་རྣམས་ནི་བདེ་མཛད་དེ། །གོ་འཕང ་མཆོག་ནི་ཐོབ་པར་ཤོག་།ཇི་ལྟར་སངས་རྒྱས་དེ་ཡི་སྲས། །སྐལ་ཆེན་རྣམས་ཀྱིས་བསྐྱེད་བ་བཞིན། །བླ་ན་མེད་པའི་བྱང་ཆུབ་སེམས། །དམ་པ་ཉིད་ནི་བསྐྱེད་པར་བགྱི། །བདག་ནི་ཐམས་ཅད་མཁྱེན་གྱུར་ནས། །ཀུན་གྱི་དབང ་ཕྱུག་གནས་འདུག་སྟེ། །སྲིད་པའི་རྒྱ་མཚོ་མཛའ་མེད་ལས་འགྲོ་པ་འདི?་ཀུན་བསྐལ་པར་བགྱི། །སངས་རྒྱས་ཉིད་ཐོབ་རྒྱུ་ལ་ཡང། །ཅི་ནུས་པས་ནི་འཇུག་པར་བགྱི། །དེར་ཞེན་དེ་བཞིན་བརྟན་པ་ཡིས། །བདག་གིས་སྨོན་ལམ ་གདབ་བར་བགྱི། །སྐྱེ་བ་འདི་ལ་གྲུབ་ཐོབ་ཕྱིར། །དེ་ཡི་ཐབས་ལ་བརྩོན་བྱེད་ཅིང། །སྐྱོན་བྲལ་ཡོན་ཏན་བདེ་ལྡན་དང། །ཕུན་ཚོགས་ཀུན་ལ་དབང་ཐོབ་ཤོག། བདག་གིས་དགེ་བ་གང་བགྱིས་དང། །ཅུང་ཟད་བགྱིད་པར་འགྱུར་བ་དང། །དེས་ནི ་བདག་དང་འགྲོ་བ་འདི། །བདེ་གཤེགས་གོ་འཕང་ཐོབ་པར་ཤོག་།ཅེས་ལན་གསུམ་བརྗོད་དུ་བཅུག་ནས། །སྡིག་པ་བཤགས་པ་ལ་སོགས་པ་བྱེད་དུ་བཅུག་སྟེ། སྙིང་གར་ཡི་གེ་ཧཱུཾ་ལས་ཟླ་བ་དང་རྡོ་རྗེ་རྣམ་པར་བསམས་ལ། དྲིའི་ཆུས ་བསངས་ཏེ། ལག་པ་གཡས་པ་རྡོ་རྗེ་དང་བཅས་པས་གཏུགས་ཏེ། སུརྱ་ཏ་ས་མ་ཡ་སྟཾ?་བྷོ?་སི་ཏ་བཛྲ་ཡ་ཐཱ་སུ་ཁཾ་ཞེས་བྱ་བས་བྱིན་གྱིས་བརླབས་ཏེ། སྐྱི?་བོ་དང་ལྐོག་མར་ཡི་གེ་ཨོཾ་དང་ཡི་གེ་ཨཱ་དག་ལས། འཁོར་ལོ་དང་པདྨ་པ་རྣམ ་པར་བསམས་ལ། ཛི་ན་ཛིཀ་དང་ཨ་རོ་ལིཀ་ཅེས་བྱ་བ་འདིས་དེ་ཉིད་གཏུགས་ཏེ། ཡི་གེ་གསུམ་བརྗོད་ལ། དེ་རྣམས་ཀྱི་ལེག་པར་དྲི་དང་མེ་ཏོག་བྱིན་ནས་སྤོས་ཀྱིས་བདུག་པ་དང། མར་མེས་སྣང་བར་བྱས་ཏེ། འཕགས་པ་བདུད་རྩི་ཞེས་པ ་བཟླས་པ། ཨུ་དུཾ་བ་ར་དང་ཨ་ཤྭརཥའི་རང་བཞིན་ཅན་སོར་བཅུ་གཉིས་པ། རྨ་མེད་པ་དྲིའི་ཆུས་བཀྲུས་པ། རྩེ་མོ་ལ་མེ་ཏོག་བཅིངས་པའི་སོ་ཤིང། བླ་མ་ཁ་བྱང་དུ་བལྟས་པས་སློབ་མ་ཐལ་མོ་སྦྱར་བ་རྣམས་ལ་སྦྱིན་བར་བྱའོ། །དེ་རྣམས་ཀྱིས ་ཀྱང་བའི་ཀོ་པ་ཙམ་གྱིས་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ། ཁ?་ཤར?་དུ་བལྟས་པའམ་ཁ་བྱང་དུ་བལྟས་བས་རྩེ་མོ་ནས་བཅས་ལ། མ་གས་པ་མདུན་དྲང་པོར་བལྟོས་པ་མེད་པར་དོར་བར་བྱའོ། །དེ་ལ་རང་ལ་མངོན་དུ་ཕྱོགས་བར་ལྟུང ་ན་བགེགས་མེད་པར་དངོས་གྲུབ་ཐམས་ཅད་འབྱུང་བར་འགྱུར་རོ། །དེ་གལ་ཏེ་ཁ་གྱེན་དུ་བལྟས་ཏེ་ལྷུང་བ་དེའི་ཚེ་རིག་པ་འཛིན་པའི་དངོས་གྲུབ་བོ། །ཁ་ཐུར་དུ་བལྟས་ཏེ་ལྷུང་ན་འོག་གི་དངོས་གྲུབ་བོ། །སྐོར་ཕྱོགས་ཀྱི་རིམ་གྱིས་ཤར ་ལ་སོགས་པར་ཁ་བལྟས་ཏེ་ལྷུང་ན། རྒྱས་པ་དང། མངོན་སྤྱོད་དང། དབང་དང། ཞི་བ་ལ་སོགས་པ་འགྲུབ་བོ། །དཀྱིལ་འཁོར་ལས་ཕྱི་རོལ་དུ་ལྷུང་ན་ནི་དངོས་གྲུབ་མེད་དོ། །དེ་ནས་ཡི་གེ་བཾ་ལས་བྱུང ་ཞིང་དེ་ཉིད་བཟླས་པའི་ཆུ་འཐར་ཐུང་བྱའི་ཕྱིར་བྱིན་ལ། ཨོཾ་ཧྲི་བི་ཤུདྡྷ་དྷརྨ་སརྦ་པ་པ་ནི་ཙཱ། ཨ་ས་ཤོ་དྷ་ཡ་སརྦ་བི་ཀ་ལ་པཱན་ཨ་པ་ན་ཡ་ཧཱུཾ་ཞེས་བྱ་བ་བཟླས་པའི་དྲི་དང་བདུད་རྩིའི་ཆུ་ཁྱོར་བ་གསུམ་དུ་བཅུག་སྟེ། ཡི་གེ་ཧཱུཾ་ལས་བྱུང ་ཞིང་ཨོཾ་ཨཱ་ཧཱུཾ་སྭཱཧཱ་ཞེས་བྱ་བ་བཟླས་པ། ཀུ་ཤ་སར་པ་མ་ཉམས་པ་ཅིག་སྔལ?་སུ་བྱིན་ཞིང་ཡི་གེ་ཧཱུཾ་ལས་བྱུང་བ་བདུད་རྩི་འཁྱིལ་པ་བཟླས་པའི་ཀུ་ཤ་སྟན་དུ་གདིང་བར་བྱ་བ་བྱིན་ཏེ། འདི་ཉིད་བཟླས་པའི་བསྲུང་སྐུད་སུམ་སྒྲིལ ་མདུད་པ་གསུམ་ལྡན་པ། ཡི་གེ་གསུམ་གྱིས་བརྟེན་པར་བྱས་པ་རང་ཉིད་ཀྱིས་དེ་རྣམས་ཀྱི་དཔུང་པ་གཡས་པ་ལ་བཅིངས་ལ། ཨོཾ་ཤུདྡྷ་མེ་ཏྲི་རཀཤ་སརྦ་སྭཱཧཱ། ཞེས་བྱ་བ་བྱམས་པའི་གོ་ཆས་ཡང་དག་པར་བསྲུངས་ནས ་ཆོས་བཤད་པས་གཟེད་བསྟོད་པར་བྱ་སྟེ། བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས་།དེ་རིང་རྙེད་པ་མཉམ་མེད་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཐམས་ཅད་ཀྱིས། །བསྟན་པ་འདི་ལ་ཁྱེད་རྣམས ་ཀུན། །ཡོངས་སུ་བཟུང་སྟེ་བསྐྱེད་བྱ་བ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་དུ། །སང་ནི་སྐྱེ་བར་འགྱུར་བ་ཡིན། །ཐེག་པ་ཆེན་པོ་འབྱུང་བ་ཆེ། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་གང་ནས་འགྲོ་བ་ནས། ། ་སྐལ་པ་ཆེན་པོ་རང་འབྱུང་བ། །འཇིག་རྟེན་ཐམས་ཅད་འདུལ་མཛད་པའི། །དེ་བཞིན་གཤེགས་པར་འགྱུར་བ་ནི། །ཡོད་དང་མེད་ལས་རྣམ་པར་འདས། །ནམ་མཁའ་བཞིན་དུ་དྲི་མ་མེད། །ཟབ་མོ་རྟོག་གེ་ཐམས་ཅད ་ཀྱིས། །རྟག་པར་བྱ་མིན་གནས་མེད་པ། །སྤྲོས་པ་ཀུན་དང་བྲལ་བ་སྟེ། །སྤྲོས་པ་ཀུན་གྱིས་མ་སྤྲོས?་པ། །ལས་དང་བྱ་བ་ལ་སོགས་བྲལ། །བདེན་པ་གཉིས་ལ་གནས་པ་ཡི། །ཐེག་མཆོག་ཁྱད་པར་འཕགས་པ་འདི། །ཚུལ་ལ ་གནས་ན་ཐོབ་པར་འགྱུར། །བཞིན་བཟང་རྣམས་ལོང་ཞིག་ནང?་པར་རྡོ་རྗེ་ཆེན་པོའི་བཀའ་དྲིན་གྱིས་ཐུགས་ཀྱི་དཀྱིལ་འཁོར་མཐོང་པར་འགྱུར་གྱིས། །ཇི་ལྟར་མཐོང་བའི་རྨི་ལམ་ཡང་སྨོས་ཤིག་ཅེས་བརྗོད་ལ་གཏང་བར་བྱའོ། ། ་དེ་ནི་ལྷ་དང་སློབ་མ་རྣམས་ལྷག་པར་གནས་པའི་ཆོ་གའོ། ། །།དེ་ནས་དཀྱིལ་འཁོར་ཡང་དག་མཆོད་ལ། །སློབ་མ་དང་ལྷན་ཅིག་མཉམ་པར་བཞག་པའི་ཡིད་ཀྱིས་དཀྱིལ་འཁོར་གྱི་ས་གཞིའི་ཐ་མར་རྣལ ་འབྱོར་པས་ཉལ་བར་བྱའོ། །དི་ནས་ཉི་མ་གཞན་ལ་དེ་ཁོ་ན་བཞིན་དུ་དཀྱིལ་འཁོར་སྟེང་གི་ནམ་མཁའ་ལ་བཀོད་དེ། བདུད་རྩི་དང་དྲི་ཞིམ་པོ་དང་བཅས་པའི་ཚོན་རྩི་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་ཀུ་དང་སྔོན་པོ་ཉུངས་ཀར ་གྱི་ཕྱེ་མ་དང་བསྒོམ?་པ་རྣམས་ཀྱིས་སོ་སོ་སོ་སོར་ཁ་བསྒྱུར་བའི་སྲད་བུ་རྣམས། རིམ་པ་དེ་ཉིད་བཞིན་དུ་བཞག་ལ། ཨོཾ་སྭཱ་ཨཱ་ཧཱ་ཧཱུཾ་གི་ས་བོན་རྣམས་ཀྱིས་སྲད་བུ་རྣམས་ལ་རྣམ་པར་སྣང་མཛད་ལ་སོགས་པ་རྣམ་པར ་བཀོད་དེ། རང་གི་ཕྱོགས་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀར་ས་བོན་དེ་དག་ཉིད་ཀྱིས་དེ་དང་དེའི་ཁ་དོག་ཅན་གྱི་འོད་ཟེར་གྱི་སྲད་བུ་རྣམས་གནས་པར་བལྟས་ལ་ཐུགས་ཀྱི་དཀྱིལ་འཁོར་ཐིག་གདབ ་པའི་ཕྱིར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། རྡོ་རྗེའི་ཐིག་བདག་ལ་སྩལ་དུ་གསོལ། ཞེས་རྣམ་པར་སྣང་མཛད་ལ་སོགས་པ་ལ་ཡང་དག་པར་བསྐུལ་ནས། ཨོཾ་དཱིཔཏི་ཏིཥྚ་ཨཾ་ཀུ་ཤ་ཛ། ཞེས་བྱ་བ་མིག ་དག་ལ་བཀོད་དེ། རབ་ཏུ་མྱུང་པར་གཡོ་པའི་མིག་།མིག་གི་རྫི་མ་འདྲེན་བྱེད་པའི། །འབར་བའི་ལྟ་བའི་ལྕགས་ཀྱུས་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱིས་ཐུགས་ཀ་ནས། དེ་རྣམས་ཉིད ་ཀྱིས་བཏང་བའི་འོད་ཟེར་གྱི་སྲད་བུ་རྣམས་བཀུག་ནས། དེ་རྣམས་ཀྱིས་རང་གི་ལག་ན་གནས་པའི་སྲད་བུ་རྣམས་ཀུན་ཏུ་བཀང་ལ། ཨ་ནྱོ་ནྱ་ཨ་ནུ་ག་ཏཱ་སརྦ་དྷརྨཱ། པ་ར་སྤ་ར་ཨ་ནུ་པྲ་པཥྚི་སརྦ་དྷརྨཱ། ཨ་དྱ་ན་ཏ་ཨ་ནུ ་པྲ་བིཥྚ་སརྦ་དྷརྨཱ། ཞེས་བརྗོད་ལ་ཡི་གེ་གསུམ་ཟློས་ཤིང་བསྒྲིལ་བར་བྱ་སྟེ། ཀྱུས་སུ་བརྐྱང་ན་དཀྱིལ་འཁོར་གྱི་ཉིས་འགྱུར་ཡོད་པ་དང། སྦོམ་སུ་སྒོའི་ཉི་ཤུའི་ཆ་ཡོད་པར་བསྒྲིལ་ལ། མིག་གཉིས་སུ་ཡི་གེ་མ་དང་ཊ་དག་གིས་ཉི ་མ་དང་ཟླ་བ་བཀོད་དེ། བཛྲ་ཌིཥྚ་མ་ཊ་ཅེས་བྱ་བས་བརྟན་པར་བྱས་ནས། དྲི་དང་བདུད་རྩིས་ཉེ་བར་བྱུགས་པའི་གསེར་ལ་སོགས་པའི་སྣོད་དུ་བཞག་ལ། དྲི་ལ་སོགས་པ་རྣམས་ཀྱིས་མཆོད་དེ། ལག་པ་རེག་ལ་ཡི་གེ་སུམ་བརྒྱ་རྩ ་བརྒྱད་བཟླ་པར་བྱའོ། །ཡང་དཀྱིལ་འཁོར་གྱི་ས་གཞི་སྔ་མ་བཞིན་དུ་གྲོགས་པོ་འཇུག་དུ་བཅུག་ལ། མེ་ཏོག་སྣ་ཚོགས་དགྲམ་པ་བྱས་ཏེ། བར་སྣང་ན་བཞུགས་པ་རྣམས་ལ་མཆོད་ཡོན་དང་དྲི་ལ་སོགས་པ་རྣམས་ཀྱིས་ཡང་དག་པར ་མཆོད་ལ། ཕྱག་འཚལ་ཏེ་རྡོ་རྗེ་འཆང་དུ་གྱུར་བས་ཡང་དག་པར་སྦྱོར་བའི་སྒོ་ནས། སྲེད་བུ་འཛིན་པ་རྣམ་པར་སྣང་མཛད་དམ་བདུད་རྩི་འཁྱིལ་པར་ཡང་དག་པར་ཕྱུང་སྟེ། མིག་གཡོན་པ་དང་གཡས་པ་དག་ལ་ཡི་གེ་ཛ ་ལས་བྱུང་བའི་ཟླ་བ་དང་ཉི་མ་ཁ་དོག་སེར་པོ་བསམས་ལ། ཉུངས་ཀར་དད་བཅས་པའི་བདུད་རྩི་ལྔ་དང་ལྡན་པའི་དྲི་ཞིམ་པོའི་ཆུ་ཡི་གེ་གསུམ་བཟླས་པ་ལ་སྤངས་ཏེ། སྲད་བུ་དེ་གཡོན་པའི་ཁུ་ཚུར་གྱིས་ལྟེ་བར་འཛིན་ཅིང། ་ཨོཾ་ཛ:ཛ་ཛ(རྒྱུད་འགྲེལ་དག་གིས་གནམ་ཐིག་གདབ་པར་བྱའོ། །དེ་ནས་ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་ལྷག་པར་དམིགས་ནས། དེ་ཁོ་ན་བཞིན་དུ་ཚངས་པའི་ཐིག་གཉིས་བཏབ་སྟེ། སློབ་དཔོན་མེ་དང་རླུང་གི་མཚམས་སུ་འདུག་སྟེ། གནོད་སྦྱིན་དང་ཡི ་དགས་དང་དབང་པོ་དང་ཀླུའི་ཕྱོགས་རྣམས་སུ་མངོན་པར་བལྟས་པས། ཤར་དང་ནུབ་དང་བྱང་དང་ལྷོར་ཐིག་བཏབ་ལ། ཡང་མེའི་མཚམས་སུ་འདུག་པས་རླུང་གི་མཚམས་དང། བདེན་བྲལ་གྱི་མཚམས་སུ་འདུག་པས་དབང་ལྡན་གྱི ་མཚམས་ཀྱི་བར་དུ་ཐིག་བཏབ་སྟེ། ཤར་དང་ནུབ་དང་བྱང་དང་ལྷོའི་ཕྱོགས་སུ་ཐིག་བཞིས་དཀྱིལ་འཁོར་བརྒྱད་དུ་འགྱུར་བའི་ཐིག་ཀྱང་རིམ་པ་དེ་ཉིད་ཀྱིས་གདབ་པར་བྱ་སྟེ། ཡི་གེ་གསུམ་བརྗོད་པ་སྔོན་དུ་འགྲོ་བ་ཅན་གྱི། ཨོཾ་བཛྲ་ས་མ ་ཡ་སུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུཾ། ཞེས་བྱ་བ་ཟློས་ཤིང་ཐིག་བཏབ་པའི་སྒྲས་ནམ་མཁའ་ཁྱབ་པའི་དེ་བཞིན་གཤེགས་པ་རྣམས་ལ། བཅོམ་ལྡན་འདས་རྣམས་ཀྱིས་སེམས་ཅན་གྱི་དོན་མཛད་པའི་དུས་ལགས་པས་འདིར་གཤེགས་སུ་གསོལ་ཞེས ་བསྐུལ་བར་བྱ་ཞིང། །སློབ་དཔོན་དང་སྒྲུབ་པའི་མཆོག་དག་གིས་ཐམས་ཅད་དུ་ཡང་བསྐོར་ཕྱོགས་སུ་འགྲོ་བར་བྱའོ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་མཛེས་བགྱིས་པ། །ཐིག་བཞི་དང་ནི་ཡང་དག་ལྡན། །དར་དང་མེ ་ཏོག་ཕྲེང་བས་བརྒྱན་པ། །མཚམས་ཀྱི་ཆ་ནི་ཐམས་ཅད་དང། །སྒོ་ཁྱུད་ཀྱི་ནི་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་རྣམས་ཀྱིས་སྤྲས། །ཕྱི་ཡི་དཀྱིལ་འཁོར་ཐིག་གདབ་བོ། །དེ་ཡི་ནང་གི་འཁོར་ལོ་ནི། །དཀྱིལ་འཁོར་བརྒྱད་དང ་ཡང་དག་ལྡན། །ཕྱི་རོལ་གྱི་ནི་འཁོར་ལོའི་ཕྱེད། །ཀུན་ནས་ཡོངས་སུ་ཟླུམ་པོ་སྟེ། །རྡོ་རྗེ་ཀ་བ་མཆོག་གི་སྦྲས། །མཛེས་ཤིང་རྡོ་རྗེ་ཕྲེང་བས་བསྐོར། །དེ་ནས་ཧི་དང་ཁྲོ་ལྟ་བས། །སྒོ་དག་རྣམ་པར་བསྒོ་བྱ་སྟེ། །བསྒོ་ནི ་འཁོར་ལོའི་བརྒྱད་ཀྱི་ཆ། །ཁ་ཁྱེར་མེད་པ་ཉིད་དུ་འདོད། །སྒོ་ཁྱུད་སྒོ་ཡི་ཚད་ཡིན་ཏེ། །ལྷ་ཡི་རྣམ་བཱུང་དེ་དང་འདྲ། །ཁ་ཁྱེར་ཀུན་ཏུ་སྒོ་ཡི་ཕྱེད། །སྒོ་འགྲམ་ལོགས་ཀྱང་དེ་བཞིན་ནོ། །དྲ་བ་དྲ་ཕྱེད་ཉི་ཟླ་དང། །མེ་ཏོག་ཕྲེང་སྣམ ་དེ་དང་འདྲ། །རྩ་བའི་ཐིག་ལས་ཕྱི་རོལ་དུ། །ཚོན་གྱིས་ནི་དེ་ཡི་ཕྱེད། །ཁ་ཁྱེར་རི་མོ་ལ་བརྟེན་པའི། །རྟ་བབས་དང་ནི་ཀ་བར་ལྡན། །ཀ་བ་རྡོ་རྗེ་སོགས་ཐིག་གི་། ས་ནི་མཚོན་གྱི་ས་དང་མཉམ། །རྟ་བབས་སྒོ་ཡི་སུམ་འགྱུར་ཏེ། ་བ་དན་དྲིལ་བུ་རྣམས་དང་ལྡན། །དྲིལ་བུ་བཏགས་ཤིང་རླུང་བསྐྱོད་པའི། །པ་དན་ཕྱི་ཡི་མཚམས་སུའོ། །གཞན་རྣམས་འཁོར་ལོའི་རྗེས་མཐུན་པར། །ཇི་ལྟར་མཛེས་བར་རབ་ཏུ་བྱ། །གལ་ཏེ་འགའ་ཡང་ཐིག་གདབ་པར། ། ་འོངས་པར་མེད་ན་དེ་ཡི་ཚེ། །གྲོགས་པོ་མེད་པར་རང་ཉིད་ཀྱིས། །ཕུར་བུ་ལ་བསྟོད་ཐིག་གདབ་བྱ། །དེ་ནས་དཀྱིལ་འཁོར་གྱི་ལྟེ་བ་ལ་ཇི་སྐད་བཤད་པའི་ཕུར་བུ་འམ། རྡོ་རྗེ་བཏབ་སྟེ། སྲད་བུ་ཉིས་སྒྲིལ་དུ་བྱས་བས་བཅིངས་ལ། ། ་མཐེ་བོང་གི་རྩ་བར་དཀྲིས་པའི་ཁུ་ཚུར་རང་དང་ཕྱིའི་དཀྱིལ་འཁོར་དག་གི་ཕྱི་རོལ་དུ་རྡོ་རྗེ་ཕྱེད་བ་དང་འོད་ཀྱི་འཁོར་ལོའི་ཐིག་།དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ། རིམ་བཞིན་དུ་གཡས་ཕྱོགས་སུ་བསྐོར་བས་བཏབ་ལ། ཡེ་ཤེས ་ཀྱི་ཐིག་གཤེགས་སུ་གསོལ་ལོ། །དེ་ནས་བཾ་ལཾ་རཾ་ཧཾ་ཡཾ་ཀྱི་ས་བོན་རྣམས་ཀྱིས་བསྐྱེད་པའི་ཚོན་རྩི་དཀར་པོ་ལ་སོགས་པ། སྲིད་བུའི་སྐབས་སུ་བཤད་པའི་ཁ་དོག་གི་རིམ་པ་དང་ལྡན་པ། རིན་པོ་ཆེ་ལས་བྱུང་བ་འམ། ལྕགས་ལྔ ་ལས་བྱུང་བ་འམ། སའི་ཁམས་ལས་བྱུང་བ་འམ། འབྲས་ལས་བྱུང་པའམ། དམར་པོ་སོ་ཕག་བསྲེགས་པ་དང། ནག་པོ་སོལ་བ་ལས་བྱས་པས་བཟང་པོ་རྣམས། །སྔར་བཤད་པའི་ས་བོན་རྣམས་ལས། སངས་རྒྱས་སྤྱན་ལ། ་སོགས་པ་དང་ཡང་དག་པར་ལྡན་པའི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་རང་བཞིན་དུ་བསམས་ལ། ཡི་གེ་ཧཱུཾ་མངོན་པར་བཟླས་ཏེ། ཡི་གེ་ཛ:དང་འབར་པའི་ལྟ་བ་དག་གིས་ཚོན་རྩི་ཡང་དག་པར་སྦར་ཏེ། ་ཡི་གེ་ཧཱུཾ་གིས་ཕུར་བུ་ཕྱུང་ལ། དེའི་ཁུང་བུ་ཚོན་རྩི་ལྔ་ཡིས་ཀུན་ཏུ་བཀང་སྟེ། ཐུགས་རྡོ་རྗེའི་རྣལ་འབྱོར་དང་ལྡན་པས་བླ་ན་མེད་པའི་ཤེས་རབ་ཀྱི་དྲིལ་བུའི་སྒྲས་མཚན་མ་ངན་པ་ལ་སོགས་པ་བསམས་ལ། ཆོས་ཀྱི་དབྱིངས་རྣམ་པར་དག་པར ་ལྷག་པར་མོས་པར་བྱས་ནས། དང་པོར་དབུས་སུ་འདུག་སྟེ། ཤར་དུ་བལྟས་པས། ཨོཾ་བཛྲ་ཙིཏྟར་ས་མ་ཡ་ཧཱུཾ་ཞེས་བྱ་བ་བརྗོད་ཅིང་གཡོན་པའི་ཁུ་ཚུར་གྱིས་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ། གཡས་ཕྱོགས་སུ་བསྐོར་བས་ཚོན་རྩི་དགྱེ ་བར་བྱ་སྟེ། ཕྱིས་ནི་རྩི?་བདེ་བར་རོ། །རན་ཞིང་སྙོམས་ལ་མ་གཡོ་དང། མཆད་གཡས་ཕྱོགས་ནས་བསྐོར་ཞིང། །སྦོམས་སུ་སྒོའི་ཉི་ཤུའི་ཆ། །ལྡན་པར་རི་མོ་བྲི་བར་བྱ། །སྦོམ་པོར་བཀྱེ་ན་ནད་འབྱུང་འགྱུར། །ཕྲ་མོས་ནོར་ནི་རྣམ་པར ་འཇིག་།ཡོན་པོས་འགྱེ?་འགྱུར་ཆད་པ་ཡིས། །བླ་མ་དང་ནི་སློབ་མ་འཆི། །གཡས་བསྐོར་མིན་བར་བཀྱེ་བ་ཡིས། །ཚོན་ནི་ཕུར་བུས་བཏབ་པར་འགྱུར། །རི་མོ་དཀར་པོའི་ཕྱི་རོལ་དུ། །གཞན་ནི་གསེར་ལྟར་སྣང་བ་སྟེ། །པདྨ་རཱ་གའི་རང་བཞིན ་དང། །དེ་བཞིན་གཞན་ནི་མཆད?་འདྲ། །ནང་དུ་སྔོན་པོ་ཞེས་བྱ་སྟེ། །འདི་ནི་ཚོན་གྱི་རིམ་པར་བཤད། །ཤར་གྱི་ཆ་ནི་དཀར་པོར་བྱ། །ལྷོ་ནི་སྔོན་པོར་སྣང་བ་སྟེ། །ནུབ་ཀྱི་ཁ་དོག་དམར་པོའོ། །བྱང་ནི་ལྗང་གུར་ཡང་དག་ལྡན། །དབུས་ནི་ཨིནྡྲ་ནཱི་ལ་ ་མཚུངས། །ཐུགས་ཀྱི་དཀྱིལ་འཁོར་འདི་ལྟ་བུ། །རྟག་ཏུ་རྡོ་རྗེ་དྲིལ་ཐོགས་ཤིང། །ཤིན་ཏུ་མཉམ་པར་བཞག་པས་བྲི། །ཚོན་རྩིའི་རི་མོ་ཕན་ཚུན་ནས། །གང་ཙམ་གྱིས་བར་མཆོད་པར་བྲིའོ། །གལ་ཏེ་དཀྱིལ ་འཁོར་འདྲི་བ་ན། །བགེགས་བྱུང་བ་དེའི་ཚེ། ཁྲོ་བོ་བདུད་རྩི་ཞེས་བྱ་བའི་རྣལ་འབྱོར་དང་ལྡན་པས་ཕྲེང་བའི་སྔགས་ཟློས་ཤིང་བསལ་བར་བྱ་སྟེ། ན་མ་ས་མནྟ་ཀཱ་ཡ་བཱཀྩིཏྟ་བཛྲ་ཎཱཾ། ན་མོ་བཛྲ་ཀྲོ་དྷ་ཡ། མཧཱ་དཱིཥྚོ?་ཏཀཊ་བྷེ་ར་བཱ་ཡ? ་ཨ་སི་མུ་ས་ལ་པ་ལ་ཤཱུ་པཱ་ཤ་ཧསྟ་ཡ། ཨོཾ་ཨ་མྲིཏ་ཀུཎྜ་ལི། ཁ་ཁ་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བྷནདྷ་བྷནདྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། གརྫ་གརྫ། བི་སཕོཊ་ཡ་བི་སཕོཊ་ཡ། སརྦ་བིགྷྣཱན?་བི་ནཱ་ཡ་ཀན། མ་ཧཱ་ག་ན ་པ་ཏི་ཛཱི་བི་ཏ་ཨནྟ་ཀ་ར་ཡ་ཧཱུཾ་ཕཊ། བདུད་རྩི་ཞེས་པའི་རྣལ་འབྱོར་དང་ལྡན་པ་ཉིད་ཀྱིས་ལག་པ་གཡོན་པའི་སྲིན་ལག་བརྐྱང་སྟེ། གུང་མོ་དང་མཐེའུ་ཆུང་གི་རྩེ་མོ་སྦྱར་ལ། མཐེ་བོང་དང་སྦྱར་ཏེ་མཛུབ་མོ་མནན ་པའི་མཆེ་བའི་ཕྱག་རྒྱ་འདི་ཁའི་མཛའ་མར་འཛིན་ཅིང། ཕཊ་ཀྱི་མཛའ་ཅན་བཟླས་པས་གཞོམ་པར་བྱ་བ་འམ། སྔར་བཤད་པའི་བསྲུང་བའི་འཁོར་ལོ་བསྒོམ་པའི་སྒོ་ནས་ཕུར་བུས་གདབ་པ་འམ། དོན་དམ་པའི་བྱང་ཆུབ ་ཀྱི་སེམས་བསྒོམ་པར་བྱའོ། །རང་བཞིན་གྱིས་རྣམ་པར་དག་པའི་སེམས་ལ་བགེགས་རྣམས་འབྱུང་བར་འགྱུར་བ་གང་ཡིན་པ་དེ་ནི་གནས་མེད་ཅིང་སྐབས་མེད་དེ། བགེགས་ལ་སོགས་པ་རྣམས་ནི་ཐ་མལ་པའི་རྣམ་པར་རྟོག ་པ་ལས་རབ་ཏུ་བྱུང་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ནས་ལྷ་རྣམས་བཞུགས་པའི་གནས་རྣམས་སུ་སྔ་མ་བཞིན་དུ་པདྨ་དང་ཉི་མ་ལ་སོགས་པའི་གདན་རྣམས་ཇི་ལྟ་བ་བཞིན་དུ་བཀོད་ལ། བཛྲ་དྷྲིཀ་ཅེས་བྱ་བ་ལ་སོགས་པའི ་སྙིང་པོ་རྣམས་བརྗོད་ཅིང། ནམ་མཁའ་ལ་གཞུགས་པ་རྣམས་ཕྱག་མཚན་གྱི་ནང་ན་གནས་པའི་ལྷའི་གཟུགས་རྣམས་དང་ལྷན་ཅིག་གཅིག་ཏུ་བྱས་ཏེ། སྐུད་རིས་སུ་བྱས་པ་འམ། ལུགས་སུ་བླུགས་པ་འམ། འབུར་དུ་བརྐོས་པ་འམ། རི་མོར ་བྲིས་པའི་མཚན་མ་རྣམས་དགོད་པར་བྱའོ། །དེ་ལ་དབུས་སུ་ནི་ཨིནྡྲ་ནཱི་ལ་ལྟ་བུའི་རྡོ་རྗེ་རྩེ་ལྔ་པ་བསྐལ་པའི་མེ་ལྟར་འབར་ཞིང་འཇིགས་སུ་རུང་བ་དགོད་པར་བྱའོ། །རྣམ་པར་སྣང་མཛད་ཀྱི་གནས་སུ་རྡོ་རྗེའི་རྣམ་པ་ཅན་གྱི་འོད་ཟེར་འབར་བའི ་འཁོར་ལོ་རྩིབས་བརྒྱད་པ་དཀར་པོ་དང། དེ་བཞིན་དུ་རིན་ཆེན་འབྱུང་གནས་ཀྱི་གནས་ནས་བརྩམས་ཏེ། ཆོས་ཀྱི་དབྱིངས་རྡོ་རྗེ་ལ་སོགས་པ་ལྷ་མོ་རྣམས་ཀྱི་གནས་ཀྱི་བར་ལ། གོ་རིམ་བཞིན་དུ་འོད་ཟེར་གྱིས་ཁྱབ་པའི་ཉི་མ་ལྟ་བུའི་རིན་པོ་ཆེ་དང། ་འོད་ཟེར་དང་བཅས་པའི་པདྨ་དང། རལ་གྲི་དང། སྤྲིན་ལྟ་བུའི་མིག་དེའི་འོད་དང་ལྡན་པ་དང། རྡོ་རྗེ་སྔོན་པོ་འབར་བ་དང། པདྨ་ཁ་བྱེ་བ་སྡོང་བུ་དང་བཅས་པ་དང། ཨུཏཔལ་སྔོན་པོ་དང། འབར་བ་དང་བཅས་པའི་ཐོ་བ་དང། དབྱུག་པ་རྡོ་རྗེ ་ལྟར་འབར་ཞིང་གཡོ་བ་དང། རལ་གྲི་ལྟ་བུའི་འོད་ཟེར་འབར་བའི་པདྨ་དང། །སྣ་ཚོགས་རྡོ་རྗེ་དབུས་ན་སྔོ་བ་དང། ཤར་ལ་སོགས་པའི་ཕྱོགས་བཞིར་འཁོར་ལོ་དང། མེ་ལོང་དང། ནག་གེ་སར་ཀྱི་ལྕུག་མ་དང། ཡང་དེ་ཉིད་དཀར་པོ་དང། ་རྡོ་རྗེ་དང། བ་བདད?་པ། རིན་པོ་ཆེ་དང། འདྲིའི?་དུད་པོར་སེར་པོ་དང། པདྨ་དང། ཁྲག་ཆེན་པོས་གང་བའི་ཐོད་པ་དང། རལ་གྲི་དང། རལ་གྲི་གཉིས་པ་དམར་པོ་དང། དྲི་བའི་ཕྱག་རྒྱ་དང། ཐ་མར་རྡོ་རྗེས་མཚན་པའི་ཀ་ཙ་ལན?་དིའི? ་གོས་རེག་བྱ་འཇམ?་པོ་དང་ལྡན་པ་དང། སྣ་ཚོགས་རྡོ་རྗེས་མཚན་ཅིང་དབུས་དཀར་བའི་ཆོས་འབྱུང་གི་ཕྱག་རྒྱ་གྲུ་གསུམ་ལྗང་གུ་དགོད་བར་བྱའོ། །མེ་ལ་སོགས་པའི་མཚམས་རྣམས་སུ་ལྕགས་ཀྱུ་དང། དབྱུག་པ་དང། རྩེ་གསུམ་དང། ་རལ་གྲི་རྣམ་པར་བཀོད་ལ། ཤར་གྱི་སྒོར་ཐོ་བ་ལས་ཤར་དུ་འཁོར་ལོ་དང་།དེ་བཞིན་དུ་ནུབ་དུ་པདྨ་ལS?་ནུབ?་དུ་དྲིལ་བུ་དང་བཅས་པའི་རྡོ་རྗེ་པདྨ་དང་ཉི་མའི་གདན་རྣམས་ལ་རྣམ་པར་བཀོད་པར་བྱའོ། །གལ་ཏེ་དེ་ཉིད་དུ་ཐུགས་ཀྱི ་རྡོ་རྗེ་ལ་སོགས་པ་གང་ཡང་རུང་བའི་རང་གི་ལྷ་བསྒྲུབ་པར་འདོད་པ་དེའི་ཚེ། ན་ཚོད་ལོ་བཅུ་གཉིས་ལོན་པའི་ཁྱེའུ་དང་བུ་མོ་དག་ལ། མི་བསྐྱོད་པ་དང་མཱ་མ་ཀཱི་བཅུག་སྟེ། དེ་དག་ཐིག་གདབ་ལ་སོགས་པའི་ཆོག?་སྔོན་དུ་འགྲོ་བ་ཅན་གྱི ་དེ་དཀྱིལ་འཁོར་འདྲིར་བཅུག་ལ།། ལྷ་མ་ལུས་པའི་གནས་སུ་སྒྲུབ་ཐབས་ལས་བཤད་པའི་གདན་དང་གཟུགས་དང་ཁ་དོག་དང་ཞལ་དང། ཕྱག་ལ་སོགས་པ་དང་ལྡན་པ་བཀོད་པའི་རྟེན་གྱི་དཀྱིལ་འཁོར་ཇི་ལྟ་བཞིན་ཞུགས་ཏེ་བསྒྲུབ་པར ་བྱའོ། །ཕྱོགས་བཞིར། །རིན་པོ་ཆེའི་རང་བཞིན་གྱི་རྟ་བབས་མེ་ཏོག་གི་ཕྲེང་བ་དང་དྲིལ་བུ་དང་བ་དན་ལ་སོགས་པ་དང་ལྡན་པ་རྡོ་རྗེ་འཆང་མངོན་པར་བཟླས་པ་དབུལ་བར་བྱའོ། །དཀྱིལ་འཁོར་ལས་ཕྱི་རོལ་དུ་ཤར་ལ་སོགས་པའི ་ཕྱོགས་རྣམས་སུ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། །སྡོང་པོས་བརྒྱན་པ་དང། དེ་བཞིན་གཤེགས་པའི་གསང་བ་དང། གསེར་འོད་དམ་པ་རྣམས་བཀླག་པར་བྱའོ། །ག་བུར་དང་ལ་ཀ་རུ་དང་དུ་རུས་ཀ་ལ་སོགས་པའི་སྤོས ་སྨོད་རྣམས་རྒྱུན་མི་འཆད་པར་ཕྱོགས་དང་ཕྱོགས་མཚམས་བརྒྱད་དུ་བཞག་པར་བྱའོ། །དེ་ནས་བདུད་རྩི་འཁྱིལ་པའི་ང་རྒྱལ་དང་ལྡན་པའི་གྲོགས་པོ། འོད་ཀྱི་ཕྲེང་བ་ལས་ཕྱི་རོལ་དུ་བདུད་རྩི་ལྔ་དང་ལྡན་པའི་དྲིའི་ཆུས་ཀུན ་ཏུ་འབྱུག་པར་བྱེད་དུ་བཅུག་།མེ་ཏོག་སིལ་མ་བཀྲམ་ནས། ལས་ཐམས་ཅད་པ་བཟླས་བའི་ཆུས་དཀྱིལ་འཁོར་བསངས་ཏེ། དེའི་དབུས་སུ་ལག་པ་གཞག་ལ། འཁོར་ལོ་བྱིན་གྱིས་བརླབ་པའི་ཕྱིར་ཡི་གེ་སུམ ་བརྒྱ་རྩ་བརྒྱད་བཟླས་ཏེ། ཨོཾ་ཨ་བིགྷྣཱནྟ་ཀྲིཏ་ཧཱུཾ་ཕཊ་ཅེས་བཟླས་པར་བྱའོ། །དེ་ནས་མཚམས་ཀྱི་དུས་སུ་དཔལ་གནོད་མཛེས་རྒྱལ་པོའི་ང་རྒྱལ་དང་ལྡན་པས་མེ་ཏོག་སྔོན་པའི་ཕྲེང་བ་བླངས་ཏེ། ཨོཾ་སུཾ་བྷ་ཞེས་བྱ་བ་ལ་སོགས་པ་བརྗོད་ཅིང། མཚོན ་གྱི་རི་མོའི་འོག་ནས་འགྲོ་བའི་བསམ་པས་དཀྱིལ་འཁོར་དུ་ཞུགས་ལ། །དྲིལ་བུ་དཀྲོལ་ཞིང་སྐོར་བ་གསུམ་བྱ་སྟེ། མ་ཚང་བ་དང་ལྷག་པའི་ཉེས་པ་ཞི་བར་བྱ་བའི་ཕྱིར་འཁོར་ལོ་བལྟས་ནས། བཅོམ་ལྡན་འདས་ལ་ཕྲེང་བ་ཕུལ་ཏེ། དེ་སླར ་གར་གྱི་སྦྱོར་བས་བླངས་ལ། ཡི་གེ་ཧཱུཾ་བཞིས་རང་གི་མགོ་ལ་བཅིང་བར་བྱའོ། །དེ་ནས་ཕྱི་རོལ་དང་ནང་གི་དཀྱིལ་འཁོར་དག་གི་མཚམས་སུ་འདུག་ཅིང། མཉམ་པར་བཞག་བའི་རྡོ་རྗེ་སློབ་དཔོན་གྱིས་ཡི་གེ་གསུམ་འདོན་ཅིང་ཡིད་ཀྱིས་སྒོ་དབྱེ ་བར་བྱ་སྟེ། ཤར་ལ་སོགས་པའི་སྒོ་རྣམས་ནི། །ནུབ་ལ་སོགས་པར་གནས་པ་དང། །དེ་བཞིན་གཡས་བརྐྱང་སོགས་རྣམས་ཀྱིས། །རིམ་བཞིན་དབྱེ་བར་བྱ་བ་ཉིད། །དེ་ནས་སྔར་ལྷག་པར་གནས་པར་བྱས་པའི་རྣམ་པར་རྒྱལ་བའི་བུམ་པ་ཆོ་ག་དེ ་ཉིད་ཀྱིས་བཟླས་པ་བདག་པོའི་མདུན་དུ་བཞག་པར་བྱའོ། །ཅིག་ཤོས་བཛྲ་དྷྲིཀ་ཅེས་བྱ་བ་བརྒྱ་རྩ་བརྒྱད་བཟླས་པ་ཡང། དེའི་ཆུས་བདག་ཉིད་དང་སློབ་མ་རྣམས་གསང་བའི་ཕྱིར་འཇུག་པའི་སྒོར་མངོན་དུ་འཕྱོགས་པར་བཞག་སྟེ། དཀྱིལ་འཁོར ་གྱི་ཕྱི་རོལ་འོད་ཀྱི་འཁོར་ལོའི་ནང་ཤར་དང་ལྷོའི་སྒོ་དག་གི་བར་དུ་མཚན་ཉིད་དང་ལྡན་པ། རང་གི་ལྷ་དང་རྗེས་སུ་མཐུན་བའི་ཚོན་རྣམས་ཀྱིས་བསྐུས་པ། དེར་ལྷ་དེ་རྣམས་ཀྱི་མཚན་བྲིས་པ། གོས་བཟང་པོས་མགུལ་བཅིངས་བྱས ་པ། ཡལ་ག་དང་འབྲས་བུ་བཟང་པོའི་ཁ་རྒྱན་དང་ལྡན་པ། རིན་པོ་ཆ་དང་སྨན་དང་འབྲུ་ལྔ་དང་ལྡན་པ། བདུད་རྩི་དང་བཅས་པའི་ཙན་དན་གྱི་ཆུས་གང་བ། རང་གི་སྔགས་བརྒྱ་རྩ་བརྒྱད་བཟླས་ལ། འཕགས་པ་གཤིན་རྗེ ་མཐར་བྱེད་ལ་སོགས་པ་ཁྲོ་བོ་རྣམས་ཀྱི་བུམ་པ་དེ་རྣམས་ཀྱང་བཞག་པར་བྱའོ། །དེ་བཞིན་དུ་ལྷོ་དང་ནུབ་ཀྱི་དབུས་སུ་དཔལ་གནོད་མཛེས་རྒྱལ་པོ་ལ་སོགས་པ་རྡོ་རྗེ་མ་ལ་ཐུག་པ་རྣམས་ཀྱི་དགུ་དང། དེ་བཞིན་དུ་ནུབ? ་དང་བྱང་གི་བར་དུ་འཇིག་རྟེན་དབང་ཕྱུག་ལ་སོགས་པ་སངས་རྒྱས་སྤྱན་ལ་ཐུག་པ་རྣམས་ཀྱི་ལྔ་ཉིད་དང། བྱང་དང་ཤར་གྱི་སྒོ་དག་གི་བར་དུ་མཱ་མ་ཀཱི་ལ་སོགས་པ་མི་བསྐྱོད་པ་ལ་ཐུག་པ་རྣམས་ཀྱི་བུམ་པ་བརྒྱད་དགོད་པར་བྱའོ། །? ་ན་རྣམ་པར་རྒྱལ་བའི་བུམ་པ་དང། སངས་རྒྱས་སྤྱན་ལ་སོགས་པ་བཞི་པོའི་བཞི་དང། ལྷ་ལྷག་མ་རྣམས་ཀྱི་བཞི་དང། ལས་ཐམས་ཅད་པའི་བུམ་པ་དང། བུམ་པ་གང་བ་རྣམས་ཀྱང་བཞག་པར་བྱ་སྟེ། བཅུ་ལས་ཉུང་བར་མི ་བྱའོ་ཞེས་གསུངས་པའི་ཕྱིར་རོ། །དེ་ནས་སྒྲུབ་ཐབས་ལས་བཤད་པའི་ཡོ་བྱད་ལ་སོགས་པ་དང། ཕྱིའི་མཆོད་པ་རྣམས་ཀྱིས་དཀྱིལ་འཁོར་ལ་མཆོད་དེ། རྡོ་རྗེ་སློབ་དཔོན་ཇི་སྐད་བཤད་པའི་རིག་མ་དང་ལྷན་ཅིག་སློབ་མ་གཞུག་པའི་ཆོ ་ག་བཞིན་དུ་ཞུགས་ལ། བཅོམ་ལྡན་འདས་ལས་བུམ་པའི་དབང་དང། གསང་བ་དང། ཤེས་རབ་ཡེ་ཤེས་ཀྱི་དབང་དང། སློབ་དཔོན་དང། རྗེས་སུ་གནང་བ་དང། ལངས་ནས་ལུང་བསྟན་པ་དང། ཏིང་ངེ་འཛིན་བསྒོམ་པ་རྣམས་ཐོབ ་ནས། བདག་པོའི་གནས་སུ་སྣ་ཚོགས་པདྨའི་སྟེང་དུ་གོས་ཀྱིས་གཡོགས་པའི་ཁྲི་ལ་གནས་པས་གདོལ་པའི་བུ་མོ་ལོ་བཅུ་གཉིས་པ། བཞིན་བཟང་མིག་ནི་ཡངས་པ་དང། །རྒྱན་རྣམས་ཐམས་ཅད་དག་གིས་བརྒྱན་།དེ་ཉིད་རིགས ་པ་ལ་རྩོན་པ། །མཱ་མ་ཀཱའི་ཡོན་ཏན་བརྒྱན། །སྒྲུབ་ཐབས་ལས་བཤད་ཆོ་ག་བཞིན། །དྲི་དང་མེ་ཏོག་གིས་ཁྱབ་པར། །བྱས་ན་ལྷ་རྣམས་མཆོད་བྱའི་ཕྱིར། །དེ་ནི་རྣལ་འབྱོར་པས་བསྟེན་བྱ། །དེ་ནས་དེ་ཁོ་ན་བཞིན་དུ་བྱང ་ཆུབ་སེམས་སྤྲོ་བ་དང་བསྡུ་བ་ལས་ཕྱུང་བའི་ཟླ་བའི་དཀྱིལ་འཁོར་དུ། །སྔར་བཤད་བའི་སྙིང་པོ་རྣམས་ཀྱིས་དམ་ཚིག་གི་དཀྱིལ་འཁོར་ཕྲ་མོ་ཕྱུང་ལ། །མཚན་མའི་ནང་ན་གནས་བའི་ལྷའི་གཟུགས་རྣམས་ལ་ཐིམ་པར་བསྒོམས་ཏེ། གནོད ་མཛེས་རྒྱལ་པོ་ཕྱག་ན་ཞགས་པ་དང། ལྕགས་ཀྱུ་ཐོགས་པས་ཡི་གེ་ཛཱའི་མཛའ་ཅན་གྱི་ཡི་གེ་ཧཱུཾ་བཞིས་ཡེ་ཤེས་ཀྱི་འཁོར་ལོ་དཀུག་ནས། ལྷ་སོ་སོའི་ཐུགས་ཀར་གཞུག་པ་སྔོན་དུ་འགྲོ་བ་ཅན་གྱི་ཕུང་པོ་ལ་སོགས་པ་བྱིན་གྱིས་བརླབ ་བ་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པ་ལ་ཐུག་པ་བྱ་སྟེ། སྔ་མ་བཞིན་དུ་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་ཅོད་པན་དང་དར་དབྱངས་ཀྱི་དབང་བསྐུར་བ་རྣམས་ཀྱིས་དབང་བསྐུར་ལ། རྗེས་སུ་མཉེས་པར་བྱ་བའི་རིམ་པས་རྗེས་སུ་མཉེས ་པར་བྱ་སྟེ། སྔ་མ་བཞིན་དུ་དེ་བཞིན་གཤེགས་པའི་ཚོགས་ཀྱི་རྣམ་པ་ཅན་གྱི་བྱང་ཆུབ་ཀྱི་སེམས་བསྡུས་ནས་པདྨར་བཅུག་སྟེ། ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་ཞུ་བར་གྱུར་པ། དེ་བཞིན་གཤེགས་པ་ལ་སོགས་པ་ཐམས་ཅད ་ལ་བཟའ་བའི་ཕྱིར་ཕུལ་ལ། སླར་ལྷ་མོའི་ཚོགས་ཀྱི་གཟུགས་རྣམས་སུ་གྱུར?་སྟེ། དེ་རྣམས་ཀྱི་དཀྱིལ་འཁོར་ལ་བླ་ན་མེད་པ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ། ཡི་གེ་གསུམ་བཟླས་པའི་དྲི་དང་མེ་ཏོག་དང་སྤོས་དང ་མར་མེ་དང་ལྷ་བཤོས་ཀྱང་ཕུལ་ལ། རྡོ་རྗེ་འཆང་མངོན་པར་བཟླས་པཱི་མཆོད་ཡོན་གྱི་དྲིའི་ཆུ་དུང་པོར་ལ་སོགས་པའི་སྣོད་དུ་བླུགས་ལ། །བདུད་ཅིང་བཅས་པའི་ཏིལ་དང་ནས་དང་ཀུ་ཤ་དང་དྲི་ཞིམ་པོ་དཀར་པོ་དང་ལྡན་པ། ལྷ་རྣམས་ལ ་མཆོད་ཡོན་གྱི་སྣོད་དེས་བླུགས་ཤིད་དབུལ་བར་བྱའོ། །དེ་ནས་མཆོད་པ་བྱ་སྟེ། དེ་ལ་ལྷ་རྣམས་རེ་རེ་ཞིང་རས་ཡུག་ཟུད་རེ་འམ་རེ་རེ་འམ། ཐམས་ཅད་ལ་རས་ཡུག་བཟང་པོ་ཁ་ཅིག་ཕུལ་ལ། བླ་རེ་དང། གདུགས་དང། རྒྱལ་མཚན ་དང། བདན་རྣམ་པ་སྣ་ཚོགས་པ་ལ། ཡི་གེ་ཨོཾ་འམ་རྡོ་རྗེ་སེམས་དཔའ་བཟླས་ཏེ་བཛྲ་སཕ་ར་ཎ་ཁཾ་ཞེས་བྱ་བ་འདི་ཡིས་དབུལ་པར་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་མ་གྷ་ས་མུ་ཏྲ་སཕ?་ར་ཎ་ས་མ་ཡེ་ཧཱུཾ། ཞེས་བྱ་བའི ་སྔགས་ཀྱིས་སྔར་མངོན་པར་འདུས་བྱས་པའི་ག་པུར་དང་ཨ་ཀ་རུ་དང་དུ?་རུས་ཀ་ལ་སོགས་པའི་དྲི་ཙནདན་དང་བསྲེས་པ་དང། །མེ་ཏོག་གི་ཤིང་བརྒྱ་འམ། ཤིང་བཞི་དང། མེ་ཏོག་ཐམས་ཅད་དང། སྤས་ཀྱི་སྣོད་སྟོང་དམ་བརྒྱ་འམ་བཅུ ་ལས་ཉུང་བ་མ་ཡིན་པ་དང། མར་ལ་སོགས་པའི་མར་མེའི་གྲངས་འབུམ་འམ་སྟོང་དམ་མར་མེའི་སྣོད་བརྒྱ་འམ་སྣོད་བཞི་དབུལ་བར་བྱ་སྟེ། བཤད་མ་ཐག་པའི་སྔགས་ལ། པུཥཔ། །དྷུ་པ་དཱི་པ་པཱུ་ཛ། ཞེས་བྱ་བ་ལ་སོགས་པ་རེ ་རེ་ཞིང་སྦྱར་བར་བྱའོ། །འབྲུ་ལ་སོགས་པ་ལས་བྱས་པའི་སྭསྟི་ཀ་ལ་སོགས་པ་ཡི་གེ་གསུམ་མངོན་པར་བཟླས་པའི་བཟའ་བ་དང་བཅའ་བ་དང་མྱང་བ་དང་བཞི་པ་པ་དང་མྱོས་པ་དང་བཅས་པ་དང། མྱོས་པ་མེད་པའི་བཏུང་བ་དང། གཏོར་མ ་དང་མཆོད་པ་རྣམ་པ་སྣ་ཚོགས་པའི་གྲངས་སྟོངས་དང། དེ་ཉིད་ཀྱིས་རོལ་ཆ་སྟོང་དམ། པི་བང་དང་དུང་ལ་སོགས་པའི་རོལ་ཆ་བཅུ་དང། ཕྱི་རོལ་གྱི་གར་མཁན་དང། ལག་གདུབ་དང། རྣ་རྒྱན་དང། ཅོད་པན་ལ་སོགས་པ་དང། ་རྟ་དང། གླང་པོ་དང། བ་ལང་གི་ཁྱུ་རབ་ཏུ་བརྟགས་པ་དེ་རྣམས་དང། གོས་དང་བཅས་ཤིང། དྲིལ?་བུ་དང་རྔ་ཡབ་དང་བཅས་པའི་རྟ་བབས་རྣམས་དབུལ་བར་བྱའོ། །དེ་ནས་བ་དན་དཀར་པོ་དང། སྨུག་པོ་དང། སྔོན་པོ་དང། དུད་ཀ་དང ་དམར་པོ་དང། ཁྲ་བོ་དང། སེར་པོ་དང། ལྗང་གུ་དང། བརྒྱད་གོ་རིམ་བཞིན་དུ་དཀྱིལ་འཁོར་ལས་ཕྱི་རོལ་དུ་དབང་པོ་ལ་སོགས་པའི་ཕྱོགས་སུ་བསྒྲང་བར་བྱའོ། །དེ་ནས་ཡང་བླ་ན་མེད་པ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་ཡང ་དག་པར་མཆོད་ནས། མི་བསྐྱོད་རྡོ་རྗེ་ཞེས་བྱ་བ་ལ་སོགས་བས་སྔ་མ་བཞིན་དུ་བསྟོང་བ་བྱ་སྟེ། དེ་འམ་གཞན་གྱིས་བསྟོང་ནས། བཤང?་བ་དང་གཅི་བ་ལ་སོགས་པ་དང་ལྡན་པ། བྱང་ཆུབ་ཀྱི་སེམས་སུ་བསྒྲུབས་པ། དུད་ཆེན་དུ་གླུགས་པ་ཡི་གེ ་གསུམ་གྱིས་མངོན་པར་འདུས་བྱས་པ། འཁོར་ལོའི་དབུས་སུ་བཞག་ལ། དེས་དཀྱིལ་འཁོར་པ་རྣམས་ཡང་དག་པར་ཚིམ་པར་བྱའོ། །དེ་ནས་དབང་པོའི་ཕྱོགས་ནས་བརྩམས་ཏེ། ལྷ་དང་ལྷ་མ་ཡིན་ལ་སོགས་པ་རྣམས་ལ། ངེས་མངོན? ་པར་འདུས་བྱས་པའི་བཟའ་བ་ལ་སོགས་པའི་གཏོར་མ་བྱིན་ལ། ལྷ་རྣམས་ཚིམ་པར་བྱེད་བའི་སྦྱིན་སྲེག་བྱའོ། །དེ་ནས་ཡང་སླར་ཞུགས་ཏེ་ལངས་ནས་ལུང་བསྟན་པ་ལ་ཐུག་པ་སྔ་མ་བཞིན་དུ་རྫོགས་པར་བྱས་ནས། སློབ་མ་རྣམས ་གཞུག་པའི་ཕྱིར། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང། །དེ་བཞིན་ཉིད་ལས་ངེས་པར་སྐྱེས། །བདེན་པ་འདི་ཡིས་དཀྱིལ ་འཁོར་དུ། །སྐྱོན་གྲལ་སློབ་མ་ཐམས་ཅད་ཀྱིས། །གཟུགས་བརྙན་གསང་བར་མཐོང་པར་ཤོག་།ཅེས་བདེན་པའི་བྱིན་གྱིས་བརླབས་བསྒྲགས་པར་བྱའོ། །ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག། ་སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །རྡོ་རྗེ་སེམས་དཔའ་དེར་གྲུབ་མཛད། །ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་གྲུབ་མཛོད། །ཉེས་པ་མི ་མངའ་རྟག་པ་འང་ཁྱོད། །འདོད་ཆགས་ཀུན་གྱིས་རྗེས་ཆགས་པ། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་བདག་གྲུབ་མཛོད། །ཤིན་ཏུ་དག་པ་ཀུན་གྱི་མཆོག་།གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་ ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔའ་བདག་གྲུབ་མཛོད། །དངོས་གྲུབ་ཆེན་པོའི་ཀུན་གྱི་མཆོག་།དབང་ཕྱུག་ཆེན་པོའི་རྒྱལ་མཆོག་དང། །ཤིན་ཏུ་ཁྱད?་འཕགས་རྡོ་རྗེ་ཡིས། །རྡོ་རྗེ་བསྙེམས? ་བདག་བདག་གྲུབ་མཛོད། །སེམས་ཅན་ཀུན་གྱི་ཡིད་ཁྱབ་ཅིང། །སེམས་ཅན་ཀུན་གྱི་སྙིང་ལ་བཞུགས། །སེམས་ཅན་ཀུན་གྱི་ཡབ་གྱུར་ཉིད། །དམ་ཚིག་མཆོག་གི་འདོད་པ་མཆོག་།བདེན་པ་གང་གིས་ཡེ་ཤེས་མཆོག་།ཤེས ་རབ་ཐབས་དག་དཀྱིལ་འཁོར་འགྱུར། །བདེན་པ་དེ་ཡིས་མགོན་ཁྱོད་ཀྱིས། །བདག་གིས་འདོད་པ་ཡོངས་རྫོགས་མཛོད། །ཅེས་བྱ་བས་དམ་ཚིག་གསུམ་གྱིས་གླུའི་མཆོད་པ་དང་གསོལ་བ་གདབ་པར་བྱའོ། །དེ་ནས་སློབ་མའི་ཆོ་ག ་འབྱུང་སྟེ། དམ་ཚིག་དང་སྡོམ་པ་འཛིན་པར་ཁས་བླངས་པ། ཡོན་རབ་ཏུ་ཕུལ་བའི་སློབ་མ་སྔ་མ་བཞིན་དུ་མངོན་པར་འདུས་བྱས་ནས། དེའི་སྙིང་གར་སྙོམས་པར་འཇུག་པས་བཞུགས་པའི་བདེ་བ་ཆེན་པོ་རྣམ་པར་བསམས་ཏེ། ་དེའི་སྦྱོར་བའི་གཡོ་བ་ལས་བྱུང་པའི་ཡི་གེ་ཨཱ་དམར་པོའི་འོད་ཟེར་གྱི་ཕྲེང་བས་ལུས་ཐམས་ཅད་གསལ་བར་བྱས་པར་རྣམ་པར་བསྒོམས་ལ། བདུད་རྩི་ཞེས་པ་བཟླས་པའི་གོས་དམར་པོའི་སྟོད་གཡོགས་དང་སྨད་གཡོགས ་དང་ལྡན་པ། སྒོ་སྲུངས་བཞི་མངོན་པར་བཟླས་པའི་གོས་ཀྱིས་མིག་བཀབ་པ། རང་གི་དབང་བསྐུར་བའི་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པའི་གདོང་གཡོགས་ཉིད་ཀྱིས་ཅོད་པན་བྱས་པ། །ཇི་སྐད་བཤད་པའི་རང་གི ་རིགས་ཀྱི་བུ་མོ་ལག་པ་གཡོན་པས་འཁྱུད་པའི་སྦྱོར་བ་ཁྱད་པར་ཅན་གྱིས་འཛིན་པ་བཅུག་སྟེ། ལས་ཐམས་ཅད་པའི་བུམ་པའི་ཆུས་ཀུན་ཏུ་བསངས་ལ། ཨེ་མའོ་སངས་རྒྱས་ཨེ་མའོ་ཆོས། །ཆོས་བཤད་པའི་ངོ? ་མཚར་ཆེ། །དེ་ཉིད་དོན་ནི་དག་པའི་དོན། །བྱང་ཆུབ་སེམས་ཁྱོད་ལ་ཕྱག་འཚལ། །བདག་མེད་པ་ཡི་ཆོས་ལས་བྱུང། །སངས་རྒྱས་བྱང་ཆུབ་རྫོགས་མཛད་པ། །རྣམ་པར་མི་རྟོག་དམིགས་སུ་མེད། །བྱང་ཆུབ་སེམས་ཁྱོད་ལ་ཕྱག་འཚལ། །ཀུན་ཏུ ་བཟང་པོ་ཐམས་ཅད་དོན། །བྱང་ཆུབ་སེམས་ནི་རབ་སྐོར་བ། །བྱང་ཆུབ་སྤྱོད་པ་རྡོ་རྗེ་ཆེ། །བྱང་ཆུབ་སེམས་ཁྱོད་ལ་ཕྱག་འཚལ། །དེ་བཞིན་གཤེགས་པའི་ཐུགས་དག་པ། །སྐུ་དང་གསུང་ཐུགས་རྡོ་རྗེ་འཛིན། །སངས་རྒྱས་བྱང་ཆུབ་རབ་སྟོན ་དང། བྱང་ཆུབ་སེམས་ཁྱོད་ལ་ཕྱག་འཚལ། །ཞེས་བྱ་བ་འདི་ཕྱག་བཞི་བྱེད་དུ་གཞུག་གོ་།དེ་ནས་ཨཱ་ཁཾ་བི་རཱ?་ཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་མེ་ཏོག་གི་ཕྲེང་བ་ཐལ་མོ་སྦྱོར་བས་འཛིན་དུ་བཅུག་བསྒོ་དྲུང་དུ་བཞག་ལ། ཀྱེ?་རབ་ཏུ་དགའ་བ་འདོད་པ་ཁྱོད ་སུ་ཡིན་ཞེས་དྲི་བར་བྱ་ཞིང། །ངེས་ཀྱང་ཀྱེ་བདེ་བ་ཆེན་པོ་བདག་ནི་བསྐལ་པ་བཟང་པོའོ་ཞེས་བརྗོད་པར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའ་ཨི་བུམ་པའི་ཆུས་བསངས་ཏེ། ཡི་གེ་ལྔ་ཡིས་བཅུག་ལ་འདི་སྐད་བརྗོད་པར་བྱ་སྟེ། དེང་ཁྱོད་དེ ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་པར་གྱུར་གྱིས། དེའི་ཕྱིར་ངས་ཁྱོད་ལ་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོད་པའི་ཡེ་ཤེས་བསྐྱེད ་པར་བྱ་ཡིས། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བའི་མདུན་དུ་བརྗོད་པར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། ཨོཾ་རྡོ་རྗེ་སེམས་དཔའ་རང་ཉིད་ནི། །དེ་རིང་ཁྱོད་ཀྱི་སྙིང་ལ་གནས། །གལ་ཏེ་ཚུལ་འདི་སྨྲ་བ་ན། །སྐད་ཅིག་དེ ་ལ་དྲལ་ནས་གཤེགས། །སྦྱངས་ཤིང་རྟོགས་པར་བྱས་པ་ཉིད། །ཡེ་ཤེས་འབར་པའི་འོད་ཀྱིས་ཁྱབ། །དངོས་གྲུབ་སྒྲུབ་བྱེད་དཀྱིལ་འཁོར་གནས། །དུང་ཆེན་ནང་བླུགས་བདུད་རྩི་ལྔ། །ས་བོན་ལྔ་དང་གསུམ་བཀོད་བ། །བླངས་ཏེ་སློབ་མ ་འཐུང་དུ་གཞུག་།འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ལས་འདས་སྲེག་པར་བྱེད། །དམ་ཚིག་སྲུང་བས་དངོས་གྲུབ་ཐོབ། །འཐུང་ཞིག་རྡོ་རྗེ་བདུད་རྩིའི་ཆུ། །ོཾ་བཛྲ་ཨུ་དཀའ་། །དེང་ཕྱིན་ཆད་ཁྱོད་ཀྱི ་ཕྱག་ན་རྡོ་རྗེ་ང་ཡིན་གྱིས། །ངས་འདི་གྱིས་ཤིག་ཅེས་སྨྲས་པ་གང་ཡིན་པ་དེ་ཁྱོད་ཀྱིས་བྱ་དགོས་ཤིང་ཁྱོད་ཀྱིས་ང་ལ་བརྙས་པར་མི་བྱ་སྟེ། །ཁྱོད་ཉམ་ད་བར་མ་སྤངས་པར་འཆི་བའི་དུས་བྱས་ནས། སེམས་ཅན་དམྱལ་བར་ལྟུང་པར ་འགྱུར་ཏ་རེ། དེ་ནས་བདག་ལ་དེ་བཞིན་གཤེགས་པ་ཐམས་ཅད་བྱིན་གྱིས་བརླབས་པ་དང། །རྡོ་རྗེ་སེམས་དཔའ་དབབ་པར་མཛད་དུ་གསོལ་ཞེས་སྨྲོས་ཤིག་ཅེས་སློབ་མ་སྨྲར་བཅུག་ལ། དེའི་སྙིང་གར་ཧཱུཾ་ལས་བྱུང་བའི་དབང ་ཆེན་གྱི་དཀྱིལ་འཁོར་གྲུ་བཞི་ཁ་དོག་སེར་པོ་རྡོ་རྗེ་རྩེ་གསུམ་པས་མཚན་པ་ལ་གནས་པའི་ཡི་གེ་ཧཱུཾ་དང། མགོ་བོ་བཾ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་ཟླུམ་པོ་ཁ་དོག་དཀར་པོ་བུམ་པས་མཚན་པ་ལ་གནས་པའི་ཡི་གེ་ཧ ་དང། ལྐོག་མར་ཡི་གེ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་ལྟ་བུའི་འོད་ཟེར་གྱི་ཚོགས་འཕྲོ་བའི་རྒྱལ་མཚན་གྱིས་མཚན་པ་ལ་གནས་པའི་ཡི་གེ་ཨ་དང། རྐང་པའི་འོག་ཏུ་ཡི་གེ་རཾ་ལས་བྱུང་བའི་མེའི ་དཀྱིལ་འཁོར་གྲུ་གསུམ་འོད་ཟེར་འབར་བ་ལ་གནས་པའི་ཡི་གེ་ཛཧཻ?་རབ་ཏུ་འབར་བ་རྣམ་པར་བཀོད་ནས། ཧཱུཾ་ཧ། ཨཱ་ཛཧེཾ?་ཞེས་བྱ་བས་བསྐུལ་ཞིང་དབབ་པར་བྱ་སྟེ། ཇི་སྐད་བཤད་པའི་དབང་ཆེན་གྱི་དཀྱིལ་འཁོར་ལ་སོགས་པ་རྣམས ་ལ་གནས་པའི་ཡི་གེ་ཧཱུཾ་ལ་སོགས་པ་ལས་བྱུང་བའི་རྡོ་རྗེ་ལ་སོགས་པ་དེ་དག་ཉིད་ཀྱིས་མཚན་པ་རྣམས་ཡི་གེ་ཛཧཻཾ?་ལས་བྱུང་བའི་མེའི་འོད་ཟེར་རྣམས་ཀྱིས་མངོན་པར་ཁྱད་པར་བསམས་ལ་དབབ་པར་བྱའོ། །བབས་པར ་གྱུར་པའི་ལྕེ་ལ་ཡི་གེ་ཨཱ:དམར་པོ་བསམས་ལ། རྡོ་རྗེ་སྨྲོས་ཤིག་ཅེས་བརྗོད་པར་བྱ་སྟེ། བཟང་དན་ཐམས་ཅད་སྨྲ་བར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་གསུང་ངོ། །ཏིཥྛ་བཛྲ་དྲི་ཌཧོ་མེ་བྷ་བ། ཤཱ་ཤྭ་ཏོ་མེ་བྷ་བ། ཧྲི་ད་ཡཾ་མེ་ཨདྷི ་ཏིཥྛ། །སརྦ་སིདྡྷི་མམེ་པྲ་ཡཙྪ་། ཧཱུཾ་ཧ་ཧ་ཧ་ཧ་ཧོ། ཞེས་བྱ་བ་བརྗོད་པས་དབབ་པ་དེ་ཉིད་བརྟན་པར་བྱ་སྟེ། ཡི་གེ་ལྔ་ཡིས་ཕྲེང་བ་དེ་དཀྱིལ་འཁོར་དུ་སྐྱུར་དུ་བཅུག་ལ། དེ་ཉིད་ཀྱིས་སླར་བླངས་ཏེ་དེའི་མགོ་ལ་བཞག་ནས། སྙིང་གར་ཟླ་བ་ལ་རང ་གི་བདག་པོའི་དད་མིག་ཏུ་ཡི་གེ་ཨོཾ་དང། དཔྲལ་བར་ཡི་གེ་ར་བསམས་ཏེ། ཡི་གེ་ལྔ་ཡིས་གདོང་གཡོགས་བཀྲོལ་ལ། མན་ངག་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་བསྟན་ཞིང། འདི་སྐད་བརྗོད་པར་བྱའོ། །ཀྱེ་རྡོ་རྗེ་ཇི་ལྟར་མིག་སྨན་དག་པས་མཐོང། ། ་དེ་རིང་དཀྱིལ་འཁོར་འདི་ལྟོས་ཤིག་།སངས་རྒྱས་ཆོས་ཀྱི་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་བརླབས་གྱུར། །དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས། །དམ་ཚིག་རྣམས་ཀྱི་མཆོག་ཏུ་འགྱུར། །རྡོ་རྗེ་པད་མཆོག་རོལ་པ་ཡིས། ། ་གསང་སྔགས་ནི་མཉེས་པར་གྱིས། །མི་མཉམ་མེད་པས་གྲུ་བཞི་སྟེ། །དྲན་དང་དབང་པོས་སྒོ་བཞི་ཡིན། །རྟ་བབས་བཞིར་ལྡན་བསམ་གཏན་གྱིས། །ཁྱམས་ནི་ཏིང་ངེ་འཛིན་དུ་བཤད། །ཁ་ཁྱེར་རྟེན་པའི་ལྷ་མོར་ལྡན། །རྡོ་རྗེ་མཆོག ་གི་གཟུངས་རྣམས་ཏེ། །རྒྱན་རྣམས་ཀུན་གྱིས་སྤྲས་པ་ནི། །བསམ་པ་ཐམས་ཅད་རྫོགས་བྱེད་པའོ། །རླུང་བསྐྱོད་བ་དང་དྲིལ་བུ་དང། །སྣ་ཚོགས་མཆོག་གི་སྒྲ་སྒྲོགས་པ། །གདུལ་བྱ་བསྐྱོད་པ་དམ་ཆོས་ཀྱི། །སྣ་ཚོགས་མཆོག་སྒྲས ་ཀུན་ཏུ་ཁྱབ། །མེ་ཏོག་མེ་ལོང་ཡེ་ཤེས་སྟེ། །བྱང་ཆུབ་ཡན་ལག་མེ་ཏོག་ཕྲེང། །དྲ་བ་དྲ་ཕྱེད་རིན་ཆེན་བཟང། །ཉི་མ་ཟླ་བར་ཡང་དག་ལྡན། །དངོས་གྲུབ་མི་བཟད་བདེ་བ་སྟེ། །བདེ་བ་ཆེན་པོ་ཞེས་བཤད་དོ། །དེ་ཡི་ནང་གི་འཁོར་ལོ་ནི། ་དཀྱིལ་འཁོར་བརྒྱད་པའི་རྣམ་པ་སྟེ། །དངོས་གྲུབ་བདེ་བ་ཀུན་སྟེར་བའི། །རྣམ་པར་ཐར་བ་བརྒྱད་པོ་ཡིན། །བྱང་ཆུབ་སེམས་དཔའ་ཨི་ཐེག་ཆེན་གྱིས། །མདོ་ཡི་འཁོར་ལོ་རབ་བསྐོར་བས། །རྡོ་རྗེའི་ཐིག་གིས ་ཡོངས་བསྐོར་དང། །ཀུན་ནས་ཡོངས་སུ་རྫོགས་པ་ཡིན། །འགྲོ་ལ་ཡེ་ཤེས་ཀྱིས་ཆགས་པས། །རྫོགས་སངས་རྒྱས་ལྔ་མཚོན་རྩི་ཡིན། །རང་གི་མཚོན་ཉིད་རབ་དབྱེ་བས། །དབང་པོའི་དོན་ནི་རྣམ་དག་ཕྱིར། །བུམ་པ་རྡོ་རྗེ་ཅན་གྱིས ་སྔོན། །ཡེ་ཤེས་བདུད་རྩི་གསོལ་དེ་ཡིན། །བུམ་པ་གང་བ་ཐུགས་རྗེ་ཡི། །རླན་དང་ཚོགས་རྫོགས་རྒྱུ་མཐུན་ཡིན། །མེ་ཏོག་སྤོས་དང་མར་མེ་དྲི། །དཀྱིལ་འཁོར་ན་ནི་གང་ཡོད་པ། །བྱང་ཆུབ་ཡན་ལག་ཡིད་རབ་ཚིམ་།ཆོས་ཀྱི ་སྒྲོན་མ་གྲགས་པའི་ཆོགས། །ལྷ་བཤོས་ཆོས་ཀྱི་ཟས་ཡིན་ཏེ། །བདེ་བ་ཆེན་པོ་འཕེལ་བྱེད་པའི། །གླུ་དང་གར་དང་རོལ་མོའི་མཆོག་།ངོ་ཚ་ཁྲེལ་ཡོད་སྡོམ་པ་ཡིན། །ཁང་བརྩེགས་ཐར་པའི་གྲོང་ཁྱེར་ཕྱིར། །སྙིང་པོ་བསྡུས་། ་པས་དཀྱིལ་འཁོར་རོ། །ཞེས་བྱ་བ་འདིས་རྒྱུ་དང་འབྲས་བུའི་རང་བཞིན་ཅན་གྱི་དཀྱིལ་འཁོར་བསྟན་ནས། ཡང་ནི་བརྟེན་པའི་འཁོར་ལོ་བསྟན་པར་བྱ་སྟེ། དད་པའི་དབང་པོ་རྣམ་པར་དག་པ་ནི། །འཕགས་པ་གཤིན་རྗེ་མཐར་བྱེད་ཡིན་ཞིང ་སེམས་ཅན་མ་ལུས་པའི་རྒྱུད་ལ་གནས་པའི་འཆི་བདག་གི་བདུད་ཟིལ་གྱིས་གནོན་པར་བྱེད་པའི་རང་བཞིན་ནོ། །དེ་བཞིན་དུ་དྲན་པ་དང་ཏིང་ངེ་འཛིན་དང་བརྩོན་འགྲུས་ཀྱི་དབང་པོ་རྣམ་པར་དག་པ་ནི། འཕགས་པ་གཞན་གྱིས་མི་ཐུབ ་པ་དང་རྟ་མགྲིན་དང། །འཕགས་པ་བདུད་རྩི་ཞེས་བྱ་བ་སྟེ། ཉོན་མོངས་པ་དང། ཕུང་པོ་དང། ལྷའི་བུའི་བདུད་རྣམས་ཟིལ་གྱིས་གནོན་པར་བྱེད་པའི་མཚན་ཉིད་ཅན་གྱི་སྒོ་སྲུངས་རྣམས་སོ། །དེ་བཞིན་དུ་འདོད་པའི་རྒྱལ་པོ་དང། ་དབྱུག་པ་སྔོན་པོ་དང། སྟོབས་པོ་ཆེ་དང། མི་གཡོ་བ་དང། གཙུག་ཏོར་འཁོར་ལོས་སྒྱུར་བ་དང། གནོད་མཛེས་རྒྱལ་པོ་རྣམས་ནི་ཞེ་སྡང་ལ་སོགས་པ་རྣམ་པར་དག་པའི་རང་བཞིན་ནོ། །སའི་སྙིང་པོ་ནི་མིག་གི་སྐྱེ་མཆེད་རྣམ་པར་དག་པའི ་རང་བཞིན་ནོ། །གཟུགས་རྡོ་རྗེ་མ་ནི་ཕྱི་རོལ་གྱི་གཟུགས་རྣམ་པ་གསུམ་རྣམ་པར་དག་པའི་རྣམ་པར་སྣང་མཛད་གྱི་རང་བཞིན་ནོ། །བྱམས་པ་དང་ལྷ་མོ་བྱམས་མ་ནི་བྱམས་པ་མཆོག་རྣམ་པར་དག་པའི་རང་བཞིན་ནོ། །ཕྱག་ན ་རྡོ་རྗེ་ནི་རྣ་བའི་སྐྱེ་མཆེད་རྣམ་པར་དག་པའི་རང་བཞིན་ནོ། །དེ་བཞིན་དུ་སྒྲ་རྡོ་རྗེ་མ་ནི་རིན་ཆེན་དབལ་གྱི་རང་བཞིན་ནོ། །ནམ་མཁའ་ཨི་སྙིང་པོ་ནི་སྣའི་སྐྱེ་མཆེད་དོ། །གྲི་རྡོ་རྗེ་མ་ནི་འོད་དཔག་ཏུ་མེད་པའི་རང་བཞིན་ནོ། །འཇིག་རྟེན་དབང ་ཕྱུག་ནི་ལྕེའི་སྐྱེ་མཆེད་དོ། །རོ་རྡོ་རྗེ་མ་ནི་དོན་ཡོད་པར་གྲུབ་པའི་རང་བཞིན་ནོ། །འཕགས་པ་འཇམ་དཔལ་ནི་ཤེས་རབ་རྣམ་པར་དག་པའི་རང་བཞིན་ནོ། །ལྷ་མོ་སྙིང་རྗེ་ནི་བརྩེ་བ་རྣམ་པར་དག་བའི་རང་བཞིན་ནོ། །སྒྲིབ་པ་ཐམས ་ཅད་རྣམ་པར་སེལ་བ་ནི་ལུས་རྣམ་པར་དག་པའོ། །རེག་བྱ་རྡོ་རྗེ་མ་ནི་རེག་བྱ་རྣམ་པར་དག་པའི་མི་བསྐྱོད་པའི་རང་བཞིན་ནོ། །ཀུན་ཏུ་བཟང་པོ་ནི་ཡིད་རྣམ་པར་དག་པའོ། །ཆོས་ཀྱི་དབྱིངས་རྡོ་རྗེ་མ་ནི་ཆོས་ཐམས་ཅད་རྣམ་པར་དག ་པའི་རང་བཞིན་ནོ། །སངས་རྒྱས་སྤྱན་ནི་ཕྱི་དང་ནང་གི་བདག་ཉིད་ཀྱི་སའི་ཁམས་རྣམ་པར་དག་པའི་རང་བཞིན་ནོ། །དེ་བཞིན་དུ་མཱ་མ་ཀཱི་ཀ་དང། གོས་དཀར་མོ་དང། སྒྲོལ་མ་ནི་ཆུ་དང་མེ་དང་རླུང་རྣམ་པར་དག་པའི་རང་བཞིན་ནོ། ། ་དེ་བཞིན་དུ་རྣམ་པར་སྣང་མཛད་དང། རིན་ཆེན་འབྱུང་ལྡན་དང། །འོད་དཔག་ཏུ་མེད་པ་དང། །དོན་ཡོད་པར་གྲུབ་པ་རྣམས་ནི། །སྟོང་པ་ཉིད་ལ་སོགས་པའི་རྒྱུ་མཐུན་པའི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་བཞིའི་རང་བཞིན་ནོ། ། ་བཅོམ་ལྡན་འདས་ཞེ་སྡང་རྡོ་རྗེ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ལ་སོགས་པ་བཞིའི་རྒྱུ་མཐུན་པའི་ཡེ་ཤེས་ལྔའི་རང་བཞིན་ནོ། །བདེ་བ་ཆེན་པོར་བསྒྲུབ་ཕྱིར། །གང་དུ་ཞུགས་པ་ཙམ་གྱིས་ནི། །དེ་རྣམས ་ཟིལ་གྱིས་མི་ནོན་ཅིང། །ཕྱིར་མི་ལྡོག་དང་རྒྱལ་སྲས་འགྱུར། །དེ་ནས་རྡོ་རྗེ་སློབ་དཔོན་ལ། །ཤིན་ཏུ་ཁྱད་འཕགས་ཡོན་ཕུལ་ནས། །རབ་ཏུ་བཏུད་དེ་ཚིགས་བཅད་འདིས། །དབང་བསྐུར་པར་ནི་གསོལ་བ་གདབ། །བྱང་ཆུབ་རྡོ་རྗེ་སངས ་རྒྱས་ལ། །ཇི་ལྟར་མཆོད་ཆེན་གསོལ་མཛད་པ། །བདག་ལ་བསྲུང་བའི་དོན་གྱི་ཕྱིར། །ནམ་མཁའ་ཨི་རྡོ་རྗེས་དེང་བདག་སྩོལ། །སློབ་མ་རང་བདག་རྣལ་འབྱོར་ལྡན། །འཇུག་པའི་སྒོ་རུ་མངོན་ཕྱོགས་པར། །པདྨ་འདབ་བརྒྱད་སྟེང་དུ་ནི། ། ་རྣམ་སྤྲས་ཁྲི་ལ་བཞག་བྱས་ཏེ། །ལུས་ལ་དཀྱིལ་འཁོར་བཅུག་གྱུར་པ། །ཆོ་ག་འདི་ཡིས་དབང་བསྐུར་བྱ། །དབང་བསྐུར་དུས་སུ་སློབ་དཔོན་གྱིས། །གདུགས་དང་རྒྱལ་མཚན་བ་དན་ཐོགས། །བུམ་པ་རོལ་ཆ་གོས་བཟང་དང། ། ་རྒྱན་རྣམས་བཟང་པོ་དང་ལྡན་ཞིང། །སྔར་བཤད་དབབ་པ་བྱ་བ་ཡིས། །བཀུག་ནས་ཡང་དག་གཤེགས་པ་ཡི། །སངས་རྒྱས་ཀུན་གྱིས་ནམ་མཁའ་ཨི་ཁམས། །ཡོངས་སུ་གང་བར་རྣམ་བསྒོམ་བྱ། །བུམ་པའི་ཆུ་རུ་བདག་པོ་ལྔ། །ལ ་སོགས་ཞུ་བའི་གཟུགས་བཅུག་ལ། །མགྲིན་པ་གོས་རྣམས་བཟང་པོས་བཅིང། །བུམ་པ་སངས་རྒྱས་སྤྱན་སོགས་ཀྱིས། །བཟུང་བ་དེ་ཡིས་བ་སྤུ་ཡི། །བུ་ག་ཀུན་ནས་སངས་རྒྱས་གཞུག་།སྔགས་ཀྱི་ཆིགས་བཅད་འདི་འདོན ་ཅིང།། སློབ་མའི་མགོ་ལ་དབང་བསྐུར་བྱ། །དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཁམས་གསུམ་པས་ནི་ཕྱག་བྱས་ཤིང། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཇི་ལྟ་བ་བཞིན་ཅོད་པན་གྱིས། ། ་དབང་བསྐུར་དེ་ནས་ཤེས་རབ་དང། །རྣལ་འབྱོར་གྱིས་ནི་བརྟན་བྱས་ཏེ། །རིམ་པ་འདི་བཞིན་མཚན་མ་སྦྱིན། །སངས་རྒྱས་ཀུན་གྱི་དེང་ཁྱོད་ཀྱི། །རྡོ་རྗེའི་དབང་གིས་དབང་བསྐུར་འགྱུར། །རབ་ཏུ་གྲུབ་ཕྱིར་སངས་རྒྱས་ཀྱི། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང? ་ཨོཾ་བཛྲ་ཨ་དྷི་པ་ཧི་ཏྭཱཾ?་ཨ་བྷི་ཥིཉྩ་མ་ཏིཥྛ་བཛྲ་ས་མ་ཡ་སྟཱཾ?། ཐོག་མཛའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་བསྙེམས་ཚུལ་བདག་པོའི་བདག་།ཅེས་བྱ་བས་ནི་ཧཱུཾ་ལས་བྱུང་བས་རྡོ་རྗེའོ། ། ་རྒྱལ་བ་བྱང་ཆུབ་མཆོག་བཞེད་པ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱིས། །ཤེས་རབ་སྒྲའི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང། །ཞེས་བྱ་བས་ཡི་གེ་ཨ་ལས་བྱུང་བའི་དྲིལ་བུའོ། །སྲིད་པ་ངོ་བོ་ཉིད་ཀྱིས་བདག་།ངོ་བོ་ཉིད་ཀྱིས་སྲིད་བྲལ ་བྱས། །ངོ་བོ་ཉིད་དག་སེམས་མཆོག་གིས། སྲིད་པ་མཆོག་ཏུ་བྱེད་པར་འགྱུར། །ཞེས་བྱ་བས་དེ་དཀྲོལ་དུ་གཞུག་གོ་།སྲིད་པའི་བདེ་བ་ཤིན་ཏུ་ཆུང། །སྡུག་བསྔལ་ཆེན་པོ་དག་བྱའི་ཕྱིར། །ཤིན་ཏུ་བདེ་བའི་ཐབས་དམ་པ། །དམ་ཚིག་འདི་ནི་རྟག་ཏུ ་བསྐྱེད། །འདོད་པའི་ལོངས་སྤྱོད་ཐམས་ཅད་ནི། །ཇི་བདེ་བ་རུ་བསྟེན་བྱ་ཞིང། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ཉིད་མཆོད་པར་བྱ། །ཇི་སྲིད་འཁོར་བའི་གནས་སུ་ནི། །མཁས་མཆོག་རྣམས་ནི་འདུག་འགྱུར་བ། །དེ་སྲིད་མཚུངས ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །ཐབས་དང་ཤེས་རབ་ཕ་རོལ་ཕྱིན། །བསོད་ནམས་ཚོགས་ནི་སྒྲུབ་བྱེད་ཅིང། །དངོས་གྲུབ་ཀུན་གྱི་དབང་ཕྱུག་གྱུར། །གྲུབ་པས་སེམས་ཅན་དོན་བརྟན་བྱ། །ཡིད་ཀྱི་གཟུགས་ནི་བསྙན་ཉིད ་ཕྱིར། །ཕྱག་རྒྱ་དམ་ཚིག་ཞེས་བྱར་བརྗོད། །གང་གི་གཟུགས་ཀུན་བརྟན་གྱུར་པ། །དེས་ནི་ཕྱག་རྒྱར་རབ་ཏུ་བསྒྲགས། །ཞེས་བྱ་པ་ནི་དམ་ཚིག་གོ་།དེ་ལྟར་དམ་ཚིག་གསུམ་ཕོག་ནས། །ོཾ་བཛྲ་ཨ་དྷི་བ་ཏི་སྟཝཾ། ཨ་བྷི་ཥཉྩི་མི། བཛྲ་ནཱ་མ ་ཨ་བྷི་ཥེ་ཀ་ཏ། ཀྱེ་དཔལ་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བའི་སྒྲ་དང་བཅས་པའི་མིང་གདགས་པར་བྱ་སྟེ། དེ་ནི་མིང་གིས་དབང་བསྐུར་བའོ། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ ་སེམས་དཔའ་ཨི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང། །ཞེས་བྱ་པས་རྡོ་རྗེའི་བརྟུལ་ཞུགས་ཕོག་པ་སྟེ། །ོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷཡ་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ཏྭཱཾ་དྷཱ་ར་ཡཱ་མི། ཧི་ཧི་ཧི་ཧི་ཧཾ་ཧཱུཾ་ཞེས་བྱ་བ་བརྗོད་ཅིང། །སློབ་མ ་འཛིན་དུ་བཅུག་སྟེ། དྲི་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་བཞག་པར་བྱའོ། །དེ་ལྟ་བུ་ནི་བུམ་པ་ཞེས་བྱ་བའི་མིང་གིས་བསྡུས་པ་ཕྱིའི་དཀྱིལ་འཁོར་གྱི་དབང་བསྐུར་བ་སྟེ། ལེའུ་བཅོ་བརྒྱད་པ་ལས། བུམ་པའི་དབང ་ནི་དང་པོ་སྟེ། གསང་བའི་དབང་བསྐུར་གཉིས་པ་ཡིན། །ཤེས་རབ་ཡེ་ཤེས་གསུམ་པ་སྟེ། ཞེས་བྱ་བ་ལ་སོགས་པ་བསྟན་པའི་ཕྱིར་རོ། །དེ་ནས་གནས་དབེན་པར་སློབ་མས་སྔགས་དང་རྒྱུད་ལ་ལེགས་པར་བསླབས་པ། བཞིན་བཟང ་ཞིང་མིག་ཡངས་པ། དེ་ཁོ་ན་ཉིད་ཀྱི་རིག་པ་ལ་བརྩོན་པ། དམ་ཚིག་སྲུང་བ་ལྷུར་ལེན་པ། །བདེ་བའི་ཡོ་བྱད་ཐམས་ཅད་དང་ལྡན་པའི་རང་གི་རིགས་ཀྱི་བུ་མོ། །རྡོ་རྗེ་སློབ་དཔོན་ལ་རབ་ཏུ་དབུལ་བར་བྱའོ། །དེ་ནས་གཡོན་ལོགས ་ན་གནས་པ་དེ་དང་ལྷན་ཅིག་འདུག་པའི་བླ་མ་ལའོ་མ་དང་མར་མེའི་མཆོད་པ་རྣམས་དང། དྲི་དང་ཕྲེང་བ་ལ་སོགས་པ་ཕྱི་རོལ་གྱི་མཆོད་པ་རྒྱ་ཆེན་པོ་རྣམས་དང། བླ་ན་མེད་པའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ། ་པུས་མོ་གཡས་པའི་ལྷ་པས་ཁ་བཙུགས་ཏེ། དེ་ནས་ཐལ་མོ་སྦྱར་བ་ཡིས། །སློབ་དཔོན་ཆེ་ལ་གསོལ་བ་གདབ། །ཁྱེད་ཀྱི་ཞལ་ལྔའི་བཀའ་དྲིན་གྱིས། །བདག་གིས་བྱ་བ་བླ་མེད་ཤེས། །དེ་རིང་དབང་བསྐུར་རིན ་ཆེན་གྱིས། །མགོན་པོ་བརྩེ་བ་མཛད་དུ་གསོལ། །ཇི་ལྟར་དཔལ་མགོན་བདེ་ཆེན་གྱིས། །དཔལ་ལྡན་རྡོ་རྗེ་ཆོས་ལ་ནི། །དེ་ཉིད་དག་པ་ཞེས་བྱད་བཤད། །དེ་བཞིན་མགོན་པོས་བདག་ལ་སྩོལ། །སྡུག་བསྔལ་ཀུན་གྱི་གནས་འགྱུར་བདག་། ་གཙོ་བོས་དམྱལ་བ་ལས་གདོན་སྩོལ། །མགོན་མེད་པ་ལ་སྡུག་བསྔལ་ཀུན། །གཅོད་བྱེད་པ་ཡི་ཐུགས་རྗེ་མཛོད། །ཁྱོད་ཞབས་པདྨ་མ་གཏོགས་པར། །གཙོ་བོ་བདག་ལ་སྐྱབས་གཞན་མེད། །དེ་བས་ཐུབ་ཆེན་སངས་རྒྱས་མཆོག་། ་འགྲོ་བའི་དཔའ་བོས་བཀའ་དྲིན་གསོན། །དེ་ལྟར་གསོལ་བཏབ་ཆོ་ག་བཟང། །དམ་པ་ཐོབ་པར་གྱུར་ནས་ནི། །བླ་མ་ཡོན་ཏན་རྒྱ་མཚོ་ཡིས། །སྙིང་རྗེ་སློབ་མ་ལ་བསྐྱེད་དེ། །བཞིན་ནི་རབ་ཏུ་འཛུམ་བྱས་ནས། །བརྩེ་ལྡན་རབ་ཏུ ་དགའ་གྱུར་པས། །གསང་བ་ལས་ཀྱང་ཆོས?་གསང་མཆོག་།སྡོམ་པ་བཟང་པོ་བསྒྲག་པར་བྱ། །བུ་ཁྱོད་ཀྱིས་ནི་སྲོག་ཆགས་བསད། །རྫུན་པའི་ཚིག་ཀྱང་སྨྲ་བར་བྱ། །ཁྱོད་ཀྱིས་མ་བྱིན་བླང་བྱ་སྟེ། །བུད་མེད་ཀྱང་ནི་བསྟེན་པར་བྱ། ། ་སེམས་ཀྱི་སྡོམ་པ་མཆོག་གྱུར་པ། །བཟང་པོ་ཁྱོད་ཀྱིས་བསུང་པར་བྱ། །བཤད་དང་གཅི་བ་ཤ་དང་ཁྲག་།རྣམ་པ་སེམས་ལས་བྱུང་བ་དང། །རྟ་ཁྱི་གླང་པོ་བ་ལང་ཤ། སྦྱང་བ་ལ་སོགས་ཆོ་ག་ཡིས། །ཁྱོད་ཀྱིས་རྟག་ཏུ་བཟའ་ ་བྱ་སྟེ།། དམ་ཚིག་འདེ་ནི་ངོ་མཚར་ཆེ། །དེ་ནས་བསྒོམ་པ་ཀུན་ཏུ་བཏགས་པའི་སྔར་བཤད་པའི་དཀྱིལ་འཁོར་ཉིད་དུ། །ལྷ་མ་ལུས་པའི་འཁོར་ལོའི་དབུས་ན་འདུག་པའི་སློབ་དཔོན་རྡོ་རྗེ་འཆང་ཆེན་པོའི་ང་རྒྱལ་དང་ལྡན་པས། །རང་གི ་རིག་མའི་པདྨར་བདུད་རྩི་ལྔ་བཅུག་སྟེ། ཇི་སྐད་བཤད་པའི་མན་ངག་གིས་དེ་དང་ཡང་དག་པར་སྦྱོར་བ་དང་ལྡན་པས་རང་གི་ལྷག་པའི་ལྷ་ཡང་དག་པར་དབང་བསྐུར་པར་གྱུར་པ་ཕྱུང་ལ། དེ་འགྲོ་བ་རྣམས་ཀྱི་དོན་བྱེད་དུ་བཅུག་སྟེ། དེ ་བཀུག་ནས་རང་གི་ལུས་ལ་བཅུག་སྟེ། དེའི་རྣམ་པར་གྱུར་ནས་སློབ་མ་ཡང་དེའི་རང་བཞིན་དང་ལྡན་ཞིང་ཕུང་པོ་ལ་སོགས་པ་བྱིན་གྱིས་བརླབས་པ། རང་གི་ལྷ་མོ་ལ་སོགས་དང་ཡང་དག་པར་ལྡན་པར་བསམས་ལ?་གེ་བ ་སྤུའི་བུ་གའི་གསེབ་ནས་བྱུང་བའི་འོད་ཟེར་གྱི་ལྕགས་ཀྱུའི་ཆོགས་རྣམས་ཀྱིས། །ནམ་མཁའ་ཨི་དབྱིངས་མ་ལུས་པར་ཁྱབ་པའི་དེ་བཞིན་གཤེགས་པ་རྣམས་བསྡུས་ཏེ། རང་གི་སྐུ་དང་གསུང་དང་ཐུགས་རྣམས་ལ་བཅུག་ནས། ལས་ལ་གནས ་པར་བྱ་སྟེ། རང་གི་སྙིང་པོས་དེ་བཞིན་གཤེགས་པ་རྣམས་ཡང་དག་པར་བསྐུལ་ལ། མཆོག་ཏུ་དགའ་བའི་གནས་སྐབས་སུ་ཞུ་བར་གྱུར་པ་ཉིད་སློབ་མའི་ཁ་རུ་བླུགས་པར་བྱ་ཞིང། དེས་ཀྱང་ཨེ་མའོ་བདེའོ་ཞེས་བརྗོད་ལ། སེམས ་ལས་བྱུང་བ་མེད་པར་བྱའོ། །དེ་ནི་རྡོ་རྗེ་ཅན་ཀུན་གྱི། །དབང་བསྐུར་གོ་འཕང་མ་ཆོག་ཡིན་ཏེ། །རྡོ་རྗེ་ཅན་ནི་ཐམས་ཅད་དང། །ལས་མཆོག་ཚོགས་རྣམས་འགྲུབ་པར་འགྱུར། །དེ་ནི་གསང་བའི་དབང་བསྐུར་བའོ། །དེ་ནས་སེམས་བྱུང ་མེ་ཏོག་བཅས། །པདྨ་ལ་གནས་བླངས་ནས་ནི། །བཤད་གཅི་ཤ་དང་ཡང་དག་ལྡན། །མིའི་ཉ་ཕྱིས་ནང་བླུགས་ཏེ། །མཆོད་ཕྱིར་རང་གི་ཁ་དང་ནི། །རིག་མའི་ཁ་རུ་བླུགས་པར་བྱ། །དེ་ནས་ཤེས་རབ་དད་ལ་སོགས་དང་ལྡན། ། ་གཟུགས་བཟང་སྒྲུབ་པོ་ཡིད་དུ་འོང། །རྣལ་འབྱོར་འགའ་ཞིག་གོམས་བྱམས་པ། །དམ་ཚིག་ཤེས་པའི་རྣལ་འབྱོར་མ། །དེ་འམ་གཞན་པའི་སྒྲུབ་པ་པོས། །བླ་མ་ལ་ནི་ཡོན་དུ་དབུལ། །མེ་ཏོག་ལ་སོགས་དམ་ཚིག་ལྡན།། ་སངས་རྒྱས་རྣམས་ཀྱིས་བྱིན་བརླབས་པ། །བླ་མས་བྱིན་གྱིས་བརླབས་ནས་ནི། །སྒྲུབ་པ་པོ་ལ་སྦྱིན་པར་བྱ། །དེ་དང་སྙོམས་འཇུག་སློབ་མ་ནི། །རྡོར་འཛིན་གཉིས་པ་ལྟ་བུ་ལ། །མཆོད་པ་བླ་ན་མེད་པ་དང། །ཕྱི་རོལ ་མཆོད་པ་རྣམས་དང་ནི། །བཀྲ་ཤིས་འདོན་པའི་སྒྲ་རྣམས་དང། །རོལ་མོའི་སྒྲ་ནི་སྣ་ཚོགས་དང། །རྔ་ཡབ་གདུགས་དང་རྒྱལ་མཚན་སོགས། །ཙན་དན་མེ་ཏོག་ཕྲེང་སོགས་མཆོད། །ཤེས་རབ་ཡེ་ཤེས་དབང་བསྐུར་ལ། །ཀུན་ཏུ་བརྟན ་པར་བཞག་བྱས་ཏེ། །དད་པས་ཐལ་མོ་སྦྱར་བ་ལ། །ཆོ་ག་འདི་ཡིས་དབང་བསྐུར་བྱ། །དེ་ལ་སངས་རྒྱས་སྤྱན་དང་ཡང་དག་པར་ལྡན་པའི་གཏི་མུག་རྡོ་རྗེའི་རྣལ་འབྱོར་དང་ལྡན་པའི་སློབ་དཔོན་གྱིས། །སློབ་མ་ཡང་དེའི་རྣལ་འབྱོར་དང་ལྡན ་པར་བྱེད་དུ་བཅུག་སྟེ། རང་གི་ཏིང་ངེ་འཛིན་ལས་རྣམ་པར་སྣང་མཛད་དང་སྙོམས་པར་ཞུགས་པའི་སངས་རྒྱས་སྤྱན་གྱི་ཚོགས། །ཕྱག་ན་བྱང་ཆུབ་ཀྱི་སེམས་ཁ་དོག་དཀར་པོས་ཡོངས་སུ་གང་བར་གྱུར་པའི་བུམ་པ་ཟླ་བའི་འོད་ཟེར ་ལྟ་བུ་ཐོགས་པ་ཡང་དག་པར་སྤྲོས་ལ། དེ་རྣམས་ཀྱིས་དབང་བསྐུར་ཏེ། སྙོམས་པར་འཇུག་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་དཀར་པོས་ཀྱང་དབང་བསྐུར་བ་བྱིན་ལ། སྐུ་རྡོ་རྗེ་དང་སངས་རྒྱས་སྤྱན་གྱི་ཚོགས་དེ་རྣམས་ཐམས ་ཅད་བདེ་བ་ཆེན་པོ་ཉམས་སུ་མྱོང་བའི་གཞན་གྱི་དབང་གིས། །མར་གྱི་བུམ་པ་བཞིན་དུ་ཞུ་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་གྱུར་པ། །སློབ་མའི་ལུས་ལ་བཅུག་སྟེ། དེ་ཡང་བདེ་བ་ཆེན་པོའི་རང་བཞིན་ཅན་གྱི་ལྷའི་ལུས་སུ་བསམ་པར་བྱའོ།། ་དེའི་དོན་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། གཏི་མུག་དགའ་མ་དང་ལྡན་པའི། །གཏི་མུག་རྣལ་འབྱོར་གྱིས་རྨོངས་ལ། །གཏི་མུག་རྒྱུན་གྱིས་དབང་བསྐུར་བས། །རང་ཉིད་གཏི་མུག་རྡོ་རྗེར་འགྱུར། །དེ་བཞིན་དུ། ཞེ་སྡང་དགའ་མ་དང་ལྡན་པའི། །ཞེ ་སྡང་སྦྱོར་པས་སྡང་བ་ལ། །ཞེ་སྡང་རྒྱུན་གྱིས་དབང་བསྐུར་བས། །རང་ཉིད་ཞེ་སྡང་རྡོ་རྗེར་འགྱུར། །འདོད་ཆགས་དགའ་མ་དང་ལྡན་པའི། །ཆགས་བདག་སྦྱོར་བས་ཆགས་ཅན་ལ། །འདོད་ཆགས་རྒྱུན་གྱིས་དབང་བསྐུར་བས། །རང་ཉིད་འདོད ་ཆགས་རྡོ་རྗེར་འགྱུར། །རྡོ་རྗེ་དགའ་མ་དང་ལྡན་པའི། །ཤེས་རབ་ཡེ་ཤེས་རྣལ་འབྱོར་གྱིས། །ཡེ་ཤེས་རྒྱུན་གྱིས་དབང་བསྐུར་བས། །རང་ཉིད་ཤེས་རབ་ཡེ་ཤེས་འགྱུར། །བྱང་ཆུབ་སེམས་ཀྱི་རྒྱུན་རྣམས་ནི་རང་གི ་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་མདོག་དང་རྗེས་སུ་མཐུན་པར་བལྟ་བར་བྱ་སྟེ། དེ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ། །དེ་བཞིན་གཤེགས་རྣམས་དབང་བཞག་སྟེ། །དེ་ཚེ་བླ་མས་རིག་མ་དེའི། །ལག་བཟུང་ནས་ནི་དེ་ལྟ་བུའི ་སྒྲུབ་པ་པོའི་ལག་ཏུ་གཏང། །བྱང་ཆུབ་ཆེན་པོའི་སྒྲུབ་པའི་ཕྱིར། །འདི་ནས་བརྩམས་ཏེ་དམ་ཚིག་གི་།བུ་མོ་སྒྲུབ་པ་པོ་ལ་གཏང། །དེ་བཞིན་གཤེགས་རྣམས་མཁྱེན་པར་མཛོད། །དེ་ནས་དེ་ལ་འདི་སྐད་བརྗོད་པར་བྱའོ། །དབུས་ནས ་རྡོ་རྗེ་སློབ་དཔོན་གྱིས། །མགོ་སློབ་མ་ཡི་ལག་གཏད་དེ། །ཡིད་དུ་འོང་བའི་གཟུགས་འདི་ནི། །ཁྱོད་ཀྱིས་རྟག་ཏུ་བརྟེན་པར་བྱ། །ཐབས་གཞན་གྱིས་ནི་སངས་རྒྱས་མིན། །དེ་ཕྱིར་རིག་མ་འདི་མཆོག་ཡིན། །གཉིས་ཀྱི་དངོས་པོར ་སྣང་བ་ཡི། །ཆོས་རྣམས་ཐམས་ཅད་གཉིས་སུ་མེད། །དེ་ཕྱིར་རྟག་ཏུ་ཁྱོད་ཀྱིས་ནི། །འཁོར་བ་སྤང་བར་མི་བྱའོ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདའ་བྱེད ་པ། །དེ་ཡིས་དངོས་གྲུབ་མཆོག་གི་མིན། །ཡི་གེའི་ཕྱག་རྒྱའི་རྒྱུད་ཀུན་ཏུ། །སྦས་པ་གང་དག་ཇི་སྙེད་པ། །དེ་ནས་བརྩམས་ཏེ་དེ་ཡིས་ནི། །དེ་ལ་གསང་མཆོག་བཤད་པར་བྱ། །ཡང་ཇི་ལྟ་བ་བཞིན་དུ་རང་གི་བདག་པོའི ་སངས་རྒྱས་ཀྱི་ང་རྒྱལ་དང་ལྡན་པས། སེམས་ཅན་ཀུན་ལ་ཕན་བྱའི་ཕྱིར། །རྟག་ཏུ་འཇིག་རྟེན་ཐམས་ཅད་དུ། །ཇི་ལྟར་འདུལ་བའི་སྒོ་ནས་ནི། །ཆོས་ཀྱི་འཁོར་ལོ་སྣ་ཚོགས་བསྐོར། །དེ་བཞིན་དུ་ནོར་བུ་དང་པདྨ་དང་འཁོར ་ལོ་བསྐོར་ཞེས་བྱ་བའི་ཚིགས་སུ་བཅད་པ་ལྔས་རྗེས་སུ་གནང་བ་བྱིན་ཏེ། ལངས་ལ་སྙིང་གང་གཡོན་པའི་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་ཆོས་གོས་ཀྱི་དབུས་ནས་གཟུང་བ་དང། གཡས་པས་མཆོད་སྦྱིན་གྱི་ཚུལ་དུ་བྱས་ཤིང་སངས་རྒྱས་ཐམས ་ཅད་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་དང་ལྡན་པ། །རྡོ་རྗེ་མིང་གིས་དབང་སྐུར་བའི་སྒོ་ནས་ལུང་བསྟན་པར་བྱ་སྟེ། ཨོཾ་ངན་འགྲོ་སྲིད་པ་ལས་བཏོན་ནས། །སྲིད་པ་མཆོག་ནི་གྲུབ་བྱའི་ཕྱིར། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ང་ཡིས ་ཁྱོད་ནི་ལུང་བསྟན་ནོ། །ཀྱེ་རྡོ་རྗེ་དེ་བཞིན་གཤེགས་པ་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བ་སིདྡྷཡ་ས་མ་ཡ་སྟཝཾ་བྷུར་བྷུ་བ་སྭཱ། ལངས་ཏེ་མཆོག་ཏུ་གསང་བའི་ཆོ་ག་འདི། །གང་ལ་ལུང་བསྟན་པ་བྱས་པའི་དེ་བཞིན་གཤེགས་པ་ཐམས་ཅད ་ཀྱི་རང་གི་དམ་ཚིག་གི་སློབ་དཔོན་དེ་ལ། དེ་བཞིན་གཤེགས་པ་ཐམས་ཅད་དང་རྡོ་རྗེ་འཆང་བྱང་ཆུབ་སེམས་དཔའ་ཨི་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་ཐམས་ཅད་གསུང་གཅིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་ཏུ་ལུང་སྟོན་པར་མཛད་དེ། གང་གི་ཕྱིར་ལངས་པའི་ཕྱག་རྒྱ་ཆེན་པོ་འདི་ཡི་མཆོག་ཏུ་གསང་བའི་དངོས་གྲུབ་མཆོག་གི་བྱིན་རླབས་དང། སྔགས་འདི་ཡི་མཐུ་ཡིན་པ་དེའི་ཕྱིར་དང་པར་བྱའོ་ཞེས་སློབ་མ་རྣམས་ལ་བརྗོད ་པར་བྱའོ། །དེ་ནས་གསང་བ་བརྗོད་པར་བྱ་སྟེ། ཆགས་བྲལ་སྡིག་པ་དང་མཚུངས་པ། །ཁམས་གསུམ་དག་ན་གཞན་མེད་དེ། དེ་བཞིན་འདོད་ལས་ཆགས་བྲལ་བར། །ཁྱོད་ཀྱིས་ཀྱང་ནི་མི་བྱའོ། །མཧཱ་ས་མ་ཡ་ཧ་ན་ཕཊ། ་དེའི་རྗེས་ལ། མཁས་པས་ལག་པ་གཡོན་པ་ཡི། །གཡས་པའི་མཐེ་བོང་ནས་བཟུང་སྟེ། །སློབ་མ་གཙོ་བོ་ལ་དམིགས་ནས། །མར་གྱི་བསྲེག་ལུགས་བརྒྱ་ཕུལ་ལ། །མར་དང་སྤྲང་རྩི་ཞོ་བསྲེས་པའི། །ཏིལ་གྱི་བསྲེག ་རྫས་བརྒྱ་ཕུལ་ཏེ། །ཀུན་བྱེད་རིགས་ཀྱི་རིག་སྔགས་ཀྱིས། །སྙིང་ག་རུ་ནི་རེག་བྱས་ལ། ། བདུད་རྩི་འཁྱིལ་པའི་སྔགས་བཟླས་པའི། །ལག་པ་ལ་ནི་གདུ་བུ་དང། །མགོ་ལ་གདུགས་ནི་ཐོགས་པ་དང། །སྐོར ་བ་བྱེད་དུ་བཅུག་ནས་ནི། །དཀྱིལ་འཁོར་སྒོ་རུ་ཐལ་སྤྱར་བ། །གདུགས་དང་བཅས་པར་བསྙལ་བྱ་སྟེ། །ཕུལ་བར་གྱུར་པའི་སློབ་མ་འདི། །གསང་སྔགས་འཛིན་པ་ཉིད་དུ་འགྱུར། །གདུགས་འཇོག་བཅུག་ནས་སློབ་དཔོན་གྱིས། ། ་དེ་ལ་སྙིང་ལ་བབ་པ་རྗོད། །ད་ནི་དཀྱིལ་འཁོར་སློབ་དཔོན་དང། །གསང་སྔགས་རྒྱུད་ཀྱང་འཛིན་པར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང། །ལྷ་རྣམས་ཀྱི་ཡང་ཐུགས་སུ་བྱོན། །སེམས་ཅན་རྣམས་ལ་སྙིང་བརྩེའི ་ཕྱིར། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །རབ་ཏུ་འབད་དེ་བྲི་བར་བྱ། །སྒྲུབ་པ་པོ་ཡང་རྒྱུད་ལ་སྦྱོར། །དེ་ནས་མན་ངག་ཇི་ལྟ་བ་བཞིན་དུ་བྱིན་ལ། །དྲང་བའི་དོན་ལ་སོགས་པའི་དགོངས་པའི་གནས་རྣམས་བཤད་པར ་བྱའོ། །དེ་ནས་ཇི་ལྟར་ཞུགས་པ་རྣམས་ལ་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པ་ལ་སོགས་པའི་དབུགས་དབྱུང་བ་སྦྱིན་པར་བྱ་སྟེ། གསང་བའི་དཀྱིལ་འཁོར་མཆོག་དམ་པར། །ཞུགས་པ་དང་ནི་མཐོང་གྱུར་པས། ། ་སྡིག་པ་ཀུན་ལས་ངེས་གྲོལ་ཞིང། །ཁྱེད་རྣམས་དེ་ཉིད་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ཡིས་ནི། །ཁྱེད་ལ་སླར་མཆི་ཡོད་མིན་ཏེ། །མི་ཚུགས་པ་དང་མི་བསོད་པས། །ཅིས་ཀྱང་མི་འཇིགས་དགའ་བར་བགྱི། ། ་སྲིད་པ་ཤིན་ཏུ་དག་བྱའི་ཕྱིར། །སྲིད་པའི་སྡུག་བསྔལ་དག་ལས་བཏོན། །སྲིད་པའི་མཆོག་ནི་བསྒྲུབ་པའི་ཕྱིར། །སྟོན་པ་མཆོག་ཏུ་གྱུར་པ་ཡིན། །དམ་ཚིག་སྡོམ་པ་གྲུབ་འདི་དང། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། ་དམ་པ་བརྟག་པའི་དཀའ་ཡང་ནི། །ཁྱེད་ཀྱི་རྟག་ཏུ་བསྲུང་བར་བྱ། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་དོགས་མེད་ཅིང། །རྡོ་རྗེ་ཞེས་པའི་ཕྱག་རྒྱ་གང། །བྱང་ཆུབ་སེམས་ཀྱང་གཏང་མི་བྱ། །དམ་ཆོས་སྨད་པར་མི་བྱ་ཞིང། ། ་ནམ་ཡང་དོར་བར་མི་བྱའོ། །མི་ཤེས་པ་འམ་རྨོངས་པ་ཡིས། །དེ་ནི་རྣམ་པར་དབྱེ་མི་བྱ། །བདག་ཉིད་ཡོངས་སུ་སྤངས་ནས་སུ། །དཀའ་ཐུབ་ཀྱིས་ཀྱང་གདུང་མི་བྱ། །ཇི་བདེ་བར་ནི་བདེ་བ་གཟུང། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །རྡོ ་རྗེ་དྲིལ་བུ་ཕྱག་རྒྱ་ནི། །ནམ་ཡང་དོར་བར་མི་བྱའོ། །སློབ་དཔོན་བརྙས་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །སངས་རྒྱས་ཀུན་མཚུངས་བླ་མ་ཡི། །སློབ་དཔོན་ལ་ནི་གང་སྨོད་པ། །དེ་ནི་སངས་རྒྱས་ཀུན་སྨད་པས། །རྟག་ཏུ ་སྡུག་བསྔལ་ཐོབ་འགྱུར་ཏེ། །རིམས་དང་དུག་དང་དབྱིག་དུག་ནད། །མཁའ་འགྲོ་མ་རྣམས་འཚེ་དད་དོན། །བགེགས་དང་ལོག་འདྲེན་གཏུམ་པོ་ཡིས། །བསང་ནས་སེམས་ཅན་དམྱལ་བར་འགྲོ། །དེ་བས་འབད་པ་ཐམས་ཅད་ཀྱིས། ། ་རྡོ་རྗེ་སློབ?་དབོན་བློ་གྲོས་ཆེ། །དགེ་མཆོག་རབ་ཏུ་མི་སྒྱོམས?་པ། །ནམ་ཡང་སྨད་པར་མི་བྱའོ། །བླ་མ་ལ་ནི་གུས་བཅས་ཡོན། །རྗེས་མཐུན་ཁྱོད་ཀྱིས་དབུལ་བར་བྱ། །དེས་ནི་རིམ་སོགས་གནོད་པ་རྣམས། །སླར་ཡང་འབྱུང་བར་མི་འགྱུར་རོ།། ་རང་གི་དམ་ཚིག་སློབ་དཔོན་ནི། །སྦྱིན་མེན་བུ་དང་ཆུང་མ་དང། །རང་སྲོག་གིས་ཀྱང་བསྟོན་བྱ་ན། །ལོངས་སྤྱོད་གཡོ་བ་སྨོས་ཅི་དགོས། །གད་ཕྱིར་བསྐལ་པ་གྲངས་མེད་པ། །བྱེ་བས་ཤིན་ཏུ་རྙེད་དཀའ་བའི། །སངས་རྒྱས་ཉིད་ནི་བརྩོ་ན ་ལྡན་པ། །ཚེ་འདི་ཉིད་ལ་སྟེར་བར་བྱེད། །རྟག་ཏུ་རང་གི་དམ་ཚིག་བསྲུང། །རྟག་ཏུ་དེ་བཞིན་གཤེགས་རྣམས་མཆོད། །རྟག་ཏུ་བླ་མ་ལ་ཡང་དབུལ། །དེ་ནི་སངས་རྒྱས་ཀུན་དང་འདྲ། །དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་བྱིན་པ་ཉིད་དུ ་འགྱུར། །དེ་བྱིན་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །གང་ཕྱིར་འདིར་ནི་ལེགས་གནས་པས། །དེར་ཁྱེད་སྐྱེ་བ་འབྲས་བུར་བཅས། །ལྷ་དང་དམ་ཚིག་གས་མཉམ་པར། །ཁྱེད་རྣམས ་གྱུར་པར་ཐེ་ཚོམ་མེད། །སངས་རྒྱས་རྡོ་རྗེ་འཛིན་བཅས་པ། །ཀུན་གྱིས་དེད་ཁྱོད་དབང་བསྐུར་ཏེ། །ཁམས་གསུམ་རྒྱལ་སྲིད་ཆེན་པོ་ལ། །དབང་བྱེད་རྒྱལ་པོར་གནས་པར་གྱུར། །དེང་ནི་བདུད་ལས་རྣམ་རྒྱལ་ཏེ། །གྲོང་ཁྱེར་མཆོག ་ཏུ་རབ་ཏུ་ཞུགས། །དེད་ནི་ཁྱོད་ཀྱིས་སངས་རྒྱས་ཉིད། །ཐོབ་པ་འདི་ལ་ཐེ་ཚོམ་མེད། །དེ་བས་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་གྱིས། །རང་གི་དམ་ཚིག་མི་བཟང་བདེ་སྐྱེད་བསྟེན་པར་གྱིས། །དེང་ནི་བདེ་བ་ཆུང་ལྡན་འགྲོ་བའི་ནང་ནས ་མཁྱེན། །རྡོ་རྗེ་སེམས་དཔའ་དང་མཚུངས་རྟག་པ་ཉིད་དུ་གྱུར། །སློབ་མ་རབ་བུས་བརྩ་ལྡན་པས། །བླ་མའི་ཞབས་ལ་ཕྱག་འཚལ་ཏེ། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །ཐམས་ཅད་བགྱིད་ཅེས་བརྗོད་པར་བྱ། །དེ་ལྟར ་ཆོག་འདི་ཡིས་ནི། །དམ་བཅས་པ་ཡི་སློབ་མ་རྣམས། །ཞི་པའི་དོན་དུ་སྦྱིན་སྲེག་ནི། །འཆད་འགྱུར་ཆོ་ག་བཞིན་དུ་བྱ། །དེ་ནས་སློབ་མ་རེ་རེ་ཞིང། །མཁས་པས་ལག་པ་གཡོན་པ་ཡིས། །གཡས་པའི་མཐེ་བོ་ནས་བཟུང་སྟེ། ། ་གཡས་སུ་བསྐོར་བའི་རིམ་གྱིས་ནི། །དགང་གཟར་སྤྱི་བོ་ནས་ཕབ་སྟེ། །མར་གྱི་བསྲེག་བླུགས་བདུན་གྱིས་ནི། །སྦྱིན་སྲེག་བྱས་ནས་ཐམས་ཅད་ལ། །བླ་མས་ཡོན་རྣམས་བླང་བར་བྱ། །གསེར་དང་དངུལ་དང་རིན་ཆེན་རྟ། ། ་དེ་བཞིན་གླང་པོས་ས་གཞི་རྣམས། །བླངས་ཏེ་དེ་བཞིན་བཏང་བྱས་ནས། །ཆོ་ག་བཞིན་དུ་སྔགས་སྦྱིན་བྱ། །གསང་སྔགས་རྒྱལ་པོའི་ཏིང་འཛིན་ཡང། །ཇི་བཞིན་ཉེ་པར་བརྟན་ནས་ནི། །གསང་བའི་ཕྱག་རྒྱ་དང་སྦྱོར་བ།། ་ཅི་རིགས་པར་ནི་བྱད?་བཅུག་སྟེ། །དེ་ལས་བྱུང་བའི་བྱང་ཆུབ་སེམས། །བླངས་ལ་འཐུང་དུ་གཞུག་བར་བྱ། །དེ་ཚེ་རྡོ་རྗེ་ཅན་གྱིས་ནི། །དེ་ལ་འདོད་བཞིན་སྒྲུབ་ཐབས་བཤད། །དེ་ནས་སྔར་བཤད་བའི་མཆོད་པ་རྣམ་པ་ལྔ་དང། འདོད་པའི ་ཡོན་ཏན་ལྔ་དང། བླ་ན་མེད་པ་ལ་སོགས་པའི་མཆོད་པ་རྣམས་ཀྱི་དཀྱིལ་འཁོར་ཡང་དག་པར་མཆོད་ལ། སློབ་མ་རྣམས་ལ་འདི་སྐད་དུ། ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཅི་ནུས་པར་མཆོད་པ་གྱིས་ཤིག་ཅེས ་བརྗོད་པར་བྱའོ། །རོ་དང་ལྡན་བའི་ཟས་ཀྱི་བྱེ་བྲག་ལ་སོགས་པ་ཐམས་ཅད་དང། བ་ལང་དང། ཁྱི་དང། གླང་པོ་དང། རྟའི་དང། མིའི་མར་མེ་བྱེ་བྲག་རྣམས་དང། མྱོས་པ་དང་བཅས་པ་དང། མྱོས་པ་མེད་པའི་བཏུང་བའི་བྱ ་བྲག་འཁོར་ལོ་ལ་ཕུལ་བ་རྣམས་ཀྱིས་ཇི་ལྟར་ཞུགས་པ་རྣམས་ཀུན་ཏུ་ཚིམ་པར་བྱའོ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཞེས་བྱ་བ་ལ་སོགས་པས་ཀྱང་རྡོ་རྗེ་བརྟུལ་ཞུགས་ཕོག་ལ། དེ་རྣམས་ལྷན་ཅིག་མཚན ་མོ་གཉིད་མི་ལོག་བར། མཆོག་ཏུ་དགའ་བའི་ཆོ་གས་དཔལ་བདེ་བ་ཆེན་པོ་བསྒོམ་པ་དང། གླུ་དང་གར་ལ་སོགས་པ་རྣམས་ཀྱིས་འདུག་ཅིང་བཟླས་པ་བྱའོ། །ཡང་ཐམས་ཅད་ལ་སུ་ལ་ཡང་མ་སྨྲ་ཞིག་ཅེས་མནའི།?་། ་སྙིང་པ་བརྗོད་ལ། ཞུགས་པ་ཐམས་ཅད་བཏང་སྟེ། །ཡང་མགོན་པོ་མཆོད་ནས་ཡང་དག་པར་བསྟོད་དེ། ཕྱོགས་རྣམས་གཏོར་མ་བྱིན་ལ། །ཉེ་རེག་བྱས་ཏེ་ཕྱག་བཙལ་ནས་མཆོད་ཡོན་ཕུལ་ཏེ། དགེ་བ་ཡོངས་སུ་བསྔོས ་ནས། དཀྱིལ་འཁོར་ལ་བསྐོར་པ་གསུམ་བྱ་སྟེ། །བཛྲ་བྷིཀ?་ཨ། ཞེས་བྱ་བ་འམ། ཡི་གེ་མུ(རྒྱུད་འགྲེལ་འཁོར་གྱི་འཁོར་ལོ་བཅུག་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཱི?། ཨཱ་ཏྱཱ་ནུ་ཏཔན་ཏྭཱཏ། ཅེས་བྱ་བ་བརྗོད་ཅིང་དཀྱིལ་འཁོར་གྱིས་ཏེ། །གསང་བའི་དཀྱིལ་འཁོར་ཡང་སྔ་མ་བཞིན་དུ་གཤེགས་སུ་གསོལ་ལ། ཚོན་རྩི་ལ་སོགས ་པ་ཆུ་བོ་ཆེན་པོ་ལ་ཕོ་སྟེ། ཧཱུཾ་ཞེས་བྱ་བ་བརྗོད་ཅིང་དཀྱིལ་འཁོར་གྱི་ཕུར་བུ་བཏོན་ལ། བདུད་རྩི་དང་བཅས་པའི་འོ་མས་དཀྲུས་ཏེ། རང་གི་སློབ་མ་དང་ས་བདག་བསྲུང་བའི་ཕྱིར་ཞི་བའི་སྦྱིན་སྲེག་བྱས་ལ། དུས་གསུམ་མཉམ་པ་ཉིད་དུ ་བསྒོམ་པའི་སྒོ་ནས་ཇི་བདེ་བར་གནས་པར་བྱའོ། །ཐུགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་དེ་སྟ་བུ་ནི་ཆོ་ག་ཞེས་བྱ་བའི་སྒྲས་བསྟན་པ་ཡིན་ནོ། །ཐུགས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། ཡོངས་སུ་སྟེ་རྣམ་པ་ཀུན་ཏུ་གསལ་བ་ནི་དང་མོ་ནས ་བརྩམས་ཏེ། བུམ་པ་ལ་སོགས་པ་ཡང་དག་པར་དགོད་པའི་མཐར་ཐུག་པའོ། །ཤེས་བྱས་ནས་ཞེས་བྱ་བ་ནི་ཆོ་ག་རྣམ་པ་སྣ་ཚོགས་པ་མ་ཚང་བ་མེད་པར་སེམས་ཀྱིས་ཁོང་དུ་ཆུད་ནས་ཞེས་བྱ་བའི་དོན་ཏོ། །སྐུ་དང་གསུང་ཐུགས ་མཆོད་པ་ཡིས། །ཞེས་བྱ་བ་ལ་སྐུའི་དཀྱིལ་འཁོར་དང། གསུང་གི་དཀྱིལ་འཁོར་དང། ཐུགས་ཀྱི་དཀྱིལ་འཁོར་རྣམས་ཀྱི་མཆོད་པ་ནི། །སྐུ་དང་གསུང་ཐུགས་མཆོད་པ་སྟེ་དེ་རྣམས་ཀྱིས་སོ། །མཆོད་པ་ཞེས་བྱ་བ་ནི་ཕྱི་དང་ནང་གི ་བདག་ཉིད་དང། །བླ་ན་མེད་པ་ལ་སོགས་པའི་རང་བཞིན་ཏེ། དེ་དུས་འདིར་ནན་ཏན་དུ་བྱའོ། །དེ་ཉིད་བསྟན་པའི་ཕྱིར། བུད་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། །རབ་ཏུ་མདངས་བཟའ་བ་ཞེས་བྱ་བ་ནི་ཟླ་བའི་མདོག་དང། ་ལྡན་ཞིང་དེའི་འོད་ཟེར་གྱི་ཚོགས་ཀྱིས་ཁྱབ་པའོ། །ཇི་སྐད་བཤད་པའི་མཚན་ཉིད་དང་ལྡན་པའི་བཅོ་བླག་མཁན་གྱི་བུ་མོ་ལོ་བརྒྱད་ཕྲག་གཉིས་ལོན་པ་ནི་སྐུའི་དཀྱིལ་འཁོར་གྱིའོ། །དེའི་ཞེས་བྱ་བ་ནི་སྐུའི་དཀྱིལ་འཁོར་གྱིའོ། ། ་དབུས་སུ་ཞེས་བྱ་བ་ནི་བདག་པོའི་གནས་སུའོ། །མཉེས་པར་བྱ་ཞེས་བྱ་བ་ནི་སྔར་བཤད་པའི་སྒྲུབ་ཐབས་ཀྱི་ཚུལ་བཞིན་དུའོ། །དེ་བཞིན་དུ་གར་མཁན་གྱི་བུ་མོ་ན་ཚོད་ལོ་ཉི་ཤུ་ལོན་པ། རྒྱ་སྐྱེགས་ལྟ་བའི་མདོག་དང་ལྡན་པ། གོས་དཀར་མོའི་རྣམ་? ་ཅན་ནི་གསུང་གི་དཀྱིལ་འཁོར་གྱིའོ། །ཡོན་ཏན་སྐེ་རགས་ཞེས་བྱ་བ་ལ་སོགས་པ་ལ། གདོལ་བའི་བུ་མོ་ལོ་བཅུ་གཉིས་ལོན་པ། ཨུཏཔལ་སྔོན་པོའི་འདབ་མའི་མདོག་ཅན། སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི ་ཡོན་ཏན་གྱི་ཚོགས་མ་ལུས་པས་བརྒྱན་པའི་མཱ་མ་ཀཱིའི་གཟུགས་སུ་རྣམ་པར་བསྒོམས་ལ་སྟེ། །ལེའུ་འདི་ཉིད་དུ་སྐུའི་དཀྱིལ་འཁོར་ལ་སོགས་པའི་དོན་དུ་གསོལ་བ་བཏང་པ་ཉིད་ཡིན་པའི་ཕྱིར་རོ། །སངས་རྒྱས་ནི་དཔལ་རྡོ་རྗེ་འཆང་བྱང ་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཏེ། དམ་ཚིག་གི་དཀྱིལ་འཁོར་ཕྲ་མོ་གང་ལ་དེ་ཉིད་གནས་ཏེ། རྒྱུ་ཡིན་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ནི་ཞི་བ་སྟེ་མཆོག་ཏུ་དགའ་བའི་རྟོག་བའི་ཉེས་པ་མ་ལུས་པ་དང་བྲལ་བ་ཉིད་ཡིན་པའི་ཕྱིར་རོ།། ་སྤྲོ་ཞེས་པ་ནི་སློབ་མ་གཞུག་པའི་ཆོ་ག་བཞིན་དུ། སློབ་དཔོན་གྱིས་གཞུག་པ་དང། དབང་བསྐུར་བ་དང། མན་ངག་ཕོག་པའི་རྗེས་ཐོགས་ལའོ། །ཤེས་རབ་ཀྱི་ཆོས་འབྱུང་གི་ནང་ན་གནས་པ་ཉིད་ཡིན་པའི་ཕྱིར་ནམ་མཁའ་ཨི་དབྱིངས ་ནི་རབ་ཏུ་བརྒྱན་པ་སྟེ། དེ་ཐམས་ཅད་ནི་བཤད་ཟིན་ཏོ། །བཤད་གཅི་ཞེས་བྱ་བ་ལ་སོགས་པ་ཡང་བཤད་ཟིན་ཏོ། །དེ་ལྟར་བྱས་ནས་བཀའ་སྒྲུབ་པར་བྱེད་པའི་རྣལ་འབྱོར་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་གྱུར ་ནས་དེའི་རང་བཞིན་དུ་འགྱུར་རོ། །སངས་རྒྱས་རྣམས་འབའ་ཞིག་ནི་མ་ཡིན་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་གསུངས་ཏེ། བྱང་ཆུབ་སེམས་དཔའ་ནི་སའི་སྙིང་པོ་ལ་སོགས་པ་སྟེ། དེ་རྣམས་ཀྱི་སྐྱེ་མཆེད ་རྣམས་བྱིན་གྱིས་བརླབས་ནས་མངོན་པར་རྫོགས་པར་བྱང་ཆུབ་པ་སྒྲུབ་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། འབྱིན་པའི་སྐབས་སུ་བྱང་ཆུབ་སེམས་དཔའ་རྣམས་དབྱུང་བ་མི་སྣང་མོད་ཀྱི། འོན་ཀྱང་ཚིག་འདི་ཉིད ་ཀིཡས་འདི་རྣམས་དཀྱིལ་འཁོར་འདིར་དགོད་པ་ཁོ་ན་ཡིན་ནོ། །དེ་རྣམས་ནི་སྔགས་ཀྱིས་བསྐྱེད་པར་བྱ་བ་ཡིན་ཏེ། བརྗོད་ཀྱིས་མི་ལང་པ་རྣམས་ཀྱི་ནང་ནས་དགོས་པའི་དོན་དུ་དམ་ཚིག་རྡོ་རྗེ་ལ་སོགས་པ་རྣམས་བཏུས་ནས ་བརྗོད་པ་ཉིད་ཡིན་པའི་ཕྱིར་རོ། །ལེའུ་བཅུ་གཅིག་པ་ལས་ཀྱང་འདི་རྣམས་ཀྱི་སྔགས་དང་དངོས་གྲུབ་རྣམས་གསུངས་ཏེ། དེའི་ཕྱིར་དེ་རྣམས་ཀྱིས་ཕྱུང་ལ་གནས་ཇི་ལྟ་བ་བཞིན་དུ་དགོད་པར་བྱའོ་ཞེས་རྟོགས་པར་བྱའོ། ། ་ལེའུ་བཞི་པའི་རྣམ་པར་བཤད་པའོ།། །།བུམ་པའི་དབང་བསྐུར་བའི་རྗེས་ལ་རྡོ་རྗེ་བརྟུལ་ཞུགས་ཀྱི་མཐར་དམ་ཚིག་དང་སྡོམ་པ་དཔོག་པར་བྱ་བ་ཡིན་པས། ཀུན་ཏུ་སྤྱོད་པ་མཆོག་གི་ལེའུ། དེ་ནས ་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །སྤྱོད་པ་ཀུན་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་རང་བཞིན་ནོ། །དེའི་མཆོག་ནི་རྣལ་འབྱོར་གྱི་སྤྱོད་པ་ཡིན་ཞིང། ་སྨྱོད་པའི་རང་བཞིན་གྱི་ཆོས་དེའི་དོན་ནི་དེ་བཞིན་ཉིད་དེ། དེའི་རང་བཞིན་ཅན་གྱི་བཅོམ་ལྡན་འདས་དེས་བཀའ་སྩལ་ཏོ། །རྣམ་པར་མི་རྟོག་ཅེས་བྱ་བ་ལ་སོགས་པ་ལ། སྒྲུབ་བར་བྱེད་ཅེས་བྱ་བར་སྦྱར་རོ། །རྟོག་པའི་ཉེས་པ ་མ་ལུས་པ་དང་བྲལ་བའི་ཟག་པ་མེད་པའི་བདེ་བ་ཆེན་པོ་མཆོག་ནི་རྣམ་པར་མི་རྟོག་དོན་ཏོ། །དེ་ལས་བྱུང་བའི་འདོད་ཆགས་ཞེ་སྡང་གཏི་མུག་རིགས་ཞེས་བྱ་བ་ལ། འདོད་ཆགས་ནི་པདྨའི་རིགས་སོ་ཞེ་སྡང་ནི་རྡོ་རྗེའི་རིགས་སོ། ། ་གཏི་མུག་ནི་དེ་བཞིན་གཤེགས་པའི་རིགས་སོ། །ཐེག་པའི་མཆོག་ཅེས་བྱ་བ་ནི། །ཐེག་པ་ཐམས་ཅད་ཀྱི་གཙོ་བོར་གྱུར་པའོ། །འདོད་ཆགས་ལ་སོགས་པ་རྣམ་པར་དག་པའི་ཐབས་སྟོན་པར་བྱེད་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་འདི་ལས་མཆོག ་ཏུ་གཞན་མེད་པས་ན་བླ་ན་མེད་པའོ། །སྒྲུབ་པར་བྱེད་ཅེས་བྱ་བ་ནི་དེ་བཞིན་དུ་རྣལ་འབྱོར་པའི་རྒྱུད་ལ་འོད་དཔག་ཏུ་མེད་པ་ལ་སོགས་པའི་རང་བཞིན་གྱི་རིགས་གསུམ་སྒྲུབ་པར་བྱེད་བའོ། །ཇི་དེ་ཙམ་འབའ་ཞིག་སྒྲུབ་པར་བྱེད་དམ་ཞེ་ན། ་དེའི་ཕྱིར་གསུངས་པ། དངོས་གྲུབ་ཅེས་བྱ་བ་ནི་དོན་ཡོད་པར་གྲུབ་པའོ། །རབ་མཆོག་ཅེས་བྱ་བ་ནི་རིན་པོ་ཆེའི་རིགས་ཀྱི་ཕྱག་རྒྱ་ཆེན་པོའོ། །འདིས་ནི་འདོད་ཆགས་ལ་སོགས་པ་རྣམ་པར་དག་པའི་རིགས་གསུམ་ནི་རིགས ་ཐམས་ཅད་བསྐྱེད་པ་ཡིན་ནོ་ཞེས་བྱ་བར་བསྟན་པ་ཡིན་ནོ། །དེ་ལ་འདོད་ཆགས་རྣམ་པར་དག་པ་ནི་ངེས་པར་འབྱེད་པའི་ཤེས་རབ་སྟེ། དོན་དེ་སྟོན་པར་བྱེད་པའི་སྒྲའི་ཚོགས་ནི་སྒྲའི་རྗེས་སུ་འཇུག་པའི་ཤེས་རབ་ཡིན་ཞིང། དེའི་རང ་བཞིན་ནི་འོད་དཔག་ཏུ་མེད་པའོ། །ཕྲག་དོག་ནི་ཞེ་སྡང་གིས་རབ་ཏུ་ཕྱེ་བ་ཉིད་ཡིན་པའི་ཕྱིར་རོ། །དེ་རྣམ་པར་དག་པའི་རང་བཞིན་ནི་དོན་ཡོད་པར་གྲུབ་པའོ། །རྫས་ཀྱི་གཞིས་ཀུན་ཏུ་རྨོངས་པ་རྣམ་པར་དག་པའི་རང་བཞིན་མཆོག ་ནི་རིན་ཆེན་འབྱུང་ལྡན་ནོ། །རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ནི་རྣམ་པ་ཐམས་ཅད་རྣམ་པར་དག་པར་ལྷག་པར་མོས་པ་ཁོ་ན་ཡིན་གྱི། རིགས་ལ་སོགས་པ་ནི་མ་ཡིན་པས། དེའི་ཕྱིར་རིགས་དན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགྲུབ ་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་གདུག་པ་དང། དྲག་པོ་དང། མི་བཟོད་པའི་ལས་བྱེད་པ་རལ་གྲི་ལ་སོགས་པ་རྣམས་གཟུང་པར་བྱའོ། །རི་དགས་ལ་སོགས་པ་བསང་པའི་དོན་དེ་རྒྱུ་མཚན་དུ། དུག་དང ་མཚོན་དང་རླུབས་དང་རྒྱ་ལ་སོགས་པ་སེམས་པར་བྱེད་པ་དང། དེ་བྱ་བའི་ཐབས་ཉིད་དང་མཚན་དུ་སེམས་པར་བྱེད་པས་ན། གསོད་དོན་དོན་ཉེར་སེམས་དཔའ་རྣམས་ཏེ། །དེ་རྣམས་ཀྱིས་ཀྱང་དགེ་བའི ་བཤེས་གཉེན་མཉེས་པའི་སྒོ་ནས་ཡང་དག་པའི་མན་ངག་ཐོབ་སྟེ་།སྒོམ་པའི་གོམས་པའི་སྟོབས་ཀྱིས་ཉེས་པ་དེ་རྣམས་ཀྱིས་གོས་པར་མི་འགྱུར་ཞིང། མི་བསྐྱོད་པ་ལ་སོགས་པ་མངོན་པར་འདོད་པ་རྣམས་ཀྱང་འགྲུབ་པར་འགྱུར་ཏེ། དེ་སྐད་དུ་ཡང ་ལས་རྣམས་མི་བཟང་གང་གང་གིས། སྐྱེ་བོ་རྣམས་ནི་འཆིད་འགྱུར་བ། །དེ་ཉིད་ཐབས་དང་བཅས་པ་ཡིས། །སྲིད་པ་འཆིང་བ་ལས་གྲོལ་འགྱུར། ཞེས་གསུངས་སོ། །སེམས་ཅན་མཚམས་མེད་ཅེས་བྱ་བ་ལ་སོགས་པ་ལ། ཕ ་དང་མ་དང་དགྲ་བཅོམ་པ་གསོད་པ་དང། དགེ་འདུན་གྱི་དབེན་བྱེད་པ་དང། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་འབྱིན་པ་དང། ལྔ་པོ་འདི་རྣམས་ཀྱི་ནང་ནས་གང་ཡང་རུང་བ་བྱས་ན་ཤི་མ་ཐག་ཁོ་ནར་དམྱལ་པར ་འགྲོ་བར་འགྱུར་བས་ན་མཚམས་མེད་པའོ། །ཡང་ན་མན་ངག་གི་སྒོ་ནས་གཞན་དུ་བཤད་པར་བྱ་སྟེ། མི་བཟང་པའི་ལས་བྱེད་པའི་སེམས་ཅན་རྣམས་འཛིན་པས་ན་རིགས་ངན་ནི་བཅོམ་ལྡན་འདས་མི་བསྐྱོད་པ་སྟེ། དེ ་རྣམ་པར་སྦྱོང་བའི་ཐབས་ཡང་དག་པར་སྟོན་པའི་སྒོ་ནས་རང་གི་རིགས་སུ་སྐྱེད་པར་བྱེད་པའི་ཕྱིར་རོ། །སྨིག་མ་མཁན་ནི་རྣམ་པར་སྣང་མཛད་དེ། རྨོངས་པར་གྱུར་པའི་སེམས་ཅན་རྣམས་ནི་སྨིག་མ་ཡིན་ཞིང། །དེ་རྣམས ་གཏི་མུག་གི་རྒྱུད་རྣམ་པར་དག་པའི་དང་དུ་བྱེད་ཅིང་སྐྱེད་པར་བྱེད་པའི་ཕྱིར་རོ། །སོགས་ཞེས་བྱ་བའི་སྒྲས་ནི་འོད་དཔག་ཏུ་མེད་པ་དང། རིན་ཆེན་འབྱུང་ལྡན་དང། དོན་ཡོད་པར་གྲུབ་པ་རྣམས་ཀྱིས། །འདོད་ཆགས ་དང། ང་རྒྱལ་དང། ཕྲག་དོག་གི་སྤྱོད་པ་ཅན་རྣམས་དེ་དང་དེ་རྣམ་པར་སྤྱོད་པའི་ཐབས་ཀྱི་སྒོ་ནས་རང་རང་གི་རིག་རྣམས་སུ་སྐྱེད་པར་བྱེད་པའོ། །དེ་ཉིད་གསོད་ཅེས་བྱ་བ་ལ་སོགས་པས་གསུངས་ཏེ། གསོད་པ་ལ་མངོན་པར་དགའ་བ་རྣམས་ཀྱི ་དོན་སེམས་དཔའ་ནི་མི་བསྐྱོད་པའོ། །ཀུན་ཏུ་རྨོངས་པ་རྣམས་ཀྱི་དོན་སེམས་པ་ནི་རྣམ་པར་སྣང་མཛད་དོ། །དེ་བཞིན་དུ་འདོད་ཆགས་ལ་སོགས་པ་ལ་མངོན་པར་དགའ་བ་རྣམས་ཀྱི་དོན་སེམས་པ་ནི། འོད་དཔག་ཏུ་མེད་པ་ལ་སོགས ་པ་རྣམས་སོ། །མཚམས་མེད་ཅེས་བྱ་བ་ནི་མཱ་མ་ཀཱི་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཕྱུང་བའི་རྗེས་ཐོགས་ཉིད་དུ་གང་ཞིག་དབྱུང་བར་བསྟན་པའོ། །སོགས་པ་ཞེས་བྱ་བས་ནི། འཕགས་པ་བདུད་རྩི་འཁྱིལ་པ་ལ་ཐུག་པའི ་དཀྱིལ་འཁོར་པ་རྣམས་གཟུང་ངོ། །དེ་ཉིད་ཀྱི་ཕྱིར་སེམས་ཅན་ཞེས་གསུངས་ཏེ། སེམས་ཅན་གྱི་དོན་དང་ཆོས་ཀྱིས་དབྱིངས་ལ་ཤིན་ཏུ་ཆགས་པ་ཉིད་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྔར་རྣམ་པ་ཐམས་ཅད་ཡོངས་སུ་དག་པའི་རང ་བཞིན་ཅན་གྱིS་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ནི། དེ་དང་དེ་དེ་ལ་ལྷག་པར་མོས་པ་རྣམས་དེ་དང་དེ་ལྟ་བུའི་ཏིང་ངེ་འཛིན་རྣམས་ཀྱི་སྒོ་ནས་རྫོགས་པར་བྱང་ཆུབ་པར་མཛད་པ་སྤྱོད་པ་ཡིན་པ་དེའི་ཕྱིར། དེའི་མཐུས་སྡིག་པ་ཆེན ་པོ་བྱེད་པ་རྣམས་ཀྱང་འགྲུབ་པར་འགྱུར་ཏེ། སྡིག་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པས་ནི་རིགས་ངན་ལ་སོགས་པ་བསྡུས་པ་ཉིད་ཡིན་པའི་ཕྱིར་རོ། །སྐབས་འདིར་སྡིག་པ་ཆེན་པོ་རྣམས་ནི་མཚམས་མེད་པ་ལྔ་ལ་སོགས་བ་རྣམས ་ཡིན་བར་རྟོགས་པར་བྱའོ། །རིགས་ངན་ནི་མི་བསྐྱོད་པའོ་ཞེས་བྱ་བའི་སྒྲ་འདི་ནི་མི་རིགས་པའི་དོན་ཅན་མ་ཡིན་ཏེ། །དཔལ་ལྡན་ཐམས་ཅད་བཏུས་པ་ལས། བཅོམ་ལྡན་འདས་ཀྱིས། །ང?་ནི་ཡི་དགས་ཞེས་བྱ་བ་ལ་སོགས་པ་གསུངས ་པ་དེ་ལ། ཇི་ལྟར་བཅོམ་ལྡན་འདས་ཡི་དགས་ཡིན་ཞེ་ན་།སྡིག་པ་ཐམས་ཅད་སྤོང་བ་དང། །འཁོར་བ་ལས་ནི་སྒྲོལ་པའི་ཕྱིར། །དེས་ན་ང་ནི་ཡི་དགས་བརྗོད། །ཆོས་ཀུན་རྣམ་པར་དག་ཕྱིར་རོ། །ཞེས་གང ་གསུངས་པའོ། །ཡང་གང་ཞིག་འགྲུབ་པར་མི་འགྱུར་བ་ཉིད་ཡིན་ཞེ་ན། སྙིང་ནས་སློབ་དཔོན་སྨོད་པ་རྣམས་སོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པ་མ་ལུས་པའི་ཡོན་ཏན་གྱི་ཚོགས་ཀྱི་རྟེན་དུ་གྱུར་པ། །བྱང་ཆུབ་ཀྱི་སེམས ་དམ་པའི་རང་བཞིན་ཅན་གྱི་རྡོ་རྗེ་སློབ་དཔོན་ཆེན་པོ་ལ། སེམས་ལོག་བ་ཅུང་ཟད་ཙམ་བྱས་པས་ཀྱང་དམྱལ་པ་ལ་སོགས་པ་ངན་སོང་གི་རྒྱུའི་ཁ་ན་མ་ཐོ་བ་ཆེན་པོར་འགྱུར་བ་དེའི་ཕྱིར་འགྲུབ་པའི་སྐབས་ག་ལ་ཡོད། དངོས་གྲུབ ་རྣམས་ནི་དགེ་བའི་བཤེས་གཉེན་ལ་རག་ལུས་ལ་ཉིད་ཨིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་འདི་ཉིད་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དངོས་གྲུབ་རྣམས་ནི་སྐུ་དང་གསུང་དང་ཐུགས་གསང་བ ་གསུམ་གྱི་རྡོ་རྗེ་སློབ་དཔོན་གྱི་ལུས་དང་དག་དང་ཡིད་ལ་གནས་པ་ཡིན་ནོ་ཞེས་གསུངས་སོ། །སྡིག་པ་ཆེན་པོ་བྱེད་པ་ཉིད་དག་བསལ་བར་བྱ་བའི་ཕྱིར། སྲོག་གཅོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྲོག་ཅེས་བྱ་བ་ནི ་རྒྱུན་མི་འཆད་པར་རབ་ཏུ་འཇུག་པའི་མཚན་ཉིད་ཅན་གྱི་རླུང་ཆེན་པོའོ། །དེ་གཅོད་པ་ནི་འགོག་པ་སྟེ་དེ་བྱེད་པས་ན་སྲོག་གཅོད་པའི་སེམས་ཅན་རྣམས་ཡིན་ཞིང། དེ་རྣམས་ལ་འཆད་པར་འགྱུར་བའི་ཚུལ་བཞིན་དུ ་མི་བསྐྱོད་པའི་མན་ངག་སྦྱིན་པར་བྱའོ། །དེ་བཞིན་དུ་རྫུན་དུ་སྨྲ་བ་དང། གཞན་གྱི་ནོར་འཕྲོག་པ་དང། ཚངས་པར་སྤྱོད་པ་མ་ཡིན་པ་ལ་འཇུག་པ་རྣམས་ལ་གོ་རིམ་བཞིན་དུ། དོན་ཡོད་པར་གྲུབ་པ་དང། རྣམ་པར ་སྣང་མཛད་དང། འོད་དཔག་ཏུ་མེད་པ་རྣམས་ཀྱི་མན་ངག་སྦྱིན་པར་བྱའོ། །བཤད་གཅི་ཞེས་བྱ་བ་ལ་སོགས་པས་ནི། བཟའ་བ་དང། བཟའ་བ་མ་ཡིན་པའི་རྣམ་པར་རྟོག་པའི་ནང་ཞི་བར་བྱེད་པ་དང། མཐུ་བསམ་གྱིས་མི་ཁྱབ་པ ་དང་ལྡན་པ་དང། རྡོ་རྗེའི་སྐུ་སྒྲུབ་པར་བྱེད་པ་ཡིན་པའི་བསམ་པ་དམ་པས་སྨན་ཟས་སུ་ཟ་བ་རྣམས་ཁོ་ན་སྣོད་དུ་འགྱུར་གྱི། དམ་ཚིག་ལ་སྡང་བ་གཞན་རྣམས་ནི་མ་ཡིན་པ་བརྟེན་པའོ། །ཇི་ལྟར་འཇིག་རྟེན་ལ་རབ་ཏུ་གྲགས་པའི ་མ་དང་སྲིང་མོ་དང་བུ་མོ་ལ་། རང་གི་དམ་ཚིག་ཀུན་ཏུ་སྤྱོད་ཅིང་དེ་ཁོ་ན་ཉིད་ཤེས་པས་མན་ངག་ཇི་ལྟ་བ་བཞིན་དུ་རང་གི་རིག་མའི་རྣམ་པར་ཡང་དག་པར་དམིགས་ཏེ་མཉེས་པར་བྱའོ། །ཅིའི་ཕྱིར་ཞེ་ན། ཚྭ་དང་ཆང་དག་ལ་བྱེ ་བྲག་མ་མཐོང་བ་བཞིན་དུ། ཐ་མལ་པའི་བུད་མེད་རྣམས་དང་ལྷན་ཅིག་མ་ལ་སོགས་པ་རྣམས་ལ། ནུ་མ་དང་སྐྲ་ལ་སོགས་པ་རྣམས་དང་ལྡན་པར་བྱེ་བྲག་མི་དམིགས་པའི་ཕྱིར་རོ། །རེ་ཞིག་འཇིག་རྟེན་པའི་མ་ལ་སོགས ་པ་རྣམས་ལྟ་ཞོག་གི་།སངས་རྒྱས་ཏེ་རྡོ་རྗེ་འཆང་ཆེན་པོའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་མཉེས་པར་བྱེས་ཀྱང་དེའི་ཉེས་པ་རྣམས་ཀྱིས་མི་གོས་ཏེ། དེས་ནི་སངས་རྒྱས་ཉིད་འགྲུབ་བར་འགྱུར་རོ། །ཇི་ལྟ་བུ་ཞེ་ན། རྣམ ་པར་མི་རྟོག་པ་སྟེ་མ་ལ་སོགས་པའི་འདུ་ཤེས་ཀྱི་རྣམ་པར་རྟོག་པ་དང་བྲལ་བའོ། །གལ་ཏེ་དེ་ལྟའོ་ན་ནི་ཕྱུགS་རྣམས་ཀྱི་འགྲུབ་པར་འགྱུར་རོ་ཞེ་ན། དེ་བསལ་བའི་ཕྱིར་བློ་ཅན་གྱིས་ཞེས་བྱ་བ་གསུངས་ཏེ། ཁམས་གསུམ་པ ་འདི་ནི་སེམས་ཁོ་ན་ཡིན་ནོ་སྙམ་དུ་སེམས་བསྐྱེད་པའི་སྒོ་ནས་ཕྱི་རོལ་གྱི་དོན་བཀག་ལ་སེམས་།དེ་ཡང་སྟོང་པ་ཉིད་ཀྱི་རྣམ་པར་རྟོགས་པར་བྱ་སྟེ། སྐྱེ་བ་མེད་པ་རྟོགས་པའི་རང་བཞིན་ཅན་གྱི་སེམས་དེ་ནི་ངོ་བོ་ཉིས་མེད ་པའི་ཤེས་རབ་ཡིན་ནོ། །དེ་སྐད་དུ་ཡང་སྔགས་ཀྱི་དོན་ལ་རྣམ་པར་རྟོག་པར་བྱེད་པ་ནི་རྣམ་པར་མི་རྟོག་པའི་བློ་ཅན་ཡིན་ནོ་ཞེས་གསུངས་སོ། །དེ་ལྟར་ན་རྣམ་པར་མི་རྟོག་པའི་བློ་ཅན་གྱི་སྔགས་ཐམས་ཅད ་ཤེས་པ་ནི་འབྲས་བུ་སྟེར་བ་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་སྐད་ཐོས་ནས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ། རིགས་? ་མ་ངེས་པའི་སེམས་ཅན་རྣམས་དང་ཐ་མི་དད་པའི་རང་བཞིན་ཅན་རྣམས་ངོ་མཚར་དུ་གྱུར་པ་ནི་དེ་རྣམས་དང་རྗེས་སུ་མཐུན་པར་སྟོན་པའོ། །ཅིའི་ཕྱིར་རྒྱུ་ཀུན་ནས་ཉོན་མོངས་པ་ཅན་ལས་འབྲས་བུ་ཀུན་ནས་ཉོན་མོངས་པ་ཅན་མ ་ཡིན་པར་འགྱུར་སྙམ་དུ་རྨད་དུ་གྱུར་པ་ནི་དེ་ལྟ་བུ་མ་མཐོང་ཞིང་མ་ཐོས་པའོ། །ཇི་ཡི་སླད་དུ་ཞེས་བྱ་བའི་སྒྲ་ནི་སྤོང་པའོ། །ཚིག་དན་པ་གསུང་ཞེས་བྱ་བ་ནི། སྡིག་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སངས་རྒྱས་གཙོ་བོའི་ཡུམ ་དག་ལ་ཞེས་བྱ་བ་ལ་ཐུག་པའི་བར་གྱི་ཚིག་འདི་གསུང་བའོ། །དོན་དེ་ནི་རིགས་པ་མ་ཡིན་པ་ཁོ་ན་སྟེ། སྒྲའི་དོན་སྒྲ་ཇི་བཞིན་དུ་འཛིན་པའི་མ་འོངས་པའི་སེམས་ཅན་རྣམས་དེ་སྐད་དུ་སྨྲ་བར་འགྱུར་པའི་ཕྱིར་རོ། །དེ་ནས ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དེ་རྣམས་དང་ཐ་མི་དད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་རྣམས་མཐོང་ཇི་སྐད་མ་ཟེར་ཅིག་ཅེས་བྱ་བ་ལ། །མཐོང་རྣམས་ཞེས་བྱ་བ ་ནི་རིགས་པ་ཡིན་པའོ། །མ་ནི་དགག་པ་སྟེ། དེ་སྐད་མ་ཟེར་ཅིག་ཅེས་བྱ་བ་འདི་ཉིད་ཀྱིས་དགག་པ་གྲུབ་པའི་ཕྱིར་རོ། །འདི་ཞེས་བྱ་བ་བཤད་མ་ཐག་པའི་སྡིག་པ་ཆེན་པོ་ལ་སོགས་པའི་ཆོས་རྣམས་ཀྱི་ཆོས་ཉིད་ནི་སྟོང་པ ་ཉིད་དེ། གཟུགས་ཉིད་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ་ཞེས་འབྱུང་པའི་ཕྱིར་རོ། །དེ་གང་རྣམས་དང་འབྲེལ་པ་ཡིན་ཞེ་ན། སྙིང་པོ་ཡེ་ཤེས་ཅན་རྣམས་ཀྱི། །སངས་རྒྱས་ཞེས་བྱ་བ་གསུངས་ཏེ། ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་? ་དབྱིངས་ཀྱི་ཡེ་ཤེས་ཐུགས་སུ་ཆུད་པའི་ཕྱིར། །སྙིང་པོ་ཡེ་ཤེས་ཅན་ནི་རྣམ་པར་སྣང་མཛད་ལ་སོགས་པ་སངས་རྒྱས་རྣམས་ཏེ། དེ་རྣམས་ཀྱིའོ། །སྙིང་པོ་ཆོས་ཀྱི་དོན་ནི་བདེ་བ་ཆེན་པོའི་རང་བཞིན་ཆོས་ཀྱི་སྐུ་སྟེ། དེ་ལས་བྱུང་པ་ནི་སྙིང ་པོ་ཆོས་ཀྱི་དོན་ལས་བྱུང་བའོ། །འདི་ནི་ཞེས་བྱ་བ་ནི་ངེས་པར་གཟུང་བའི་དོན་ཏེ། འདི་ལྟ་བུ་ཁོ་ན་བྱང་ཆུབ་ཐོབ་པར་བྱེད་པའི་སྤྱོད་པའི་གནས་ཏེ། རྒྱུ་ཡིན་གྱི་གཞན་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་སྐད་དུ་ཡང། ཐབས ་ཆེན་དག་དང་ལྡན་པ་ལ། །བག་ཆགས་བཅས་པའི་འཁོར་བ་དང། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །དེ་ཕྱིར་དེ་བཞིན་གཤེགས་བསམ་ཡང། །ཞེས་གསུངས་སོ། །དེ་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱིས་རྟོགས་པར ་མཛད་བཞིན་དུ་ཡང། །ལམ་ལོག་པར་ཞུགས་པའི་རིགས་མ་ངེས་པ་རྣམས་ནི་འཇིགས་སྐྲག་པར་གྱུར་ཏོ། །རིགས་ཆད་པ་དེ་རྣམས་བརྒྱལ་བར་གྱུར་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་བྱང་ཆུབ་སེམས་དཔའ་བརྒྱལ་བ ་རྣམས་བསླད་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པར་གྱུར་ཏོ། །གསོལ་བ་བཏབ་པའི་རྗེས་ཐོགས་ལ་བཅོམ་ལྡན་འདས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ནམ་མཁའ་ ་དང?་མཉམ་པ་ནི་ནམ་མཁའ་ཐ་མི་དད་པའི་ངེས་པར་འབྱེད་པའི་ཤེས་རབ་ཡིན་ཞིང་དེ་ཉིད་བཟླS?་ཀྱིས་སྟོབས་ཀྱིས་བུད་མེད་ཀྱི་གཟུགས་སུ་གྱུར་ཏེ། དེ་དང་ལྷན་ཅིག་གཉིས་སུ་རྣམ་པར་རྟོག་པ་མེད་པས་རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བ་ནི། ་ནམ་མཁའ་མཉམ་པ་གཉིས་སུ་མེད་པ་ཞེས་བྱ་པའི་སྒྲར་བརྗོད་དོ། །དེ་ཉིད་ནི་མི་ཤིགས་པ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་ཏེ་ཏིང་ངེ་འཛིན་གང་ལ་མིང་དེ་སྐད་ཅེས་བྱ་བ་ཉིད་ཡོད་པ་དེ་ལ་སྙོམས་པར་ཞུགས་སོ། །སྙོམས་པར། ་ཞུགས་མ་ཐག་ཏུ་ཞེས་བྱ་བ་ལ་སོགས་པས་ནི། རང་གི་ཏིང་ངེ་འཛིན་ལས་རྣམ་པར་བྱུང་བའི་འོད་ཟེར་གྱི་ལྕགས་ཀྱུ་རྣམས་ཀྱིས། །ནམ་མཁའ་ཨི་དབྱིངས་མ་ལུས་བ་ཁྱབ་པར་གྱུར་པའི་དེ་བཞིན་གཤེགས་པ་རྣམས་བཀུག་སྟེ། ་རང་གི་ལུས་ལ་བཅུག་ནས་། ལུས་ལ་གནས་པར་བྱ་སྟེ། མཆོག་ཏུ་དགའ་བའི་གནས་སྐབས་སུ་བྱང་ཆུབ་ཀྱི་སེཾས་ཅན་ཀྱི་བདུད་རྩིའི་རྒྱུན་ཡེ་ཤེས་ཀྱི་འོད་ཟེར་འབར་བ་རྣམས་ཀྱིས་དབང་བསྐུར་ནས་བསླད་བར་གྱུར་པ་དེ་ནི། འོད་ཀྱིས་རེག་པ ་ཙམ་གྱིས་ཞེས་བྱ་བ་འདིའི་དོན་ཡིན་པར་བསྟན་ཏོ། །རང་རང་གི་སྟན་ལ་ཞེས་བྱ་བ་དཀྱིལ་འཁོར་གནས་ཇི་ལྟ་བ་བཞིན་དུ་གནས་ཤིང་འཁོད་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱི་ཏིང་ངེ་འཛིན་གྱི་སྟོབས ་ཀྱིས་སེམས་ཅན་གྱི་དོན་ཆེན་པོ་མཛད་པ་གཟིགས་ནས་དེ་བཞིན་གཤེགས་པ་རྣམས་ངོ་མཚར་དང་རྨད་དང་དགྱེས་པར་གྱུར་ནས། ཆོས་ཀྱི་དབྱངས་བསྒྲགས་པར་གྱུར་ཏོ། །ེ་མའོ་ཞེས་བྱ་བ་ནི་ངོ་མཚར་བའོ། །ཆོས ་ཞེས་བྱ་བ་ནི་བཤད་མ་ཐག་པའི་ལུང་གི་བདག་ཉིད་དོ། །ཆོས་ཞེས་བྱ་བ་སྒྲ་གཉིས་པས་ནི་བཅོམ་ལྡན་འདས་ཀྱིས་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཐུགས་སུ་ཆུད་པའི་སྒོ་ནས་སེམས་ཅན་རྣམས་ཀྱི་དོན་མཛད་པ་གཟིགས་ནས ་ངོ་མཚར་དུ་གྱུར་པ་སྟོན་ཏོ། །ཆོས་ཀྱི་དོན་ལས་བྱུང་བ་ནི་སྟོང་པ་ཉིད་ལ་སོགས་པའི་རྒྱུ་མཐུན་པ་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་རང་བཞིན་ཅན་གྱི་རྡོ་རྗེ་འཆང་ཆེན་པོའོ། །ཆོས་དོན་དག་པ་བདག་མེད་པ་ཞེས་བྱ་བ ་ལ་ཇི་ལྟར་ཀུན་ཏུ་བརྟག་པའི་དངོས་པོ་རྣམས་ཀྱི་སྟོང་པ་ཉིད་ཀྱི་རྒྱུ་མཐུན་པ་མེ་ལོང་ལྟ་བུའི་ཡེ་ཤེས་ནི་ཆོས་དག་པོ་སྟེ་དེའི་རང་བཞིན་ཅན་གྱི་ནམ་པར་སྣང་མཛད་ནི་ཆོས་དོན་དག་པ་བདག་མེད་པའི་སྒྲར?་བརྗོད་དོ། །རྡོ་རྗེ་ནི་སོ་སོ་བརྟོག་པའི་ཡེ་ཤེས ་ཡིན་ཞིང། ངེས་།གསལ་ཞིང་འབར་བས་ན་རྡོ་རྗེ་རྒྱལ་པོ་སྟེ་འོད་དཔག་ཏུ་མེད་པའོ། །སྐུ་དང་གསུང་དང་ཐུགས་རབ་ཏུ་དག་པ་ནི། རིན་ཆེན་འབྱུང་ལྡན་ཏེ། རྣམ་པར་ཐར་བའི་སྒོ་མཚན་མ་མེད་པའི་རྒྱུ་མཐུན་པ་སྐུ་ལ་སོགས་པ་མཉམ ་བ་ཉིད་ཀྱི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །ནམ་མཁའ་དང་ནི་མཉམ་ཉིད་གནས་པ་ནི་དོན་ཡོད་པར་གྲུབ་པ་སྟེ། རྣམ་པར་ཐར་པའི་སྒོ་རང་བཞིན་གྱིས་འོད་གསལ་བའི་རྒྱུ་མཐུན་པ་བྱ་བ་བསྒྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་ནི ་ནམ་མཁའ་ཨི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །རྣམ་པར་མི་འགྱུར་སྣང་བ་མེད། ཅེས་བྱ་བ་ནི་རྣམ་པ་ཐམས་ཅད་དང་བྲལ་བའི་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་རང་བཞིན་ཅན་ཀྱི་མི་བསྐྱོད་པ་སྟེ། ནམ་མཁའ་བཞིན་དུ་མི་ཟད་པ་ཉིད ་ཡིན་པའི་ཕྱིར་རོ། །རྡོ་རྗེ་སྐུ་ཞེས་བྱ་བ་ནི་སྐུ་རྡོ་རྗེ་སངས་རྒྱས་སྤྱན་གྱི་རྣམ་པར་ཡོངས་སུ་གྱུར་པ་ཉིད་ཡིན་པའི་ཕྱིར་རོ། །ཐུགས་ནི་དེ་བཞིན་གཤེགས་པའི་གཙོ། ཞེས་བྱ་བ་ནི་འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བའི ་སེམས་ཅན་རྣམས་ཀྱི་རྒྱུད་ཀྱི་བདག་ཉིད་ཀྱི་ཐུགས་མཱ་མ་ཀཱིའི་རྣམ་པར་གསལ་བར་བྱུང་བ་ཉིད་མིན་པའི་ཕྱིར་རོ། །དབྱིངས་གྱུར་ནམ་མཁའ་ཆེན་མོ་སྟེ། །ཞེས་བྱ་བ་ནི་སྨོན་ལམ་མི་དམིགས་པས་དབྱིངས་ཏེ། རྒྱུ་རྣམ་པར་དཔྱད ་ན་མེད་པའི་ཕྱིར་ནམ་མཁའ་ཆེན་མོ་ནི་འོད་དཔག་ཏུ་མེད་པ་ཡིན་ཞིང། །དེའི་རང་བཞིན་ཅན་གྱི་གོས་དཀར་མོའོ། །ནམ་མཁའ་ཨི་ལམ་ཞེས་བྱ་བ་ནི་ནམ་མཁའ་ཨི། མཚན་ཉིད་ཅན་གྱི་རྣམ་པར་ཐར་པའི་སྒོ་རང་བཞིན་ཅན་གྱིས་འོད ་གསལ་བའི་རྒྱུ་མཐུན་བ་བྱ་བ་བསྒྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་དོན་ཡོད་པར་གྲུབ་པའི་རང་བཞིན་ཅན་གྱི་སྒྲོལ་མའོ། །ནམ་མཁའ་ཨི་སྐུ་ལས་ཡང་དག་བྱུང། །ཞེས་བྱ་བ་ནི་སྐུ་རྡོ་རྗེའི་རང་བཞིན་ཅན ་གྱི་འཕགས་པ་གཤིན་རྗེ་མཐར་བྱེད་ཡིན་པའི་ཕྱིར་རོ། །ནམ་མཁའ་ཨི་གསུང་ལ་གནས་པ་པོ། ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པའི་བདག་ཉིད་ཀྱི་འཕགས་པ་རྟ་མགྲིན་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ནམ་མཁའ་ཨི་ཐུགས་ཏེ་ཆོས ་ཀྱི་མཆོག་། ཞེས་བྱ་བ་ནི་མི་བསྐྱོད་པའི་རིགས་ལས་བྱུང་བའི་འཕགས་པ་གཞན་གྱིས་མི་ཐུབ་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །སྤྱོད་པའི་གནས་ཞེས་བྱ་བ་ལ། སྤྱོད་པ་སྟེ་འགྲོ་བ་མ་ལུས་པའི་བྱ་བ་སྒྲུབ་པར་བྱེད་པའི ་རང་བཞིན་གྱི་གནས་ནི་རྒྱུ་སྟེ། འཕགས་པ་བདུད་རྩི་འཁྱིལ་པ་ཡིན་ཞིང་དེའི་རང་བཞིན་ཅན་གྱི་དཔལ་རྡོ་རྗེ་སེམས་དཔའ་ཨོ། །ཚིག་དེ་རྣམས་ཀྱིས་ནི་ཇི་ལྟར་བཅོམ་ལྡན་འདས་ནམ་མཁའ་དང་མཉམ་པ་གཉིས་སུ་མེད་པའི་རྡོ་རྗེའི་ཏིང་ངེ ་འཛིན་ལ་ཉེ་བར་དམིགས་པ་ཁོ་ན་བཞིན་དུ། དེ་བཞིན་གཤེགས་པ་རྣམས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་ཀྱི་རང་བཞིན་གྱི་སྒོ་ནས་ཡང་དག་པའི་ཡོན་ཏན་རྣམས་ཀྱིས་ཀུན་ཏུ་བསྟོད་པའོ། །ཕྱག་འཚལ་པའི ་ཚིག་འདི་རྣམས་ཀྱིས་ཀྱང་སྔ་མ་བཞིན་དུ་ཕྱག་བཞི་བྱ་བར་ཁོང་དུ་ཆུད་པར་བྱའོ། །ཀུན་ཏུ་སྤྱོད་པའི་མཆོག་ཅེས་བྱ་བ་ནི། རྣམ་པ་ཐམས་ཅད་རྣམ་པར་སྤྱོད་པའི་ཐབས་ཀྱི་རྣམ་པར་འཇོག་པ་སྟེ། དོན་དེ་སྟོན་པར་བྱེད་པའི་ལེའུ ་ལ་དེ་སྐད་ཅེས་བྱའོ། །ལེའུ་ལྔ་པའི་རྣམ་པར་བཤད་པའོ།། །།ཇི་ལྟ་བ་བཞིན་དུ་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང་ལྡན་པས་ཕུང་པོ་ལ་སོགས་པ་བྱིན་གྱིས་བསླབ་པའི་རྗེས་ཐོགས་ལ་སྐུ་དང་གསུང ་དང་ཐུགས་བྱིན་གྱིས་བརླབ་པ་དང། རྗེས་སུ་མཉེས་བར་བྱ་བ་དང། མཆོད་པའི་ཚོགས་བྱིན་གྱིས་བརླབ་པར་བྱ་བ་ཡིན་པས། སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པའི་ལེའུ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་སུའོ། །ཡང་ཞེས་བྱ་བའི་སྒྲ་ནི ་ཚིག་གི་རྒྱན་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནས། གསུངས་སོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསང་བ་ནི་ཇི་སྐད་བཤད་པའི་མཚན་དང་དཔེ་བྱད?་རྣམས་ཀྱིས་རྣམ་པར་སྤྲས་པའི ་སྐུར་འགྲུབ་པར་བྱིན་གྱིས་རློབ་པར་བྱེད་པའི་སྔགས་སོ། །གསུང་གི་གསང་བ་ནི་སོ་སོར་ཡང་དག་པར་རིག་པ་བཞིས་གསལ་བར་གྱུར་པའི་གསུང་རྡོ་རྗེར་བྱིན་གྱིས་རློབ་པར་བྱེད་པའི་སྔགས་སོ། །ཐུགས་ཀྱི་གསང་བ་ནི་སྙིང་གར་དཔལ་བེའུའི་རྣམ་པ་ཅན ་གྱི་སྐྱེས་བུ་ཆེན་པོའི་མཚན་བྱིན་གྱིས་རློབ་པར་བྱེད་པའི་སྔགས་ཏེ། ཏིང་ངེ་འཛིན་གང་ལ་དེ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཐུགས་བྱིན་གྱིས་བརླབ་པའི་སྔགས་ཞེས་བྱ་བ་ལ། རྒྱུད་ཐུགས་རྡོ་རྗེ་གཙོ་བོར་གྱུར་པའི་ཉིད་ཡིན་པའི་ཕྱིར་དང་པོར ་གསུངས་ཏེ། སྐུ་དང་གསུང་དང་ཐུགས་གོ་རིམ་བཞིན་དུ་བྱིན་གྱིས་བརླབ་པ་ནི་མན་ངག་ཡིན་པར་ཁོང་དུ་ཆུད་པར་བྱའོ། །རྡུལ་དང་བྲལ་པ་ནི་སྐུ་རྡོ་རྗེ་སྟེ། གཟུགས་བརྙན་མ་ལུས་པའི་རྒྱུ་མེ་ལོང་ལྟ་བུའི་ཡེ་ཤེས་དྲི་མ་མེད་པ་ཉིད་ཡིན ་པའི་ཕྱིར་རོ། །དེ་ཉིད་གནས་ཏེ་གཟུགས་བརྙན་མ་ལུས་པའི་འབྱུང་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཏིང་ངེ་འཛིན་གང་ལ་མི་ཕྱེད་པ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་གང་ཡིན་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །མཉམ་པ་ཉིད་མི་གཉིས་པ་ནི་གསུང ་རྡོ་རྗེ་སྟེ་ཁམས་གསུམ་པའི་ཚིག་ཏུ་བརྗོད་པའི་བྲག་ཆའི་སྒྲ་དང་མཚུངས་པ་ལ་ཡོད་པ་དང་མེད་པའི་རྣམ་པར་རྟོག་པ་གཉིས་མེད་པ་ཉིད་ཡིན་པའི་ཕྱིར་རོ། །གང་ལ་དེ་ཉིད་རྡོ་རྗེ་ཡིན་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་གསུམ་པོ་ཞེས་ ་བྱ་བ་ནི་བཤད་མ་ཐག་པའི་སྔགས་གསུམ་པོ་སྐུ་རྡོ་རྗེ་ལ་སོགས་པར་བསྐྱེད་པར་བྱེད་པའི་རྒྱུ་སྟེ། རྒྱུ་ལ་འབྲས་བུ་ཉེ་བར་བཏགས་པ་ཡིན་པའི་ཕྱིར་རོ། །འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡིན་པས་ན་།དེ་བཞིན ་གཤེགས་པའི་འོ། །གསང་ཞེས་བྱ་བ་ནི་བརྟན་པར་བྱ་བ་མ་ཡིན་པའོ། །གནས་ཞེས་བྱ་བ་ནི་མགོ་དང་ལྐོག་མ་དང་སྙིང་གའོ། །གནས་ནི་རྣམ་པར་བསྒོམ་པར་བྱ་ཞེས་བྱ་བ་ནི། དེ་རྣམས་སུ་རྟེན་དང་བཅས་པར་སྐུ་རྡོ་རྗེ་ལ་སོགས་པའི་ཡི་གེ ་བསྒོམ་བའི་རང་བཞིན་ནོ། །སྔགས་ཏེ་སྐུ་རྡོ་རྗེ་ལ་སོགས་པ་རྣམས་ཀྱི་མཚན་དང་དཔེ་བྱད་དང་སོ་སོར་ཡང་དག་པར་རིག་པ་བཞི་དང་ལྡན་པའི་གསུང་གི་འཇུག་པ་དང། སྐྱེས་བུ་ཆེན་པོའི་མཚན་དཔལ་ལེའུ་རྣམས་ནི་སྔགས་ཀྱི་མཚན ་ཉིད་དེ། དེ་རྣམས་ཀྱིས་མཚོན་ཅིང་གསལ་བར་བྱས་པ་ནི། སྔགས་ཀྱི་མཚན་ཉིད་རྣམས་ཀྱིས་མཚོན་པར་གྱུར་པའོ། །བསྒྲུབ་པ་ཉིད་དུ་བྱ་ཞེས་བྱ་བ་ནི་མན་ངག་ཇི་ལྟ་བ་བཞིན་དུ་སྐུ་རྡོ་རྗེ་ལ་སོགས་པ་རྣམས་སུའོ། །གང་དག ་གིས་ཞེ་ན། རབ་མཆོག་འདི་ཡིས་ཞེས་བྱ་བ། བཤད་མ་ཐག་པའི་ཡི་གེ་གསུམ་གྱིས་སོ། །དེས་ནི་འདི་སྐད་དུ་བཤད་པ་ཡིན་ཏེ། ཇི་ལྟ་བ་བཞིན་དུ་ཕུང་པོ་ལ་སོགས་བྱིན་གྱིས་བརླབ་པ་ལ་ཐུག་པའི་ཆོ་ག་བྱས་ལ། མགོ་དང ་ལྐོག་མ་དང་སྙིང་གའི་ཕྱོགས་སུ་འཁོར་ལོ་དང་ཆུ་སྐྱེས་དང་ཉི་མའི་དཀྱིལ་འཁོར་རྣམས་ལ། སྐུ་ལ་སོགས་པའི་ཡི་གེ་རྣམས་བསམས་ཏེ། དེ་རྣམས་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་བསྐྱེད་པའི་སངས་རྒྱས་སྤྱན་དང། གོས ་དཀར་མོ་དང། མཱ་མ་ཀཱི་རྣམས་ཀྱིས། ནམ་མཁའ་ཁྱབ་པའི་གསུང་དང་ཐུགས་རྡོ་རྗེ་རྣམས་རྗེས་སུ་མཉེས་བར་བྱས་ལ། བཀུག་སྟེ་མདུན་ན་གནས་པའི་ཟླ་བ་ལ་སོགས་པའི་གདན་ལ་བཞུགས་པ་རྣམས་ལ། དཔལ་ལྡན་སངས ་རྒྱས་སྐུ་འཆང་བ། ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་གསོལ་བ་བཏབ་སྟེ་སྐུ་ལ་སོགས་པ་ལ་བཅུག་ལ། སངས་རྒྱས་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་ང་རྒྱལ་བསྐྱེད་ནས། སྔགས་འདི་རྣམས་ཀྱིས་བྱིན་གྱིས ་བརླབ་པར་བྱའོ། །ཡེ་ཤེས་སྒྲོན་མ་ནི་རིན་ཆེན་དཔལ་ཏེ། རྡོ་རྗེ་དང་པདྨ་ལས་བྱུང་བའི་འོད་ཟེར་གྱི་སྣང་བའི་སྒོ་ནས་འཁོར་ལོ་གཉི་ག་རྗེས་སུ་མཉེས་པར་བྱེད་པའི་ཕྱིར་རོ། །གང་ལ་དེ་ཉིད་རྡོ་རྗེ་ཡིན་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གདོན་མི་ཟ་བ ་ནི་དོན་ཡོད་པར་གྲུབ་པ་སྟེ། འབྲས་བུ་དང་བཅས་པར་མངོན་པར་འདོད་པའི་རྫོགས་པའི་བྱང་ཆུབ་ལ་སོགས་པའི་འབྲས་བུ་སྒྲུབ་པར་བྱེད་པའི་མཆོད་པའི་ཚོགས་བྱིན་གྱིས་རློབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། སྒྲུབ ་ཐབས་ལས་བཤད་པའི་ཚུལ་བཞིན་དུ་མངོན་པར་འདུས་བྱས་པའི་རིག་མ་དང་ལྷན་ཅིག་རྡོ་རྗེ་དང་པད་མ་ཡང་དག་པར་སྦྱོར་བའི་ཚེ་རིན་ཆེན་དཔལ་གྱི་ང་རྒྱལ་དང་ལྡན་པས། རྗེས་སུ་མཉེས་པར་བྱེད་པའི་སྔགས་བརྗོད་ལ། རིམ་པ་དེ་ཉིད་ཀྱིས་ལས ་ལ་གནས་པར་བྱས་ཏེ། སྤྲོ་ཞིང་བསྡུས་ལ། བྱིན་གྱིས་བརླབས་པའི་རྗེས་ཐོགས་སུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཚོགས་སངས་རྒྱས་སྤྱན་ལ་སོགས་པའི་རྣམ་པར་སྤྲོས་ཏེ། དེས་ནམ་མཁའ་ཨི་དབྱིངས་ཀུན་ཏུ་ཁྱབ་པར་བལྟ་ཞིང། དོན་ཡོད་པར ་གྲུབ་པའི་ང་རྒྱལ་དང་ལྡན་པས་མཆོད་པའི་ཚོགས་དེ་སྔགས་འདིས་བྱིན་གྱིས་བརླབ་པར་བྱའོ། །དེ་ཉིད་རྟག་ཏུ་འདོད་པའི་ཡོན་ཏན་ལྔས། ཞེས་བྱ་པ་ལ་སོགས་པ་གསུངས་ཏེ། ཚུལ་བཞིན་ཞེས་བྱ་བ་ནི་ལ་ལ་ནི་གཟུགས་ཀྱི་ངོ་བོར་ཞེས ་བྱ་བ་ལ་སོགས་པའི་ཚུལ་བཞིན་དུའོ། །མཆོད་པ་རྣམ་པ་ལྔ་ནི་བདུད་རྩི་ལྔ་སྟེ། དེ་ལྟར་བྱེད་པས་ནི་མྱུར་དུ་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །སྔགས་རྣམས་གང་ལས་འབྱུང་པ་དང། ་ཇི་ལྟར་དེ་ལས་བྱུང་བའི་འབྲས་བུ་འབྱུང་བར་འགྱུར་ཞེས་དཔྱད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསུངས་སོ་ཞེས་བྱ་བར་སྦྱར་རོ། །དམིགས་པར་བྱ་བས་ན་དམིགས་པ་སྟེ། དཔྱད་པར ་ཞེས་བྱ་བའི་དོན་ཏོ། །སྔགས་རྣམས་གང་ལས་འབྱུང་ཞེ་ན། ལུས་ཏེ་རྐང་དང་མཆུ་གཉིས་ཀྱི་ཚོགས་པའི་རང་བཞིན་ལས་སོ། །ཇི་ལུས་འབའ་ཞིག་ལས་སམ་ཞེ་ན། དེའི་ཕྱིར་གསུངས་པ་དག་སྟེ་སྒྲའི་རང་བཞིན་ལས་སོ། ། ་དེ་ཇི་ཙམ་འབའ་ཞིག་ལས་སམ་ཞེ་ན། དེའི་ཕྱིར་ཡིད་ཀྱིས་བསྐུལ་བ་ལས་ཞེས་བྱ་བ་གསུངས་ཏེ། གལ་ཏེ་དེ་དག་ལ་སྐུལ་བར་བྱེད་པ་ཡིད་ཡོད་ནའོ། །དེ་ལྟར་གསུམ་འདུས་པ་ལས་བྱུང་བའི་སྔགས་ནི་སྐུ་དང་གསུང་དང ་ཐུགས་རྡོ་རྗེ་རྣམས་སྒྲུབ་བར་བྱེད་པ་ཡིན་ནོ། །ཇི?་དེའི་ནུས་པ་དེ་ཙམ་ཁོ་ན་ཡིན་ནམ་ཞེ་ན། རབ་མཆོག་ཅེས་བྱ་བ་གསུངས་ཏེ། རིན་ཆེན་དཔལ་གྱི་ཕྱག་རྒྱ་ཆེན་པོའོ། །དངོས་གྲུབ་ཅེས་བྱ་བ་ནི་དོན་ཡོད་པར་གྲུབ་པའོ། །ཡིད་ནི་དེ ་བཞིན་གཤེགས་པ་དྲུག་པ་སྟེ། རྡོ་རྗེ་འཆང་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་གྱི་བདག་ཉིད་དོ། །དེ་མཉེས་པར་བྱེད་པ་ནི་འཕགས་པ་གཤིན་རྗེ་མཐར་བྱེད་ལ་སོགས་པ་སྒོ་སྲུངས ་རྣམས་ཏེ་འདི་ཉིད་ལས་མཉེས་པར་བྱེད་པའི་དཀྱིལ་འཁོར་གྱི་དམ་ཚིག་སེམས་པ་རྣམས་ཞེས་གསུངས་པའི་ཕྱིར་རོ། །འདོད་པ་ཞེས་བྱ་བ་ནི་འོད་བ་སྟེ་ཀུན་ཏུ་བཟང་མོ་ལ་སོགས་པ་ཡིན་ཞིང་། དཀྱིལ་འཁོར་པའི་ལྷ་ཐམས་ཅད་དང ་རིག་མའི་སྐུ་ཡང་སྒྲུབ་པར་བྱེད་དོ། །དེ་རྣམས་ཀྱི་རྒྱུ་དགག་པའི་ཕྱིར། སེམས་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རེ་ཞིག་སེམས་ཉིད་ནི་སྐྱེ་བ་ལ་སོགས་པའི་རྣམ་པ་དང། རྟག་པ་ལ་སོགས་པའི་མཚན་ཉིད ་?་ནང་ལ་སོགས་པའི་རང་བཞིན་དུ་དམིགས་པར་མི་འགྱུར་རོ། །དེ་བཞིན་དུ་དག་དང་ལུས་ངག་མི་དམིགས་པའི་ཕྱིར་ནམ་མཁའ་ཨི་མཚན་ཉིད་ཅན་ཡིན་ཏེ། གསུམ་འདུས་པ་ལས་བྱུང་བའི་ལུས་དང་ངག་དང་སེམས་ལ་དམིགས་ན་ངོ་བོ་ཉིད་དམིགས་སུ་མེད་དོ ་ཞེས་དེ་ལྟར་རྣམ་པར་དཔྱད་ན་།རེ་ཞིག་ལུས་ལ་སོགས་པ་ཉིད་མི་དམིགས་ན། དེ་ལས་བྱུང་བའི་སྔགས་རྣམས་དང། དེ་ལས་བྱུང་པའི་སྐུ་རྣམས་ལྟ་ག་ལ་དམིགས་། དེ་ལྟར་དོན་དམ་པར་བྱང་ཆུབ་སྤྱོད་བ་བསྒོམ་པར་བྱ། ཞེས་བྱ་བ་ནི་ཀུན ་རྫོབ་དང་དོན་དམ་པ་ཐ་མི་དང་ཅིང་ཐབས་དང་ཤེས་རབ་འབྲེལ་བའི་བདག་ཉིད་ཅན། བཤད་ཟིན་པའི་མཚན་ཉིད་དང་ལྡན་པའི་ལྷའི་རྣལ་འབྱོར་བསྒོམ་པར་བྱ་བའི་དོན་ཏོ། །སྔར་ནི་སྒོམས་པ་གོམས་པར་མ་བྱས་པའི་སློབ་དཔོན་རྣམས་ཀྱིས ་དཀྱིལ་འཁོར་བྲི་བའི་ཕྱིར་ཕྲ་མོའི་རྣལ་འབྱོར་བཤད་ལ། དེ་ནི་སྒྲུབ་པ་པོ་རྣམས་ཀྱི་སེམས་བརྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཀའ་སྩལ་ཏོ་ཞེས་བྱ་བར་སྦྱར་རོ། །འཇིག་རྟེན་པ་དང་འཇིག་རྟེན ་ལས་འདས་པའི་ཏིང་ངེ་འཛིན་ཐམས་ཅད་ཕུན་སུམ་ཚོགས་པ་དང་ལྡན་པ་ཉིད་ཡིན་པའི་ཕྱིར་དཔལ་ལྡན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བླ་ན་མེད་པ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་མཆོད་པས་ན། དེ་བཞིན་གཤེགས་པ་ཀུན ་གྱིས་མཆོད་པའོ། །སངས་རྒྱས་ཀུན་མཆོག་ཀུན་མཁྱེན་ཏེ་རྡོ་རྗེ་སེམས་དཔའ་བཤད་དོ། །ནམ་མཁའ་ཨི་དབྱིངས་ནི་དབུས་གནས་པར། །ཞེས་བྱ་བ་རིག་མའི་ཆོས་འབྱུང་གི་དབུས་ཀྱི་དཀྱིལ་འཁོར་གྱི་ལྟེ་བ་ན་གནས་པའི་པདྨའི་སྟེང་དུ་ཟླ་བའི ་གཟུགས་ཀྱི་གདན་རྣམ་པར་བསྒོམ་ལ། དེའི་སྟེང་དུ་སངས་རྒྱས་གཟུགས་ནི་ཞེས་བྱ་བ་རྡོ་རྗེ་འཆང་ཆེན་པོའོ། །སྣེའི་རྩེ་མོར་ཞེས་བྱ་བ་ནི་པདྨའི་སྣ་རྩེའོ། །ཉུངས་ཀར་ཞེས་བྱ་བ་ནི་དེའི་ཚད་ཀྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཁ་དོག་ལྔ་བ།? ་པའོ། །འགྲོ་དང་མི་འགྲོ་ཞེས་བྱ་བ་ནི། བརྟན་བ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱིས་རང་བཞིན་གྱི་དཀྱིལ་འཁོར་འཁོར་ལོའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའམ། ཡང་ན་ལྷ་མོ་བཞི་དང་ལྡན་པའི? ་གསང་བ་ལྔའི་བདག་ཉིད་དམ། ཕུང་པོ་ལ་སོགས་པ་བྱིན་གྱིས་བརླབས་པ་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ཅན་སྙོམས་པར་ཞུགས་པའི་གཟུགས་གཅིག་པུ་སྟེ་དེའི་ནང་དུ་བསྒོམ་པར་བྱའོ། །ཡེ་ཤེས་གནས་ཞེས་བྱ་བ་ནི་ཡེ ་ཤེས་ལྔའི་བདག་ཉིད་ཀྱི་དཔལ་རྡོ་རྗེ་སེམས་དཔའ་སྔོན་དུ་བྱ་བའི་འབྲས་བུའོ། །དེའི་གཟུགས་དང་སྐུ་མདོག་ལ་སོགས་པའི་རྣམ་པར་བྱིན་གྱིས་བརླབས་པ་ནི་ཡེ་ཤེས་ཀྱིས་བརྟགས་པའོ། །སངས་རྒྱས་སྐུའི་གནས་ཞེས་བྱ་བ་ནི། ་དཔལ་རྡོ་རྗེ་འཆང་ལས་བྱུང་བའི་མི་བསྐྱོད་པ་དང། དེ་བཅུག་པའི་ཞེ་སྡང་རྡོ་རྗེའོ། །དེའི་སྟེང་དུ་གནས་ཞེས་བྱ་བ་ནི་མི་བསྐྱོད་པའི་རྣལ་འབྱོར་པས་མཱ་མ་ཀཱིའི་པདྨའི་སྣ་རྩེ་ན་གནས་པའི་ནས་ཀྱི་འབྲུའི་ཚད་ཙམ་གྱི་ཨུཏཔ་ལ་སྔོན ་པོ་ལྟ་བུའི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཡི་གེ་ཧཱུཾ་ལས་བྱུང་བའི་མི་བསྐྱོད་པའོ། །དེ་ཁོ་ན་བཞིན་དུ་ཞེ་སྡང་རྡོ་རྗེའི་རྣལ་འབྱོར་པས་ཀྱང་རྡོ་རྗེ་རྩེ་མོ་དགུ་པའི་ལྟེ་བར་ཞེ་སྡང་རྡོ་རྗེའོ། །དེ་བཞིན་དུ་སངས་རྒྱས་སྤྱན་གྱི་པདྨའི་སྣ་རྩེར ་ཙ་ན་ཀི་འབྲས་བུའི་ཚད་ཙམ་གྱི་འཁོར་ལོ་རྩིབས་བརྒྱད་པ་དཀར་པོའི་ལྟེ་བར་རྣམ་པར་སྣང་མཛད་དོ། །དང་པོའི་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །རིན་ཆེན་ནི་ཉུངས་ཀར་གྱི་འབྲུའི་ཚད་ཙམ་སྟེ། འོན་ཀྱང ་བཻཌཱུརྱའི་མདོག་ཅན་ཡིན་ཞིང་དེའི་ནང་དུ་རིན་ཆེན་དཔལ་ལོ། །ཙ་ན་ཀའི་འབྲུའི་ཚན་ཙམ་ཞེས་བྱ་བ་པདྨ་འདབ་མ་བརྒྱད་པའི་ལྟེ་བར་འོད་དཔག་ཏུ་མེད་པའོ། །འོད་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ནི་གདན་གྲུ་གསུམ་འོད ་ཟེར་གྱིས་ཁྱབ་པའོ། །སངས་རྒྱས་ཚུལ་ནི་ཞི་བ་སྤྲོ། །ཞེས་བྱ་བ་ནི་དང་པོ་སྦྱོར་བའི་ཏིང་ངེ་འཛིན་གྱི་རང་བཞིན་དོན་ཡོད་པར་གྲུབ་པའོ། །འཁོར་ཡང་ཁྱད་པར་དག་ཏུ་སྤྲོ། །ཞེས་བྱ་བ་ནི་ལྷའི་འཁོར་ལོ་ཕྱུང་བ་སྟེ། དེས་འགྲོ་བ་མ་ལུས ་བའི་བྱ་བ་བསྒྲུབས་ནས། དེ་བཀུག་སྟེ་གནས་ཇི་ལྟ་བ་བཞིན་དུ་དགོད་པར་བྱའོ། །དེས་ནི་ཏིང་ངེ་འཛིན་གསུམ་བསྒོམ་པ་སྔོན་དུ་འགྲོ་བ་ཅན་གྱི་ཕྲ་མོའི་རྣལ་འབྱོར་བསྒོམ་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །ུཏཔ་ལ་མཐིང་ག་ཞེས ་བྱ་བ་ལ་སོགས་པ་དེ་ཡང་བཤད་ཟིན་པ་ཁོ་ནའོ། །འཁོར་ལོ་ལ་སོགས་ཞེས་བྱ་བ་ནི་ལྷ་མ་ལུས་པའི་ཕྱག་མཚན་ཟླུམ་པོ་དང་ཐུང?་དད་དང་པོའི་བྱེ་བྲག་གིས་ཐ་དད་པ་རྣམས་ཏེ། དེ་དག་དང་རྗེས་སུ་མཐུན་པར་ཡུངས་ཀར་དང་ནས་དང་ཙ་ན་ཀའི ་ཚང་ཙམ་བསྒོམ་པའོ། །དེར་ནི་བརྟག་པར་བྱ་ཞེས་བྱ་བ་ནི་ཇི་སྐད་བཤད་བའི་སྣའི་རྩེ་མོར་ཏེ་གཞན་དུ་མ་ཡིན་ཞེས་བྱ་བའི་དོན་ཏོ། །དོན་ཡོད་པར་གྲུབ་པ་ནི་ནས་ཀྱི་འབྲུའི་ཚད་ཙམ་གྱི་རལ་གྲི་ཨུཏཔ་ལ་སྔོན་པོ་ལྟ་བུའི་ནང་ན་གནས་པར ་རོ།། ནམ་མཁའ་ཨི་དབྱིངས་ཀྱི་དབུས་གནས་པར། །ཞེས་བྱ་བ་རང་གི་རིག་མའི་ཆོས་འབྱུང་གི་ནང་ན་གནས་པའི་མི་བསྐྱོད་པ་ལ་སོགས་པའི་དཀྱིལ་འཁོར་གྱི་ལྟེ་བ་ན་གནས་པའི་པདྨར་ཉི་མ་ལ་སོགས་པའི་གདན་ལ་བཞུགས་པའི་མི ་བསྐྱོད་པ་ལ་སོགས་པ་གང་ཡང་རུང་བའི་རྣལ་འབྱོར་དང་ལྡན་པས། རང་གི་རིག་མའི་པདྨའི་སྣ་རྩེ་ན་གནས་པའི་རྡོ་རྗེ་ལ་སོགས་པའི་མཚན་མའི་ནང་ན་གནས་པའི་རང་གི་ས་བོན་ལས་བྱུང་བའི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་དམ་།གསང་བ་ལྔའི ་རང་གི་ཉིད་དམ་སྙོམས་པར་ཞུགས་པའི་རང་གི་བདག་པོའི་གཟུགས་གཅིག་དུ་བསྒོམ་བར་བྱའོ། །དེ་ལས་ཅིར་འགྱུར་ཞེ་ན། བྱང་ཆུབ་གནས་ཞེས་བྱ་བ་གསུངས་ཏེ། ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་གྱི་རང་གི་འདོད་བའི་ལྷའི་གཟུགས་སོ། །དེ ་ཉིད་ནི་མཆོག་ཏུ་དགའ་བའི་རང་བཞིན་ཉིད་ཡིན་པའི་ཕྱིར་ཉམས་དགའ་བ་སྟེ། དེ་སྐད་དུ་ཡང། དེ་ནས་བརྩམས་ཏེ་མཉམ་བཞག་པས། ཏིང་འཛིན་ཡེ་ཤེས་ཀྱིས་བརྟགས་པ། །གང་ཞིག་ཅུང་ཟད་ཅི ་བསྒོམ་པ། །དེ་དག་ཐམས་ཅད་བརྟན་པར་འགྱུར། །ཞེས་གསུངས་སོ། །ཁྱད་བར་ཇི་ལྟ་བུ་ཅན་ཞིག་ཡིན་ཞེ་ན། གསུངས་པ་དཔལ་རྡོ་རྗེ་འཆང་ལ་སོགས་པའི་དངོས་གྲུབ་ཐམས་ཅད་དང། སྟོབས་དང་མི་འཇིགས་པ་ལ་སོགས་བའི་ཡོན ་ཏན་རྣམས་ཀྱི་གནས་ཏེ་འདུག་བའི་རྟེན་ནོ། །སངས་རྒྱས་བྱང་ཆུབ་རབ་གནས་བར། ཞེས་བྱ་བ་ནི་རང་གི་རིག་མ་དང་ལྡན་པའོ། །དེ་ལས་མདོར་ན་སྤྲོ་བར་བྱ། །ཞེས་བྱ་བ་ནི་རིན་ཆེན་བརྟན་པར་གྱུར་ནས་སྤྲོ། །ཞེས་སྔར་བཤད ་པའི་ཚུལ་བཞིན་དུ་སེམས་བརྟན་བར་གྱུར་ནས་རང་གི་མཚན་མའི་ནང་ན་གནས་པའི་ལྷའི་སྐུ་སྤྲོ་བའོ། །དཀྱིལ་འཁོར་གྱི་སྔོན་དུ་བསྙེན་བའི་དོན་དང། སྒྲུབ་པའི་དོན་དུ་རིམ་པ་འདི་ཉིད་དང་པོ་ཡིན་ནོ། །ཆོས་ཀྱི་དམ་ཚིག་ཅེས་བྱ་བ ་ནི་ལྷ་དེ་དང་དེའི་རང་བཞིན་སྟོན་བར་བྱེད་ཅིང་སྐུ་ལ་སོགས་པ་ཉེ་བར་མཚོན་པར་བྱེད་བའི་སྔགས་ཀྱི་ཚིག་སྟེ། དེ་ནི་བཟླས་བའི་ཆོ་ག་ལ་སྦྱར་བར་བྱའོ། །དེ་ལྟར་གང་ཡང་རུང་བའི་སྒོམ་པའི་སྒོ་ནས་སེམས་བརྟན་པར་བྱས་པའི ་རྣལ་འབྱོར་པ་གཟུགས་ལ་སོགས་བའི་ཡུལ་དང་ལྡན་བས་ཉིན་རེ་ཞིང་ཐུན་བཞིའི་རིམ་པར་རང་གི་རིགས་ཀྱི་རིག་མ་དང་ཡང་དག་བར་སྦྱོར་བའི་མཆོག་ཏུ་དགའ་བ་ལས་བྱུང་བའི་བདུད་རྩི་མྱང་བ་དང། སངས་རྒྱས་སྤྱན་ལ ་སོགས་པ་སྤྲོ་བས་མཆོད་པ་བྱེད་ཅིང་ཟླ་བ་དྲུག་བསྒོམ་པར་བྱའོ། །ཤེས་རབ་ཅན་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་མཐོང་བས་སོ། །ཡང་དག་བར་སྦྱོར་བ་སོགས་བ་ཉིད་བཤད་བའི་ཕྱིར། གསང་བ་དེ་ཉིད་མཆོད་ཆེན་གྱིས། །ཞེས ་བྱ་བ་གསུངས་ཏེ། གསང་བ་ནི་རྡོ་རྗེ་དང་ཆུ་སྐྱེས་ཡང་དག་པར་སྦྱོར་བའོ། །དེ་ཉིད་ནི་བདེ་བ་ཆེན་པོའོ། །མཆོད་ཆེན་དེ་སྤྲོ་བའི་རང་བཞིན་དང་མངོན་པར་འདོད་བའི་དངོས་གྲུབ་ཀྱི་འབྲས་བུ་དོན་དུ་གཉེར་བས་བདུད་རྩི་ལྔ་བཟའ་བའི་བྱ་བ་ཡང་བྱའོ། །དེ་ཡང་དགུག་པ ་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། དེ་སྐད་དུ་ཡང་བཤང་གཅི་ལ་སོགས་བཀུག་ནས་ནི། བཟའ་བའི་དོན་དུ་རབ་སྦྱར་བྱ་ཞེས་གསུངས་སོ། །སྒོམ་པའི་མཐུ་ནི། དེ་ཉིད་བླ་མེད་འགྲུབ་འགྱུར་ཞེས་བྱ་བས་གསུངས་ཏེ། ཐབས་དང་ཤེས་རབ་ཀྱི་བདེ་བ་ཆེན་པོའི ་རང་བཞིན་ཅན་གྱི་མངོན་པར་འདོད་པའི་ལྷའི་གཟུགས་སོ། །བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་མཐུན་པ་ཉིད་ཡིན་པའི་ཕྱིར་བྱང་ཆུབ་སེམས་ཏེ། འབྲས་བུ་ལ་རྒྱུ་ཉེ་བར་བཏགས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རང་བཞིན་གྱིས་ཡོངས་སུ་དག་པ་ཉིད་ཡིན་པས ་སྐྱོན་མེད་པའོ། །ཕྱག་རྒྱ་ཆེན་པོ་སྒྲུབ་པ་ལ་ཞུགས་པས་ནི་སྔགས་ཀྱིས་མངོན་པར་འདུས་བྱས་པའི་ཤ་ཆེན་བཟའ་བའི་བྱ་བ་བྱའོ། །དེ་བཞིན་དུ་མངོན་པར་ཤེས་པ་ལ་སྒྲུབ་པ་པོས་ནི་གླང་པོའི་ཤ་བཟའ་?་བ་དང། མི་སྣང་བ་དོན་དུ་གཉེར་བས ་ནི་རྟའི་ཤ་བཟའ་བ་དང། ཞི་བ་ལ་སོགས་པའི་ལས་ཐམས་ཅད་བསྒྲུབ་པ་ལ་ཞུགས་པས་ནི་ཁྱིའི་ཤ་བཟའ་བར་བྱའོ། །ཟས་གཞན་དག་ནི་མ་ཟོས་ན། ཞེས་བྱ་བ་ནི་ཕུལ་དུ་བྱུང་བ་ཐོབ་པས་བཀུག་ལ། ཇི་སྐད་བཤད་པའི་ཤ་བཟའ་ ་བར་བྱའི་ཟས་ལ་སོགས་པ་ནི་མ་ཡིན་པའོ། །ཡང་ན་གང་གི་ཚེ་མཐུ་མེད་པས་ཇི་བཤད་པའི་བཟའ་བ་མ་རྙེད་པར་གྱུར་པ་དེའི་ཚེ་གོ་སྐབས་མེད་བས་ཟས་གཞན་མི་བཟའ་འམ་ཞེས་པའོ། །སངས་རྒྱས་ཐམས་ཅད་ཀྱི་བཀའ་བསྒྲུབ་པར ་བྱེད་པ་ཡིན་པའི་ཕྱིར་མཉེས་པར་འགྱུར་རོ། །འདོད་པའི་ཁམས་ན་གནས་པའི་སེམས་ཅན་གྱི་ཁམས་རྣམས་ཀྱི་མངོན་པར་འདོད་པའི་དོན་སྒྲུབ་པར་བྱེད་པའི་ཕྱིར། འདོད་ཁམས་དབང་ཕྱུག་འཇིག་རྟེན་ནའོ། །རང་གི་འདོད་པ་ལྷའི་ ་།དཀྱིལ་འཁོར་གྱི་གོ་འཕང་གིས་འགྲོ་བ་མ་ལུས་བའི་བྱ་བ་བྱེད་པའི་ཕྱིར། གོ་འཕང་ལས་ནི་བྱེད་པ་སྟེ། གཞན་ནི་གོ་སླའོ། །ལུས་ངག་སེམས་ལས་འདའ་བའ་ཨོ་ཞེས་བྱ་བ་ནི། ཐ་མལ་པའི་ལུས་དང་ངག་དང ་སེམས་ལས་འདའ་བར་བྱེད་པ་སྟེ། རྣམ་པར་བྱང་བའི་རྣམ་པར་དག་བའི་སྐུ་ལ་སོགས་པར་བྱིན་གྱིས་རློབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །ལེའུ་དྲུག་པའི་རྣམ་པར་བཤད་པའོ།། །།རྣམ་པར་སྣང་མཛད་ལ་སོགས ་པའི་རང་བཞིན་ཅན་གྱི་གཟུགས་ལ་སོགས་བའི་ཡུལ་རྣམས་དབུལ་བར་བྱ་བའི་ཕྱིར་སངས་རྒྱས་རྗེས་སུ་དྲན་པ་ལ་སོགས་པའི་རྣལ་འབྱོར་བསྒོམ་པར་བྱ་བ་ཡིན་པས། སྔགས་སྤྱོད་པའི་མཆོག་གི་ལེའུ་དེ་ནས་བཅོམ་ལྡན་འདས ་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། གསུངས་སོ་ཞེས་བྱ་བར་སྦྱར་རོ། །འདི་ནི་དམ་ཚིག་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་དམ་ཚིག་ཆེན་པོ་སྟེ། རྣལ་འབྱོར་ཐམས་ཅད་ལ་ཉེ་བར་ལོངས་སྤྱོད་པའི་མཚན་ཉིད་ཅན་གྱི ་དཔལ་རྡོ་རྗེ་འཆང་ངོ། །དེའི་དེ་ཁོ་ན་ཉིད་ནི་ཟག་པ་མེད་པའི་བདེ་བ་ཆེན་པོ་ཡིན་ཞིང། ཀུན་ཏུ་བཟང་པོའི་གཟུགས་བསྒོམ་པ་ལས་བྱུང་བའི་རབ་ཏུ་དགའ་བ་སྟེ། དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་ནི་ཀུན་ཏུ་བཟང་པོའོ། ་ཞེས་འབྱུང་བའི་ཕྱིར་རོ། །མན་ཞེས་བྱ་བ་ནི་མཱ་མ་ཀཱིའི་དབང་དང་ཡུལ་རྣམས་ལ་བརྟེན་ནས་བྱུང་བ་ཡིན་ནོ། །ཏྲ་ཞེས་བྱ་བ་ནི་འགྲོ་བ་མ་ལུས་པ་སྐྱོབ་པར་བྱེད་པའི་དོན་ཏེ། ལེའུ་བཅོ་བརྒྱད་པ་ལས། ཡུལ་དང་དབང་པོ་ལ ་བརྟེན་ནས། བྱུང་བའི་ཡིད་ནི་གང་དང་གང། །དེ་དང་དེ་ནི་མན་ཞེས་བརྗོད། །སྐྱོབ་པའི་དོན་གྱིས་ཡི་གེ་ཏྲ། །ཞེས་གང་གསུངས་བའོ། །དེ་ལྟར་ན་ཡུལ་དང་དབང་པོ་རྣམས་རྣམ་པར་སྤྱོད་པའི་ཐབས་ཀྱི་རྣམ་པའི་འགྲོ་བའི་དོན་བྱེད ་པའི་སྤྱོད་པ་ནི་སྔགས་སྤྱད་པ་ཡིན་ཞིང། དེ་ཉིད་བྱང་ཆུབ་མཆོག་སྒྲུབ་པར་བྱེད་པ་ཉིད་ཡིན་བའི་ཕྱིར་དེ་སྐད་ཅེས་བརྗོད་པར་བྱ་སྟེ་བཅོམ་ལྡན་འདས་ཀྱིས་དོན་དེ་སྟོན་པར་བྱེད་པའི་སྒྲའི་ཚོགས་གསུངས་སོ། ཞེས་སྡུད་བ་པོས་བཤད་དོ། །འདོད་པའི་ལོངས་སྤྱོད ་ཐམས་ཅད་ལ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཡུལ་གྱི་ལོངས་སྤྱོད་ཐམས་ཅད་ལའོ། །ཇི་ལྟར་འདོད་པར་བསྟེན་ན་ཞེས་བྱ་བ་ནི་ཇི་ལྟར་མངོན་པར་འདོད་པ་བཞིན་དུ་སྟེ། ཚད་པའི་ལས་བཞིན་དུ་ནི་མ་ཡིན་པའོ། །འདི་ལྟ་བུ་ཞེས་བྱ་བ་རང་གི ་འདོད་པའི་ལྟར་དམིགས་པའི་སྒོ་ནས་ཡུལ་ལ་ཉེ་བར་ལོངས་སྤྱོད་པས་མྱུར་བ་ཉིད་དུ་འགྲུབ་པར་འགྱུར་རོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེ་བས་ན་ཡུལ་ཐམས་ཅད་ཀྱིས་རང་གི་ལྷག་བའི་ལྷའི་རང་བཞིན་ཅན་གྱི་བདག་ཉིད་དང། དཀྱིལ་འཁོར་པ་རྣམས ་ལ་མཆོད་པར་བྱ་སྟེ། རྨོངས་པ་གང་གིས་འཆིང་འགྱུར་བ། །དེ་ཡིས་མཁས་བ་གྲོལ་འགྱུར་ཏེ། །དེ་ལྟར་བྱང་ཆུབ་རྣམ་བསྒོམ་པས། །མ་ལུས་འདི་ནི་བཟློག་ལ་ཡིན་ཞེས་གང་གསུངས་པའོ། །དཀའ་ཐུབ་ཅེས་བྱ་བ་ནི་རང་གི་ཡན ་ལག་གཅོད་པ་ལ་སོགས་པ་རྣམས་སོ། །སྡོམ་པ་ནི་ལོ་མ་ཁམ་གཅིག་ཟ་བ་དང། ཟླ་བ་རེ་རེ་ཞིང་བསྙེན་གནས་སྲུང་བ་ལ་སོགས་པའོ། །མི་བཟང་བ་ནི་མི་ལྔ་བསྟེན་པ་དང་རྩེ་གསུམ་རྐོ་པ་ལ་སོགས་པ་རྣམས་སོ། །དེ་རྣམས་བསྟེན་ཀྱང ་འགྲུབ་པར་མི་འགྱུར་ཏེ། ?་ཕྱིར་ཞེ་ན། རྫོགས་པའི་སངས་རྒྱས་ལ་སོགས་པའི་རང་བཞིན་གྱི་རང་གི་ལུས་གདུངས་པའི་ཕྱིར་རོ། །ཡང་ངེས་ཇི་ལྟར་ན་འགྲུབ་པར་འགྱུར་ཞེ་ན། འདོད་པའི་ལོངས་སྤྱོད་ཐམས་ཅད་ལ་ཞེས་པ་ལ ་སོགས་པ་གསུངས་ཏེ། སློངས་མ་ཟ་ཞིང་མ་བཟླས་ཏེ། ཞེས་བྱ་བ་ནི་། སློངས་མོ་ཉིད་འབའ་ཞིག་ལ་རྒྱུ་བས་སོ། །སློང་ལ་དགའ་བར་མི་བྱའོ་ཞེས་བྱ་ནི། སློངས་མོ་ལ་རྒྱུར་ཟིན་ཀྱང་དེ་ལ་མངོན་པར་དགའ་བར་མི་བྱའོ། ། ་ཡན་ལག་མ་ཉམས་པ་ནི་ཡན་ལག་མཚང་བ་མེད་པའོ། །ཡུལ་ཐམས་ཅད་མ་ཚང་བ་མེད་པའི་ཕྱིར་རོ། །དོན་རེ་ཉིད། འདོད་བ་ཀུན་ལ་ལོངས་སྤྱོད་ཅིང་ཞེས་བྱ་བ་གསུངས་སོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་ལུས ་དང་ངག་དང་སེམས་རྣམས་བདེ་བར་གནས་པར་གྱུར་ན་བྱང་ཆུབ་འཐོབ་ཀྱི། གཞན་དུ་ནམ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དམ་ཚིག་དང་སྡོམ་པ་དང་ཡུལ་རྣམས་དོར་བའི་བསམ་པས་གང་ཡང་རུང་བ་ཞིག་མ་བསྟེན་ཀྱང་ཉེས་བཅིང ་འགྱུར་ཞེ་ན། དུས་མ་ཡིན་པར་འཆི་བ་དང། །དམྱལ་བར་འགྲོ་བར་འགྱུར་རོ་ཞེས་གསུངས་ཏེ། །བཅོམ་ལྡན་འདས་ཀྱི་བཀའ་ལས་འདས་པའི་ཕྱིར་འཇིག་རྟེན་འདི་ལ་དེའི་འབྲས་བུ་མཐོང་བར་འགྱུར་རོ། །རྒྱུ་དེའི་ཕྱིར་ཡུལ་ལ ་ཉེ་བར་ལོངས་སྤྱོད་པ་ནི་རིགས་པ་ཡིན་ནོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ་བརྙས་པ་ཞེས་བྱ་བར་སྦྱར་རོ། །སྔགས་ཀྱི་སྤྱོད་པ་མཆོག་སྤྱོད་པ་རྣམས་ནི། འདི་ལས་གསུངས་པའི་ཚུལ་ལ་ཞུགས་པ་རྣམས་སོ། །མི་གཡོ་ཆོས་ཞེས ་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་བདེ་བ་ཆེན་པོའོ། །དེ་ཉིད་ཐམས་ཅད་ལས་ཕུལ་བྱུང་བ་ཉིད་ཡིན་བའི་ཕྱིར་མཆོག་སྟེ། དེ་བརྙས་པའོ། །གང་གི་ཕྱིར་དེ་ལྟ་ཡིན་པས་དེ་བསན། །ཆགས་ཅན་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། ཆགས་ཅན་ཡེ་ཤེས་འདོད་པ་ཡིས་ཞེས་བྱ་བ་ནི། །ཆགས་ཅན་ཏེ། རྡོ་རྗེ་སེམས་དཔའ་ཨི་ཡེ་ཤེས་དོན་དུ་གཉེར་བ་གང་ཡིན་པས་སོ། །རྟག་ཏུ་ཞེས་བྱ་བར་ནི་ཉིན་དང་མཚན་དུའོ། །འདོད་པར་བྱ་ཞིང་མངོན ་པར་ཆགས་པར་བྱ་བ་ཡིན་པས་ན་འདོད་པའོ། །ཡང་དང་ཡང་དུ་གོམས་པར་བྱ་བ་ཡིན་པས་ན་ཡོན་ཏན་ནི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་ཏེ་ཆུ་སྐྱེས་ལས་བྱུང་བ་དེ་རྣམས་བརྟེན་བར་བྱའོ། །བྱང་ཆུབ་སེམས ་དཔའ་ཞེས་བྱ་བ་ནི་མིག་ལ་སོགས་བའི་སྐྱེ་མཆེད་རྣམས་རྣམ་པར་སྤྱོད་བའི་རང་བཞིན་གྱི་སའི་སྙིང་པོ་ལ་སོགས་པ་རྣམས་སོ། །མཉེས་པར་བྱ་ཞེས་བྱ་བ་ནི་དམན་པ་དང་བར་མ་དང་མཆོག་གི་བྱེ་བྲེག་གིས་ཐ་དད་བའི་གཟུགས་ལ་སོགས་པའི་རྣམ་པར་སྣང ་མཛད་ལ་སོགས་པའི་རང་བཞིན་གྱི་གཟུགས་རྡོ་རྗེ་མ་ལ་སོགས་པ་ལྷ་མོའི་རྣམ་པར་གྱུར་པ་རྣམས་ཀྱིས་སོ། །ཆགས་པར་བྱ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཟུགས་རྡོ་རྗེ་མ་ལ་སོགས་པ་ལྷ་མོ་རྣམས་ཀྱི་རང་བཞིན ་གྱི་དེ་བཞིན་གཤེགས་པ་རྣམས་སོ། །གཟུགས་རྣམ་གསུམ་ཞེས་བྱ་བ་ནས་མཆོད་པར་བྱ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །དེ་ཉིད་བཅོམ་ལྡན་འདས་སྣ་ཚོགས་པ་ཞེས་བྱ་བ་ནི་ཐམས་ཅད་ཀྱི་བདག་ཉིད་ཡིན་པའི་ཕྱིར་རྡོ་རྗེ་སེམས ་དཔའ་སྟེ། གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འགྱུར་བ་ཅན་གྱི་གཟུགས་ལ་སོགས་པ་ལས་ལུས་དང་ངག་དང་སེམས་ཇི་ལྟར་བདེ་བར་འགྱུར་སྙམ་དུ་དགོས་པར་མི་བྱ་སྟེ། འདི་ལྟར་རྣམ་པར་རྟོག་པ་དེ་ནི་ཁ་ཕྱིར་བལྟས ་པ་རྣམས་ཀྱི་ཡིན་གྱིས་རྣལ་འབྱོར་གྱི་དབང་ཕྱུག་རྣམས་ལ་ནི་ཐམས་ཅད་རོ་གཅིག་པ་ཉིད་དོ། །བྲེལ་བར་མི་བྱ་བ་ཉིད་དུ་བསྟན་པའི་ཕྱིར། རྟག་ཏུ་སེམས་ནི་སྦྱར་བར་བྱ་ཞེས་གསུངས་སོ། །འབྲས་བུ་རྫོགས་པའི་བྱང་ཆུབ་སྒྲུབ་པར་བྱེད་པ། ་ཉིད་ཡིན་པའི་ཕྱིར་སྙིང་པོ་བཏུས་པའོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེ་བསན། རྣམ་པར་དག་པའི་གཟུགས་ལ་སོགས་པ་རྣམས་དང་ལྡན་པའི་རིགས་ལྔས་བཏུས་པའི་ལྷ་ཉིད་བསྒོམ་པར་བྱའོ། །རྗེས་སུ་དྲན་པ་བཅུ་དྲུག་བསྒོམ་བར ་བསྟན་པའི་ཕྱིར། དེ་ནས་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་ཞེས་བྱ་བའི་སྒྲ་ནི་ཚིག་གི་ཁ་བསྐང་བའོ། །དེར་ཞེས་བྱ་བ་ནི་རང་རང་གི་དཀྱིལ་འཁོར་དུའོ། །རིགས་ཀྱི་དབྱེ་བ་རྣམས་བསྒོམ་པས་ཞེས་བྱ་བ་ནི། དེ ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཀྱི་དབྱེ་བ་རྣམས་བསྒོམ་བའི་སྒོ་ནས་སོ། །དེ་ཉིད་ནི་སངས་རྒྱས་རྗེས་སུ་དྲན་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། མདོར་བསྟན་པའི་ཚིག་བཅུ་དྲུག་གོ་།འདི་ལྟར་བཤད་པའི ་ཚིག་བཅུ་དྲུག་འབྱུང་བར་འགྱུར་རོ། །སངས་རྒྱས་ནི་རྣམ་པར་སྣང་མཛད་ཏེ། །དེ་རྗེས་སུ་དྲན་པར་བྱ་བ་ཡིན་པས་ན་རྗེས་སུ་དྲན་པའོ། །ཆོས་ནི་འོད་དཔག་ཏུ་མེད་པའོ། །རྡོ་རྗེ་ནི་དཔལ་རྡོ་རྗེ་སེམས་དཔའ་ཨི?་རིགས་ཀྱི་རིན་ཆེན་དབང་སྟེ། རིགས་ཐམས་ཅད ་རྗེས་སུ་མཉེས་པར་བྱེད་པ་ཡིན་པའི་ཕྱིར་རོ། །ཁྲོ་བོ་ནི་འཕགས་པ་གཤིན་རྗེ་གཤེད་ལ་སོགས་བའི་གཟུགས་ཏེ། དེ་རྗེས་སུ་དྲན་པ་ནི་དཀྱིལ་འཁོར་གྱི་དབུས་ན་བཞུགས་པའི་བདག་པོའི་གཟུགས་དུ་དམིགས་པའོ། །ལྷ་ནི་དོན་ཡོད་པར་གྲུབ་པ་སྟེ། ་ལྷ་མ་ལུས་པའི་མཆོད་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །ལོ་གྲངས་བཅུ་དྲུག་ལོན་བའི་ཞེས་བྱ་བ་ནི། བཅོ་བླག་མཁན་གྱི་བུ་མོའོ། །དེ་ནི་ཉེ་བར་མཚོན་བ་ཡིན་ཏེ། དེས་ན་རང་གི་རིགས་ཀྱི་རིག་མ་དང་དག་པར་སྦྱོར་བའི་སྒོ་ནས ་རྗེས་སུ་དྲན་པ་འདི་དག་ཐམས་ཅད་བསྒོམ་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །བྱིན་གྱིས་རླབས་ཀྱི་གནས་གསུམ་གྱིས་ཞེས་བྱ་བ་ནི། རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང། རྣལ་འབྱོར་ཆེན་པོའི་མཚན་ཉིད་རྣམས་ཀྱིས་སོ། །དབེན་པར་ཏེ ་དགོན་པ་ཆེན་པོ་ལ་སོགས་པ་འམ། གཞན་ཕྱི་རོལ་གྱི་སྐྱེ་བོའི་ཚོགས་དང་བྲལ་བར་རོ། །མཆོད་པ་ཞེས་བྱ་བ་ནི་སྙོམས་པར་འཇུག་པའི་མཚན་ཉིད་དོ། །སྤྱན་ནི་ཞེས་བྱ་བ་ལ། ནི་ཞེས་བྱ་བའི་སྒྲ་ནི་ངེས་པར་བཟུང་བ་སྟེ། དེས་ན་དེ་ཁོ ་ན་བསྒོམ་བྱའོ། །ཡིད་འོང་དེ་ནི་ཞེས་བྱ་བ་རང་གི་རིགས་ཀྱིས་རིག་མ་སངས་རྒྱས་སྤྱན་ལ་སོགས་པ་འོད་ཟེར་དཀར་པོ་དང་སྔོན་པོ་ལ་སོགས་པས་ཁྱབ་ཅིང་ཡིད་དུ་འོང་བ་བསྒོམ་པར་བྱའོ། །མདོར་བསྟན་པའི་ཚིག་དེ་ཉིད་བཤད་པའི་ཕྱིར་དེ ་ལ་ཞེས་བྱ་བ་ལ་སོགས་བས་གསུངས་ཏེ། སངས་རྒྱས་སྤྲིན་རྣམས་ཞེས་བྱ་བར་སྦྱར་རོ། །བྷ་ག་ལ་ནི་ལིང་ག་ཞེས་བྱ་བ་ལ་སོགས་པ་ནི་འདི་སྐད་དུ་བཤད་པ་ཡིན་ཏེ་སྐུ་ལ་སོགས་པ་བྱིན་གྱིས་བརླབས་པ་ལ་ཐུག་བའི་ཆོ་གའི་རྗེས་ཐོགས་ལ། སྒྲུབ་ཐབས ་ཀྱི་ཚུལ་བཞིན་དུ་སངས་རྒྱས་སྤྱན་ལ་སོགས་པའི་གཟུགས་སུ་བསྐྱེད་པའི་རང་གི་རིགས་ཀྱི་བུ་མོ། །རིགས་ལྔ་ཡིས་ཁྱབ་པར་བྱས་པ་སྙིང་གར་ཡེ་ཤེས་ཀྱི་ལྷ་མོས་བྱིན་གྱིས་བརླབས་པ་ལྷ་མོའི་འཁོར་ལོ་མ་ལུས་པ་རྣམ་པར་བཀོད་པ། རང་གི་དབང ་བསྐུར་བས་རྣམ་པར་བརྒྱན་པ་བསམས་ལ། རྡོ་རྗེ་དང་ཆུ་སྐྱེས་ལས་བྱུང་བའི་འོད་ཟེར་གྱི་ཚོགས་ཀྱིས་འཁོར་ལོ་གཉི་ག་རྗེས་སུ་མཉེས་པར་བྱས་ཏེ། རིན་ཆེན་དཔལ་གྱི་ང་རྒྱལ་དང་ལྡན་པས་རྗེས་སུ་མཉེས་པའི་སྔགས་བརྗོད་ལ། དེ་སྤྲོས་ནས་བསྡུས ་ཏེ། རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བ་བྱའོ། །སངས་རྒྱས་གཟུགས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱིའོ། །སངས་རྒྱས་སྤྲིན་རྣམས་ཞེས་བྱ་བ་ལས་ཀྱི་དུས་སུ་ཡི་གེ་ཨོཾ་གྱི་གླུ་ལེན་ཅིང་རྣམ་པར་སྣང་མཛད་ཀྱི་སྤྲིན་སྤྲོ་བའོ། །དེ ་བཞིན་དུ་འོད་དཔག་ཏུ་མེད་པ་ལ་སོགས་བའི་རྣལ་འབྱོར་པ་རྣམས་ཀྱིས་རང་གི་སྔགས་ཀྱི་གླུ་ལེན་ཅིང་རང་གི་ལྷ་རྣམས་སྤྲོ་བར་བྱའོ། །དམ་ཚིག་རྗེས་སུ་དྲན་པ་ཞེས་བྱ་བ་ནི་དོན་ཡོད་པར་གྲུབ་པ་བསྒོམ་པའོ། །རང་གི་ཁུ་བའི་ཐིགས་པ་ཡིས ་ཞེས་བྱ་བ་ནི་དམ་ཚིག་གི་མཆོད་པས་ལྷ་རྣམས་རབ་ཏུ་མཆོད་པའོ། །སྔོན་དུ་བསྙན་པའི་དུས་སུ་རྣལ་འབྱོར་དང་ལྡན་པས་རྟག་ཏུ་ཡིད་ཀྱི་དཀྱིལ་འཁོར་བྱའི་བྲི་བར་བྱ་བ་ནི་མ་ཡིན་པས། དེའི་ཕྱིར་ཇི་ལྟར་མངོན་པར་འདོད་བའི་དཀྱིལ་འཁོར ་བྱང་ཆུབ་ཀྱི་སེམས་ལས་བྱུང་བ་སྤྲོས་ཏེ། ཇི་ལྟ་བ་བཞིན་དུ་བསྒོམས་ལ་ཡང་དག་པར་མཆོད་ནས་གཞུག་པ་ལ་སོགས་པ་བྱའོ། །ཞེས་བྱ་མ་འདིས་ནི་དཀྱིལ་འཁོར་ཐམས་ཅད་སྒྲུབ་པར་བྱེད་པའི་ཕྱག་རྒྱའི་ཡེ་ཤེས་གསང་བ་བསྟན་པ། ་ཡིན་ནོ། །སྐུ་རྡོ་རྗེ་ལ་སོགས་པའི་ཆོགས?་བཅུག་བའི་རྗེས་ཐོགས་སུ་ང་རྒྱལ་བསྐྱེད་ལ་སྐུ་ལ་སོགས་པ་བྱིན་གྱིས་བརླབས་བར་བྱ་དགོས་པས། སངས་རྒྱས་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་ལྷའི་རང་བཞིན ་ཅན་ཉིད་ཀྱི་ཕུང་པོ་རྣམས་ཀྱིས་རབ་ཏུ་གང་བསན་ཕུང་པོ་ལྔ་ཡི་རབ་ཏུ་གང་བའོ། །སངས་རྒྱས་སྐུའི་རང་བཞིན་གྱིས་ཞེས་བྱ་བ་ནི་དེའི་རང་བཞིན་གྱི་ངོ་བོ་སྟེ། བདག་ཀྱང་དེ་དང་འདྲ་བའི་སྐུར་གྱུར་ཅིག་ཅེས་ང་རྒྱལ་བསྐྱེད་པར་བྱའོ། །རྡོ་རྗེ་ཆོས ་ཀྱི་ཞེས་བྱ་བ་ནི་གསུང་རྡོ་རྗེའིའོ། །ངས་ཚིག་ཅེས་བྱ་བ་འདི་ནི་ཉེ་བར་མཚོན་པ་ཡིན་ཏེ། དེས་ན་ཆོས་དང་དོན་དང་ངེས་པའི་ཚིག་དང་སྤོབས་པ་སྟེ་སོ་སོ་ཡང་དག་པར་རིག་པ་བཞི་དང་ལྡན་པའི་གསུང་ཕུན་སུམ་ཚོགས་པ་མངའ་བ་ནི་གསུང་རྡོ ་རྗེ་སྟེ། བདག་གི་ཚིག་ཀྱང་དེ་ཉིད་ཀྱི་དང་འདྲ་པར་གྱུར་ཅིག་ཅེས་ང་རྒྱལ་བྱའོ། །ཀུན་ཏུ་བཟང་པོ་ནི་ཐུགས་རྡོ་རྗེའོ། །དེ་ཉིད་སྐུ་ལ་སོགས་པའི་གསང་བ་འཛིན་པར་བྱེད་པའི་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ཀྱི་དབང་པོ་སྟེ་གཙོ་བོ ་ཡིན་བས་གསང་བའི་དབང་པོའོ། །དེའི་ཐུགས་སེམས་ཅན་མ་ལུས་པའི་དོན་བྱེད་པ་ཇི་འདྲ་བར་བདག་གི་སེམས་ཀྱང་དེ་དང་འདྲ་བར་གྱུར་ཅིག་ཅེས་ང་རྒྱལ་བྱའོ། །ད་ནི་ཆོས་ཉིད་མངོན་པར་རྫོགས་པར་རྟོགས་པའི་དབང་དུ་བྱས་ནས། ་སེམས་ཅན་ཀུན་གྱི་སེམས་གང་ཡིན་ཞེས་བྱ་བ་གསུངས་ཏེ། འཁོར་བའི་སེམས་ཅན་རྣམས་ཀྱི་ལུས་དང་ངག་དང་སེམས་རྣམས་ཀྱིས་མཚོན་བའི་སེམས་གང་ཡིན་པ་དེ་ཉིད་ཐ་དད་བ་མེད་པའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་རྟོག་པ ་དང་བྲལ་བ་ཡིན་ནོ། །ཁྱད་པར་ཇི་ལྟ་བུ་དང་ལྡན་པ་རྣམས་ཀྱི་ཞེ་ན། མཁའ་མཚུངས་མཁས་པ་སྟེ། དེ་ཁོ་ན་ཉིད་དུ་རོ་གཅིག་པའི་ཡེ་ཤེས་དང་ལྡན་པ་རྣམས་ཀྱིའོ། །བདག་གི་སེམས་ཀྱང་དེ་དང་འདྲ་ཞེས་བྱ་བ་ནི། རོ་གཅིག་པར་བསྒོམ་པ ་སྟེ། བསྒོམ་པ་དེ་ལྟ་བུས་ནི་རྣལ་འབྱོར་པ་ཐམས་ཅད་ལ་ཁྱབ་པའི་ངེས་པར་འབྱེད་པའི་ཤེས་རབ་ཀྱིས་ཡེ་ཤེས་ཐུགས་སུ་ཆུང་བའི་མཚན་ཉིད་ཅན་གྱི་རང་གི་འདོད་པའི་ལྷའི་གཟུགས་སུ་འགྱུར་རོ། །སྔགས་ཐམས་ཅད་ཀྱི་གཟུགས་ནི། རང་རང་གི་སྔགས་ལས ་ཡོངས་སུ་གྲུབ་པའི་ལྷ་ཐམས་ཅད་ཀྱི་རང་བཞིན་གྱི་དཔལ་རྡོ་རྗེ་སེམས་དཔའ་སྟེ། དེ་རྗེས་སུ་དྲན་པར་བྱ་བ་ནི་རྗེས་སུ་དྲན་པའོ། །སྔགས་ཀྱི་རྡོ་རྗེའི་སྐུ་གང་ཡིན་ཞེས་བྱ་བ་ནི། རྡོ་རྗེ་འཆང་ཆེན་པོའིའོ། །སྐུ་ནི་གསུང་དུ་རྣམ་བསྒོམས་པ་ཞེས་བྱ་བ ་ནི་སྐུ་དང་གསུང་དང་ཐུགས་ཐ་མི་དད་པར་གྲུབ་པ་སྟེ། བདག་ཀྱང་དེ་དང་འདྲ་བར་གྱུར་ཅིག་ཅེས་ང་རྒྱལ་བསྐྱེད་བར་བྱའོ། །སྦྱོར་ལས་ཞེས་བྱ་བ་ནི་ཡང་དག་པར་སྦྱོར་བ་ལས་ཆོ་ག་བཞིན་དུ་བྱང་ཆུབ་ཀྱི་སེམས་ཕྱུང་ལ། དེས་ན་མཁའ་ཀུན་ཏུ ་བཀའ་སྟེ་།དེའི་རྡུལ་ཕྲ་རབ་རེ་རེ་ལས་ཡང་དག་པར་གྲུབ་པའི་དེ་བཞིན་གཤེགས་པ་ལ་སོགས་པའི་གཟུགས་བསམས་ལ། བསྡུས་ཏེ་རིག་མའི་པདྨར་བཅུག་ལ། བདེ་བ་ཆེན་པོའི་གནས་སྐབས་སུ་ཡེ་ཤེས་ཀྱི་བདུད་རྩི་རྣམ་པར་གྱུར་པར་བལྟ ་པར་བྱ་སྟེ། དེ་ནི་འདིར་དེ་བཞིན་གཤེགས་པའི་ཚོགས་བསད་པའོ། །དེ་ནས་བདུད་རྩི་ངེས་རང་གི་ལུས་ལ་གནས་པའི་ལྷ་རྣམས་ཀྱི་འཁོར་ལོ་ཚིམ་པར་བྱ་སྟེ། དེ་ལྟར་ན་རང་འདོད་པར་གྱུར་པའི་དངོས་གྲུབ་རབ་ཏུ་འགྲུབ་བར་འགྱུར་རོ། །ཤེས ་རབ་ནི་ཐོས་བ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བའི་རབ་ཀྱི་མཐར་ཕྱིན་པ་དང། དེའི་འབྲས་བུ་ཆོས་ཐམས་ཅད་སོ་སོར་འབྱེད་པའི་མཚན་ཉིད་ཅན་གྱི་ཡེ་ཤེས་སོ། །དེ་ཕུན་སུམ་ཚོགས་པ་ནི་ཕ་རོལ་ཏུ་ཕྱིན་པ་སྟེ། ཕ་རོལ་ཏུ་ཕྱིན ་ཅིང་སོན་བ་དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་འདའ་བར་བྱ་བ་མ་ཡིན་པའི་ཕྱིར་དམ་ཚིག་གོ་།རང་བཞིན་གྱིས་ནི་འོད་གསལ་བ། ཐམས་ཅད་ཅེས་བྱ་བ་ནི་དག་པ་དང་མ་དག་པའི་རང་བཞིན་གྱི་འོད་གསལ་བ་ནི་ཕུང་པོ་ལ་ ་སོགས་པ་རྣམས་སོ། །ཅིའི་ཕྱིར་ཞེ་ན། མ་སྐྱེས་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཟག་པ་མེད་པའོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེ་བས་ན་བྱང་ཆུབ་སྟེ། ཀུན་ཏུ་བརྟགས་པའི་འབྲས་བུའི་རང་བཞིན་མེད ་ཅིང། དེ་བསྒོམས་པས་མངོན་པར་རྟོགས་པ་སྟེ། དེ་ཁོང་དུ་ཆུད་པ་མེད་ལ། ཁམས་ཏེ་དེ་ཐོབ་པར་བྱེད་པའི་རྒྱུ་ཡང་མེད་ཅིང། དེ་ཉིད་ཀྱི་ཕྱིར་འབྱུང་བ་?་མེད་དོ་ཞེས་བྱ་བ་འདིས་ནི་ཤེས་རབ་ཡོངས་སུ་སྦྱར་བ་གསུངས་སོ། །རང་བཞིན ་འོད་གསལ་ནི་ཁམས་གསུམ་པའི་རྣམ་པར་རྟོག་པའི་རྣམ་པ་ཅན་གྱི་སེམས་རང་བཞིན་གྱིས་འོད་གསལ་བ་ཉིད་དོ། །དཔེའི་སྒོ་ནས་ནམ་མཁའ་བཞིན་ཞེས་བྱ་བ་གསུངས་ཏེ་ནམ་མཁའ་དང་མཚུངས་པའོ། །བསྐྱེད་པར་བྱ་བ་མ་ཡིན ་པའི་ཕྱིར་མཚན་མ་མེད་པའོ། །དེ་ཉིད་ཀྱི་ཕྱིར་ཡི་གེ་རྣམས་མེད་པས་ན་ཡི་གེ་མེད་པའོ། །གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་མེད་པའི་ཕྱིར་གཉིས་མེད་དོ། །སྒྱུ་མ་བཞིན་དུ་མཆོད་པར་བྱ་བ་དང་མཆོད་པར་བྱེད་པ ་རྟོག་བ་ཐ་དད་པའི་ཕྱིར་གཉིས་སུ་མེད་མིན་པའོ། །དེ་གང་ཞེ་ན། ཞི་བ་ཞེས་བྱ་བ་གསུངས་ཏེ། རྟོག་པ་ཐམས་ཅད་སྒྱུ་མ་བཞིན་དུ་ཤེས་པས་ན་ཞི་བ་སྟེ། བྱང་ཆུབ་ཀྱི་སེམས་སོ། །དེ་ཉིད་ཀྱི་ཕྱིར་ཤིན་ཏུ་དྲི་མེད་ནམ་མཁའ་བཞིན ་ཞེས་བྱས་སྟེ། དེས་ནི་ཐབས་རྣམ་པར་སྤྱར་བའོ། །ཇི་ལྟ་བ་བཞིན་དུ་ཐབས་དང་ཤེས་རབ་རྗེས་སུ་དྲན་པ་བསྒོམས་པ་དེ་དག་གིས་ནི། སྲིད་པ་དང་ཞི་བ་རོ་གཅིག་པའི་མི་གནས་པའི་མྱ་ངན་ལས་འདས་བ་ལ་ལྷག་པར་མོས ་པའི་དེ་ཁོ་ན་ཉིད་ལ་བརྟེན་ནས། ཞེ་སྡང་རྡོ་རྗེ་ལ་སོགས་པ་ལྷ་སྣ་ཚོགས་ཀྱི་རྣམས་པར་སྙོམས་པར་ཞུགས་ཤིང་བདེ་བ་ཆེན་པོའི་རང་བཞིན་ཅན་གྱི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་བསྟན་ཏོ། །དེ་ཉིད་རྫོགས་བའི་རིམ་པ ་ཡིན་ནོ་ཞེས་ཁོ་བོ་ཅག་གི་བླ་མའི་ཞལ་སྔ་ནས་གསུངས་ཏེ། ལེའུ་བཅོ་བརྒྱད་པ་ལས་ཀྱང། རིམ་པ་གཉིས་ལ་བརྟེན་ནས་ནི། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་ཏེ། བསྐྱེད་པ་ཡི་ནི་རིམ་པ་དང། །རྫོགས་པའི་རིམ་པ་ཉིད་ཡིན་ནོ། །ཞེས ་གསུངས་སོ། །བུད་མེད་སེམས་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །སྐུ་དང་གསུང་དང་ཐུགས་ཀྱང་འགྲུབ་ཅེས་བྱ་བ་ནི་ཡུལ་ཐམས་ཅད་ལ་ཉེ་བར་ལོངས་སྤྱོད་པ་བསྒོམས་པའི་སྒོ་ནས་རང་གི་ལྷག་པའི་ལྷའི་ཕྱག་རྒྱ་ཆེན ་པོ་འགྲུབ་པའོ། །གང་གཞན་ཕྲ་མོར་བཤད་པ་རྣམས་ཞེས་བྱ་བ་འཇིག་རྟེན་པའི་མངོན་པར་ཤེས་པ་ལ་སོགས་པ་དངོས་གྲུབ་རྣམས་ཀྱང་རྣལ་འབྱོར་བ་དེས་འགྲུབ་པར་འགྱུར་རོ། །ལེའུ་བདུན་པའི་རྣམ་པར་བཤད་པའོ།། །། ་ཚོགས་མངོན་པར་འཕེལ་བར་བྱ་བའི་ཕྱིར། པདྨའི་ནང་དུ་ཆུང་བའི་མཆོད་རྟེན་གྱི་དབུས་ན་གནས་པའི་དཀྱིལ་འཁོར་ན་འདུག་པས་བླ་ན་མེད་པ་ལ་སོགས་པའི་མཆོད་པ་བྱ་དགོས་པས། དེ་ནས་ཞེས་བྱ་བ་ལ་སོགས་པས་བཤད་གཅིའི་དམ ་ཚིག་ལེའུ་གསུངས་སོ། །མཆོག་ཏུ་དགའ་བ་བསྒྲུབ་པར་བྱེད་པའི་མཆོད་པ་རིན་པོ་ཆེ་ལ་སོགས་པ་རྫས་ཐམས་ཅད་རྣམ་པར་དག་པའི་རང་བཞིན་ཅན་གྱི་དཀོན་མཆོག་དཔལ་གྱིས་གསོལ་བ་བཏབ་བོ་ཞེས་བྱ་བ་ནི་རང་གི་རིགས་ཀྱི་རིག་མ་མཱ་མ་ཀཱི་ཕུལ་ནས། ་བཅོམ་ལྡན་འདས་སློབ་དཔོན་དུ་གྱུར་པ་ལ་མཆོད་པར་འགྱུར་བའི་བསྟོད་པས་གསོལ་བ་བཏབ་པའོ། །རྡོ་རྗེ་སེམས་དཔའ་ཐེག་པ་ཆེ་ཞེས་བྱ་བ་ལ་རྡོ་རྗེ་སེམས་དཔའ་ནི་མཆོག་ཏུ་ཟག་པ་མེད་པའི་བདེ་བ་ཆེན་པོ་སྟེ། དེ་བསྒོམ་པ་གོམས་པའི་སྟོབས ་ཉིད་ཀྱིས་སེམས་ཅན་རྣམས་དཔལ་གསང་བ་འདུས་པའི་མངོན་པར་བྱང་ཆུབ་པར་ཁྲིད་པར་བྱེད་ཅིང། འཐོབ་པར་བྱེད་པས་ན། ཐེག་པ་ཆེན་པོའོ། །མཱ་མ་ཀཱི་ཁོད་སྟོང་དང་ཡང་དག་པར་སྦྱོར་བའི་སྦྱོར་པས་སེམས་ཅན་གྱི་ཁམས་རྣམས་ཡང ་དག་པར་སྤྱོད་བར་བྱེད་པ་ཡིན་པའི་ཕྱིར། ནམ་མཁའ་ཨི་སྤྱོད་པས་རྣམ་སྤྱོད་བ་སྟེ། མི་བསྐྱོད་པའོ། །སངས་རྒྱས་སྤྱན་དང་ཡང་དག་པར་སྦྱོར་བའི་སྒོ་ནས་ཀུན་ཏུ་བླ་ན་མེད་པ་ལ་སོགས་པའི་མཆོད་པ་སྒྲུབ་པར་བྱེད་བའི ་ཕྱིར། ཀུན་ཏུ་བཟང་པོ་མཆོད་པའི་མཆོག་སྟེ། རྣམ་པར་སྣང་མཛད་དོ། །མི་མཐུན་པའི་ཕྱོགས་མ་ལུས་པ་ལས་རྒྱལ་བ་དང། རིགས་ཐམས་ཅད་རྗེས་སུ་མཉེས་པར་བྱེད་པའི་སྒོ་ནས་ཕུལ་དུ་བྱུང་བ་ཉིད་ཡིན་པའི་ཕྱིར་།རྒྱལ ་མཆོག་སྟེ། རིན་ཆེན་འབྱུང་ལྡན་ནོ། །འདོད་ཆགས་ལ་སོགས་པ་རྣམ་པར་དག་པའི་རིགས་གསུམ་ཁྱད་པར་དུ་སྟོན་བར་བྱེད་པས་ན། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཆེན་པོ་རབ་ཏུ་སྟོན་པ་སྟེ། འོད་དཔག་ཏུ་མེད་པའོ། ། ་ནམ་མཁའ་ཀུན་ཏུ་གང་བའི་མཆོད་པ་རྣམས་སྤྲུལ་པ་སྟོན་པར་བྱེད་པའི་ཕྱིར། ནམ་མཁའ་དབྱིངས་དང་མཚུངས་བའི་མཆོག་སྟེ། དོན་ཡོད་པར་གྲུབ་པའོ། །རྒྱལ་བ་ནི་རྣམ་པར་སྣང་མཛད་དེ། དེའི་རྟེན་དང་དེ་ལ་ཆགས་པའི་སངས་རྒྱས་སྤྱན་ནི ་རྒྱལ་བ་གཞི་ཞེས་བྱ་བའི་སྒྲར་བརྗོད་དོ། །ཐར་པ་ནི་ཉེས་པ་ཐམས་ཅད་དང་བྲལ་ཞིང་རྒྱུན་ཆགས་སུ་འཇུག་པའི་དཀའ་བ་སྟེ། དེ་སྐྱེས་པར་བྱེད་པའི་མཱ་མ་ཀཱི་ནི་ལམ་ཞེས་བྱ་བར་བརྗོད་ཅིང། དེས་ཁྱད་པར་དུ་ཁྲིད་པར་བྱེད་བས་ན་རབ ་སྟོན་པའོ། །ཐེག་པ་གསུམ་ནི་བྱང་ཆུབ་གསུམ་སྟེ། དེའི་ལམ་ནི་བགྲོད་པ་ཡིན་ཞིང། དེ་ལ་གནས་པར་བྱེད་པ་སྟེ། གོས་དཀར་མོ་སྤྲུལ་པའི་སྒོ་ནས་སེམས་ཅན་རྣམས་ཀྱི་རྒྱུད་རྒྱས་པར་བྱེད་པའི་ཕྱིར་རོ། །སངས་རྒྱས་རྣམས ་ཀྱི་སྐལ་བ་མཆོག་ནི་སངས་རྒྱས་སྐལ་མཆོག་སྟེ། འཕགས་མ་སྒྲོལ་མ་སྤྲུལ་པའི་སྒོ་ནས་འགྲོ་བ་རྣམས་དབང་དུ་མཛད་པའི་རང་བཞིན་ནོ། །དེ་ཉིད་སེམས་ཅན་རྣམས་ཀྱི་རྒྱུད་དག་པར་མཛད་པ་ཡིན་པའི་ཕྱིར་དག་པའི་བདག? ་ཉིད་དོ། །བྱང་ཆུབ་ཀྱི་བདག་ཉིད་ཀྱི་སེམས་ནི་བྱང་ཆུབ་སེམས་ཏེ། དེའི་རང་བཞིན་ཅན་གྱི་འཕགས་པ་གཤིན་རྗེ་མཐར་བྱེད་དོ། །འཕགས་པ་གཞན་གྱིས་མི་ཐུབ་གང་ལ་རྒྱས་པ་སྟེ་རྒྱ་ཆེ་བའི་སྤྱན་ལྔ་མངའ་དེ་ལ་དེ་སྐད་ཅེས་བྱའོ། །ཆོས་ནི་སྟོབས་དང ་མི་འཇིགས་ལ་སོགས་པ་རྣམས་དང། དཀྱིལ་འཁོར་པ་རྣམས་ཏེ། གསུང་རྣམ་པར་དག་པ་སྐོར་བར་བྱེད་པའི་འཕགས་པ་རྟ་མགྲིན་གང་ལ་གདུལ་བྱ་རྣམས་ཀྱི་རྒྱུད་ལ་འཕོ་བའི་དོན་གྱིས་འཁོར་ལོ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ། །རང་བཞིན ་གྱིས་འོད་གསལ་བའི་ཆོས་ཉིད་ཁོང་དུ་ཆུད་པར་མཛད་པའི་ཕྱིར་སྐུ་དང་གསུང་དང་ཐུགས་ཤིན་ཏུ་ངག་པ་སྟེ། འཕགས་པ་བདུད་རྩི་འཁྱིལ་པའོ། །གང་ཞིག་གིས་དཀྱིལ་འཁོར་ལ་སོགས་པ་རྣམས་སྤྲུལ་པ་ཡང་དག་པར་བསྟན་པའི་སྒོ་ནས ་སེམས་ཅན་རྣམས་ཀྱིས་མི་ཕྱེད་པའི་གནས་ཐོབ་པར་མཛད་པའི་རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་ཐེག་པ་སྟེ། དེ་ལ་ཕྱག་འཚལ་བའོ། །མི་བསྐྱོད་པ་ལ་སོགས་པ་རྣམས་སྤྲུལ་པ་བསྟན་པའི་སྒོ་ནས་སེམས་ཅན་རྣམས་ཀྱི་དོན་བྱེད་པའི ་མཚན་ཉིད་ཅན་གྱི་ཡང་དག་པའི་ཡོན་ཏན་གྱི་ཚིག་དེ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཡང་དག་པར་བསྟོད་པ་ཡིན་ནོ་ཞེས་བཤད་དོ། །དེ་ནས་ཞེས་བྱ་བ་ནི་གསོལ་བ་བཏབ་པའི་རྗེས་ཐོགས་ལ་སྟེ། བཤད་ཅེས་བྱ་བར ་སྦྱར་རོ། །རྡོ་རྗེ་ནི་དེས་པར་འབྱེད་པའི་ཤེས་རབ་སྟེ། དེ་མངོན་དུ་མཛད་པའི་ཆུལ་གྱིས་འཛིན་པས་ན། རྡོ་རྗེ་འཛིན་ནོ། །དེ་ཉིད་ཀྱི་ཕྱིར་རིགས་ཐམས་ཅད་ཀྱི་གཙོ་བོར་གྱུར་པའི་དོན་གྱིས་གསལ་ཞིང་འབར་བས་ན་རྒྱལ་བོའོ། །སྤྲོས་པ ་རྣམས་ཀྱིས་ནམ་མཁའ་ཁྱབ་པར་མཛད་པའི་ཕྱིར། ཐམས་ཅད་ནམ་མཁའ་ཨོ། །འཇིག་པ་མེད་པའི་བདེ་བ་ཆེན་པོའི་རང་བཞིན་ཉིད་ཡིན་པའི་ཕྱིར་མི་འགྱུར་ཆེའོ། །བུམ་པ་དང་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་བདག ་ཉིད་ཡིན་པའི་ཕྱིར་ཐམས་ཅད་དབང་བསྐུར་རོ། །དངོས་པོ་ཐམས་ཅད་ཀྱི་རྣམ་པར་དག་པ་ཉིད་ཡིན་པའི་ཕྱིར་ཀུན་གྱི་དོན་ནོ། །ཁམས་གསུམ་ན་ཆོས་ཀྱི་རྒྱལ་སྲིད་ཀྱི་བདག་པོ་ཡིན་པའི་ཕྱིར་ཀུན་དབང་ངོ།། ་མི་ཕྱེད་ཅིང་ཟག་པ་མེད་པའི་དགའ་བ་རྒྱས་པར་བྱེད་བས་ན་རྡོ་རྗེ་རིན་ཆེན་འཛིན་པ་སྟེ། ངེས་སོ། །མཆོད་པ་ཞེས་བྱ་བ་ན་བླ་ན་མེད་པ་ལ་སོགས་པའི་རང་བཞིན་ཏེ། བཤད་ཅིང་བསྟན་ཏེ་ཞེས་བྱ་བའི་དོན་ཏོ། །མིག་ཡངས་པ ་ཞེས་བྱ་བ་ནི་མིག་ཡངས་ཤིང་རྒྱ་ཆེ་བ་སྟེ། །གང་ལ་དངོས་པོ་ཐམས་ཅད་ལ་དེ་ཁོ་ན་ཉིད་ཀྱི་རྣམ་པར་ལྟ་བ་ལྷུར་ལེན་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདིར་ནི་ལོ་གྲངས་བཅུ་གཉིས་པ་ནས་བརྩམས་ཏེ་ཉི་ཤུ་རྩ་ལྔ་ལོན་པ ་ལ་ཐུག་པ་མངོན་བར་འདོད་དེ། དེ་ཡང་གཟུགས་བཟང་བ་དང། གཞོན་པས་བརྒྱན་པའོ། །བྱོལ་སོད་ལས་བྱང་ཞེས་བྱ་བ་ནི་གལ་ཏེ་དེ་ལྟ་བུའི་རྣམ་པ་ཅན་མ་རྙེད་ན། དེའི་ཚེ་ལོ་གྲངས་ཉི་ཤུ་རྩ་དྲུག་ལོན་པ་ནས་བརྩམས་ཏེ། ་ཇི་སྲིད་ཤུག་ཀྲ་འབྱུང་བ་དེ་སྲིད་གྱི་བར་དུ་གཟུང་བར་རོ། །ཁ་ཅིག་ན་རེ་གླང་མོ་དང་རྒོད་མ་ལ་སོགས་པ་ཡིན་ནོ་ཞེས་ཟེར་རོ། །གནས་གང་དུ་དཀྱིལ་འཁོར་བྲི་བ་དང་སྒྲུབ་བའི་དོན་དུ་སྔོན་དུ་བསྙེན་པ་བྱ་བ་དེ་གསུངས་ཏེ། ས་ཕྱོགས་ནི ་དགོན་པ་ཆེན་པོ་ལ་སོགས་པའོ། །གཙང་བ་ཞེས་བྱ་བ་ནི་ཡོངས་སུ་གཟུང་བའི་ཆོ་གས་མངོན་བར་འདུས་བྱས་པའོ། །ཕྱི་རོལ་གྱི་སྐྱེ་བོའི་ཚོགས་མེད་པའི་ཕྱིར་དབེན་པའོ། །རྒྱལ་བདག་སྐྱེས་པ་ནི་སྒྲུབ་པ་བའོ། །ཞི་བཞི་བའི་གནས ་རྣམས་སུ་སྟེ། ཤེས་རབ་ཀྱི་ཆོས་འབྱུང་གི་ནང་ན་གནས་པའི་མཆོད་རྟེན་གྱི་གནས་སུའོ། །འམ་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བ་ཡིན་པར་བལྟ་པར་བྱའོ། །དེར་འཕགས་པ་བདུད་རྩི་འཁྱིལ་པའི་ང་རྒྱལ་དང་ལྡན་པའི? ་གྲོགས་པོ་མངོན་པར་འདུས་བྱས་པའི་བདུད་རྩི་ལྔས་ཉེ་བར་འབྱུང་དུ་གཞུག་པར་བྱའོ། །ཅིའི་ཕྱིར་ཞེ་ན་།གསུངས་པ། རྒྱལ་བ་རྟག་པ་ནི་སྐུ་རྡོ་རྗེ་སྟེ། དེ་མཆོད་པའི་ཕྱིར་རོ། །དེ་ནི་ཉེ་བར་མཚོན་བ་ཡིན་ཏེ། ལྷ་གཞན་མཆོད་པའི་ཕྱིར་གང་དེ་ཁོ་ན ་བཞིན་དུ་བྱའོ། །སྔར་བཤད་པའི་རིམ་པ་བཞིན་དུ་བསྐྱེད་བའི་རིག་མ་ལ་རིགས་ལྔ་རྣམ་པར་དགོད་པར་བྱ་དགོས་པས། དེའི་ཕྱིར་ནུ་མའི་དབུས་བར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེའུ་བཅུ་པ་ལས་བཤད་པའི་ཡི་གེ་ལྔའི་ཚུལ་བཞིན་དུ། ་སྙིང་ག་ལ་སོགས་པར་རང་གི་རིག་མ་དང་ལྡན་ཞིང་ལྷ་མོ་བཞིས་ཡོངས་སུ་བསྐོར་བའི་མི་བསྐྱོད་པ་ལ་སོགས་པ་རྣམས་དགོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ནམ་མཁའ་དབྱིངས་ཀྱི་དབུས་གནས་པར་ཞེས་བྱ་བ་ནི་ལེའུ་དང་པོ་ལས་བཤད་བའི་ཚུལ ་བཞིན་དུ་རྡོ་རྗེ་བཙུན་མོའི་བྷ་གར་མི་བསྐྱོད་པ་དང་མཱ་མ་ཀཱི་ཞུ་བར་གྱུར་པ་ལ་ཆུའི་ཁམས་སུ་གྱུར་པ། ཡེ་ཤེས་ཀྱི་རླབས་ཀྱི་ཕྲེང་བས་ཀུན་ཏུ་ཁྱབ་པའི་རྒྱ་མཚོ་ཆེན་པོ་བསམ་པའོ། །དེ་ནས་སྙིང་གར་ཞེས་བྱ་བ་ནི་བྷ་ག་དེར་རོ། །བདག་ཉིད ་ཟླ་བའི་དབུས་གནས་པར་ཞེས་བྱ་བ་ནི་སངས་རྒྱས་སྤྱན་དང་ལྡན་པའི་རྣམ་པར་སྣང་མཛད་ཀྱི་གཟུགས་ཟླ་བའི་དཀྱིལ་འཁོར་ལ་གནས་པ་རྣམ་པར་བསྒོམས་ལ། དེ་ཞུ་བར་གྱུར་ཏེ་ཞུགས་པས་སྲ་བའི་རྣམ་པར་གྱུར་པར་བལྟའོ། །དེ ་བཞིན་དུ་རིན་པོ་ཆེའི་དམ་ཚིག་དང། གོས་དཀར་མོ་དང་ལྡན་པའི་དཀོན་མཆོག་དཔལ་དང། འོད་དཔག་ཏུ་མེད་པ་དག་ཞུགས་པས་རྒྱ་ཆེ་བའི་དངོས་པོ་དང་ཡེ་ཤེས་ཀྱི་འབར་བར་བྱིན་གྱིས་བརླབས་བར་ཡང་བསམ་པར་བྱའོ། །བསྡུ་བ ་དག་ཀྱང་ཞེས་བྱ་བ་ནི་སྒྲོལ་མ་དང་དོན་ཡོད་པར་གྲུབ་པ་ཞུགས་པའི་སྒོ་ནས་བསྡུས་ཏེ་ཟུར་བཞི་པའི་རྣམ་པར་བྱུར་པར་བསམ་པའོ། །རིན་ཆེན་སྣ་བཞིའི་མཆོད་རྟེན་ནི་ཞེས་བྱ་བ་ལ། ཐུགས་ཀྱི་དཀྱིལ་འཁོར་ལ་ནི། ཤར་དང་ལྷོ་དང་ནུབ་དང། ་བྱང་གི་ཕྱོགས་རྣམས་གོ་རིམ་བཞིན་དུ། རིན་པོ་ཆེ་ཤེལ་དང་བཻཌཱུརྱ་དང་པདྨ་རཱ?་ག་དང་མར་ག་ཏའི་རང་བཞིན་གྱི་མཆོད་རྟེན་ནོ། །སྐུའི་དཀྱིལ་འཁོར་ལ་ནི་ཤར་གྱི་ཆ་སྔོན་པོའི་རང་བཞིན། ལྷག་མ་ནི་སྔ་མ་དང་འདྲའོ། །གསུང ་གི་དཀྱིལ་འཁོར་ལ་ནི་ཤར་དང་ནུབ་དཀར་པོ་དང་སྔོན་པོ་ཡིན་ཞིང་ལྷོ་དང་བྱང་ནི་ཇི་ལྟར་གནས་པ་བཞིན་ཡིན་ནོ། །རིན་པོ་ཆེའི་དཀྱིལ་འཁོར་ལ་ནི་ལྷོ་སྔོན་པོའོ། །དོན་ཡོད་པའི་དཀྱིལ་འཁོར་ལ་ནི་བྱང་སྔོན་པོ་སྟེ། གཉི་གའི་ལྷག་མོ་ནི་སྔ་མ ་དང་མཚུངས་སོ། །ཇི་ལྟར་ཐུགས་ཀྱི་དཀྱིལ་འཁོར་དུ་སྐུ་རྡོ་རྗེ་ལ་སོགས་པ་རྣམ་པར་བཀོད་ན་ཁ་དོག་སྔོན་པོ་ད་དང་དེ་ཉིད་དུ་འཕོ་བ་དེ་བཞིན་སྐུའི་དཀྱིལ་འཁོར་ལ་ཐུགས་རྡོ་རྗེ་ལ་སོགས་པ་རྣམ་པར་བཀོད་པ་ན། ཁ་དོག་དཀར་པོ་ཡང་དེ་དང ་འདྲའོ། །གསུང་གི་དཀྱིལ་འཁོར་ལ་ནི་ཁ་དོག་དམར་པོ་དེ་བཞིན་དུ་ཤེས་པར་བྱའོ། །འོད་ཟེར་ཕྲེང་བས་རྣམ་པར་བརྒྱན་ཞེས་བྱ་བ་ནི་འོད་ཟེར་དཀར་པོ་ལ་སོགས་པ་རྣམས་ཀྱིས་སྤྲས་པའོ། །ཡེ་ཤེས་ཀྱི་རྒྱ་མཚོའི་རྒྱུ་མཐུན་པའི ་སའི?་ཆའི་སྟེང་དུ་ཡི་གེ་བྷྲུཾ་ལས་བྱུང་ཞིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྡུལ་ཕྲ་རབ་རྣམས་ལས་གྲུབ་པ་ཉིད་ཡིན་པའི་ཕྱིར་ཡེ་ཤེས་རྒྱ་མཚོའོ། །དེ་ཉིད་ཀྱི་ཕྱིར་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི ་གནས་ཏེ་ཡེ་ཤེས་ཀྱི་གཞལ་ཡས་ཁང་བསྒོམ་པར་བྱའོ། །མཆོད་པའི་སྤྲིན་རྣམས་སྤྲོ་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་གཞལ་ཡས་ཁང་གི་ནང་དུ་བཀོད་པའི་ལྷ་མ་ལུས་པའི་འཁོར་ལོའི་དབུས་ན་གནས་པའི་རྡོ་རྗེ་འཆང་ལ་སོགས ་པ་གང་ཡང་རུང་བའི་བདག་པོའི་ང་རྒྱལ་དང་ལྡན་པ་སྔ་མ་བཞིན་དུ་མངོན་པར་འདུས་བྱས་ཤིང་བྱིན་གྱིས་བརླབས་པ་དྲི་དང་མེ་ཏོག་ལ་སོགས་པས་བརྒྱན་པའི་རང་གི་རིགས་ཀྱི་རིག་མ་དང་ཡང་དག་པར་ལྡན་པས། རང་གི་བ་སྤུའི་བུ ་ཀའི་གསེབ་ནས་བྱུང་བའི་མཆོད་པའི་སྤྲིན་སྤྲོ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །པདྨ་རྣམ་ལྔ་ཞེས་བྱ་བ་ནི་ཁ་དོག་སྔོན་པོ་དང་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ། །ུཏཔལ་ཡང་དེ་དང་འདྲའོ། །ཛཱ་ཏི་རྣམ་གསུམ་ཞེས་བྱ་བ་ནི་ཁམ་འབུས ་པ་དང། ཁ་བྱེ་བ་དང། ཞུ་བར་གྱུར་པའི་གཟུགས་རྣམས་སོ། །ཡང་ན་གཞན་དུ་བཤད་པར་བྱ་སྟེ། པདྨ་ཞེས་བྱ་བ་ནི་ཤེལ་གྱི་རྡོ་བ་ལྟ་བུའི་ཆོས་འབྱུང་སྟེ། དེ་བཞིན་གཤེགས་པ་ལྔ་དང་ཉེ་བའི་ཕྱིར་ཁ་དོག་ལྔ་པའོ། །ུཏཔ་ལ་ཞེས་བྱ་བ ་ནི་ཐབས་ཀྱི་རྡོ་རྗེ་སྟེ་དེ་ཡང་ཁ་དོག་ལྔ་པའོ། །དེ་ཉིད་ཀྱི་ཕྱིར་ཤེས་རབ་ཀྱི་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པ་ཕྱག་ན་གནས་པ་བཞིན་དུ་བསྟན་པའི་དེ་བཞིན་གཤེགས་པ་རྣམས་རང་དང་རྗེས་སུ་མཐུན་པའི་ཁ་དོག་དང་ལྡན་པའི་པདྨའི་ཕྱག་མཚན་བསྣམས ་པ་ཡིན་ནོ། །དེ་བཞིན་དུ་ལྷ་མོ་ནི་ཨུཏཔ་ལའི་ཕྱག་མཚན་བསྣམས་པའོ། །ཛཱ་ཏི་རྣམ་གསུམ་ཞེས་བྱ་བ་ནི་གདོལ་པ་མོ་དང། བཅོ་བླག་མཁན་དང། གར་མཁན་མའོ། །མེ་ཏོག་ཀར་ནི་ཀར་ལ་སོགས་པ་རྣམས་ནི་མཱ་མ་ཀཱི་ལ་སོགས ་པ་ལྷ་མོ་རྣམས་ཀྱི་དངོས་པོ་དང་ཐ་མི་དད་པའི་བཙུན་མོ་རྣམས་ཀྱི་བྷ་ག་སྟེ། ལེའུ་བཅོ་བརྒྱད་པ་ལས་བཙུན་མོ་གཞོན་ནུའི་ནམ་མཁའ་ཨི་ཁམས། མེ་ཏོག་ཞེས་ནི་མངོན་བརྗོད། ཞེས་གང་གསུངས་པའོ། །མེ་ཏོག་བསམས་ཞེས་བྱ་བ་ནི་ལྷ་དང་ལྷ་མོ ་ཡང་དག་པར་སྦྱོར་བ་བྱས་ནས་སོ། །མཆོད་པ་ཐམས་ཅད་ཅེས་བྱ་བ་ནི་བླ་ན་མེད་པ་ལ་སོགས་པའི་རང་བཞིན་ཏེ། དེས་སྔ་མ་བཞིན་དུ་བདག་ཉིད་དང་དཀྱིལ་འཁོར་ལ་མཆོད་པར་བྱའོ། །དཔག་ཚད་བརྒྱའི་ཁྱོན་ཙམ་དུ་ཞེས་བྱ་བ་འདི་ནི་ཉེ་བར ་མཚོན་པ་ཡིན་ཏེ། དཔག་ཚད་བྱེ་བའི་ཁྱོན་ཡོད་པ་མཆོད་རྟེན་གྱི་ནང་ན་གནས་པ་རྗེས་སུ་མཐུན་པའི་དཀྱིལ་འཁོར་བསྒོམ་པར་བྱའོ། །འཁོར་ལོ་དཀྱིལ་འཁོར་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱིའོ། །རིགས་རྣམས་ཞེས་བྱ་བ་ནི་དབུས་ན ་བཞུགས་པའི་སྐུ་རྡོ་རྗེ་དང་འཁོར་མི་བསྐྱོད་བ་ལ་སོགས་དཀྱིལ་འཁོར་པ་རྣམས་དགོད་པར་བྱའོ། །གང་ཞིག་གིས་ཞེ་ན། གསུངས་པ་རྣམ་པར་མཁས་པ་སྟེ་བསམ་གཏན་གྱི་ཆོག་ཤེས་པས་སོ། །དེ་བཞིན་དུ ་པདྨས་མཚན་པ་ནི་གསུང་གི་དཀྱིལ་འཁོར་རོ། །དེ་བཞིན་དུ་རྡོ་རྗེས་མཚན་པ་ནི་ཐུགས་ཀྱི་དཀྱིལ་འཁོར་རོ། །རལ་གྲིས་མཚན་པ་ནི་དོན་ཡོད་བའི་དཀྱིལ་འཁོར་རོ། །ུཏཔ་ལ་ཞེས་བྱ་བ་ནི་ཐབས་ཏེ་མཆོད་པའི་ཡན་ལག་ལ་ཐབས་?? ་ཡིན་པའི་ཕྱིར་རིན་པོ་ཆེའི་རིགས་ཀྱི་ཕྱག་མཚན་ནོ། །དེས་ཉེ་བར་མཚན་པའི་དཀྱིལ་འཁོར་ནི་ཐ་མི་དད་པར་ཉེ་བར་བཏགས་པའི་སྒོ་ནས་ཨུཏཔ་ལ་ཞེས་བྱ་བར་བརྗོད་དོ། །ཁ་ཅིག་ལས་རྡོ་བ་ཞེས་འདོན་པ་དེར་ནི་རིན་པོ་ཆེ་ཉིད་ཡིན་ནི་ཞེས་བྱ། ་བར་གྲུབ་བོ། །རིགས་རྣམས་རབ་ཏུ་དགོད་པར་བྱ་ཞེས་བྱ་བ་ནི་ཐམས་ཅད་ལ་སྦྱར་བར་བྱའོ། །གྲུ་བཞི་ཞེས་བྱ་བ་ནི་དབྱིབས་ཀྱི་སྒོ་ནས་སོ། །མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་བདག་ཉིད་ཡིན་པའི་ཕྱིར་རིན་ཆེན་རྣམ་བཞི་པའོ། ། ་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ཉིད་ཡིན་པའི་ཕྱིར་གསལ་ཞིང་རང་བཞིན་གྱིས་དྲི་མ་མེད་པ་སྟེ། དཀྱིལ་འཁོར་པ་རྣམས་ལ་བླ་ན་མེད་པ་ལ་སོགས་པ་རྣམས་ཀྱིས་མཆོད་པའི་ཕྱིར་གནས་སུ་བསྒོམ་པར་བྱའོ། །དེ་ཉིད་ནི་འདོད་བའི་ཡོན ་ཏན་ལྔ་རྣམས་ཀྱིས། དེ་ལ་མཆོད་པ་རྒྱ་མཚོ་བརྩམ། ཞེས་བྱ་བ་གསུངས་སོ། །རིན་ཆེན་ན་བཟའ་ལ་སོགས་པས་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་རྣམས་མཛའ་ཡས་པ། ་ནམ་མཁའ་ཁྱབ་པའི་བླ་ན་མེད་པའི་མཆོད་པའི་ཚོགས་བསྟན་ཏོ། །མཆོད་པ་རྣམ་པ་ལྔ་ནི་བདུད་རྩི་ལྔའོ། །རིན་ཆེན་འབྱུང་གནས་ཞེས་བྱ་བ་ནི་ཟག་པ་མེད་པའི་བདེ་བའི་མཆོག་རྒྱས་པར་བྱེད་པའོ། །ན་ཆུང་ནི་ལོ་གྲངས་བཅུ་གཉིས་ལོན་པའོ།། ་མཱ་མ་ཀཱིའི་གཟུགས་སུ་རྣམ་པར་བསྒོམས་པ་རྡོ་རྗེ་སེམས་དཔས་བདག་གིས་བྱས་པ་ཉིད་ཡིན་པའི་ཕྱིར་མཆོག་གོ། དབུལ་བར་བྱ་ཞེས་བྱ་བ་ནི་གྲུབ་པའི་རྒྱུ་མཚན་དུ་རིགས་ཀྱི་ལྷ་ཐམས་ཅད་ལ་དབུལ་བར་བྱའོ། །རིན་ཆེན་སྣ་བདུན་གྱིས་ཞེས་བྱ་བ་ནི ་བུད་མེད་དང་སྐྱེས་བུ་དང། ནོར་བུ་དང་འཁོར་ལོ་དང་རལ་གྲི་དང་གླང་པོ་དང་རྟ་རིན་པོ་ཆེ་རྣམས་ཀྱིས་སོ། །སྦྱིན་པའི་ཕྱིར་ཞེས་བྱ་བ་ནི་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་གྱི་ཕྱིར་རོ། །བདག་པོའི་ཕྱག་རྒྱར་ཞེས་བྱ་བ་ནི་རྡོ་རྗེ་འཆང་གི་ཕྱག་རྒྱ་ཆེན་པོར? ་རོ། །འདོད་ཆགས་ལ་ཀུན་ཏུ་ཆགས་པས་རང་གི་དམ་ཚིག་ལས་བྱུང་བའི་སངས་རྒྱས་སྤྱན་ལ་སོགས་པ་རྣམས་དང་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཡང་དག་པར་སྦྱོར་བ་བྱས་ཏེ། བྱེད་བ་ཆེན་པོའི་རྣམ་པར་བལྟ་བར་བྱའོ། ། ་བཤད་མ་ཐག་པ་ཐམས་ཅད་ནི་བཙུན་མོའི་པདྨའི་དབུས་ན་གནས་པའི་བསྡུས་པའི་དཀྱིལ་འཁོར་དུ་བྱ་བ་ཡིན་པས། དེའི་ཕྱིར་ནམ་མཁའ་དབྱིངས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡུལ་ཕྲ་རབ ་རྣམས་ལས་གྲུབ་པ་ནི་རྡོ་རྗེ་འཆང་ཆེན་པོའི་སྐུའོ། །བདག་གི་ལུས་ཞེས་བྱ་བ་ནི་འཁོར་ལོའི་ལྟེ་བ་ན་བཞུགས་པའི་བདག་པོའི་དཀྱིལ་འཁོར་གྱི་དབུས་ན་བཞུགས་པའོ། །དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ལས་མཆོག་ཏུ་གྱུར་པ་ཉིད ་ཡིན་པའི་ཕྱིར་བླ་མ་སྟེ། བདུད་རྩི་ལྔས་མཆོད་པར་བྱའོ། །རིག་མ་འདོད་པས་ནི་ལྷའི་བུ་མོ་ལ་སོགས་པ་རྣམས་ཀྱིས་དེ་ལ་མཆོད་པར་བྱ་བ་ཡིན་པས། བཞིན་བཟང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱིན་གྱིས་རླབས ་ཀྱི་གནས་ཞེས་བྱ་བ་ནི་སྙིང་ག་ལ་སོགས་པར་ལྷ་མོའི་འཁོར་ལོ་རྣམ་པར་དགོད་པའི་མཐར་ཐུག་པའོ། །དེ་ཉིད་མཆོད་པ་ཞེས་བྱ་བ་ནི་རང་གི་འདོད་པའི་ལྷ་ལ་མཆོག་ཏུ་དགའ་བས་མཆོད་པའོ། །བླངས་ནས་ཞེས་བྱ་བ་ནི་པདྨ་ན་གནས་པའི ་བྱང་ཆུབ་ཀྱི་སེམས་རང་གི་ཁ་ཡིས་བླངས་ནས་སོ། །མི་ཤིགས་པའི་སྐུ་ལ་སོགས་པ་རྣམས་སྒྲུབ་པར་བྱེད་པའི་མཆོད་པ་ནི་སྐུ་གསུང་ཐུགས་ཀྱི་མཆོད་པའོ། །དེའི་ཕྱིར་སྔགས་རྣམས་དངོས་གྲུབ་བྱེད་པ་ཞེས་གསུངས་སོ།། ་ཡེ་ཤེས་རྡོ་རྗེ་ཅན་གྱིས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིའོ། །ཐབས་དང་ཤེས་རབ་ཀྱི་བདེ་བ་ཆེན་པོ་ལས་བྱུང་བ་ཉིད་ཡིན་པའི་ཕྱིར་གསང་བའོ། །ལེའུ་བརྒྱད་པའི་རྣམ་པར་བཤད་པའོ།། །། ་ལེའུ་ལྔ་པར་མདོར་བསྟན་པའི་མདོ་རྣམས་བཤད་པའི་ཕྱིར་། དོན་དམ་པའི་དག་པའི་དེ་ཁོ་ན་ཉིད་ཀྱི་དོན་གྱི་དམ་ཚིག་གི་ལེའུ་དེ་ནས་རྒྱལ་པོ་རྡོ་རྗེ་འཛིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་བཤད་ཟིན་ཏོ། །སྐུ་གསུང་ཐུགས ་དང་སྟེ། སྐུ་རྡོ་རྗེ་ལ་སོགས་པ་རྣམས་དང། དཀྱིལ་འཁོར་གང་ལ་ཡང་དག་པར་ལྡན་པ། ཡོད་པ་དེ་ནི་སྐུ་གསུང་ཐུགས་དང་ཡང་དག་པར་ལྡན་པའོ། །དེ་ནི་རྡོ་རྗེ་ཡང་ཡིན་ལ་མི་ཕྱེད་རྡོ་རྗེ་གསུམ་ཡང་ཡིན་པས། རྡོ་རྗེ་མི་ཕྱེད ་གསུམ་སྟེ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཡིན་ཞིང། དེ་རྣམས་ཀྱི་དཀྱིལ་འཁོར་ནི་རྡོ་རྗེ་མི་ཕྱེད་གསུམ་གྱི་དཀྱིལ་འཁོར་རོ། །སངས་རྒྱས་ཡེ་ཤེས་ཅན་གྱི་ཞེས་བྱ་བ་ལ། སངས་རྒྱས་རྣམས་ཀྱི་ཡེ་ཤེས་ནི་མེ་ལོང ་ལྟ་བུ་ལ་སོགས་པ་རྣམས་ཡིན་ཞིང། གང་དག་ལ་དེ་རྣམས་ཡོད་པ་དེ་དག་ནི་སངས་རྒྱས་ཡེ་ཤེས་ཅན་ཏེ། དེ་བཞིན་གཤེགས་པ་རྣམས་ཡིན་ཞིང། དེ་རྣམས་ཀྱི་དཀྱིལ་འཁོར་གསུངས་སོ། །ཡང་དག་པར་སྦྱོར་བ་ལས་བྱུང་བ་ཉིད ་ཡིན་པའི་ཕྱིར་གསང་བ་སྟེ། དེ་རྣམས་ཀྱི་དེ་ཁོ་ན་ཉིད་དོ། །ཉམས་དགའ་བ་ནི་ཡིད་དུ་འོང་བའོ། །མཆོག་ནི་དམ་པ་སྟེ། རབ་ཏུ་བཤད་ཅིང་བསྟན་ཏོ། །ནམ་མཁའ་ཨི་དབྱིངས་ཞེས་བྱ་བ་ནི་སངས་རྒྱས་སྤྱན་གྱི་བྷ་གའོ། །སངས་རྒྱས་ནི ་རྣམ་པར་སྣང་མཛད་དེ། དེའི་དཀྱིལ་འཁོར་ནི་སངས་རྒྱས་དཀྱིལ་འཁོར་རོ། །འདིས་དཀྱིལ་འཁོར་ཕན་ཚུན་དུ་བསྒྱུར་བའི་སྦྱོར་བ་ལས་དེ་དང་དེ་འགྲུབ་པར་འགྱུར་རོ་ཞེས་བཤད་པ་ཡིན་ནོ། །རྡོ་རྗེ་མི་བསྐྱོད་རབ་བསྒོམས་ནས་ཞེས་བྱ་བ་ནི་མི་བསྐྱོད་པ་འམ ་ཞེ་སྡང་རྡོ་རྗེའོ། །ལག་ཏུ་ཞེས་བྱ་བ་ནི་ལག་ན་ཐོགས་པའི་རྡོ་རྗེ་འབར་བ་ཇི་འདྲ་བ་དེ་འདྲ་བར་རང་གི་གསང་བའི་རྡོ་རྗེ་ཧཱུཾ་ལས་བྱུང་བ་བསམ་པ་སྟེ། རྡོ་རྗེ་གསང་བ་འདི་ལྟ་བུས་ཞེས་རྗེས་ཐོགས་ཉིད་དུ་འཆད་པར་འགྱུར་བ་ཉིད་ཡིན་པའི་ཕྱིར་རོ།། ་དུས་གསུམ་པའི་སངས་རྒྱས་རྣམས་ཞེས་བྱ་བ་ནི། གལ་ཏེ་དངོས་གྲུབ་བསྒྲུབ་པ་ལ་ཞུགས་པའི་སྒྲུབ་པ་པོའི་སློབ་དཔོན་ལ་སངས་རྒྱས་རྣམས་གནོད་པ་མཛད་པར་གྱུར་ན་དེ་རྣམས་ཀྱང་བརླག་པར་བྱའོ་ཞེས་བྱ་བ་འདི་ལ་དེར་བརྗོད་པའོ། །གཙོ ་བོར་ནི་སློབ་དཔོན་སྨོད་པ་ལྷུར་ལེན་པ་ལ་སོགས་པ་རྣམས་ཀྱི་དབང་དུ་མཛད་ནས་གསུངས་པ་ཡིན་ཏེ། འདི་ཉིད་ལས་སློབ་དཔོན་སྨོད་པ་ལྷུར་ལེན་དང། །ཐེག་ཆེན་མཆོག་ནི་སུན་འདོན་རྣམས། །འབད་པ་ཡིས་ནི་བསད་བྱ་སྟེ། ། ་ཡང་ན་གནས་ནས་བསྐྲད་པར་བྱ་ཞེས་གང་གསུངས་པའོ། །ཅི་བཅོམ་ལྡན་འདས་ཀྱིས་བུད་མེད་ལ་བརྟེན་ནས་ཤ་འཁོན་ཞུགས་པ་བཞིན་བདུ་འདི་གསོད་སེམས་ཀྱིས་ཀུན་ནས་བསླང་བ་ཡིན་པར་གསུངས་སམ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ནི་གང་གིས་སློབ ་དཔོན་སྨོད་པ་ལ་སོགས་པ་དམྱལ་བ་ཆེན་པོ་དང་ངན་སོང་དུ་འགྲོ་བའི་རྒྱུའི་ལས་བྱེད་པ་རྣམས་ཀྱང་མི་བསྐྱོད་པའི་ས་ཐོབ་པར་བྱེད་པའི་འགྲོ་བ་མ་ལུས་པ་མངོན་པར་འདོན་པའི་བདག་ཉིད་ཅན་གྱི་སྙིང་རྗེ་ཆེན་པོའོ། །གལ་ཏེ་བདག་ཉིད་མ ་རྒལ་བར་གཞན་ཇི་ལྟར་སྒྲོལ་བར་བྱེད་ཅེ་ན། མ་ཡིན་ཏེ། ནམ་མཁའ་ལྡིང་གི་ཆ་བྱད་དུ་བྱས་པའི་ལུས་ཅན་གྱི་སྔགས་པས་མཆུ་རང་གཤོག་པ་ལ་སོགས་པར་སྣང་བ་མེད་ཀྱང་སྔགས་ཀྱི་མཐུ་ཉིད་ཀྱིས་སྤྲུལ་ལ་སོགས་པའི་དུག་གིས་ནོན ་པའི་སེམས་ཅན་འཚོ་བར་བྱེད་བདེ་བཞིན་དུ། མི་བསྐྱོད་བའི་རྣལ་འབྱོར་བས་ཀྱང་ཉོན་མོངས་པའི་དུག་གིས་ནོན་པ་རྣམས་ཡང་དག་པར་འདོན་པར་བྱེད་དོ། །སྐུ་གསུང་ཐུགས་ཀྱི་ལོངས་སྤྱོད་ནི་ཞེས་བྱ་བ་ནི ་སངས་རྒྱས་དང་སེམས་ཅན་རྣམས་ཀྱིའོ། །རྡོ་རྗེས་ཞེས་བྱ་བ་ནི་རང་གི་ལག་ན་ཐོགས་པ་དང། རང་གི་གསང་བ་དང། གདན་ལ་སོགས་པས་སོ། །སེམས་ལ་མངོན་པར་འདོད་པའི་དངོས་གྲུབ་ནི། ཐུགས་ཀྱི་དངོས་གྲུབ་སྟེ། བསྒྲུབ ་བྱ་མི་བསྐྱོད་བའི་རྣམ་པར་བསྒྲུབ་པ་ཡིན་ཞིང། དེ་ཐོབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ཐུགས་ཀྱི་དངོས་གྲུབ་འཐོབ་བྱེད་པའོ། །བསམ་གཏན་མཆོག་ཅེས་བྱ་བ་ནི་དེའི་སེམས་སྣང་བ་མེད་པར་བྱས་ནས་ཡི་གེ་ཧཱུཾ་ལས་བྱུང་བའི་མི་བསྐྱོད ་བའི་གཟུགས་སོ། །བསོད་ནམས་ཀྱི་ཚོགས་དེས་ནི་བདག་ཉིད་ཀྱིས་ཀྱང་རྡོ་རྗེ་དངོས་གྲུབ་ཆེན་པོ་ཐོབ་པར་འགྱུར་རོ། །འདི་ལྟ་བུས་ཞེས་བྱ་བ་ནི་བཤད་མ་ཐག་པའི་རྡོ་རྗེས་སོ། །སེམས་ཅན་ཐམས་ཅད་ཅེས་བྱ་བ་ནི་བླ་མ་ལ་སྨོད་པར་བྱེད་པ་ལ ་སོགས་པ་རྣམས་སོ། །མི་བསྐྱོད་ཅེས་བྱ་བ་ལ་སོགས་པས་ནི་འདི་སྐད་དུ་བཤད་པ་ཡིན་ཏེ། བཤད་མ་ཐག་པའི་དཀྱིལ་འཁོར་དུ་ཇི་སྐད་བཤད་བའི་རྣལ་འབྱོར་དང་ལྡན་པས། ཇི་སྐད་བཤད་པའི་སེམས་ཅན་གྱི་ཡུལ་ལ་འཆད་པར་འགྱུར ་བའི་ཚུལ་བཞིན་དུ་སྡིག་པ་?་བ་དང་ཁ་སྦྱར་དབྱེ་བར་བྱ་སྟེ། མདུན་ན་གནས་པའི་རླུང་གི་སྟེང་གི་མེའི་དཀྱིལ་འཁོར་ལ་གནས་པའི་ལུས་ཏིལ་མར་གྱིས་བསྡུས་ལ། གཏེར་བུ་གོ་ཆ་དང་བྲལ་པ་དམིགས་ལ། ལག་པ་གཡས་པ་ན ་གནས་བའི་རྡོ་རྗེ་འབར་བས་བསྣུན་ཏེ་ཐལ་བར་བྱས་པར་བལྟ་བར་བྱའོ། །ཡང་ན་བཤད་མ་ཐག་པའི་སེམས་ཅན་རིག་མའི་པདྨའི་ནང་ན་གནས་པའི་རླུང་གི་སྟེང་གི་མེའི་དཀྱིལ་འཁོར་ལ་གནས་པར་བསམས་ཏེ། རང་གི་སྙིང་ག་ནས ་རྡོ་རྗེ་སྤྲོས་ལ། རིག་མའི་ཁ་ནས་བཅུག་སྟེ་དེའི་ལུས་ལ་ཐོག་གི་ཕྲེང་བ་ལྟ་བུའི་སྔགས་ཀྱི་ཕྲེང་བ་འབར་བ་དབབ་ཅིང། ཉི་མ་བྱེ་བ་ཕྲག་བརྒྱའི་འོད་དང་ལྡན་བའི་རང་གི་གསང་བའི་རྡོ་རྗེ་འབར་བས་བསྣུན་ཏེ། ཐལ་བར་བྱས་བར་བསམ་པར་བྱའོ། ། ་དེའི་རྣམ་པར་ཤེས་པ་ནི་དྲི་མ་མེད་བའི་རླུང་གིས་མ་བསྐྱོད་པའི་མར་མེའི་མེ་ལྕེའི་རྣམ་པར་བསམས་ཏེ། ཕུང་པོ་ལ་སོགས་པ་བྱིན་གྱིས་བརླབས་པ། ཡི་གེ་ཧཱུཾ་ལས་འབྱུང་བའི་མི་བསྐྱོད་པའི་གཟུགས་སུ་བསྒོམས་ལ། བཛྲ་དྷྲིཀ་ཅེས་བྱ་བ ་འདིས་ཕྱུང་སྟེ། མདུན་ན་ཡི་གེ་རཾ་ལས་བྱུང་བའི་གྲུ་གསུམ་གྱི་རྣམ་པའི་ཤིང་རྟ་ལ་གནས་པ་འོག་ནས་ཡི་གེ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་གྱིས་བཏེག་ལ་མངོན་པར་དགའ་བའི་འཇིག་རྟེན་གྱི་ཁམས་སུ་བཏང་སྟེ། ཁམས་གསུམ་པའི ་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ལ་ཡང་དག་པར་བཀོད་ནས། དེ་བཞིན་གཤེགས་པ་ལ་སོགས་པ་ཐམས་ཅད་ཀྱིས་དབང་བསྐུར་ཏེ་བྱིན་གྱིས་བརླབས་པར་བསམ་པར་བྱའོ། །དེ་ལྟར་མངོན་པར་འདུ་བྱ་བ་དེས་ནི་མི་བསྐྱོད་པའི་ཞིང་དུ་དེའི་གཟུགས ་ཅན་གྱི་རྒྱལ་པའི་སྲས་རྣམས་སུ་སྐྱེ་བར་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །ཁྱད་པར་ཅན་དུ་གྱུར་པ་མ་ཡིན་པས་ཀྱང་རྣམ་པ་གཞན་གྱི་དེ་ཁོ་ན་བཞིན་དུ་མི་བསྐྱོད་པའི་གཟུགས་སུ་བསྐྱེད་པར་བྱའོ། །ཕྱི་རོལ་གྱིས་བསད་པ་སྡིག་པར་འགྱུར་བ་ཁོ་ནའི ་ཞེ་ན། དེའི་མ་ཡིན་ཏེ། ཞེ་སྡང་གིས་རབ་ཏུ་ཕྱེ་བའི་ལུས་དང་ངག་དང་ཡིད་གསུམ་གྱི་ལས་ནི་སྡུག་བསྔལ་སྐྱེད་པར་བྱེད་པ་ཡིན་ནོ། །འདིར་ནི་སྙིང་རྗེ་ཆེན་པོས་དེ་རྣམས་ལ་ཕན་པ་ཁོ་ནའི་ཕྱིར་བསད་པར་བྱ་བ་དང་གསོད་པར་བྱེད་པ་དང་བསད ་པའི་བྱ་བ་སྟེ་མུ་གསུམ་དང་བྲལ་བས་འཇུག་པ་ཡིན་ཏེ། སྙིང་རྗེའི་སེམས་འབྱུང་བའི་དུས་སུ་གསོད་པའི་སེམས་འབྱུང་བར་མི་འགྱུར་ཏེ། སྣང་བ་དང་མུན་པ་བཞིན་དུ་གཅིག་ལ་ཕན་ཚུན་འགལ་བ་དང། དུས་གཅིག་ཏུ་སེམས་གཉིས་འབྱུང་བ ་མེད་པའི་ཕྱིར་རོ། །བདག་ཡོད་ན་ནི་གཞན་གྱི་འདུ་ཤེས་འབྱུང། །བདག་དང་གཞན་དུ་འབྱེད་པ་ལས་ཆགས་སྡང་ཏེ། སྡུག་བསྔལ་ཐམས་ཅད་རབ་ཏུ་འབྱུང་བ་ནི། །དེ་དག་ལ་ནི་ཀུན་ཏུ་རག་ལས་ཡིན། ཞེས་ཀྱང ་བཤད་དོ། །བཅོམ་ལྡན་འདས་ཀྱིས་ཛམྦུའི་གླིང་འཇིག་པའི་མདོ་ལས་ཀྱང་།སྒྱུ་མ་བྱེད་པས་སེམས་ཅན་ནི། །མང་པོ་སྤྲུལ་ནས་འདིར་བསད་ཀྱང། །དེར་ནི་གསོད་བྱེད་འགའ་ཡང་མེད། །ཆོས་རྣམས་མཚན་ཉིད་དེ་བཞིན་ནོ། །ཞེས ་གསུངས་སོ། །ཆོས་འདི་ནི་སྐྱེ་བ་གཅིག་ནས་གཅིག་ཏུ་དེ་བཞིན་གཤེགས་པ་མཛའ་ཡས་པ་མཉེས་པར་བྱ་བ་ལྷུར་ལེན་པ། ཁྱད་པར་དུ་འཕགས་པ་ལ་ལྷག་པར་མོས་པ། བཅོམ་ལྡན་འདས་ཀྱི་གསུང་རབ་ལ་ཡིད་ཆེས་བར ་གྱུར་པ་ལ་བསྟན་བར་བྱིའོ། གཞན་མི་གཙང་བ་དང་འདྲེས་པའི་འོ་མའི་བཏུང་བའི་བུམ་པ་ལ་སྨོད་ཅིང་འཐུང་བ་བཞིན་དུ་ལྷག་པར་མོས་པ་ཡོངས་སུ་རྫོགས་པར་བྱེད་སྨིན་པར་གྱུར་པ་ལ་ནི་མ་ཡིན་ནོ། །འདི་ཉིད་བཅོམ་ལྡན་འདས་ཀྱིས། དགེ་སློང ་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བདར་བ་གསེར་བཞིན་དུ། །ཡོངས་སུ་བཏགས་ཏེ་ང་ཡི་བཀའ་། །བླང་བར་བྱ་ཡང་གུས་ཕྱིར་མིན། །ཞེས་བྱ་བས་གསུངས་སོ། །ཡོངས་སུ་བཏག་པ་ཡང་རྒྱུད་འདི་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་ལེའུ་ལ་སོགས ་པ་ཐམས་ཅད་ལས་བཤད་དོ། །འདིར་ནི་ཡོངས་སུ་མི་ཤེས་པ་ཉིད་མཆོག་ཏུ་ཡིན་པར་ཁས་བླང་པར་བྱ་ཡི། དམྱལ་པར་འགྲོ་བའི་ཕྱིར་སེམས་ཕྱིན་ཅི་ལོག་པ་གཞན་ནི་མ་ཡིན་ཏེ། འཕགས་པ་མདོ་སྡེ་དཀོན་མཆོག་བརྩེགས་པ་ལས། གང ་དུ་བློས་ནི་འཛིན་པར་མི་ནུས་པ། །བདག་གིས་མི་ཤེས་རབ་ཏུ་མི་ཤེས་ཞེས། །དེར་ནི་དེ་བཞིན་གཤེགས་པ་དབང་པོར་བཞག། མི་བཟང་བྱང་ཆུབ་ཐོབ་ཅེས་བདེ་གཤེགས་གསུངས་ཞེས་གང་གསུངས་པ་སྟེ། ཤིན་ཏུ་ཐལ་ཆེས་པས་ཆོག ་གོ། དེ་ཙམ་གྱིས་ནི་འདིར། སྲོག་གཅོད་པ་ཡི་སེམས་ཅན་གང། །ཞེས་བྱ་བའི་མདོའི་དོན་བཤད་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་བཀའ་སྩལ་ཏོ་ཞེས་བྱ་བར་སྦྱར་རོ། །ཡེ་ཤེས་ཐར་པ་རབ་སྒྲུབ་པ་ཞེས་བྱ་བ་ནི་།ཕྱུག་པོ་སྲང་བྱེ་བ་ལ་སོགས་པ་སེར་སྣམ་། ་ནོན་པའི་སེམས་ཅན་རྣམས་དེ་སྤོང་བའི་ཡེ་ཤེས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུས་སངས་རྒྱས་ཀྱི་སྐུ་ཉིད་དུ་གྲུབ་པར་བྱེད་པས་ན། ཡེ་ཤེས་ཐར་པ་རབ་སྒྲུབ་པའོ། །བདག་དང་གཞན་དང་དངོས་པོ་སྟེ་མཛའ་གསུམ་རང་བཞིན་གྱིས་ཡོངས་སུ་དག་པ་ཉིད་ཡིན་པའི ་ཕྱིར་ངོ་བོ་ཉིད་དག་པའོ་།དེ་ཉིད་ཀྱི་ཕྱིར་ནམ་མཁའ་བཞིན་དུ་སྐྱོན་དང་ཡོན་ཏན་གྱི་ཚོན་རྣམས་ཀྱིས་བསྒྱུར་བར་མི་ནུས་པ་ཉིད་ཡིན་པས་གོས་པ་མེད་པའོ། །སེར་སྣ་དང་ལྡན་པའི་སེམས་ཅན་རྣམས་འདོན་པའི་བདག་ཉིད་ཅན་གྱི་སྤྱོད་པ་ནི་བྱང་ཆུབ་སྤྱོད་པ་ཡིན ་ཞིང་དེ་རབ་ཏུ་རྣམ་བར་ཕྱེ་ནས་སྟོན་པས་ན་རབ་སྟོན་པ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ཨོ། །དམ་ཚིག་དེ་ཉིད་བཀའ་སྩལ་ཏོ་ཞེས་བྱ་བ་ལ། འདའ་བར་བྱ་བ་མ་ཡིན་ཞིང་བདག་དང་གཞན་གྱིས་དེ་ཁོ་ན་ཉིད་འཐོབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར། །དམ་ཚིག་དེ་ཉིད་དེ ་དཀྱིལ་འཁོར་རོ། །དེ་ཉིད་ནི་ནམ་མཁའ་ཨི་དབྱིངས་ཀྱི་དབུས་གནས་པར་།ཞེས་བྱ་བ་གསུངས་སྟེ་མཱ་མ་ཀཱིའི་བྷ་གར་རོ། །རྡོ་རྗེའི་དཀྱིལ་འཁོར་ནི་མི་བསྐྱོད་པའི་དཀྱིལ་འཁོར་རོ། །རྣམ་པར་སྣང་མཛད་ཅེས་བྱ་བ་ནི་དེའི་དབུས་སུ་སངས་རྒྱས་སྤྱན་དང་སྙོམས་པར་ཞུགས་པའོ། །སངས་རྒྱས ་ཐམས་ཅད་ཅེས་བྱ་བ་ནི་དཀྱིལ་འཁོར་ལ་རྣམས་ཏེ་ཡང་དག་པར་སྦྱོར་བ་ལས་ཀུན་ཏུ་བྱུང་ལ་གནས་ཇི་ལྟ་བ་བཞིན་དུ་དགོད་པར་བྱའོ། །དེ་ནས་རང་གི་བ་སྤུའི་བུ་གའི་གསེབ་རྣམས་ནས་དེ་བཞིན་གཤེགS་པ་སྤྲོ་སྟེ། འཕྲོག་པར་མངོན་པར་འདོད་པའི་རྫས་ཀྱི་རིགS་ལ་བཅུག་ནས། །པདྨ་དག ་ལ་སོཌ་པ་རིན་པོ་ཆེ་རྣམས་ཀྱི་འཁྱུང་ཁུང་དུ་ཡོངས་སུ་གྱུར་པར་བསམ་པར་བྱ་བ་ནི། རིན་ཆེན་ཀུན་གྱི་སྦྱོར་བ་ཡིས། །རྡོ་རྗེའི་གཟུཌ་ཏེ་དེ་བཞིན་གཤེཌ་པ་རྣམས་སུ་བསམ་པར་བྱའོ་ཞེས་བྱ་བས་གསུངས་སོ། །རྫས་རྣམས་ཐམས་ཅད་འཕྲོག་པ་ཞེས་བྱ་བ་ནི་བཤད་མཐག་པ་རྣམས་སོ ་རྡོ་རྗེ་གསུམ་གྱིས་ཞེས་བྱ་བ་ནི་དག་གིས་ཨོཾ་ཨཱ:ཧཱུཾ་ཛིན་ཛིཀ་ཆེ་གེ་མོའི་རྫས་ཨ་ཀརཥ་ཡ་སྭཱཧཱ་ཞེས་བྱ་བ་བརྗོད་ཅིང། སེམས་ཀྱིས་མངོན་པར་འདོད་པ་བདག་དང་གཞན་དང་དངོས་པོ་དང་འཁོར་གསུམ་ཡོངས་སུ་དག་པ་ལ་གནས་པས། ལུས་ལས་བྱུང ་བའི་འོད་ཟེར་གྱི་ལྕགས་ཀྱུ་རྣམས་ཀྱིས་རྫས་དེ་བཀུག་སྟེ། རང་གི་ཁྱིམ་དགང་བར་བྱ་བའོ། །ནོར་གྱི་རྒྱ་མཚོས་ཞེས་བྱ་བ་ལ་སོགས་པས་ནི་ནོར་གྱི་བདག་པོ་རྣམས་ཀྱི་ཕན་ཡོན་གསུངས་ཏེ་དེ་ནི་གོ་སླའོ། །སྔགས་ཀྱིས་མངོན་པར་འདུས་བྱས་པའི་སྟོབས་ཀྱིས ་གསད་པ་ནི་འགྲུབ་པར་འགྱུར་པ་ཡིན་དུ་ཆུག་ན། འདི་ལ་གོ་རྒྱུ་ཅི་ཞིག་ཡོད་ཅེ་ན། རྣལ་འབྱོར་པའི་རྒྱུད་རྣམ་པར་དག་པ་ཁོ་ནའོ། །ཅི་ཕྱིར་ཞེ་ན། བདག་ལས་གཞན་ལམ་འགྲོ་ཅིག་སྙམ་པ་ནི་སེར་སྣ་སྟེ། དེས་ནོན་པའི་སེམས་ཅན་གྱིས་ནི་རང་ཉིད་ཀྱིས་སྤྱིན་པར་མི་ནུས་སོ། །དེའི ་ཕྱིར་དེ་ལྟ་བུར་གྱུར་པའི་རྣལ་འབྱོར་པའི་རྒྱལ་པོས་འཁོར་གསུམ་རྣམ་པར་དག་པར་གྱུར་པའི་ནོར་དེ་བདག་དང་གཞན་གྱིས་ཉེ་བར་ལོངས་སྤྱོད་པ་དང། དཀོན་མཆོག་གསུམ་ལ་སོགས་པ་ལ་ཉེ་བར་ཕུལ་བ་ནི་རྫོགས་པའི་བྱང་ཆུབ་ཀྱི ་འབྲས་བུ་རབ་ཏུ་སྟེར་བ་ཡིན་ཏེ། དཔལ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས་ཀྱང། འདིར་བྱང་ཆུབ་སེམས་དཔས་སེར་སྣ་ཅན་མ་གཏོགས་པ་གཞན་ལས་ཐམས་ཅད་ཀྱི་ཐམས་ཅད་དུ་མ་བྱིན་པར་ལེན་པ་སྤང་བར་བྱ་བ ་ཡིན་ནོ་ཞེས་གསུངས་སོ། །གཏི་མུག་གི་རིགས་ཀྱི་དམ་ཚིག་ནི་རིགས་ཐམས་ཅད་ཀྱི་ཐུན་མོང་པ་ཉིད་ཡིན་ནོ། ཇི་ལྟ་ཞེ་ན། རིགས་ཀྱི་རྒྱ་མཚོ་ཀུན་ལ་ཞེས་གསུངས་སོ། །དེ་ནི་ཉེ་བར་མཚོན་པ་ཡིན་ཏེ། རིགས་ཐཾས་ཅད་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་སྡོམ་པ་བཞི་ཉམས་སུ་བླང ་བར་བྱ་བ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །འདི་ནི་གཞན་གྱི་ནོར་ལ་ཆགས་པ་ཞེས་བྱ་བ་མདོ་དེའི་དོན་ཡིན་ནོ། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན་པས་རབ་ཏུ་བཀའ་སྩལ་ཏོ། །ཞེས་བྱ་བར་སྦྱར་རོ། །དེ་ལ་འདོད་ཆགས་ནི་ཡང་དག་པར་སྦྱོར་བ ་ལ་ཀུན་ཏུ་ཆགས་པའི་མཚན་ཉིད་དོ། །དེས་ཐར་པ་རབ་ཏུ་སྒྲུབ་པ་ནི་སེམས་ཅན་རྣམས་ཀྱི་རྒྱུད་ལ་ཐབས་དང་ཤེས་རབ་ཀྱི་བདེ་བ་ཆེན་པོ་སྒྲུབ་པར་བྱེད་པའོ། །དབང་པོ་གཉིས་སྙོམས་པར་ཞུགས་པ་ཉིད་ཡིན་པའི་ཕྱིར་གསང་བའོ། །ཟག་པ་མེད་པའི ་དགའ་བ་མཆོག་གི་རང་བཞིན་ཡིན་པའི་ཕྱིར་དག་པའོ། །དེར་ཡང་མི་དམིགས་པའི་ཕྱིར་དམིགས་མེད་པའོ། །དབུས་གནས་པར་ཞེས་བྱ་བ་ནི་རིན་པོ་ཆེའི་དམ་ཚིག་གི་?་གའི་ནང་ན་གནས་པར་དཀོན་མཆོག་དཔལ་གྱི་དཀྱིལ་འཁོར་རོ། ། ་དཔག་མེད་ཆེ་ཞེས་བྱ་བ་ནི་དེའི་དབུས་སུ་བདག་ཉིད་གོས་དཀར་མོར་རྣམ་པར་བསྒོམས་པའི་གར་མཁན་གྱི་བུ་མོ་དང་སྙོམས་པར་ཞུགས་པའི་འོད་དཔག་ཏུ་མེད་པར་རོ། །སངས་རྒྱས་རྣམས་ཀྱིས་ཞེས་བྱ་བ་ཡང་དག་པར་སྦྱོར་བ་ལས། ་འབྱུང་བའི་དཀྱིལ་འཁོར་པ་རྣམས་ཀྱིས་དཀྱིལ་འཁོར་ཐམས་ཅད་ཡོངས་སུ་དག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །བུད་མེད་རྣམ་པར་སྦྱོར་པ་ཞེས་བྱ་བ་ནི་རིག་མའི་ཚོགས་ཀྱི་དཀྱིལ་འཁོར་པ་ཡང་དག་པར་ཕྱུང་སྟེ། ལྷ་ཐམས་ཅད་དང་ལྷན་ཅིག ་ཡང་དག་པར་སྦྱོར་བ་བསྒོམ་པའོ། །ལྷའི་སྐུ་ནི་ཕྱག་རྒྱ་ཆེན་པོའོ། །གསུང་ནི་ཆོས་ཀྱི་ཕྱག་རྒྱ། ཐུགས་ནི་ལས་ཀྱི་ཕྱག་རྒྱའོ། །ཀུན་ཏུ་ཁྱབ་པའི་ཤེས་རབ་ལྷ་མོའི་གཟུགས་སུ་གྱུར་པ་དེ་ནི་དམ་ཚིག་གི་ཕྱག་རྒྱ་སྟེ། ཕྱག་རྒྱ་བཞི ་པ་དེ་རྣམས་དང་གཉིས་སུ་མེད་པར་ཡང་དག་པར་སྦྱོར་བའི་ཕྱིར་དམ་ཚིག་བཞིའི་སྦྱོར་བ་སྟེ་ངེས་སོ། །མི་ཕྱེད་པའི་ཡེ་ཤེས་ཐོབ་པར་བྱེད་པའི་ཐབས་ནི་རྡོ་རྗེའི་ཚུལ་ལོ། །དེ་ཉིད་བཤད་པའི་ཕྱིར་དེ་དག་ཐམས་ཅད་ཉེ་བར་སྤྱད་ཞེས་བྱ་བ ་གསུངས་ཏེ། ཕྱག་རྒྱ་བཞིའི?་བདག་ཉིད་དང་ཡང་དག་པར་ལྡན་པའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ?་མ་ལུས་པར་བསྟན་པར་བྱ་བའོ། །དགའ་བ་ལ་སོགས་པ་རབ་ཀྱི ་མཐར་ཕྱིན་པའི་རང་བཞིན་ཅན་གྱི་སྐུ་གསུམ་སྒྲུབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་མི་ཕྱེད་སྐུ་གསུམ་བསྒོམ་པའོ། །སྔགས་པ་རྣམས་ཀྱིས་ཞེས་བྱ་བ་ནི་ལྷ་གཞན་གྱི་རྣལ་འབྱོར་པས་ཀྱང་སྟེ། བཅོམ་ལྡན་འདས་ཀྱིས། ་རྫོགས་སངས་རྒྱས་ཀྱིས་འདོད་པ་བསྟན། །དགེ་སློང་གི་འཕང་མཆོག་ཐོབ་འགྱུར། །སྒྲུབ་པ་པོས་ཀྱང་དེ་བཞིན་སྦྱར། །སྡོམ་པ་གསུམ་ལ་གནོད་པ་མིན། །ཞེས་གང་གསུངས་པའོ། །འདི་ནི་རྟག་ཏུ་འདོད་ལ་སྤྱོད་པ་ཞེས་བྱ་བ་དེའི་དོན ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཀའ་སྩལ་ཏེ་ཞེས་བྱ་བར་སྦྱར་རོ། །རྫུན་དུ་སྨྲ་བ་ལ་དགའ་བ་རྣམས་དེ་རྣམ་པར་སྦྱོང་བ་ཡང་དག་པར་བསྟན་པའི་སྒོ་ནས་དོན་ཡོད་པར་གྲུབ་པའི་རང་བཞིན་གྱི་བྱང་ཆུབ་སེམས་དཔའ་ ་རྣམས་སུ་སྒྲུབ་པར་བྱེད་པས་ན་རྡོ་རྗེ་སྔགས་ཀྱི་དོན་སྒྲུབ་བའོ། །སངས་རྒྱས་ནི་འོད་དཔག་ཏུ་མེད་པ་སྟེ། དེའི་དཀྱིལ་འཁོར་གོས་དཀར་མོའི་མཚོ་སྐྱེས་ལ་གནས་པ་ནི་སངས་རྒྱས་དཀྱིལ་འཁོར་རོ། །རྡོ་རྗེ་དོན་ཡོད་ཅེས་བྱ་བ་ནི། ་དེའི་དབུས་སུ་སྒྲོལ་མ་དང་ཡང་དག་པར་ལྡན་པའི་དོན་ཡོད་པར་གྲུབ་པ་སྔ་མ་བཞིན་དུ་དཀྱིལ་འཁོར་པ་རྣམས་ཀྱིས་ཡོངས་སུ་བསྐོར་པ་བསམ་པའོ། །སྒྱུ་མ་ལ་སོགས་པ་བཞིན་དུ་སྣང་བ་ཙམ་གྱི་ཀུན་ཏུ་བརྟགས་པའི་དངོས་པོ ་རྣམས་དངོས་སུ་མེད་དོ་ཞེས་བྱ་བའི་བརྫུན་པའི་དོན་དང་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བ་ཞེས་སྟོན་པར་བྱེད་པའི་མི་ཕྱེད་པའི་ཚིག་རྣམས་ནི། རྡོ་རྗེ་ཚིག་གི་རྫུན་སྨྲ་བ་སྟེ་དེ་རྣམས་ཀྱིས་སོ། །ཐམས་ཅད ་གཟུགས་སུ་ཞེས་བྱ་བ་ནི། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བརྟན་པ་དང་གཡོ་བའི་རྣམ་པ་ཅན་གྱི་དཀྱིལ་འཁོར་པོའི་ལྷའི་གཟུགས་བསྒོམ་པའོ། །རྒྱལ་བ་ཀུན་གྱི་གནས་ཞེས་བྱ་བ་ནི། སངས་རྒྱས ་སྤྱན་ལ་སོགས་བ་རྣམས་སོ། །རྒྱལ་བ་ཞེས་བྱ་བ་ནི་སངས་རྒྱས་ལ་སོགས་པ་དཀྱིལ་འཁོར་པ་རྣམས་སོ། །བསླུ་བར་བྱ་ཞེས་བྱ་བ་ནི་ཟླ་གསང་ཐིག་ལེ་ལ་སོགས་པ་ལས་བཤད་པའི་བྱ་བའི་སྦྱོར་བ?་རྣམ་པ་ཐ་དད་པ་རྣམས་ཀྱི་སྒོ་ནས་བསླུ་བ་སྟེ ་རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བ་དེ་ལ་ཡང་དག་པར་སྦྱོར་བའོ། །ཡང་ན་དོན་གྱི་ཁྱད་པར་མཐོང་བའི་འཇིག་རྟེན་ལ་གྲགས་པ་ལས་གཞན་དུ་རྩ་དང་མཚུངས་པར་འཁོར་གསུམ་ཡོངས་སུ་དག་པར་བརྗོད་པ་སྟེ། གཞན་རྣམས་བདེ་བའི ་དོན་དང་ནི། །སློབ་དཔོན་བདེ་བའི་རྒྱུ་ཉིད་དང། དཀོན་མཆོག་གསུམ་ལ་ཕན་པའི་ཕྱིར། །རྟག་ཏུ་རྫུན་དུ་སྨྲ་བར་བྱ། །ཞེས་འབྱུང་བའི་ཕྱིར་རོ། །དེ་བས་ན་ནམ་མཁའ་ཨི་གསུང་དེ་དྲི་མེད་པ་ཞེས་གསུངས་སོ། །ཡེ་ཤེས་བློ་ཅན་རྣམས ་ཀྱི་ཞེས་བྱ་བ་ནི། མེ་ལོང་ལྟ་བུའི་སོགས་པའི་ཡེ་ཤེས་རྣམས་བསྒྲུབ་པ་ལ་ཞུགས་པ་རྣམས་ཀྱིའོ། །གསང་བ་ནི་ཉན་ཐོས་ལ་སོགས་པ་རྣམས་ལ་གསང་བར་བྱ་བའོ། །རང་གི་འདོད་པའི་ལྷའི་གོ་འཕང་ཐོབ་བར་བྱེད་པ་ཉིད ་ཡིན་པའི་ཕྱིར། སྔགས་ཀྱི་དངོས་གྲུབ་འཐོབ་པར་བྱེད་པའོ། །དམ་ཚིག་དོན་ཡོད་པར་གྲུབ་པའོ། །དེ་འགུགས་པར་ནི་རྣལ་འབྱོར་པའི་རྒྱུད་དེའི་རང་བཞིན་དུ་བྱེད་པའོ། །དེ་དོན་ཅན་གྱི་དམ་ཚིག་གི་དེ་ཁོ་ན་ཉིད་ཅེས་བྱ་བ་ནི་བཤད ་ཟིན་པའི་མཚན་ཉིད་ཅན་གྱི་བསླུ་བའོ། །དོན་ཇི་ལྟ་བ་བཞིན་དུ་སྤྲོ་བར་བྱ་ཞེས་བྱ་བ་ནི་ཇི་ལྟར་གཉིས་སུ་བཤད་པ་དེ་ཁོ་ན་བཞིན་དུ་བྱའོ་ཞེས་བྱ་བའི་དོན་ཏོ། །ལུང་ལས་ནི་སྦྱོར་བ་བྱས་པ་ལ་སོགས་པ་ཡན་ལག་ལྔས་སྲོག་གཅོད་པས ་ཡོཌ་པ་བཞིར་འགྱུར་ཏེ། གང་ཡང་རུང་པ་གཅིག་མ་ཚང་ན་ཡང་མ་འགྱུར་རོ་ཞེས་གསུངས་སོ། །འདིར་ནི་ཡན་ལག་གཅིག་ཀྱང་མི་དམིགས་པའི་ཕྱིར་རང་བཞིན་གྱིས་རྣམ་བར་དག་པའི་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་ཉིད་སྒྲུབ ་པར་བྱེད་པ་ཉིད་ཡིན་ནོ། །འདི་ནི་རྫུན་དུ་སྨྲ་ལ་དགའ་བ་དང། ཞེས་བྱ་བའི་མདོའི་དོན་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་བཀའ་སྩལ་ཏོ་ཞེས་བྱ་བར་སྦྱར་རོ། །རྒྱལ་བ་རྣམས་ཀྱི་གནས་ནི་རྒྱལ་གནས་ཏེ། ་དེའི་སྐུ་དང་གསུང་དང་ཐུགས་ལ་དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་པའི་ཕྱིར་རོ། །མི་ཕྱེད་པའི་དངོས་གྲུབ་ཡང་དག་པར་སྒྲུབ་པར་མཛད་པ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་དངོས་གྲུབ་རབ་སྟོན་པའོ། །འཕགས་མ་སྒྲོལ་མའི?་འདབ་སྐྱེས་སུ་དམ ་ཚིག་།དཀྱིལ་འཁོར་ཞེས་བྱ་བ་ནི་དོན་ཡོད་པར་གྲུབ་པའི་དཀྱིལ་འཁོར་སྟེ། དེའི་དབུས་སུ་བདག་ཉིད་རིན་ཆེན་འབྱུང་ལྡན་དུ་རྣམ་པར་བསྒོམས་ནས་སོ་།གཟུགས་རྣམས་ཀུན་གྱིས་ཞེས་བྱ་བ་ནི་དཀྱིལ་འཁོར་པ་རྣམས་དང་ཏིལ་གྱི ་གར་བུ་དང་མཚུངས་པ་རྣམས་ཀྱིས་སོ་།འདི་དག་དགང་ཞེས་བྱ་བ་ནི་དཀྱིལ་འཁོར་དང་ནམ་མཁའ་ཨི་དབྱིངས་ཀུན་ཏུ་དགང་བའོ། །རྩུབ་པའི་དག་ལ་སོགས་པ་ནི་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་སོ་སོར་ཐར་པ་ལ་སོགས་པ་སྡོམ་པ་གསུམ ་ཡོང་སུ་དག་པ་བསྟན་ཏེ། མོད་སྡེ་རྒྱན་ལས། ལྟུང་བ་ཀུན་ལས་འབྱུང་བ་ནི། །སྟོང་ཉིད་སོ་སོར་རྟོག་པ་ཡིན་ཞེས་གང་གསུངས་པའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ཚིག་རྩུབ་པོ་ནི་འགྲོ་བ་དྲུག་གི་སྐྱེས་བུ་དོན་དུ་བྱེད་ཅིང་རྨོངས ་པ་རྣམས་ལ་གསུངས་སོ། །དེ་བཞིན་དུ་བསླབ་པའི་གནས་གཞན་དང་གཞན་དག་ཀྱང་སྐྱེ་བོ་དེ་དང་དེ་རྣམས་ཀྱི་སྐྱོན་དག་ལ་གཟིགས་ནས། བཅོམ་ལྡན་འདས་ཀྱིས་བཅས་ཀྱི། དང་པོ་ནས་རང་བཞིན་གྱིས་ཡོངས་སུ་དག་པའི་ཆོས་ཉིད་ཀྱི་དགོངས ་པ་ལ་བརྟན་ནས་ནི་མ་ཡིན་ནོ། །ཅིའི་ཕྱིར་དེ་ལྟར་ཤེས་ཤེ་ན། སྐྱེ་བོའི་སྐྱོན་གྱི་རྒྱུར་འགྱུར་ཏེ། དེ་ཉིད་ཕྱིར་ན་བཀག་པ་ཡིན། ཞེས་འབྱུང་པའི་ཕྱིར་རོ། །བསྟེན་ན་ཡེ་ཤེས་ཐོབ་པར་འགྱུར། ཞེས་བྱ་བ་ནི་གསོད་པ་ལ་སོགས་པ ་བཞིན་དུ་ལྟུང?་བ་ཐམས་ཅད་བསྟེན་ན་རྣམ་པ་ཐམས་ཅད་དུ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོའི་དཀོན་མཆོག་དཔལ་གྱི་རང་བཞིན་གྱི་བྱང་ཆུབ་སེམས་དཔའ་ཨི་ཏིང་འཛིན་ཐོབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །མོས་པ་སྣ་ཚོགས་པའི་སེམས ་ཅན་གྱི་ཚོགས་ཀྱིས་མི་ཕྱེད་པའི་ཏིང་ངེ་འཛིན་འཐོབ་པར་མཛད་པ་ཉིད་ཡིན་པའི་ཕྱིར་རོ། །རྡོ་རྗེ་བཀོད་པ་སྟེ་རྡོ་རྗེ་འཆང་ཆེན་པོས་མི་ཕྱེད་པ་དེ་སྐད་ཅེས་བཀའ་སྩལ་ཏོ། །སྔར་མདོར་བསྟན་པའི་ཚིག་རྣམས་ཐོས་ནས། ཆོས་ལ་སྨད་དོ?་རྒྱལ ་བར་གྱུར་པ་རྣམས་ནམ་མཁའ་དང་མཉམ་པ་གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེའི་ཏིང་ངེ་འཛིན་གྱིས་བསླང་ནས། །སླར་དེ་བཤད་པ་ན་ཡང་རིགས་ཆད་པ་དང། རིགས་མ་ངེས་པ་རྣམ་པར་སྤྲོས་པས་གོ་བ་རྣམས་འབྱུང་བར་འགྱུར་བས་དེ་རྣམས་དང་རྗེས་སུ ་མཐུན་པར་བསྟན་པའི་ཕྱིར་།དམ་ཚིག་རྡོ་རྗེ་དཔལ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་བས་ངོ་མཚར་ལ་སོགས་པ་སྔོན་དུ་འགྲོ་བ་ཅན་གྱི་སྨོད་པ་བྱེད་པར་གྱུར་ཏེ་བཤད་ཟིན་ཏོ ་འདས་ཤིང་ཞེས་བྱ་བ་ནི་ཁམས་གསུམ་ལས་ཀུན་ཏུ་འདས་པའོ། །ཁམས་གསུམ་ལས་ཀུན་ཏུ་འདས་པ་ཉིད་ཀྱིས་འཇིག་རྟེན་ཐམས་ཅད་ལས་འདས་པ་སྟེ། ནམ་མཁའ་ཨི་དབྱིངས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ནི་འཇིག་རྟེན་གྱི་ཁམས ་ཐམས་ཅད་ཀྱི་ཆོས་ཉིད་ཡིན་པའི་ཕྱིར་རོ། །ཡང་དག་པ་མ་ཡིན་པའི་ཚིག་གི་ལམ་རྡོ་རྗེའི་གནས་ཞེས་བྱ་པ་ལ་བདེན་པ་ནི་ཡང་དག་པའོ། །བདེན་པ་མ་ཡིན་པ་ནི་ཡང་དག་པ་མ་ཡིན་པ་སྟེ། དེ་སྟོན་པར་བྱེད་པའི་ཚིག་ནི་ཡང་དག་པ་མ་ཡིན ་པའི་ཚིག་གོ། དེའི་ལམ་ནི་དངོས་པོ་ལ་སོགས་པ་རྣམས་ཀྱི་གཉན་པོར་གྱུར་པའི་རྣམ་པར་ཐར་པའི་སྒོབ་ཞིའོ། །དེ་ཉིད་རྡོ་རྗེ་སྟེ་སངས་རྒྱས་རྣམས་ཀྱི་གནས་དང་རྟེན་ཡིན་ཏེ། དེ་ལ་བརྟེན་ནས་སངས་རྒྱས་ཉིད་གྲུབ་པའི་ཕྱིར་དེ་ནི་རྡོ་རྗེ་གནས་ཡིན་ནོ། ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འདི་ནི་སྡིག་པ་ཡིན་ནོ་སྙམ་པ་ནི་དམན་བའི་འདུ་ཤེས་སོ། །རྨོངས་པས་སྨད་པར་བྱའོ་སྙམ་པ་ནི་སྨད་བའི་འདུ་ཤེས་སོ། མ་ཞེས་བྱ་བའི ་སྒྲ་ནི་དགག་པ་སྟེ་མི་བྱ་བའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ཅིའི་ཕྱིར་སྨད་པར་བྱ་བ་མ་ཡིན་པའོ། །དེའི་ཕྱིར་རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉན་ཐོས་ལ་སོགས་པའི་སྡོམ་པ་ལ་ཞུགས་པ་རྣམས་ཀྱི་ལས་སྡོམ་པའི་སྦྱོད ་པ་ཆེས་མཆོག་ཏུ་གྱུར་པའོ། །སྡོམ་པ་ཐམས་ཅད་ཀྱི་ཡོངས་སུ་དག་པའི་ཆོས་ཉིད་ནི་དེ་བཞིན་ཉིད་དེ། དེ་ཐུགས་སུ་ཆུད་པའི་ཕྱིར་དེ་བཞིན་གཤེགས་པ་ཉིད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྤྱོད་པའོ། །ཡོངས་སུ་དག་པའི་ཆོས་ཉིད་དེ་ཇི་ལྟ ་བུ་ཞེ་ན། རིགས་ཀྱི་བུ་དཔེར་ན་ཞེས་བྱ་བ་གསུངས་ཏེ། འདི་ལྷ་སྟེ་ཞེས་བྱ་བའི་དོན་ཏོ། །ནམ་མཁའ་ཨི་ནི་ཐམས་ཅད་ཀྱི་རྗེས་སུ་སོང་བ་སྟེ། ཁྱབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ཀྱང་ནམ་མཁའ་ཨི་ཁམས་སུ་གཏོགས་པ་ནི་ཁྱབ ་པར་བྱ་བ་ཡིན་པའོ། །དེའི་ཕྱིར་འདིས་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པའི་ཞེས་བཤད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འཁར་གཞོད་དང་རྒྱ་ཤུག་གི་འབྲས་བུའི་ཚུལ་བཞིན་དུ་རྟེན་དད?་བརྟེན་པ་མེད་པས། འདོད་པའི་ཁམས་ལ ་སོགས་པ་ན་གནས་པ་མ་ཡིན་ནོ། །ས་ལ་སོགས་པའི་ཁམས་ནི་དུ་མ་ཉིད་ཡིན་པའི་ཕྱིར་དེ་རྣམས་ལ་ཐ་དད་པར་ཀུན་ཏུ་རྟགས་པ་མེད་པས་དེ་རྣམས་ལ་ཡང་མི་གནས་སོ། །དེ་ལྟར་ཞེས་བྱ་བ་ནི་དེ་ལྟ་བུར་རོ། །འགྲོ་འདི་ཐམས ་ཅད་སངས་རྒྱས་ལྔའི་བདག་།སྣ་ཚོགས་གར་དག་བཟང་པོར་སྣང་བ་ནི། །གང་དུ་འདྲེན་པ་བདེ་ཆེན་ཞེས་བྱ་བ། །གཅིག་བུ་རོ་རྣམས་དུ་མར་གར་བྱེད་པའོ་ཞེས་གསུངས་སོ། །སངས་རྒྱས་རྣམས་ཀྱི་ཡོན་ཏན་གྱི་ཚོགས་ཀྱི ་འགྱུར་གནས་ཀྱི་ཆོས་དེ་ལྟ་བུར་གྱུར་པ་རྣམས་ཀྱང་འཆད་པར་མཛད་དོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་དོན་གྱི་དབང་འདི་ལྟ་བུ་མཁྱེན་ཅིར་ཞེས་བྱ་བ་གསུངས་ཏེ། འདི་ལྟ་བུ་ཞེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་འབྲས་བུའོ།། ་སེམས་ཅན་རྣམས་ཀྱི་བསམ་པ་ཞེས་བྱ་བ་ནི་གསོད་པ་ལ་སོགས་པ་ལ་མངོན་པར?་དགའ་བ་རྣམས་ཀྱིའོ། །ནམ་མཁའ་ཨི་ཚིག་ངེས་པར་བརྗོད་པས་ཞེས་བྱ་བ་ནམ་མཁའ་ལས་བྱུང་བའི་མཚན་མ་བཞིན་དུ་བཤད་པ་ཐག་པའི་སངས་རྒྱས་ཀྱི་ཡོན་ཏན་གྱི ་ཚོགས་ཀྱི་འབྱུང་གནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་རྟོགས་པར་བྱ་སྟེ། དེའི་ཕྱིར་དམན་པའི་འདུ་ཤེས་བསྐྱེད་པར་མི་བྱའོ། །ཡང་གཙུབ་ཤིང་དང་གཙུབ་སྟན་ལ་སོགས་པ་ལས་མེ་འབྱུད?་པ་དང་མི་གནས་པའི་དཔེའི ་སྒོ་ནས་བརྟེན་ནས་བྱུང་བ་སྒོད་པ་ཉིད་དུ་བསྟན་ཏེ། གང་ཞིག་རྐྱེན་ལས་འབྱུང་བ་དེ་མ་སྐྱེས། དེ་ལ་སྐྱེ་བའི་ངོ་བོ་ཡོད་མ་ཡིན། །རྐྱེན་ལ་དག་ལས་གང་དེ་སྟོང་པར་བརྗོད། །གང་གིས་སྟོང་ཉིད་ཤེས་ཏེ་བག་ཡོད་ཡིན། །ཞེས་གང ་གསུངས་པའི། །འགྲོ་བ་ལ་སོགས་པ་རྣམས་ཀྱིས་ཞེས་བྱ་བས་ནི་འདི་ནས་སོང་ནས་གཞན་དུ་འབྱུང་བ་ལ་སོགས་པ་འགོག་པར་བྱེད་དོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་སྤྲོས་པའི་སྒོ་ནས་བསྟན་པས་དེ་རྣམས་ཀྱིས་དེ་ཁོ་ན ་ཉིད་རྫོགས་པར་འགྱུར་བས་ངོ་མཚར་ལ་སོགས་པ་བསྟན་ནས་ཆོས་ཀྱི་སྒྲ་བསྒྲགས་པའོ། །རྨད་བྱུང་ཆེན་པོ་ཞེས་བྱ་བ་སྡོམ་པའི་ངོ་བོ་ནམ་མཁའ་དང་མཚུངས་ཤིང་རྣམ་པར་རྟོག་པ་དང་བྲལ་བ་རང་བཞིན་གྱིས་ཡོངས་སུ་དག་ཅིང་བརྗོད ་དུ་མེད་པ་རྣམས་ལ་ཀུན་རྫོབ་དུ་བཤད་པར་བྱ་བ་དང་བཤད་པའི་བྱ་བ་འཇུག་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྨད་བྱུང་ཆེན་པོ་ལ་སོགས་པའི་དོན་དག་པ་ཉིད་ཡིན་པའི་ཕྱིར་དོན་དག་པ་ཁོ་ན་ཉིད་ཀྱི་དོན་ཏེ་རྡོ་རྗེ་འཆང་ཆེན་པོའོ།། ་འདའ་བར་མི་བྱ་བ་ཉིད་ཡིན་པའི་ཕྱིར་དམ་ཚིག་སྟེ། དོན་དེ་སྟོན་པར་བྱེད་པའི་སྒྲའི་ཚོགས་ལ་དེ་སྐད་ཅེས་བྱའོ། །ལེའུ་དགུ་པའི་རྣམ་པར་བཤད་པའོ།། །བཅོམ་ལྡན་འདས་ཀྱི་གསུང་རབ་འདི་ནི་ཕྱིན་ཅི ་ལོག་མ་ཡིན་པའོ། །སྙམ་དུ་ཡིད་ཆེས་པ་བརྟན་པ། ཉིན་དང་མཚན་དུ་ཆོ་ག་མཚང་བ་མེད་པས་དམ་ཚིག་ལ་སོགས་པའི་བྱ་བ་མ་ལུས་པ་བསྒྲུབ་པ་ལྷུར་ལེན་བ་ལྷས་རྗེས་སུ་གནང་བ་བྱིན་པའི་རྣལ་འབྱོར་པས། གང་གི་ཚེ་ཟླ་བ་དྲུག་དང་གསུམ་དང ་གཉིས་དང་ཕྱེད་དང་གཉིས་དང་གཅིག་དང་ཟླ་བ་ཕྱེད་སྟེ་སྒྲུབ་པ་དྲུག་གི་ལྷ་མ་གྲུབ་པ་དེའི་ཚེ་བདུན་པ་བཙན་ཐབས་ཀྱི་སྒྲུབ་པ་བརྩམས་ན་ཉིད་ཀྱིས་གསུངས་པའི་དམ་ཚིག་ལས་འདས་པའི་འཇིགས་པས་ངེས་པ་ཁོ་ནར་འགྲུབ་པར་འགྱུར་ཏེ། དེའི་ཕྱིར ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་བསྐུལ་པའི་ལེའུ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་གསུངས་ཏེ། བཀའ་སྩལ་ཏོ་ཞེས་བྱ་བར་སྦྱར་རོ། །ཡང་ཞེས་བྱ་བའི་སྒྲ་ནི་འདུས ་པ་གཉིས་པ་ལ་བལྟོས་པ་ཡིན་པའི་ཕྱིར་རོ། །དམ་ཚིག་ཆེན་པོའི་རྡོ་རྗེ་ནི་དཔལ་རྡོ་རྗེ་སེམས་དཔའ་ཨོ། །དེའི་དེ་ཁོ་ན་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་ཐབས་དང་ཤེས་རབ་ཀྱི་བདེ་བ་ཆེན་པོའོ། །དེ་ཉིད་སྐུད་དེ་གསུང་དང་ཐུགས ་གསང་བ་ཞེས་བྱ་སྟེ། གཞོན་ནུ་མའི་དགའ་བ་བཞིན་དུ་བསྟན་པར་མི་ནུས་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་རང་བཞིན་ཅན་གྱི་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ནས། དེ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བཤད་དུ ་གསོལ་ཞེས་བྱ་བར་སྦྱར་རོ། །དེ་ཉིད་ཡི་གེ་ལྔ་པའོ། །དེ་ཉིད་སྒྲུབ་པ་དྲུག་གི་སྔགས་སྙིང་པོར་གྱུར་པ་རྣམས་བཙན་ཐབས་སུ་སྒྲུབ་པའི་སྒོ་ནས་མདོར་བསྡུས་པའི་འབྲས་བུ་ངེས་པར་སྟེར་བར་བྱེད་པ་ཉིད་ཡིན་པའི་ཕྱིར་ཀུན་བསྡུས་པའོ། ། ་གསུམ་གྱི་བདག་ཉིད་ཀྱི་སྙོམས་པར་ཞུགས་པའི་ལྷ་སྒྲུབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་སྐུ་དང་གསུང་དང་ཐུགས་གསང་བར་བསྒྲགས་སོ། །རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་དངོས་གྲུབ་རྣམས་སྒྲུབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་དངོས་གྲུབ་ཆེན་པོའི་ཚུལ་ཏེ་དེ་ཉིད ་མཆོག་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་གསོལ་བ་བཏབ་པའི་རྗེས་ཐོགས་ལའོ། །ཉོན་མོངས་ཀུན་གྱི་རྒྱ་མཚོན་འཁོར་པ་ཡིན་ཞིང། དེའི་གཙོ་བོ་ནི་སྟོན་པ་སྟེ། ཉོན་མོངས་པ་བཅོམ་ནས་སྲིད་པ་དང་ཞི་བ་མཉམ་པ་ཉིད་དུ་རོ་གཅིག་པའི་ཡེ ་ཤེས་ལ་སེམས་ཅན་ཁམས་རྣམས་སོ་སོར་འགོད་པར་མཛད་པ་ཡིན་པའི་ཕྱིར་རོ། །ཉོན་མོངས་པའི་བུང་ཤིང་བསྲེག་པའི་ཕྱིར་འབར་བའོ། །སྙིང་རྗེའི་སྒོ་ནས་དྲི་མ་མེད་པའི་ཁྲོ་བ་དང་ལྡན་པ་ཉིད་ཡིན་པའི་ཕྱིར་དྲག་པོའོ། །ཤེས་རབ་ཀྱི་སྤྱན་ཕྱེ་བའི ་ཕྱིར་སྤྱན་ཡངས་པའོ། །གསུང་ནི་འདི་སྐད་བཀའ་སྩལ་ཏོ་ཞེས་བྱ་བ་ནི་ལུས་དང་ངག་ཡིད་རྡོ་རྗེ་རྣམས་ཞེས་བྱ་བ་ལ་སོགས་པ་རྣམས་གསུངས་པར་གྱུར་པའོ། །རྣམ་པར་མི་རྟོག་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་མེད་པའོ། །ཅིའི་ཕྱིར་ཞེ་ན། འདི ་ལྟར?་མེ་དམིགས་པ་ཡིན་པའི་ཕྱིར་རོ། །མི་དམིགས་པ་ཉིད་ནི་མཉམ་པ་ཉིད་ཅེས་བྱ་བས་བཤད་དོ། །དེ་ནི་གང་དཱུང་མི་གནས་ཞེས་བྱ་བས་ལ་ཤིང་དེ། ཕུང་པོ་ལ་སོགས་པ་རྣམས་ནི་རྟེན་ཅིང་འདྲིལ་པར་འབྱུང་བའི་གཟུང་བ་ལ་སོགས་བའི ་རྣམ་པར་རྟོག་པ་དང་བྲལ་བ་ཉིད་ཡིན་པའི་ཕྱིར་གང་དཱུང་མི་གནས་པའོ། །བསྒོམ་ཞེས་བྱ་བ་ནི་བསྒོམ་པ་ཉིད་དོ། །དེ་ལྟར་ཤེས་རབ་གཙོ་བོར་གྱུར་པའི་བསྒོམ་པས་ལྷ་ཡང་དག་པར་འགྲུབ་པར་ནི་འགྱུར?་བ་དེའི་ཕྱིར་དི?་ནས་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། སྔགས་བསྡུས་པ་འདི་ལྟ་བུ་གསུངས་ཞེས་བྱ་བར་སྦྱར་རོ། །ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་?་མེ་རྟོག་པའི་ཡི་ཤེས་སོ། །དེ་ལས་བྱུང་བའི་སྔགས་ནི་ཡི་གེ་?་སོགས་པ་རྣམས་ཡིན་ཞེས་རང་གི་ལྷའི་ཏིང་ངེ་འཛིན་སྒྲུབ་པར་བྱེད ་པ་ཉིད་ཡིན་པའི་ཕྱིར་ཚུལ་ལོ། །དེ་ཉིད་རྡོ་རྗེ་སྟེ། ཏིང་ངེ་འཛིན་གང་ལ་མིང་དེ་སྐད་ཅེས་བྱ་བ་ཉིད་ཡོད་པ་དེ་མངོན་དུ་མཛད་ནས་སོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས། དེ་བཞིན་གཤེགས་པ་རྣམས་འདོད ་ཆགས་ཀྱི་སྤྱོད་པ་ཅན་གྱི་སེམས་ཅན་རྣམས་རྗེས་སུ་གཟུང་བའི་ཕྱིར། རིག་མ་ལ་སོགས་པ་རྣམས་དང། ལྷན་ཅིག་འདོད་པའི་ཡོན་ཏན་ལྔ་པོ་རྣམས་ཀྱི་རོལ་ཅིང་དགྱེས་ལ་ཡོངས་སུ་སྤྱོད་པ་ལྷུར་ལེན་པ་མཁྱེན་ནས། སྤྱན་རས་ཀྱིས་མི་འཚོ་བའི་རྒྱུ ་ཀྱེ་མ་འདི་དག་ནི་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། ཀྱེ་མ་ཞེས་ངེས་པར་གཟུང་པའོ། །འདི་དག་ཞེས་བྱ་བ་ནི་སྒྲུབ་པ་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་སྤྱོད་པའི་ཚུལ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ ་རྣམས་ཀྱི་སྔགས་ཀྱི་སྤྱོད་པ་ནི་སྔགས་ཀྱི་སྡོམ་པ་འཇུག་པའི་རང་བཞིན་ནོ། །དེ་ཉིད་ཚུལ་གྱི་ཆོས་ཏེ་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་སྟེར་བར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །ཚུལ་དེ་ལ་གཞུགས་པའི་སྔགས་པ་གང་ཡིན་པ་དེ་ནི་རྫོགས ་པ་ཉིད་ཡིན་པར་རྟོགས་པར་བྱའོ། །རྫོགས་པ་ནི་གྲུབ་པ་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་ཁོ་ནས་ངེས་པའི་ཕུང་པོར་གཏོགས་པ་ཉིད་ཡིན་པའི་ཕྱིར་རྒྱུ་ལ་འབྲས་བུ་ཉེ་བར་གཏགས་པའི་སྒོ་ནས་སོ། །དེའི་ཕྱིར་བཏང་སྙོམས་མཛད ་ཅིང་དེས་ཀྱང་རྣལ་འབྱོར་པས་འགྲུབ་པར་མི་འགྱུར་ཏེ། དེ་བས་ན་སྐྱེས་བུ་དམ་པ་དེ་རྣམས་ཏེ། དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་སྤྱན་རས་ཀྱིས་བརྩལ་བའི་ཕྱིར་རོ། །མི་ཕྱེད་པའི་སྐུ་ལ་སོགས་པ་རྣམས་སྐྱེད་པར་བྱེད ་པ་ཉིད་ཡིན་པའི་ཕྱིར་གསང་བར་བྱ་བའོ། །སྔགས་ཐམས་ཅད་ཀྱི་སྙིང་པོ་ཀུན་ཏུ་བསྐུལ་པར་བྱེད་པ་ཞེས་བྱ་བ་ནི། ལྷ་ཐམས་ཅད་ཀྱི་ཐུགས་ཀུན་ཏུ་བསྐུལ་བར་བྱེད་པའི་སྔགས་སོ། །དེ་ཉིད་ཀྱི་ཕྱིར་བཤད་པར་བྱ་བ་མ་ཡིན་པའོ།། ་གཏུ་མུག་གི་རིགས་ཀྱི་ལྷ་རྣམས་ཀྱི་སྐུ་ལ་སོགས་པ་རྣམས་གྲུབ་པར་བྱ་བའི་ཕྱིར་འདའ་བར་བྱ་བ་མ་ཡིན་པ་ཉིད་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དམ་ཚིག་ལ་དམིགས་པའོ། །དེ་བཞིན་འདོད་ཆགས ་དང་ཞེ་སྡང་ལ་སོགས་པའི་རིགས་ཀྱི་ལྷ་རྣམས་གྲུབ་པར་བྱས་པའི་ཕྱིར་འདའ་བར་བྱ་བ་མ་ཡིན་པའོ། །ཚིག་གི་ལམ་ངེས་པར་བརྗོད་པ་ཞེས་བྱ་བ་ལ། ཚིག་ཉིད་ལམ་སྟེ་སྔགས་སོ། །དེའི་ངེས་པར་བརྗོད་པ་ནི་རྒྱུ་དང་བྲལ་བ་ཉིད་ཡིན་པའི ་ཕྱིར་ཡི་གེ་ཧ་ནི་ཆོས་ཐམས་ཅད་ཀྱི་སྒོའོ། །རྟོག་པ་དང་བྲལ་བ་ཉིད་ཡིན་པའི་ཕྱིར་རོ། །ཡི་གེ་ཨ་ནི་ཆོས་ཐམས་ཅད་ཀྱི་སྒོའོ། །ཞེས་བྱ་བ་ལ་སོགས་པའི་བར་དུ་བཤད་པའི་ངེས་པར་བརྗོད་པ་དང་བཅས་པར་རོ། །སྔགས་བཏུས་པ་ནི་རིགས་ལྔའི་སྙིང ་པོ་མདོར་བསྡུས་པའོ། །འདི་ལྟ་བུ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་བསྐུལ་བར་བྱེད་པའི་སྔགས་སོ། །གསུངས་སོ་ཞེས་བྱ་བ་ནི་བཤད་པའོ། །སྔགས་བཏུས་པ་འདིའི་མཐུ་ནི་རབ་ཏུ་འདྲར་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། ་འདི་ནི་གདོན་མི་ཟ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀུན་ཏུ་བསྐུལ་པར་བྱེད་པ་ཡིན་ནོ་ཞེས་རྣལ་འབྱོར་པ་རྣམས་ལ་ངེས་པར་བསྐྱེད་པ་ཡིན་ནོ། །བདག་པོ་དྲན་པས་ནི་འཇིགས་པ་ཆེན་པོ་ལ་སོགས་པ་རྣམས་འཇོམས་པར་འགྱུར་བས། ་རྡོ་རྗེ་སེམས་དཔའ་རྗེས་སུ་དྲན་ནོ། །དམ་ཚིག་ཅེས་བྱ་བ་ནི་སྐུ་ལ་སོགས་པ་རྣམས་གྲུབ་པར་བྱ་བའི་ཕྱིར་ཡི་གེ་ཧཱུཾ་བསྒོམ་པའོ། །ནམ་མཁའ་དབྱིངས་ཀྱི་དབུས་གནས་པར་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཆོས་འབྱུང་དུའོ། །བཀོད་པའི་དཀྱིལ ་འཁོར་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་ལས་བྱུང་བའི་དཀྱིལ་འཁོར་པའི་ལྷ་ཐ་དད་པ་རྣམས་ཀྱིས་ཡོངས་སུ་བསྐོར་བ། དཔལ་རྡོ་རྗེ་འཆང་གིས་བསྡུས་པའི་དཀྱིལ་འཁོར་རོ། དེའི་དབུས་གནས་ཡི་གེ་ཧཱུཾ། རང་གི་གཟུགས་སུ་ཞེས་བྱ་བས་ནི་འདི་སྐད ་དུ་བསྟན་པ་ཡིན་ཏེ། དེའི་དབུས་ན་གནས་པའི་དཔལ་རྡོ་རྗེ་འཆང་གི་ང་རྒྱལ་དང་ལྡན་པས་ལྷག་པར་མོས་པའི་སེམས་ཀྱི་བྱང་ཆུབ་ཀྱི་སེམས་རྣམ་པར་བསྒོམས་ལ་དེ་ཉིད་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཧཱུཾ་དུ ་རབ་ཏུ་བརྟག་པར་བྱའོ། །རྡོ་རྗེའི་འོད་ཟེར་ཞེས་བྱ་བ་ལ་སོགས་པས་ནི་ཡི་གེ་ཧཱུཾ་ལས་བྱུང་བའི་ཡེ་ཤེས་ཀྱི་འོད་ཟེར་རྣམས་ཀྱི་ནམ་མཁའ་ཨི་དབྱིངས་མ་ལུས་བ་ཁྱབ་པའི་དེ་བཞིན་གཤེཌ་པ་ལ་སོཌ་པ་རྣམས་ལ་ཀུན་ཏུ་རིག་སྟེ་རྡོ་རྗེ་འཆང་ཆེན་པོའི་ཀརྨ? ་པར་ཡོངས་སུ་གྱུར་པར་བསམས་ལ། ལྕགས་ཀྱུའི་རྣམ་པར་གྱུར་པ་དེ་རྣམས་ཉིད་ཀྱིས་བཀུག་སྟེ། བཅུག་ལ་ཐམས་ཅད་གྱུར་ནས་རྡོ་རྗེ་སེམས་དཔར་བདག་ཉིད་བསྒོམ་པར་བྱའོ། །དེ་བཞིན་དུ་རང་གི་སྔགས་ཉིད་ཀྱི་རྣམ་པར་སྣང ་མཛད་ལ་སོགས་པ་རྣམས་ཀྱི་རྟེན་དང་བརྟེན་པའི་བཀོད་པའི་དཀྱིལ་འཁོར་བསྐྱེད་པར་བྱ་བ་ཡིན་པས་དེའི་ཕྱིར་། རང་གི་དཀྱིལ་འཁོར་རང་སྔགས་ཀྱིས། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རང་སྔགས་སྐྱེས་བུ་བསྒོམས་ནས་ནི་ཞེས ་བྱ་བ་ནི་དེའི་དབུས་སུ་རྣམ་པར་སྣང་མཛད་ལ་སོགས་པ་གང་ཡང་རུང་པའོ། །གནས་བཞི་རྣམས་སུ་གཟུགས་ཀྱི་ཚུལ་ཞེས་བྱ་བ་ནི་ཕྱོགས་བཞི་རུ་བདག་ཉིད་གཟུགས་ཀྱི་ཚུལ་དུ་ཇི་རིགས་པར་མི་བསྐྱོད་པ་ལ་སོགས་པ་སངས་རྒྱས་བཞི ་རྡོ་རྗེ་གསུམ་གྱི་བདག་ཉིད་དང་ཞལ་གསུམ་པར་བསམ་པའོ། །གཙོ་བོར་གྱུར་པའི་སྒོ་ནས་དེ་སྐད་དུ་བཤད་པ་ཡིན་ཏེ། དེའི་ཕྱིར་ཇི་སྐད་བཤད་པའི་བཀོད་པའི་དཀྱིལ་འཁོར་ཁོ་ན་བསྒོམ་པར་བྱའོ། །དེ་ལྟར་རྣལ་འབྱོར་བྱས་པས ་གཉིས་སུ་མེད་པར་ཡང་དག་པར་སྦྱོར་བའི་སྒོ་ནས་འདི་བརྩམ་པར་བྱ་སྟེ་།སྙིང་གའི་དབུས་གནས་ཞེས་བྱ་བ་ནི་རང་གི་སྙིང་གར་ཟླ་བ་ལ་ཡེ་ཤེས་ཀྱི་ལྷའི་འཁོར་ལོའོ། །དེ་ཉིད་དཀྱིལ་འཁོར་རྣམས་ནི་ཞེས་བྱ་བས་གསུངས་ཏེ། ཐུགས ་ཀྱི་དཀྱིལ་འཁོར་ལ་སོགས་པ་རྣམས་ལས་གང་ཡང་རུང་བའོ། །དེའི་དབུས་གནས་ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀར་ཟླ་བ་ལ་རང་གི་ས་བོན་ནོ། །རྡོ་རྗེ་ཆེན་པོ་རྩེ་ལྔ་པ་ཞེས་བྱ་བ་ནི་རྡོ་རྗེའི་རིགས་ཀྱི་རྣལ་འབྱོར་པས་ཡི་གེ་ཧཱུཾ་ལས ་བྱུང་བ་གཡས་པའི་རྩ་བའི་ཕྱག་དང་གསང་བའི་རྡོ་རྗེར་རོ། །སྦྱོར་བས་ཞེས་བྱ་བ་ནི་བསྒོམ་པ་དང་ཡང་དག་པར་སྦྱོར་བས་སོ། །དེ་གཉི་ཀ་ཡང་རིགས་ཐམས་ཅད་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་རྣམ་པར་བསྒོམས་ལ། ཕྱིས་རང་གི་སྙིང་གི་ན ་གནས་པའི་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀའི་རྡོ་རྗེའི་ལྟེ་བར་རང་གི་ས་བོན་རྣམ་པར་བཀོད་དེ། འཁོར་ལོ་ལ་སོགས་པའི་གཟུགས་སུ་ཡོངས་སུ་གྱུར་པར་བྱས་ལ། དེ་ཡང་རྡོ་རྗེ་ལྕགས་ཀྱུའི་རྣམ་པར་བསྒོམ་ཏེ། རང་གི་ཕྱག་མཚན་གྱི ་མཚན་པའི་ལྕགས་ཀྱུར་བསམ་པར་བྱའོ། །དེ་ག་ལས་ཤེས་ཞེ་ན། རྡོ་རྗེ་པདྨའི་རིགས་སོགས་རྣམས། །རྡོ་རྗེ་ཀྱོ་བར་རྣམ་བསྒོམ་ཞིང། །ཞེས་རྗེས་ཐོགས་ཉིད་དུ་འཆད་པ་ལས་འདོན་པ་དང་རྒྱུད་རྡོ་རྗེའི་རིགས་གཙོར་གྱུར་པ་ཉིད་ཡིན ་བའི་ཕྱིར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་དང་པདྨའི་རིགས་ཀྱི་རྣལ་འབྱོར་པས་གོ་རིམ་བཞིན་དུ་ཡི་གེ་ཨོཾ་ལས་འབྱུང་བའི་འཁོར་ལོ་དང་ཡི་གེ་ཨ་ལས་བྱུང་བའི་པདྨ་བསམ་པར་བྱའོ། །དེའི་ཕྱིར་རྡོ་རྗེ་ཀྱོ་བའི་སྦྱོར་བ་ཡིས། །རྡོ་རྗེ ་གསུམ་རྣམས་བསྒོམ་པར་བྱ་ཞེས་གསུངས་སོ། །དེ་ནི་ཉེ་བར་མཚོན་པ་ཡིན་ཏེ། དེའི་ཕྱིར་རིན་པོ་ཆེ་དང་ལས་ཀྱི་རིགས་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་སྭཱཧཱ་དག་ལ་རིན་པོ་ཆེ་དང་རལ་གྲི་ལྕགས་ཀྱུ་ངག་བསྒོམ་པར་བྱའོ། །དེ་ཡིས་སྙིང་གར་བརྡབ ་བྱ་སྟེ། ཞེས་བྱ་བ་ནི་དབྱེ་བའི་རིམ་པའི་དུས་སུ་རྡོ་རྗེ་ལྕགས་ཀྱུས་སོ། །ཆད་པའི་རིམ་པའི་དུས་སུ་ནི་རང་གི་རྡོ་རྗེས་བརྟེག་པར་བྱའོ། །རབ་ཏུ་བསྐུལ་བར་བྱ་ཞེས་བྱ་བ་ནི་ཉིད་ཀྱི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་ཡེ་ཤེས་ཀྱི་ལྷ ་རྣམ་པར་སྤྲོས་པའི་ལྷ་མོའི་ཚོགས་རྣམས་ཀྱིས་བླ་ན་མེད་པ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཉེས་པར་བྱས་སྟེ། སྙན་ཅིང་འཇམ་ལ་ཡིད་དུ་འོང་པའི་ཚིག་རྣམས་ཀྱིས་ཡང་དག་པར་བསྐུལ་བར་བྱའོ། ། ་དབྱེ་བའི་རིམ་པའི་དུས་སུ་ཡང་ལྷའི་གཟུགས་དེ་དང་དས་མཚན་པའི་ལྕགས་ཀྱུ་ལག་ན་ཐོགས་པས་སྙིང་གར་བརྡུང་ཞིང། རྡོ་རྗེ་ཆེན་པོ་ཆེ་གེ་མོ་ཞེས་བྱ་བ་ལ་སོགས་པས་སྒྲོབ་པར་བྱེད་དུ་གཞུག་གོ་།རྡོ་རྗེ་ཐམས་ཅད་ཀྱི་ཞེས་བྱ་བ་དེ་བཞིན ་གཤེགས་པ་རྣམས་ཀྱིའོ། །རྡོ་རྗེ་ཀྱོ་བར་རྣམ་པར་བསྒོམ་ཞིང་ཞེས་བྱ་བས་ནི་འཁོར་ལོ་ལ་སོཌ་པའི་ལྕཌ་ཀྱུ་བསྒྱེད་པའི་ཕྱིར་ཡང་རྡོ་རྗེ་ལྕཌ་ཀྱུ་ཁོ་ན་?་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །རིམ་པ་གསུམ་བསྟེན་པའི་སྒོ་ནས་རབ་ཏུ་རྣམ་པར་ཕྱེ་སྟེ་བཤད་པ་ནི ་རབ་བཤད་དོ། །སངས་རྒྱས་རྣམས་ལ་གནོད་པ་བྱ་བའི་རང་བཞིན་ཅན་གྱི་བསྟན་པས་འགའ་འགྱོད་པར་འགྱུར་དུ་འོད་བས། དེའི་ཕྱིར་འདི་ནི་རོལ་མོ་འབྱུང་བ་སྟེ། ཞེས་བྱ་བ་གསུངས་ཏེ། སྒྱུ་མའི་རོལ་པ་བཞིན་དུ་འདི་ཐམས ་ཅད་ནི་སྣང་བ་ཙམ་ཡིན་ཞིང། དོན་དམ་པར་ནི་རང་བཞིན་མེད་པའོ། །དེ་བཞིན་གཤེགས་པ་རྣམས་ལ་ནི་སུས་ཀྱང་གནོད་པ་བྱ་བར་ནུས་པ་མ་ཡིན་ཏེ། དེ་རྣམས་ནམ་མཁའ་དང་མཚུངས་པ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ལྟ ་ཡིན་དུ་ཆུག་ན་འོན་ཀྱང་སེམས་རབ་ཏུ་དང་པ་རྣམས་ཀྱི་ནི་བཅོམ་ལྡན་འདས་བསོད་ནམས་ཀྱི་ཕུང་པོ་ཡིན་ཞིང། སེམས་རབ་ཏུ་དང་བར་མི་བྱེད་པ་རྣམས་ཀྱི་ནི་བཅོམ་ལྡན་འདས་སྡིག་པའི་ཕུང་པོ་ཡིན་པས། རྣལ་འབྱོར་པའི ་རྒྱུད་གྱི་ཉེས་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བའི་མཚང་བ་མེད་པས་སེམས་ཅན་རྣམས་ཀྱི་དོན་བསྒྲུབ་པ་ཉིད་ནི་ལེགས་པར་བྱས་པ་ཡིན་གྱི་བཀའ་ལས་འདས་པ་ནི་མ་ཡིན་ནོ་ཞེས ་གསུང་སསོ། །དེ་བས་ན་འགྱོད་པ་མེད་པ་མེད་པའི་ཕྱིར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པའི་བསོད་ནམས་ཁོ་ན་མངོན་པར་འཕེལ་བར་འགྱུར་གྱི་སྡིག་པར་ལྟ་ག་ལ་འགྱུར། དེ་སྐད་དུ་ཡང་བཤད་གཅི་ཀླད་པ་རུས་པ་ཁྲག་། ཤ་ཆེན་སྦྱིན་སྲེག་མི་གཙང ་པས། །ཡེ་ཤེས་སེམས་དཔའ་རྣམས་ཀྱི་ཞལ། །ཇི་ལྟར་ངེས་པར་དགང་བར་བྱ། །སྡིག་པར་ཇི་ལྟར་མི་འགྱུར་ཏེ། །གལ་ཏེ་སྡིག་འགྱུར་ཇི་ལྟར་འབྲས། །གསང་སྔགས་ཐབས་ནི་རྣམ་སྤངས་ཤིང། །ཕྱི་རོལ་དངོས་ལ་མངོན་པར་ཞེ་ན། །རྣམ་རྟོག ་དྲ་བས་ངེས་བཅིངས་པ། །མི་ཤེས་རྨོངས་པའི་སེམས་ཅན་གང། །དེ་ལ་དགེ་དང་སྡིག་པ་ཡོད། །རྣམ་རྟོག་གིས་ནི་འགྲུབ་མི་འགྱུར། །ཆོས་འདི་རང་བཞིན་དག་པ་སྟེ། །སྐྱེ་བ་མེད་ཅིང་གནས་མེད་ཡིན། །སེམས་ཅན་ཡེ་ཤེས་འཕེལ་བྱའི་ཕྱིར། ། ་སངས་རྒྱས་རྣམས་ཀྱིས་ཐབས་སུ་བསྟན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ཞེས་བྱ་བ་ནི་བཤད་མ་ཐག་པའོ། །ཞག་བདུན་པར་དུ་བྱས་ན་ནི། །ཞེས་བྱ་བ་ཇི་བསྟུམ་པའི་ངེས་པས་ཞག་བདུན་ན་འགྲུབ་པར་འགྱུར་བའོ། །དེ་ལྟ་ན་ཡང་མ་གྲུབ་ན། ་དེ་ནས་དབྱེ་བའི་རིམ་པས་བསྐུལ་བར་བྱའོ། །ཆད་པ་བཅང་པའི་རིམ་པས་ཀྱང་ཞག་བདུན་ནའོ་ཞེས་བྱ་བ་ནི་མན་ངག་ཡིན་ནོ། །རིམ་པ་དེ་རྣམས་ཀྱང་སྒྲུབ་ཐབས་སུ་རྒྱས་པར་བཤད་ཟིན་ཏོ། །དེས་ཅིང་འགྱུར་ཞེ་ན། ཡེ་ཤེས་རྡོ་རྗེ་ཅན་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། ཡེ་ཤེས་རྡོ་རྗེ་ཅན་གྱིས་ཏེ། མི་ཕྱེད་པའི་ཡེ་ཤེས་བསྒྲུབ་པ་ལ་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱི་རང་གི་འདོད་པའི་ལྷའི་སྐུ་དང་གསུང་དང་ཐུགས་འགྲུབ་པར་འགྱུར་རོ་ཞེས་བྱ་ཨབའི་དོན་ཏོ། །དེ་ཉིད་ནི་མཆོག་སྩོལ་བ ་དག་རྣམ་པར་གཟིགས་ཞེས་བྱ་བས་གསུངས་ཏེ། ཉིད་ཀྱི་གསུངས་པའི་རིགས་ལྔའི་སྙིང་པོ་ཀུན་ཏུ་བསྐུལ་བར་བྱེད་པའི་དམ་ཚིག་ལས་འདས་པའི་འཇིགས་པས་འཇིགས་པ་ཡིན་གྱིས། དེ་རྣམས་འཇིགས་པ་ལ་སོགས་པ་གཞན་ནི་ ་ཡོད་པ་མ་ཡིན་ཏེ། མི་འཇིགས་པ་བརྙེས་པ་ཉིད་ཡིན་པའི་ཕྱིར་རོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཞེས་བྱ་བ་ལ་སོགས་པས་སངས་རྒྱས་སམ་བྱང་ཆུབ་སེམས་དཔའ་ཡང་དུང་སྔགས་ཀྱི་སྤྱོད ་པའི་མཆོག་སྤྱོད་པའི་བྱང་ཆུབ་སེམས་དཔས་ཇི་སྐད་བཤད་པའི་ཚུལ་བཞིན་དུ་ཡང་དག་པར་བསྐུལ་བར་གྱུར་པ་ནི། གལ་ཏེ་རབ་ཏུ་མ་གྲུབ་ཅིང་རྨོངས་པས་ཏེ། རྣམ་པར་མེ་རྟོག་པའི་ཡེ་ཤེས་ཀྱིས་འདའ་བར་བྱེད་ན། དེའི ་སྟེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཅན་གྱི་སངས་རྒྱས་སམ་བྱང་ཆུབ་སེམས་དཔའ་ཨིའོ། །སྲོག་ནི་དེར་ཟད་འགྱུར་ཞེས་བྱ་བ་ནི། འདས་པའི་མཐར་ཐུག་པར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་སྒྲུབ་པ་པོ་ཇི་སྐད་བཤད་བའི་རིམ་པ ་བཞིན་དུ་མི་འཇུག་ཅིང། འབྲས་བུ་ལ་དམིགས་ཏེ་མདོར་བསྡུས་བའི་སྒོ་ནས་ཞག་བདུན་སྒྲུབ་པ་རྩོམ་པ་ན། དེ་ཡང་ཀུན་ཏུ་རྨོངས་པས་ཉམས་པར་འགྱུར་རོ་ཞེས་བྱ་བ་འདིས་ནི་སྦྱོར་བ་འདའ་བར་བྱ་བ་མ་ཡིན་པའོ་ཞེས་རྣལ་འབྱོར་པ ་རྣམས་ཀྱི་སེམས་ལ་ངེས་པར་སྐྱེད་པར་བྱེད་དོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ནོ། །སྔགས་ཀྱི་སྐྱེས་བུ་ཇི་སྙེད་པ་ཞེས་བྱ་བ་མི་བསྐྱོད་པ་ལ་སོགས་པ་རྣམས། །རྡོ་རྗེ་གསུམ་གྱི་ཡེ་ཤེས་རྫོགས། ཞེས་བྱ་བ་ནི། སྐུ ་རྡོ་རྗེ་ལ་སོགས་པའི་ཚོགས་གཞུག་པ་ལ་སོགས་པའི་བྱིན་གྱིས་བརླབས་ཀྱིས་རྫོགས་པར་བྱས་པའོ། །དངོས་པོ་ཐམས་ཅད་ནི་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་ཕུང་པོ་ལ་སོགས་པ་རྣམས་ཏེ། དེ་དག་ལ་རྡོ་རྗེ་དང་ཆུ་སྐྱེས་ཡང ་དག་པར་སྦྱོར་བའི་བསྒོ་ནས་ནམ་མཁའ་ཨི་དབྱིངས་ཀྱི་མཐས་གཏུགས་བའི་ཚད་དང་ལྡན་པའི་དཀྱིལ་འཁོར་པའི་ལྷའི་རྣམ་པའི་ཐབས་དང་ཤེས་རབ་རོ་གཅིག་པར་དམིགས་པ་ནི། དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །དངོས་པོ ་ཐམས་ཅད་བརྟག་པར་བྱའོ། །བདག་ཉིད་ཀུན་ཏུ་འགྲོ་བའི་དཀྱིལ་འཁོར་གྱི་བདག་ཉིད་དུ་བསྒོམ་པ་འདས་ན་དེ་ཁོ་ན་ཉིད་ཡང་དག་པར་བསྐུལ་བར་བྱ་བ་ཉིད་དོ། །སྙིང་པོ་ཀུན་ཏུ་བསྐུལ་བར་བྱེད་པའི་སྦྱོར་བ་ཆེས་ཁྱད་པར་དུ་འཕགས་པ་གཞན་ནོ?། ་རིག་མའི་དབང་ཕྱུག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རིག་མའི་དབང་ཕྱུག་ནི་མི་བསྐྱོད་པ་ལ་སོགས་པ་རྣམས་ཀྱི་རང་གི་རིགས་ཀྱི་ལྷ་མོ་ཆེན་མོ་རྣམས་སོ། །ཞུགས་པ་ལ་རྡོ་རྗེའི། སྦྱོར་བ་རབ་བསྒོམ་ཞིང་ཞེས་བྱ་བ་ནི། དེའི་བྷ་གར་ཡིད་ཀྱི་རང ་བཞིན་གྱི་རང་གི་ལྷའི་གཟུགས་སུ་ཞུགས་ཏེ། དེའི་ཐུགས་ཀ་ན་གནས་པའི་ཡེ་ཤེས་ཀྱི་རིག་མ་ཡང་དག་པར་སྦྱོར་བས་རྗེས་སུ་མཉེས་པར་བྱས་ལ། དེ་ཡང་དབང་དུ་གྱུར་ཅིང་ཤིན་ཏུ་རྗེས་སུ་ཆགས་པར་སྤྱན་མར་བསྒོམ་པར་བྱ་འོ། །དེ ་ལྟར་ན་ལྷ་མོའི་ཐུགས་ཡང་དག་པར་བསྐུལ་བར་འགྱུར་རོ། །དེ་ནས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །འཇིག་རྟེན་ཁམས་ནི་ཐམས་ཅད་ན་ཞེས་བྱ་བ་ནི་འདོད་པའི་ཁམས་སུ་གཏོགས་པ་རྣམས་ན་སྟེ། གཞན་ན་དབང་པོ་གཉིས་པོ་ལ ་སོགས་པ་མེད་པའི་ཕྱིར་རོ། །ཐ་སྙད་ཀྱི་སྒོ་ནས་དེ་ལྟར་ཡིན་གྱི་རྣལ་འབྱོར་ངའི་མོས་པའི་དབང་གིས་ནི་ཐམས་ཅད་ན་ཡང་ཡོད་པ་ཡིན་ནོ། །ཕྱག་རྒྱ་ཆེན་པོ་ནི་སངས་རྒྱས་སྤྱན་ནོ། །དམ་ཚིག་གི་ཕྱག་རྒྱ་ནི་མཱ་མ་ཀཱི་འོ། །ཆོས་ཀྱི་ཕྱག་རྒྱ ་ནི་གོས་དཀར་མོའོ། །ལས་ཀྱི་ཕྱག་རྒྱ་ནི་སྒྲོལ་མ་སྟེ། དེ་རྣམས་ལ་དེ་ལྟ་བུའི་རང་བཞིན་ཅན་དུ་དམིགས་པ་ནི་ཕྱག་རྒྱ་ཆེ་སོགས་སྦྱོར་བ་སྟེ། དེ་ཡིས་སོ། །ཐམས་ཅད་ཅེས་བྱ་བ་ནི་འདོད་པར་གཏོགས་པའི་འཇིག་རྟེན་གྱི་ཁམས ་ཐམས་ཅད་ན་གནས་པ་རྣམས་དང། རང་གིས་ཡོངས་སུ་བརྟགས་པ་རྣམས་ཏེ། སེམས་རིན་པོ་ཆེ་ལ་ངེས་པ་མེད་པའི་ཕྱིར་རོ། །དེས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། ཇི་ལྟ་བ་བཞིན་དུ་རང་གི་ལྷའི་རྣལ་འབྱོར་བྱས་ལ། ་ནམ་མཁའ་ཨི་དབྱིངས་ཐམས་ཅད་ཁྱབ་པའི་བུད་མེད་ཀྱི་ཚོགས?་སངས་རྒྱས་སྤྱན་ལ་སོགས་པའི་རྣམ་པར་ཡོངས་སུ་གྱུར་པ་རྣམ་པར་བསམས་ཏེ། རང་གི་ཏིང་ངེ་འཛིན་ལས་རང་གི་ལྷའི་གཟུགས་ཉིད་རྣམ་པར་སྤྲོས་ལ། ་དེ་རྣམས་ཀྱིས་བླ་ན་མེད་པ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་དེ་རྣམས་ཉེ་བར་ལོངས་སྤྱད་པར་བྱའོ། །དེའི་ཕྱིར་སངས་རྒྱས་གནས་ནི་དེར་སྤྲོ་བྱ་ཞེས་བྱ་བ་གསུངས་སོ། །དེས་ཀྱང་ཉོན་མོངས་པ་གཙོ་བོ་རྣམ་པར་སྤྱོད་བའི་ཐབས་བསྟན ་པའི་སྒོ་ནས་ཡང་དག་པར་བསྐུལ་པ་ཁོ་ན་བཤད་པ་ཡིན་ཏེ། སྔགས་ཀྱིས་མངོན་པར་འདུས་བྱས་བའི་དུག་ཟ་བ་བཅུད་ཀྱིས་ལེན་དུ་འགྱུར་བ་བཞིན་ནོ། །ཡུལ་རྣམས་འདི་དག་ལ་ནི་ཉམ་ང་ཉིད། །རང་ཉིད་ཀྱིས་མེད་འོན་ཀྱང་རྨོངས་པ་ཡིས། །དྲི་མེད ་བློ་ཡི་རྒྱུང?་ལྡན་རྣམས་ཀྱིས་ནི། །འདི་རྣམས་ཞི་བའི་ངང་གི་རྒྱུ་རུ་འགྱུར། །ལེའུ་བཅུ་པའི་རྣམ་པར་བཤད་པའོ།། །།ལེའུ་དང་པོ་ལས་བསྟན་པའི་རྟེན་བའི་ལྷ་རྣམས་རྫོགས་པར་བྱ་བའི་ཕྱིར་བྱིན་གྱིས་བརླབས་པ་དང། ་རྟེན་ལ་སོགས་པ་རྣམས་བཤད་དེ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྐྱེས་བུ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དང་རྡོ་རྗེའི་སྐྱེས་བུ ་བསྐྱེད་པའི་རྣམ་པར་ཐུགས་རྩེ་གཅིག་པར་མཛད་ནས་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་རྡོ་རྗེ་ནི་ཡི་གེ་ཨོཾ་ལ་སོགས་པ་རྣམས་ཏེ། དེ་དག་ཉིད་མངོན་སུམ་དུ་རིག་པའི་འབྲས་བུ་དང་ལྡན་པ་འམ། རིག་མ་དང ་ཡང་དག་པར་ལྡན་པའི་སྐྱེས་བུ་སྐྱེད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རིག་པའི་སྐྱེས་བུའོ། །རྡོ་རྗེ་གསུམ་ཡི་གེ་སྔགས་ཀྱི་མཆོག། ཅེས་བྱ་བ་ལ་སོགས་པས་ནི་གསུམ་གྱི་བདག་ཉིད་ཅན་གྱི་ལྷ་བསྐྱེད་པ་བསྟན་ཏོ། །ནམ་མཁའ་རྡོ་རྗེ་དབུས ་གནས་པར་ཞེས་བྱ་བ་ནི་ལེའུ་དང་པོ་ལ་བཤད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་བཙུན་མོའི་བྷ་གའི་དབུས་སུའོ། །དཀྱིལ་འཁོར་རྡོ་རྗེ་ཀུན་སྐྱེས་ཞེས་བྱ་བ་ལ། འདི་རྣམས་ནི་རྡོ་རྗེ་ཡང་ཡིན་ལ་ཀུན་ཡང་ཡིན་པས་ན་རྡོ་རྗེ་ཀུན་ཏེ། མི ་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔ་ཡིན་ཞིང། དེ་རྣམས་ཀྱིས་བསྐྱེད་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་སའི་ཆ་ལ་དེ་སྐད་ཅེས་བྱའོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། སྒྲུབ་ཐབས་ཀྱི་ཚུལ་བཞིན་དུ་ཤེས་རབ་ཀྱི་ཆོས་འབྱུང་ཇི་ལྟ་བ་བཞིན་དུ ་བསྐྱེད་ལ་དེའི་དབུས་སུ་སྙོམས་པར་ཞུགས་པའི་མི་བསྐྱོད་པའི་རྣལ་འབྱོར་དང་ལྡན་པས་ཡེ་ཤེས་སེམས་དཔའ་རྗེས་སུ་བཅུག་སྟེ། །ལས་ལ་གནས་པས་མཆོག་ཏུ་དགའ་བའི་གནས་སྐབས་སུ་ཞུ་བར་གྱུར་པ་ཡེ་ཤེས་ཀྱི་རླབས་དང་ལྡན་པའི་རྒྱ་མཚོ་ཆེན་པོའི ་གཟུགས་སུ་ཡོངས་སུ་གྱུར་པར་བྱའོ། །དེ་བཞིན་དུ་རྣམ་པར་སྣང་མཛད་རྗེས་སུ་ཞུགས་པས་པྲ་བ་ཉིད་དང། དེ་བཞིན་དུ་རིན་པོ་ཆེའི་དམ་ཚིག་ལ་སོགས་པ་རྣམས་དང་སྙོམས་པར་ཞུགས་པའི་དཀོན་མཆོག་དཔལ་དང་འོད་དཔག་ཏུ་མེད་པ་དང་དོན་ཡོད་པར ་གྲུབ་པ་རྣམས་ཞུགས་པས་།གོ་རིམ་བཞིན་དུ་རྒྱུ་ཆེ་བར་གྱུར་པ་དང། ཡེ་ཤེས་ཀྱི་འབར་པར་བྱིན་གྱིས་བརླབ་པ་དང། བསྡུས་ནས་གྲུ་བཞིའི་རྣམ་པར་གྱུར་པར་ཤེས་པར་བྱའོ། །རྡོ་རྗེའི་སྤྲིན་ནི་འཕྲོ་བསྐྱེད་པ། །ཞེས་བྱ་བ་ནི་ནམ་མཁའ་ཨི་དབྱིངས་ཐམས ་ཅད་ཁྱབ?་པའི་འོད་ཟེར་གྱི་སྤྲིན་འགྲོ་བའོ། །དེ་རུ་ཡི་གེ་བྷྲུཾ་བསམ་མོ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རང་བཞིན་གྱི་སའི་ཆ་དེ་རུའོ། །རྡོ་རྗེ་གསུམ་ཡིག་ཅེས་བྱ་བ་ལ་སོགས་པས་བསྟན་པའི་དོན་གསལ་བར་བྱ་བའི་ཕྱིར། ་རྡོ་རྗེ་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ནི་མི་བསྐྱོད་པ་སྟེ། །དེའི་དཀྱིལ་འཁོར་ཡིན་ཞིང། དེའི་དབུས་སུ་ཡི་གེ་ཨོཾ་བསམ་པར་བྱའོ། །དེས་ནི་སྐུ་ཐུགས་ཀྱིས་འཐོབ་པར་འགྱུར་རོ་ཞེས་འབྱུང་བའི་ཕྱིར། ཐུགས་ཀྱི་རྟེན་ལ་སྐུའི ་ཡི་གེ་རྣམ་པར་བཀོད་དོ། །བསལ་བའི་དཀྱིལ་འཁོར་ནི་རྣམ་པར་སྣང་མཛད་ཀྱི་ཟླ་བའི་དཀྱིལ་འཁོར་ཏེ། དེའི་དབུས་སུ་ཡི་གེ་ཨ་བསམ་པར་བྱའོ། །སྐུ་ཡོད་ན་གསུང་འཇུག་པའི་ཕྱིར་སྐུའི་རྟེན་ལ་གསུང་གི་ཡི་གེ་རྣམ་པར ་བཀོད་དོ། །ཆོས་ཀྱི་དཀྱིལ་འཁོར་ནི་འོད་དཔག་ཏུ་མེད་པའི་པདྨ་དམར་པོ་འདབ་མ་བརྒྱད་པ་སྟེ། དེའི་དབུས་སུ་ཡི་གེ་ཧཱུཾ་བསྒོམ་པར་བྱའོ། །སེམས་ཀྱིས་ཀུན་ཏུ་བརྟགས་པའི་དོན་ཡང་དག་མེད་པའི་མི་འཇུག་པས་དེའི་ཕྱིར་གསུང་གི་རྟེན་ལ་ཐུགས ་ཀྱི་ཡི་གེ་རྣམ་པར་དགོད་པ་མཛད་དེ། །དེས་ནི་ཕན་ཚུན་འབྲེལ་པ་ཉིད་དུ་བསྟན་པའི་སྒོ་ནས་གསུམ་པོ་རྣམས་ཐ་མི་དད་པར་གསུངས་པ་ཡིན་ནོ། །ཡི་གེ་བྷྲུཾ་གིས་གནས་བསྒོམས་ཏེ། རྡོ་རྗེ་གསུམ་འབྱུང་བསྒོམ་པར་བྱ་ཞེས་བྱ་བས་ནི། དང་པོ་ཁོ་ནར་སྒྲུབ ་ཐབས་ལས་བཤད་པའི་ཆོ་ག་བཞིན་དུ་ཡི་གེ་བྷྲུཾ་གིས་བསྐྱེད་བའི་རིན་པོ་ཆེའི་རང་བཞིན་གྱི་མཆོད་རྟེན་གྲུ་བཞི་འོད་ཟེར་གྱི་འཕྲེང་པ་རྣམས་ཀྱིས་བརྒྱན་པའི་གནས་བསམ་ལ། དེའི་དབུས་ན་གནས་པའི་རྣལ་འབྱོར་པ་རྡོ་རྗེ་འཆང་གི་མོས་པ་དང ་ལྡན་པས་ཡི་གེ་གསུམ་ལས་བྱུང་བ་བསྒོམ་པར་བྱའོ་ཞེས་བསྟན་ཏོ། །སྙིང་པོ་ཞེས་བྱ་བ་ནི་སྐུ་ལ་སོགས་པའི་བྱིན་གྱིས་རློབ་པར་བྱེད་པའི་ཡི་གེ་གསུམ་པོ་ཉིད་དེ། དེའི་ཕྱིར། སྐུ་གསུང་ཐུགས་ནི་མཉེས་བྱེད་པ། ཞེས་གསུངས་སོ། །རྫོགས་པའི ་བྱང་ཆུབ་སྒྲུབ་པར་བྱེད་པ་དང། བྱིན་གྱིས་རློབ་པར་བྱེད་པའི་སྒོ་ནས་མཆོག་ཏུ་གྱུར་པ་ཉིད་ཡིན་པའི་ཕྱིར་བྱང་ཆུབ་མཆོག་གོ་།འདི་ནི་ཞེས་བྱ་བ་ནི་བཤད་མ་ཐག་པའོ། །སངས་རྒྱས་ཐམས་ཅད་ཀྱི་ཞེས་བྱ་བ་ནི། སངས་རྒྱས་ལ་སོགས་པ་ལ ་ཐམས་ཅད་ཀྱིའོ། །སངས་རྒྱས་བྱང་ཆུབ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རང་བཞིན་ཏེ། དེ་ཁྱད་པར་དུ་སྒྲུབ་པར་བྱེད་བས་ན། སངས་རྒྱས་བྱང་ཆུབ་རབ་བསྒྲུབ་པའོ། །ཡེ་ཤེས་རྡོ་རྗེས་སྤྲུལ་པ་སྟེ། །ཞེས་བྱ་བ་ནི་ཡེ་ཤེས་ལྔའི་བདག ་ཉིད་ཀྱི་རྡོ་རྗེ་འཆང་ཆེན་པོས་ཞེས་བྱ་བའི་དོན་ཏོ། །འདི་དག་ཞེས་བྱ་བ་ནི། བཤད་མ་ཐག་པའི་སྔགས་རྣམས་སོ། །སེམས་ཅན་གྱི་རྒྱུད་སངས་རྒྱས་ལ་སོགས་པའི་སྐུ་སྐྱེད་པར་བྱེད་པ་ཉིད་དང། སྐུ་ལ་སོགས་པར་བྱིན་གྱིས་རློབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་སངས ་རྒྱས་སྐྱེས་བུའོ། །དེའི་ཕྱིར་རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པའོ། །དམ་ཚིག་སོགས་པས་རྫོགས་པར་འགྱུར་ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དམ་ཚིག་ནི་ཉི་མ་དང་ཟླ་བ་དང་ཆུ་སྐྱེས་ལ་ཀུན་ཏུ་གནས ་པའི་ཡི་གེ་གསུམ་ལས་བྱུང་བའི་ལྷའི་གཟུགས་སོ། །དེ་ཉིད་ཤེས་རབ་ཀྱི་རྣམ་པར་དག་པ་ཉིད་ཡིན་པའི་ཕྱིར། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་སོ། །གྲུབ་པའི་གཟུགས་དེ་བརྟན་པར་བྱ་བའི་རྒྱུ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་བྱིན་གྱིས་རློབ་པའི་རྒྱུ་སྟེ། གང་ལ་མིང ་དེ་སྐད་བྱ་བ་ཉིད་ཡོད་པ་དེ་སྐད་ཅེས་བྱའོ། །གཞུང་དེ་ཙམ་གྱིས་ནི་ཇི་ལྟ་བ་བཞིན་དུ་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་བྱས་པས་ཕུང་པོ་ལ་སོགས་པ་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བ་ཅན་གྱི་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པ་ལ་ཐུག་པའི ་རྣལ་འབྱོར་ཆེན་པོ་བྱའོ་ཞེས་བསྟན་ཏོ། །དབེན་ཞིང་ཞེས་བྱ་བ་ལ་སོགས་པས་ནི་དངོས་གྲུབ་བསྒྲུབ་པ་དང་མཐུན་པའི་གནས་གསུངས་སོ། །དེ་ལ་དབེན་ཞིང་ཞེས་བྱ་བ་ནི་རིའི་ཕུག་གམ། ཕྱི་རོལ་གྱི་སྐྱེ་བོའི་ཆོགས་མེད་པའོ། །རབ་ཏུ་ཉམས ་དགའ་བར་ཞེས་བྱ་བ་ནི་སྒྲུབ་པ་པོའི་ཡིད་དང་རྗེས་སུ་མཐུན་པར་རོ། །འདི་ནི་ཞེས་བྱ་བ་ནི་འཆད་པར་འགྱུར་པའོ། །ཟླ་བ་ཕྱེད་ཀྱིས་ཞེས་བྱ་བ་ནི་སྔོན་དུ་བྱ་བ་ཇི་ལྟ་བ་བཞིན་དུ་བྱས་ཤིང་ལྷ་རྣམས་ཀྱིས་རྗེས་སུ་གནང་བ་བྱིན་པའི་རྣལ་འབྱོར་བས་གནོད་དུ ་རུང་བ་ལ་ཕབ་པའི་ལྷས་བྲིས་པའི་སྐུའི་དཀྱིལ་འཁོར་དུ་ཡང་དག་པར་འདུག་སྟེ། གནས་པ་ཞེས་བྱ་བ་ནི་སྙིང་ག་ན་གནས་པའི་ཡེ་ཤེས་སེམས་དཔའ་ཨི་སྐུའི་ཐུགས་ཀར་ཟླ་བའི་སྟེང་གི་རྡོ་རྗེའི་ལྟེ་བ་ལའོ། །འདི་ནི་དམ་ཚིག་ཀྱང་ཡིན་ལ་ཆེན་པོ་ཡང ་ཡིན་པས་དམ་ཚིག་ཆེན་པོ་སྟེ། རྡོ་རྗེ་འཆང་ཆེན་པོའོ། །དེ་ཡི་དེ་ཉིད་ནི་ཡི་གེ་ཧཱུཾ་སྟེ། སངས་རྒྱས་ལ་སོགས་པ་ཐམས་ཅད་སྐྱེད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །ཁ་དོག་རྣམ་ལྔར་ཞེས་བྱ་བ་ནི། འོད་ཟེར་སྔོན་པོ་ལ་སོགས ་པ་འབར་བར་རོ། །རྡོ་རྗེ་ཀུན་དང་རྒྱལ་བའི་གནས་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་མི་བསྐྱོད་པའི་རིགས་ཀྱི་དཀྱིལ་འཁོར་རྣམས་སློས?་པས་ནམ་མཁའ་ཁྱབ་པའོ། །ཡེ་ཤེས་རྡོ་རྗེ་དག་གིས་ཞེས་བྱ ་བ་ནི་སྒྲུབ་པ་པོས་སོ། །རྡོ་རྗེ་ཐུགས་འདྲ་བར་ཞེས་བྱ་བ་ནི། ཐུགས་རྡོ་རྗེ་བཞིན་དུ་ཡེ་ཤེས་དང་ཡོན་ཏན་ཚད་མེད་པ་འབྱུང་པར་འགྱུར་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དམ་ཚིག་རྡོ་རྗེ་ནི་མི་བསྐྱོད་པ་སྟེ། དེ ་ཞལ་གསུམ་པའི་གཟུགས་སུ་བསྐྱེད་པའི་རྣམ་པར་སེམས་རྩེ་གཅིག་པ་ནི་ཏིང་ངེ་འཛིན་ནོ། །ཡེ་ཤེས་དཀྱིལ་འཁོར་དབུས་སུ་ནི། །རྡོ་རྗེ་ཆེན་པོ་བསྒོམ་བྱ་སྟེ། །ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའི་དཀྱིལ་འཁོར་དུ་བདག་ཉིད་དཔལ་རྡོ་རྗེ་སེམས ་དཔའ་བསམས་ནས་སོ། །ལུས་རྣམས་ཀུན་ལ་ཁམ་ཞེས་བྱ་བ་ནི་མགོ་དང་ལྐོག་མ་དང་སྙིང་གའི་ཕྱོགས་སུ་འཁོར་ལོ་དང་པདྨ་དང་རྡོ་རྗེ་ལ་གནས་པའི་ཡི་གེ་ཁམ་བུར་བ་ལྟར་སྔོ་བ་ཟླ་ཚེས་དང་ཐིག་ལེ་དང་རྩེ་མོ་འཕྲ་བ་དང་ལྡན་ཞིང་འོད་ཟེར་སྔོན ་པོའི་འཕྲེང་བ་འཕྲོ་བ་རྣམ་པར་བསམས་ནས། བདག་ཉིད་ཀྱང་ནམ་མཁའ་དང་མཚུངས་པར་བསམ་པའོ། །ནམ་མཁའ་རྡོ་རྗེའི་དམ་ཚིག་ནི་དཔལ་རྡོ་རྗེ་སེམས་དཔའ་སྟེ། ནམ་མཁའ་དང་མཚུངས་པའི་ཆོས་སྟོན་པའི་ཕྱིར་རོ། །སྐུ་ལ་སོགས ་པ་རྡོ་རྗེ་རྣམས་མི་སྣང?་བ་ནི་མི་མཐོང་བའོ། །དེ་འབྱུང་བར་བྱ་བའི་ཕྱིར་བཀོད་པའི?་འཕྲེང་བ་ནི་གནས་ཇི་ལྟ་བ་བཞིན་དུ་རྣམ་པར་བཀོད་པའི་ཡི་གེ་རྣམས་ཀྱི་འོད་ཟེར་གྱི་རླབས་ཀྱི་གཟུགས་ཏེ། ཏིང་ངེ་འཛིན་གང་ལ་དེ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། ། ་རྡོ་རྗེའི་དཀྱིལ་འཁོར་དབུས་སུ་ནི། །རང་སྔགས་སྐྱེས་བུ་རབ་བསམས་ལ། །ཞེས་བྱ་བ་ནི་གསུང་རྡོ་རྗེའི་དཀྱིལ་འཁོར་དུ་རང་གི་སྔགས་ལས་གྲུབ་པའི་འོད་དཔག་ཏུ་མེད་པའོ། །སྙིང་གར་ཞེས་བྱ་བ་ནི་རིག་མའི་པདྨ་ན་གནས་པའི ་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བ་ལ་ཡི་གེ་ཧཾ་དམར་སྐྱ་རྣམ་པར་བསམས་ལ་དེ་ཡང་རྡོ་རྗེ་རལ་གྲིར་རྣམ་པར་བསྒོམ་སྟེ། དེ་ལ་བྱུང་བའི་འོད་ཟེར་གྱི་ཚོགས་རྣམས་ཀྱིས་ནམ་མཁའ་ཀུན་ཏུ་གང་བར་བཞུགས་པའི་སངས་རྒྱས་དང་རྡོ་རྗེ་འཆང་ལ ་སོགས་པ་རྣམས་ལ་ཀུན་ཏུ་རེག་ནས། འཕགས་པ་འཇམ་དཔལ་གྱི་གཟུགས་སུ་ཡོངས་སུ་གྱུར་པར་བསམས་ལ་ལྕགས?་ཀྱུའི་རྣམ་པར་གྱུར་པ་དེ་རྣམས་ཉིད་ཀྱིས་བཀུག་སྟེ། རྡོ་རྗེ་རལ་གྲི་དེ་ལ་བཅུག་ནས། ཐམས་ཅད་ཡོངས་སུ་གྱུར་པ ་ལས་བདག་ཉིད་འཕགས་པ་འཇམ་དཔལ་རྡོ་རྗེར་བསྒོམ་པར་བྱའོ། །དེ་ལྟར་ཉིན་དང་མཚན་དུ་བསྒོམ་པས་རྣལ་འབྱོར་པ་དེས་བཅུའི་དབང་ཕྱུག་འཕགས་པ་འཇམ་དཔལ་དུ་འགྱུར་རོ། །དཔལ་འཇམ་པའི་མགོན་ནི་ཐམས་ཅད་མཁྱེན་པའི་ཡེ ་ཤེས་མངོན་དུ་མཛད་པ་ཉིད་ཡིན་པའི་ཕྱིར་བྱང་ཆུབ་ཀྱི་བདག་ཉིད་ཀྱི་སེམས་དཔའ་ཉིད་དོ། །དེའི་ཕྱིར་དེའི་ལྷ་མོ་གཟུགས་རྡོ་རྗེ་མ་ལ་སོགས་པ་དྲུག་དང། སངས་རྒྱས་སྤྱན་ལ་སོགས་པ་བཞི་ནི་འབྲས་བུའི་རང་བཞིན་ཉིད་ཀྱི་ས་བཅུ ་ཡིན་པར་བརྗོད་དོ། །འཇིག་རྟེན་གྱི་ཐ་སྙད་དང་མཐུན་པར་རང་བཞིན་གྱི་ལོ་བཅུ་དྲུག་པའི་གཟུགས་ཅན་ཡིན་ཏེ། བུད་མེད་རྣམས་གཞོན་ནུ་གཟུགས་ཀྱི་དབང་དུ་འགྱུར་བ་ཡོ་བྱད་ཐམས་ཅད་དང་ལྡན་པས་བསྒྲུབ་པ་བརྩམས་ན་ཟླ་བ་ཕྱེད་ཀྱི་ནང་དུ ་ངེས་པ་ཁོ་ནར་འགྲུབ་པར་འགྱུར་བའོ། །བསྒྲུབ་པ་དེ་ཉིད་ནི་གསལ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། གསལ་བའི་དཀྱིལ་འཁོར་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་དབུས་ཀྱི་ཆ་ན་ཟླ་བ་གསལ་བས་ཉེ་བར་ ་མཚན་བའོ། །ནམ་མཁའ་རྡོ་རྗེའི་དབུས་ཞེས་བྱ་བ་ནི་བཙུན་མོའི་པདྨའི་དབུས་སུའོ། །རང་གི་སྔགས་ཀྱི་དམ་ཚིག་བསྐྱེད། ཅེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོར་རྣམ་པར་བསྒོམས་ལ། ཀུན་ཏུ་བཟང་མོའི་པདྨ་ལས། ཛི ་ན་ཛིཀ་ཅེས་བྱ་བའི་སྔགས་ལས་བྱུང་བའི་སྐུ་རྡོ་རྗེ་བྱུང་སྟེ་བཅུག་པའི་སྒོ་ནས་བདག་ཉིད་རྣམ་པར་སྣང་མཛད་ཀྱི་གཟུགས་སུའོ། །ཡི་གེ་ཨོཾ་ནི་སྙིང་གར་བཞག་ཅེས་བྱ་བ་ནི་རང་གི་སྙིང་ག་ན་གནས་པའི་པདྨའི་སྟེང་གི་ཟླ་བ་ལ ་བཞུགས་པའི་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀར་ཟླ་བའི་སྟེང་གི་འཁོར་ལོ་ལའོ། །རྣམ་པར་སྣང་མཛད་མཆོག་ཏུ་བསྒོམ་ཞེས་བྱ་བ་ནི་ཡི་གེ་ཨོཾ་ལས་བྱུང་བའི་འོད་ཟེར་དཀར་པོ་ལ་སོགས་པའི་ཚོགས་རྣམས་ཀྱིས་རང་གི་ལུས ་ཀུན་ཏུ་གསལ་བར་བྱས་ལ། བ་སྤུའི་བུ་གའི་གསེབ་ནས་བྱུང་བ་དེ་རྣམས་ཀྱི་རྩེ་མོ་ལས་རབ་ཏུ་ཐུབ་པའི་རྣམ་པར་སྣང་མཛད་རྣམས་སྤྲོས་པས་ནམ་མཁའ་ཨི་དབྱིངས་མ་ལུས་པ་ཀུན་ཏུ་ཁྱབ་པར་བྱས་ཏེ། བསྡུ་བ་དང་བསྟིམ་པ་དང་བརྟེན ་པར་བྱ་པར་དང་རྗེས་སུ་མཉེས་པར་བྱ་བ་དང་བཞི་ཡང་དང་ཡང་དུ་བསམ་པའོ། །སངས་རྒྱས་སྐུ་དང་འདྲ་བའི་འོད་ཅེས་བྱ་བ་ནི་རྣམ་པར་སྣང་མཛད་དང་འདྲ་བའི་བྱང་ཆུབ་སེམས་དབར་འགྱུར་རོ། །ཡེ་ཤེས་ལྔར་ལྡན་བསྟེན་ན་ནི། །ཞེས ་བྱ་བ་ལ་སོགས་པས་ནི་སངས་རྒྱས་ཀྱི་ཞིང་དེ་དང་དེ་རྣམས་སུ་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ཅན་གྱི་དེ་བཞིན་གཤེགས་པ་རྣམས་བསྟེན་ན་བསྐུལ་པ་གྲངས་མེད་པ་གསུམ་དུ་གནས་པར་འགྱུར་རོ། ཞེས་ཁ་ཅིག་ཟེར་རོ། །གཞན ་དག་ན་རེ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཉིད་དུ་བརྟགས་ཏེ། ཡེ་ཤེས་ལྔའི་རང་བཞིན་ཅན་གྱི་བདག་ཉིད་ལ་བླ་ན་མེད་པ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་མཆོད་ཅིང་གནས་པར་བྱའོ་ཞེས་ཟེར་རོ། །སྐུའི་གསང་བ་སྟོན་པར་བྱེད་པའི ་ཕྱིར་སྐུ་རྡོ་རྗེ་གསང་བ་སྟེ། དཔལ་རྡོ་རྗེ་སེམས་དཔས་སོ། །ཏིང་ངེ་འཛིན་གང་ལ་དེ་བཞིན་གཤེགས་བ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་གཟུགས་སུ་བྱང་ཆུབ་སེམས་དཔའ་སྐྱེད་པར་བྱེད་པའི་འོད་ཟེར་བཀོད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆོས་ཀྱི་དཀྱིལ་འཁོར་ནི ་འོད་དཔག་ཏུ་མེད་པའི་དཀྱིལ་འཁོར་རོ། །རང་གི་སྔགས་ཀྱི་སྐྱེས་བུ་བསྐྱེད་ཅེས་བྱ་བ་ནི། ཨ་རོ་ལཀེ?་ཅེས་བྱ་བ་འདིས་སྔ་མ་བཞིན་དུའོ། ། ནི་དག་གི་ལམ་བཞག་སྟེ་ཞེས་བྱ་བ་ནི་ལྕེའི་ཆུ་སྐྱེས་ཀྱི་ལྟ་བར་རོ། །འཇིག་རྟེན་དབང་ཕྱུག་གི་མཆོག་བསྒོམས ་པས་ཞེས་བྱ་བ་ནི་དེ་ལས་བྱུང་བའི་འོད་ཟེར་དམར་པོ་ལ་སོགས་པའི་རྩེ་མོ་ལས་གྲུབ་པའི་འོད་དཔག་ཏུ་མེད་པ་རྣམས་སྤྲོས་པས་ནམ་མཁའ་ཀུན་ཏུ་བཀད་སྟེ། སྔ་མ་བཞིན་དུ་བསྡུ་བ་ལ་སོགས་པ་བྱ་བའོ། །དམ་ཚིག་ཡེ་ཤེས་ཞེས་བྱ་བ་ནི་བྱང་ཆུབ་སེམས ་དཔའ་ཨོ། །རྫོགས་བྱས་དེ་ཞེས་བྱ་བ་ནི་བཤད་མ་ཐག་པའི་ཚུལ་བཞིན་དུའོ། །ཚིག་གི་དམ་ཚིག་ལྔའི་མཆོག་ནི་གསུང་རབ་ཀྱི་ཡན་ལག་དགུ་སྟོན་པར་བྱེད་པའོ། །དེ་ལྟར་བསྒོམས་པས་འོད་དཔག་ཏུ་མེད་པ་དང་མཚུངས་པའི་བྱང་ཆུབ་སེམས་དཔའ་? ་འགྲུབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་དམ་ཚིག་ནི་བྱང་ཆུབ་སེམས་དཔའ་ཨི་གཟུགས་ཏེ་གང་ལས་དེ་འབྱུང་ཞིང་སྐྱེ་བ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེའི་དཀྱིལ་འཁོར་ནི་མི་བསྐྱོད་པའི་དཀྱིལ་འཁོར་རོ། །ནམ་མཁའ་རྡོ ་རྗེ་ནི་སྔ་མ་བཞིན་ནོ། །རྫོགས་བྱས་ལ་ཞེས་བྱ་བ་ནི་བཛྲ་དྷྲིཀ་ཅེས་བྱ་བའི་སྔགས་ཀྱི་དེ་ཁོ་ན་བཞིན་དུའོ། །སེམས་ལ་ཡི་གེ་ཧཱུཾ་ཉིད་ཡིན་པའི་ཕྱིར་རོ། །གནས་པ་ཞེས་བྱ་བ་ནི་ཆོས་འབྱུང་དུ་འཁོར་གྱི་དཀྱིལ་འཁོར་དང་ལྷན་ཅིག་རིམ་གྱིས་དེ་རྣམས ་དགའ་པར་བྱེད་ཅིང་གནས་པ་ཞེས་བྱ་བའི་དོན་ཏོ། །ཏིང་ངེ་འཛིན་གང་ལ་ཟླ་བ་དང་རྡོ་རྗེའི་རིམ་གྱིས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ཨི་ཡེ་ཤེས་ཀྱི་དམ་ཚིག་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ནམ་མཁའ་དབྱིངས་ཀྱི་དབུས་སུ་བསམ། ཞེས་བྱ་བ་ནི་ཇི་ལྟ ་བཞིན་དུ་སངས་རྒྱས་སྤྱན་གྱི་ཆོས་འབྱུང་གི་ནང་ན་གནས་པའི་རྟེན་དང་བརྟེན་བའི་དཀྱིལ་འཁོར་གྱི་དབུས་ན་བཞུགས་པའི་རྣམ་པར་སྣང་མཛད་དུ་བདག་ཉིད་ཡང་དག་པར་སྦྱོར་བས་གནས་པའི་རིག་མའི་པདྨར་ཡི་གེ་?་ཁ་དོག་དཀར་པོ ་འོད་ཟེར་སྣ་ལྔ་རབ་ཏུ་འཕྲོ་བ་རབ་ཏུ་བསམས་ལ། དེ་ཡང་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ་པའི་སའི་སྙིང་པོར་དེམ་པར་བསམ་སྟེ། ཕྱུང་ནས་དེས་སེམས་ཅན་ཐམས་ཅད་ཀྱིས་ལྷའི་མིག་ཐོབ་པར་བྱས་ཏེ། དེ་བཀུག་ནས་རང་གི་ལུས་ལ་བཅུག་སྟེ། ་བདག་ཉིད་རྣམ་པར་སྣང་མཛད་ཀྱི་རང་བཞིན་གྱི་སའི་སྙིང་པོར་བསམ་པར་བྱའོ། །མཚོན་མཆོག་ཞེས་བྱ་བ་ནི་ལྷའི་མིག་གི་མངོན་པར་ཤེས་པ་ཐོབ་པའི་ཕྱིར་སྨྲིན་མ་བཏེག་ཅིང་རྣམ་པར་གདངས་པའི་མིག་གིས་ལག་མཐིལ་དུ་སྐྱུ་རུ་རའི་འབྲས་བུ ་བཞག་པ་བཞིན་དུ་དངོས་པོ་ཐམས་ཅད་ཡང་དག་པར་མཐོང་བའི་སྒོ་ནས་སོ་སོར་རྟོགས་པས་མཚོན་མཆོག་སྟེ་སའི་སྙིང་པོའོ། །དེ་སྐད་དུ་ཡང་མདའ་དང་གཞུ་དང་སྨིན་མ་བཏེག་པ་ཞེས་གསུངས་སོ། །རྡོ་རྗེའི་སྐུ་དང་ཞེས་བྱ་བ་ནི་རྒྱུར་གྱུར་པའི་རྣམ ་པར་སྣང་མཛད་དང་འདྲ་བར་འགྱུར་བའོ། །ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ནི་པདྨ་ཡིན་ཞིང། དེང་དང་ཡང་དག་པར་སྦྱོར་བ་ལས་ལྷ་ཐམས་ཅད་འབྱུང་བ་ནི་དམ་ཚིག་སྟེ། ཏིང་ངེ་འཛིན་གང་ལ་བརྟན་པའི་ལྷའི་བཀོད་པའི་གནས་པདྨ་ཉིད་ཡོད་པ་དེ་ལ་དེ ་སྐད་ཅེས་བྱའོ། །འཇིག་རྟེན་པའི་མངོན་པར་ཤེས་པ་ཡང་ཡོད་པས་དེ་ལ་ཁྱད་པར་དུ་བྱ་བའི་ཕྱིར། སངས་རྒྱས་མངོན་ཤེས་དམ་ཚིག་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་རྣམས་ཀྱི་མངོན་པར་ཤེས་པ་ནི། ལྷའི་མིག་དང། ་རྣ་བ་དང། སྔོན་གྱི་གནས་རྗེས་སུ་དྲན་པ་དང། གཞན་གྱི་སེམས་ཤེས་པ་ལ། རྡོ་རྗེ་རྫུ་འཕྲུལ་རྣམས་རྣམ་པ་ཐམས་ཅད་དུ་ཤེས་པས་ན་མངོན་པར་ཤེས་པའོ། །དེ་རྣམས་ཉིད་འདའ་བར་མི་བྱ་བ་ཉིད་ཡིན་པའི་ཕྱིར་དམ་ཚིག་སྟེ། དེ་རྣམས་ཀྱི ་མངོན་པར་ཤེས་པ་ལྔ་དང་ལྡན་པ་དང་འདྲ་བར་འགྱུར་རོ། །འདི་ནི་ཞེས་བྱ་བ་ནི་བཤད་མ་ཐག་པ་དང་འཆང་པར་འགྱུར་བ་ཐུགས་ལ་བསྔོགས་ནས་གསུངས་པའོ་།སངས་རྒྱས་དཀྱིལ་འཁོར་ཞེས་བྱ་བ་ནི་མཱ་མ་ཀཱི་དང་མི་བསྐྱོད་པའི་དཀྱིལ་འཁོར་རོ། །རྡོ་རྗེ ་སེམས་དཔའ་ཞེས་བྱ་བ་ནི། དེའི་དབུས་སུ་མི་བསྐྱོད་པ་སྟེ། རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པ་ཞེས་འབྱུང་བའི་ཕྱིར་རོ། ཡེ་ཤེས་ནི་བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་ཀྱི་དང་པོའི་རྡོ་རྗེ་སྟེ། དེའི་ལྟེ་བའི་ཡི་གེ་ཨོཾ་ནི་ཡེ་ཤེས་ཨོཾ་མོ། །བསྒོམ་པར་བྱ ་ཞེས་བྱ་བ་ནི། རིག་མའི་པདྨར་དེ་ཡང་གྱུར་ནས་ཕྱག་ན་རྡོ་རྗེའི་གཟུགས་སུ་བསམ་པའོ། །རྡོ་རྗེ་དམ་ཚིག་གསུམ་ཞེས་བྱ་བ་ནི། །ཡི་གེ་གསུམ་གྱིས་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་བྱས་ལ་གྱུར?་སྟེ་དེས་ཀྱང་སེམས་ཅན་རྣམས་ཀྱིས་རྣ་བའི་མངོན ་པར་ཤེས་པ་ཐོབ་པར་བྱས་ལ། དེ་བཀུག་ནས་རང་གི་ལུས་ལ་བཅུག་སྟེ་བདག་ཉིད་ཕྱག་ན་རྡོ་རྗེའི་གཟུགས་སུ་བསྒོམ་པའོ། །མི་བསྐྱོད་པའི་སྐུ་འདྲ་དང་ཞེས་བྱ་བ་ལ་སོགས་པས་ནི་མི་བསྐྱོད་པའི་རང་བཞིན་ཅན་གྱི་ཕྱག་ན་རྡོ་རྗེར་འགྱུར་བའོ། །སྐུ ་མངོན?་བར?་བྱང་ཆུབ་པ་གང་ལ་མི་བསྐྱོད་པ་ཉིད་དམ་ཚིག་སྟེ། རྒྱུ་ཡོད་པ་དེ་ཉིད་རྡོ་རྗེ་ཡིན་ཞིང། ཏིང་ངེ་འཛིན་གང་ལ་དེ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སངས་རྒྱས་དཀྱིལ་འཁོར་ཞེས་བྱ་བ་ནི། རིན་པོ་ཆེའི་དམ་ཚིག་གི་ཆོས་འབྱུང་གི་ནང་དུ་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་ལོ། །ནམ་མཁའ་རྡོ་རྗེ་རབ་བསྒོམས་ལ། ཞེས་བྱ་བ་ནི་དེའི་དབུས་སུ་རིན་ཆེན་འབྱུང་ལྡན་ཉིད་དེ། རྒྱུ་ལ་འབྲས་བུ་ཉེ་བར་བཏགས་ནས་བརྗོད་དོ། །རིན་ཆེན་ཨོཾ་ཞེས་བྱ་བ་ལ། ཉི་མ་འཆང་ཀ་ལྟ་བུའི་རིན་པོ ་ཆེ་ཟུང་བརྒྱད་པའི་ནང་ན་གནས་པའི་ཡི་གེ་ཨོཾ་ནི་རིན་ཆེན་ཨོཾ་མོ། །རབ་བསྒོམ་བྱ་ཞེས་བྱ་བ་ལ་སོགས་པས་ནི། །ནམ་མཁའ་ཨི་སྙིང་པོ་ལ་སོགས་པ་ཀུན་ཏུ་བཟང་པོ་ལ་ཐུག་པ་རྣམས་རང་གི་དེ་བཞིན་གཤེགས་པ་གྱུར་བ་སྔོན་དུ་འགྲོ་བས་བསྐྱེད ་པ་དང། ཕྱག་ན་རྡོ་རྗེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་སྐྱེ་མཆེད་རྣམས་སྦྱད?་བ་བསྟན་ཏོ། །དཀོན་མཆོག་དཔལ་གྱི་འོད་དང་འདྲ་ཞེས་བྱ་བ་ནི། དེ་དང་མཚུངས་པའི་ཁ་དོག་དང་དབྱི་བས་ལ་སོགས ་པ་དང་ལྡན་པའོ། །བདག་མེད་བྱང་ཆུབ་ཀྱི་ཡེ་ཤེས་ནི་ཐབས་དང་ཤེས་རབ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ཉིད་སྦ་བར་བྱ་བ་ཉིད་ཡིན་པའི་ཕྱིར་གསང་བའོ། །སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་ཚོགས་རྣམས་ཀྱི ་རྟེན་ཉིད་ཡིན་པའི་ཕྱིར་གནས་སོ། །འགྱུར་ཞེས་བྱ་བ་ནི་སྒྲུབ་པ་པོའོ། །རིན་པོ་ཆེའི་དམ་ཚིག་ནི་དཀོན་མཆོག་དཔལ་ཏེ། གང་ལ་དེའི་ལོངས་སྤྱོད་དེ་སྐུ་མི་ཕྱེད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སངས་རྒྱས་དཀྱིལ་འཁོར་ནི་གོས་དཀར་མོའི ་པདྨ་འོད་དཔག་ཏུ་མེད་པའི་དཀྱིལ་འཁོར་རོ། །འཇིག་རྟེན་དབང་ཕྱུག་ཅེས་བྱ་བ་ནི་འོད་དཔག་ཏུ་མེད་པའོ། །པདྨ་དམར་སྐྱ་འདབ་མ་བརྒྱད་པའི་ལྟེ་བ་ན་གནས་པའི་ཡི་གེ་ཨོཾ་ནི་ཆོས་ཀྱི་ཨོཾ་མོ། །སེམས་ཅན་ཐམས་ཅད་རྡོ་རྗེ་ཐེག་པ་ཆེན་པོ་བསྟན ་པའི་སྒོ་ནས་ཀུན་ཏུ་དགའ་བར་བྱས་ཏེ། ལམ་དེ་ལས་འཛུང་པར་བྱེད་པས་ན་ཐེག་ཆེན་ལམ་ནི་འབྱུང་བའོ། །ཡོན་ཏན་ཆེད་མེད་ཅིང་མི་ཕྱེད་པ་རྣམས་ཀྱི་མཐུ་ནི་ནུས་པ་ཁྱད་པར་ཅན་ཏེ་གང་ལ་དེ་ཕུན་སུམ་ཚོགས་པའི་དཔལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། ་སངས་རྒྱས་དཀྱིལ་འཁོར་ནི་འཕགས་མ་སྒྲོལ་མའི་མཚོ་སྐྱེས་ལ་གནས་པའི་དོན་ཡོད་པར་གྲུབ་པའི་དཀྱིལ་འཁོར་རོ། །རྡོ་རྗེ་ཨུཏཔ་ལ་ནི་དོན་ཡོད་གྲུབ་པ་སྟེ། ཨུཏཔ་ལཱཾ?་མཚན་མས་ཉེ་བར་མཚོན་པའི་འཕགས་མ་སྒྲོལ་མ་དང་ཡང་དག་པར་ལྡན་པ ་ཉེར?་ཡིན་པའི་ཕྱིར་རྡོ་རྗེ་ཨུཏཔལ་ཞེས་བྱའོ། །དམ་ཚིག་ནི་སྣ་ཚོགས་རྡོ་རྗེ་སྟེ། དེའི་ལྟེ་བའི་ཡི་གེ་ཨོཾ་ནི་དམ་ཚིག་ཨོཾ་མོ། །རྡོ་རྗེ་དོན་ཡོད་འདྲ་བའི་འོད། །ཅེས་བྱ་བ་ནི་དོན་ཡོད་པར་གྲུབ་པ་དང་མཚུངས་པའི་སྒྲིབ་པ་ཐམས་ཅད་རྣམ ་པར་སེལ་བར་འགྱུར་བའོ། །མི་ཤེས་པའི་རླབས་འཇོམས་པ་དང། །ཡེ་ཤེས་ཀྱི་རྒྱ་མཚོ་མངོན་པར་འཕེལ་བར་བྱེད་པའི་ཕྱིར་ཡེ་ཤེས་མཚོའོ། །དེ་ཉིད་ཀྱི་ཕྱིར་འཇིག་རྟེན་ལས་འདས་པའི་ཏིང་ངེ་འཛིན་རྣམས་ཕུན་སུམ་ཚོགས་པའི་སྒོ་ནས་འགྲོ་བ་མ་ལུས་? ་གྱི་དོན་བྱེད་པའི་སེམས་ཅན་ཀུན་དོན་འབྱུང་བའོ། །འཕགས་པ་ཀུན་ཏུ་བཟང་པོ་ཡང་རིམ་པ་འདི་ཉིད་ཀྱིས་བསྐྱེད་པར་བྱ་སྟེ། གཉི་ག་ཡང་ལས་ཀྱི་རིགས་ཉིད་ཡིན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཐ་དད་པར་རྣམ་པར་དབྱེ་བ་མཛད་དོ། །གདོན་མི་ཟ?་བའི ་དམ་ཚིག་ནི་དོན་དམ་པར་གྲུབ་པ་སྟེ། དེ་ལས་བྱུང་བ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་པའོ། །འོད་ཟེར་ཡེ་ཤེས་མཆོག་ནི་དོན་ཡོད་པར་གྲུབ་པ་ཉིད་དེ། འོད་ཟེར་གྱི་དཀྱིལ་འཁོར་ལ་བཞུགས་པ་ཉིད་དང་དེའི་འོད་ཟེར་ལས་བྱུང་བ་ཉིད་ཡིན་པའི་ཕྱིར་རོ།། ་དེ་ལས་བྱུང་པ་ནི་ཀུན་ཏུ་བཟང་པོ་སྟེ། ཏིང་ངེ་འཛིན་གང་ལ་དེ་དག་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྔ་མ་བཞིན་དུ་དམ་ཚིག་གི་དཀྱིལ་འཁོར་དུ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་བྱས་ཏེ། སྐུ་གསུམ་ཨོཾ་ནི་རབ་ཏུ་བསྒོམ་ཞེས་བྱ་བ་ལ། ཡི་གེ་ཨོཾ་དང ་པོས་ནི་ཆོས་ཀྱི་སྐུའི་རང་བཞིན་གྱི་ཟླ་བའི་དཀྱིལ་འཁོར་རོ། །གཉིས་པས་ནི། འཁོར་ལོ་རྩབས་བརྒྱད་པས་བཅུའི་དབང་ཕྱུག་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱེད་པའོ། །གསུམ་པས་ནི་དེའི་ལྟེ་བར་སྤྲུལ་པའི་སྐུའི་བདག་ཉིད་དོ། །བར་དུ་བསྐོར་ཞེས ་བྱ་བ་ལ་སོགས་པས་ནི་སའི་སྙིང་པོའི་ཏིང་ངེ་འཛིན་བསྐྱེད་པ་བཞིན་དུ་བྱམས་པའི་ཏིང་ངེ་འཛིན་བསྐྱེད་པར་བྱ་བར་བསྟན་ཏེ། འོན་ཀྱང་ཡང་དག་པར་སྤྱོད་པ་ལས་བྱུང་ནས་སེམས་ཅན་ཐམས་ཅད་ཕན་ཚུན་བྱམས་པ་ཆེན་པོའི་སེམས་དང་ལྡན་པར་བྱེད་དོ། །དེ་ནི་ཞེས ་བྱས?་ན་རྣལ་འབྱོར་པའོ། །ཡེ་ཤེས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། དེ་ཡིས་ཕྱིན་ཅི་མ་ལོག་པའི་རྣམ་པར་རྟོགས་པས་ནི་རྫོགས་པའི་བྱང་ཆུབ་བོ། །སྐུ་གསུམ་མི་ཕྱེད་བསྒྲུབ་པ་ཞེས་བྱ་བ་ནི་རང་ཉིད་སྐུ་གསུམ་གྱི་བདག་ཉིད་ཅན་ཡིན་པའི་ཕྱིར ་སེམས་ཅན་རྣམས་ཀྱང་དེའི་རང་བཞིན་ཅན་དུ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལུས་དང་ངག་དང་ཡིད་དམིགས་པ་ཞེས་བྱ་བ་ནི། ལུས་དང་ངག་དང་ཡིད་རྣམས་ལ་རྣམ་པར་སྣང་མཛད་ཀྱི་རྒྱུ་མཐུན་པ་བྱམས ་པའི་རྣམ་པར་བསྒོམས་པ་ཡིན་ཞིང་།གང་ལ་དེ་ཉིད་རྫོགས་པའི་བྱང་ཆུབ་དང། དེ་ཉིད་རྡོ་རྗེ་ཡིན་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྣམ་པར་དབེན་པ་ཞེས་བྱ་བ་ལ་སོགས་པས་ནི་མངོན་པར་ཤེས་པ་བསྒྲུབ་པའི་གནས་གསུངས་སོ། །མི་བསྐྱོད ་ཡེ་ཤེས་རྡོ་རྗེ་སོགས་ཞེས་བྱ་བ་ནི། རང་གི་བཙུན་མོའི་ནམ་མཁའ་ཨི་དབྱིངས་ན་གནས་པ་ཇི་སྐད་བཤད་པའི་དཀྱིལ་འཁོར་དུ་མི་བསྐྱོད་པ་ལ་སོགས་པ་ལྷ་གང་ཡང་རུང་བའི་རྣལ་འབྱོར་བྱས་ནས་སོ། །སངས་རྒྱས་མཆོག་ནི་གནས་སུ ་བསྒོམ་ཞེས་བྱ་བ་ལ། སངས་རྒྱས་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་སོ། །དེ་རྣམས་ཀྱི་མཆོག་ནི་དམ་པ་སྟེ་རྒྱལ་བའི་སྲས་སའི་སྙིང་པོ་ལ་སོགས་པ་རྣམས་སམ། སངས་རྒྱས་ཀྱི་གཟུགས་ཡིན་ཞིང། དེ་རྣམས་ཀྱང་མིག་ལ་སོགས ་པའི་གནས་རྣམས་སུ་བསྒོམས་ན་མངོན་པར་ཤེས་པ་ལྔ་དང་ལྡན་པར་འགྱུར་རོ། །དེ་བརྗོད་པར་བྱ་སྟེ་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་སྐྱེ་མཆེད་རྣམས་ལ། བཤད་མ་ཐག་པའི་ས་བོན་རྣམས་ཀྱི་སའི་སྙིང་པོ་དང་ཕྱག་ན་རྡོ་རྗེ ་ནམ་མཁའ་ཨི་སྙིང་པོ་དང། འཇིག་རྟེན་དབང་པོ་དང་སྒྲིབ་པ་རྣམ་པར་སེལ་བའི་གཟུགས་རྣམ་པར་བསྒོམ་པར་བྱའོ། །དེ་ནས་དང་པའི་དབང་པོ་རྣམ་པར་དག་པའི་འཕགས་པ་སའི་སྙིང་པོ་བསྒོམ་པ་གྲུབ་པ་གྲུབ་པས་ནི་ལག་མཐིལ་གྱི་སྐྱུ་རུ་རའི ་འབྲས་བུ་བཞིན་དུ་དངོས་པོ་ཐམས་ཅད་མཐོང་ངོ། །དེ་ཁོ་ན་བཞིན་དུ་ཕྱག་ན་རྡོ་རྗེ་བསྒོམས་ཡས?་ནི་བསྐལ་པ་འཇིག་རྟེན་གྱི་ཁམས་རྣམས་གནས་པའི་སྒྲ་རྣམས་རྣ་དྲུང་ན་གནས་པ་བཞིན་དུ་ཐོས་ཏེ། དད་པ་དང་ལྡན་པ་ཉིད་ཀྱིས ་ཡང་དག་པར་མཐོང་བ་དང་ཐོས་པ་ཡིན་ནོ་ཞེས་བྱ་བའི་རིགས་པས་སོ། །དྲན་པའི་དབང་པོ་རྣམ་པར་དག་པའི་འཕགས་པ་ནམ་མཁའ་ཨི་སྙིང་པོ་བསྒོམས་པས་ནི་བསྐལ་པ་གྲངས་མེད་པ་འདས་པའི་དུས་ཀྱི་སྐྱེ་བ་ལ་སོགས་པ་དང་བྱ་བ་ལ་སོགས་པ ་བྱུང་བཞག་གསུམ་པ་ལ་བྱུང་བ་བཞིན་དུ་དྲན་པར་འགྱུར་རོ། །ཏིང་ངེ་འཛིན་གྱི་དབང་པོ་རྣམ་པར་དག་པའི་འཕགས་པ་འཇིག་རྟེན་དབང་ཕྱུག་བསྒོམ་པས་ནི་སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་དང་བྱ་བ་དང་གཡོ་བ་ཐམས་ཅད་རྣམ་པ་ཐམས་ཅད་སྐད ་ཅིག་གཅིག་ཁོ་ནས་ཤེས་པར་འགྱུར་རོ། །བརྩོན་འགྲུས་ཀྱི་དབང་པོ་རྣམ་པར་དག་པའི་འཕགས་པ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་བསྒོམ་པའི་སྒོ་ནས་གྲུབ་པ་ནི་རྣམ་པ་སྣ་ཚོགས་པའི་སྤྲུལ་པ་རྣམས་ཀྱིས་འགྲོ་བ་མ་ལུས་པ་རྣམས་ཀྱི་བྱ་བ ་སྒྲུབ་བར་བྱེད་དོ། །ཤེས་རབ་ཀྱི་དབང་པོ་རྣམ་པར་དག་པའི་འཕགས་པ་ཀུན་ཏུ་བཟང་པོ་སྙིང་གར་བཀོད་པའི་བསྒོམ་པས་ཀྱང་ཟག་པ་ཐམས་ཅད་ཟད་པའི་ཡེ་ཤེས་གྲུབ་པར་འགྱུར་ཏེ། དེ་ནི་མངོན་པར་ཤེས་པ་དྲུག་པའོ། །ལྷའི་རྣལ་འབྱོར ་གྱི་དུས་སུ་ཡང་ཐ་མལ་པའི་མིག་ལ་སོགས་པའི་རྣམ་པར་རྟོག་པ་སྤང་བར་བྱ་བ་དང། རྣམ་པར་བྱང་བའི་ངོ་བོར་བསྒྲུབ་པའི་ཕྱིར། དེ་རྣམས་དགོད་པར་བྱ་བ་ཁོ་ན་ཡིན་ཏེ། འདི་ཉིད་ལས་རྡོ་རྗེ་སྐྱེ་མཆེད་ཉིད་དག་ནི། བྱང་ཆུབ་སེམས་དཔའ་ཨི་དཀྱིལ་འཁོར ་མཆོག་།ཞེས་བསྟན་པའི་ཕྱིར་རོ། །དཀྱིལ་འཁོར་ལ་ནི་འཕགས་པ་འཇམ་པའི་རྡོ་རྗེ་ལ་སོགས་པ་བྱམས་པ་ལ་ཐུག་བའི་བྱང་ཆུབ་སེམས་དཔའ་བརྒྱད་དགོང་པར་བྱའོ་ཞེས་བྱ་བ་ནི་མན་ངག་ཡིན་ནོ། །མངོན་པར་ཤེས་པའི་དམ་ཚིག་སྟོན་པར་མཛད ་བའི་ཕྱིར་དམ་ཚིག་ཆེན་པོ་རྡོ་རྗེ་མངོན་པར་མཁྱེན་པ་སྟེ་དཔལ་རྡོ་རྗེ་སེམས་དཔའ་ཨོ། །གནས་ལྔ་དག་ཏུ་སྦྱོར་བར་ཡིས་ཞེས་བྱ་བ་ནི་ཇི་ལྟར་མི་བསྐྱོད་པའི་རྣལ་འབྱོར་པས་བཤད་མ་ཐག་པའི་གནས་ལྔ་རུ་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩ་ལྔ་པ་འོད་ཟེར་ ་དཀར་པོ་ལ་སོགས་པ་དང་ལྡན་པ་བསྒོམ་པས་མངོན་པར་ཤེས་པ་ལྔ་དང་ལྡན་པར་འགྱུར་བ་དེ་བཞིན་དུ། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་ཨོཾ་ལས་བྱུང་བའི་འཁོར་ལོ་བསྒོམ་པས་ཀྱང་དེ་ཁོ་ན་བཞིན་དུ་འགྱུར་པའོ། ། ་དེ་ནི་ཉེ་བར་མཚོན་པ་ཡིན་ཏེ། དཀོན་མཆོག་དཔལ་ལ་སོགས་པ་ལྷ་གང་ཡང་རུང་པ་སྒོམ་པ་པོས་རང་གི་སྔགས་ལས་བྱུང་བའི་བདག་ཉིད་ཀྱི་ཕྱག་མཚན་གནས་ལྔར་བསྒོམ་པས་ཀྱང་མངོན་པར་ཤེས་པ་ལྔ་དང་ལྡན་པར་འགྱུར་རོ་ཞེས་བསྟན་པ ་ཡིན་ནོ། །རྡོ་རྗེ་ནམ་མཁའ་ཨི་དཀྱིལ་ཉིད་དུ་ཞེས་བྱ་བ་ལ་སོགས་པ་ནི་ཇི་སྐད་བཤད་པའི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གྱི་དབུས་ན་བཞུགས་པའི་རྡོ་རྗེ་འཆང་ཆེན་པོར་མོས་པ་དང་ལྡན་པས་རང་གི་སྙིང་གའི་ཟླ་བ་ལ་ཡི་གེ་ཨོཾ ་བཀོད་ལ། དེའི་འོད་ཟེར་གྱི་ཚོགས་རྣམས་ཀྱིས་ལུས་ལ་སོགས་པ་སྣང་བ་མེད་པར་བྱས་ཏེ། ཆོས་ཐམས་ཅད་ལ་བདག་མེད་པར་ལྷག་པར་མོས་པའི་སྒོ་ནས་བདག་ཉིད་འཁོར་ལོའི་རྣམ་པར་ཡོངས་སུ་གྱུར་པར་བསམས་ནས། དེ་ལ་དེ ་བཞིན་གཤེགས་པ་ཐམས་ཅད་བཅུག་སྟེ། ཐམས་ཅད་གྱུར་པར་བྱས་ནས་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་བསྒོམ་པ་ན་དེ་དང་འདྲ་བར་འགྱུར་བར་བསྟན་ཏོ། །དེའི་ཕྱིར་སངས་རྒྱས་གནས་དང་འདྲ་བར་འགྱུར་ཞེས་གསུངས་སོ། །དེ་ལྟར ་ཆུལ་འདིས་གང་གི་མཚན་མའི་ཕྱག་རྒྱའི་གཟུགས་སུ་གྱུར་བར་བྱས་ཏེ་བདག་ན་ཡིད་བསྒོམ་པ་ནི་དེ་དང་མཚུངས་པར་འགྱུར་རོ། །སངས་རྒྱས་ནི་རྡོ་རྗེ་འཆང་སྟེ་དེའི་དཀྱིལ་འཁོར་ནི་སངས་རྒྱས་དཀྱིལ་འཁོར་རོ། །འདི་ནི་ཐམས་ཅད་ལ་ཀུན་ཏུ་སྦྱར ་བར་བྱ་སྟེ། སངས་རྒྱས་རྡོ་རྗེ་འཆང་དུ་བརྗོད་ཞེས་འབྱུང་བའི་ཕྱིར་རོ། །བདག་གི་ལུས་ལ་སྣང་མཛད་བཞག། ཞེས་བྱ་བ་ནི། དེའི་དབུས་སུ་རྡོ་རྗེ་འཆང་གི་བརྒྱལ་དང་ལྡན་པས་འདུག་སྟེ། རང་གི་སྙིང་གའི་ཟླ་བ་ལ་ཡི་གེ་ཨོཾ་བཀོད ་ལ། དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་རྣམས་ཀྱིས་ནམ་མཁའ་ཨི་དབྱིངས་ཐམས་ཅད་ཁྱབ་པའི་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ལ་ཀུན་ཏུ་རེག་སྟེ་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་ཡོངས་སུ་གྱུར་པ་བསྡུས་ནས་རང་གི་ལུས་ལ་བཅུག་སྟེ། ཐམས ་ཅད་གྱུར་པར་བྱས་ནས་བདག་ཉིད་རྣམ་པ་སྣང་མཛད་དུ་བསམ་པའོ། །སྔགས་ལ་རྣམ་པར་ཤེས་པ་བསྒོམ་ཞེས་བྱ་བ་ནི་རང་གི་སྙིང་ག་ན་བཞུགས་པའི་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀར་ཟླ་བ་ལ་ཡི་གེ་ཨོཾ་བཀོད་ལ། དེར་གྱུར་པའི ་སེམས་ཀྱི་ང་རྒྱལ་དུ་ཇི་སྲིད་མངོན་སུམ་དུ་མཐོང་བ་དེ་སྲིད་དུ་ཉིན་དང་མཚན་དུ་བསྒོམ་པར་བྱ་བའོ། །སྒྲ་ལ་སོགས་པ་ཉེ་བར་གྱུར་པ་འཛིན་པའི་ཤེས་པའི་རྒྱུ་བ་མེད་པའི་ཕྱིར་འགོག་པའོ། །རྡོ་རྗེ་སེམས་ཉིད་དུ་ཞེས་བྱ་བ་ནི་ཡི་གེ་ཨོཾ་དེ་རང ་བཞིན་དུ་གྱུར་པར་རོ། །དེ་ལྟར་བསྒོམ་པའི་སྒོ་ནས་སེམས་རིན་པོ་ཆེ་བརྟན་པར་གྱུར་པའི་རྣལ་འབྱོར་པ་དེ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཞིན་དུ་མངོན་པར་འདོད་པའི་དབང་གིས་སངས་རྒྱས་ཉིད་ལ་སོགས་པའི་དངོས་གྲུབ་འགྲུབ་པར ་བྱེད་པར་འགྱུར་རོ། །རྣམ་པར་སྣང་མཛད་བཞིན་དུ་མི་བསྐྱོད་པ་དང་འོད་དཔག་ཏུ་མེད་པ་སྒོམ་པ་ཡང་བལྟ་བར་བྱའོ། །དེ་ནི་ཉེ་བར་མཚོན་པ་ཡིན་ཏེ། དཀོན་མཆོག་དཔལ་ལ་སོགས་པ་ལྷ་གཞན་གྱི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་རིམ་པ་དེ ་ཁོ་ན་བཞིན་དུ་སྙིང་གར་སྔགས་བསྒོམ་པར་བྱ་ཞིང། འབྲས་བུ་ཡང་དེ་དང་འདྲ་བ་ཁོ་ནའོ། །གསལ་པའི་དཀྱིལ་འཁོར་ཞེས་བྱ་བ་ནི། བཙུན་མོའི་ནམ་མཁའ་ཨི་དབྱིངས་ཀྱི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཏེ། དེའི་དབུས་སུ་རྣམ་པར ་སྣང་མཛད་ཀྱི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་བྱས་ལ། མགོ་དང་ལྐོག་མ་དང་སྙིང་གའི་ཕྱོགས་ན་གནས་པའི་འཁོར་ལོའི་ལྟེ་བར་ཡི་གེ་ཨོཾ་ཁ་དོག་དཀར་པོ་བཀོད་དོ། དེ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩི་ཟླ་བ་ལྟ་བུའི་ཚོགས་རྣམས་ཀྱིས་ལུས ་ཀྱི་ཡན་ལག་ཐམས་ཅད་ཀུན་ཏུ་ཁྱབ་པས་བསམ་པར་བྱའོ། །བསྒོམ་པ་དེའི་སྒོ་ནས་གྲུབ་པ་ནི་རྣམ་པར་སྣང་མཛད་དང་མཚུངས་པའི་བསྐལ་པར་གནས་པའི་སྐུ་ཅན་དུ་འགྱུར་རོ། །དེ་བཞིན་དུ་རང་གི་དཀྱིལ་འཁོར་ན་གནས་པའི ་འོད་དཔག་ཏུ་མེད་པའི་རྣལ་འབྱོར་པས་ལུས་ལ་སོཌ་པའི་གནས་ན་གནས་པའི་པདྨའི་ལྟེ་?་ཡི་གེ་ཨཱ་དང། མི་བསྐྱོད་པའི་རྣལ་འབྱོར་པས་ནི་རྡོ་རྗེའི་ལྟེ་བར་ཡི་གེ་ཧཱུཾ་བཀོད་ལ། དེ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩི་ཁབ་ལྟ་བུའི་ཚོགས་རྣམས་ཀྱི་རང་གི་ལུས་ཀུན ་ཁྱབ་པར་སྒོམ་པ་ན་གྲུབ་པ་ནི་བསྐལ་པར་གནས་པའི་སྐུ་བཟང་པོ་དང་ལྡན་པར་འགྱུར་རོ། །སྐུ་དང་གསུང་དང་ཐུགས་གཙོ་བོར་བྱས་པའི་སྒོ་ནས་དེ་སྐད་དུ་བསྟན་པ་ཡིན་ཏེ། ལྷ་གཞན་སྒོམ་པ་པོས་རིམ་པ་དེ་ཉིད་བཞིན་དུ་རང་གི་སྔགས་བཀོད་དེ་སྒོམ ་པ་ཡང་བསྐལ་པར་གནས་པར་འགྱུར་རོ། །ལེའུ་བཅུ་གཅིག་པའི་རྣམ་པར་བཤད་པའོ།། །།དེ་ལྟར་འགོག་པའི་རྡོ་རྗེ་བསྒོམ་པའི་སྒོ་ནས་མཚན་མ་ཐོབ་པའི་རྣལ་འབྱོར་པ་རྣམས་ཀྱིས་མི་སྣང་བ་ལ་སོགས་པའི་དངོས ་གྲུབ་བསྒྲུབ་པར་བྱ་བ་དང། རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་བྱས་པ་རྣམས་ཀྱིས་ཕུང་པོ་ལ་སོགས་པ་བྱིན་གྱིས་བརླབ་པའི་རྗེས་ཐོགས་ལ་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པའི་གསོལ་བ་གདབ་པར་བྱ་དགོས་པས། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སྦྱོར་བའི་དམ་ཚིག་བསྒྲུབ་པའི་མཆོག་བསྟན་པའི་ལེའུ་བཅུ་གཉིས་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཀའ་སྩལ་པ་ཞེས་བྱ་བར་སྦྱར་རོ། །ལམ་ལོག་པར་ལྷུང་བའི་སེམས་ཅན་གྱི་ཁམས་རྫོགS ་པའི་བྱང་ཆུབ་ཀྱི་ཐབས་ཀྱི་ལམ་ཡང་དག་པ་ལ་གཞུག་པར་བྱ་བའི་ཕྱིར་སྟོན་པར་མཛད་པས་ན་སྟོན་པའོ། །སེམས་ཅན་གྱི་རྒྱུད་རྣམས་སངས་རྒྱས་ལ་སོགས་པའི་རྣམ་པར་སྐྱེད་པར་མཛད་པས་ན་བསྐྱེད་པའོ། །དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་ཡེ་ཤེས་ནི་ཡེ་ཤེས་མཆོག་སྟེ་དེ་སེམས་ཅན་རྣམས་ཀྱི་རྒྱུད་ལ་སྐྱེད་པར་མཛད་པས་ན་ཡེ་ཤེས་མཆོག་སྒྲུབ་པའོ། །འབྱུང་བ་རྣམས་ནི་སེམས་ཅན་དང་སེམས་ཅན་མ་ཡིན་པའི་རང་བཞིན་རྣམས་ཏེ། དེ་རྣམས་ནམ་མཁའ་དང་མཚུངས་པས་འདའ་ ་བར་བྱ་བ་མ་ཡིན་པ་ནི་མཁའ་མཚུངས་དམ་ཚིག་འབྱུང་བ་རྣམས་སོ། །རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་ནི་དོན་དམ་པར་སྐྱེ་བ་མེད་པ་རྣམས་སོ། །དེའི་ཕྱིར་ཆོས་རྣམས་རང་བཞིན་དག་པ་ལ་ཞེས་བྱ་བ་གསུངས་སོ། །རོལ་མོ་འདི་དག་རབ་ཏུ་བསྒོམ ་ཞེས་བྱ་བ་ནི། འཇམ་པའི་རྡོ་རྗེ་ལ་སོགས་པ་བསྒོམ་པའི་རང་བཟིན་འཆད་པར་འགྱུར་པའོ། །དགོན་པ་ཆེན་པོའི་ས་ཕྱོགས་སམ། ཞེས་བྱ་བ་ལ་སོགས་པས་ནི་དངོས་གྲུབ་ཐམས་ཅད་བསྒྲུབ་པའི་གནས་གསུངས་སོ། །དེ་ལ་ཀུན་ནས་དཔག་ཚད་བཅོ ་ལྔའི་ཚད་དང་ལྡན་ཞིང་གྲོང་ལ་སོགས་པ་མེད་པའི་དགོན་པ་ནི་དགོན་པ་ཆེན་པོའོ། །གཞན་ནི་གོ་སླའོ། །སྔར་བཤད་པའི་ཆོ་ག་ཁོ་ན་བཞིན་དུ་ཡི་གེ་མི་ལས་བདག་ཉིད་འཇམ་པའི་རྡོ་རྗེའི་གཟུགས་སུ་རྣམ་པར་བསྒོམས་ཏེ། ལུས་དང་ངག་དང་ཡིད་ཀྱི་གནས་སུ ་བཀོད་པའི་འཁོར་ལོའི་དཀྱིལ་འཁོར་ལ་ཡི་གེ་མི་འོད་ཟེར་རབ་ཏུ་འཕྲོ་བ་བཀོད་ལ། འོད་ཟེར་གྱི་རྩེ་མོ་ལས་བྱུང་བའི་འཕགས་པ་འཇམ་པའི་རྡོ་རྗེའི་སྤྲིན་སྤྲོས་པ་རྣམས་ཀྱི་ནམ་མཁའ་ཀུན་ཏུ་བཀང་སྟེ། བསྡུ་བ་དང་བསྟིམ་བ་དང་བརྟན་པར་བྱ་བ་དང་རྗེས་སུ ་མཉེས་པར་བྱ་བ་སྔ་མ་བཞིན་དུ་ཡང་དང་ཡང་དུ་བསྒོམ་པ་ན་འཇམ་པའི་རྡོ་རྗེར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དཔལ་རྡོ་རྗེ་འཇམ་པའི་མཆོག་གི་དམ་ཚིག་ནི་དེ་སྒོམ་པ་པོའོ། །དེ་མི་སྣང་བ་སྟེ་མི་མངོན་པར་བྱེད་པས་ན་མི་སྣང་བར་བྱེད་པ་སྟེ། ་ཏིང་ངེ་འཛིན་གང་ལ་མིང་དེ་སྐད་ཅེས་བྱ་བ་ཉིད་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཁར་བཅུག་ནས་ནི་བསྒོམ་པར་བྱ་བ་ནི། །ཕུལ་དུ་བྱུང་བ་འཐོབ་ཅིང་ལྟ་རྣམས་ཀྱིས་རྗེས་སུ་གནང་བ་བྱིན་པའི་གནས་འབྱོར་པ་འཇམ་པའི་རྡོ་རྗེ་ལ་སོགས་པའི་གང་ཡང་རུང་བའི ་རྣལ་འབྱོར་དང་ལྡན་པས་རང་གི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་བའི་བདུད་རྩི་ལྔ་ཆ་མཉམ་པར་བྱས་པ་མ་ཤ་གཅིག་བླངས་ཏེ། གྲངས?་མངས?་བ་ཅིག་དང་རྟུལ་མ་ཤ་གཉིས་དང་གསེར་མ་ཤ་བཞེས་གོ་རིམ ་བཞིན་དུ་གཏུམས་པའི་རི་ལུ་བྱས་ལ། རང་གི་ཁ་འམ་རིག་མའི་བྱའི་མཆུར་བཅུག་སྟེ། དེའི་ནང་ན་གནས་པའི་དཀྱིལ་འཁོར་དང་བཅས་པའི་རང་གི་བདག་པོ་ནམ་མཁའ་དང་མཚུངས་པའི་རྣམ་པར་བསམས་ལ། དེ་ན་གནས་པའི་དེ་བཞིན ་གཤེགས་པ་ཐམས་ཅད་དང་ལྷན་ཅིག་ཐ་མི་དད་པའི་ང་རྒྱལ་དུ་བསྒོམ་པའོ། །ཁ་ཅིག་ན་རེ་ཁ་ཐམས་ཅད་དུ་བཅུག་ལ་བསྒྲུབ་པར་བྱའོ་ཞེས་ཟེར་རོ། །རང་གིས་སྔགས་ཀྱི་རབ་བསྒོམས་ནས་ཞེས་བྱ་བ་ནི། རང་གི་དཀྱིལ་འཁོར་ལ་གནས ་པའི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་དང་ལྡན་པ་འམ། གཙུག་ཏོར་ཆེན་པོའི་རྣལ་འབྱོར་ངང་ལྡན་པས་ཡི་གེ་ཨོཾ་འམ་ཡི་གེ་བྷྲུཾ་གྱིས་མདུན་དུ་འཁོར་ལོ་འོད་འཕྲོ་བ་དང་བཅས་ཤིང་མདངས་མཆོག་དང་ལྡན་པ་བསྐྱེད་ལ་དེའི་ནང་ན་གནས ་པའི་སངས་རྒྱས་ཐམས་ཅད་སྒྲོ་བ་དང་བསྡུ་བའི་ཚུལ་དུ་ཇི་སྲིད་འབར་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ། དེ་ནས་སངས་རྒྱས་སྤྱན་ཟློས་ཤིང་བླང་བར་བྱ་བའོ། །དེ་ནས་འབར་བར་གྱུར་པའི་སྟེང་དུ་དབང་ཆེན་གྱི་དཀྱིལ་འཁོར་བསྒོམས་ན་ཞི་བར། ་འགྱུར་ཏེ། དེ་ཐོགས་པ་ཉིད་ཀྱིས་རྣམ་པར་སྣང་མཛད་དང་མཚུངས་པ་འམ། གཙུག་ཏོར་ཆེན་པོ་དང་མཚུངས་པར་འགྱུར་རོ། །གང་ལ་འཁོར་ལོ་བསྐྱེད་པའི་དམ་ཚིག་སྟེ་རྒྱུ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་ཆེན་པོའི་རང་སྔགས་ཀྱིས ་ཞེས་བྱ་བ་ནི། རང་གི་དཀྱིལ་འཁོར་ན་གནས་པའི་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་རམ། མི་བསྐྱོད་པའི་རྣལ་འབྱོར་བྱས་ལ། མདུན་དུ་ཡི་གེ་ཧཱུཾ་ལས་རྡོ་རྗེ་འབར་བ་བསྐྱེད་དེ། དེའི་ནང་ན་གནས་པའི་རྡོ་རྗེའི་རིགས་བསྒོམ་ཞིང་འབར་བར་གྱུར་པ་དེ ་ཁོ་ན་བཞིན་དུ་རང་གི་རིག་མ་ཟློས་ཤིང་བླང་བར་བྱའོ། །ཡོན་ཏན་དག་གི་གནས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཡོན་ཏན་གྱི་ཚོགས་ཐམས་ཅད་ཀྱི་རྟེན་མཱ་མ་ཀཱི་ལ་སོགས་པ་རྣམས་སོ། །གང་ལ་རྡོ་རྗེ་དང་མཉམ་ཞིང་མཚུངས་པའི་དངོས་གྲུབ་ཉིད་ཡོད་པ་དེ་ལ་དེ ་སྐད་ཅེས་བྱའོ། །རང་སྔགས་རྡོ་རྗེས་ཞེས་བྱ་བ་ནི་དེ་ཁོ་ན་བཞིན་དུ་ཡི་གེ་ཨ་ཡིས་སོ། །ཆོས་རྣམས་ཀུན་གྱི་ཞེས་བྱ་བ་ནི་པདྨའི་རིགས་ཀྱི་ལྷ་རྣམས་ཀྱིའོ། །སྔ་མ་བཞིན་དུ་ཐོགས་པས་བསམ་གྱིས་མི་ཁྱབ་ཆོས་ནི་འོད་དཔག་ཏུ་མེད་པ་སྟེ་དེ་དང ་འདྲ་བར་འགྱུར་རོ། །རི་རབ་སུམ་ཅུ་རྩ་དྲུག་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་སོ། །དག་པའི་བདག་ཉིད་ཅེས་བྱ་བ་ནི་དག་པའི་བདག་ཉིད་ཀྱི་བྱང་ཆུབ་སེམས་དཔའ་ཨོ། །སངས་རྒྱས་ནི་རྡོ་རྗེ་རྣམ་པར་སྣང་མཛད་ལ་སོགས་པ ་རྣམས་ཡིན་ཞིང། དེ་རྣམས་ཀྱི་མཆོག་གི་དཀྱིལ་འཁོར་ནི་ཁམས་གསུམ་པའི་ཆོས་ཀྱི་རྒྱལ་པོའི་གདན་ཏེ། དེ་ལ་བཞག་ནས་དབང་བསྐུར་བར་མཛད་དོ་ཞེས་བྱ་བའི་ཐ་ཚིག་གོ། པདམོ་མཉམ་པ་ཉིད་ཅེས་བྱ་བ་ནི་སྔ་མ་དང་འདྲ་བ་ཁོ་ནའོ། ། ་གནས་ཞེས་བྱ་བ་ནི་བཤད་ཟིན་ཏོ། །རང་གི་སྔགས་ཀྱིས་རལ་གྲི་བསྒོམ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་རལ་གྲི་ཐོགས་པས་འགྲུབ་པའོ། །རལ་གྲི་འཛིན་པའི་དུས་སུ་བཟླས་པའི་རིག་སྔགས་ནི་འཕགས་མ་སྒྲོལ་མའོ། །རྡོ་རྗེ་གསུམ་རིག་འཛིན་པ་ནི ་དོན་ཡོད་པར་གྲུབ་པ་དང་མཚུངས་པའི་བྱང་ཆུབ་སེམས་དཔའ་ཨོ། །ལྷ་མིན་ཕྱག་བྱས་པ་ཞེས་བྱ་བ་ནི་སྟོང་གསུམ་གྱི་བདག་པོ་རྣམས་ཀྱིས་ཀྱང་ཟིལ་གྱིས་མི་ནོན་པའོ། །སྤྱོད་པའི་རྒྱུད་ལ་སོགས་པ་རྣམས་ཀྱིས་འགྲུབ་པའི་རིག་པ་འཛིན་པ ་རྣམས་ལས་མཆོག་ཏུ་གྱུར་པ་ཉིད་ཡིན་པའི་ཕྱིར་མི་མཆོག་གསང་བའོ། །དེ་དངོས་གྲུབ་ཇི་ལྟ་བུ་མངོན་པར་འདོད་པ་དེ་ལྟ་བུ་རྡོ་རྗེ་འཆང་ཆེན་པོས་དེ་ལ་སྟེར་བར་འགྱུར་རོ། །རལ་གྲི་ཐམས་ཅད་ལས་དམ་པར་གྱུར་བ་ནི་རལ་གྲི་ཐམས ་ཅད་ཀྱི་དམ་པ་ཡིན་ཞིང། གང་ལ་དེ་ཉིད་དམ་ཚིག་ཡིན་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ོཾ་ནི་རི་ལུ་ཙ་ན་ཀའི། འབྲུ་ཚང་དུ་བསམ་ནས་ནི། ཞེས་བྱ་བ་ནི་མཚན་མ་ཐོབ་པའི་རྣལ་འབྱོར་པས་རང་གི་དཀྱིལ་འཁོར ་དུ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་བྱས་ཏེ། ཡི་གེ་ཨོཾ་ལས་བྱུང་བའི་ཙ་ན་ཀའི་འབྲས་བུའི་ཚད་ཙམ་གྱི་རི་ལུ་རྣམ་པར་བསམས་ལ། དེའི་དབུས་སུ་དེ་ཁོ་ན་བཞིན་དུ་རང་གི་བདག་པོ་བསམ་པའོ། །དེ་བཞིན་དུ་འདོད་ཆགས་དང་ཞེ་སྡང་གི ་རིགས་དག་ལེན་རང་གི་ལྷའི་རྣལ་འབྱོར་གྱིས་ཡེ་ཤེས་ཨ་དང་ཡི་གེ་ཧཱུཾ་ངག་གིས་རི་ལུ་བསྒྲུབ་པར་བྱའོ། །མཁའ་དབྱིངས་གསལ་བའི་དཀྱིལ་གནས་པར་ཞེས་བྱ་བ་ནི། སངས་རྒྱས་སྤྱན་གྱི་ནམ་མཁའ་ཨི་དབྱིངས་ཀྱི་སྐུའི་དཀྱིལ་འཁོར་གྱི་དབུས་ན་གནས ་པའི་ཟླ་བའི་གདན་ལ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་བྱས་ཏེ། གཡས་པའི་རྩ་བའི་ཕྱག་ན་ཡི་གེ་ཨོཾ་ལས་བྱུང་བའི་འཁོར་ལོ་དེ་བཞིན་གཤེགས་པའི་རིགས་སྤྲོ་བ་དང་བསྡུ་བ་དང་ལྡན་པ་ཐོགས་པ་བསམ་པའོ་།རྡོ་རྗེ་ཆེན་པོའི་རིགས ་བསྒོམ་སྟེ། །ཞེས་བྱ་བ་ནི། རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་བསྒྲུབ་པར་བྱ་བའོ། །རྡོ་རྗེ་སྐུར་ནི་རབ་སྦྱོར་ཞིང། ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པ་བསྒོམ་པ་བཞིན་དུ་རིགས་ཐམས་ཅད ་ཀྱི་རྣམ་པ་རྣམས་ཀྱིས་བསྒོམ་པར་བྱ་བའོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་མི་བསྐྱོད་པ་དང་རིན་ཆེན་དབང་དང་འོད་དཔག་ཏུ་མེད་པ་དང་དོན་ཡོད་པར་གྲུབ་པའི་རྣལ་འབྱོར་པ་རྣམས་ཀྱི་རང་གི་རིག་མའི་པདྨ་ན་གནས་པའི་རང་གི་དཀྱིལ་འཁོར་གྱི ་དབུས་སུ་གོ་རིམ་བཞིན་དུ་ཉི་མ་དང་རིན་པོ་ཆེ་དང་པདྨ་དང་འོད་ཀྱི་གདན་རྣམས་ལ་འདུག་སྟེ། ཨོཾ་དང་ཧཱུཾ་དང་ཨཱ་དང་?་ཞེས་བྱ་བ་རྣམས་ལས་གཡས་པའི་རྩ་བའི་ཕྱག་ཏུ་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་རལ་གྲི་རྣམ་པར་བསྒོམ་པར་བྱའོ། ། ་འཕགས་པ་སྟོབས་པོ་ཆེ་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་རིམ་པ་དེ་ཁོ་ན་བཞིན་དུ་རང་གི་ཕྱག་མཚན་རྣམས་བསྒྲུབ་པར་བྱ་བ་ཡིན་པས། དེའི་ཕྱིར་རྩེ་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདའ་བར་བྱ་བ་མ་ཡིན་པའི་ཕྱིར་འཁོར་ལོ་ལ་སོགས་པའི ་དངོས་གྲུབ་སྒྲུབ་པ་སྟོན་པར་མཛད་པའི་ཕྱིར་།དམ་ཚིག་ཆེན་པོའི་དངོས་གྲུབ་རྡོ་རྗེ་སྟེ་དཔལ་རྡོ་རྗེ་སེམས་དཔའ་ཨོ། །བརྟུལ་ཞུགས་སྤྱད་ཅིང་དངོས་གྲུབ་སྒྲུབ་པ་ལ་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཐུན་བཞིང་དམ་ཚིག་བསྟེན་པར་བྱ་བ་ཡིན་པས། དེ ་ཕྱིར་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་སྒྲུབ་པ་སྔོན་དུ་འགྲོ་བ་ཅན་གྱི་བུད་མེད་ལ་སོགས་པ་དགུག་པ་གསུངས་ཏེ། རེ་ཞིག་དང་པོར་ལམ་གྱི་བཞི་མདོ་ལ་སོགས་པའི་གནས་སུ་དཀྱིལ་འཁོར་ཀུན་ཏུ་བརྟགས་ལ། དེའི་དབུས་སུ་འདུག་སྟེ། རྡོ་རྗེ་ལྕགས་ཀྱུ ་བསྒྲུབ་པར་བྱ་སྟེ། སྦྱོར་གསུམ་རྡོ་རྗེ་ཅན་ཞེས་བྱ་བ་ནི་རང་གི་སྙིང་གའི་པདྨའི་སྟེང་གི་ཟླ་བ་ལ་ཞུགས་པའི་ཡེ་ཤེས་སེམས་དཔའ་ཨི་ངོ་བོའོ། །སྦྱོར་གསུམ་ཞེས་བྱ་བ་ལ་སོགས་པ་ནི་བདག་ཉིད་གསུམ་གྱི་རང་བཞིན་ཅན་གྱི་དཔལ་རྡོ་རྗེ་འཆང་གི་གཟུགས་སུ ་གྲུབ་པའི་བར་དུའོ། ཀྱོ་བ་དང་ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀའི་ཟླ་བ་ལ་གནས་པའི་རྡོ་རྗེའི་ལྟེ་བར་ཡི་གེ་ཧཱུཾ་ལས་བྱུང་བའི་ལྕགས་ཀྱུ་གྱུར་པ་ལས་ཕྱག་གཡས་པ་ན་ལྕགས་ཀྱུ་ཐོགས་པའི་ལྷའི་གཟུགས་བསམས་ལ་ཕྱུང་སྟེ་མདུན་ན ་འདུག་པའི་ཤིང་རྟ་ལ་གནས་པ་སྤྲོ་བ་དང་བསྡུ་བ་ལ་སོགས་པའི་རིམ་གྱིས་ཇི་སྲིད་དུ་རང་ཉིད་བཀའ་ནོད་པར་སྣང་བ་དེ་སྲིད་ཀྱི་བར་དུ་བསྒོམ་པའོ། །སངས་རྒྱས་ཡེ་ཤེས་བློ་ཅན་གྱི། སྐུ་གསུང་ཐུགས་ཞེས་བྱ་བ་ནི་མངོན་པར་དགའ་བའི་འཇིག་རྟེན་གྱི ་ཁམས་ན་བཞུགས་པའི་རྡོ་རྗེ་འཆང་ཆེན་པོ་རྣམས་ཀྱི་ཐུགས་ཀན་གནས་པའི་ཡེ་ཤེས་ཀྱི་ལྷའི་གཟུགས་ཡི་གེ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་གཞག་ནས། དེས་རྡོ་རྗེ་ལྕགས་ཀྱུས་སྙིང་ག་ནས་བཏབ་སྟེ་བཀུག་ནས་བཀའ་བསྒ་ལ་ ་ངེས་པར་སྦྱད་པར་བྱའོ། །དེ་བཞིན་དུ་ལྷ་ལ་སོགས་པའི་བུ་མོ་རྣམས་ཏིང་ངེ་འཛིན་གྱི་བཀུག་སྟེ། ཉེ་བར་ལོངས་སྤྱོད་པར་བྱའོ། །རིམ་པ་དེ་ཉིད་ཀྱི་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པས་རང་གི་ས་བོན་ལས་བྱུང་བའི ་འཁོར་ལོ་ལ་སོགས་པའི་རང་གི་ཕྱག་མཚན་གྱི་ལྕགས་ཀྱུ་ལག་ན་ཐོགས་པའི་ལྷའི་གཟུགས་བསྐྱེད་དེ། སྒོམ་པ་ན་དེ་ཁོ་ན་བཞིན་དུ་འགྲུབ་པར་འགྱུར་རོ། །རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ལྷ་བསྒོམ་པའི་སྒོ་ནས་དགུག་པར་བྱ་བ་འབའ་ཞིག་ཏུ་མ་ཟད་ཀྱི། རང་གི ་ལག་ན་གནས་པའི་རྡོ་རྗེ་ལ་སོགས་པའི་ལྕགས་ཀྱུ་རྣམས་ཀྱིས་ཀྱང་བྱ་བར་བཤད་དེ། སངས་རྒྱས་སྐུ་ནི་ཞེས་བྱ་བ་ནི་སྔ་མ་བཞིན་དུ་བདག་ཉིད་མཚན་དང་དཔེ་བྱད་ཐམས་ཅད་ཀྱིས་རྣམ་པར་སྤྲས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་རྡོ་རྗེ་འཆང་ཆེན་པོར ་བསམས་ལ། ལག་ཏུ་ཞེས་བྱ་བ་ལག་པ་གཡས་པར་ཡི་གེ་ཧཱུཾ་ལས་བྱུང་པའི་རྡོ་རྗེ་ལྕགས་ཀྱུ་སྤྲོ་བ་དང་བསྡུ་བའི་རིམ་པས་ཇི་སྲིད་དུ་དངོས་སུ་སྣང་བ་དེ་སྲིད་དུ་བསྒོམ་པར་བྱ་ཞིང། དེ་ནས་ལྕགས་ཀྱུ་དེས་དེ་ཁོ་ན་བཞིན་དུ་ཡེ་ཤེས་ཀྱི་ལྷ་ལ ་སོགས་པ་བཀུག་ནས། རང་གི་བཀའ་ལ་སྦྱར་བ་དང་ཉེ་བར་ལོང་སྤྱད་པ་བྱའོ། །སྐུ་དང་གསུང་དང་ཐུཌ་ཀྱི་ཞེS་བྱ་བ་ནི། སྐུ་དང་གསུང་དང་ཐུཌ་རྡོ་རྗེའི་རྣལ་འབྱོར་པས་ཀྱང་ལག་པ་གཡས་པར་ཡེ་གེ་ཨོཾ་ལ་སོགས་པ་ལས་བྱུང་བའི་རྡོ་རྗེ་ལ་སོགས་པའི་ལྕགས་ཀྱུ་གསུམ་སྔ་མ ་བཞིན་དུ་བསྒྲུབ་པའོ། །སོགས་པ་སྨོས་པས་ནི་རིན་ཆེན་དབང་ལ་སོགས་པ་ལྷ་ཐམས་ཅད་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་སྭཱཧཱ་ལ་སོགས་པ་ལས་འབྱུང་བའི་རང་གི་ཕྱག་མཚན་གྱི་ལྕགས་ཀྱུ་རྣམས་བསྒྲུབ་པར་བྱའོ་ཞེས་བསྟན་ཏོ། ། ་གནས་ལས་བྱེད་ཅེས་བྱ་བ་ནི་འགུགས་པར་བྱེད་པར་འགྱུར་པའོ། །རང་གི་ལྷའི་རྣལ་འབྱོར་གྱིས་རིག་མ་ཐམས་ཅད་རྗེས་སུ་མཉེས་པར་བྱའོ་ཞེས་བསྟན་པའི་ཕྱིར། །རྡོ་རྗེའི་སྐུ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ཉིད་རང་གི ་ལྷའི་རྣམ་པར་དག་པར་བསྐྱེད་ལ། རང་གི་ལྕེ་རྡོ་རྗེ་རྩེ་ལྔ་པ་ཁ་དོག་དམར་པོའི་གཟུགས་དད་དེའི་རྩེ་མོར་ཡི་གེ་ཧོ་ཁ་དོག་དམར་པོ་འོད་ཟེར་ལྔ་འབར་བ་རྣམ་པར་བསམ་སྟེ། ཕྱི་རོལ་གྱི་བུད་མེད་ལྷ་མོའི་གཟུགས་སུ་སྔ་མ་བཞིན་མོས་པར་བྱས་ལ་དེའི་བྷ་གའི ་བྱང་ཆུབ་ཀྱི་སེམས་འབྱུང་བའི་རྩ་ལྕེ་རྡོ་རྗེ་གཞུག་པ་དང་དབྱུང་བའི་རིམ་གྱི་ཇི་སྲིད་དུ་འོ་མིའི་ཐིག་ལེ་འཛག་པ་དེ་སྲིད་དུ་བསྐུལ་བར་བྱའོ། །དེ་ནས་ཇི་ལྟ་བཅོམ་ལྡན་འདས་འདོད་ཆགས་རྡོ་རྗེས་རིག་མ་ཐམས་ཅད་རྗེས་སུ་མཉེས་པར་སྤྱོད་པ་དེ་བཞིན་དུ ་འདི་ཡང་འགྱུར་བས། དེའི་ཕྱིར་རྡོ་རྗེ་ལྕེའི་སྦྱོར་བ་སྒོམས་ན། རྡོ་རྗེའི་གསུང་དད་འདྲ་བར་འགྱུར་ཞེས་གསུངས་སོ། །གསང་གསུམ་དམ་ཚིག་ནི་ལྷ་ཐམས་ཅད་ཀྱི་གཟུགས་ཡང་དག་པར་སྟོན་པའི་མཚན་ཉིད་ཅན་གྱི་དཔལ་རྡོ་རྗེ་སེམས་དཔའ་ཨོ། ། ་དེའི་མཆོད་པའི་མཆོག་ནི་མཆོད་པའི་གཙོ་བོ་སྟེ། བླ་ན་མེད་པ་ལ་སོར་པའི་མཆེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །མཆོད་ནས་ཞེས་བྱ་བ་ནི། ལྕེས་བསྐུལ་པའི་རྗེས་ཐོགས་ལ་རྡོ་རྗེ་དང་ཆུ་སྐྱེས་ཡང་དག་པར་སྦྱོར་བ་བྱ་སྟེ། བླ་ན་མེད་པ་ལ་སོགས་པ་རྣམས ་ཀྱི་ཡང་དག་པར་མཆོད་ལ། མཆོག་ཏུ་ཟག་པ་མེད་པའི་བདེ་བ་ཆེན་པོ་བསྒོམ་པར་བྱའོ། །དེའི་ཕྱིར་གསང་བའི་སྙིང་པོ་བསྡུས་པ་ཡིན། ཞེས་གསུངས་སོ། །བླ་ན་མེད་པ་ལ་སོགས་པའི་མཆོད་པ་རྣམས་སྟོན་པར་མཛད་པའི་ཕྱིར་གསང་པ་ཆེན་པོའི་དམ ་ཚིགས་སྡེ?། དཔལ་རྡོ་རྗེ་སེམས་པའོ། །།ཤ་ཆེན་ཞེས་བྱ་བ་ལ་སོགས་པས་ནི་མཐུ་ཐོབ་པའི་རྣལ་འབྱོར་པས་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་ཀྱི་བྱེ་བྲག་གི་སྒོ་ནས་བཀུག་སྟེ། རང་དང་རྗེས་སུ་མཐུན་པའི་ཤ་ལ་སོགས་པ་རྣམས་ཉེ་བར ་ལོངས་སྤྱོད་པར་བྱའོ་ཞེས་བསྟན་ཏོ། །ཐམས་ཅད་བསམ་པས་རྣམ་པར་བརྟག་ཅེས་བྱ་བ་ནི་ནུས་པས་ཀྱང་གང་གི་ཚེ?་གོམས་པར་བྱེད་པའི་དུས་སུ་མ་རྙེད་པ་དེའི་ཚི། བཟང་པ་ལ་སོགས་པའི་རང་འདོད་པའི་དངོས་གྲུབ་ཀྱི་འབྲས་བུ་དང་རྗེས་སུ་མཐུན་པར ་བརྟགས་ལ་བཟའ་བར་བྱའོ། །སྐུ་གསུང་ཐུགས་ནི་རྡོ་རྗེ་ཅན། ཞེས་བྱ་བ་ནི་བདག་ཉིད་ཇི་ལྟ་བ་བཞིན་དུ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་རྡོ་རྗེ་ཆེན་པོ་འམ། མི་བསྐྱོད་པར་བསམས་ཏེ། སྙིང་གར་པདྨའི་སྟེང་གི་ཟླ་བ་ལ་དཀྱིལ ་འཁོར་དང་ལྡན་པའི་ཡེ་ཤེས་སེམས་དཔའ་དང། དབུ་རྒྱན་ལ་རྡོ་རྗེ་འཆང་ཆེན་པོ་རྣམ་པར་བསམས་ལ། ཇི་སྐད་བཤད་པའི་དམ་ཚིག་རྣམས་ཀྱི་ཡེ་ཤེས་ཀྱི་འཁོར་ལོ་ཚིམ་པར་བྱ་བའི་ཕྱིར་ལྕེའི་རྩེ་མོ་ལ་རྡོ་རྗེ་སེམས་དཔའ་ཨི་རང་བཞིན་གྱི་ཡི་གེ་ཧཱུཾ་བསམ་པར ་བྱ་བའོ། །ཇི་སྐད་དུ་བཤད་པའི་དངོས་གྲུབ་ཀྱི་འབྲས་བུ་སྒྲུབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་མཆོག་གོ་།དམ་ཚིག་ཉམས་སུ་ལེན་པའི་ཕྱིར་དམ་ཚིག་མཆོག་ནི་སྒྲུབ་པ་པོ་སྟེ་དེ་ཡིས་སོ། །ཡེ་ཤེས་རྡོ་རྗེ་ནི་དངོས་གྲུབ་ཀྱི་འབྲས་བུ་ཐམས་ཅད་ཀྱི་རང་བཞིན ་ཅན་གྱི་དཔལ་རྡོ་རྗེ་སེམས་དཔའ་སྟེ། ཏིང་ངེ་འཛིན་གང་ལ་དེ་སྒྲུབ་པར་བྱེད་པའི་ཟས་ཀྱི་དམ་ཚིག་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ལྕེ་ལ་དགོང་པ་ཉིད་བསྟན་པའི་ཕྱིར། བདུད་རྩི་ལྔའི?་སྦྱོར་བ་ཡིས་ཞེས་བྱ་བ་གསུངས་ཏེ། སྒྲུབ་ཐབས་ལས ་བཤད་པའི་ཆོ་ག་བཞིན་དུ་སྦྱར་བ་ལ་སོགས་པའི་ཆོ་གས་ཤ་ཆེན་ལ་སོགས་པ་ཟ་བ་ན་ཡང་ཕྱག་རྒྱ་ཆེན་པོ་ལ་སོགས་པ་མངོན་པར་འདོད་པའི་འབྲས་བུ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་འོད་དཔག་ཏུ་མེད་པའི་རྣལ་འབྱོར་པས ་ནི་རང་གི་ཡེ་ཤེས་སེམས་དཔའ་དང་རྡོ་རྗེ་འཆང་གིས་བྱིན་གྱིས་བརླབས་པའི་ཅོད་པན་རྣམ་པར་བསམ་སྟེ། རང་གི་ལྕེའི་རྩེ་མོ་ལ་འོད་དཔག་ཏུ་མེད་པའི་རང་བཞིན་གྱི་ཡི་གེ་ཨ་བསམ་པར་བྱའོ། །དེ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་སྦྱོར ་པས་?་རྩེ་མོ་ལ་ཡི་གེ་ཨོཾ་བསམ་པར་བྱའོ།། །དེ་ནི་ཉེ་བར་མཚོན་པ་ཡིན་ཏེ། རིན་ཆེན་དབང་ལ་སོགས་པ་ཐམས་ཅད་ཀྱི་རྣལ་འབྱོར་པས་ཀྱང་ལྕེའི་རྩེ་མོ་ལ་རང་གི་ལྷའི་རང་བཞིན་གྱི་རང་གི་ས་བོན་བསྒོམ་པར་བྱའོ། །འདི་ལྟ་བུ་ཞེས ་བྱ་བ་ནི་བཤད་མ་ཐག་པའོ། །རྡོ་རྗེ་འབྲ་བ་ཞེས་བྱ་བ་ནི་གང་གི་ལྷའི་རྣལ་འབྱོར་བསྒོམ་པ་དེ་དང་འདྲ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དམ་ཚིག་ནི་ཤ་ཆེན་ལ་སོགས་པའོ། །རྡོ་རྗེ་བདུད་རྩི་ནི་བདུད་རྩི་ལྔ་སྟེ། དེ་བྱིན་གྱིས་བརླབ་པའི་ཕྱིར། ལྷ་ཐམས་ཅད་ཀྱི ་ལྕེའི་རྩེ་མོ་ལ་རང་གི་ས་བོན་གྱི་འཕྲེང་པ་བཀོད་པའི་རྣམ་པར་སེམས་རྩེ་གཅིག་པ་ནི་ཏིང་ངེ་འཛིན་ཏོ། །ཤ་ཆེན་དམ་ཚིག་མཆོག་གིས་ནི། རྡོ་རྗེ་གསུམ་མཆོག་བསྒྲུབ་པར་བྱ། ཞེས་གསུངས་པ་གང་ཡིན་པ་དེའི་དངོས་གྲུབ་ཀྱི་འབྲས་བུའི་མཐུ་ཕུལ་དུ་བྱུང་བ ་བསྟན་པའི་ཕྱིར། ?་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་གསུམ་གྱི་དམ་ཚིག་སྟེ། རྒྱུ་ནི་རྡོ་རྗེ་གསུམ་གྱི་དམ་ཚིག་དཔལ་རྡོ་རྗེ་སེམས་དཔའ་ཡིན་ཞིང་དེའི་དངོས་གྲུབ་ཉིད་འབྲས་བུའི་མཆོག་ཡིན་པའི་ཕྱིར་དངོས་གྲུབ་མཆོག་གོ་།དེ་ལྟ ་བུར་གྱུར་ན་ཡིད་བཞིན་གྱི་རིན་པོ་ཆེ་བཞིན་དུ་འགྲོ་བ་མ་ལུས་པ་རྣམས་ཀྱི་བསམ་པ་སྐོར་བར་བྱེད་པ་དང། ཐམས་ཅད་དུ་སྣང་བར་བྱེད་པ་ཡིན་པའོ་ཞེས་བྱ་བའི་དོན་ཏོ། །འཁོར་ལོའི་དམ་ཚིག་ནི་རྣམ་པས་སྣང་མཛད་དེ། ལྷག་མ་ནི་སྔ་མ་བཞིན་ནོ། ། ་དམ་ཚིག་དམ?་པ་ཐམས་ཅད་ཀྱི་ཞེས་བྱ་བ་ནི་དངོས་གྲུབ་ཐོབ་པ་རྡོ་རྗེའི་རིག་པ་འཛིན་པ་གྲུབ་པ་རྣམས་ལ་སོགས་པ་རྣམས་ཀྱི་རིག་པ་འཛིན་པ་གཙོ་བོར་འགྱུར་པའོ། །ཐམས་ཅད་དམ་ཚིག་མཆོག་ཏུ་འགྲུབ་པ་ནི་ལྷ་ཐམས་ཅད་ཀྱི་སྐུ་ཐོབ་པས་དངོས ་གྲུབ་ཀྱི་མཐུ་དང་ལྡན་པར་འགྱུར་པའོ། །མི་སྣང་བར་གྱུར་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་བཞིན་དུ་མངོན་པར་ཤེས་པ་གྲུབ་པ་རྣམས་ཀྱང་མཐུ་བླ་ན་མེད་པ་དང་ལྡན་པ་ཡིན་པས་དེའི་ཕྱིར། གངྒཱའི་བྱེ་སྙེད་སངས་རྒྱས་རྣམས། ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ་གོ་སླའོ་རྡོ་རྗེ?་མངོན་པར་ཤེས་པའི་དོན་སྟོན་པར་མཛད་པའི་དམ་ཚིག་མངོན་པར་མཁྱེན་པ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ཨོ། །ང་ནི་གཞན་གྱི་དོན་བྱ་བ་ཕུན་སུམ་ཚོགས་པའི་འབྲས་བུ། སངས་རྒྱས་མངོན་ཤེས་དོན་གྲུབ་པ་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་མངོན་ཤེས་ནི་མངོན་པར་ཤེས་པ་ལྔ་སྟེ། མངོན་པར་ཤེས་པ་དྲུག་པ་ཡིན་ཞིང། གྲུབ་པ་དེ་རྣམས་ནི་རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་དབང?་དྲ་བ་དང། འགྲོ་བ་མ་ལུས་པ་རྣམས ་ཀྱི་དོན་བྱེད་པར་འགྱུར་རོ། །སྔགས་ཀྱི་དངོས་གྲུབ་ཐམས་ཅད་ནི་ལྷ་བསྐྱེད་པ་སྔོན་དུ་འགྲོ་བ་ཅན་ཁོ་ན་ཡིན་པས། དེའི་ཕྱིར་བསྙེན་པའི་དམ་ཚིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚིག་བཞི་ནི་མདོར་བསྟན་པ་ཡིན་ནོ། །རྡོ་རྗེའི་བྱེ་བྲག་ཤེས་བྱས ་ལ། ཞེས་བྱ་བ་ནི་ཐུན་མོད་དང་མཆོག་གི་རྣལ་འབྱོར་གི་བྱེ་བྲག་གོ་།དེ་ནས་ལས་རྣམས་བསྒྲུབ་པར་བྱ་ཞེས་བྱ་བ་ནི་རྣལ་འབྱོར་འདི་རྒྱུ་ལ་ཁྱད་པར་བྱེད་པ་ཉིད་ཡིན་པར་བསྟན་ཏེ། འདི་ལས་བཤད་པ་གང་ཡིན་པའི་དངོས་གྲུབ་ཀྱི་ལས་རྣམས ་བསྒྲུབ་པར་བྱ་བ་ཞེས་བྱ་བའི་དོན་ཏོ། །མདོར་བསྟན་པའི་ཚིག་རྣམས་ཀྱིས་བཤད་པ་ནི། བསྙེན་པའི་ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྙེན་པར་བྱ་ཞིང་མཉེས་པར་བྱ་བ་ཡིན་པས་བསྙེན་པ་སྟེ། དཔལ་རྡོ་རྗེ་འཆང་ལ ་སོགས་པའི་ཕྱག་རྒྱ་ཆེན་པོའི་བདག་ཉིད་དོ། །ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པའི་བདག་ཉིད་ཅན་གྱི་རིག་མ་སྟེ། དེ་དང་ཡང་དག་པར་སྦྱོར་ཞིང་འདུས་པ་ནི་བསྙེན་པའི་ཏིང་ངེ་འཛིན་རབ་སྦྱོར་བའོ། །བྱང་ཆུབ་ཅེས་བྱ་བ་ནི་རང་གི ་ལྷའི་མངོན་པར་བྱང་ཆུབ་པའོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། སྒྲུབ་ཐབས་ལས་བཤད་པའི་ཆོ་ག་བཞིན་དུ་བརྟེན་གྱི་དཀྱིལ་འཁོར་བསྐྱེད་ལ། དེའི་དབུས་ན་གནས་པའི་རྣལ་འབྱོར་བ་རྡོ་རྗེ་འཆང་ཆེན་པོར་ལྷག་པར་མོས་པ་དང ་ལྡན་པས་དེ་ཁོ་ན་བཞིན་དུ་བྱང་ཆུབ་ཀྱི་སེམས་རྣམ་པར་བསྒོམས་ཏེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ནཱ་བཛྲ་སྭ་པཱ་བ་ཨཱདམ་ཀོཉཧཾ། ཞེས་བྱ་བས་བྱིན་གྱིས་བརླབ་པར་བྱའོ། །ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་བྱང་ཆུབ་པོ། །དེ་ནས་སྐྱེ་བ་མེད་པའི་རི་མོ ་ལས་བྱུང་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཨཱ་ཡི་དང་ཀཱ་ལི་དང་ཆོ་གའི་རྗེས་ཐོགས་སུ་ཐམས་ཅད་གྱུར་པར་བྱས་ནས་ཉི་མ་དང་ཟླ་བ་དང་ཆུ་སྐྱེས་ལ་གནས་པའི་ཡི་གེ་གསུམ་གྱི་བདག་ཉིད་དུ་གྱུར་ཏེ། དེ་ལས་བྱུང་པའི་འོད་ཟེར་གྱི་ཚོགས ་རྣམས་ཀྱིས་འགྲོ་བ་དྲུག་གི་སེམས་ཅན་རྣམས་དང་སངས་རྒྱས་ལ་སོགས་པ་རྣམས་ལ་ཀུན་ཏུ་རེག་ནས་།རྟེན་དང་བཅས་པའི་ཡིག་གསུམ་གྱི་རྣམ་པར་ཡོངས་སུ་གྱུར་པ་རྣམས་བསྡུས་ཏེ། རང་བཞིན་མེད་པར་ལྷག་པར་མོས་པའི་སྒོ་ནས་རང་གི་ཡི་གེ ་གསུམ་ལ་བཅུག་ནས། ཨོཾ་དྷརྨ་དྷཱ་ཏུ་སྭ་བཱ་ཨཱཏྨ་ཀོཉཧཾ། ཞེས་བྱ་བས་བྱིན་གྱིས་བརླབ་སྟེ། ཡང་རྫོགས་པའི་བྱང་ཆུབ་ཀྱི་ཟླ་བ་ལ་གནས་པའི་ཡི་གེ་ཧཱུཾ་བསམ་པར་བྱའོ། །ཞེས་བྱ་བ་ནི་ས་བོན་བསྡུས་པའོ། །དེ་ནས་ཡི་གེ་ཧཱུཾ་ལས་བྱུང་བའི་འོད་ཟེར་གྱིས ་ཚོགས་རྣམས་ཀྱིས་ནམ་མཁའ་ཨི་དབྱིངས་ཐམས་ཅད་ཁྱབ་པའི་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ལ་ཀུན་ཏུ་རེག་སྟེ། དཔལ་རྡོ་རྗེ་འཆང་གི་རྣམ་པར་བསམས་པ་ལ། བསྡུས་ཏེ་བཅུག་ལ། རྡོ་རྗེའི་བདག་ཉིད་དུ་གྱུར་ཏེ། དེའི་ང་རྒྱལ་དང ་ལྡན་པས་དེ་གྱུར་པར་བྱས་ནས་རྡོ་རྗེ་འཆང་ཆེན་པོར་བསྐྱེད་པར་བྱའོ་ཞེས་བྱ་བ་ནི་སྐུ་བསྐྱེད་པའོ། །དེ་ནས་དེ་ཉིད་ཀྱི་རང་གི་ཐུགས་ཀར་ཡེ་ཤེས་སེམས་དཔའ་རྣམ་པར་བསྒོམས་ཏེ། ཕུང་པོ་ལ་སོགས་པ་བྱིན་གྱིས་བརླབ་པའི་རྗེས་ཐོགས་ལ ་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པ་བྱ་སྟེ། རིག་མ་འདུས་བྱ་བ?་དང། རྡོ་རྗེ་དང་ཆུ་སྐྱེས་བསྐྱེད་པ་དང། རྗེས་སུ་མཉེས་པར་བྱ་བ་དང། ལས་ལ་གནས་པ་དང། བྱང་ཆུབ་ཀྱི་སེམས་དབྱུང་བ་ལ་སོགས་བྱས་ལ། ལྷ་མོའི་པདྨ་ན་ཁེ?་ནས ་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བར་བཛྲ་དྷྲིཀ་ཅེས་བྱ་བ་ལ་སོགས་པས་བསྐྱེད་པའི་ལྷའི་འཁོར་ལོ་ས་བོན་གསུམ་གྱིས་བྱིན་གྱིས་བརླབ་པ་ཕྱུང་སྟེ། དེ་འགྲོ་བ་རྣམས་ཀྱི་དོན་བྱེད་དུ་བཅུག་ནས། གནས་ལྔར་བཀོད་དེ། བསྡུས་ནས་བཀུག་པའི་ཡེ་ཤེས་ཀྱི་འཁོར ་ལོས་སྙིང་གར་མཚན་པ་དང། ཕུང་པོ་ལ་སོགས་པ་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བ་ཅན་གྱི་ཕྱག་རྒྱ་བཞིས་རྒྱས་བཏབ་པར་བསྒོམ་པར་བྱའོ་ཞེས་བྱ་བ་ནི་ཡི་གེ་དགོང་པའོ། །གཞུང་དེ་ཙམ་གྱིས་ཐུན་མོང་གི་སྒྲུབ་པ་བསྟན་ཏེ། འདི་ཉིད་ལས། ་དེ་ནས་རྡོ་རྗེ་བཞི་པོ་ཡིས། །བརྟུལ་ཞུགས་བརྟན་པས་བསྙེན་པ་བྱ། ཞེས་གང་འཆད་པར་འགྱུར་པའོ། །དེ་ནི་བཅོམ་ལྡན་འདས་ཀྱིས་ལེའུ་བཅོ་བརྒྱད་པ་ལས་ཀྱང། ཐུན་མོང་མཆོག་གི་དབྱེ་བ་ཡིས། །འདིར་ནི་བསྙེན་པ་རྣམ་གཉིས་འགྱུར། །རྡོ་རྗེ་བཞི་པོས ་ཐུན་མད་སྟེ་ཞེས་བཤད་དོ། །དེ་ཉིད་ནི་དང་པོ་སྟོང་ཉིད་བྱང་ཆུབ་སྟེ། གཉིས་པ་ས་བོན་བསྡུས་པའོ། །གསུམ་པ་སྐུ་རུ་བསྐྱེད་པ་སྟེ། བཞི་པ་ཡི་གེ་དགོད་པའོ་ཞེས་བྱ་བས་བསྟན་ཏོ། །བསྙེན་པའི་ཏིང་ངེ་འཛིན་རབ་སྦྱོར་བས། །ཞེས་བྱ་བ་བསྟན་པ་ཉིད་ཀྱིས ་རྣལ་འབྱོར་མ་ལུས་པ་བསྡུས་པ་ཉིད་ཡིན་པའི་ཕྱིར། ཉེ་བར་སྒྲུབ་པ་གྲུབ་མཆོག་ལ་ཞེས་བྱ་བ་ལ་སོགས་པ་རྣམས་འདུས་པ་ཡིན་ཏེ། འདི་ལྟར་སྟོད་པ་ཉིད་ཀྱིས་བྱང་ཆུབ་དང། ས་བོན་བསྡུས་པ་དང། སྐུ་བསྐྱེད་པ་དང། གསུང་ནི་རྣལ་འབྱོར་ཁོ་ན་ཡིན་པར ་མངོན་པར་འདོད་ལ། བཞི་པ་ཡི་གེ་དགོད་པ་ཞེས་བྱ་བ་འདི་ནི་ལྷག་མ་ཐམས་ཅད་ཡིན་ནོ། །ལྷའི་རྣལ་འབྱོར་གྲུབ་པའི་ཉེ་བ་སྟེ་དུད?་དུ་སྒྲུབ་པ་སྙིང་གར་ཡེ་ཤེས་སེམས་དཔའ་གཞུག་པའི་རྗེས་སུ་རྣལ་འབྱོར་བསྒོམ་པའི་མཚན་ཉིད་ནི་ཉེ་བར་སྒྲུབ་པའོ། ། ་དེ་ཉིད་དངོས་གྲུབ་མཆོག་སྒྲུབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་གྲུབ་མཆོག་གོ་།རྡོ་རྗེ་སྐྱེ་མཆེད་རྣམ་པར་དཔྱད་ཞེས་བྱ་བ་ལ། སྐྱེ་མཆེད་སྨོས་པ་ནི་ཉེ་བར་མཚོན་པ་ཡིན་ཏེ། ཕུང་པོ་ལྔ་ལ་སོགས་པ་བྱིན་གྱིས་?་པ་ཡང་བསྟན་པ་ཡིན་ནོ། །འདི་ཡིས ་གསུང་བྱིན་གྱིས་བརླབ་པ་སྒྲུབ་པར་བྱེད་ཅིང་རྫོགས་པར་བྱེད་པས་ན་སྒྲུབ་པའོ། །དེ་ཇི་ལྟར་ཞེ་ན། བསྐུལ་བར་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །འདི་སྐད་དུ་བཤད་པ་ཡིན་ཏེ། སྐུ་བྱིན་གྱིས་བརླབ་པའི་རྗེས་ཐོགས་ལ་ལྐོག་མའི་ཆུ་སྐྱེས་ལ ་གནས་པའི་ཡི་གེ་ཨའི་འོད་ཟེར་ལས་བྱུང་བའི་གོས་དཀར་མོ་རང་གི་སྤྲུལ་པའི་ཚོགས་ཀྱི་དབུས་ན་གནས་པ་རྣམ་པར་སྤྲོས་ལ། དེ་ཉིད་ཀྱི་སྤྲུལ་པའི་ཚོགས་ཀྱི་དབུས་ན་བཞུགས་པ་འོད་དཔག་ཏུ་མེད་པ་མཉེས་པར་བྱས་ཏེ། བཀུག་ནས་མདུན་ན་པདྨའི་གདན་ལ ་བཞུགས་པ་ལ་ཚིགས་སུ་བཅད་པ་དག་གིས་གསོལ་བ་བཏབ་པ་ནི་བསྐུལ་བའོ། །དེ་ནས་བཅུག་སྟེ་རྡོ་རྗེ་ཆོས་ཀྱི་གསུང་གང་ཡིན་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་ང་རྒྱལ་བསྐྱེད་ལ། གསུང་བྱིན་གྱིས་བརླབ་པའི་སྔགས་ཀྱིས་བྱིན་གྱིས་བརླབ ་པ་ནི་སྔགས་གྱི་བདག་པོ་བསྒོམ་པ་ཡིན་པར་གསུངས་སོ། །འདི་ནི་སྒྲུབ་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་སྒྲུབ་པ་ཆེན་པོ་སྟེ། ཐུགས་བྱིན་གྱིས་བརླབ་པ་དང། རིག་མ་བྱིན་གྱིས་བརླབ་པ་དང་མཆོད་པ་ལ་སོགས་པའོ། །དེའི་ཚེ་རང་གི ་གཟུགས་ཏེ། རང་གི་ལྷའི་རྣམ་པར་ངེས་པར་བསམས་ལ། དབུ་རྒྱན་ལ་ནི་བདག་པོ་ཞེས་བྱ་བ་རང་གི་ཅོད་པན་གྱི་གནས་ན་བཞུགས་པའི་རིག་མ་དང་སྙོམས་པར་ཞུགས་པའི་རང་གི་དེ་བཞིན་གཤེགས་པ་འམ། དཔལ་རྡོ་རྗེ་སེམས་དཔས་བདེ་བ ་ཆེན་པོ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་རྣམས་ཀྱི་བདག་ཉིད་དབང་བསྐུར་བར་བསྒོམས་ན་གདོན་མི་ཟ་བར་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བསྐྱེད་པའི་རིམ་པའི་མཚན་ཉིད་ཀྱི་ཐུན་མོང་གི་སྒྲུབ་པ་བཤད་ནས་ད་ནི་མཆོག་གི་རྣལ ་འབྱོར། བསྙེན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་བདུད་རྩི་ཡིས་ཞེས་བྱ་བ་ནི་ཡན་ལག་དྲུག་པའི་རྣལ་འབྱོར་གྱིས་སོ། །དེ་ལ་ཡན་ལག་དྲུག་བརྗོད་པར་བྱ་སྟེ། །ཡོངས་སུ་རྫོགས་པ་དང་ཡང་དག་པར་ལྡན་པའི་ལྷའི་ང་རྒྱལ་དང་ལྡན་པའི ་རྣལ་འབྱོར་བས་མིག་ལ་སོགས་པའི་དབང་པོ་ལྔའི་སྤྱོད་ཡུལ་ལྷ་མ་རྣམས་དང་རྗེས་སུ་འབྲེལ་པའི་ཕྱི་རོལ་གྱི་གཟུགས་ལ་སོགས་པའི་ཡུལ་ལྔ་ལ་ཉེ་བར་ལོངས་སྤྱོད་པར་བྱ་བ་ནི་སོ་སོར་སྡུད་པ་ཞེས་བྱ་བ་དང་པོ་ཡིན་པར་བསྟན་ཏོ། །གཟུགས་ལ་ ་ཐོགས་པ་ཡུལ་དེ་རྣམས་ཉིད་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་རྣམ་པར་བསམ་བ་ནི་བསམ་གཏན་ཏེ་བསམ་གཏན་ཉིད། །རྟོག་བ་དང་དབྱོད་པ་དང་དགའ་པ་དང་བདེ་བ་དང་སེམས་རྩེ་གཅིག་བའི་དབྱེ ་བས་རྣམ་པ་ལྔའོ། །དེ་ལ་རྟོག་པ་ནི་འདོད་པ་དང་འདོད་པར་བྱེད་པ་དང་འདོད་པར་བྱ་བ་རྣམས་འབྱུང་པའོ། །དཔྱོད་པ་ནི་དེ་རྣམས་ལ་ཉེ་བར་ལོངས་སྤྱོད་བའི་བྱ་བའོ། །ཀུན་ཏུ་ཆགས་པ་ཡོད་ན་དགའ་པར་འགྱུར་རོ། །དེ་ལས་དགའ་བའི་བདེ་བའོ། ། ་དེ་ལས་ཀྱང་མཆོག་ཏུ་དགའ་བའི་གནས་ཞི་པ་ནི་སེམས་རྩེ་གཅིག་པ་ཉིད་དུ་འདོད་དེ་དེ་ནི་གནས་གཉིས་པའོ། །མེ་ལོང་ལྟ་པུ་ལ་སོགས་པའི་ཡེ་ཤེས་ལྔའི་བདག་ཉིད་ལ་སོགས་པ་འབྱུང་བ་ལྔའི་རང་བཞིན་ཡུངས་ཀར་གྱི་འབྲུ་ཚང་ཙམ་གྱི་རིན་པོ ་ཆེ་ཁ་དོག་སྣ་ལྔ་པ་དབུགས་དབྱུང་བའི་སྦྱོར་བས་རང་གི་སྙིང་ག་ནས་ཕྱུང་སྟེ། པདྨའི་སྣ་རྩེར་བསམ་པ་ནི་སྲོག་དང་རྩོལ་བ་ཞེས་བྱ་བ་གསུང་པའོ། །སྔར་བཤད་པར་རིམ་པ་བཞིན་དུ་རང་གི་སྙིང་གར?་སེམས་སྔགས་ཀྱི་ཐིག་ལེར་གྱུར་པར་མཚན ་མ?་ལྔ་བྱུང་བར་གྱུར་ཀྱི་བར་དུ་ཁྱད་པར་དུ་འཛིན་པ་ནི་འཛིན་པའི་ངོ་བོ་སྟེ་བཞི་པའོ། །དེ་ལ་མཚན་མ་ལྔ་ནི་སྨིག་རྒྱུ་ལྟ་བུ་དང། དུ་པ་ལྟ་བུ་དང། སྲིན་བུ་མེ་ཁྱེད་ལྟ་པུ་དང། མར་མེ་ལྟ་བུ་དང། ལྔ་པ་སྦྲིན?་མེད་པའི་ཉིན་པར་གྱི་ཉི་མ་ཕྱིར? ་བཞིན་དུ་ཐམས་ཅད་བརྟག་ཏུ་སྣང་བ་ཞེས་བྱ་བ་སྟེ། མཚན་མ་དེ་རྣམས་ཀྱི་སྒོ་ནས་སྔགས་ཀྱི་ཐིག་ལེ་དམ་པའི་རང་བཞིན་དུ་རང་གི་སེམས་བརྟན་པར་གྱུར་པར་ཡོངས་སུ་ཤེས་པར་བྱའོ། །དེ་ནས་བྱང་ཆུབ་ཀྱི་སེམས་དེ་རང་གི་སྙིང་ག་ནས་བཙུན་མོའི ་ནམ་མཁའ་ཨི་དབྱེངས་སུ་རྡོ་རྗེའི་ལམ་ནས་ཀུན་ཏུ་སྤྲོས་ཏེ། ངེས་ཀྱང་ནམ་མཁའ་ཨི་དབྱིངས་མ་ལུས་པ་རྡོ་རྗེའི་ཆུའི་བུམ་བ་བཞིན་དུ་ཡོངས་སུ་གང་བར་བསྒོམ་བ་ནི་རྗེས་སུ་དྲན་པ་ཞེས་བྱ་བ་ཡན་ལག་ལྔ་པའོ། །རྗེས་སུ་དྲན་པ་མཐར་ཕྱིན་པའི་ཚེ་རྡོ་རྗེ་ནམ་མཁའ་ཨི། ་གྱིངས་ན་གནས་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱི་དབང་བསང་བས་ཀུན་ཏུ་རེག་བའི་སྒོ་ནས་དེ་བཞིན་གཤེགས་བ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོ་རྣམས་ཀྱང?་ཏོ་སྙམ་པའི་སྣང་བ་འགྱུར་བར་འགྱུར་རོ། ། ་དེ་ནས་སེམས་ཅན་མེད་བའི་བདག་ཉིད་ཅན་བྱང་ཆུབ་ཀྱི་སེམས་ཀྱི་རྡུལ་ཕྲ་རབ་རེ་རེ་སྙེད་ཀྱི་རང་གི་རིག་མ་དང་སྙོམས་པར་ཞུགས་པའི་དེ་བཞིན་གཤེགས་བ་ལ་སོགས་པའི་ལྷ་ཐམས་ཅད་ཀྱི་གཟུགས་སུ་བསམས་ལ་ག?་བསྡུས?་ཏེ་དེ?་རྣམས་ཀྱི ་རྡུལ་ཕྲ་རབ?་ལས?་གྲུབ་ཅིང་སྙོམས་པར་འཇུག་པ་ལ་གནས་པས་བདག་ཉིད་བདེ་བ་ཆེན་པོའི་རང་བཞིན་ཅན་གྱི་ལྷའི་གཟུགས་རྡོ་རྗེའི་དཀྱིལ་འཁོར་གྱི་དབུས་ན་གནས་པར་བསམ་པ་ནི་ཏིང་ངེ་འཛིན་ཅེས་བྱ་བ་ཡན་ལག་དྲུག་བའོ། །ཡན་ལག་དྲུག་པོ ་དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིའི་སྒོ་ནས་ཡོངས་སུ་གྲུབ་བའི་མཆོག་གི་རྣལ་འབྱོར་བསྟན་ཏོ། །ལེའུ་བཅོ་བརྒྱད་བ་ལས། མཆོག་གི་ཡེ་ཤེས་བདུད་རྩི་ཉིད། །རྣལ་འབྱོར་བརྩོན་བ་དག་གིས་བྱ། །བསྙེབ?་པའི་ཡན་ལག་དྲུག་གིས་ནི། །བྱང་ཆུབ ་མཆོག་ཏུ་བསྒྲུབ་བར་བྱ། །གཞན་དག་གིས་ནི་བསྒྲུབ་འགྱུར་ན། །དངོས་གྲུབ་མཆོག་ཏུ་མི་འགྱུར་རོ། །སོ་སོར་སྡུད་དང་བསམ་བཏན་དང། །སྲོག་རྩོལ་དེ་བཞིན་འཛིན་པ་དང། །རྗེས་སུ་དྲན་དང་ཏིང་འཛིན་དང། །སྦྱོར་བའི་ཡན་ལག་དྲུག་ཅེས ་བྱ། །དབང་པོ་བཅུ་པོ་རྣམས་ཀྱི་ཡང། །རང་གི་འཇུག་ནས་ཐམས་ཅད་དུ། །འདོད་པ་སོ་སོར་སྡུད་བས་ན། །སོ་སོར་སྡུད་བ་ཞེས་བཤད་དོ། །འདོད་པ་ལྔ་ནི་མདོར་བསྡུས་ནས། །སངས་རྒྱས་ལྔ་རུ་སྐྱོར་བ་ཡིས། །རྟག་པ་བསམ་གཏན་ཞེས ་བཤད་དེ། །བསམ་གཏན་དེ་ནི་རྣམ་ལྔར་འགྱུར། །རྟོག་དང་དཔྱོད་དང་དགའ་བ་དང། །དེ་བཞིན་བདེ་བ་ཉིད་དང་ཡང། །སེམས་ཀྱི་རྩེ་གཅིག་ཉེད་དག་སྟེ། །ལྔ་བ་དེར་ནི་བསམ་གཏན་བསྡུ། །གསང་བ་གསུམ་འགྱུར་རྟོག་བ་སྟེ། ། ་དེའི་རབ་འབྱོར་དཔྱོད་པའོ། །དགའ་བ་དང་འདི་གསུམ་པ་སྟེ། །བདེ་བ་བསྡུས་པ་བཞི་པའོ། །ཤེས་དང་ཤེས་བྱ་འབྱུང་ཟད་པའི། །རང་སེམས་ལྔ་པར་ཤེས་པར་བྱ། །སངས་རྒྱས་ཀུན་གྱི་དངོས་བཞི་པ། །ནམ་མཁའ་ཀུན་ལ་རབ་ཏུ་གནས། ་ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །འབྱུང་པ་ལྔ་ཡི་ངོ་བོ་ཉིད། །གོང་དུའི་གཟུགས་ཀྱིས་ཕྱུང་ནས་ནི། །སྣ་ཡི་རྩེ་མོར་རབ་ཏུ་བརྟག་།རིན་ཆེན་ཁ་དོག་སྣ་ལྔ་པ། །སྲོག་དང་རྩོལ་པ་ཞེས་བྱར་བཤད། །རང་སྔགས་སྙིང་གར་བསམ་ནས་ནི། །སྲོག་ནི ་ཐིག་ལེར་གྱུར་པར་བཞག་།རང་དབང་རིན་ཆེན་དགག་པ་ནི། །གཟུང་བ་འཛིན་པ་ཡིན་པར་བཤད། །སེམས་ནི་འགོག་པའི་རྡོ་རྗེར་གྱུར། །མཚན་མར་ཉེར་འཛིན་འབྱུང་བར་འགྱུར། །མཚན་མ་དེ་ནི་རྣམ་པ་ལྟར། །བྱང་ཆུབ་རྡོ་རྗེས་གསུངས ་པ་ཡིན། །སྨིག་རྒྱུ་འདྲ་བ་དང་པོ་སྟེ། །དུ་བ་ལྟ་བུ་གཉིས་པ་ཡིན། །མཁའ་སྣང་འདྲ་བ་གསུམ་པ་སྟེ། །མར་མེ་ལྟར་འབར་བཞི་པའོ། །སྤྲིན?་མེད་ནམ་མཁའ་ལྟ་བུར་ནི། །རྟག་ཏུ་སྣང་པ་ལྔ་པའོ། །བརྟན་གྱུར་རྡོ་རྗེའི་ལམ་ནས་ནི། །ནམ་མཁའ་ཨི ་ཁམས་སུ་སྤྲོ་བར་བྱ། །རྗེས་དྲན་གང་ཞིག་རྣམ་བསྒོམ་པ། །དེ་དང་འདྲ་བར་སྤྲོ་བར་བྱ། །རྗེས་སུ་དྲན་པ་ཞེས་བཤད་དེ། །སོ་སོར་སྣང་པ་དེ་ལས་སྐྱེ། །ཐབས་དང་ཤེས་རབ་སྙོམས་འཇུག་པས། །དབང་པོ་ཐམས་ཅད་མདོར་བསྡུས་པ། །གོང ་བུའི་གཟུགས་ཀྱིས་བསྡུས་ནས་ནི། །དབུས་སུ་གཟུགས་ནི་རྣམ་པར་བསྒོམ། །ཡུད་ཀྱིས་ཡེ་ཤེས་རྫོགས་བྱེད་པ། །ཏིང་ངེ་འཛིན་ཅེས་བྱ་བ་ཡིན་ཞེས་གང་གསུངས་པའོ། །འདི་ནི་ཞེས་བྱ་བ་ནི་བཤད་མ་ཐག་པའི་རྫོགས་པའི་རིམ་པའི ་ཡན་ལག་དྲུག་གི་རྣལ་འབྱོར་པ་རྣམས་ཀྱིས་བསྒོམ་པར་བྱའོ། །འདི་ལྟར་སྔགས་རྣམས་ཐམས་ཅད་ནི་ལྷ་ཐམས་ཅད་དེ། དེ་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་ནི་སྐྱེ་བ་མེད་པའི་རང་གིས་རིག་པར་བྱ་བའི་མཆོག་ཏུ་དགའ་བ་ཡིན་ཞིང། སེམས ་ཅན་ཐམས་ཅད་ཀྱི་རྒྱུད་དེའི་རང་བཞིན་དུ་བྱེད་བའི་ཕྱིར་སྔགས་ཀྱི་དེ་ཉིད་དོན་བསྒྲུབ་པའོ། །རྣལ་འབྱོར་དེ་ཉིད་ཀྱི་རྗེས་སུ་མཐུན་པའི་གནས་ཁྱད་པར་ཅན་ནི། དགོན་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། འཁོར་བ་ནི་སྲེད་བའི་རྩ་བ་ཅན་ཡིན་ནོ ་ཞེས་འབྱུང་བའི་ཕྱིར། འཁོར་བའི་འཁོར་ལོའི་ལྟེ་བ་ན་གནས་པའི་བུད་མེད་ཀྱི་གཟུགས་ཀྱི་སྲེད་པ་ཉིད་དགེན?་པ་ཆེན་པོ་ཞེས་བྱ་སྟེ། འདོད་ཆགས་ཀྱི་ཚེར་མ་ལ་སོགས་པ་རྣམས་ཀྱིས་ཁྱབ་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ཐབས་ཀྱི་ལམ་གྱིས ་ཀུན་ཏུ་སྦྱངས་པའི་སྒོ་ནས་རྫོགས་པའི་བྱང་ཆུབ་ཀྱི་ལམ་དུ་འགྱུར་ཏེ། ཡང་དག་ཇི་བཞིན་དོན་མཐོང་ལ། །འཁོར་ཉིད་མྱ་ངན་འདས་པ་ཡིན། ཞེས་གང་གསུངས་པའོ། །དེ་ཉིད་འདོད་ཆགས་ཀྱི་ཚོར་མ་ལ་སོགས་པ་རྣམས་དང་བྲལ་བའི་ཕྱིར། ་རྣམ་བར་དག་པའི་རིག་མའོ། །དེའི་རབ་ཀྱི་མཐར་ཕྱིན་པའི་ཕྱོགས་ནི་ས་ཕྱོགས་ཏེ། ཆོས་འབྱུང་ཞེས་བྱ་བའོ། །བྷ་ག་བཞིན་དུ་རྡོ་རྗེའི་རིགས་ལ་ཁྱད་པར་ཅན་གྱི་རིག་མའི་ཆོ་གས་ཁྱད་པར་དུ་འཕགས་པ་རྣམས་སྐྱེད་པར་བྱེད་པ་ཉིད་ཡིན་བའི ་ཕྱིར། རབ་ཏུ་རྣམ་བར་དབེན་པའོ། །དེ་ཉིད་རྣམ་པར་གཡོ་བ་མེད་པའི་བདེ་བ་ཆེན་པོའི་རང་བཞིན་ཉིད་ཡིན་པའི་ཕྱིར་རི་བོའོ། །ཐེག་པ་གཞན་ལ་ཞུགས་པའི་མོས་བའི་དམན་བ་རྣམས་ཀྱིས་འཇུག་པར་མི་ནུས་པ་ཉིད་ཡིན་པའི་ཕྱིར་རྒྱ་མཚོ ་འཇིགས་སུ་རུང་བ་དང་མཚུངས་པའོ། །དོགས?་དག་ཏུ་ཞེས་བྱ་བ་ནི་དེ་དང་ཡང་དག་པར་སྦྱོར་བའི་ཐབས་དང་ཤེས་རབ་ཀྱི་དོགས་པ་གནས་པ་རྣམས་ཀྱིས་སོ། །རྟག་ཏུ་དངོས་གྲུབ་ཅེས་བྱ་བ་ནི་ཡིད་ཀྱི་མཉམ་པ་ཉིད་ཀྱི་བདེ་བ་ཆེན་པོའི་རྣམ་པ་རྒྱུན་དུ ་འབྱུང་བ་སྟེ། དེ་འཐོབ་བར་འགྱུར་ཞིང་དེའི་རང་བཞིན་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སློབ་དཔོན་པདྨའི་ཞལ་སྔ་ནས་ཀྱིས་ཀྱང་ཤེས་རབ་ཀྱི་སྤྱིར?་ཡིག་ལས། འདོད་ཆགས་ཚེར་མས་ཀུན་ཏུ་ཁྱབ། །ཅེས་བྱ་བ་ལ་སོགས་པས་བུད་ཡེད་ཀྱི ་གཟུགས་ཉིད་སྲེད་པ་ཡིན་པར་བཤད་དོ། །ཡོངས་སུ་གྲུབ་པའི་མཆོག་གི་རྣལ་འབྱོར་སྟོན་བའི་ཕྱིར་རྡོ་རྗེ་སྒྲུབ་པ་ཆེན་པོའོ། །རྡོ་རྗེ་བཞི་པོས་བསྙེན་པ་བྱ་བར་བཤད་པ་དེས་ཅིར་འགྱུར་ཞེ་ན་སྐུ་གསུམ་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། ཆོས་དང་ལོངས་སྤྱོད་རྫོགས་པ་དང། སྤྲུལ་པའི་སྐུའི་རང་བཞིན་གྱི་དགའ་བ་གསུམ་དང་ལྡན་པ་དང་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པ་ལས་བྱུང་བའི་རྣལ་འབྱོར་གྱིས་རྣལ་འབྱོར་པས་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་དོ། །དུས་ནམ་གྱི་ཚེ་ལྷའི ་རྣལ་འབྱོར་བསྒོམ་པར་བྱ་ཞེ་ན། ཐུན་བཞི་དག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཚན་མེའི་ཐོ་རངས་དང་ཉེ་པའི་ཐུན་ཕྱེད་ནས་བཟུང་སྟེ། ཉིན་མོ་ཐུན་ཕྱེད་ཀྱི་བར་ན་ཐུན་དང་པོའོ། །ཐུན་གཉིས་པའི་མཐར་ཐུག་པ་ནི་གཉིས ་པའོ།། ཉིན་མོའི་ལྷག་མའི་ཆུ་ཆོད་ནས་བརྩམས་ཏེ་མཚན་མོའི་ཆུ་ཚོད་ལ་ཐུག་པ་ནི་གསུམ་པའོ། །མཚན་མོའི་ཐུན་ཕྱེད་དང་གཉིས་པ་ནས་ཐུན་གསུམ་པ་ལ་ཐུག་པ་ནི་ཐུན་བཞི་པ་སྟེ། དེ་རྣམས་སུ་རྡོ་རྗེ་བཞི་པོས་བསྙེན་པ་སྒྲུབ་པའི ་བསྐྱེད་པའི་རིམ་པའི་རྣལ་འབྱོར་ནི་ཐུན་བཞི་དག་དུ་རབ་སྦྱོར་བ་སྟེ། དེ་ཡིས་སོ། །ཐོག་མ་དང་ཐ་མ་མེད་པའི་ང་རྒྱལ་དང་ལྡན་པས་རྟག་ཏུ་གནས་པ་རིམ་པ་གཉིས་པ་སྒོམ་པ་པོ་ལ་ནི་དུས་ཀྱི་དེས་པ་མེད་པས། སངས་རྒྱས་སྤྱན་ལ ་སོགས་པ་ལྷ་མོ་བཞི་ཐུན་བཞིའི་སྒྲར་བརྗོད་དོ། །ཇི་ལྟར་ཐུན་ཡིན་ཞེ་ན། ཐུན་ནི་ཡུལ་ཏེ་མཚོན་པར་བྱ་བའི་རང་བཞིན་གྱི་བདེ་བ་ཆེན་པོ་ཡིན་ཞིང། དེ་འདོད་པའི་ཡོན་ཏན་ལྔ་ལས་བྱུང་བའི་མྱོས་བྱེད་ལ་སོགས་པའི་མངའ་རྣམས་ཀྱིས ་སོ་སོར་རྟོགས་པར་བྱེད་པའི་ཕྱིར་རོ། །རབ་འབྱོར་བས་ཏེ། དེ་རྣམས་དང་ལྷན་ཅིག་ཡང་དག་པར་སྦྱོར་བས་སོ། །རབ་ཏུ་སྦྱོར་པ་ཉིད་བསྟན་པའི་ཕྱིར། བློ་དང་ལྡན་པས་ཞེས་བྱ་པ་ལ་སོགས་པ་གསུངས་སོ། །འདི་སྐད་དུ་འདོད་ཆགས། ་ཆེན་པོའི་ཚུལ་གྱི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་བས་དེ་བཞིན་གཤེགས་བ་ལ་སོགས་པའི་ཡེ་ཤེས་ཀྱི་ལྷའི་ཆོགས་ཐམས་ཅད་རང་གི་ལུས་ལ་བཅུག་ནས་སངས་རྒྱས་སྤྱན་ལ་སོགས་པའི་ལྷ་མོའི་གཟུགས་སུ་ཡོངས་སུ་གྱུར་པ་ཕྱུང་སྟེ། དེས་འདོད ་ཆགས་ཀྱི་སྤྱོད་པ་ཅན་གྱི་སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ནས་བཀུག་སྟེ། རང་གི་རིག་མའི་ལུས་ལ་བཅུག་ནས། སངས་རྒྱས་སྤྱན་ལ་སོགས་པ་བཞིར་བྱུང་སྟེ། ཕྱོགས་བཞིན་གནས་པའི་ཕྱག་རྒྱ་བཞིའི་དཀྱིལ་འཁོར་གྱི་དབུས་ན་གནས་ཤིང་ཡང ་དག་བར་སྤྱོད་བ་དང་ལྡན་པས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་སྒོ་ནས་མཉེས་བར་བྱ་ཞིང་མཆོག་ཏུ་དགའ་བའི་གནས་སྐབས་སུ་ཅད་མི་གནང་བར་བྱའོ། །དེ་ནས་ལྷ་མོ་རྣམས་ཀྱང་བསྐུལ་བའི་གླུ་བཞིས་བསྐུལ་བས་སད་ནས་འགྲོ་བ་མ་ལུས་པ ་རྣམས་ཀྱི་དོན་བྱའོ་ཞེས་བསྟན་པ་ཡིན་ཏེ། ལེའུ་བཅོ་བརྒྱད་པ་ལས། འདོད་ཆགས་ཆེན་པོའི་ཚུལ་ཉིད་ཀྱིས། །ཡེ་ཤེས་འཁོར་ལ་བསྡུས་ནས་ནི། །བཙུན་མོ་རྣམ་པར་དགུར་སྤྲོས་ཏེ། །བསྒྲུབ་བྱའི་ལུས་ལ་གཞུག་བར་བྱ། །ཕྱག་རྒྱ་བཞི་ནི་རྣམས་སྤྲོས་ནས། ་དེ་ནས་དཀྱིལ་འཁོར་བརྟག་བར་བྱ། །བདག་ཉིད་དབུས་སུ་འདུག་བྱས་ཏེ། །དེ་ཚེ་བྱང་ཆུབ་རྣམ་པར་བསྒོམ། །བསྐུལ་བའི་གླུ་རྣམས་བཞི་ཡིས་ནི། །ལྷ་མོ་རྣམས་ཀྱིས་བསྐུལ་གྱུར་བས། །སེམས་དཔའ་དག་བའི་བདག་ཉིད་ནི། །ལངས་ནས་འགྲོ་བའི ་དོན་བསྒྲུབ་བྱ། །ཞེས་གསུངས་པའོ། །དེ་ནི་བསྐྱེད་བའི་རིམ་པ་བསྒོམ་པ་པོའི་དབང་དུ་བྱས་ནས། །ཡེ་ཤེས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུམ་སྟེ། ལེའུ་བཅུ་གཅིག་པ་ལས། ཨོཾ་ནི་སངས་རྒྱས་སྐུ་རུ་བརྗོད། ཅེས་གསུངས་པ་གང་ཡིན་པ་དེ་ཉིད་དྲན ་པར་བྱེད་དོ། །མགོའི་ཟླ་བ་ལ་གནས་པའི་ཡི་གེ་ཨོཾ་ལས་བྱུང་པའི་སངས་རྒྱས་སྤྱན་གྱི་ཚོགས་ཀྱི་སྐུ་རྡོ་རྗེ་སྤྲུལ་པ་དང་བཅས་པ་བཀུག་ལ། མདུན་ན་བཞུགས་པ་ལ་གསོལ་བ་བཏབ་ནས་བཅུག་སྟེ། སྐུ་བྱིན་གྱིས་བརླབ་པར་བྱའོ། །སྡོམ་པ་ཡིན་པར་བཤད ་ཅེས་བྱ་བ་ནི་སྐུ་རྡོ་རྗེ་བཅུག་པའི་སྒོ་ནས་བྱིན་གྱིས་བརླབ་པར་བྱའོ། །རྡོ་རྗེ་དམ་ཚིག་ནི་སེམས་བརྟན་པར་བྱེད་པའི་མཚན་ཉིད་དེ། བསྐྱེད་ནས་བསྒྲུབས་ན་མྱུར་དུ་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྒྱས་པར་ཞེས་བྱ་བ་ནི ་ཟླ་བ་དྲུག་པ་ལ་སོགས་པའི་ཉིན་ཞག་གི་དབྱེ་བས་བསོད་ནམས་ཀྱི་ཚོགས་མ་བསགས་པའི་བསོད་ནམས་འཕེལ་བར་བྱ་བའི་དོན་དུའོ། །སེམས་བརྟན་ཞིང་བསོད་ནམས་བསགས་པས་ནི། ཟླ་བ་ཕྱེད་ཀྱི་ནང་དུ་འགྲུབ་པར་འགྱུར་པ་ཁོ་ནའོ་ག་ལས ་ཞེ་ན། གསང་བ་མཆོག་ཅེས་བྱ་བ་ལ་སོགས་བས་གསུངས་ཏེ། འདི་ནི་གསང་བ་ཡང་ཡིན་ལ་མཆོག་ཀྱང་ཡིན་པས?་ན་གསང་བ་མཆོག་སྟེ། དག་ལ་རྡོ་རྗེ་སེམས་དཔའ་ཡིན་ཞིང། དཔལ་གསང་བ་འདུས་པ་གང་ལས་དེ་རྣལ་འབྱོར་པའི ་རྒྱུད་ལས་འབྱུང་ཞིང་སྐྱེ་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྐུ་བྱིན་གྱིས་བརླབ་པའི་སྡོམ་ཉིད་གསལ་བར་བྱ་པའི་ཕྱིར། དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། ཉེ་བར་སྒྲུབ་པའི་སྡོམ་པ་སྟེ་རྗེས་སུ་རྣལ་འབྱོར་པ་ལ་སོགས ་པའི་མཚན་ཉིད་ཀྱི་སྐུ་རྡོ་རྗེ་སྤྲུལ་བ་དང་བཅས་པ་མདུན་ན་བཞུགས་བ་ཡེ་ཤེས་ཀྱི་མིག་གིས་ཡུལ་དུ་བྱས་བའི་ཕྱིར་ཡུལ་ལོ། །སངས་རྒྱས་སྐུ་འཛིན་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་སྐུ་འཛིན་ནི་སྐུ་རྡོ་རྗེའོ། །སྐུ་དང་གསུང་དང་ཐུགས ་རྡོ་རྗེ་མི་ཕྱེད་པ་རྣམས། སྒོམ་པ་བྱེད་པས་ན། རྡོ་རྗེ་མི་ཕྱེད་གསུམ་བསྒོམ་པ་སྟེ། །སྒྲུབ་པ་པོའོ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམ་བ་ཏེ་ལྟ་བུ་བདག་ལ་སྐུ་རྡོ་རྗེ་དང་འབྲེལ་བའི་བྱིན་གྱིས་བརླབས་མཛད་དུ་གསོལ་ཞེས་གསོལ་བ་གདབ་པའོ། །ཚིགས་སུ ་བཅད་པ་གཉིས་པས་ནི་དེས་སྤྲུལ་པའི་རྟག་པ་རྣམས་ལ་གསོལ་བ་གདབ་བར་བྱའོ། །དེ་བཞོན་དུ་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེ་དག་གིས་ཡང་དག་པར་བྱིན་གྱིས་བརླབ་བའི་ཕྱིར་གསོལ་བ་གདབ་བར་བྱའོ། །དེ་ལྟར་གསོལ་བ་བཏས་པས ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་རྣམས་ཀྱིས་རྣལ་འབྱོར་པ་དེའི་སྐུ་ལ་སོགས་པ་བྱིན་གྱིས་རློབ་པར་མཛད་དོ་ཞེས་བྱ་བའི་དོན་ཏོ། །གསོལ་བ་གདབ་པའི་སྦྱོར་བའི་འབྲས་བུ་དང་བཅད་པའི་མཐུན་ནི། སངས་རྒྱས་རྡོ་རྗེ་སེམས་དཔའ་འམ་ཞེས་བྱ་བ་ལ ་སོགས་པས་གསུངས་ཏེ། རྨོངས་པ་ནི་རྣམ་པར་མི་རྟོག་བའི་ཡེ་ཤེས་ཅན་ཡིན་ཞིང། དེ་བྱིན་གྱིས་རློབ་པར་མི་བྱེད་ཅིང་འདའ་བར་བྱེད་ན། ཚལ་པར་འགས་ཤིང་འཇིག་པར་འགྱུར་རོ་ཞེས་བྱ་པའི་དོན་ཏོ། །རྡོ་རྗེ་སྒྱོར་བའི་དམ་ཚིག་ཅེས་བྱ་བ་ལ། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་དང་སྦྱོར་པ་དེ་ཉིད་དམ་ཚིག་ཡིན་ཞིང། ད་ཉིད་སྒྲུབ་པའི་མཆོག་སྟེ་དམ་པའོ། །དེ་བསྟན་པ་ནི་ཇི་སྐད་བཤད་པའི་གཞུང་གི་གསལ་བར་བྱས་པ་སྟེ། དེ་ཉིད་ལེའུའོ།། །། ་ལེའུ་བཅུ་གཉིས་པའི་རྣམ་པར་བཤད་པའོ།། །།བཤད་མ་ཐེག་པའི་བསྙེན་པའི་ཆོ་ག་བསྒོམ་པ་ལ་མངོན་པར་དགའ་བའི་སྔགས་པས་བཟླས་བ་དང་རང་གི་ལྷ་བསྒྲུབ་པ་དང་ལས་ཀྱི་ཚོགས་ཉམས་སུ་བླང་བར་བྱ་བ་ཡིན་པས། དེའི་ཕྱིར།། ་དེ་ནས་ཞེས་བྱ་བ་ལ་སོགས་པས་རྡོ་རྗེའི་དམ་ཚིག་བཀོད་པ་དེ་ཁོ་ན་ཉིད་ཀྱི་དོན་བསྒོམ་པ་མངོན་པར་བྱང་ཆུབ་པའི་ལེའུ་གསུངས་སོ། །ཡེ་ཤེ་སྙིད་རྡོ་རྗེ་ཡིན་པས་ན་ཡེ་ཤེས་རྡོ་རྗེ་སྟེ་ཐབས་དང་ཤེས་རབ་ཀྱི་བདེ་བ་ཆེན་པོ་ཡིན་ཞིང། དེ་ཉིད་མཆོག་སྟེ ་དེ་མི་འདོར་པར་འཛིན་པར་མཛད་པ་དེའི་ཕྱིར་ཡེ་ཤེས་རྡོ་རྗེ་མཆོག་འཛིན་པའོ། །གང་དག་ལ་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་མཚན་ཉིད་ཀྱི་སྐུ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ། །སྐུ་དང་གསུང་བསྡམས་པ་དང་ལྡན་པས་ན་ཐུབ་པའོ། །ཕུང་པོ་ལ ་སོགས་པ་ཐམས་ཅད་དབྱེར་མེད་པར་ཐུགས་སུ་ཆུད་བའི་ཕྱིར་དོན་ཀུན་རྡོ་རྗེ་ཅན་ནོ། །སྟོན་པ་ཞེས་བྱ་བ་ནི་སྟོན་པ་པོ་སྟེ་དེ་བཞིན་གཤེགས་པ་ལ་སོགས་པ་ཐམས་ཅད་འཆོས་པར་མཛད་པ་ཉིད་ཡིན་པའི་ཕྱིར་རོ། །དམ་ཚིག་འདི་ཉིད་ནི་ཐོག་མ་ཐ་མེད ་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན་ཞིང། དེ་ཐུགས་སུ་ཆུད་པའི་ཕྱིར་དམ་ཚིག་དེ་ཉིད་མཁྱེན་པ་སྟེ། དེ་ལ་བླ་ན་མེད་པ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ཅིང་ཕྱག་འཚལ་ནས་ཆེད་དུ་བརྗོད་པ་སྔོན་དུ་འགྲོ་བ ་ཅན་གྱི་གསོལ་བ་བཏབ་བོ། །སངས་རྒྱས་ནི་རྣམ་པར་སྣང་མཛད་ཡིན་ཞིང། དེའི་བསྙེན་པ་དང་ཉེ་བར་བསྒྲུབ་པའི་མཚན་ཉིད་ཀྱི་ཚུལ་ནི་སངས་རྒྱས་ཀྱི་ཚུལ་ཏེ། ལྷ་ཐམས་ཅད་ཀྱི་སྐུ་རྡོ་རྗེ་སྒྲུབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་རིག ་མ་དང་ཡང་དག་ལྡན་པ་ཉིད་ཡིན་པའི་ཕྱིར་བྱང་ཆུབ་ཚུལ་གྱི་མཆོག་གོ་།ཆོས་ཀྱི་ཚུལ་ཞེས་བྱ་བ་ནི་སྒྲུབ་པའི་མཚན་ཉིད་དེ་ཆོས་ཀྱི་དེ་ཁོ་ན་ཉིད་སྟོན་པར་མཛད་པའི་གསུང་རྡོ་རྗེར་བྱིན་གྱིས་རློབ་བར་བྱེད་པའི་ཕྱིར་ཞི་བའོ། །སྔགས་ཀྱི་ཚུལ་ནི་བསྒྲུབ ་པ་ཆེན་པོའི་རང་བཞིན་ཏེ། དེ་ཉིད་ཐུགས་རྡོ་རྗེའི་རང་བཞིན་དུ་བྱེད་པ་ཡིན་པའི་ཕྱིར་བརྟན་པའོ། །འདི་ལ་ངོ་མཚར་བ་ཅི་ཡོད་ཅེ་ན་མ་སྐྱེས་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་རྣམས་ནི་དག་པ་དང་མ་དག་པའི་ཕུང་པོ་ལ་སོགས ་པ་རྣམས་སོ། །དེ་རྣམས་ཀྱི་མེད་པའི་ངོ་བོ་ཉིད་ཀྱི་ཁྱད་པར་ཏེ་དེ་ལྟ་བུར་གྱུར་པ་དེ་རྣམས་ལས་རྡོ་རྗེ་བཞི་པོའི་ཡེ་ཤེས་འབྱུང་བར་རབ་བཤད་དོ་ཞེས་བྱ་བ་ནི་ངོ་མཚར་ཆེའོ། །དེ་སྐད་དུ་རབ་ཏུ་བཤད་པའི་རྗེས་ལ་དེ་བཞིན་གཤེགས་པ་རྣམས ་ཀྱིས་རྡོ་རྗེ་བཟླས་པ་བཤད་དུ་གསོལ་ཞེས་གསུངས་ཏེ། མདོར་བསྡུས་ནས་བསྟན་པའི་ཕྱིར་ཀུན་བསྡུས་པའོ། །མི་ཆེད་པའི་ཚིག་བརྗོད་པའི་སྒོ་ནས་སྔགས་འདོན་པ་ནི་རྡོ་རྗེ་བཟླས་པ་སྟེ། དེ་ཉིད་བླ་ན་མེད་པའི་ཡེ་ཤེས་ཀྱི་རྒྱུ་ཉིད་ཡིན་པའི ་ཕྱིར་ཡེ་ཤེས་ཆེན་པོའོ། །ཆོས་ཀྱི་སྐུ་ལ་སོགས་པའི་སྙིང་པོ་སྡུད་པར་བྱེད་པ་ཡིན་པའི་ཕྱིར་སྐུ་གསུང་མི་ཕྱེད་དཀྱིལ་འཁོར་རོ། །སངས་རྒྱས་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་རྣམས་ཀྱི་ཡེ་ཤེས་ནི་སངས་རྒྱས་ཡེ ་ཤེས་ཏེ། མེ་ལོང་ལྟ་བུ་ལ་སོགས་པ་རྣམས་ཡིན་ཞིང་དེ་རྣམས་རྡོ་རྗེ་མི་ཕྱེད་པ་གསུམ་བསྒོམ་པའི་བདག་ཉིད་ཀྱི་སྔགས་བཟླས་པ་གང་གིས་འཐོབ་པར་འགྱུར་བ་དེ་ལ་དེ་སྐད་ཅེས་བྱའོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་སྤྲོ་བའི་རང་བཞིན་གྱི་རྡོ་རྗེའི་སྦྱོར་བས ་བཟླས་པ་ན་སྒྲུབ་པ་པོ་ལ་སངས་རྒྱས་ཀུན་གྱི་བྱིན་གྱིས་བརློབ་པར་འགྱུར་རོ། །རིགས་ཀྱི་སྔགས་ཐམས་ཅད་ཀྱི་ཞེས་བྱ་བ་ནི། རིགས་ལྔའི་བདག་ཉིད་ཀྱི་ལྷ་ཐམས་ཅད་ཀྱིའོ། །སྐུ་དང་གསུང་དང་ཐུགས་ཀྱི་མཚན་ནི་རྡོ་རྗེ་སྐུ་ལ་སོགས་པ་རྣམས་ཀྱི་རང ་བཞིན་ཏེ་དེ་ལྟ་བུའི་གསང་སྔགས་བཟླས་པ་དེ་རང་ཞེས་བྱ་བ་དེ་ལྟར་གསུངས་ཤིག་པའོ། །ཅིའི་ཕྱིར་ཞེ་ན། ཡེ་ཤེས་རྒྱ་མཚོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་རྒྱ་མཚོ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། ཤེས་རབ་ཡེ་ཤེས་ཟབ་བའི ་ཕྱིར་རོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་ནི་སྐུ་རྡོ་རྗེ་ལ་སོགས་པ་རྣམས་སོ། །སངས་རྒྱས་ཏེ་བྱུང་བར་གྱུར་པ་དང། འབྱུང་བར་འགྱུར་བ་དང་བྱུང་བ་རྣམས་ཀྱིས་རྡོ་རྗེ་སྔགས་རབ་དུ་བསྒོམས་པས་ཉིད་ཀྱིས་ཡེ་ཤེས་མཉམ་པ་མེད་པར་ཐོབ་པར་གྱུར་ཏེ། དེའི ་ཕྱིར་བཤད་དུ་གསོལ་ཞེས་པའོ། །དེ་ནས་ཞེས་བྱ་བ་ནི་གསོལ་བ་བཏབ་པའི་རྗེས་ཐོགས་ལའོ། །ཡང་དག་པར་སྦྱོར་བ་ལས་བྱུང་བའི་བདེ་བ་ཆེན་པོའི་བདག་ཉིད་ཡིན་པའི་ཕྱིར། ནམ་མཁའ་རྡོ་རྗེ་ཡེ་ཤེས་བྱུང་ངོ། །གཞན་ནི་བཤད་ཟིན་ཏོ། །སྔགས་ཀུན ་ཏེ་ཡི་གེ་དང་སྒྲའི་རང་བཞིན་རྣམས་ཀྱི་དོན་ནི་རང་གི་ལྷའི་འབྲས་བུའི་ངོ་བོ་ཡིན་ཞིང། དེའི་དོན་དུ་བརྗོད་པ་ནི་བཟླས་པ་སྟེ། དེ་རྣམས་ལའོ། །རྡོ་རྗེ་མི་ཕྱེད་གསུམ་གྱི་མཚན་ཞེས་བྱ་བ་ནི་བདག་ཉིད་གསུམ་གྱི་རང་བཞིན་གྱི་རྡོ་རྗེ་འཆང་ཆེན་པོར་ཇི་ལྟ་བ ་བཞིན་དུ་རྣམ་པར་བསམས་ལའོ། །རྡོ་རྗེ་དབྱེ་བ་གསུམ་ཞེས་བྱ་བ་ལ་སོགས་ནི་རང་གི་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀར་པདྨའི་སྟེང་གི་ཟླ་བ་ལ་གནས་པའི་རྡོ་རྗེའི་ལྟེ་བར་ཡི་གེ་ཧཱུཾ་བསམ་པ་དང། དེ་བཞིན་དུ་ལྐོག་མར་པདྨ་དང་མགོ་བོར་འཁོར་ལོ་ལ ་གནས་པའི་ཡི་གེ་ཨཱ:དང་ཨོཾ་བསམ་བར་བྱའོ་ཞེས་བསྟན་ཏེ། དེ་ནི་རྡོ་རྗེ་གསུམ་བཀོད་བ་ཞེས་བྱའོ། །སྐུ་གསུང་ཐུགས་ཀྱི་གནས་རྣམས་སུ་ཞེས་བྱ་བ་ནི། སྐུ་ལ་སོགས་པའི་ཡི་གེ་རྣམ་པར་བཀོད་པ་རྣམས་ལས་རང་གི ་ཡི་གེ་རྣམས་དང་རང་གི་ཕྱག་མཚན་རྣམས་དང་རང་གི་ལྷའི་གཟུཌ་རྣམས་སྤྲོ་བ་འམ། ཡི་གེ་རེ་རེ་ལས་ཡི་གེ་གསུམ་དང་ཕྱག་མཚན་གསུམ་དང་གཟུགས་གསུམ་སྤྲོ་པ་འམ། ཡང་ན་རེ་རེ་ལས་གཅིག་ཅར་རང་གི་ཡི་གེ་དང་ཕྱག་མཚན་དང་རང་གི་ལྷ་སྤྲོ་བ་སྟེ། ་དེ་ལྟ་བུ་ལ་སོགས་པ་ནི་སྤྲོ་བའི་བར་དུ་དབྱེ་བ་རྣམ་པ་གསུམ་ཡིན་ནོ། །རྡོ་རྗེ་བཟླས་པ་ཞེས་བྱ་བ་ནི་བཤད་མ་ཐག་པའོ། །རྡོ་རྗེ་གསུམ་གྱི་ཐུགས་ནི་དཔལ་རྡོ་རྗེ་སེམས་དཔའ་སྟེ། དེ་དང་རྣལ་འབྱོར་པ་འདྲ་བར་འགྱུར་རོ། །ཡི་གེ་གསུམ་བཟླས ་པ་དེ་ནི་རྡོ་རྗེའི་རིགས་གཙོ་བོར་གྱུར་པ་ཡིན་དུ་ཟིན་ཀྱང་རིགས་ཐམས་ཅད་ཀྱི་ཐུན་མོང་ཡིན་ཏེ། སྔགས་ཀུན་དོན་ནི་བཟླས་པ་ལ་ཞེས་འབྱུང་བའི་ཕྱིར་རོ། །སྐུ་རྡོ་རྗེའི་ནི་སངས་རྒྱས་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། སྐུ ་གསུང་ཐུགས་བསམས?་ནས་ཞེས་བྱ་བ་ནི་སྤྱི་བོ་ལ་སོགས་པར་ཡི་གེ་གསུམ་གྱི་གཟུགས་སོ། །མཆོད་པའི་མཆོག་བརྟག་པ་ཞེས་བྱ་བ་ནི་བླ་ན་མེད་པ་ལ་སོགས་པའི་མཆོད་པའི་རང་བཞིན་སྤྲོ་བར་བྱ་བའོ་ཡེ་ཤེས་རྡོ་རྗེས་ཞེས་བྱ་བ་ནི་ཐབས ་།དང་ཤེས་རབ་ཀྱི་ཏིང་ངེ་འཛིན་བསྒྲུབ་པ་ལ་ཞུགས་པས་སོ། །རྡོ་རྗེ་གསུམ་གྱི་ཐུགས་ནི་རྣམ་པར་སྣང་མཛད་དེ། དེ་དང་འདྲ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གསུང་རྡོ་རྗེའི་ནི་སངས་རྒྱས་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པས་གསུངས་སྟེ། ་བཟླས་པའི་རྡོ་རྗེས་ཞེས་བྱ་བ་ནི་གསུང་རྡོ་རྗེའི་བསྒོམ་པ་པོས་སོ། །ཡང་ན་ཞེས་བྱ་བ་ལ་སོཌ་པ་ལ། ཡང་ན་ཞེས་བྱ་བའི་སྒྲ་ནི་ཕྱོཌ་གཞན་སྟོན་པའོ། །དབྱེ་བ་རྣམ་གསུམ་གྱིས་སོ་སོ་དག་དུ་ཞེས་བྱ་བ་ནི། སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དབྱེ་བས་སོ། །སྐུ ་དང་གསུང་ཐུགས་བདག་མེད་པ་ཞེས་བྱ་བ་ནི་སྡུ་ལ་སོགས་པ་རྣམས་སྒྱུ་མ་ལྟ་བུར་རྣམ་པར་བསམས་ནས་སོ། །ཡེ་ཤེས་སེམས་ཀྱིས་ཞེས་བྱ་བ་ནི། ཡེ་ཤེས་སེམས་དཔའ་ཨི་རྣམ་པར་རོ། །འདི་སྐད་དུ་རང་གི་དཀྱིལ་འཁོར་ནད་ནས་ཤིང་ཇི་སྐད ་བཤད་པའི་སྐུ་རྡོ་རྗེའི་རྣལ་འབྱོར་དང་ལྡན་པས་རང་གི་སྙིང་ག་ན་བཞུགས་པའི་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀར་པདྨའི་སྟེང་གི་ཟླ་བ་ལ་གནས་པའི་འཁོར་ལོ་ལ་ཡི་གེ་ཨོཾ་བསམས་ལ། དེ་ཉིད་བརྗོད་ཅིང་དེ་ལས་བྱུང་བའི་ཡི་གེ་ཨོཾ་རྣམས ་དང་འཁོར་ལོའི་ཕྱག་མཚན་རྣམས་དང་སྐུ་རྡོ་རྗེ་རྣམས་སྤྲོ་སྟེ། རྗོད་པའི་ཐ་མར་བསྡུ་བར་བྱའོ། །དེ་བཞིན་དུ་གསུང་དང་ཐུགས་རྡོ་རྗེའི་རྣལ་འབྱོར་བདག་གིས་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀར་པདྨ་ལ་གནས་པའི་འཁོར་ཆུ་སྐྱེས་དང ་རྡོ་རྗེའི་ལྟེ་བ་དག་ལ་ཡི་གེ་ཨ་དང་ཧཱུཾ་བསམས་ལ་རང་གི་ཡི་གེ་ལ་སོགས་པ་སྤྲོ་བ་དང་བསྡུ་བ་བྱའོ་ཞེས་བསྟན་པ་ཡིན་ནོ། །སྤྲོ་བའི་དུས་ཉིད་བསྟན་པའི་ཕྱིར། བརྗོད་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་དབང་དུ་གྱུར ་པར་བྱ་བའི་ཕྱིར་ཡི་གེ་གསུམ་གྱི་བདག་ཉིད་དམ་ཚིག་ཡི་གེ་གཞན་གྱི་སྔགས་བརྗོད་ཅིང་ཇི་སྐད་བཤད་པའི་སྤྲོ་བ་རྣམས་ཀྱིས་ནམ་མཁའ་ཀུན་བཀང་སྟེ། བརྗོད་པའི་ཐ་མར་བསྡུས་ནས་སྔགས་ཀྱི་ཡི་གེ་རྣམས་ལ་བཅུག་སྟེ་བཟླས་པ ་བྱའོ། །གཞན་དག་ནི་བཟླས་པ་ཐམས་ཅད་ཀྱི་ཞབས་སུ་བསྡུ་བར་བྱའོ་ཞེས་ཟེར་རོ། །སངས་རྒྱས་རྣམས་ཀྱི་ཞེས་བྱ་བ་ནི་འདི་ནི་ལྷ་ཐམས་ཅད་ཀྱི་ཐུན་མོང་ཡིན་པའོ། །གཞན་ནི་གོ་སླའོ། །སྐུའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ ་ལ། དངོས་དང་དངོས་མེད་རྣམས་དཔྱད་པ་ཞེས་བྱ་བ་ནི། ཡང་དག་པར་ན་དངོས་པ་ཡང་མེད་ཅིང་དངོས་པོ་མེད་པ་ཡང་མེད་པ་སྟེ། སྒྲོ་བཏགས་པ་ཉིད་ཡིན་པའི་ཕྱིར་རོ། །དེ་དག་བསལ་བའི་མཚན་ཉིད་ཅན་གྱི་སྐུ་རྡོ་རྗེའི་ཏིང་ངེ ་འཛིན་ནི་སྐུ་རྡོ་རྗེའི་རྫོགས་པའི་བྱང་ཆུབ་སྟེ། དེ་ཉིད་རྟོག་པ་དང་བྲལ་བ་ཉིད་ཡིན་པའི་ཕྱིར་སྐུའི་བཟླས་པར་བརྗོད་པར་བྱའོ། །དེ་བཞིན་དུ་བྲག་ཅའི་སྒྲ་དང་མཚུངས་པར་སྒྲ་དང་སྒྲ་མ་ཡིན་པར་རྣམ་པར་དཔྱད་པའི་བདག ་ཉིད་ཀྱི་འོད་དཔག་ཏུ་མེད་པའི་ཏིང་ངེ་འཛིན་ནི་གསུང་གི་དམ་ཚིག་གི་རྫོགས་པའི་བྱང་ཆུབ་སྟེ་གསུང་གི་བཟླས་པའོ། །དེ་བཞིན་དུ་ཐུགས་རྡོ་རྗེའི་རྣལ་འབྱོར་པས་འོད་སྲུང་སེམས་ནི་ནང་ན་མེད་ཕྱི་རོལ་ན་ཡང་མེད། གཉིས་ཀའི་བར་ན་ཡང་མི་དམིགས་སོ ་ཞེས་བྱ་བ་ལ་སོགས་པས་གནས་པའི་རྡོ་རྗེ་རྣམ་པར་དཔྱད་པའི་བདག་ཉིད་ནི་ཐུགས་ཀྱི་དམ་ཚིག་གི་རྫོགས་པའི་བྱང་ཆུབ་སྟེ་རྡོ་རྗེ་བཟླས་པར་བཤད་དོ། །དོན་རྟོགས་པའི་ཞེས་བྱ་བ་ལ་དོན་དེ་སྟོབས་དང་མི་འཇིགས་པ་ལ་སོཌ་པ་སངས་རྒྱས་ཀྱི་ཡོན ་ཏན་གྱི་ཚོགས་རྣམས་རྟོགས་པ་ནི་ཁོང་དུ་ཆུད་པ་སྟེ། སངས་རྒྱས་ཀྱི་ཡོན་ཏན་འདི་རྣམས་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞན་ནོ་ཞེས་གཏན་ལ་ཕབ་པའོ། །དེ་ཉིད་རྟོག་པ་དང་བྲལ་བའི་བཟླས་པ་སྟེ་དེ་ཡིས་སོ། །དེ་ཉིད་བསྟན་པའི ་ཕྱིར། ངོ་བོ་ཉིད་མེད་ཅེས་བྱ་བ་གསུངས་སྟེ། ཀུན་ཏུ་བརྟགས་པའི་རང་བཞིན་དང་བྲལ་བའོ། །བཟང་པོ་ཡིས་ཞེས་བྱ་བ་ལ་དུས་གསུམ་གྱི་སངས་རྒྱས་རྒྱུ་མ་ལྟ་བུར་ཡང་དག་པར་མཐོང་བའི་མཚན་ཉིད་ཅན་གྱི་དཀོན་མཆོག་དཔལ ་གྱི་རྣལ་འབྱོར་གྱིས་རྣམ་པར་དཔྱད་པ་ནི་རིན་པོ་ཆེའི་བཟླས་པའོ། །སངས་རྒྱས་ཞིང་ཞེས་བྱ་བ་ལ་སོགས་པ་ལ་དོན་ཡོད་གྲུབ་པའི་རྣལ་འབྱོར་པས་འགྲོ་བ་མ་ལུས་པའི་བྱ་བ་སྒྲུབ་པའི་ཕྱིར་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀར་པདྨའི ་སྟེང་གི་ཟླ་པ་ལ་གནས་པའི་རལ་གྲི་ལ་ཡི་གེ་ཧཱ་རྣམ་པར་བཀོད་དེ། དེ་ཉིད་བརྗོད་ཅིང་དོན་ཡོད་པའི་རིགས་སྤྲོས་པ་རྣམས་ཀྱིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀུན་ཏུ་བཀང་ལ། ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་པར ་ལྷག་པར་མོས་པའི་སྒོ་ནས་བརྗོད་པའི་མཛའ་མར་བསྡུ་པར་བྱའོ་ཞེས་བྱ་བ་འདི་ནི་འགྲོ་བ་དང་འོང་པའི་མཚན་ཉིད་ཅན་གྱི་དོན་ཡོད་པའི་བཟླས་པའོ། །འཕགས་པ་གཤིན་རྗེ་མཐར་བྱེད་ལ་སོགས་པའི་ཁྲོ་བོ་གང་ཡང་རུང་པའི་རྣལ་འབྱོར་པས་ནི་ཡེ་ཤེས ་སེམས་དཔའ་ཨི་ཐུགས་ཀར་པདྨའི་སྟེང་གི་ཉི་མ་ལ་གནས་པའི་རང་གི་ཕྱག་མཚན་ལ་བཟླས་པར་བྱ་བ་རྣམ་པར་བཀོད་དེ་རང་གི་དག་རྡོ་རྗེས་བསྒྲགས་པའི་སྒྲ་དཔག་ཚད་བྱེ་བའི་ཚད་དང་ལྡན་པའི་དཀྱིལ་འཁོར་ན་གནས་པའི་ལྷའི་འཁོར་ལོས་ཐོས ་པར་གྱུར་ཅིག་སྙམ་དུ་ལྷག་པར་མོས་པའི་སྒོ་ནས་སྒེག་པ་དང་བཅས་པའི་ཁྲོ་བོའི་ཚིགས་?་བཟླས་པར་བྱའོ་ཞེས་བྱ་བ་འདི་ནི་ཁོ་བོའི་བཟླས་པའོ། །འདོད་པའི་དོན་གྱིས་མྱོས་འགྱུར་བ་ཞེས་བྱ་བ་ནི། འབྱོར་པའི་དོན་གྱིས་ཤིན་ཏུ་སྡུག་འཕོངས་པར་གྱུར ་པའོ། །རབ་ཏུ་སྐྱོབ་ཅིང་ཕན་པར་དགའ་། ཞེས་བྱ་བ་ནི་མངོན་པར་འདོད་པའི་དོན་ཆོལ་བ་ལ་བརྩོན་པར་སེམས་ཅན་ཐམས་ཅད་རྣམས་པར་བསམས་ནས་སོ། །གཏི་མུག་གནས་ལ་དགོད་ཅེས་བྱ་པ་ནི་ལེའུ་དགུ་པ་ལས་བཤད་པའི་རྣམ་པར་སྣང་མཛད ་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་གཏི་མུག་རྡོ་རྗེའི་སྐུར་ཡོངས་སུ་གྱུར་པ་དང་དེ་ཁོ་ན་བཞིན་དུ་རྫས་ཀྱི་རྒྱ་མཚོས་རབ་ཏུ་གང་བར་བསམ་པ་སྟེ། དེ་ནི་གཏི་མུག་གི་བཟླས་པའོ། །དེ་བཞིན་དུ་འདོད་ཆགས་དང་ཞེ་སྡང་གི་རིགས་ཀྱི་རྣལ་འབྱོར་དག་གི་དེའི་རང་བཞིན་དུ ་རྣམ་པར་བསྒོམས་པའི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་གོ་རིམ་བཞིན་དུ་རྣལ་འབྱོར་པས་རྣམ་པར་སྦྱང་བར་བྱའོ། །ཞེས་བྱ་བ་ནི་གསུང་དང་ཐུགས་ཀྱི་བཟླས་པའོ། །དམ་ཚིག་རྡོ་རྗེ་གསུམ་ནི་སྐུ་དང་གསུང་དང་ཐུགས་མི་ཕྱེད་པའི་ལྷར་དམིགས ་པའི་རང་བཞིན་ནོ། །དེའི་དེ་ཉིད་ནི་ངེས་པར་འབྱེད་པའི་ཤེས་རབ་ལྷ་མོའི་གཟུགས་སུ་ཡོངས་སུ་གྱུར་པའོ། །དེ་དག་གིས་དབུ་མ་ནི་ཡང་དག་པར་སྦྱོར་བ་ལས་བྱུང་བའི་བདེ་བ་ཆེན་པོའོ། །དམ་ཚིག་རྡོ་རྗེ་ཅན་ཞེས་བྱ་བ་ནི་གཏི་མུག་གི་རིགས་ཀྱི་ལྷ་རྣམས ་ཀྱི་སྟེ། དེ་སྐད་དུ་ཡང་འདོད་ཆགས་སྙིང་རྗེ་ཞེ་སྡང་ཕོ། །གཏི་མུག་གཉི་ག་ཡངས་པའོ་ཞེས་གསུངས་སོ། །དེ་ཉིད་ཐུན་མོང་ཡིན་པ་ཉིད་དུ་བསྟན་པའི་ཕྱིར། དེ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་ཚིག་རྡོ ་རྗེ་ཞེས་བྱ་བ་རིགས་ཐམས་ཅད་ཀྱི་ལྷ་རྣམས་ཀྱི་མ་ནིང་གི་བཟླས་པ་སྟེ། སྐྱེས་པ་དང་བུད་མེད་ཀྱི་རྣམ་པར་རྟོག་པ་དད་པའི་ཕྱིར་རོ། །འདོད་ཆགས་ལ་སོགས་པའི་རྣམ་པར་སྤྱོད་པ་བསྒོམ་པའི་བཟླས་པ་འདི་ལ་དགོས་པ་ཅི་ཡོད་ཅེ་ན། ་འདོད་ཆགས་ཞེས་བྱ་བ་ལ་སོགས་པ་གསུང་ཏེ། འདོད་ཆགས་ནི་ཡང་དག་པར་སྦྱར་བ་ལ་ཆགས་པ་སྟེ། དེའི་དེ་ཉིད་ནི་མཆོག་ཏུ་དགའ་བ་ཉིད་ཡིན་ཞིང་དེ་ཉིད་དོན་ཏེ། དེ་བསྒོམ་པར་བྱེད་པས་ན་འདོད་ཆགས་དེ་ཉིད་དོན་བསྒོམ་པའོ། །རྡོ་རྗེའི ་བདག་པོ་ནི་རིགས་ལྔའི་བདག་པོ་སྟེ། འདོད་ཆགས་དེ་ལས་བྱུང་བའི་བདེ་བ་ཆེན་པོ་ནི་རྫོགས་པའི་བྱང་ཆུབ་ཡིན་ཞིང། དེ་སེམས་ཅན་གྱི་རྒྱུད་རྣམས་ལ་མཛད་ཅིང་སྐྱེད་པར་མཛད་པ་ཞེས་བྱ་བའི་དོན་ཏོ། །རིགས་པ་ཆེན་མོ་སྤྱན་ལ་སོགས། ཞེས་བྱ་བ ་ལ་སོགས་པ་ལ། འདི་ནི་རིག་པ་ཡང་ཆེན་མོ་ཡང་ཡིན་པས་ན་རིག་པ་ཆེན་པོའོ། །འདོད་པ་ནི་དངོས་པོ་ཐམས་ཅད་ཀྱི་མཆོག་གི་དོན་ཆེན་པོ་སྟེ། དེ་རྣམས་ཀྱི་མངོན་པར་འདོད་པར་བྱ་བ་ཡིན་པའི་ཕྱིར་ལྷ་ཐམས་ཅད་ཀྱི་གཟུགས ་ཀུན་ཏུ་སྟོན་པའི་མཚན་ཉིད་ཅན་གྱི་དཔལ་རྡོ་རྗེ་སེམས་དཔའ་ཨོ། །དེས་དོན་དེ་མཆོག་ཏུ་བདེ་བ་བསྐྱེད་ནས་དེ་ལ་བརྩོན་པ་ནི་དེ་ལ་ཆགས་པའོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེ་བས་ན་འདོད་པའི་ཡོན་ཏན་ལྔ་ལ་ཉེ་བར་ལོངས་སྤྱོད་པ་ཉིད ་ཀྱི་སྒོ་ནས་དེ་རྣམས་ཇི་ལྟར་འདོད་པ་བཞིན་དུ་བསྟེན་ན་འགྲུབ་པར་འགྱུར་གྱི་འདོད་པ་འདོད་ཆགས་དང་བྲལ་བའི་སྒོ་ནས་ནི་མ་ཡིན་ནོ། །གཏི་མུག་དམ་ཚིག་ནི་སྐུ་རྡོ་རྗེ་སྟེ་དེ་ལས་བྱུང་བ་ནི་གཏི་མུག་དམ་ཚིག་ལས་བྱུང་བའོ། །དེ་རྣམས ་གང་ཞེ་ན། རིག་པའི་རྒྱལ་པོ་རྡོ་རྗེ་ཅན་ཞེས་བྱ་བ་གསུངས་ཏེ། གཙུག་ཏོར་དང་གཙུག་ཏོར་ཆེན་པོ་ལ་སོཌ་པ་བརྒྱད་མ་ནིང་གི་གནས་ལ་གནས་པ་ཇི་སྐད་བཤད་པའི་མཚན་ཉིད་ཀྱིས་གྲུབ་ཅིང་ཡོངས་སུ་རྫོགས་པ་རྣམས་ཀྱིས་སྒྲུབ་པ་པོ་རྣམས་ལ་མངོན་པར་འདོད་པའི་དངོས ་གྲུབ་དམ་པ་རབ་ཏུ་སྟེར་བར་བྱེད་དོ། །ཁྲོ་བོ་ཞེས་བྱ་པ་ལ་སོགས་པ་ལ། ཞེ་སྡང་ནི་ཞེ་སྡང་རྡོ་རྗེ་སྟེ། ཁྲོ་བོ་གང་དག་ལ་དེ་ཉིད་གནས་སྟེ་སྐྱེ་བའི་གནས་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལས་སྐྱེས་པ་ནི་དེ་ལས་གྲུབ་པའོ། །དེ་རྣམས་ཇི་ལྟ་བུའི་ལས ་ཅན་ཞེ་ན། གསོད་ལ་རྟག་ཏུ་བརྩོན་པ་དག་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། ཞེ་སྡང་རྣམ་པར་སྦྱོད་བའི་སྙིང་རྗེ་ཆེན་པོའི་སྒོ་ནས་མི་བསྐྱོད་པའི་གོ་འཕང་ཐོབ་པར་བྱ་པའི་ཕྱིར་བླ་མ་ལ་སྨོད་པར་བྱེད་པ་ལ་སོགས་པའི་སེམས་ཅན་རྣམས་ཀྱི ་ཐ་མལ་པའི་ཕུང་པོ་གཞོན་པ་ནི་གསོད་པའོ། །དེ་ཉིད་ཀྱི་ཕྱིར་དོན་དེ་ཉིད་ལ་ཞུགས་པའི་མཆོག་གི་ལས་ཅན་གྱི་སྒྲུབ་པ་པོས་འགྲུབ་པར་འགྱུར་རོ། །སྐྱེས་བུ་ཆེན་པོའི་སྐྱེད་པའི་རྒྱུའི་བཟླས་པ་སྟོན་པར་མཛད་པའི་ཕྱིར། སྐྱེས་བུ་ཆེན་པོའི་དམ་ཚིག་སྟེ། ་དཔལ་རྡོ་རྗེ་སེམས་དཔའ་ཨོ། །དེ་ལྟར་འདས་པའི་མཚན་ཉིད་བཤད་ནས། ད་ནི་བསྒོམ་པ་གཞན། ཡེ་ཤེས་འཁོར་ལོ་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། ཟླ་བའི་གཟུགས་གསལ་བའི་གདན་གྱི་དབུས་ཀྱི་ཆ་མཚན་པའི་རྣམ་པར་སྣང་མཛད ་ཀྱི་དཀྱིལ་འཁོར་ནི་གསལ་བའི་དཀྱིལ་འཁོར་སྟེ། དེའི་དབུས་སུ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་ཇི་ལྟ་བཞིན་དུ་བྱས་ལ་བསྒྲུབ་པར་བྱའོ། །ཡེ་ཤེས་རྡོ་རྗེ་ཅན་ཞེས་བྱ་བ་ནི་རང་གི་སྙིང་ག་ན་བཞུགས་པའི་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀར ་ཨོཾ་ལས་བྱུང་བའི་འཁོར་ལོའི་ལྟེ་བ་ལ་ཡི་གེ་ཨོཾ་ཧཾ་བྷྲུཾ་ཨོཾ་ཤ་ཧཱུཾ་ཛི་ན་ཛིཀ་སྭཱཧཱ། ཞེས་བྱ་བའི་སྔགས་རྣམ་པར་བཀོད་དེ། དེ་ལས་བྱུང་བའི་འོད་ཟེར་དཀར་པོ་སྤྲོས་པ་རྣམས་ཀྱིས་དངོས་པོ་ཐམས་ཅད་ལ་ཀུན་ཏུ་རེག་ནས་སྣང་བ་མེད་པར་བྱ་བ་སྟེ། ་དེ་ནི་རྣམ་པར་ཐར་པའི་སྒོའི་རང་བཞིན་ཅན་གྱི་འཁོར་ལོའི་དོན་བསྒོམ་པའོ། དེ་བཞིན་དུ་ཉི་མ་དང་རིན་པོ་ཆེ་དང་པདྨ་དང་འོད་ཀྱི་གདན་རྣམས་ཀྱིས་དབུས་ཀྱི་ཆ་རུ་ཉེ་བར་མཚན་པའི་མི་བསྐྱོད་པ་ལ་སོགས་པའི་དཀྱིལ་འཁོར་རྣམས་སུ། ། ་གོ་རིམ་བཞིན་དུ་བརྟེན་པ་མི་བསྐྱོད་པ་དང། རིན་ཆེན་དབང་དང་འོད་དཔག་ཏུ་མེད་པ་དང་དོན་ཡོད་པར་གྲུབ་པའི་རྣལ་འབྱོར་བྱས་ཏེ། ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀ་ན་གནས་པའི་རང་གི་ཕྱག་མཚན་རྣམས་ལ་རང་གི་ས་བོན་ནམ ་བཟླས་པར་བྱ་བ་རྣམ་པར་བཀོད་ནས། ཡི་གེ་དང་རྗེས་སུ་མཐུན་པའི་འོད་ཟེར་སྤྲོ་བ་སྔོན་དུ་འགྲོ་པ་ཅན་གྱི་རང་གི་རྣམ་པར་ཐར་པའི་སྒོ་བསྒོམ་པ་ནི། རྡོ་རྗེའི་སྔགས་ལ་སོགས་པ་དོན་བསྒོམ་པ་ཡིན་པར་བསྟན་ཏོ། །དཀྱིལ་འཁོར་ཀུན་ནི་རྣམ ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱིས་བཤད་མ་ཐག་པའི་དཀྱིལ་འཁོར་རྣམས་སོ། །ངོས་རྣམས་སུ་ཞེས་བྱ་བ་བདག་པོའི་ལོགས་བཞིར་དཀྱིལ་འཁོར་པའི་སངས་རྒྱས་ཐམས་ཅད་གནས་ཇི་ལྟ་བ་བཞིན་དུ་དགོད་པར་བྱའོ། །ཞེས་བྱ་པའི ་དོན་ཏོ། །འོད་ཟེར་ལྔའི་བྱེ་བྲག་གིས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་རང་གི་ཁ་དོག་དང་རྗེས་སུ་མཐུན་པའི་འོད་ཟེར་གྱི་བྱེ་བྲག་སྤྲོ་ཞིང་འཁོར་ལོ་ལ་སོགས་པའི་དོན་བསྒོམ་པས་བྱང་ཆུབ་ཐོབ ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྔགས་རྣམས་ཞེས་བྱ་བ་ལ་སོགས་ལ་སྔགས་རྣམས་ཐམས་ཅད་ནི་ལྷ་ཐམས་ཅད་དོ། །བྱེ་བྲག་རྣམ་པ་གཉིས་སུ་ཞེས་བྱ་བ་ནི་རིག་མ་དང་སྐྱེས་བུ་ཡང་དག་པར་སྦྱོར་བའི་བྱེ་བྲག་དུའོ། །སྐུ་གསུམ་རྡོ ་རྗེ་བྱེ་བྲག་གིས་ཞེས་བྱ་བས་ནི་སྤྲོས་པའི་གཟུགས་རེ་རེ་ཞིང་སྐུ་གསུམ་གྱི་བདག་ཉིད་ཅན་དང། རྡོ་རྗེ་གསུམ་གྱིས་རང་བཞིན་ཅན་ཉིད་ཡིན་པར་བསྲུང?་?། །ལུས་ཀྱིས་ཞེས་བྱ་བ་ནི་སྐུ་རྡོ་རྗེ་སངས་རྒྱས་སྤྱན་གྱིས་གཟུགས་སུ་ཡོངས་སུ ་གྱུར་པས་སོ། །སྐུའི་ངོ་བོ་ཉིད་ནི་རྣམ་པར་སྣང་མཛད་དོ། །སེམས་ནི་མི་བསྐྱོད་པའོ། །དེའི་ངོ་བོ་ནི་མཱ་མ་ཀཱིའི་གཟུགས་ཏེ་དེ་ཡིས་སོ་།ངག་གི་འོད་དཔག་ཏུ་མེད་པའོ། །དེའི་ངོ་བོ་ནི་གོས་དཀར་མོའི་གཟུགས་ཏེ། དེས་བདག་ཉིད་རྣམ་པར་སྣང་མཛད་ལ་སོགས ་པའི་གཟུགས་ཅན་མཆོག་ན། སངས་རྒྱས་སྤྱན་ལ་སོགས་པ་དང་ཡང་དག་པར་སྦྱོར་བ་ལས་བྱུང་བའི་བླ་ན་མེད་པའི་མཆོད་པ་བསྒོམས་པས་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ལ་མཆོད་པར་འགྱུར་རོ། །རིག་གསུམ་གཙོ་བོར་བྱས་པའི་སྒོ ་ནས་དེ་སྐད་དུ་བཤད་དེ། དཀོན་མཆོག་དཔལ་ལ་སོགས་པ་ལྷ་ཐམས་ཅད་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་རང་གི་རིག་མ་དང་ཡང་དག་པར་སྦྱོར་བ་ལས་བྱུང་བའི་མཆོད་པ་བསྒོམ་པར་བྱས་ན་འབྲས་བུ་དེ་ཁོ་ན་བཞིན་དུ་འགྱུར་རོ། །ད་ནི་ལས་རྣམ་པ ་བཞི་འོ། །དཀྱིལ་འཁོར་ཆེན་པོའི་འཁོར་ལོ་ཡིས། ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། དཀྱིལ་འཁོར་ཆེན་པོའི་འཁོར་ལོའི་ཚུལ་བཟིན་དུ་ཇི་སྐད་བཤད་པའི་བསམ་གཏན་གྱི་དཀྱིལ་འཁོར་རྣམ་པར་བསམས་ལ། རྡོ་རྗེ་ལྔ་རྣམས་བསྒོམ ་པར་བྱ་ཞེས་བྱ་བ་དེའི་དབུས་སུ། །བདག་ཉིད་རང་གི་ལྷག་པའི་ལྷར་བསམ་ཏེ། ལོགས་བཞིར་དེ་བཞིན་གཤེགས་པ་བཞི་རྣམ་པར་བསྒོམ་པར་བྱའོ། །དེ་ཉིད་ནི་དབུས་སུ་བདག་པོ་བསམ་ནས་ནི། །སྐུ་གསུཾ་རྡོ་རྗེ་རང་གི་གཟུགས་ཞེས་བྱ་བས ་གསུངས་སོ། །རང་སྔགས་རྡོ་རྗེའི་གཟུགས་དག་ནི། །ཞེས་བྱ་བ་ནི། རང་གི་བདག་པོའིའོ། །གང་དུ་ཞེ་ན། དཀྱིལ་འཁོར་རྣམ་པ་བཞི་དག་ཏུ། ཞེས་བྱ་བ་གསུངས་ཏེ། ཆུ་དང་དབང་ཆེན་དང་རླུང་དང་མེའི་དཀྱིལ་འཁོར་རྣམས་ཀྱི་ནང་ནས་ལས་ཀྱི་བྱེ་བྲག་གིས་ག? ་ཡང་རུང་པའི་དཀྱིལ་འཁོར་དུའོ། །ཁ་དོག་རྣམ་བཞིར་ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་དང་རྗེས་སུ་མཐུན་པར་རོ། །ཡེ་ཤེས་སེམས་དཔའ་ཐུགས་ཀར་པདྨའི་སྟེང་གི་ཟླ་བ་ལ་གནས་པའི་སྔགས་རྣམས་ཀྱི་དོན་ནི་ཞི་བ་ལ་སོགས་པ་སྟེ། དེ ་བསྒོམ་པ་ནི་སྔགས་ཀྱི་དོན་བསྒོམ་པའོ། །དེས་ཇི་ཞིག་བྱ་ཞེ་ན། རྡོ་རྗེ་རྣམ་པ་བཞི་ཞེས་བྱ་བ་གསུངས་ཏེ། འདི་སྐད་དུ་བསམ་གཏན་གྱི་དཀྱིལ་འཁོར་གྱི་དབུས་ཀྱི་གདན་ལ་གནས་པས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ ་པོའི་དབུས་སུ་ཡི་གེ་པཾ་ལས་བྱུང་བའི་བུམ་པ་ཁ་དོག་དཀར་པོ་དང། དེ་བཞིན་གཤེགས་པ་ཐམས་ཅད་དང་བཅས་པའི་རང་གི་ལྷ་སྐུ་མདོག་དཀར་པོ་ཞི་བའི་ངང་ཚུལ་ཅན་རྣམ་པར་བསམས་ལ། རང་གི་ཡེ་ཤེས་ཀྱི་ལྷའི་ཐུཌ་ཀར་པདྨའི ་སྟེང་གི་ཟླ་བ་ལ་བསྒྲུབ་བྱ་བསམས་ཏེ། དེའི་རྣམ་པར་ཤེས་པ་གཞུག་པ་སྔོན་དུ་འགྲོ་བ་ཅན་གྱི་རང་གི་ལྷའི་སྔགས་ཀྱི་ཕྲེང་བ་ཁ་དོག་དཀར་པོ་བདུད་རྩི་འཛག་པ་བཀོད་པས་དེའི་ལུས་ཀུན་ཏུ་ཁྱབ་པར་བལྟས་ལ། འོད་ཟེར་གྱི་སྒོ་ནས་བྱུང ་བའི་རང་གི་ལྷའི་ཚོགས་རྣམས་ཀྱི་བུམ་པ་ཁ་དོག་དཀར་པོའི་བདུད་རྩི་ལྔའི་དབང་དང། ཡང་དག་པར་སྦྱོར་བ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་སུ་ཞུ་བར་གྱུར་ནས་བདག་ཉིད་ལས་ཞུགས་པའི་དངར?་གིས་དབང་བསྐུར་ཞིང། སྐྱོན ་ཐམས་ཅད་དང་བྲལ་བར་བསམས་ན་ཞི་བར་འགྱུར་རོ། །དེ་བཞིན་དུ་བསམ་གཏན་གྱི་དཀྱིལ་འཁོར་གྱི་དབུས་ཀྱི་གདན་ལ་གནས་པས་ལཾ་ཡཾ་རཾ་ཞེས་བྱ་བ་དེ་རྣམས་ལས་གྲུབ་པའི་དབང་ཆེན་དང་རླུང་དང་མེའི་དཀྱིལ་འཁོར་གོ་རིམ་བཞིན་དུ ་ཁ་དོག་སེར་པོ་དང་སྔོན་པོ་དང་དམར་པོ་རྣམས་ལ་རང་གི་བདག་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྐོར་བ་བསམས་ལ། རང་གི་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀར་པདྨ་ལ་གནས་པའི་ཟླ་བ་སེར་པོ་ལ་རྒྱས་པའི་དོན་དུ་གཉེར ་བ་བཅུག་སྟེ། སྔགས་ཀྱང་བཀོད་ལ། དེ་བཞིན་དུ་ཟླ་བ་དམར་པོ་ལ་དབང་དུ་བྱ་བར་འདོད་པ་སྔགས་དང་བཅས་པ་བསམས་ཏེ། ཡེ་ཤེས་ཀྱི་ཆུ་སེར་པོ་དང་དམར་པོའི་དབང་ལ་སོགས་པས་སྔ་མ་བཞིན་དུ་དབང་བསྐུར་བར ་བྱ་ཞིང་ཉི་མ་འབར་བ་ལ་སྔགས་བཀོད་དེ་འཆད་པར་འགྱུར་བའི་རིམ་པ་བཞིན་དུ་མངོན་སྤྱོད་བྱའོ་ཞེས་བཤད་པ་ཡིན་ནོ། །བསམ་གཏན་རྡོ་རྗེ་ཅན་ནི་ལྷ་ཐམས་ཅད་ཀྱི་རང་བཞིན་ཅན་གྱི་དཔལ་རྡོ་རྗེ་སེམས་དཔའ་སྟེ། དེའིའོ། །འདི་ཞེས་བྱ་བ ་ནི་བཤད་མ་ཐག་པའོ། །ནི་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བའོ། །སྔགས་རྣམས་ཐམས་ཅད་ཀྱི་ཏེ་ལྷ་ཐམས་ཅད་ཀྱིའོ། །གསང་བ་ནི་ཉན་ཐོས་ལ་སོགས་པ་རྣམས་ལ་བསྟན་པར་བྱ་བ་མ་ཡིན་པའོ། །མཆོག་ཏུ་བརྟག་པ་ནི་ཉམས ་པ་མེད་པའི་གོ་འཕང་ཐོབ་པར་བྱེད་པའོ། །དེ་ལྟར་ལྷ་ཐམས་ཅད་ཀྱི་ཐུན་མོང་གི་ལས་བཞི་བཤད་ནས། ཁྱད་པར་ནི་ཞི་བ་ལ་སོགས་པ་གསུངས་ཏེ། སྤྱན་གྱི་ཚུལ་ཞེས་བྱ་བ་ནི་སངས་རྒྱས་སྤྱན་དང་ཡང་དག་པར་ལྡན་པའི་རྣམ ་པར་སྣང་མཛད་དོ། །པདྨ་རིགས་ཀྱི་ལྷ་མོ་ཆེན་མོ་དང་ཡང་དག་པར་ལྡན་པའི་ཕྱིར་རྡོ་རྗེ་པདམོ་ཅན་ནི་རིན་ཆེན་འབྱུང་ལྡན་ནོ། །རྣམ་པར་སྣང་མཛད་ནི་སྐུ་རྡོ་རྗེ་སྟེ། དེའི་རྗེས་ཐོགས་ལ་བཤད་པའི་སྔགས་ཀྱི་བརྡའི་སྒོ་ནས་ཤེས་ཤིང ་བརྟོགས་པར་བྱ་བ་ཡིན་པས་ན་གནས་ཏེ་གསུང་རྡོ་རྗེའོ། །རྡོ་རྗེ་ཁྲོ་བོ་ནི་མི་བསྐྱོད་པ་སྟེ་དེ་ཡིས་སོ། །འདི་དེ་ཞེས་བྱ་བ་ནི་བཤད་མ་ཐག་པའོ། །གཞན་ནི་གོ་སླའོ། །བྱ་བ་རོལ་མོ་མཚན་པའོ་ཞེས་བྱ་བ་ནི་སྒྱུ་མས་སྤྲུལ་པའི་རོལ་མོ ་དང་མཚུངས་པའོ། །མདོར་བསྟན་པའི་ཚིག་བཞི་པོ་དེ་རྣམས་ཀྱི་ནང་ནས་རྡོ་རྗེའི་རིགས་གཙོ་བོ་ཉིད་ཡིན་པའི་ཕྱིར་དང་པོ་ཁོ་ནར་མངོན་སྤྱོད། མ་དད་སྨྲ་བའི་སེམས་ཅན་དང་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། མ་དང་པ ་དང་ཡང་དག་པར་ལྡན་པ་དཀོན་མཆོག་གསུམ་ལ་གནོད་པར་བྱེད་པ་སྟོན་པར་བྱེད་པའི་ཚིག་སྨ་?་བྱེད་པས་ན་མ་དང། སྨྲ་བ་རྣམས་དང། བླ་མ་ལ་སྨོད་པ་རྣམས་དང། གཞན་རྣམས་ཞེས་བྱ་བ་མ་གསོད་པ་ལ་སོགས་པ། ་སེམས་ཅན་མང་པོ་ལ་འཚེ་བར་བྱེད་པ་རྣམས་དང་དམ་ཚིག་ལ་སྡང་བ་རྣམས་ལ། རབ་ཏུ་བསྐུལ་བ་འདི་ཞེས་བྱ་བ་འཆད་པར་འགྱུར་བ་བྱའོ། །འཆད་པར་འགྱུར་པ་ཡེ་ཤེས་ཆེན་པོའི་འཁོར་ལོ་ཡོངས་སུ་འཛིན་པའི ་ཕྱིར། ཡེ་ཤེས་ཆེན་པོའི་འཁོར་ལོ་རྡོ་རྗེ་སྟེ་དཔལ་རྡོ་རྗེ་སེམས་དཔའ་ཨོ། །ཁམས་གསུམ་ཞེས་བྱ་བ་ལ་སོགས་པ་ལ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སེམས་ཅན་རྣམས་སངས་རྒྱས་ཀྱི་སྐུ་རྣམ་པར ་བསྒོམས་ལ། མ་དང་པར་སྨྲ་བ་རྣམས་ཀྱིས་དགྲ་སྟ་དགེ་གིས་གཏུབས་ཏེ། ཐོ་བ་རྣམས་ཀྱིས་ཕྱེ་མར་བྱས་པར་བསམས་ལ། སེམས་ཅན་གདུག་པ་དེ་རྣམས་བདག་ཅག་ནི་སངས་རྒྱས་གསོད་པར་བྱེད་པའོ་སྙམ་དུ་འགྱོད་པ་ཀུན་ཏུ་བསྐྱེས ་ལ་དམྱལ་པའི་འཇིགས་པས་འཇིགས་ཤིང་སྐྱབས་མེད་པར་བལྟས་ཏེ་རྣམས་ཀུན་ཏུ་གནོད་པའི་ཕྱིར་སྙིང་རྗེ་ཆེན་པོའི་ཁྲོ་བ་བསྐྱེད་པར་བྱའོ། །ཁ་སྤྱད་དང་ནི་ཕྲལ་བྱས་ནས། ཞེས་བྱ་བ་ནི་བསྲུང་བའི་ཁ་སྦྱར་བསལ་ནས་སོ། །འདི་སྐད་དུ ་བཤད་པ་ཡིན་ཏེ། འཆད་པར་འགྱུར་པའི་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པས་ཇི་སྐད་བཤད་པའི་སེམས་ཅན་གྱི་ཡུལ་སྡིག་པ་བསགས་ཤིང་འཇིགས་པའི་འཇིགས་པས་ཁྱབ་པ་རྣམས་ལ་བལྟས་ཏེ། དེ་རྣམས་མངོན་པར་གདོན་པའི་ཕྱིར ་སྙིང་རྗེ་ཆེན་པོའི་ཁྲོ་བསྐྱེད་ལ། སྔ་མ་བཞིན་དུ་རང་གི་སྙིང་གནས་རྡོ་རྗེ་ལྕགས་ཀྱུ་ཕྱུང་སྟེ། དེ་རྣམས་ལ་ཧཱུཾ་དང་བཾ་ཕྱི་རོལ་གྱི་བསྲུང་བ་ཁ་སྦྱར་དང། མགོ་ལ་གནས་པའི་དབྱངས་མཛའ་མ་ལས་བྱུང་བའི་རྡོ་རྗེ་དང་འཁོར་ལོ་དང་རིན་པོ་ཆེ ་དང་པདྨ་དང་ཡི་གེ་ཧཾ་གྱིས་མཚན་པའི་སྣ་ཚོགས་རྡོ་རྗེ་ཁ་སྦྱར་རྣམས་ཀྱིས་བསྲུང་བར་བྱེད་པ་རྣམས་ལ། འདི་ནི་མ་དད་པར་སྨྲ་བ་འམ། བླ་མ་ལ་སྨོད་པ་འམ། སངས་རྒྱས་རྣམས་གསོད་པར་བྱེད་པ་སྟེ། དེའི་ཕྱིར་འདི་ལ་བསྲུང་པ་དང ་བྱིན་གྱིས་བརླབ་པ་གཏང་དུ་གསོལ། གལ་ཏེ་མི་གཏོང་ན་ཁྱེད་རྣམས་བརྫུན་དུ་སྨྲ་བ་དང། རང་གིས་བཤད་པའི་དམ་ཚིག་ལས་འདའ་བར་བྱེད་པ་ཡིན་ནོ་ཞེས་རྡོ་རྗེ་ལྕགས་ཀྱུ་དེ་བསྐུལ་དུ་གཞུག་གོ་།དེ་ནས་ཁོ་བོ་ཅག་གིས་འདིའི་ལུས་བཏང་གིས་ཇི ་ལྟར་འདོད་པ་གྱིས་ཤིག་ཅེས་དེ་རྣམས་ཀྱིས་ཁས་བླངས་པ་བརྗོད་པའི་རྗེས་ཐོགས་ལ། རྡོ་རྗེ་ལྕགས་ཀྱུས་བསྲུང་བ་ཁ་སྦྱར་དང་བཅས་པའི་ལྷའི་འཁོར་ལོ་བསལ་ནས། །གཏད་པ་དེ་ཉིད་དུ་ཡང་དག་པར་བཞག་སྟེ། ལག་པ་གཡོན་པས་བཟུང་པའི་བདུད་རྩི ་ཞེས་བྱ་བའི་ཁྲོ་བོའི་ཕུར་བུས་ལག་པ་གཡས་པ་ན་ཐོགས་པའི་རྡོ་རྗེ་ཐོ་བས་བརྡུང་ཞིང་ཕུར་བུས་གདབ་པར་བྱའོ་ཞེས་བྱ་བ་ནི་ཁ་སྦྱར་དང་དཔྲལ་བ་སྟེ། །འདི་ཉིད་ལས་བསྲུང་བ་ལ་སོགས་སྔགས་རྣམས་དང། ལྷ་རྣམས་ཀྱང་ནི་ཕུར་བུས་གདབ་ཅེས ་གང་འཆད་པར་འགྱུར་པའོ། །དེ་ནས་མངོན་སྤྱོད་ཀྱི་ལས་བསྒྲུབ་པར་བྱའོ། །དེ་ཇི་ལྟར་བྱ་ཞེ་ན། ནམ་མཁའ་ཨི་དབྱིངས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲུབ་ཐབས་ལས་བཤད་པའི་ཆོ་ག་བཞིན་དུ། །ཤེས་རབ་ཀྱི་པདྨ་ལ་གནས་པའི་རང་གི ་དཀྱིལ་འཁོར་དུ་རྡོ་རྗེ་རྩེ་ལྔ་པ་འབར་བ་ཡོངས་སུ་གྱུར་པ་ལས་བདག་ཉིད་རྡོ་རྗེ་འཆང་ཆེན་པོར་བསྒོམ་པར་བྱའོ། །ཇི་ལྟ་བུར་ཞེ་ན། ཞལ་བཞི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཡས་དང་གཡོན་དང་རྒྱབ་དང་རྩ་པའི་ཞལ་རྣམས་དང་སྐུ་ཐམས ་ཅད་ནི་ཁྲོ་ཞིང་མདོག་སྔོ་བ་།ཕྱག་དྲུག་པ་རྣམ་པའི་མཆོག་ཀུན་དང་ལྡན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་གཡོན་བརྐྱང་པའི་ཞབས་ཀྱིས་བཞུགས་པ་སྟེ། །དེ་ལས་བྱུང་བའི་རྣམ་པར་སྣང་མཛད་ལ་སོགས་པ་ཐམས་ཅད་སྔོན་པོ་ཀུན་ཏུ་ཁྲོ་བ ་གཡོན་བརྐྱར?་བ་ལ་སོགས་པའི་ཞབས་ཀྱིས་བཞུགས་པའི་ལྷའི་འཁོར་ལོ་བསྒོམ་པར་བྱའོ། །དུས་གསུམ་ཞེས་བྱ་བ་ལ་སོགས་པས་ནི་འདས་པ་ལ་སོགས་པའི་དུས་ཀྱི་རྡོ་རྗེའི་དཀྱིལ་འཁོར་རྣམས་ཀྱི་བཀོད་པ་གང་ཡིན་པའི་གཡས་པའི་རྩ་བའི ་ཕྱག་ན་གནས་པའི་རྡོ་རྗེ་འབར་བ་ལ་བཅུག་སྟེ། སྟོབས་པོ་ཆེ་དང་ལྡན་པའོ་སྙམས་སུ་རྣམ་པར་བསམས་ལ། འཁོར་ལོ་མཐུ་དང་ལྡན་པར་བསམ་པར་བྱའོ། །ཕྱོགས་བཅུ་ནས་བྱུང་སེམས་ཅན་རྣམས་ཞེས་བྱ་བ་ལ་སོགས ་པ་ལ། སངས་རྒྱས་ནི་རྣམ་པར་སྣང་མཛད་དེ། དེའི་སྐུ་ནི་ཞི་བའི་གཟུགས་ཡིན་ཞིང། དེའི་རྣམ་པར་སེམས་ཅན་ཐམས་ཅད་རྣམ་པར་བསམ་ནས་སོ། །རང་གི་ལུས་ལ་ཞེས་བྱ་བ་ལ་སོགས་པ་ནི་ཞི་བའི་གཟུགས་དེ་རྣམས་བསྡུས་ནས་རང ་གི་ལུས་ལ་བཞུག་པའོ། །སངས་རྒྱས་ཡེ་ཤེས་རྡོ་རྗེ་ཅན། །སླར་ཡང་སྤྲོ་བར་རབ་ཏུ་བྱ། ཞེས་བྱ་བ་ནི་ཞི་བའི་གཟུགས་དེ་རྣམས་ཁྲོ་བོའི་དང་ཚུལ་ཅན་ལ་བཅུག་པས། ཏིལ་མར་ཤིན་ཏུ་ཚ་བ་ལ་ཆུ་གྲང་མོ་བླུགས་པ་བཞིན་དུ་ཤིན་ཏུ་རབ་ཏུ་འབར ་ཞིང་དྲག་ལ། མི་སྡུག་ཅིང་འཇིགས་སུ་རུང་པ་ལ་འཁོར་ལོ་ལ་སོགས་པ་མཚོན་སྣ་ཚོགས་པ་ཐོགས་པ། གདུག་པ་རྣམས་གསད་པ་ཉིད་ཀྱི་སྒོ་ནས་མི་བསྐྱེད་པའི་འབྲས་བུ་ཐོབ་པར་བྱ་བར་སེམས་པའི་ཁྲོ་བོ་རྣམས་སུ་བསམས་ལ། མདུན་ན་གནས ་པའི་མེའི་དཀྱིལ་འཁོར་ལ་འདུག་པའི། གཅེར་བུ་གོ་ཆ་དང་བྲལ་བ་ལུས་ལ་ཏིལ་མར་གྱིས་བསྐུས་པ་ལྷ་དང་བྲལ་བའི་བསྒྲུབ་བྱ་རྣམས་ཀྱང་བལྟས་ཏེ། སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཅན། །སངས་རྒྱས་ཐམས་ཅད་བདག་ལ་གསོན། ། ་བདག་ནི་དཔལ་ལྡན་འཁོར་ལོ་འཛིན། །བཀའ་ཨི་འཁོར་ལོ་རབ་སྦྱར་བ། །འཁོར་ལོ་འབར་བའི་གཟུགས་ཀྱིས་ནི། །སྐུ་གསུམ་ལས་བྱུང་དགས་པར་དགྱིད?། གལ་ཏེ་དམ་ཚིག་ལས་འདས་ན། །ཞིགས་པར་འགྱུར་པས་མདོན་མི་འཚལ། ། ་ཞེས་བྱ་བས་ཁྲོ་བོ་རྣམས་ལ་བཀའ་བསྒོས་ཏེ། །དེ་རྣམས་ཀྱི་དུམ་བུར་གཏུབ་ཅིང་ལག་ན་ཐོགས་པའི་འཁོར་ལོ་འབར་བས་བརྡེག་པར་བྱའོ། །བསྒོམ་པ་དེ་ལྟ་བུས་ན་རྡོ་རྗེ་སེམས་པ་དང་མཚུངས་པའི་བསྒྲུབ་བྱ་རྣམས་ཀྱང་ཞག་བདུན་ན། ་གསོད་པར་བྱེད་པས་དེའི་ཕྱིར། རྡོ་རྗེ་སེམས་དཔའ་རང་ཉིད་དམ། །གདུག་པ་ཆེན་པོ་གསོད་པར་བྱེད། །ཅེས་ཀྱང་གསུངས་སོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པས་ནི་དེ་ཉིད་སྟོན་ཏོ། །སངས་རྒྱས་ནི་རྡོ་རྗེ་འཆང་ངོ། །དེ་ཉིད་ཆོས་ཀྱི་སྐུ་ལ་སོགས་པ ་བདག་ཉིད་ཡིན་པའི་ཕྱིར་སྐུ་གསུམ་མཆོག་སྩོལ་བའོ། །འདིའི་མགོ་དང་ལྐོག་མ་ལ་སོགས་པ་ལ་སྐུ་རྡོ་རྗེ་ལ་སོགས་པ་རྣམས་ཀུན་ཏུ་གནས་པས་ན་རྡོ་རྗེ་གསུམ་གནས་སོ། །སྙིང་པོ་སྡུད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་དཀྱིལ་འཁོར་ཏེ། དེས་གྲུབ་པ་སྟེ་དང ་བ་ནི་གདུག་པ་རྣམས་གསོད་པའི་དངོས་གྲུབ་བོ། །སྐབས་འདིར་ནི་བསད་པར་བྱ་བ་ཉིད་རྨོངས་པའི་བདག་ཉིད་དུ་མངོན་པར་འདོད་དོ། །ཉི་མ་བདུན་དུ་འདི་བྱས་ན། ཞེས་བྱ་བ་ནི་དྲག་པོའི་ལས་སོ། །སངས་རྒྱས་ཀྱིས་ཀྱང་ཞེས་བྱ་བ་ནི་རྣམ་པར་སྣང་མཛད ་ཀྱིས་ཀྱང་ངོ། །གལ་ཏེ་རྣལ་འབྱོར་པ་ངེས་པར་སྦྱོར་བ་ན་དེས་ཀྱང་འདའ་བར་བྱ་བར་མི་འགྲུབ་བོ་ཞེས་འདོར་བ་བརྗོད་པའི་སྒོ་ནས་སྦྱོར་བ་འདི་འདའ་བར་བྱ་དཀའ་ཉིད་དུ་བསྟན་ཏོ། །རྡོ་རྗེ་ཆེན་པོ་ནི་དཔལ་རྡོ་རྗེ་སེམས་དཔའ་ཨོ། །དེ་ཉིད་འདའ་བར་བྱ་པ ་མ་ཡིན་པ་ཉིད་ཡིན་པའི་ཕྱིར་དམ་ཚིག་སྟེ། ཕྱག་ན་འཁོར་ལོ་བསྣམས་པ་དེས་རྟག་པར་བྱས་ཤིང་བཅུག་པར་གྱུར་པའི་སེམས་ཅན་ཐམས་ཅད་མཆོན་ཆ་སྣ་ཚོགས་ཐོགས་པའི་ཁྲོ་བོའི་གཟུགས་རྣམས་སུ་སྤྲོ་བ་ནས་ཏིང་ངེ་འཛིན་གང་ལ་བདག ་ནི་དཔལ་ལྡན་རྡོ་རྗེ་འཛིན། ཞེས་བྱ་བ་ལ་སོགས་པས་བཀའ་བསྒོ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་བཙུན་མོ་ནམ་མཁའ་ཨི་དབྱིངས་ན་གནས་པའི་སྐུའི་དཀྱིལ་འཁོར་དུ་བདག་ཉིད་དེ་ཁོ་ན་བཞིན་དུ་རྡོ་རྗེའི་རྣམ་པའི་འབར་བས ་རྣམ་པར་བརྒྱན་པའི་འཁོར་ལོ་ལས་བྱུང་བའི་རྣམ་པར་སྣང་མཛད་སྐུ་མདོག་སྔོན་པོ་ཞལ་གསུམ་དང?་སྐུ་ཁྲོ་བ་དང་བཅས་ཤིང་འབར་བ་གཡོན་རྐྱང་བས་བཞུགས་པ་དེ་བཞིན་དུ་དཀྱིལ་འཁོར་པ་རྣམས་དང་ལྡན་པར་བསམས་ལ། འདས་པ་དང ་མ་བྱོན་པ་དང་ད་ལྟར་བྱུང་བའི་རྟེན་དང་བརྟེན་པའི་བདག་ཉིད་ཅན་གྱི་རྡོ་རྗེ་འཆང་ཆེན་པོ་རྣམས་ཕྱག་གཡས་པ་ན་གནས་པའི་རྡོ་རྗེ་འབར་བ་ལ་བཅུག་སྟེ། ཕྱོགས་བཅུ་ཁྱབ་པའི་སེམས་ཅན་ཐམས་ཅད་ཞི་བའི་གཟུགས་ཅན་གྱི ་རྡོ་རྗེ་འཆང་ཆེན་པོ་རྣམས་སུ་རྣམ་པར་བསམས་ལ། རང་གི་ཡེ་ཤེས་ལས་བྱུང་བའི་འོད་ཟེར་གྱི་ལྕགས་ཀྱུ་རྣམས་ཀྱིས་དེ་རྣམས་བསྡུས་ནས་རང་གི་ལུས་ལ་བཅུག་སྟེ། སླར་ཁྲོ་བོའི་ང་རྒྱལ་དང་ལྡན་པས་ཕྱག་ན་མཚོན་ཆ་སྣ་ཚོགས་བསྣམས ་པའི་དཔལ་རྡོ་རྗེ་འཆང་རྣམས་སུ་སྤྲོ་བར་བྱའོ། །གང་གིས་ཞེ་ན། ཡེ་ཤེས་མཆོག་གི་གཉེན་གྱིས་ཞེས་བྱ་བ་གསུངས་ཏེ། གདུག་པ་རྣམས་ཀྱིས་མི་བསྐྱོད་པའི་གོ་འཕང་མཆོག་ཐོབ་པར་བྱ་བ་ལ་གཉེན་དུ་གྱུར་པའི་སྒྲུབ་པ་པོས་ཞེས་བྱ་བའི ་དོན་ཏོ། །བཀའ་བསྒོ་བ་དང་བསྒྲུབ་པ་དང་ནི་སྔ་མ་བཞིན་ཏེ། འོན་ཀྱང་ཁྱད་པར་ནི་འདི་ཡིན་ནོ། །དཔལ་རྡོ་རྗེ་འཆང་རྣམས་ལ་བཀའ་བསྒོ་བའི་དུས་སུ། རྡོ་རྗེ་ཐམས་ཅད་བདག་ལ་གསོན། །བདག་ནི་དཔལ་ལྡན་རྡོ་རྗེ་འཛིན། ཞེས་བརྗོད ་པར་བྱའོ། །རྒྱུ་ལ་འབྲས་བུ་ཉེ་བར་གདགས་པའི་ཕྱིར་།འཁོར་ལོ་ཡི་ནི་རྣམ་པར་སྣང་མཛད་དེ། གང་ལ་དེས་དམ་ཚིག་སྟེ་རྡོ་རྗེ་འཆང་རྣམས་ལ་བཀའ་བསྒོ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སངས་རྒྱས་ཞེས་བྱ་བ་ལ་སོགས ་པ་ལ། སངས་རྒྱས་ནི་རྣམ་པར་སྣང་མཛད་དེ། དེའི་དཀྱིལ་འཁོར་གྱི་རྡོ་རྗེ་ཅན་ནི་འཕགས་པ་གཤིན་རྗེ་གཤེད་ཡིན་པས་སངས་རྒྱས་དཀྱིལ་འཁོར་རྡོ་རྗེ་ཅན་ནོ། །འཁོར་ལོ་ཆེ་ཞེས་བྱ་བ་ནི་དཀྱིལ་འཁོར་རོ། །རང་གི་རྡོ་རྗེ་ཡིན་པས ་ཞེས་བྱ་བ་དེ་ཉིད་འཕགས་པ་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་ཡིན་པར་བརྟག་པར་བྱའོ། །འདི་སྐད་དུ་བཤད་པ་ཡིན་ཏེ། རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་དུ་བདག་ཉིད་རྣམ་པར་སྣང་མཛད་སྒྲུབ་པ་བཞིན་དུ་ཡི་གེ་ཧཱུཾ་ལས ་བསྐྱེད་པའི་རྡོ་རྗེ་ཐོ་བ་ལས་བྱུང་བའི་འཕགས་པ་གཤིན་རྗེ་གཤེད་དུ་རྣམ་པར་བསམས་ལ་དུས་གསུམ་སངས་རྒྱས་སེམས་ཅན་རྣམས་ཞེས་བྱ་བ་རྟེན་དང་བརྟེན་པར་བཅས་པའི་བདག་ཉིད་ཀྱི་ཞི་བའི་གཟུགས་ཅན་གྱི་དཔལ་རྡོ་རྗེ་འཆང་རྣམས་སུ? ་རྣམ་པར་བསྒོམ་སྟེ། རང་གི་ཡེ་ཤེས་ཀྱི་འོད་ཟེར་གྱི་ལྕགས་ཀྱུ་རྣམས་ཀྱིས་བཀུག་ནས་ལག་པ་གཡས་ནེ་གནས་པའི་ཁྲོ་བོའི་རྡོ་རྗེ་འབར་བ་དང། རང་གི་ལུས་ལ་བཅུག་སྟེ། སླར་འཕགས་པ་གཤིན་རྗེ་གཤེད་ཀྱི་གཟུགས་རྣམས་སུ ་སྤྲོས་ལ། སྔ་མ་བཞིན་དུ་སྡིག་པ་བསགས་ཤིང་ཁ་སྦྱར་ཕྱེ་བར་གྱུར་པའི་གདུག་པའི་སེམས་ཅན་རྣམ་པར་སྣང་མཛད་བཞིན་དུ་མདུན་བཀའ་བགོས་ཏེ། བདེ་བ་རྣམས་དང་བདག་ཉིད་ཀྱིས་བསད་ལ། ལེའུ་དགུ་པ་ལས་བཤད་པའི་ཚུལ་བཞིན་དུ ་མི་བསྐྱོད་པར་བསྐྱེད་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ནི་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཐོ་བ་ཡིན་ཞིང། དེ་ལས་བྱུང་བའི་འཕགས་པ་གཤིན་རྗེའི་དག་ནི་ཐམས་ཅད་ཀྱི་དམ་ཚིག་ལས་བྱུང་བ་གཤིན་རྗེ་གཤེད ་དེ། ཏིང་ངེ་འཛིན་གང་ལ་ངེས་ཆོས་ཉིད་ལ་སོགས་པའི་རང་བཞིན་ཅན་གྱི་ཡེ་ཤེས་ལྔའི་བདག་ཉིད་ཀྱི་རྡོ་རྗེ་འཆང་ཆེན་པོ་རྣམས་ལ་བཀའ་བསྒོ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འམ་ཞེས་བྱ་བ་ནི་སྐུ་རྡོ་རྗེ་ལ ་སོགས་པའོ། །དཀོན་མཆོག་དཔལ་ལ་སོགས་པ་ལྷ་ཐམས་ཅད་ཀྱི་ཡི་གེ་དང་སྒྲའི་རང་བཞིན་ཅན་གྱི་སྔགས་རྣམས་ཀྱི་དོན་ནི་རང་གི་ཕྱག་མཚན་གྱི་གཟུགས་སོ། །དེའི་ཡོན་ཏན་ནི་དེ་ལས་བྱུང་བའི་དཀོན་མཆོག་དབང་ལ་སོགས་པའི་ཁྲོ་བོ ་སྟེ་དེ་ཡིས་སོ། །རིགས་ཀྱི་བྱེ་བྲག་བརྗོད་པར་འདོད་པས་གཅིག་གི་ཚིག་ཅན་དུ་བྱས་སོ། །ཡང་ན་གཙུག་ཏོར་དམ་ཚིག་གིས་ཞེས་བྱ་བ་ནི་གཙུག་ཏོར་དང་གཙུག་ཏོར་ཆེན་པོ་ལ་སོགས་པའི་གཙུག་ཏོར་བརྒྱད་པོ་དེ་རྣམས་ཐམས ་ཅད་ཀྱིས། འཕགས་པ་གཤིན་རྗེ་མཐར་བྱེད་ཀྱི་རིག་པ་ཁོ་ན་བཞིན་དུ་འདུག་པ་རྣམས་བསད་པར་བྱ་བ་སྟེ། དེས་ནི་སྦྱོར་བ་འདི་ལྷ་ཐམས་ཅད་ཀྱི་ཐུན་མོང་ཉིད་ཡིན་པར་བསྟན་ཏོ། །གོ་བགོས་པ་ཉིད་ཀྱིས་གདུས?་པ ་རྣམས་གསོད་པར་ནུས་ཀྱི་གཞན་གྱིས་ནི་མ་ཡིན་པས། སྔགས་ཀུན་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། སྔགས་ཀུན་ཞེས་བྱ་བ་ནི་བཤད་མ་ཐག་པའི་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་རྣལ་འབྱོར་བསྒོམ་པའོ། །ཡེ་ཤེས་མཆོག་རྡོ་རྗེ ་ནི་ཡེ་ཤེས་ལྔའི་བདག་ཉིད་ཀྱི་རང་གི་བདག་པོ་ཡིན་ཞིང། དེ་དམིགས་པའི་སྦྱོར་བས་འདི་ལ་ཡོད་པས་ན་ཡེ་ཤེས་མཆོག་རྡོ་རྗེ་ཅན་ཏེ་བསྒྲུབ་པ་པོ་ངེས་སོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེ་བས་ན་ལྷ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་མཐར་ཐུག་པའི ་བསྲུང་བའི་རང་གི་ངོ་བོར་བརྗོད་པར་བྱའོ། །ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་བཙུན་མོ་ནམ་མཁའ་དབྱིངས་སུ་ཇི་སྐད་བཤད་པའི་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་རྣལ་འབྱོར་བྱས་ནས། ཆོས་ནི་གོ་ཆ་ཉིད་དེ། སྣང་མཛད་སྐུ་མཆོག ་ལས་བྱུང་བ། ཞེས་བྱ་བ་རྣམ་པར་སྣང་མཛད་ལས་བྱུང་བའི་རྡོ་རྗེའི་གོ་ཆ་སྐུ་གསུམ་གཅིག་དུ་མི་ཕྱེད་པར་བསམས་ལ། དེས་སྤྱི་བོ་ནས་བརྩམས་ཏེ་རང་གི་ལུས་ལ་གོ་བགོས་པར་བསམས་ཏེ། གདན་དུ་དེ་ཞེས་བྱ་བ་རྐང་པའི་འོག་ཏུ ་ཡང་འཁོར་ལོའི་གོ་ཆ་དེ་ཉིད་ཀྱི་གདན་རབ་ཏུ་བརྟག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །མཁའ་དབྱིངས་ཞེས་བྱ་བ་ནམ་མཁའ་ཨི་དབྱིངས་མ་ལུས་པ་སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་རྣམ་པར་གང་བར་རྣམ་པར་བསྒོམས་ལ། ཐུགས་ཀྱི་རྣམ ་པར་བསྒོམ་པར་བྱ་ཞེས་བྱ་བ་སངས་རྒྱས་དེ་རྣམས་ཐམས་ཅད་ཀྱི་ཐུགས་ཀ་ན་བཞུགས་པའི་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀའི་ཟླ་བ་རྣམས་ལ་སྔགས་ཀྱི་ཡི་གེའི་གནས་རྣམས་བསམས་ཏེ། དེ་ལས་བྱུང་བའི་ཡེ་ཤེས་ཀྱི་འོད ་ཟེར་རྣམས་ཀྱིས་སངས་རྒྱས་རྣམས་སྣང་བ་མེད་པར་བྱས་ནས། ཟླ་བ་ལ་གནས་པའི་རྡོ་རྗེའི་གཟུགས་སུ་བསམ་པར་བྱའོ། །དེའི་ཕྱིར་སངས་རྒྱས་རྣམས་ནི་སེམས་ཙམ་དུ། བསྒོམས་ནས་སླར་ཡང་རབ་ཏུ་བསྡུ། ཞེས་གསུངས་སོ། །སེམས ་ནི་རྡོ་རྗེར?་བྱས་ནས་སུ། །ཞེས་བྱ་བ་བདག་གི་སེམས་འདི་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཟླ་བ་རྡོ་རྗེའི་གཟུགས་ཡིན་ནོ་སྙམ་དུ་བསམས་ནས་སྐུ་གསུམ་གྱི་བདག་ཉིད་ཀྱི་གོ་ཆ་ལ་ཟླ་བའི་རྡོ་རྗེའི་གཟུགས་ཀྱི་སངས་རྒྱས་དེ་རྣམས ་གཞུག་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བསྒོམས་པས་མངོན་སྤྱོད་སྒྲུབ་པ་པོ་རབ་ཏུ་བསྲུངས་པར་འགྱུར་རོ། །རྡོ་རྗེ་ཆོས་ནི་མི་ཕྱེད་པའི་བསྲུང་བའི་གོ་ཆ་སྟེ། གང་ལ་དེས་འཁོར་ལོའི་དཀྱིལ་འཁོར་སྣང་བ་གསལ་བར་བྱེད་པ ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྣམ་པའི་མཆོག་རྣམས་ཞེས་བྱ་བ་ལ་སོགས་པ་ལ། སེམས་བརྟན་པའི་རྣལ་འབྱོར་པས་བདག་ཉིད་རྡོ་རྗེ་སེམས་དཔར་ཇི་ལྟ་བ་བཞིན་དུ་རྣམ་པར་བསྒོམ་སྟེ། སངས་རྒྱས་རིམ་པར་བཀོད་ནས་ནི། ་ཞེས་བྱ་བ་ཡང་དག་པར་སྦྱོར་བ་ལས་མི་བསྐྱོད་པ་དང་རྣམ་པར་སྣང་མཛད་དང། རིན་ཆེན་འབྱུང་ལྡན་དང་འོད་དཔག་ཏུ་མེད་པ་དང་དོན་ཡོད་པར་གྲུབ་པ་རྣམས་ཕྱུང་སྟེ། ཆུའི་སྟེང་དུ་གོ་རིམ་བཞིན་དུ་རི་རབ་སེར་པོ་དང་མཚུངས ་པ་ཕ་རོལ་གྱི་མཐར་ཀུན་ཏུ་ཁྱབ་པར་གནས་པ་ཀུན་ཏུ་བསམས་ལ། རྐང་པ་མཉམ་གཞག་སྦྱོར་བ་ཡིས། ཞེས་བྱ་བ་ཐབས་དང་ཤེས་ཀྱི་རྐང་པ་གཉིས་མཉམ་པ་ཉིད་དུ་དམིགས་པ་དེས་མི་བསྐྱོད་པ་ལ་སོགས་པ་རྣམས་ཀྱི་དབུའི ་སྟེང་དུ་རྐང་པ་གཉིས་འཇོག་པར་བསྒོམ་ཞིང་ཆུའི་སྟེང་དུ་བཅག་པར་བྱའོ། །སངས་རྒྱས་རྣམས་ཀྱི་སྤྱི་བོར་རྐང་པ་བཞག་པས་སྡིག་པར་འགྱུར་རོ་སྙམ་པའི་འགྱོད་པ་བསལ་བའི་ཕྱིར། ངོ་བོ་ཉིད་དག་པ་ཞེས་བྱ་བ་གསུངས་ཏེ། རང ་བཞིན་གྱིས་དག་པ་ཉིད་ཡིན་པའི་ཕྱིར་ཉེས་པར་མི་འགྱུར་ཞིང་འགྲུབ་པར་ཡང་འགྱུར། །གང་ལ་རྡོ་རྗེའི་རྒྱ་མཚོ་སྟེ། རྒྱ་མཚོ་ཉིད་རྐང་པས་གནོན་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དབང་ཆེན་དཀྱིལ་འཁོར་བསྒོམས་ནས་? ་ནི་རྩོད་པའི་དུས་སུ་ཕ་རོལ་རྒོལ་བའི་ཁའི་ནང་དུ་ཡི་གེ་ལཾ་ལས་བྱུང་བའི་དབང་ཆེན་གྱི་དཀྱིལ་འཁོར་སེར་པོ་གྲུ་བཞི་བུར?་བཞི་རུ། རྡོ་རྗེ་རྩེ་གསུམ་པས་མཚན་པ་དང། མཚམས་ཀྱི་རྡོ་རྗེ་དེ་རྣམས་ཀྱང་རྣ་བ་གཉིས་དང་སྐན་རང་སྤྱི་བོ་དང་ལྕེའི་རྩ་བ་ཕུག་སྟེ ་ཕྱི་རོལ་དུ་བྱུང་བར་ལྟ་ཞིང། དེ་ཡང་ཁ་སྡུག་ཏུ་འགྱེལ་ཞིང་རྒྱལ་བར་གྱུར་པ་དབྱངས་ཐ་མ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་ལ་གནས་པའི་ཁྲོ་བོའི་རྒྱལ་པོ་གང་ཡང་རུང་བ་གསེར་གྱི་རི་བོ་ཐོགས་པས་གཡོན་བརྐྱང་བའི་ཞབས་ཀྱིས་མནན་པར་བསམ་པར ་བྱ་བ་སྟེ། དེས་ནི་ཐམས་ཅད་ཀྱི་དག་རེངས་པར་འགྱུར་རོ། །གང་ལ་མུ་སྟེགས་ཅན་དང་ལས་ཀྱིས་རྒོལ་བ་ཐམས་ཅད་ཀི་དག་རེངས་པར་བྱ་བ་ཡོང་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་གསུམ་མཆོག་ཁྲོ་བོའི་ཚུལ། ཞེས་བྱ་བ་ནི་ཕ་རོལ་གྱི་དཔུང་རེངས ་པར་བྱ་བའི་ཕྱིར་ཕུལ་དུ་བྱུང་བ་ཐོབ་པའི་རྣལ་འབྱོར་པས་རང་གི་དཀྱིལ་འཁོར་དུ་ཁྲོ་བོའི་ཚུལ་གྱི་བདག་ཉིད་ཀྱི་རང་གི་ལྷའི་རྣལ་འབྱོར་དང་ལྡན་པས་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ཁྲོ་ཞིང་ཁྲོ་བའི་གཟུགས་ཅན་སྐུ་མདོག་སེར ་པོ་གསེར་གྱི་རི་བོ་དང་མཚུངས་པ་རྣམས་སྤྲོས་ཏེ་སྐྱེས་བུ་དཔའ་བོ་རེ་རེའི་སྤྱི་བོར་མནན་ཏེ་བཞུགས་པར་བསམ་པར་བྱའོ། །འདིར་ཇི་ལྟར་སྙིང་པའི་མན་ངག་བཤད་པར་བྱ་སྟེ། ཁ་ཕྱིར་བལྟས་པ་རྣམས་ཀྱི་སྤྱི་བོར་ཁྲོ་བོ་ཁ་ཕྱིར་བལྟས་པ་རྣམས ་བསྒོམ་ཞིང། འབྲོས་པ་རྣམས་ལ་ཁ་མདུན་དུ་བལྟས་པ་འམ། ཁ་ཕྱིར་བལྟས་པ་དགོད་པར་བྱ་སྟེ། དེ་ལྟར་ན་བཅུང་ཟད་ཀྱང་མི་བྱེད་པར་གནས་པར་འགྱུར་རོ། །ཁ་མདུན་དུ་བལྟས་པ་རྣམས་ལ་ནི་སྐུ་མདོག་སེར་པོ་ཁ་མདུན་དུ་བལྟས་པ་རྣམས ་བསམ་པར་བྱ་སྟེ། དེ་རྣམས་ཀྱང་དེ་བཞིན་དུ་འགྱུར་རོ། །སངས་རྒྱས་དཔུང་ཡང་གནོད་བྱེད་པས། ཞེས་བྱ་བས་ནི་སྦྱོར་བ་འདིའི་ཆེ་བ་བདག་ཉིད་ཀྱི་ཁྱད་པར་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ལས་ཕ་རོལ་གྱི་དཔུང་? ་གནོན་པ་བྱུང་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ལས་བྱུང་བ་སྟེ་དཔལ་རྡོ་རྗེ་སེམས་དཔའ་ཨོ། །གཞན་ནི་གོ་སླའོ། །དགྲ་བོ་སྐྲག་པར་བྱ་བའི་དུས་སུ། བསམ་གཏན་རབ་ཏུ་བརྟག་པ་འདི། ཞེས་བྱ་བ་ནི་འཆད་པར་འགྱུར ་པའོ། །སངས་རྒྱས་དག་གིས་ཞེས་བྱ་བ་ལ་སོགས་པས་ནི་མཐུན་ཕུལ་དུ་བྱུང་བ་བཤད་པའི་སྒོ་ནས་བརྟན་པ་ཉིད་དུ་སྟོན་པར་བྱེད་དོ། །ཧཱུཾ་ཞེས་བྱ་བ་ལ་སོགས་པ་ལ། ཉི་མའི་དཀྱིལ་འཁོར་ལ་གནས་པའི་རང་གི་ལྷའི་ཁྲོ་བོའི་རྣལ་འབྱོར་དང་ལྡན་པས ་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཕུར་བུ་རྩེ་ལྔ་པ་འབར་བ་ཡང་དག་པར་སྦྱོར་བ་ལས་བྱུང་ནས་ཁྲོས་པར་གྱུར་པས་ངེས་དགྲ་བོའི་སྙིང་ཀར་ཕུར་བུས་གདབ་པར་བྱ་སྟེ། རྨོངས་པ་དང་བསང་པའི་བསམ་པའི་དབང་གིས་རྨོངས་པ་དང་ཤི་པར་འགྱུར་རོ། །གང ་ལ་དགྲ་པོ་རྣམས་རྣོངས་པ་སྟེ་བརྒྱལ་བ་དང་གནོད་པ་བྱེད་པ་སྟེ། གསོད་པར་བྱེད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གྲོང་ལ་སོགས་པའི་ནང་ཀྱི་འཚེ་བ་ཞི་བར་བྱ་བའི་ཕྱིར་། གྲོང་དམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་གོ་སླ་བའོ། །རྡོ ་རྗེ་རྩེ་མོ་ཞེས་བྱ་བ་ལ། སྙིང་རྗེ་ཆེན་པོ་དང་ལྡན་པའི་རྣལ་འབྱོར་པས་བདག་ཉིད་རྟེན་དང་བརྟེན་པའི་བདག་ཉིད་ཀྱི་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་དཀར་པོ་ཞི་བའི་ཚུལ་ཅན་དུ་ཇི་ལྟ་བ་བཞིན་རྣམ་པར་བསྒོམ་སྟེ། ནམ་མཁའ་ཨི་ཕྱོགས་སུ་ཡི་གེ་ཧཱུཾ་ལས་བྱུང་བའི ་རྡོ་རྗེ་ཆེན་པོ་འབར་བ་རྩེ་མོ་གྱེན་དུ་ལྷས་པ་གྲོང་ཁྱེར་ལ་སོགས་པ་ཀུན་ཏུ་ཁྱབ་པར་གནས་པ་བསམས་ལ། དེ་ལས་བྱུང་པའི་འབར་པའི་ཚོགས་རྣམས་ཀྱིས་དེ་ན་གནས་པའི་སེམས་ཅན་ནད་ཀྱིས་གཙོས?་པ་རྣམས་ཀུན་ཏུ་བསྲེགས་ནས་ཀྱང་གོས ་གཙང་མ་བཞིན་དུ་ནད་ཀྱི་དྲི་མ་ཐམས་ཅད་ཚིག་པར་བྱས་ཏེ་དེ་ཉིད་དུ་འོད་ཟེར་གྱི་ཚོགས་བསྡུ་པར་བྱའོ། །རིན་ཆེན་ཡིད་བཞིན་ནོར་བུའི་འོད་ཅེས་བྱ་བ་ལ་སོགས་པས་ནི་རྡོ་རྗེ་དེ་ཉིད་ལས་དཀོན་མཆོག་དཔལ་གྱི་ཚོགས་གོས ་དཀར་མོ་སྐུ་མདོག་སེར་པོ་དང་ལྡན་པ་རྣམས་རྣམ་པར་སྤྲོས་ཏེ། དེ་རྣམས་ཀྱིས་བུམ་པ་སེར་པོའི་བདུད་རྩིའི་དབང་བསྐུར་བ་དང། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་གྱི་དབང་བསྐུར་བ་དང། རིན་པོ་ཆེ་དང་གོས་དཀར་མོ་ཞུ་བར་གྱུར་པའི་ནམ་མཁའ་ ་དབྱིངས་སུ་གཞུག་པའི་དབང་བསྐུར་བ་དེ་རྣམས་ལ་སྦྱིན་པར་བྱའོ་ཞེས་བསྟན་ཏོ། །དེས་ཅིར་འགྱུར་ཞེ་ན། །དགང་བཀའ་བ་ཡང་རབ་ཏུ་འགེངས། ཞེས་བྱ་བ་གསུངས་ཏེ། ནང་ཐམས་ཅད་ཀྱི་ཤིན་ཏུ་སྐེམ་པ་ཡང་ཤ་རྒྱས་ཤིང་ཤེས་རབ ་འཕེལ་བར་འགྱུར་རོ། །སྦྱིན་པོའི་རྡོ་རྗེ་སྒྲུབ་བྱེད་པ། ཡིན་བཞིན་ནོར་བུ་དཔལ་ལྡན་འགྱུར། ཞེས་བྱ་བ་ནི་བཤད་མ་ཐག་པའམ་སེམས་ཅན་དབུལ་པོ་གཞན་ཡང་རུང་རིམ་པ་དེ་བཞིན་དུ་དབང་བསྐུར་ན་ཡང་བཞིན་གྱི་ནོར་བུ་བཞིན་དུ་འགྲོ་བ ་མ་ལུས་པའི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་བའོ། །དེ་ལྟར་ཞི་བ་དང་རྒྱས་པར་བྱས་ན། ནད་ལ་སོགས་པའི་འཚེ་བ་རྣམས་སླར་མི་འབྱུང་བར་བྱ་བའི་ཕྱིར། སངས་རྒྱས་སྤྲིན་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་། ་རྣམ་པར་སྣང་མཛད་དང་འོད་དཔག་ཏུ་མེད་པ་དང་མི་བསྐྱོད་པའི་ཚོགས་རྣམས་སྤྲོས་ཏེ། དེ་རྣམས་ཀྱི་གྲོང་ཁྱེར་ལ་སོགས་པའི་ས་གཞི་ཀུན་ཏུ་བཀང་ལ། །ས་འོག་གི་བར་དུ་སྐུ་རྡོ་རྗེ་ལ་སོགས་པའི་རྡུལ་ཕྲ་རབ་རྣམས་ལས་གྲུབ་པར་བསམ ་པར་བྱའོ། །དེ་ལྟར་བསྒོམས་པས་གྲོང་ཁྱེར་ལ་སོགས་པའི་གནས་བསྐལ་པ་གྲངས་མེད་པ་གསུམ་གྱི་བར་དུ་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་བརློབ་པར་འགྱུར་རོ། །འདི་དེ་ཞེས་བྱ་ནི་བཤད་མ་ཐག་པའོ། །སེམས་ཅན་གྱི་ལུས་ཉོན ་མོངས་པ་ཐམས་ཅད་དང་བྲལ་བར་བྱེད་པ་ཉིད་ཡིན་པའི་ཕྱིར་གསང་བའི་སྐུ་སྟེ་སྐྱོན་མེད་པའོ། །གང་ལ་སེམས་ཅན་ཐམས་ཅད་ཀྱི་ནད་མེད་པར་བྱེད་པ་ཡོད་པ་དེ་ཉིད་རྡོ་རྗེ་ལྟར་མི་ཕྱེད་པ་ཉིད་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །བསྐྱེད་པའི་རིམ་པ་བསྒོམ ་པར་བྱེད་པའི་དབང་དུ་བྱས་ནས་བསྲུང་པའི་འཁོར་ལོ་བསམ་གཏན་ལས་བྱུང་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། བསམ་གཏན་ལས་བྱུང་ཞིང་སྐྱེས་པས་ན་བསམ་གཏན་ལས་བྱུང་བ་སྟེ་བསྲུང་བའི་འཁོར་ལོ་ཡིན་ཞིང་དེ་ཡིས་སོ། །རྣལ་འབྱོར་པའི ་དབང་ཕྱུག་གི་བདག་པོ་གདོང་མ་ནས་མ་སྐྱེས་པའི་དངོས་པོ་ཐམས་ཅད་རྣམ་པར་དག་པ་ལ་གནས་པས་བགེགས་ལ་སོགས་པའི་རྣམ་པར་རྟོག་པ་ཐ་དང་པ་བསྐྱེད་པར་མི་བྱ་ཞིང་ངེས་པར་བྱ་སྟེ། རྒྱུན་མི་འཆད་པར་ཐུན་བཞིར་བསྒོམ་པ་དམ་བཅས་པ ་གནས་གང་དུ་སྤྱོད་པ་ནི། འདི་ཡིས་ཞེས་བྱ་བ་འཆད་པར་འགྱུར་བའི་བསྲུང་བའི་འཁོར་ལོའི་རྣལ་འབྱོར་གྱི་གནས་དང། སྒྲུབ་པ་པོ་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་རློབ་པར་འགྱུར་རོ། །རྡོ་རྗེ་བདུད་རྩི་ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་དུ ་བསྟན་པ་ཡིན་ཏེ། སྒྲུབ་ཐབས་ལས་བཤད་པའི་ཆོ་ག་བཞིན་དུ་ཞེ་སྡང་རྡོ་རྗེའི་རྣལ་འབྱོར་དང་ལྡན་པས་གནོད་མཛེས་རྒྱལ་པོ་ཕྱུང་སྟེ། དེ་ལ་བཀའ་བཀོས་ནས། ཕྱོགས་བཅུ་ན་གནས་པའི་ཁྱབ་འཇུག་ལ་སོགས་པའི་བགེགས་ཀྱི་ཚོགས ་བཀུག་སྟེ། གནས་ཇི་ལྟ་བ་བཞིན་དུ་རྣམ་པར་བཀོད་ལ་བདུད་རྩི་ཞེས་བྱ་བའི་ཁྲོ་བོ་བཅུ་སྣང་ཕུར་བུའི་རྣམ་པ་ཅན་འོད་ཟེར་འབར་བ་རྣམས་ཀྱིས་མ་དངས་བཟང་པོ་དང་ལྡན་པ་ཕྱུང་སྟེ། དཔལ་གནོད་མཛེས་རྒྱལ་པོས་ལག་པ་གཡོན ་པས་བཟུང་ཞིང། ཨོཾ་གྷ་གྷ་ཞེས་བྱ་བ་ལ་སོགས་པའི་བཀས་ལག་པ་གཡས་པ་ན་ཐོགས་པའི་རྡོ་རྗེ་ཐོ་བས་བརྡུངས་ནས། མགོ་བོ་ནས་བརྩམས་ཏེ། རྐང་པའི་བར་དུ་བགེགས་ཐམས་ཅད་ཕུར་བུས་གདབ་པར་བྱའོ། །འགྲོ་བ་སྟེ་ ་བགེགས་ཀྱི་ཚོགས་ཀྱི་རང་བཞིན་གྱི་སེམས་ཅན་གྱི་ཁམས་འདུལ་བ་ནི་ཕུར་བུས་གདབ་པ་སྟེ། གང་ལ་དེས་ཞི་བ་མི་ཕྱེད་པར་འགྱུར་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཞི་བ་ལ་ནི་སྤྱན་གྱི་ཚུལ་ཞེས་བྱ་བའི་མདོ་དེའི་བཤད་པ། ་ཞི་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞི་བའི་དཀྱིལ་འཁོར་ནི་བཤད་ཟིན་པའི་མཚན་ཉིད་ཅན་གྱི་ཆུའི་དཀྱིལ་འཁོར་ཡིན་ཞིང་དེ་ཉིད་དམ་པའོ། །རྣམ་པར་སྣང་མཛད་གཟུགས་བསམས་ནས། རང་གི་ཐུགས་ཀར་འདོད?་པ ་གཞག། ཞེས་བྱ་བ་ལ་སོགས་པས་ནི། འདི་སྐད་དུ་བསྟན་པ་ཡིན་ཏེ། སྔར་བཤད་པའི་ཚུལ་བཞིན་དུ་སངས་རྒྱས་སྤྱན་གྱི་ཆོས་འབྱུང་གི་ནང་ན་གནས་པའི་སྐུའི་དཀྱིལ་འཁོར་གྱི་དབུས་སུ་པདྨའི་སྟེང་གི་ཟླ་བའི་གདན་ལ་གནས་པའི་ཇི་སྐད་བཤད ་པའི་ཆུའི་དཀྱིལ་འཁོར་ལ་འདུག་སྟེ། བདག་ཉིད་རིག་མ་དང་བཅས་པའི་རྣམ་པར་སྣང་མཛད་སྐུ་དང་ཞལ་གསུམ་སྐུ་མདོག་དཀར་པོ་ཞི་བའི་དང?་ཅན་ཤིན་ཏུ་སྙིང་རྗེའི་དབང་དུ་གྱུར་པ་དཀར་ཞིང་ཞི་བའི་དང་ཅན་གྱི་དེ་བཞིན་གཤེགས་པ ་བཞིས་ཡོངས་སུ་བསྐོར་བར་རྣམ་བར་བསམས་ནས། ཡེ་ཤེས་སེམས་པའི་ཐུགས་ཀར་པདྨའི་སྟེང་གི་ཟླ་བ་ལ་བསྒྲུབ་བྱ་དང་སངས་རྒྱས་སྤྱན་གྱི་སྔགས་ཀྱི་འཕྲེང་བ་མགོ་གྱེན?་དུ་ལྟས་པ་མདོག་དཀར་པོ་བདུད་རྩི་འཛག་བ་བསྒྲུབ་བྱའི་ལུས་ཀུན་དུ ་ཁྱབ་པར་བྱེད?་པ་རྣམ་པར་བཀོད་ལ། དེའི་རྣམ་པར་ཤེས་པ་གཞུག་པ་སྔོན་དུ་འགྲོ་བ་ཅན་གྱི་འོད་ཟེར་གྱི་སྒོ་ལས་བྱུང་བའི་རྟགས་དང་ཡང་དག་པར་ལྡན་པའི་སངས་རྒྱས་སྤྱན་རྣམས་ཀྱིས་ནམ་མཁའ་ཨི་དབྱིངས་ཀུན་ཏུ་གང་བར་བལྟས་ཏེ། ་སྔགས་ལས་བྱུང་བའི་འོད་ཟེར་གྱི་ལྕགས་ཀྱུ་རྣམས་ཀྱིས་གནས་ནས་བཀུག་ལ་སྔ་མ་བཞིན་དུ་། བུམ་པ་ལ་སོགས་པའི་དབང་བསྐུར་བའི་ཚུལ་གྱིས་བསྒྲུབ་བྱའི་ལུས་ལ་བཅུག་སྟེ། སླར་སངས་རྒྱས་སྤྱན་དང་ཡང་དག་པར་ལྡན ་བའི་རྟག་པ་རྣམས་སྤྲོས་ལ། དེ་ཁོ་ན་བཞིན་དུ་དབང་བསྐུར་པར་བྱའོ། །དེས་ནི་བསྒྲུབ་བྱ་མི་ཕྱེད་པའི་སྐུ་ཅན་དུ་འགྱུར་རོ། །སངས་རྒྱས་ནི་རྣམ་པར་སྣང་མཛད་དོ། །དམ་གྱི་སྒྲས་ནི་སངས་རྒྱས་སྤྱན་ཏེ་གང་ལ་དེ་དག་གི་བཀོད་པའི་སྤྲིན་གྱིས་ཞི་བར་བྱ ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྒྱས་ལ་པདམོ་རྡོ་རྗེ་ཅན་ཞེས་བྱ་བའི་མདོ་བཤད་པ། ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་བ་གསུངས་ཏེ། རིན་པོ་ཆེའི་དམ་ཚིག་གིས་བྷ་གར་རིན་པོ་ཆེའི་དཀྱིལ་འཁོར་གྱི་དབུས་ན་གནས་པའི་པདྨའི ་སྟེང་གི་ཟླ་བའི་གདན་གྱི་དབུས་སུ་དབང་ཆེན་གྱི་དཀྱིལ་འཁོར་བཤད་ཟིན་བའི་མཚན་ཉིད་ཅན་ནོ། །དེ་ཉིད་དགེ་ལེགས་ཐོབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་དམ་པའོ། །ཆོས་ནི་འོད་དཔག་ཏུ་མེད་པ་གོས་དཀར་མོའི་གཟུགས་སུ་གྱུར་པ་ཡིན ་ཞིང། །དེ་སྙོམས་པར་འཇུག་པའི་སྒོ་ནས་འཛིན་པར་བྱེད་པས་ན་ཆོས་འཛིན་པ་སྟེ། རིག་མ་དང་བཅས་བ་སྐུ་མདོག་སེར་པོ་ཐུགས་རྒྱ་ཆེ་བ་སྔ་མ་བཞིན་དུ་དེ་བཞིན་གཤེགས་པ་བཞིའི་དབུས་ན་བཞུགས་པའི་རིན་ཆེན་འབྱུང་ལྡན་ནོ།། ་སྙིང་གར་འདོད་པ་ཞེས་བྱ་བ་ནི་བཤད་མ་ཐག་པའི་རང་བཞིན་དུ་གོས་དཀར་མོའི་སྔགས་ཀྱི་འཕྲེང་བས་ཀུན་ཏུ་བསྐོར་བའོ། །དཀར་མོ་ཞེས་བྱ་བ་ནི་དཀོན་མཆོག་དཔལ་དང་ལྡན་པའི་གོས་དཀར་མོ་སྐུ་མདོག་སེར་པོ་རྣམས་ཀྱིས་ནམ་མཁའ་ ་ཀུན་ཏུ་བཀང?་སྟེ་བསྡུས་ནས་སངས་རྒྱས་སྤྱན་བཞིན་དུ་ཀུན་ཏུ་སྦྱར་ཏེ། ལུས་ལ་གཞུག་པར་བྱའོ། །དེའི་ཕྱིར་འདོད་པ་ལ་དེ་དབབ་པར་བྱ་ཞེས་བྱ་བ་གསུངས་ཏེ། རང་གིས་སྤུའི་བུ་ཀའི་གསེབ་ནས་བྱུང་བའི་དཀོན་མཆོག་དཔལ་གྱི་ཚོགས་གོས ་དཀར་མོ་དང་ཡང་དག་པར་ལྡན་པ་ཡང་སྤྲོས་ལ་བསྡུས་ཏེ་དེ་ཁོ་ན་བཞིན་དུ་དབང་བསྐུར་བ་དང་རྗེས་སུ་ཞུགས་པར་བསམ་པར་བྱའོ། །འདི་ཡིས་ཞེས་བྱ་བ་ནི་བཤད་མ་ཐག་པས་སོ། །དགང་དཀའ་བ?་ཡང་རབ་ཏུ་འགེངས་ཞེས་བྱ་བ་ནི་བཤད ་ཟིན་ཏོ། །ཆོས་ནི་གོས་དཀར་མོ། །དམ་ཚིག་ནི་དཀོན་མཆོག་དཔལ་ཏེ། གང་ལ་དེ་དག་གི་སྤྲིན་བཀོད་པ་དག་གིས་རྒྱས་པར་བྱེད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དབང་ལ་རྣམ་པར་སྣང་མཛད་གནས་ཞེས་བྱ་བ་མདོ ་དེའི་དོན་ནི། །མཁའ་དབྱིངས་ཀྱི་ཞེས་བྱ་བ་ལ་སོགས་བ་གསུངས་ཏེ། གོས་དཀར་མོའི་མཚོ་སྐྱེས་སུ་གསུང་གི་དཀྱིལ་འཁོར་གྱི་དབུས་ན་གནས་བའི་པདྨའི་སྟེང་གི་ཟླ་བའི་གདན་ལའོ། །རྡོ་རྗེ་ཟླ་གམ་དཀྱིལ་འཁོར་ནི་ཡི་གེ་བཾ ་ལས་བྱུང་བའི་གཞུའི་རྣམ་བ་ཅན་གྱི་རླུང་གི་དཀྱིལ་འཁོར་རྡུལ་ཕྲ་རབ་དམར་པོ་གཡོ་བའི་རང་བཞིན་ཅན་རྡོ་རྗེའི་ཅན་ནན་གྱིས་མཚན་པའོ། །རྡོ་རྗེ་ནམ་མཁའ་ཞེས་བྱ་བ་ལ་སོཌ་པ་ལ། རྡོ་རྗེ་ནམ་མཁའ་ཞེས་བྱ་བ་ནི་ལྷ་མོ་རྡོ་རྗེ་ནམ་མཁའ་མའོ། །ཆོས་མཆོག་ནི་དེ་དང་ཡང་དག ་པར་ལྡན་པའི་འོད་དཔག་ཏུ་མེད་པའོ། །འདོད་པ་ཞེས་བྱ་བ་ནི་འགྲོ་བ་ཐམས་ཅད་དབང་དུ་བྱ་བར་འདོད་པའི་གསོལ་བ་འདེབས་པར་བྱེད་པའོ། །སངས་རྒྱས་ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པ་རྣམས་སོ། །བྱང་ཆུབ་སེམས ་དཔའ་ཡིས་ཞེས་བྱ་བ་ནི་རིན་པོ་ཆེའི་རིགས་ཀྱི་མཱ་མ་ཀཱིའི་གཟུགས་རྣམས་ཀྱིས་སྟེ། འདི་ཉིད་ལས་བྱང་ཆུབ་སེམས་དཔའ་ཆུ་རྡོ་རྗེ་དང་ཞེས་བཤད་པ་ཉིད་ཀྱི་ཕྱིར་རོ། །འོད་ཟེར་ལྔའི་སྦྱོར་བ་ཡིས་ཞེས་བྱ་བ་ལ་སོགས་པས་ནི། ་འདི་སྐད་དུ་བསྟན་པ་ཡིན་ཏེ། བདག་ཉིད་ཇི་སྐད་བཤད་པའི་དཀྱིལ་འཁོར་ན་གནས་པ་སྐུ་མདོག་དམར་སྐྱ་ཀུན་ཏུ་ཆགས་པའི་ཐུགས་མངའ་བ་སྔ་མ་བཞིན་དུ་དེ་བཞིན་གཤེགས་བ་བཞིས་ཡོངས་སུ་བསྐོར་བ་རིག་མ་དང་བཅས་པའི ་འོད་དཔག་ཏུ་མེད་པར་བསམས་ལ། སྔ་མ་བཞིན་དུ་འདོད་པ་མཱ་མ་ཀཱིའི་སྔགས་ཀྱི་འཕྲེང་བས་ཀུན་ནས་བསྐོར་བ་བལྟས་ཏེ། སྔགས་ལས་བྱུང་བའི་འོད་ཟེར་གྱི་སྒོ་ལས་བྱུང་བ་སྤྲོས་པའི་འོད་དཔག་ཏུ་མེད་པ་དང་ཡང་དག་པར ་ལྡན་བའི་མཱ་མ་ཀཱི་དམར་པོའི་ཚོགས་རྣམས་ཀྱིས་ནམ་མཁའ་ཀུན་ཏུ་བཀང་ལ། དེ་རྣམས་ཀྱིས་དེ་ལ་བུམ་པ་དམར་པོའི་བདུད་རྩིས་དབང་བསྐུར་ཏེ། འདོད་ཆགས་ཀྱི་མེས་འབར་བ་ལ་འོད་ཟེར་ལྔས་ཁྱབ་པའི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་ཁ་དོག་དམ་པའི ་རྣམས་དབང་བསྐུར་ལ། མཱ་མ་ཀཱིའི་ཚོགས་ཞུ་བར་གྱུར་པ་ཞུགས་པས་དབང་བསྐུར་བར་བྱ་ཞིང། དེ་བཞིན་དུ་རང་གི་བ་སྤུའི་རྩེ་མོ་ལས་བྱུང་བའི་འོད་དཔག་ཏུ་མེད་པའི་ཚོགས་ཀྱིས་ཀྱང་དབང་བསྐུར་བར་བྱའོ། །དེ་ནི་ཞེས་བྱ་བ་དབང་དུ་བྱ ་བ་དོན་དུ་གཉེར་བའོ། །དེ་མ་ཐག་ཏུ་སྟེ་སེམས་བརྟན་པའི་རྣལ་འབྱོར་བས་མཉམ་པར་བཞག་པའི་རྗེས་ཐོགས་ཉིད་དུ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་སུ་བྱོན་བ་དང། འཕགས་པ་འཇམ་དཔལ་དང་འདྲ་བའི་སྐུ་དང་ལྡན་པ་དང། བལྟས་པ་ཙམ ་གྱིས་འགྲོ་བ་ཐམས་ཅད་དབང་དུ་བྱ་བའི་ལས་བྱེད་བར་དབང་བསྐུར་བའི་རྗེས་ཐོགས་ཉིད་ལ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་བལྟས་པ་ཙམ་གྱིས་བསྐུལ་ན། འགྲོ་བ་ཐམས་ཅད་དབང་དུ་འགྱུར་ཞེས་གསུངས་སོ། །རིན་པོ་ཆེ་ཞེས་བྱ་བ་ནི་རིན་པོ ་ཆེའི་རིགས་ཀྱི་ལྷ་མོ་ཆེན་མོའོ། །དམ་ཚིག་ནི་འོད་དཔག་ཏུ་མེད་པ་སྟེ། །གང་ལ་དེ་དག་གི་སྦྲིན་བཀོད་པ་དག་གིས་དབང་དུ་བྱ་བར་ནུས་པའི་དོན་བྱེད་བ་ཡོད་བ་དེ་ལ་དེ་སྐད་ཅེས་བྱའོ། །སྔར་ནི་རྡོ་རྗེའི་རིགས་གཅེད?་བྱས་པའི་སྒོ་ནས་སྤྱོད་བསྟན་པ་ཡིན་ནོ། ་ད་ནི་ལས་ཀྱི་ཚོགས་ཀྱི་གོ་རིམ་གྱི་སྒོ་ནས་ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། མཱ་མ་ཀཱིའི་པདྨའི་ནང་ན་གནས་བའི་ཐུགས་ཀྱི་དཀྱིལ་འཁོར་གྱི་དབུས་ན་གནས་བའི་པདྨའི་སྟེང་གི་ཉི་མའི་གདན་གྱི་དབུས་སུ་བདག་ཉིད་ཡི་གེ་རཾ་ལས ་བྱུང་བའི་ནམ་མཁའ་ལྟ་བུའི་མེའི་དཀྱིལ་འཁོར་གྲུ་གསུམ་འབར་བའི་ཡི་གེ་རཾ་གྱི་མཚན་པ་ལ་བཞུགས་པ་རྡོ་རྗེ་འཆང་ཆེན་པོ་དང་མཚུངས་པའི་མི་བསྐྱོད་པར་རྣམ་པར་བསྒོམས་ལ། དེ་ཁོ་ན་བཞིན་དུ་སྡིག་པ་བསག་པ་ཁ་སྦྱར་ཕྱེ་བར་གྱུར་པ་འཇིགས ་པས་མྱོས་པ་མདུན་ན་གནས་པའི་མེའི་དཀྱིལ་འཁོར་ལ་གནས་པ་མེའི་དཀྱིལ་འཁོར་ལ་གནས་པ་གཅེར་བུ་སྐྲ་གྲོལ་བ་ལུས་ཏིལ་མར་གྱིས་བསྐུས་པའི་བསྒྲུབ་བྱ་དམིགས་ཏེ། རང་གི་བ་སྦུའི་བུ་གནས་བྱུང་བའི་འོད་ཟེར་གྱི ་སྒོ་ལས་སྤྲོས་བའི་རྡོ་རྗེ་སྲིན་པོ་དྲག་པོ་མི་བཟད་པ་རྣམས་དང་ཅེ་སྤྱད་དང་བྱ་རོག་དང་བྱ་རྒོད་དང་ཁྱི་རྣམ་པ་ཐ་དད་པའི་རྣམས་ཀྱིས་ནམ་མཁའ་ཨི་དབྱིངས་ཀུན་ཏུ་བཀང་ལ། མཚོན་ཆ་སྣ་ཚོགས་ཐོགས་པའི་ཁྲོ་བོ་རྣམས་ཀྱིས་མནན་ཏེ་དུམ་བུར ་བྱས་ཤིང་སྲིན་པོ་ལ་སོགས་པ་རྣམས་ཀྱིས་ཁྲག་དང་ཀླད་པ་ལ་སོགས་པ་ཕྱུང་ནས་ཟོས་པར་བསམ་པར་བྱའོ། །གལ་ཏེ་དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ། ཕུལ་དུ་བྱུང་བ་མ་ཐོབ་པས་ཀྱང་བསྒོམ་བ་འདིའི་སྦྱོར་བས་ཁ་སྦྱར་ཕྱེ་བར ་གྱུར་ནས་སངས་རྒྱས་ལ་སོགས་པ་ཡིན་ཡང་ཟླ་བ་ཕྱེད་ཀྱི་ནང་དུ་ངེས་པར་འཆི་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གང་ལ་རྡོ་རྗེ་སྲིན་པོ་ལ་སོགས་པའི་སྤྲིན་བཀོད་པ་རྣམས་ཀྱིས་མངོན་སྤྱོད་བྱ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྔར ་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྲུལ་པའི་དཀྱིལ་འཁོར་བསྟན་པའི་ཕྱིར་ཁ་དོག་ལ་སོགས་པ་བཤད་ཅིང། ད་ནི་རྣལ་འབྱོར་བསྒོམ་བར་བྱེད་བའི་དབང་དུ་བྱས་ནས། རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པས་སྟོན་ཏེ ་དེ་ནི་བཤད་ཟིན་ཏོ། །འཁོར་ལོ་རྡོ་རྗེ་པདམོ་ཆེ། །གཡས་པའི་ཕྱག་དུ་རྣམ་པར་བསྒོམ་ཞེས་བྱ་བ་ལ། །རྣམ་བར་སྣང་མཛད་ཀྱི་གཡས་པའི་རྩ་བའི་ཕྱག་ན་འཁོར་ལོ་མི་བསྐྱོད་པའི་རྡོ་རྗེ་འོད་དཔག་ཏུ་མེད་པའི་ནི་པདྨ་ཆེན་པོའོ། ་དེ་ནི་ཉེ་བར་མཚོན་པ་ཡིན་ཏེ། རིན་ཆེན་འབྱུང་ལྡན་གྱི་གཡས་བའི་རྩ་བའི་ཕྱག་ན་རིན་པོ་ཆེ་དོན་ཡོད་པར་གྲུབ་པའི་ནི་རལ་གྲིའོ། །ངེས་པར་འབྱེད་པའི་ཤེས་རབ་ཀྱི་དོན་སྟོན་པར་བྱེད་པའི་དྲིལ་བུའི་སྒྲའི་རྗེས་སུ་འགྲོ་བའི་ཤེས་རབ་ཀྱི་རང ་བཞིན་ཅན་ནི་ལྷ་ཐམས་ཅད་ཀྱི་གཡོན་པའི་རྩ་བའི་ཕྱག་ཏུ་བལྟ་བར་བྱའོ། །མཚོན་ཆ་བཟང་པོ་སྣ་ཚོགས་བསྣམས་པ་ཞེས་བྱ་བ་འདིས་ནི་དེ་བཞིན་གཤེགས་བ་ལྔ་ལྟ་ཐམས་ཅད་དང་ཐུན་མོང་དུ་ཤེས་རབ་ཡེ་ཤེས་གྱི་དོན་སྟོན་བར་བྱེད་ཅིང་རྣམ ་པར་ཐར་པ་དྲུག་གི་བདག་ཉིད་ཀྱི་ཕྱག་མཚན་དྲུག་བསྣམས་བ་ཡིན་ནོ་ཞེས་བསྟན་པ་ཡིན་ཏེ། འོན་ཀྱང་རྒྱུད་ནི་སྐུ་དང་གསུང་དང་ཐུགས་གཙོ་བོར་གྱུར་པ་ཉིད་ཡིན་བའི་ཕྱིར། སྐུ་རྡོ་རྗེའི་ཕྱག་གཡས་པ་རྣམས་ན་ནི་འཁོར་ལོ་དང་རྡོ་རྗེ་དང་པདྨའོ།། ་ཐུགས་རྡོ་རྗེའི་ནི་རྡོ་རྗེ་དང་འཁོར་ལོ་དང་ཆུ་སྐྱེས་སོ། །གསུང་རྡོ་རྗེའི་ནི་པདྨ་དང་རྡོ་རྗེ་དང་འཁོར་ལོའོ། །གཡོན་པ་རྣམས་ན་ནི་དྲིལ་བུ་དང་ཡིད་བཞིན་གྱི་ནོར་བུ་དང་རལ་གྲིའོ། །རིན་ཆེན་འབྱུང་ལྡན་གྱི་གཡས་པ་རྣམས་ན་ནི། ཡིད་བཞིན་གྱི ་ནོར་བུ་དང་རྡོ་རྗེ་དང་འཁོར་ལོ། །གཡོན་པའི་གཉིས་པས་ནི་པདྨའོ། །དེ་བཞིན་དུ་དོན་ཡོད་པར་གྲུབ་པའི་གཡས་པའི་རྩ་བའི་ཕྱག་ན་ནི་རལ་གྲི་གཉིས་པ་ན་ནི་སྣ་ཚོགས་རྡོ་རྗེ། །གཡོན་པའི་གསུམ་པ་ན་ནི་པདྨའོ། །དེ་བཞིན་དུ་རིགས་ཀྱི ་དབྱེ་བའི་སྒོ་ནས་ཐམས་ཅད་ལ་ཤེས་པར་བྱའོ། །གང་དུ་ཁྱད་པར་གྱི་གནོད་པ་མེད་པ་དེ་ནི་བར་བུ་ཆོས་གོས་འཁར་གསིལ་དང། མཚོན་ཆ་སྣ་ཚོགས་མཆོག་འཛིན་བ། །ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་བཟུང་ནས་ཡང་འགྲུབ་པར ་འགྱུར་རོ། །སྐུ་དང་གསུང་ཐུགས་སྦྱོར་བ་ལས། །ལྷ་རྣམས་ཐམས་ཅད་ཞལ་གསུམ་མོ། །རྣམ་ཐར་བརྒྱད་ཀྱི་རང་བཞིན་ཕྱིར། །དེ་བཞིན་ཕྱག་མཚན་ཐམས་ཅད་བསྣམས། །རིགས་གསུམ་གཙོ་བོར་གྱུར་བའི་ཕྱིར། རྡོ་རྗེ་འཁོར་ལོ ་ཆུ་སྐྱེས་ནི། །གཡས་བའི་ཕྱག་ན་བསྣམས་བ་ཡིན། །དོན་གྱི་གཡོན་ན་ལྷག་མ་རྣམས། །ཕྱག་མཚན་དུ་མ་བསྣམས་པ་ཉིད། །ཀུན་ཏུ་སོ་སོར་གྲུབ་པ་ཡིན། །གཞུང་གི་དོན་དང་མན་ངག་ལས། །རལ་གྲི་གཡོན་བའི་ཕྱག་ན་བརྣམས? ་ཐ་མལ་པའི་སེམས་ཅན་ཡང། །གཡོན་བས་རལ་གྲི་འཛིན་བར་སྣང། །དེ་རྣམས་བྱ་བའང་བྱེད་པ་སྟེ། །གོམས་པའི་སྒོ་ནས་བྱ་མིན་མེད། །ཤིན་ཏུ་སྤྲོས་པས་ཆོ་གའོ། །བཅོམ་ལྡན་འདས་ཀྱིས་ཀྱང། །དངོས་གྲུབ་ཀུན ་གྱི་གཏེར་འགྱུར་བ། །དགོངས་པ་ལུང་བསྟན་ལ་བརྟེན་ནས། །གང་གི་སེམས་ཀྱི་ཇི་ལྟར་ནུས། །དེ་ཡིས་དེ་ལྟར་བྱ་བ་ཡིན། ཞེས་གསུངས་ཏེ། །བདག་གི་ནུས་པ་ཡང་དེ་ལྟ་བུ་ཡིན་ནོ། །སེམས་ཅན་ཀུན་ལ་ཞེས་བྱ་བ་ལ་སོགས་པ ་ནི་གོ་སླའོ། །ནམ་མཁའ་རྡོ་རྗེ་ནི་དཀོན་མཆོག་དཔལ་ལོ། །དེའི་སྤྱན་ནི་ཤེས་རབ་ཀྱི་སྤྱན་དུ་གྱུར་པ་འམ་རང་གི་?་སྔགས་ཀྱི་རྣལ་འབྱོར་པ་རྡོ་རྗེའི་གནས་སུ་ཁྲིད་པར་བྱེད་པས་སོ། །འདི་ནི་དུས་འདིར་མདོག་སེར་པོ་ཡིན་ནོ་ཞེས་བྱ་བ་ནི་མན་ངག ་ཡིན་ནོ། །གནག་ཅེས་བྱ་བ་མི་བསྐྱོད་པ་དང་ཡང་དག་པར་སྦྱོར་བའི་དུས་སུའོ། །དེའི་ཕྱིར་མཱ་མ་ཀཱི་འདི་ནི་རིགས་གཉིས་ཀྱི་རང་བཞིན་ཡིན་ནོ། །གསུང་གི་སྤྱན་ནི་བཤད་མ་ཐག་པ་བཞིན་དུ་དཀར་མོ་ཞེས་བྱ་པའོ། །རྡོ་རྗེས་མཚན་བའི ་ཨུཏཔལ་རྡོ་རྗེ་ཨུཏཔ་ལ་ཡིན་ཞིང། ངར་འཛིན་པར་བྱེད་པས་ནི་རྡོ་རྗེ་ཨུཏཔ་ལ་བསྣམས་པ་སྟེ། འཕགས་མ་སྒྲོལ་མའོ། །ཁྲོ་བོ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། དྲག་པོ་ནི་རྡོ་རྗེ་འཇིགས་བྱེད་ཡིན་ཞིང། དེ་དང་མཚུངས་པས་ན་དྲག་པོའི་འོད ་བཟང་བའོ། །སེམས་ཅན་ཐམས་ཅད་འཇིགས་པ་སྐྱེད་བར་བྱེད་པས་ནི་འཇིཌ་པའང་འཇིཌ་པ་བྱེད་ཅེས་རྗོད་དོ། གཞན་གྱིས་མི་ཐུབ་ཅེས་བྱ་བ་ལ་སོགས་པ་ནི་ཤེས་པར་ཟད་དོ། །ཁྲོ་བོ་ཆེན་པོ་རྟ་མགྲིན་ནི་ཞེས་བྱ་བ་ལ་སོགས་པ་ལ། བསྐལ ་པའི་མེ་བཞིན་རབ་ཏུ་འབར། །ཞེས་བྱ་བ་ནི་འཇིག་པའི་དུས་ཀྱི་མེ་དང་མཚུངས་པའོ། །གདུག་པ་ཞབས་ཀྱིས་མནན་ཞེས་བྱ་བ་ནི་ཕུང་པོའི་བདུད་ཀྱིས་རང་བཞིན་གྱི་ཚངས་པ་མནན་ནས་བཞུགས་པའོ། །སྦྱོར་བ་ཅན་གྱིས་རྟག་ཏུ ་བསམ། །ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་རམ། འོད་དཔག་ཏུ་མེད་པའི་རྣལ་འབྱོར་བྱས་ལ། སྔ་མ་བཞིན་དུ་རྣལ་འབྱོར་ཐམས་ཅད་པ་ལས་ཡང་དག་པར་ཕྱུང་སྟེ། དེས་སེམས་ཅན་གྱི་ཁམས་ཕུང་པོའི་བདུད་དང་བྲལ་བར་བྱས་ནས། བཀུག་སྟེ ་རང་གི་ལུས་ལ་བཅུག་ལ་ཐམས་ཅད་གྱུར་པར་བྱས་ནས་བདག་ཉིད་འཕགས་པ་རྟ་མགྲིན་དུ་བསམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་མི་འཆི་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་འབར་བ་ནི་ཞེ་སྡང་སྟེ། དེ་དང་འདྲ་བའོ། །མ་བཤད་པ་རྣམས་ཀྱི་སྐུ ་མདོག་ལ་སོགས་པ་ནི། ཏཱ་ཀི་ཡེ་ཤེས་ལ་སོགས་པས་བསྟན་ཏེ། ཏ་ཀི་འདོད་པར་ཡང་དག་བརྗོད། །ཅེས་འབྱུང་བའི་ཕྱིར་ཏ་ཀི་ཞེས་བྱ་བའི་སྒྲ་ནི་འདོད་བ་ལ་བྱའོ། །དེ་ཉིད་ཡེ་ཤེས་གྱི་ཁྲོ་བོའི་གཟུགས་ཡིན་པའི་ཕྱིར་ཁྲོ་བོ་ཆེན་པོའོ། །ཞལ ་གསུམ་པ་ནི་འཇིགས་པར་བྱེད། ཅེས་བྱ་བ་ལ་སོགས་པ་ནི་སྐུ་རྡོ་རྗེ་ལ་སོགས་པའི་རང་བཞིན་གྱི་ཞལ་གསུམ་གྱི་ཐ་མལ་པའི་ལུས་ལ་སོགས་པ་རྣམས་འཇིག་པར་བྱེད་པའོ། །སྤྱོད་པ་ལ་བརྩོན་པ་ཐམས་ཅད་ལས་མཆོག་ཏུ་གྱུར་པ་ཉིད་ཡིན ་པའི་ཕྱིར་སྟོབས་པོ་ཆེའོ། །སེམས་ཅན་ཐམས་ཅད་ཀྱི་མི་ཤེས་པའི་མུན་པ་ཐམས་ཅད་རྣམ་པར་འཇོམས་པར་བྱེད་བ་ཉིད་ཡིན་པའི་ཕྱིར་འཇིག་རྟེན་གསུམ་གྱི་མུན་སེལ་བའོ། །གདུག་པ་ཐམས་ཅད་འཇོམས་པར་བྱེད། ཅེས་བྱ་བ་ནི་བདུད ་བཞི་དང་བླ་མ་ལ་སྨོད་པར་བྱེད་པ་ལ་སོགས་པ་རྣམས་འཇོམས་པར་བྱེད་པའོ། །ཞལ་གསུམ་པར་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །རྡོ་རྗེ་དབྱུག་པ་ཁ་དོག་སྔོན་པོ་འཛིན་པར་མཛད་པ་ཉིད་ཡིན་པའི་དབྱུག་སྔོན་ཅན་ནོ། །ཁམས ་གསུམ་དག་གི་ནང་ན་གནས་པའི་གདུག་པ་རྣམས་འཇིགས་པར་བྱེད་བས་ན་ཁམས་གསུམ་དག་ནི་འཇིགས་པར་བྱེད་པའོ། །སྐུ་དང་གསུང་དང་ཐུགས་ལས་བྱུང་བའི་ཞལ་གྱི་ཡན་ལག་དང་ལྡན་པ་ཉིད་ཡིན་པའི་ཕྱིར་ཞལ་གསུམ་ ་རྡོ་རྗེ་གསུམ་ལས་བྱུང་བའོ། །ཉོན་མོངས་པའི་བུད་ཤིང་མ་ལུས་པ་བསྲེག་པའི་བདག་ཉིད་ཀྱི་འོད་ཀྱིས་འབར?་བ་ཉིད་ཡིན་པའི་ཕྱིར་འབར་བ་རྣོན་པོ་ཅན་ནོ། །རྡོ་རྗེ་ནི་སྦྱོར་བའི་མི་ཕྱེད་པའི་ཐབས་ཏེ། དེ་ལས་གཡོ་བ་མེད?་བས ་ན་རྡོ་རྗེ་མི་གཡོ་བའོ། །ཐུགས་ལས་བྱུང་བ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་ལས་བྱུང་བའོ། །སྲིད་པ་དང་མྱ་ངན་ལས་འདས་པ་དག་ཐ་མི་དད་པར་ལྟ་བའི་སྒོ་ནས་གཅིག་དུ་མཐོང་བའི་ཕྱིར་མི་གཡོ་བའོ། །ཞི་བ་ཞེས་བྱ་བ་ནི་ཁྲོ་བོ་གཞན་ལ་བལྟོས ་ནས་ཅུང་ཟད་ཙམ་ཉིད་ཀྱིས་ཡིན་གྱི། རྣམ་པ་ཐམས་ཅད་དུ་ཞི་བའི་གཟུགས་ཅན་ནི་མ་ཡིན་ཏེ། ཁྲོ་བོ་ཉིད་ཡིན་པའི་ཕྱིར་རོ། །གཞན་ནི་བཤད་ཟིན་ཏོ། །གཙུག་ཏོར་ཆེན་པོ་ཡི་གེ་ཅིག་།ཅེས་བྱ་བ་ནི་ཡི་གེ་བྲུཾ་ལས་བྱུང་བའི་གཙུག་ཏོར ་འཁོར་ལོ་སྒྱུར་བ་ཆེན་པོའོ། །འོད་ཟེར་དག་ནི་ཀུན་ནས་འཕྲོ། ཞེས་བྱ་བ་ནི་ཉི་མའི་འོད་ཟེར་བཞིན་དུ་སྤྲོས་པའི་འོད་ཟེར་རྣམས་ཀྱིས་ཀུན་ཏུ་སྣང་བར་བྱེད་པའོ། །ཞལ་གསུམ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །ཉོན་མོངས་པ ་ཐམས་ཅད་ངེས་པར་འཇོམས་པར་བྱེད་པའི་མཚན་ཉིད་ཅན་གྱི་ཡེ་ཤེས་མཆོག་འཛིན་པར་མཛད་པས་ན་གནོད་མཛེས་ཡེ་ཤེས་མཆོག་འཛིན་པའོ། །དེ་ཉིད་ནི་དྲག་པོ་ཡིན་ཞིང་དེ་ཉིད་ནི་འཇིག་པའི་དུས་ཀྱི་རྒྱ་མཚོ་དང་མཚུངས་པའོ། ་འདིའི་སྐུ་མདོག་ལ་སོགས་པ་ནི་སྲུང་བའི་འཁོར་ལོ་ལས་བཤད་དེ་འོན་ཀྱང་སྐབས་འདིར་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་དང་ལྡན་པ་ཡིན་ཞིང་ཕྱག་གཡོན་པ་ལྷག་མ་རྣམས་ཀྱིས་ནི་མི་བསྐྱོད་པ་བཞིན་དུ་མཚོན་ཆ་དེས་པར་བསྣམས་པའོ། ། ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟི་བརྗིད་ཀྱི་རང་བཞིན་ཉིད་ཡིན་པའི་ཕྱིར་གཟི་བརྗིད་ཕུང་པོའོ། །འདི་ལ་འཁོར་ལོས་བསྒྱུར་བ་ཐམས་ཅད་ཀྱིས་ཟིལ་གྱིས་མི་གནོན་པའི་གཙུག་ཏོར་ཡོད་པས་ན་གཙུག་ཏོར་རྒྱལ་པའོ། །གང ་གཞན་སྔགས་ཀྱི་འཁོར་ལོ་ཅན། ཞེས་བྱ་བས་ནི་འདི་དག་ལ་བརྟེན་ནས་འཁོར་ལོ་སྒྱུར་བ་བརྒྱད་བཟུང་ངོ། །དེ་རྣམས་ཀྱི་སྐུ་མདོག་ལ་སོགས་པའི་ངེས་པ་ནི་རྡོ་རྗེ་སྙིང་པོའི་རྒྱན་ལས་ཤེས་པར་བྱའོ། །ཞལ་དང་ཕྱག་གི་དེས་པ་ཡང་དེ་ཉིད་ལས ་བཤད་དེ། །རང་གི་ཕྱག་མཚན་ནི་རྩ་བའི་ཕྱག་ལ། ལྷག་མ་ལ་ནི་དེ་ལས་བཤད་པའི་ཕྱག་མཚན་རྣམས་དགོད་པར་བྱའོ། །དམ་ཚིག་ལོངས་སྤྱོད་འདི་རྣམས་ནི། །ཞེས་བྱ་བ་ནི་སྐུ་མདོག་དང་ཞལ་དང་ཕྱག་དང་མཚོན?་ཆ་ལ་སོགས་པས་ཁྱད་པར་དུ་བྱས ་པའི་སྐུ་མངའ་བ་བདག་ཉིད་བསྲུང་བར་ནུས་པ་རྣམས་སོ་སོར་རྣལ་འབྱོར་པ་རྣམས་ཀྱིས་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ལྷ་རྣམས་རེ་རེའི་ཏིང་ངེ་འཛིན་དཔག་ཏུ་མེད་ཅིང་ཚད་མེད་པར་བཤད་པཡིན་ནོ། །དེ་ཇི་ལྟར་ཤེས་ཞེས་ན། དེའི་ཕྱིར ་རེ་རེ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའ་ཨི་སྟེང་དུ་ཤིན་ཏུ་འཕགས། ཞེས་བྱ་བ་ནི་གལ་ཏེ་ནམ་མཁའ་ལ་ཡུལ་དེས་པ་ཡོད་ན་དེའི་ཚེ་ཁྲོ་པོའི་ཏིང་ངེ་འཛིན་གྱི་སྤྲུལ་པ་རྣམས་ཀྱིས་དེ་ཡང་ཀུན་ཏུ་བཀད་ནས་སྤྲུལ་པ་ཆེས་ལྷག་པར་ཡང ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་གྱུར་པར་བྱས་ནས་བཤད་མ་ཐག་པའི་ལྷ་ཐམས་ཅད་བསྒོམ་པར་བྱ་བ་ཡིན་པས། དེའི་ཕྱིར་ནམ་མཁའ་ཨི་དབྱིངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་སྐད་བཤད་པའི་བཙུན་མོའི ་ནམ་མཁའ་ཨི་དབྱིངས་སུ་འོད་གསལ་བའི་དཀྱིལ་འཁོར་ནི་རྣམ་པར་སྣང་མཛད་ཀྱིའོ། །སངས་རྒྱས་ནི་རྡོ་རྗེ་འཆང་སྟེ། དེའི་གཟུགས་ནི་སངས་རྒྱས་གཟུགས་སོ། །རྣམ་པར་སྣང་མཛད་རྣམ་པར་བསམ། །ཞེས་བྱ་བས་ནི་འདི་སྐད་དུ་བསྟན་ཏེ ་སྒྲུབ་པའི་ཐབས་ཀྱི་ཚུལ་བཞིན་དུ་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་དང་ལྡན་པས་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་གྱི་རྗེས་ཐོགས་ལ་རང་གི་རིག་མའི་པདྨ་ལ་གནས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བ་ལ་ཛི་ན་ཛི་ཀ་ཅེས་བྱ་བ་འདིས་རྣམ ་པར་སྣང་མཛད་བསྐྱེད་ནས་རྡོ་རྗེ་གསུམ་གྱིས་བྱིན་གྱིས་བརླབས་ལ་ཕྱུང་སྟེ། དེ་འགྲོ་བའི་དོན་བྱེད་དུ་བཅུག་ལ་དེ་བཀུག་ནས་རང་གི་ལུས་ལ་བཅུག་སྟེ། ཐམས་ཅད་གྱུར་པར་བྱ་བས་བདག་ཉིད་རྣམ་པར་སྣང ་མཛད་དུ་བསམ་པར་བྱའོ། །དེ་བཞིན་དུ་ལྷ་ཐམས་ཅད་བསྐྱེད་པའི་བསྒོམ་པ་ཤེས་པར་བྱའོ། །རང་བཞིན་གྱི་ཡོངས་སུ་དག་པ་ཉིད་ཡིན་པའི་ཕྱིར་ཟླ་བ་གསལ་བ་བཞིན་ནོ། །སྟོང་པ་ཉིད་ཀྱི་རྒྱུ་མཐུན་པའི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང ་བཞིན་ཉིད་ཡིན་པའི་ཕྱིར་མེ་ལོང་ལྟ་བུར་ཡང་དག་པར་འབྱུང་བའོ། །དེ་ཉིད་ཀྱི་ཕྱིར་རྡོ་རྗེའི་རྣམ་པ་ཅན་གྱི་ཁམས་གསུམ་པའི་གཟུགས་བརྙན་འབྱུང་བའི་རྒྱུ་ཉིད་ཡིན་པའི་ཕྱིར་ཁམས་གསུམ་དག་གི་དཀྱིལ་འཁོར་རོ། །གཞན་ནི ་གོ་སླའོ། །བསམ་གཏན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་ནི་ཕན་ཡོན་གསུངས་ཏེ། གཞན་ལ་ཡང་དེ་དང་འདྲའོ། །གང་ལ་རྣམ་པར་སྣང་མཛད་འབྱུང་ཞིང་སྐྱེ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེའི་དཀྱིལ་འཁོར་ནི་མི? ་བསྐྱོད་པའོ། །ཐོག་མ་དང་ཐ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྣམ་པར་དག་པ་ཡིན་པའི་ཕྱིར་གསལ་བའི་ལུས་དང་འདྲ་བའོ། །གཞན་ནི་ཤེས་པར་ཟད་དོ། །འདི་ལ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་ཐུགས་ཀྱི ་རྣམ་པ་མངའ་བས་ན་ཡེ་ཤེས་གནས་སོ། །དམ་ཚིག་ཐམས་ཅད་ནི་མི་བསྐྱོད་པ་སྟེ། དེ་འབྱུང་བ་ནི་སྐྱེ་བ་ཡིན་ཞིང་གང་ལ་དེ་ཉིད་མཛེས་པ་སྟེ། བཟང་པོའི་རྡོ་རྗེ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆོས་ཀྱི་དཀྱིལ་འཁོར་ནི་འོད་དཔག་ཏུ ་མེད་པའི་དཀྱིལ་འཁོར་རོ། །ཆོས་ཀྱི་སེམས་དཔའ་ནི་འོད་དཔག་ཏུ་མེད་པ་སྟེ། ཆོས་ཐམས་ཅད་ལ་སོ་སོར་རྟོག་པ་རྣམ་པར་དག་པ་ཉིད་ཡིན་པའི་ཕྱིར་རོ། །གསལ་བ་ནི་པདྨ་རཱ་གའི་མདོག་ཅན་ནོ། །མཆོག་དུ ་དགའ་བ་དང་སྒེག་པའི་རོའི་བདག་ཉིད་ཅན་ཡིན་པའི་ཕྱིར་ཞི་བའོ། །འོད་ཟེར་སྤྲིན་གྱི་ཞེས་བྱ་བ་ལ་སོགས་པས་ནི་རང་གི་བ་སྤུ་ལས་བྱུང་པའི་འོད་ཟེར་སྣ་ཚོགས་ཀྱི་སྤྲིན་ནི་འཁོར་ལོས་ནམ་མཁའ་ཀུན་ཏུ་གང་པར་བསམ་བར་བྱའོ། ། ་ཆོས་ཀྱི་སྐུ་ཉིད་ཡིན་པའི་ཕྱིར་སྐུ་གསུམ་མི་ཕྱེད་པ་ལས་བྱུང་བའོ། །དེས་པར་འབྱེད་པའི་ཤེས་རབ་ཀྱི་ཡེ་ཤེས་ཉིད་ཆུའི་ཁམས་བཞིན་དུ་ཐམས་ཅད་དུ་འགྲོ་བ་ཉིད་ཡིན་པའི་ཕྱིན་ཡེ་ཤེས་རྒྱ་མཚོ་ཡིན་ཞིང། དེ་རིག་མའི་གཟུགས་སུ ་ཡོངས་སུ་གྱུར་པ་དང་སྦྱོར་བས་བརྒྱན་པ་ཉིད་ཡིན་པའི་ཕྱིར་རྣམ་པར་བརྒྱན་པ་སྟེ། དེ་ཚེ་འདི་ཉིད་ལ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཏིང་ངེ་འཛིན་ནི་འདས་མ་ཐག་པ་བཞིན་ནོ། །ཟླ་བས་མཚན་པའི་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ ་འཁོར་སྟེ། སྐུའི་དཀྱིལ་འཁོར་ཉིད་དོ། །སྤྱན་གྱི་མཆོག་ཅེས་བྱ་བ་ནི་སངས་རྒྱས་སྤྱན་ནོ། །གཞན་ནི་བཤད་ཟིན་པ་དང་འདྲའོ། །སྤྱན་གྱི་དམ་ཚིག་ནི་འཁོར་ལོའི་ཕྱག་མཚན་གྱི་གཟུགས་ཀྱི་རྣམ་པར་སྣང་མཛད་དེ། སེམས་རྩེ་གཅིག་པ ་གང་ལ་དེ་ཕྱག་གི་མཆོག་ཏུ་རྣམ་པར་བསྒོམས་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེའི་དཀྱིལ་འཁོར་ནི་ཐུགས་ཀྱི་དཀྱིལ་འཁོར་རོ། །ནམ་མཁའ་རྡོ་རྗེ་མཆོག་ཅེས་བྱ་བ་ནི་རིགས་གཉིས་ཀྱི་རང་བཞིན་ཅན་མཱ་མ་ཀཱིའོ། །ནམ་མཁའ་ཨི་ཡུམ་ཞེས ་བྱ་བ་ནི་ནམ་མཁའ་དང་མཚུངས་པའི་རིན་པོ་ཆེའི་རིགས་ཀྱི་ཡུམ་སྟེ། གང་ལ་དེ་ཉིད་ཀྱིས་པདྨ་ལས་བྱུང་བའི་འོད་ཟེར་གྱི་སྤྲིན་རྣམས་ཀྱིས་རྡོ་རྗེ་རིགས་ཚིམ་པར་བྱེད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆོས་ཀྱི་དཀྱིལ་འཁོར་ནི་བཤད་ཟིན་ཏོ། ། ་རྡོ་རྗེ་ཆོས་མ་ཞེས་བྱ་བ་ནི་གོས་དཀར་མའོ། །པདྨ་རཱ་ག་ཟླ་འོད་འདྲ་བ་ནི་དམར་པོ་ཅུང་ཟད་སྐྱེ་བ་སྟེ། རྒྱ་སྐྱེགས་ཀྱི་ཁུ་བ་དང་ཐོད་ལོ་འཁོར་བསྲེས་བ་དེས་བྲིས་པ་ལྟ་བུའོ། །ཐུགས་རྗེ་ཆེན་པོས་ཆགས་བའི་ཐུགས་འཛིན་པས་ན་འདོད་ཆགས ་ཆགས་པ་འཛིན་པ་སྟེ་འོད་དཔག་ཏུ་མེད་པ་ཡིན་ཞིང། །དེའི་སྡུག་པ་ནི་འདོད་པའོ། །ཆོས་ཀྱི་ཡེ་ཤེས་འབྱུང་གནས་ཞེས་བྱ་བ་ནི་འོད་དཔག་ཏུ་མེད་འབྱུང་བའི་གནས་སོ། །དེའི་ཕྱིར་བསྒྲུབ་པ་པོ་རྣམས་ཀྱིས་གསང ་བར་བྱའོ། །ུཏཔལ་དམར་པོ་ཕྱག་ན་བསྣམས་ཞེས་བྱ་བ་ནི་གཡས་པའི་རྩ་བའི་ཕྱག་གིས་ཐུགས་ཀར་ཁ་ཕྱེ་བ་དེའི་རྩ་བ་གཡོན་པ་དྲིལ་བུ་དང་བཅས་པས་གཟུང་བའི་ཐབས་མཚོན་པར་བྱེད་པའོ། །ཆོས་ནི་འོད་དཔག་ཏུ་མེད་པའོ། །དམ་ཚིག ་ནི་གོས་དཀར་མོ་སྟེ། །དེ་དང་ཡང་དག་པར་སྦྱོར་བ་བསྒོམ་པའི་སྒོ་ནས་དེ་ཁོ་ན་ཉིད་མངོན་པར་བྱང་ཆུབ་པ་ཀུན་ཏུ་སྟོན་པ་ནི་བདེ་བ་ཆེན་པོ་མངོན་པར་བྱང་ཆུབ་པ་མངོན་དུ་བྱེད་བ་ཡིན་ཞིང་གང་ལ་དེ་ཉིད་མི་ཕྱེད་པ་ཡིན་པ་ཡོད་པ་དེ་ལ་དེ་སྐད ་ཅེས་བྱའོ། །དངོས་གྲུབ་དཀྱིལ་འཁོར་ཞེས་བྱ་བ་ནི་དོན་ཡོད་གྲུབ་པའི་དཀྱིལ་འཁོར་རོ། །སྒྲོན?་མ་མཆོག་ཅེས་བྱ་བ་ནི་འཕགས་མ་སྒྲོལ་མའོ། །གང་ལ་ཁ་དོག་ལྗང་སེར་འདྲ་བ་སྟེ་བབ་ལའི་ཁ་དོག་དང་མཚུངས་པ་ཡོད་པ་དེ་ལ་དེ ་སྐད་ཅེས་བྱ་བ་སྟེ། །པེ་ཌཱུརྱ་ལྗང་སེར་གྱི་མདོག་ཅན་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བ་ལས་བྱུང་བ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་ཏིང་འཛིན་ལས་བྱུང་བའོ། །ུཏཔལ་སེར་པོའི་མདོག་འདྲ་བ་ཞེས་བྱ་བ་ཡང་དེ་དང་འདྲ་བ་ཉིད་དོ། ། ་དམ་ཚིག་ནི་དོན་ཡོད་པར་གྲུབ་པ་སྟེ། །དེའི་རིག་མ་ནི་དམ་ཚིག་སྒྲོལ་མ་ཡིན་ཞིང་ངོ?་ཉིད་མཆོག་སྟེ་སེམས་རྩེ་གཅིག་པ་གན་ལ་དེ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ནི་སྐུའི་དཀྱིལ་འཁོར་གྱི་དབུས་ན་གནས ་པའི་པདྨའི་སྟེང་གི་ཉི་མའི་གདན་ནོ། །གཤིན་རྗེའི་རྣམ་པའི་འཆི་བདག་གི་བདུད་འཇོམས་པར་བྱེད་པའི་ཕྱིར་གཤིན་རྗེ་བཤེད་དོ། །དེ་ཉིད་ནི་མཆོག་སྟེ་དེའོ། །གཞན་ནི་གཤད་ཟིན་ཏོ་དེ་ལྟར་དཀྱིལ་འཁོར་དེ་དང་དེ་ལ་གནས་པདྨའི་སྟེང? ་གི་ཉི་མའི་གདན་ལ་བཞུཌ་པའི་རྡོ་རྗེ་ཆེན་པོའི་རྣལ་འབྱོར་དང་ལྡན་པས་རིག་མའི་པདྨ་ན་གནས་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཉི་མའི་དཀྱིལ་འཁོར་ལ་བདག་ཉིད་རང་གི་སྙིང་པོ་རྣམས་ཀྱིས་དེ་ཁོ་ན་བཞིན་དུ་ཁྲོ་བོ་ཐམས་ཅད་ཀྱི་གཟུགས་སུ་བསྐྱེད་པར་བྱའོ་ཞེས་བྱ་བ་ནི་ཁྱད ་པར་ཡིན་ནོ། །གང་ལ་འཕགས་པ་གཤིན་རྗེ་གཤེད་སྤྲོ་བའི་བཀོད་པ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་འཆི་བདག་གི་བདུད་རྣམ་པར་གཞོམ་པར་བྱ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཉོན་མོངས་པ་རྣམས་ཀྱིས་ཕམ?་པ ་བྱ་བ་མི་ནུས་པ་ཉིད་ཡིན་པའི་ཕྱིར་གཞན་གྱིས་མི་ཐུབ་པའོ། །རྡོ་རྗེ་གྱིས་པ་མཆེ་བ་གཙིགས། །ཞེས་བྱ་བ་ནི་རྡོ་རྗེ་གྱིས་པ་བསྣམས་པ་དང། མཆེ་བ་དྲུག་དུ་གཙིགས་པའོ། །གང་ལ་འཕགས་བ་གཞན་གྱིས་མི་ཐུབ་པའི་རྡོ་རྗེ་བཀོད་པ་རྣམས་ཀྱིས་སེམས ་ཅན་རྣམས་ཀྱི་ཉོན་མོངས་པའི་བདུད་རྣམ་པར་གཞོམ་པར་བྱ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དཔལ་སངས་རྒྱས་ཐམས་ཅད་ཀྱི་རྒྱུད་ལས་བཤད་པའི་རྟ་མཆོག་བཞིན་དུ་ཚངས་པ་ལ་སོགས་པའི་རྣམ་པ་ཅན་གྱི་ཕུང་པོའི་བདུད་ལ་སོགས་པ་རབ་ཏུ ་འཇོམས་པའི་ཕྱིར་རྡོ་རྗེ་རྟ་སྟེ་དཔལ་པདྨ་མཐར་བྱེད་ཡིན་ཞིང་དེའོ། །པདྨ་མཐར་བྱེད་གང་གིས་རྣམ་པ་ཐམས་ཅད་དུ་གདུག་པའི་ཕུང་པོའི་བདུད་ཀྱི་རང་བཞིན་ཅན་ཚངས་པ་གནོན་པ་དེ་ལ་དེ་སྐད་ཅེས་བྱའོ། །གང་ལ་རྟ་བསྐྱེད་པ་དང་དེ་ལས་བྱུང ་པའི་བཀོད་པ་རྣམས་ཀྱིས་ཕུང་པོའི་བདུད་རྣམ་པར་གཞོམ་པར་བྱ་བ་ཡོད?་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་མི་འཆི་ནི་བདུད་རྩི་འཁྱིལ་བའོ། །རྡོ་རྗེའི་སྤྲིན་ནི་ཀུན་ཏུ་འཁྲུག་ཅེས་བྱ་བ་ནི་ཡེ་ཤེས་ཀྱི་འོད་ཟེར་གྱི་སྤྲིན་གྱིས་ཁྱབ་པའོ། །གང་ལ ་བདུད་རྩི་འཁྱིལ་བ་ལས་བྱུང་བའི་རྡོ་རྗེའི་དམ་ཚིག་བཀོད་པ་རྣམས་ཀྱི་ལྷའི་བུའི?་བདུད་རྣམ་པར་བཞོམ་པར་བྱ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་འོད་བཟང་ཞེས་བྱ་བ་ནི་དཔལ་ཞེ་སྡང་རྡོ་རྗེའི་མདོག་ཅན་ནོ། །བསམ་གཏན་ཉིད་རྡོ་རྗེ་ཡིན ་པས་ན་བསམ་གཏན་རྡོ་རྗེའོ། །དེས་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ་ནི་ཡང་དག་པར་སྦྱོར་བ་ལས་བྱུང་བའི་བདེ་པ་ཆེན་པོ་སྟེ། ཏིང་ངེ་འཛིན་གང་ལ་མིང་དེ་སྐད་ཅེས་བྱ་བ་ཉིད་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཞགས་པ་འཛིན ་ཅེས་བྱ་བ་ནི་ཕྱག་གསུམ་པས་རིག་མའི་ནུ་མ་འཛིན་པའོ། །གང་ལ་སྐུ་དང་གསུང་དང་ཐུགས་མི་ཕྱེད་པའི་སྟོབས་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་བའོ། །རྒྱ་མཚོ་ནག་པོ་སྐྱེད་པར་བྱེད། ཅེས་བྱ་བ་ནི་རྒྱ་མཚོ་རྣམས་ཀྱིས་ཆུའི་ཁམས་བཞིན་དུ ་འཕགས་པ་དབྱུག་པ་སྔོན་པོ་སྐུ་མདོག་ནག་པོ་སྒྱེད་པར་བྱེད་པའོ། །གང་ལ་རྡོ་རྗེ་དབྱུག་པ་ཉིད་འདའ་བར་མི་བྱ་བ་ཉིད་ཡིན་པའི་ཕྱིར་དམ་ཚིག་མཆོག་ཡིན་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེའི་ནམ་མཁའ་ཨི་དབྱིངས་ཀྱི་དམ་ཚིག་ནི་མི ་གནས་པའི་མྱ་ངན་ལས་འདས་པའི་འཕགས་པ་མི་གཡོ་བ་སྟེ། གང་ལ་དེས་སྲིད་པ་དང་ཞི་བའི་རྣམ་པར་རྟོག་པའི་ཞབས་འཇོམས་པར་བྱེད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རིག་པའི་འཁོར་ལོ་ཞེས་བྱ་ནི་གཙུག་ཏོར་འཁོར་ལོས་སྒྱུར ་བའོ། །གཙུག་ཏོར་ཉིད་དམ་ཚིག་སྟེ། འདའ་བར་མི་བྱ་བ་ཉིད་ཡིན་ཞིང། །གང་ལ་དེའི་སྟོབས་ཀྱི་རིག་པའི་འཁོར་ལོ་མི་ཤིགས་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་སུམྦྷ་ཞེས་བྱ་བ་ནི་དཔལ་གནོད་མཛེས་རྒྱལ་པོའོ། །འདི་ནི ་ཁྲོ་བོ་ཐམས་ཅད་ཀྱིས། །འདའ་བར་དཀའ་པའི་དམ་ཚིག་གོ་།ཞེས་བྱ་བ་ནི་ཁྲོ་བོ་ཐམས་ཅད་སྒོམ་པའི་རྣམ་པ་འདི་ཉིད་ནི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་འདའ་པར་བྱ་བ་མ་ཡིན་པར་བཅོམ་ལྡན་འདས་ཀྱིས་གསུངས ་པའོ། །གང་ལ་རྡོ་རྗེའི་དམ་ཚིག་ཉིད་དཔལ་གནོད་མཛེས་རྒྱལ་པོ་སྟེ། །དེ་རབ་ཏུ་འབྱུང་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གང་གི་ཚེ་རང་གི་རིགས་སུ་བཤད་པའི་དཀྱིལ་འཁོར་གྱི་ཆོ་གས་སངས་རྒྱས་ལ་སོགས་པ་རྣམས་མ་གྲུབ་ན། དེའི ་ཚེ་དཀྱིལ་འཁོར་རྣམས་བཀའ་ཨི་འཁོར་ལོས་མནན་ནས་བསྒྲུབས་ན་གདོན་མི་ཟ་བར་འགྲུབ་པར་འགྱུར་པས། །དེའི་ཕྱིར་འགོག་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགོག་པ་ནི་མནན་པའོ། །གང་གི་ཞེན་ཁྲོ་བོའི་འཁོར་ལོ་ཡིས་ཏེ། ཁྲོ་བོའི་དཀྱིལ ་འཁོར་འབར་བས་སོ། །འདི་གང་གིས་བྱ་ཞེ་ན། སངས་རྒྱས་འཁོར་ལོ་བསྟེན་པ་ཡི་སྟེ། འགོག་བའི་ཏིང་ངེ་འཛིན་མངོན་དུ་བྱས་ཤིང་སངས་རྒྱས་ལ་སོགས་བའི་དཀྱིལ་འཁོར་བསྒོམ་པ་པོས་སོ། །གང་ལས་ཤེ་ན་འདི་ལྟར་ཏིང་ངེ་འཛིན་རྡོ་རྗེ་སེམས ་དཔའ་རྣམས། རྡོ་རྗེའི་དཀྱིལ་འཁོར་ལས་འགྲུབ་འགྱུར་ཞེས་གསུངས་ཏེ། རྡོ་རྗེའི་དཀྱིལ་འཁོར་ནི་འཁོར་ལོ་རྩིབས་བཅུ་པའོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། མཱ་མ་ཀཱིའི་མཚོ་སྐྱེས་སུ་ཡི་གེ་ཧཱུཾ་ལས་བྱུང་བའི་འཁོར་ཆེན་པོ་འབར་བ་རྩིབས་བཅུ་པ་ཁ ་དོག་ཀུན་ཏུ་སེར་པོ་རྣམ་པར་བསྒོམས་ལ་།དེའི་ལྟེ་བའི་དབུས་སུ་བདག་ཉིད་ཇི་སྐད་བཤད་པའི་ཞེ་སྡང་རྡོ་རྗེར་རྣམ་པར་བསམ་སྟེ། ཇི་ལྟ་བ་བཞིན་དུ་ཡང་དག་པར་སྦྱོར་བ་ལས་ཀུན་ཏུ་ཕྱུང་ནས། རྣམ་པར་སྣང་མཛད་ལ་སོགས་པ་ཅུང་ཟད་ནུར ་པའི་གནས་ལ་རྟེན་པའི་རྩིབས་བཞི་ལ་འཕགས་པ་གཤིན་རྗེ་གཤེད་ལ་སོགས་པ་བཞི་པོ་དང། དེ་བཞིན་དུ་སངས་རྒྱས་ཅན་ལ་སོགས་པ་ཅུང་ཟད་ནུར་བའི་གནས་རྣམས་སུ་གོ་རིམ་བཞིན་དུ་འཕགས་པ་འདོད་པའི་རྒྱལ་པོ་དང། དབྱུག་པ་སྔོན་པོ་དང ་སྟོབས་པོ་ཆེ་དང། མི་གཡོ་བ་དང། དབང་པོ་དང་དབང་ལྡན་གྱི་ཕྱོགས་ཀྱི་རྩིབས་དག་གི་དབུས་ན་གནས་པའི་རྩིབས་ཅུང་ཟད་འདོར་བ་ལ་ཁྲོ་བོ་གཙུག་ཏོར་འཁོར་ལོས་སྒྱུར་བ་དང། དེ་བཞིན་དུ་ཆུ་ལྷ་དང་བདེན་བྲལ་གྱི་ཕྱོགས་དག་གི་དབུས་ན་གནས ་པའི་རྩིབས་ལ་ཁྲོ་བོ་དཔལ་གནོད་མཛེས་རྒྱལ་པོ་བསམ་པར་བྱའོ། །ལེའུ་བཅོ་བརྒྱད་པ་ལས་ཀྱང། འཁོར་ལོ་སེར་པོའི་རྩིབས་བཅུ་པ། །དེའི་དབུས་ན་རྣམ་པར་བསྒོམ། །ཡེ་ཤེས་བཅུ་འབྱུང་བདག་ཉིད་ཅན། །ཁྲོ་བོ་བཅུ་ནི་རྩིབས་ཀུན་ལ། ། ་རྫོགས་པ་མཆོག་དུ་བཟང་བ་ཡིན། འགོག་པའི་རྡོ་རྗེས་བསྒོམ་པར་བྱའོ་ཞེས་གསུངས་སོ། །རྡོ་རྗེའི་དམ་ཚིག་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་དཔལ་རྡོ་རྗེ་སེམས་དཔའ་ཨོ། །དེའི་བཀོད་པ་ནི་དཀྱིལ་འཁོར་གྱི་ལྷ ་རྣམས་ཐ་དད་པ་རྣམས་ཀྱིས་དབྱིབས་ལ་སོགས་པའི་བཀོད་པའི་རང་བཞིན་ནོ། །དེས་དེ་ཁོ་ན་ཉིད་ཀྱི་དོན་བསྒོམ་པ་ནི་ཡང་དག་པར་སྦྱོར་བ་ལ་གནས་པ་ཉིད་ཀྱི་སྒོ་ནས་ལས་རྣམ་པ་སྣ་ཚོགས་བསྒྲུབ་པ་རྣམས་སོ། །དེས་མངོན་བར་སྟེ་རྣམ་པ། ་ཐམས་ཅད་དུ་བྱང་ཆུབ་པས་ན་མངོན་པར་བྱང་ཆུབ་པ་སྟེ། ཐམས་ཅད་ལ་ཁྱབ་པའི་བདེ་བ་ཆེན་པོ་ཡིན་ཞིང། དོན་དེ་སྟོན་པར་བྱེད་པའི་སྒྲའི་ཚོགས་ལ་དེ་སྐད་ཅེས་བྱའོ།། །།ལེའུ་བཅུ་གསུམ་པའི་རྣམ་པར་བཤད ་པའོ།། །།སངས་རྒྱས་སྤྱན་ལ་སོགས་པའི་སྔགས་དགོད་པ་དང་བརྗོད་པ་སྔོན་དུ་འགྲོ་བ་ཅན་གྱི་ཞི་བ་ལ་སོགས་པའི་ལས་ཀྱི་ཆོ་ག་བྱ་བ་ཡིན་པས། དེའི་ཕྱིར་སྐུ་དང་གསུང་དང་ཐུགས་རྨད་དུ་བྱུང་བའི་སྔགས ་ཀྱིས་འགུགས་པའི་རྣམ་པར་སྤྲུལ་པའི་རྒྱལ་པོའི་ཏིང་ངེ་འཛིན་གྱི་ལེའུ་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདའ་བར་མི་བྱ་བ་ཉིད་ཡིན་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་དམ་ཚིག་གི་བདག་པོ་ནི་རྡོ་རྗེ་འཆང་ཆེན་པོའོ། །རིམས་དང་གདོན་ལ་སོགས་པའི་ཉེས་པ་ཐམས་ཅད་ཞི་བར་བྱེད་པས་ན་ཞི་བའོ། །དེའི་དོན་གྱི་དམ་ཚིག་ནི་རྒྱུ་དང་ལམ་སྟེ་སངས་རྒྱས་སྤྱན་ཡིན་ཞིང། །གང་ལ ་དེ་ཉིད་མཆོག་རྡོ་རྗེ་ཡིན་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། སངས་རྒྱས་སྤྱན་གྱི་སྔགས་བརྗོད་པའི་རྣམ་པར་སེམས་རྩེ་གཅིག་པ་ཉིད་དུ་བྱས་ནས་ཞེས་བྱ་བའི་ཐ་ཚིག་གོ་།དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ ་པར་སྣང་མཛད་དོ། །དེའི་བཙུན་མོ་ནི་སྔགས་ཀྱི་ལྷ་མོའོ། །ཕྱུང་ངོ་ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་ཡང་དག་པར་སྦྱོར་པ་ལས་ཕྱུང་བར་གྱུར་པའོ། །འབྱོར་བ་ཀུན་ལ་དགྱེས་པ་རྣམས་ནི་སེམས་ཅན་ཐམས་ཅད་ཀྱི་ཕུན་སུམ་ཚོགས་པ་ལ་འདོད་པའི ་གཏི་མུག་གི་རིགས་ཅན་རྣམས་སོ། །སངས་རྒྱས་རྡོ་རྗེ་རྗེས་སུ་དྲན་ཞེས་བྱ་བ་ནི། །སངས་རྒྱས་ཀྱི་སྤྱན་གཟུགས་སུ་མངོན་པར་བྱུང་བའི་སྐུ་རྡོ་རྗེ་སྟེ། དེས་འགྲོ་བ་བདེ་བར་མཛད་པ་མངོན་ནས་མཉེས་ཤིང་ཤིན་ཏུ་དགྱེས་པར་གྱུར་ཏོ། ཞེས་བྱ་བའི་དོན ་ཏོ། །སངས་རྒྱས་རྣམས་ཀྱི་ཞིང་འབྱུང་བ། །ཞེས་བྱ་བ་ནི་བསྒྲུབ་པར་མངོན་པར་འདོད་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་མངོན་པར་འདོད་པའི་དངོས་གྲུབ་ཐོབ་ནས། འདིས་སྔར་བཤད་པའི་རིམ་པ་བཞིན་དུ་ཞི་བར་བྱ་བའོ། །འདི་ཉིད་གདན ་ཁ་དོག་སེར་པོ་ལ་སོགས་པར་བསམ་པའི་བྱེ་གྲག་གིས་ཞི་བ་ལ་སོགས་པའི་ལས་ཐམས་ཅད་རབ་ཏུ་སྒྲུབ་པའོ། །ཤི་བ་གསོན་པར་བྱེད་པར་གསུངས། ཞེས་བྱ་བས་ནི་འདི་སྐད་བསྟན་པ་ཡིན་ཏེ། ཇི་ལྟ་བ་བཞིན་དུ་སངས་རྒྱས་སྤྱན་གྱི་རྣལ་འབྱོར། ་བྱས་ལ། རང་གི་སྙིང་གནས་གྲུབ་པའི་རྡོ་རྗེ་ལྕགས་ཀྱུ་ཕྱུང་སྟེ་ངེས་ཤི་བའི་དྲི་ཟའི་སེམས་ཅན་གྱི་བདག་ཉིད་དམ་མངལ་དུ་ཞུགས་པའི་རྣམ་པར་ཤེས་པ་གསལ་ཞིང་རླུང་གིས་མི་བསྐྱོད་པའི་མར་མེའི་མེ་ལྕེའི་རྣམ་པ་ཅན་བཀུག་ནས་དེའི་སྙིང་གར ་བཅུག་སྟེ། །དེར་མོ་ཧ་ར་ཏི་ཞེས་བྱ་བའི་སྙིང་པོ་རྣམ་བར་བཀོད་ལ་དེ་ལས་བྱུང་བའི་འོད་ཟེར་གྱི་ཚོག་མ་རྣམས་ཀྱི་དེའི་འཇིགས་པ་མི་སྣང་བར་བྱས་སྟེ། སྙིང་པོ་ཉིད་རྗོད་ཅིང་སངས་རྒྱས་སྤྱན་གྱི་གཟུགས་སུ་ཡོངས་སུ་གྱུར་བར་བསམས་ལ། ཕུང ་པོ་དང་སྐྱེ་མཆེད་དང་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པ་ཡང་བྱས་ཏེ། རང་གི་སྙིང་ག་ན་བཞུགས་པའི་ཡེ་ཤེས་ཀྱི་ལྷ་མོའི་ཐུགས་ཀར་པདྨའི་སྟེང་གི་ཟླ་བ་ལ་བཀོད་པའི་འཕྲེང་བའི་སྔགས་ལས་བྱུང་བའི་འོད་ཟེར་གྱི་སྒོ་ལས་སྤྲོས ་པའི་སངས་རྒྱས་སྤྱན་གྱི་ཚོགས་རྣམས་ཀྱིས་བུམ་པའི་བྱང་ཆུབ་ཀྱི་སེམས་དང་བདག་ཉིད་ཞུགས་པའི་དབང་བསྐུར་བ་རྣམས་ཀྱིས་དབང་བསྐུར་བར་བྱའོ། །དེ་ལྟར་ན་ཤི་བ་དེ་གསོན་ཞིང་རྡོ་རྗེའི་སྐུ་དང་ལྡན་པར ་འགྱུར་རོ། །རྡོ་རྗེའི་དམ་ཚིག་ནི་དཔལ་རྡོ་རྗེ་སེམས་དཔའ་ཡིན་ཞིང། དེ་བསྐུལ་བར་མཛད་པས་ན་རྡོ་རྗེའི་དམ་ཚིག་བསྐུལ་མཛད་མ་སྟེ། གང་གི་ཚེ་ཇི་སྐད་བཤད་པ་བཞིན་དུ་བྱེད་པའི་རྣལ་འབྱོར་བས་གྲུབ་པར་མ་གྱུར་ན། དེའི་ཚེ་དཔལ ་རྡོ་རྗེ་འཆང་རྗེས་སུ་མཉེས་པར་བྱས་ཏེ། སྙན་ཅིང་འཇམ་པའི་ཚིག་རྣམས་ཀྱི་ཡང་དག་པར་བསྐུལ་ནས། བཀུག་སྟེ་དེའི་རྒྱུད་ལ་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །སྐུ་གསུམ་གྱི་དམ་ཚིག་རྡོ་རྗེ་ཁྲོ་བོ་ནི་ཆོས་ཀྱི་སྐུ་ལ་སོགས་པའི་ངོ་བོ་ཉིད་ཡིན ་པའི་སྒོ་ནས་འདའ་བར་བྱ་བ་མ་ཡིན་པའི་མི་བསྐྱོད་པའོ། །དེའི་དངོས་པོ་ནི་སེམས་ཅན་ཐམས་ཅད་སྡུད་པར་བྱེད་བའི་ཐུགས་རྗེ་ཆེན་པོའི་རང་བཞིན་ཅན་གྱི་ཐབས་ཀྱི་ཐུགས་སོ། །དེའི་དངོས་པོ་མེད་པ་ནི་དེའི་རང་བཞིན་མེད་བའི་ཤེས་རབ་སྟེ། ་ཀུན་རྫོབ་དུ་ནི་མཱ་མ་ཀཱིའི་གཟུགས་སོ། །དམ་ཚིག་ནི་སྲིད་པ་དང་ཞི་བ་མཉམ་པ་ཉིད་དུ་རོ་གཅིག་པའི་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། ཤེས་པས་སྲིད་ལ་མི་གནས་ཤིང། སྙིང་རྗེས་ཞི་ལ་མི་གནས་ཏེ་། ཞེས་འབྱུང་བའི་ཕྱིར་རོ ་གང་ལ་དེ་ཉིད་རྡོ་རྗེ་ཡིན་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ལ་སྙོམས་པར་ཞུགས་ནས་སོ། །རྡོ་རྗེ་འཛིན་གྱི་བཙུན་མོའི་མཆོག་འདི་ཞེས་བྱ་བ་ནི་བླ་ན་མེད་པའོ། །དེ་བཞིན་དུ་ཐམས་ཅད་ལ་རིགས་ཀྱི་བྱེ་བྲག་གི་སྒོ་ནས་ཤེས་བར ་བྱའོ། །རྡོ་རྗེ་བསྲུང་བའི་སྦྱོར་བ་ལས། ཞེས་བྱ་བ་ནི་རང་གི་རྣལ་འབྱོར་གྱིས་རོ་ལངས་ལ་སོགས་པས་བསྒྲུབ་པ་རྣམས་ལའོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། ཇི་ལྟ་བ་བཞིན་དུ་རང་གི་ལྷའི་རྣལ་འབྱོར་དང་ལྡན་པས་རང་གི ་མགོ་ལ་དྭེ་ཥ་ར་ཏི་ཞེས་བྱ་བའི་སྙིང་པོ་ལས་བྱུང་བའི་རྡོ་རྗེ་ཁ་གྱེན་དུ་ལྟས་ཤིང་ཟླ་བའི་དཀྱིལ་འཁོར་ལ་གནས་པ་བསམས་ཏེ། དེའི་ལྟེ་བའི་ནང་ན་གནས་པའི་མཱ་མ་ཀཱི་བསམས་ལ། ཡེ་ཤེས་ཀྱི་ལྷ་མོའི་ཐུགས་ཀའི་པདྨའི་སྟེང་གི་ཟླ་བ་ལ་གནས་པའི་འདོད ་བའི་སྔགས་ལས་བྱུང་བའི་རྡོ་རྗེ་རྩེ་གསུམ་པ་རྣམས་ཀྱིས་བདག་ཉིད་རྐང་པའི་མཐིལ་གྱི་བར་དུ་རྡོ་རྗེའི་གོ་བགོས་པར་བསྒོམ་པར་བྱའོ། །དེ་ལྟར་ན་མི་ཕྱེད་པའི་བསྲུང་བར་འགྱུར་རོ། །ལས་རྣམས་རྟག་ཏུ་རབ་སྒྲུབ་པ། ཞེས་བྱ་བ་ནི་སངས་རྒྱས་སྤྱན་? ་དུ?་ཞི་བ་ལ་སོགས་པའི་ལས་རབ་ཏུ་བསྒྲུབ་པར་འགྱུར་རོ། །རྡོ་རྗེ་ཆེན་པོ་ནི་དཔལ་རྡོ་རྗེ་སེམས་དཔའ་སྟེ། དེའི་འཇིགས་པས་མྱོས་བར་གྱུར་པ་རྣམས་ལ་ཡང་འདི་ནི་རྟག་ཏུ་སྟོབས་བསྐྱེད་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟ་ཡིན་པ?་དེ་བས་ན་གདོན་པ་སོཌ་པ་ཐམས་? ་འཇིགས་པས་འཇིགས་པར་འགྱུར་དིའི་སེམས་ཅན་ལ་བཤད་མ་ཐག་པའི་ཆོ་གའི་སྒོ་ནས་འདི་ཉིད་ཀྱིས་བསྲུང་བར་བྱའོ། །མངོན་སྤྱོད་བྱ་བའི་སེམས་ཅན་ཁ་སྦྱར་ཕྱེ་བར་གྱུར་ཅིང་བསྲུང་བ་དང་བྲལ་བ་ལ་ཡང། གལ་ཏེ་རྣལ་འབྱོར་པ་འདིས་འདིའི ་སྒོ་ནས་བསྲུང་བར་བྱས་ནས་དེ་ཡང་མི་བྱེད་པར་འགྱུར་རོ། །འདོད་ཆགས་ཆེན་པོ་ནི་འོད་དཔག་ཏུ་མེད་པའོ། །དེའི་དམ་ཚིག་ནི་གོས་དཀར་མོ་སྟེ། གང་ལ་དེ་གཟིགས་ཤིང་ཡེ་ཤེས་ཀྱི་སྤྱན་གྱིས་ཡུལ་དུ་བྱ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆོས་ཏེ་མི ་འཇིགས་པ་ལ་སོགས་པ་རྣམས་རྒྱས་ཤིང་འཕེལ་བར་བྱེད་པས་ན་ཆོས་རྒྱས་པའོ། །སྟོབས་མཛད་པ་ཞེས་བྱ་བ་ནི་ནད་ལ་སོགས་པ་རྣམས་ཀྱིས་ཉམས་པ་རྒྱས་པར་མཛད་པའོ། །མཛོད་ཆེན་པོའི་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་གྱི་རང་བཞིན་ཅན ་གྱི་དཀོན་མཆོག་དཔལ་ཏེ་དེ་དང་ཡང་དག་པར་ལྡན་པས་ན་མཛོད་ཆེན་པོ་དང་ལྡན་པའོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། ཇི་ལྟ་བ་བཞིན་དུ་འོད་དཔག་ཏུ་མེད་པ་དང་བཅས་པའི་གོས་དཀར་མོ་སྐུ་མདོག་སེར་པོའི་རྣལ་འབྱོར་དང་ལྡན་པས་སྔ་མ ་བཞིན་དུ་དབང་བསྐུར་བ་རྣམས་ཀྱི་སྒོ་ནས་སྟོབས་ཟད་པའི་སྟོབས་བསྐྱེད་པ་དང། །དབུལ་པོའི་ནོར་འཕེལ་བར་བྱའོ། །བཟླས་པ་ཙམ་གྱིས་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་བསྒོམ་པ་སྔོན་དུ་འགྲོ་བ་ཅན་གྱི་སྔགས་? ་པ་ཉིད་ཀྱིས་ཞེས་བྱ་བའི་དོན་ཏོ། །འགྲོ་བ་མ་ལུས་པའི་བྱ་བ་བསྒྲུབ་པའི་ཕྱིར་ཀུན་ནས་ཡང་དག་པར་འབྱུང་བས་ན་ཀུན་ནས་འབྱུང་བ་སྟེ་འཕགས་མ་སྒྲོལ་མ་ཡིན་ཞིང། དེའི་སྔགས་བརྗོད་པའི་རྣམ་པར་སེམས་རྩེ་གཅིག་པ་མི་ཕྱེད་པ་ནི ་ཏིང་ངེ་འཛིན་ཏེ་དེ་ལ་སྙོམས་པར་ཞུགས་ནས་ཞེས་བྱ་བ་ལ་སོགས་པ་སྔར་བཤད་ཟིན་ཏོ། །སངས་རྒྱས་རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་ཏེ་དེ་རྣམས་ཀྱི་སྡེ་ནི་ཚོགས་ཡིན་པས་སངས་རྒྱས་རྡོ་རྗེ་སྡེ་ཆེན་ནོ། །སེམས་ཅན་ཁམས་ནི་མ་ལུས་པ། ་ཞེས་བྱ་བ་ནི་འདི་སྐད་དུ་འོད་དཔག་ཏུ་མེད་པ་དང་ཡང་དག་པར་ལྡན་ཞིང་དེའི་མདོག་ཅན་གྱི་འཕགས་མ་སྒྲོལ་མ་གདན་དང་འོད་དང་རྒྱན་དམར་པོ་དང་ལྡན་པའི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་བྱས་ལ། ཡེ་ཤེས་ཀྱི་རིག་མའི་ཐུགས་ཀར་པདྨའི ་སྟེང་གི་ཟླ་བ་ལ་འཕྲེད་བས?་སྔགས་ཁ་དོག་དམར་པོ་མགོ་གྱེན་དུ་ལྟས་པ་རྣམ་པར་བཀོད་དེ། ཨོཾ་ལས་བྱུང་བའི་ཡི་གེ་ཨ་ཡིས་བསྐྱེད་པའི་མངའ་ཁ་འུག་གི་དངོས་པོ་ཡི་གེ་ཧཱུཾ་ལས་བྱུང་བའི་ཨུཏཔ་ལ་དམར་པོ་ཁ་མ་བྱེ་བའི་མ་དེ ་བུ་དང་ལྡན་པ་རང་གི་སྔགས་ཀྱིས་བྱིན་གྱིས་བརླབས་པ་རྣ་རྩའི་བར་དུ་བཀད་བས་བསྒྲུབ་བྱ་སྐྱེས་པའི་སྙིང་དང་ལྐོག་མ་དམར་པོ་དང་བུད་མེད་ཀྱི་པདྨ་ཕུག་ལ། རང་གི་སྙིང་ག་ལས་འཕྲེང་བའི་སྔགས་རྡོ་རྗེ་ནས་བྱུང་བ་དེའི་ཁར་བཅུག ་སྟེ། །དེའི་སེམས་ཟླ་བའི་དཀྱིལ་འཁོར་དམར་པའི་རྣམ་པ་ཅན་བཀུག་ནས་ལོག་སྟེ། ཡེ་ཤེས་ཀྱི་ལྷ་མོའི་པདྨའི་ལམ་ནས་སྙིང་གར་བཅུག་ལ་བཟླས་པ་བྱ་ཞིང། བསྒྲུབ་བྱ་ཡང་སྙིང་འཕྲོག་ཤིང་རྩ་བ་ནས་བཅོད ་བའི་ལྗོན་ཤིང་བཞིན་དུ་སྐད་བའི་དྲུང་དུ་འགྱེལ་བར་བལྟ་པར་བྱའོ། །དེ་ལྟར་ན་བྲན་བཞིན་དུ་ཐམས་ཅད་བྱེད་བར་དབང་དུ་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ནི་དཔལ་རྡོ་རྗེ ་སེམས་དཔའ་ཨོ། །གཤིན་རྗེ་གཤེད་གང་ལ་དྲི་མ་མེད་པ་སྟེ། རྟོག་པའི་སྐྱོན་དྲི་མ་ཐམས་ཅད་དང་བྲལ་ཞིང། ཐུགས་རྡོ་རྗེ་ཆེན་པོ་ལས་བྱུང་བའི་འོད་ཟེར་གྱི་སྤྲིན་སྤྲོ་བར་བྱ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་མི་ཕྱེད ་བ་ཉིད་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །སངས་རྒྱས་གྲགས་པ་ཆེན་པོ་ཀུན། །ཞེས་བྱ་བ་ནི་གཏི་མུག་གི་རིགས་ཀྱི་དཀྱིལ་འཁོར་བ་རྣམས། །འཇིགས་ཤིང་ཀུན་ཏུ་སྐྲག་གྱུར་ནས། ཞེས་བྱ་བ་ནི་རིགས་དེས་བ་ལ་སོགས་པའི་སེམས་ཅན་རྣམས ་དང་རྗེས་སུ་མཐུན་པར་སྟོན་པའོ། །རྡོ་རྗེའི་སེམས་ནི་རྗེས་སུ་བྲན། །ཞེས་བྱ་བས་ནི་རྡོ་རྗེ་འཆང་ཆེན་པོ་རྗེས་སུ་དྲན་པས་འཇིགས་པ་ཐམས་ཅད་དང་བྲལ་བར་འགྱུར་རོ་ཞེས་ཀྱང་བསྟན་ཏོ། །ཐོད་པ་ཞེས་བྱ་བ་ལ་སོགས་པས་ནི་གོང་བུ་དགུག་པར་བརྩམས ་པ་གསུངས་སོ། །འདི་སྐད་དུ་ཇི་སྐད་བཤད་པའི་སྐུའི་དཀྱིལ་འཁོར་དུ་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་དང་ལྡན་པས་དང་པོ་སྦྱོར་བའི་ཏིང་ངེ་འཛིན་གྱི་རྗེས་ཐོགས་ལ་འཕགས་པ་གཤིན་རྗེ་གཤེད་དབྱུང་བ་དང། །གཞུག་པར་གྱུར་པར་བྱས་ནས། ་བདག་ཉིད་འཕགས་པ་གཤིན་རྗེ་གཤེད་ཞལ་བཞི་པ་ཕྱག་དྲུག་པ་ཞབས་བཞི་པ་ཕྱག་ན་རལ་གྲི་དང་གཏུན་ཤིང་དང་དགྲ་སྟ་དང་ཞགས་པ་རྣམས་ལ་ལྷག་མ་བཤད་ཟིན་པའི་མཚན་ཉིད་དང་ལྡན་པར་དམིགས་ལ། །བཟླས་པ་ལས་བཤད་པའི་ཆོག། ་བཞིན་དུ་བཟླས་པ་མང་དུ་བྱའོ། །དེ་ནས་ལྷ་རྣམས་ཀྱིས་རྗེས་སུ་གནང་བར་གྱུར་ཅིང་བཟླས་པ་འབུམ་བྱས་པས་བུད་མེད་ཀྱི་ཐོད་པ་བཟང་པོ་མཆོག་པ་བླངས་ཏེ། དེའི་ཕྱི་རོལ་དུ་པདྨ་ཆེན་པོ་འདབ་མ་བརྒྱད་པའི་ལྟེ་བ་ལ་རྣམ་པའི་མཆོག་ཐམས ་ཅད་དང་ལྡན་པའི་འཕགས་མ་སངས་རྒྱས་སྤྱན་ལ་སོགས་པ་གང་ཡང་རུང་བའི་ཐུགས་ཀར་སྔགས་ཀྱིས་མཚན་པ་བྲིས་ལ་ཕྱི་རོལ་དུ་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཨོཾ་ལས་བྱུང་བའི་འཁོར་ལོ་ལྕགས་ཀྱུས་མཚན ་པའི་གཡས་པ་རྐྱང་བའི་རྐང་བ་གཡོན་བའི་མཐིལ་གྱིས་མནན་ཏེ། ལྕགས་ཀྱུ་དེ་ཡིས་སྙིང་གར་ཕུག་ལ་བཀུག་པར་བསམ་ཞིང་བསྐུས་བའི་ཚིག་དང་བཅས་པའི་སྔགས་བསྒྲགས་པ་དང་བཅས་པས་ལན་གསུམ་བརྗོད་ན་གདོན་མི་ཟ་བར ་འགུགས་བར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །གནོད་སྦྱིན་མོ་ལ་སོགས་པ་རྣམས་ཀྱང་དེ་བཞིན་དུ་དགུག་པར་བྱའོ། །སྐྱེས་བུའི་ཐོད་པར་གཡོན་བརྐྱང་བའི་རྐང་པས་བསྒྲུབ་བྱ་མནན་ཏེ་སྐྱེས་བུ་དགུག་པར་བྱའོ་ཞེས་བྱ་བ་ནི་ཁྱད་པར་ཡིན་ནོ། ་ཡང་ན་ཀ་ཞེས་བྱ་བ་བདེ་བ་ཡིན་ཞིང་དེ་བསྲུང་བར་བྱེད་ཅིང་འཕེལ་པར་བྱེད་པས་ན་ཀ་པཱ་ལ་སྟེ་ཐོད་པ་ནི་བུ་མོ་གཞོན་ནུ་མའི་ལུས་སོ། །མ་ཆག་པ་ཞེས་བྱ་བ་ནི་སྐྱེ་གནས་མཉམས་པའོ། །མཛེས་ཞེས་བྱ་བ་ནི་གཟུགས་མཛེས་པའོ། ་འདོད་པ་ཚིམ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ཡིད་དུ་འོང་བ་སྟེ། །དེ་ལྟ་བུའི་ཡོན་ཏན་ཁྱད་བཅན་དང་ལྡན་པ་མདུན་ན་གནས་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་སྤྱན་གྱི་གཟུགས་སུ་བསྐྱེད་ལ་འཕགས་པ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་དང། ་ལྡན་བས་རང་གི་སྙིང་གནས་གྲུབ་བའི་འཁོར་ལོའི་ལྕགས་ཀྱུ་ཕྱུང་སྟེ། ངེས་ཀ་ཀན་དེའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་ཡེ་ཤེས་ཀྱི་སངས་རྒྱས་སྤྱན་བཀུག་ནས་དེ་ལ་བཅུག་པ་རྐང་པས་མནན་བ་བྱས་ལ། འཕྲེང་བའི་སྔགས ་ལན་གསུམ་བརྗོད་ནས། ཁྲོ་བོའི་མེ་དང་ཡེ་ཤེས་ཀྱི་རིག་མིའོ་རྡུལ་ཆུའི?་སྦྱོར་བས་ཟངས་ལ་སོགས་པའི་ཁམས་རྣམས་གསེར་དུ་བྱ་བ་བཞིན་དུ་ངེས་པ་ཁོ་ནར་འཕགས་མ་སངས་རྒྱས་སྤྱན་དུ་འགྱུར་རོ། །དེ་བཞིན་དུ་མཱ་མ་ཀཱི་ལ་སོཌ ་པ་འཇིག་རྟེན་ལས་འདས་པའི་རིག་མ་ཐམས་ཅད་དགུག་པ་བསྒྲུབ་བར་བྱའོ་ཞེས་བྱ་བ་ནི་མན་ངག་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དམ་ཚིག་ནི་ལས་ཀྱི་རིགས་སོ། །དེ་ལས་བྱུང་བའི་འོད་ཟེར་སྟུག་པོ་མཆོག་ནི་འཕགས་པ་བདུད་རྩི་སྟེ། དེ་ལ ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །སངས་རྒྱས་ཀུན་ནི་ལས་ཀྱི་རིགས་ཅན་རྣམས་སོ། །བརྒྱལ་ཞིང་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་ཀྱི་སྔ་ན་བཞིན་དུ་སེམས་ཅན་རྣམས་དང་རྗེས་སུ་མཐུན་པར་སྟོན་པ་ཡིན་ནོ་ཞེས་ཐམས་ཅད་དུ་ཤེས་པར ་བྱའོ། །རྡོ་རྗེ་སྐུ་ནི་རྣམ་པར་སྣང་མཛད་དེ་དེ་རྗེས་སུ་དྲན་པ་ནི་སྔ་མ་བཞིན་ནོ། །སྔགས་རྣམས་ཀུན་གྱི་སྦྱོར་བ་དང། ཞེས་བྱ་བ་ནི་ལྷ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་སྣ་ཚོགས་སྣ་ཚོགས་པ་བསྒྲུབ་བའི་མཚན་ཉིད་རྣམས་ལ་བཅོམ་ལྡན་འདས་འདི་ཉིད་སྦྱར་བར་བྱ ་སྟེ། །བྱ་བ་ཐམས་ཅད་སྒྲུབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །ཁྱད་པར་ནི་རྡོ་རྗེ་བསྐྲད་བ་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། ཚུལ་བཞིན་ཞེས་བྱ་བས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། ཇི་ལྟ་བ་བཞིན་དུ་འཕགས་པ་བདུད་རྩི་འཁྱིལ་པའི་རྣལ ་འབྱོར་དང་ལྡན་པས་ཐོང་ལོ་ཀར་དང་རོ་སྲེཌ་ཀྱི་མེལ་བསྲེགས་པའི་སྨྱོ་བྱེད་གི་ཤིང་གི་སོལ་བ་དང་བཅལ?་དང་ཨཱ་རི་ཥཱའི་ལོ་མ་དང་དུག་ལ་སོགས་བ་རྐང་བ་གཡོན་བའི་སྲིན་ལག་གི་ཁྲག་དང་བཅས་པ་རྣམས་བཏགས་ཏེ། ཀ་གཉིས་པའི་སྒྲོའི་སྨྱུ་གུས་རྒྱལ ་མཚན་གྱི་གོས་ལ་རླུང་གི་དཀྱིལ་འཁོར་དང་དེའི་དབུས་སུ་རལ་གྲི་འཁོར་ལོ་རྩིབས་བརྒྱད་བ་བྲིས་ལ། དེའི་ལྟེ་བར་བསྒྲུབ་བྱའི་གཟུགས་སྔགས་ཀྱི་ཡི་གེ་བཀོད་བ་བྲིས་ཏེ་ཕྱི་རོལ་ཏུ་བསྐུལ་བའི་ཚིག་དང་ལྡན་པ་བརྒྱ་རྩ་བརྒྱད་མངོན་པར ་བཟླས་བ་བྱས་ལ། མ་མོ་ལ་སོགས་བའི་ཁྱིམ་དུ་སྦས་པར་བྱ་སྟེ། དེ་ལྟར་ན་སངས་རྒྱས་ཀྱི་དབུང་ཡང་སྐྲོད་པར་འགྱུར་རོ་དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ཀྱི་འོད་ཟེར་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན་ཞིང། དེ་ལས་ ་བྱུང་བའི་རྡོ་རྗེ་ནི་འཕགས་པ་གཞན་གྱིས་མི་ཐུབ་པ་ཞེས་བྱ་བ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །སྲིན་པོ་ཞེས་བྱ་བ་ལ་སོགས་པ་ལ། སྲིན་པོ་ནི་ཚངས་པའི་སྲིན་པོ་ལ་སོགས་པ ་རྣམས་སོ། །མ་རུངས་པ་ནི་སྒྲུལ་རྣམས་སོ། །གཏུམ་པོ་ནི་གདོན་ལ་སོགས་པ་རྣམས་ཏེ། དེ་ལས་བྱུང་བའི་འཇིགས་པ་དང་ལྡན་པ་རྣམས་ལ། ལས་རྣམས་ཆོ་ག་བཞིན་དུ་བྱེད། ཅེས་བྱ་བ་དེ་ལ་ཆོ་ག་ནི་འདི་ཡིན་ཏེ། ཇི་ལྟ་བ་བཞིན ་དུ་ཁྲོ་བོ་གཞན་གྱིས་མི་ཐུབ་པའི་རྣལ་འབྱོར་དང་ལྡན་པས་ལག་པ་དག་ཏུ་ཡི་གེ་ཧཱུཾ་དག་ལས་རྡོ་རྗེ་འབར་བ་བསམས་ལ། སྲིན་པོ་ལ་སོགས་པས་ཟིལ་གྱིས་ནོན་པའི་ལུས་ལས་སྲིན་པོ་ལ་སོགས་པ་སེམས་ཉིད་ཀྱིས་བཀུག་ནས ་རྡོ་རྗེ་གཉིས་ཀྱི་བར་དུ་བཅུག་ལ། དེའི་འབར་བ་རྣམས་ཀྱི་ཚིག་བར་བསམ་ཞིང། ལག་པའི་བར་དུ་ཀུན་ཏུ་བསྡམས་ཏེ། མཉེ་ཞིང་ཆེ་གེ་མཱོ་རཱ་ཀཤ་སཱ་ཏི་བྷཡོ་མོ་ཙ་ཡ་ཏི་ཞེས་བྱ་བའི་བསྐུལ་བའི་ཚིག་དང་ལྡན་པའི་སྔགས་བརྗོད་པར་བྱའོ།། ་དེ་ལྟར་ན་རྡོ་རྗེ་གཉིས་ཀྱི་རྣམ་པར་སེམས་ཡང་དག་བར་སྦྱོར་བས་དུ་ཞིང་ཤིང་གི་ཡལ་ག་ཆག་པ་ལ་སོགས་པ་ཡིད་ཆེས་པ་སྟོན་པ་སྔོན་དུ་འགྲོ་བས་གདོན་མི་ཟ་བར་གཏོང་བར་བྱེད་པ་འམ་དུག་མེད་པར་འགྱུར་རོ། །གལ་ཏེ ་དེ་རྣམས་ཀྱིས་འཛིན་དུ་གཞུག་པར་འདོད་ནི། དེའི་ཚེ་དེའི་རྣལ་འབྱོར་དང་ལྡན་པ་ཁོ་ནས་མར་དོའི་ཉིན་ཞག་དག་ལས་གང་ཡང་རུད་བའི་ཉིན་ཞག་ལ་དུར་ཁྲོད་ཀྱི་སོལ་དས་འགེགས་པའི་ཐོད་པ་ལ་ལྕགས་ཀྱི་ཡུ་བ་དང་ལྡན། ་པའི་མི་སྐྲའི་པིར་གྱིས་ཡི་གེ་ཧཱུཾ་ལས་བྱུང་བའི་འཇིགས་སུ་རུང་བའི་མཆེ་བ་གཙིགས་པའི་ཞལ་མངའ་བ་དབུ་སྐྲ་གྱེན་དུ་བརྫེས་པ་གཡས་པ་རོ་ལངས་ཀྱི་ཆུ་གྲི་འཛིན་པ་གཡོན་པས་སྡིགས་མཛུབ་བྱས་པ་བྲིས་ལ། དུག་དང ་རུས་པའི་ཕྱེ་མ་དང་འཛུབ་མོའི་ཁྲག་གིས་མིང་དང་བཅས་པའི་སྔགས་དེའི་སྙིང་གར་ཆེ་གེ་མོ་གྲིཧྞ་ཞེས་བྱ་བ་ལ་སོགས་པའི་ཚིག་དང་ལྡན་པའི་སྔགས་བྲི་བར་བྱ་ཞིང་ཐོད་པ་གཉིས་པར་བསྒྲུབ་བྱ་བ་ང?་པ་མ་སུ་དང་རོ་བསྲེག་གིས་དང་ཆལ་བ་དང ་སོལ་བ་རྣམས་རྡོ་རྗེའི་ཆུ་དང་སྤྲུལ་པའི་གོང་བུ་ལས་བྱས་པའི་མིའི་གཟུགས་ཀྱི་སྙིང་གར་དུག་དང་རུས་པའི་ཕྱེ་མ་དང་འཛུབ་མེའི་ཁྲག་གིས་མིང་དང་བཅས་པའི་སྔགས་བྲིས་པའི་ཏ་ལའི་ལོ་མ་བཅུག་ལ་བསྐུལ་བའི་སྔགས་ཀྱིས ་སྤྱན་དྲང་བ་སྔོན་དུ་འགྲོ་བ་ཅན་གྱི་དེ་ལ་གཏད་པའི་དམིགས་པས། ཨ་དྷ་སྠ་བའི་གཟུགས་བརྙན་དང་ཁ་སྦྱར་ཏེ་དེས་མནན་ནས་གཟུང་བར་བསམ་ཞིང། མཚན་མོ་དུར་ཁྲོད་དུ་རོལ་པ་དང་བཅས་པས་སྔགས་བཟླས་ན། དེ་གདོན་མི་ཟ ་བར་དེས་གཟུང་བར་འགྱུར་རོ། །དེ་བཞིན་དུ་རིམ་པ་འདི་ཁོ་ན་བཞིན་དུ་གདོན་ལ་སོགས་པ་ཐམས་ཅད་ཀྱིས་འཛིན་དུ་གཞུག་གོ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དཔག་ཏུ་མེད་པ་ནི་འོད་དཔག་ཏུ་མེད་པ་ཡིན་ཞིང་འདི་དེ་ལས ་བྱུང་བས་ན་འོད་དཔག་ཏུ་མེད་པར་བྱུང་བ་སྟེ།། དཔལ་རྡོ་རྗེ་རྟ་མགྲིན་ཡིན་ཞིང། །དེ་ལ་དམིགས་པའི་ཏིང་ངེ་འཛིན་མི་ཕྱེད་པ་ཉིད་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །ཆོས་ཀྱི་རྡོ་རྗེ་ཆེ་མཆོག་སྐྱེ་ནི། པདྨའི་རིགས་ཀྱི་དཀྱིལ་འཁོར་བ་རྣམས་སོ།། ་ཡེ་ཤེས་ཀྱི་བདག་པོ་ཉིད་ཡིན་པའི་ཕྱིར་ཡེ་ཤེས་རྒྱལ་པོ་ནི་འོད་དཔག་ཏུ་མེད་པ་སྟེ་དེའོ། །མཁའ་དབྱིངས་ཞེས་བྱ་བ་ལ་སོགས་པ་ལ། ཧ་ལ་ཧ་ལའི་འོད་ནི་ཆེས་ཤིན་ཏུ་དྲག་པའོ། །ཁྲོ་བོའི་རྒྱལ་པོའི་བསྐུལ་བ་ཡིས། དུག་རྣམས ་ཐམས་ཅད་མེད་པར་བྱེད། ཅེས་བྱ་བས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། ཇི་ལྟ་བ་བཞིན་དུ་འཕགས་པ་རྟ་མགྲིན་གྱི་རྣལ་འབྱོར་དང་ལྡན་པས་བསྒྲུབ་བྱའི་སྙིང་གར་ཡི་གེ་ཧཱུཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་བསྐལ་པའི་མེ་འབར་བ་ལྟ་བུ ་དང། དེའི་སྟེང་དུ་ཡི་གེ་ཧཱུཾ་རྣམ་པར་བཀོད་ལ། དེའི་འོད་ཟེར་རྣམས་ཀྱིས་ཡན་ལག་ཐམས་ཅད་ན་གནས་བའི་དུག་རབ་ཏུ་བསྲེགས་ཏེ། ལག་པ་གཡས་པར་ཡི་གེ་པཾ་ལས་བྱུང་བའི་པདྨ་དཀར་པོ་འདབ་མ་བརྒྱད་པ? ་བསམས་ལ། དེའི་ལྟེ་བར་ཡི་གེ་ཧཱུཾ་ཁ་དོག་དཀར་པོ་འོད་ཟེར་དཀར་པོ་འབར་ཞིང་བདུད་རྩི་འཛག་པར་རྣམ་པར་བསམ་ནས། ཕྲེང་བའི་སྔགས་བརྗོད་པས་དེས་བྱ་བ་ཅིང་བསྒྲུབ་བྱ་དུག་མེད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ ་བ་ལ་སོགས་པ་ལ། འདི་ལས་སངས་རྒྱས་རྣམས་ལ་མཆོད་པ་དང་སེམས་ཅན་རྣམས་ཀྱི་དོན་འབྱུང་བས་ན་འབྱུང་བ་སྟེ། དོན་ཡོད་པར་གྲུབ་པའོ། །དེ་ལས་བྱུང་བའི་དཔལ་ནི་ཁྲོ་བོ་དཔལ་དབྱུག་པ་སྔོན་པོ་ཅན་ཏེ། གཟའ་མཇུག ་རིངས་བཞིན་དུ་གདུག་པ་ཐམས་ཅད་གཞོམ་པའི་ཆེད་དུ་བྱུང་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་མི་ཕྱེད་པ་ཉིད་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །གདུག་པའི་མཆོག་ལས་བྱུང་བའི་ཀུན་ནི་ཚངས་པ་ལ་སོགས ་པ་རྣམས་སོ། །འཇིགས་ཤིང་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་ཀྱིས་ནི་སྔགས་ཀྱི་མཐུ་མི་བཟོད་པར་གྱུར་པ་བསྟན་ཏོ། །ཆོ་གའི་ཚུལ་བཞིན་བསྐུལ་བ་ཡིས། །གདུག་པ་ཐམས་ཅད་གསོད་པར་འགྱུར། ཞེས་བྱ་བ ་ནི་ཇི་ལྟ་བ་བཞིན་དུ་འཕགས་པ་དབྱུག་པ་སྔོན་པོ་ཅན་གྱི་རྣལ་འབྱོར་དང་ལྡན་པས་ཤ་ཆེན་དང་དུར་ཁྲོད་ཀྱི་སོལ་བ་དང། བལ་མི་ཀའི་ས་དང་སྤུན་པ་དང་བསྒྲུབ་བྱའི་བ་ད་བཾ་སུ་རྣམས་ཀྱིས་གཟུགས་བརྙན་བྱས་ཏེ། དུར་ཁྲོད་ཀྱི་གོས ་ལ་དུག་དང་ཁྲག་དང་རམས་རྣམས་ཀྱིས་སྣ་ཚོགས་རྡོ་རྗེ་ལ་མེའི་དཀྱིལ་འཁོར་དང་དེའི་དབུས་སུ་བསྒྲུབ་བྱའི་མིང་སྔགས་དང་རྣམ་པར་སྤེལ་བ་བྲིས་ལ། དེའི་སྙིང་གར་ཅུག་སྟེ། ཕྱི་རོལ་ཏུ་ཐོད་པ་གཉིས་ཀྱི་ནང་དུ་བུག་ལ། དེ་གསང་བའི ་ཕྱིར་ཤིན་ཏུ་ཁྲོ་ཞིང་གཏུམ་པར་གྱུར་པས་རྐང་པ་གཡོན་པས་ཀུན་ཏུ་མནན་ཏེ། ཉི་མ་ཕྱེད་དམ་མཚན་ཕྱེད་ཀྱི་དུས་སུ་རྡོ་བ་དང་རུས་པ་དང་ནིམ་པའི་ལོ་མ་རྣམས་ཀྱིས་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས། ཞག་བདུན་ན་འཆི་བར་འགྱུར་བའོ། །དེ་ལྟ་? ་ཡང་མ་གྲུབ་ན། དུར་ཁྲོད་དུ་སེང?་སྟེ་མཚན་ཕྱེད་ཀྱི་དུས་སུ་རོ་བསྲེགས་ཀྱི་ཐལ་བས་མེ་ཐབ་གྲུ་གསུམ་བྱས་ལ། ནིམ་པའི་ཤིང་ཉིད་ཀྱིས་མེ་སྦར་ཏེ་དེའི་དབུས་སུ་སྦྱར་དྲང་བ་སྔོན་དུ་འགྲོ་བ་ཅན་གྱི་ཁྲོ་བོའི་རྒྱལ་པོ་མཆི་བ་གཙིཌ་ཤིང་འཇིགས་སུ་རུང་?་རིགས ་སུ་རུང་བར་བྱས་པ་རྣམ་པར་བསམས་ལ། མཚོན་རྣོན་པས་པྲ་ཏི་ཀྲི་ཏ་རྐང་པ་གཡོན་པའི་ཨ་ན་མི་ཀ་ནས་བརྩམས་ཏེ་གཏུབས་ནས་ཤིན་ཏུ་ཁྲོ་བའི་དབང་དུ་གྱུར་པས་ཆེ་གེ་མོ་མཱ་ར་ཡ་ཏི་ཞེས་བྱ་བའི་བསྐུལ་བ་དང་བཅས་པའི་སྔགས་ཁྲོ་བོའི་ཚིག ་གིས་རྗོད་ཅིང་ཏད་ཝང་ཁྲོ་བོ་ཡང་སྦྱིན་སྲེག་བྱས་ནེ་དེ་ཉིད་ཀྱི་མཚན་མོ་ལ་གདོན་མི་ཟ་བར་འཆི་བར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཀུན་ནས་ནི་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཅན་གྱི ་མི་བསྐྱོད་བ་སྟེ། ཐམས་ཅད་ལ་ཁྱབ་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལས་བྱུང་བའི་སྤྲིན་གྱི་དཔལ་ནི་སྦྲིན་གྱི་ཆར་ཕུན་སུམ་ཚོགས་པ་དང་ལྡན་པ་ཉིད་ཡིན་པའི་ཕྱིར་བཅོམ་ལྡན་འདས་སྟོབས་པོ་ཆེ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ ་སྐད་ཅེས་བྱའོ། །བཟླས་པ་ཙམ་གྱིས་སྦྱོར་བ་ཡིས། །ལས་རྣམས་ཐམས་ཅད་བསྒྲུབ་པར་བྱེད། ཅེས་བྱ་བ་ནི་སྔར་བཤད་པའི་ཆོ་ག་བཞིན་དུ་བཟླས་པ་འབུམ་བྱས་ཤིང། ཇི་སྐད་བཤད་པའི་སྦྱོར་བས་ཞི་བ་ལ་སོགས་པའི ་ལྷ་ཐམས་ཅད་ཀྱི་ལས་རྣམས་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཆུའི་དཀྱིལ་འཁོར་འབེབས་པར་བྱེད་ཅེས་བྱ་བས་ནི། འདི་སྐད་དུ་བསྟན་པ་ཡིན་ཏེ། དེ་ཁོ་ན་བཞིན་དུ་རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་གྱུར་པ་སྔོན་དུ་འགྲོ་བ ་ཅན་གྱི་ཡི་གེ་ཕཊ་ཀྱིས་བྱུང་བའི་འཕགས་པ་སྟོབས་པོ་ཆེ་བདག་ཉིད་བསམས་ལ། འབུམ་བཟླས་ནས་ཁམ་པོར་སོ་མ་བཏང་བ་ལ་རམས་ཀྱི་ཁུ་བས་རལ་གྲི་རྩིབས་བརྒྱད་པའི་འཁོར་ལོ་དང། དེའི་སྟེང་དུ ་པདྨ་འདབ་བརྒྱད་པ་ལ་མདུད་ཅན་མའི་སྔགས་དང་རྣམ་པར་སྤེལ་བའི་ཀླུ་ཐམས་ཅད་ཀྱི་སྙིང་པོ་བྲིས་ཏེ། ཁམ་ཕོར་གཞན་དང་ཁ་སྦྱར་ལ་སྐུད་པ་སྔོན་པོས་ཀུན་ནས་དཀྲིས་ཏེ། མདུད་ཅན་མ་དང་ཀླུ་རྣམས་སྤྱན་དྲངས་ལ་ཡང ་དག་པར་མཆོད་ལ། ཀླུ་གནས་པའི་ཆུ་མིག་ལ་སོགས་པར་ཀླུ་ཐམས་ཅད་ཀུན་ཏུ་སྐུལ་བར་བྱེད་པའི་ཁམ་པོར་ཁ་སྦྱར་ཏེ་བཞག་ལ། ས་ཕྱོགས་དབེན་པ་གཞན་དུ་མེའི་དཀྱིལ་འཁོར་ལ་རླུང་གི་དཀྱིལ་འཁོར་དར་དེའི་སྟེང་དུ་ཆུ་དང། ་དེའི་དབུས་སུ་པདྨ་འདབ་མ་བརྒྱད་པ་བྲིས་ཏེ། དེའི་ལྟེ་བར་རླུང་ལྷ་མདོག་དཀར་པོ་སྦྲུལ་མགོ་བདུན་གྱིས་གདངས་ཀ་དང་ལྡན་པ་སྐྱེས་བུའི་གདོད་ཅན་ལག་ན་སྦྲུལ་གྱི་ཞགས་པ་ཐོགས་པ་བྲི་ཞིང་ཤར་གྱི་འདབ་མ་ལ་མཛའ་ཡས་ཨུཏཔལ ་ལྗང་གུའི་མདོག་ཅན་དང། ལྷོར་ནོར་རྒྱས་ཀྱི་བུ་དཀར་པོ་དང། ནུབ་ཏུ་འཇོག་པོ་དམར་པོ་དང། བྱང་དུ་སྟོབས་རྒྱུ་ནག་པོ་དང། མེ་དང་བདེན་བྲལ་གྱི་མཚམས་དག་དུ་པདྨ་མ་དང་པདྨ་ཆེན་པོ་དཀར་པོ་དང། རླུང་གི་མཚམS ་སུ་དུད་སྐྱོང་སེར་པོ་དང། དབང་ལྡན་གྱི་མཚམས་སུ་རིགས་ལྡན་སྣ་ཚོགས་ཀྱི་མདོག་ཅན་དེ་དེ་ལྟ་བུའི་ཀླུའི་དཀྱིལ་འཁོར་བྲིས་ལ། ཡི་གེ་ནཾ་ལས་ཀླུ་ཐམས་ཅད་བསམ་ཏེ། དེ་ནས་ཁ་དོག་སྔོན་པོ་དང་ལྡན་པའི་བུམ་པ་ལ ་སོགས་པ་རྣམས་ཀྱིS་འོ་མ་དང་བུ་རམས་ལ་སོགས་ཀླུ་དང་རྗེས་སུ་མཐུན་པའི་ལྷ་བཤོས་བྱིན་ལ། ཡི་གེ་ཛ་དང་རྣམ་པར་སྤེལ་བའི་ཡི་གེ་ན་གིས་བཀུག་སྟེ། །རང་རང་གི་གནས་རྣམས་སུ་བཅུག་ལ་མཆོད་པ་བྱས་ཏེ། ་འདི་སྐད་དུ་བདག་ལ་རྩེ་བ་དང་བཅོམ་ལྡན་འདས་ཀྱིས་བཀའ་ཡིས་ཀླུ་ཆེན་པོ་ཁྱེད་རྣམས་ཀྱིས་ཆར་ཕོབ་ཅིག་ཅེས་བརྗོད་པར་བྱའོ། །དེ་ནས་ཀླུ་དེ་རྣམས་ཆར་གྱི་རྒྱུན་རབ་ཏུ་འབེབས་པར་བསམ་ཞིང་བཟླས་པ་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀས་ཀླུ་དེ ་རྣམས་ཀྱིས་ཆར་འབེབས་བར་བྱེད་དོ། །གལ་ཏེ་དེ་ལྟར་བྱས་ཀྱང་ཆར་མི་འབེབས་ན། དེའི་ཚེ་མེ་ཐབ་ཟླུམ་པོ་ལ་དེ་ཁོ་ན་བཞིན་དུ་དཀྱིལ་འཁོར་བྲིས་ནས་སྤྱན་དྲང་བ་སྔོན་དུ་འགྲོ་བས་འཆད་པར་འགྱུར་བའི་སྦྱིན་སྲེག་གི་ཆོ་ག་ཚུལ་བཞིན་དུ་ཀླུ ་ཐམས་ཅད་ཀྱི་ལྕེའི་དབུས་སུ་ཡི་གེ་ནི་བསམས་ལ། མཆོད་ཡོན་ལ་སོགས་བ་སྔོན་དུ་འགྲོ་བ་ཅན་གྱི་བུ་རམ་དང་འོ་མ་དང་མར་རྣམས་ཀྱི་དགར་བླུགས་གསུམ་ཕུལ་ཏེ། ཇི་ལྟར་འདོད་པ་བུ་རམ་དང་འོ་མ་དང་མར་ལ་སོགས་པ་སྦྱིན་སྲེག ་བྱས་ན་དགའ་བར་གྱུར་ནས་གདོན་མི་ཟ་བར་ཆར་གྱི་རྒྱུན་འབེབས་བར་བྱེད་དོ། །གལ་ཏེ་དེ་ལྟ་ན་ཡང་ཆར་མི་འབེབས་པ་དེའི་ཚེ་མངོན་སྤྱོད་བྱ་སྟེ། གྲོག་མཁར་དང་ཆུ་བོའི་འགྲམ་གཉིས་བཤད་པ་དང་གཅི་པ་དང་སྤྲུལ་པས་ཀླུའི་གཟུགས ་བརྙན་བྱས་ནས། དུར་ཁྲོད་ཀྱི་གོས་ལ་དུག་དང་ཁྲག་དང་སྐེ་ཚེ་དང་ཆ་དང་ཉུངས་མར་ཆེ་བས་རལ་གྲིའི་འཁོར་ལོ་རྩིབས་བརྒྱད་པ་བྲིས་ཏེ། དེའི་སྟེང་དུ་པདྨ་འདབ་མ་བརྒྱད་པ་དང། འདབ་མ་བརྒྱད་ལ་ཀླུ་བརྒྱད་ཀྱི་སྙིང་པོ་རྣམས ་སམ་ཡི་གེ?་ནཾ་རེ་རེ་སྔགས་དང་རྣམ་པར་སྤེལ་བ་དང། ལྟེ་བ་ལ་ཡི་གེ་བཾ་དེ་བཞིན་དུ་བྲིས་ལ། སྤྱན་དྲངས་ཏེ་དེ་སྙིང་གར་བཅུག་ལ་སྐེ་ཚེ་ལ་སོགས་པ་ཚ་བསྟེག་རྫས་རྣམས་ཀྱིས་རབ་ཏུ་བྱུགས་ཏེ། སྔགས་བརྗོད་ཅིང་མེ་ལ ་གདུངས་ན། གདོན་མི་ཟ་བར་ཆར་འབབ་པར་འགྱུར་རོ། གལ་ཏེ་དེ་ལྟར་བྱས་ན་ཡང་ཀླུ་རྣམས་ཆར་མི་འབེབས་ན། དེའི་ཚེ་དེ་ཁོ་ན་བཞིན་དུ་ས་ལ་ཀླུའི་དཀྱིལ་འཁོར་བྲིས་ལ་གོས་སྔོན་པའམ་དམར་པོས་སྟོད་གཡོགས་དང་ཅོད། ་པན་བྱས་པ་འམ། གཅེར་བུས་དཀྱིལ་འཁོར་དེ་ན་གནས་པའི་ཀླུ་རྣམས་ཉི་མ་ལ་གནས་པའི་རྡོ་རྗེ་འབར་བས་མཚན་པའི་རྐང་པ་གཡོན་པས་གན་རྐྱལ་དུ་མནན་ཏེ། སྟེང་དུ་བསྒྲགས་པའི་ཕཊ་ཀྱི་སྒྲས ་ནམ་མཁའ་ཀུན་ཏུ་ཁྱབ་པར་བྱས་ནས་ཤིན་ཏུ་འཇིགས་པར་གྱུར་ཅིང་ཁྲག་སྐྲུགས་བའི་རྒྱུན་རྣམས་ཀྱིས་ཆུའི་རྒྱ་མཚོ་བྱེད་བར་བལྟ་ཞིང་སྔགས་བཟླས་པར་བྱ་སྟེ། ཨོཾ་ཧཱུཾ་ནཾ་ཧཱུཾ་ནཾ་ཧཱུཾ། ཕཊ་ནཾ་ཕཊ་ནཾ་ཕཊ། ཨུ་གྲ་ཤཐཱུ་ལ་པ་ནི། ་ཧཱུཾ་ནཾ་ཧཱུཾ་ནཾ་ཧཱུཾ། མཱ་ར་ཡ་སརྦ་ནཱ་གཱཾ། ཕཊ་ནཾ་ཕཊ་ནཾ་ཕཊ། ཨོཾ་ཛཡོ་ཏི་ནི་ནཱ་ད། ཧ་ན་ནཱ་གཾ། ཝ་ར་ཤཱ་བ་ཤཱི་གྷཱཾ་བྷ་ག་བན། ཧཱུཾ་ནཾ་ཧཱུཾ་ནཾ་ཧཱུཾ། ཨོཾ་ཨོཾ་ཨོཾ། ཕཊ་ཕཊ་ཕཊ་ནཾ་ཕཊ། ཨོཾ་མ་ཧ་བ་ལ་ཡ་སྭཱཧཱ། གལ་ཏེ་དེ་ལྟ་ཡང་ཀླུ་གདུག ་བ་རྣམས་ཆར་གྱི་རྒྱུན་མི་འབེབས་ན་དེའི་ཚེ་མེ་ཐབ་གྲུ་གསུམ་བྱས་ལ། དེའི་དབུས་སུ་འཕགས་པ་སྟོབས་པོ་ཆེ་བསམས་ནས། གདོལ་བའི་མེ་བླངས་ལ་ཡི་གེ་ཕུ་རྣམས་ཀྱིས་སྤར་ཏེ། དུག་དང་སྐེ་ཚེ་དང་ལན་ཚྭ་དང་སྨྱོ་བྱེད་རྣམས་ཀྱིས་སཾ་ཀླུའི ་གཟུགས་བརྙན་བྱས་ལ། མཚོན་རྣོན་པོས་མགོ་བོ་ནས་བརྩམས་ཏེ། གཏུབས་ནས་ཁ་ལྷོ་རུ་བལྟས་པས་འཕགས་པ་སྟོབས་པོ་ཆེའི་སྔགས་སོ་སོ་འམ་མ་ལུས་པར་བརྗེད་ལ། ལག་པ་གཡོན་པས་དེ་སྦྱིན་སྲེག་བྱའོ། །ལུས ་བཤད་གཅིས་བྱུགས་པས་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན་གདོན་མི་ཟ་བར་ཆར་གྱི་རྒྱུན་འབེབས་པར་བྱེད་དོ། །གལ་ཏེ་དེ་ལྟ་ན་ཡང་ཆར་མི་འབབ་པ་ན་འཕགས་པ་སྟོབས་པོ་ཆེ་ཉིད་ཀྱི་ཉེས་བ་ཡིན་ཏེ། དེའི་ཕྱིར་སྔར་བཤད་བའི་རྫེས? ་རྣམས་ཀྱིས་འཕགས་བ་སྟོབས་པོ་ཆེའི་གཟུགས་བརྙན་བྱས་ལ། ཁྲོ་བོ་དཔལ་གནོད་མཛེས་ཀྱི་རྣལ་འབྱོར་དང་ལྡན་པས། སྤྱན་དྲང་བ་སྔོན་དུ་འགྲོ་བ་དེ་ཁོ་ན་བཞིན་དུ་རྐང་པ་གཡོན་པས་མནན་ཏེ། མྱུར་དུ་ཆར་ཕོབ་ཅིག་ཅེས་བྱ་བའི ་བསྐུལ་བའི་ཚིག་དང་ལྡན་པའི་ཡི་གེ་ཧཱུཾ་གི་སྔགས་ཁྲི་བཟླས་པར་བྱའོ། །དེ་ནས་མངོན་སྤྱོད་ཀྱི་ཐབ་ཁུང་ན་གནས་པའི་ཁྲོ་བོའི་དཔལ་གནོད་མཛེས་རྒྱལ་པོ་ཡི་གེ་ཧཱུཾ་ལས་བྱུང་བའི་ལྗགས་མངའ་ཞིང་ཞལ་གདངས་པ་དེའི་ཞལ་དུ་གཟུགས་བརྙན་བཅུག་སྟེ་སྦྱིན ་སྲེག་ཁྲི་བྱའོ། །འདིས་ནི་ངེས་བར་འཕགས་པ་སྟོབས་པོ་ཆེས་ཆར་འབེབས་སུ་འཇུག་གོ་།ཞེས་བྱ་བའི་མཐུ་ནི་རྣལ་འབྱོར་བ་ཐམས་ཅད་ལ་རབ་ཏུ་གྲུབ་བོ། །ཡང་ན་ཀླུ་ཐམས་ཅད་དང་འཕགས་པ་སྟོབས་པོ་ཆེ་ལ་དམིགས་ཏེ། མེ་ཐབ་ཟླུམ་པ ་ལ་ཞུགས་པའི་སངས་རྒྱས་སྤྱན་སྐུ་མདོག་དཀར་པོ་ཞི་བའི་ཡི་གེ་ཨོཾ་ལས་བྱུང་བའི་ལྗགས་དང་ལྡན་པའི་ཞལ་དུ་དེའི་སྔགས་ཀྱི་ཞི་བའི་ཆོ་ག་བཞིན་དུ་མར་དང་འོ་མ་ལ་སོགས་པའི་སྦྱིན་སྨག་ཁྲི་བྱས་ན་དོན་མི་ཟ་བར་བཅོམ་ལྡན་འདས་མ ་དེ་སངས་རྒྱས་རྣམས་ཀྱི་ཞི་བ་བསྐྱེད་བར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། སྔ་མ་བཞིན་དུ་ཀུན་ཏུ་མི་བསྐྱེད་པ་ཡིན་ཞིང། དེ་ལས་བྱུང་བའི་འཇོམས་པ་ནི་འདོད་བའི་རྒྱལ་པའི་སྟེ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ ་འཇོམས?་པར་བྱེད་པའི་ཕྱིར་རོ། །དེ་ལ་དམིགས་པའི་ཏིང་འཛིན་ནི་མི་ཕྱེད་པ་ཉིད་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །རྡོ་རྗེ་སེམས་དཔའ་སྦྱོར་བ་ཡིས། ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་འཕགས་པ་འདོད་པའི་རྒྱལ་པོའི་རྣལ་འབྱོར ་དད་ལྡན་པས་བསྒྲུབ་བྱའི་གཟུགས་བརྙན་བྱས་ལ། སྤྱན་དྲང་བ་སྔོན་དུ་འགྲོ་བས་གཡོན་བརྐྱང་ཞིང་རྡོ་རྗེ་ལྕགས་ཀྱུ་འབར་བས་མཚན་བའི་རྐང་བ་གཡས་བས་མནན་ཏེ། དེའི་སྔགས་བརྗོད་ཅིང་སྔ་མ་བཞིན་དུ་རྡོ་རྗེ་ལྕགས ་ཀྱུས་དགུག་བར་བྱ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། མེ་ལོང་ལྟ་དུ་ལ་སོགས་པའི་ཡེ་ཤེས་རྣམས་ཀྱི་ཡན་ལག་ཐམས་ཅད་བརྒྱུས་བའི་ཕྱིར་ཡེ་ཤེས་ཀྱི་འཕྲེང་བ་སྟེ། རྡོ་རྗེ་འཆང་ཆེན་པོའོ། །དེ་ལས་བྱུང་བའི་ཚུལ་ནི་ ་བྱང་ཆུབ་ཀྱི་སེམས་ཀྱི་ཆུའི་རང་བཞིན་ཅན་གྱི་འཕགས་པ་མི་གཡོ་བ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་མི་ཕྱེད་པ་ཉིད་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །སྐྲག་གྱུར་ནས་ཁ་སྦྱར་ལུས་སུ་འབུགས་པར་འགྱུར། ་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་འཕགས་པ་མི་གཡོ་བའི་རྣལ་འབྱོར་དང་ལྡན་པས་སྐྱེས་བུའི་ཐོད་པ་མ་གས་ཤིང་མཆེན་དང་ལྡན་པ་བླངས་ལ། རྐང་པ་གཡས་པའི་མཛུབ་མེའི་ཁྲག་དང་ལན་ཚྭ་དང་ཉུངས་དམར་ཆེ་བ་དང་སྐེ་ཚེལ་སོགས ་པ་རྣམས་ཀྱིས་ལྷ་ཆེན་པོ་ལ་སོགས་པའི་གཟུགས་བརྙན་རང་གི་ལྷ་མོ་དང་ལྡན་པ་བྲིས་ཏེ། སྤྱན་དྲང་བ་སྔོན་དུ་འགྲོ་བས་སྔ་མ་བཞིན་དུ་རྡོ་རྗེ་ལྕགས་ཀྱུས་མཚན་པའི་རྐང་པ་གཡས་བས་མནན་ལ། ལྕགས་ཀྱུ་དེས་དགུག་པར་བལྟ ་ཞིང་བསྐུལ་བ་དང་བཅས་པའི་སྔགས་བརྗོད་ན། ཆུང་མ་དང་བཅས་པ་རྣམས་གདོན་མི་ཟ་བར་འགུགས་པར་འགྱུར་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དམ་ཚིག་ནི་ཁྲོ་བོ་ཐམས་ཅད་ཀྱི་རྒྱུ་མི་བསྐྱོད་པ་སྟེ། ཁྲོ་བོ་ཞེ ་སྔར་གནས་ལས་སྐྱེས་ཞེས་འབྱུང་བའི་ཕྱིར་རོ། །དེའི་རྣམ་པར་འཕྲུལ་པ་ནི་དཔལ་གནོད་མཛེས་ཞེས་བྱ་བ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་མི་ཕྱེད་པ་ཉིད་ཡིན་པའི་ཕྱིར། དེ་སྐད་ཅེས་བྱའོ་བུ་མོ་མཐུ་ཆེན་ཐམས་ཅད་ཅེས་བྱ་བ་ནི། ་སྤྱན་ལ་སོགས་པ་རྣམས་སོ། །འདོད་ཆགས་ཀྱི་བདེ་བའི་གཞན་གྱི་དབང་དུ་གྱུར་པ་ཉིད་ཀྱི་ཕྱིར་སྐུ་བཤིག་ཅིང་གོས་དང་བྲལ་བར་གྱུར་པའོ། །རྡོ་རྗེ་སེམས་དཔའ་ནི་དཔལ་གནོད་མཛེས་རྒྱལ་པོའོ། །དེ་ཉིད་རང་གི་དཀྱིལ་འཁོར་གྱི ་བདག་ཉིད་ཡིན་པའི་ཕྱིར་དེ་བཞིན་གཤེགས་པ་ཀུན་གྱི་བདག་པོ་སྟེ། དེའི་ཞབས་ནི་དེ་བཞིན་གཤེགས་པ་ཀུན་གྱི་བདག་པོ་རྡོ་རྗེ་སེམས་དཔའ་ཨི་ཞབས་ཏེ། དེས་སོ། དེས་ནི་འདི་སྐད་དུ་ཇི་ལྟ་བ་བཞིན་དུ་འཕགས་པ་གནོད ་མཛེས་རྒྱལ་པོའི་རྣལ་འབྱོར་དང་ལྡན་པས་བུད་མེད་ཀྱི་ཐོད་པ་མཚན་དང་ལྡན་པ་ལ། སྤྱན་ལ་སོགས་པ་རྣམས་ཀྱི་ནང་ནས་གང་ཡང་རུང་བ་འམ་ལྷ་ལ་སོགས་པའི་བུ་མོ་རྐང་པ་གཡོན་པའི་ཨ་ན་མི་ཀའི་བྲག་གིས་བྲིས་ཏེ། དེའི་བྷ་ག ་ལ་རྡོ་རྗེ་ལྕགས་ཀྱུས་མཚན་པའི་རྐང་པ་གཡོན་པས་མནན་ནས་ལག་པ་གཡས་པ་ན་ཐོགས་པའི་ལྕགས་ཀྱུས་སྙིང་ག་ནས་བཏབ་སྟེ། ཞགས་པས་སྐེ་ནས་བཅིངས་ལ། སྐུལ་བའི་ཚིག་དང་ལྡན་པའི་སྔགས་བརྗོད་ཅིང་དགུག་པར་བྱའོ ་ཞེས་བསྟན་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ། དམ་ཚིག་ཆེན་པོ་ནི་དེ་བཞིན་དུ་ཐུགས་རྡོ་རྗེ་སྟེ། གང་ལ་དེ་འབྱུང་བ་མི་ཕྱེད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དམ་ཚིག་ཆེན་པོ་ནི་དཔལ་རྡོ་རྗེ་སེམས་དཔའ་ཨོ། །དེའི་སྐུ་དང ་གསུང་དང་ཐུགས་ཀྱི་གསང་བ་ནི་གསུམ་གྱི་གསང་བའོ། །ཚིག་ཏུ་བརྗོད་པས་འདའ་བར་བྱ་བ་མ་ཡིན་པའི་ཕྱིན་ཅི་མ་ལོག་པའི་དོན་སྟོན་པར་བྱེད་པའི་སྒྲའི་ཚོགས་ནི་གསུང་གི་དམ་ཚིག་གི་དེ་ཁོ་ན་ཉིད་ཀྱི་གནས་སོ། །སངས་རྒྱས་རྡོ་རྗེ་ནི་དཔལ ་རྡོ་རྗེ་སེམས་དཔའ་ཨོ། །དེའི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་བདག་ཉིད་ཀྱི་སྐུ་བསྒོམ་པ་ནི་རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ་པའོ། །ཞགས་པ་རྡོ་རྗེ་ཀྱོ་པ་འཛིན་པ་སྟེ་རྡོ་རྗེ་རིགས་ཀྱི་ལྷ་རྣམས་ཀྱི་གཟུགས་ཀྱིས་སོ། །སངས ་རྒྱས་ནི་རྣམ་པར་སྣང་མཛད་ཡིན་ཞིང། དེ་དགུག་པ་ནི་སངས་རྒྱས་དགུག་པ་སྟེ་བྱའོ། ཞེས་བྱ་བའི་དོན་ཏོ། །སངས་རྒྱས་གསུང་ནི་འོད་དཔག་ཏུ་མེད་པའོ། །སྐུ་ནི་རྣམ་པར་སྣང་མཛད་དེ་དེ་དག་ལས་གང་ཡང་རུང་བའི་སྦྱོར་བས་སོ། །འཁོར ་ལོ་ཆེན་པོ་ནི་གསུང་རྡོ་རྗེ་ལ་སོགས་པ་རྣམས་ཀྱི་རང་གི་དཀྱིལ་འཁོར་ཏེ། དེ་ལ་གནས་པའི་སྒོམ་པ་པོས་སམ་པདྨའི་ལྕགས་ཀྱུས་དཔལ་རྡོ་རྗེ་སེམས་དཔའ་འགུགས་པར་འགྱུར་རོ། །དེ་ནི་ཉེ་བར་མཚོན་པ་ཡིན་ཏེ། རིན་པོ་ཆེ་ལ་སོགས ་པའི་རང་གི་ཕྱག་མཚན་གྱིས་མཚན་པའི་ལྕགས་ཀྱུ་དང་ཞགས་པ་རྣམས་ཀྱི་ལྷ་ཐམས་ཅད་ཕན་ཚུན་དགུག་པར་བྱ་བ་ཡིན་པས། དེའི་ཕྱིར་རྡོ་རྗེ་ཀྱོ་བའི་ཁྱད་པར་གྱིས། སྔགས་རྣམས་ཐམས་ཅད་དགུག་པའི? ་མཆོག་ཅེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ལས་གྲུབ་པ་ཉིད་ཡིན་པའི་ཕྱིར་ཐམས་ཅད་རྡོ་རྗེའི་དངོས་སོ། །སྒྲུབ་པ་པོ་རྣམས་ཀྱི་དགེ་ལེགས་ཐོབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ཞི་བའོ། །རང་སྔགས ་སྐྱེས་བུ་ཞེས་བྱ་བ་ནི། རང་གི་སྙིང་ག་ནས་བསྐྱེད་པའི་རང་གི་ལྷའོ། །མིའི་བུ་མོ་མཆོག་ཅེས་བྱ་བ་ནི་རྒྱལ་པོའི་བུ་མོའོ། །སྙིང་གར་རྡོ་རྗེ་ཀྱོ་བ་སྦྱར། །ཞེས་བྱ་བ་ནི་ཇི་ལྟར་ཁྲོ་བོ་འཕགས་པ་གནོད་མཛེས་ཀྱི་རྣལ་འབྱོར་གྱིས ་རྡོ་རྗེ་ལྕགས་ཀྱུ་དང་ཞགས་པས་བུ་མོ་དགུག་པ་བསྟན་པ་དེ་བཞིན་དུ་ལྷ་གང་ཡང་རུང་བའི་རྣལ་འབྱོར་གྱིས་ཀྱང་རང་གི་ཕྱག་མཚན་གྱི་ལྕགས་ཀྱུས་སྙིང་ག་ནས་ཕུག་སྟེ། དེ་དང་དེས་མཚན་པའི་ཞགས་པས་ཀྱང་སྐེད་པ་ནས ་བཅིངས་ལ། ཡི་གེ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་ལ་འདུག་པའི་བུ་མོ་ཡི་གེ་ཛའི་མཛའ་ཅན་གྱི་རང་གི་སྔགས་བཟློས་ཤིང་དགུག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པས་ནི ་འདི་སྐད་དུ་ཇི་ལྟ་བཞིན་དུ་འཕགས་པ་བདུད་རྩི་འཁྱིལ་པའི་རྣལ་འབྱོར་དང་ལྡན་པས་སྔ་མ་བཞིན་དུ་རྣམ་པར་སྣང་མཛད་ཆེན་པོ་ཉིད་ཟླ་བའི་དཀྱིལ་འཁོར་དུ་གྱུར་པར་བསམས་ལ། བརྒྱ་བྱིན་གྱི་ཆུང་མ་ཤ་ཙི་དེ་རུ་བཞག་སྟེ། ་འདས་མ་ཐག་པ་བཞིན་སྔགས་ལན་ལྔ་བཅུ་བརྗོད་ཅིང་ཞགས་པ་དང་ལྕགས་ཀྱུས་དགུག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །བསྟན་པ་ཡིན་ནོ། །རྡོ་རྗེ་ཀྱེ?་བ་གཟུགས་ཆེན་པོ། །འབར་བ་རྣོ་བ་འདྲ་བའི་འོད། །འོད་ཅེས་བྱ ་བ་ནི་ལྷའི་གཟུགས་ཕྱག་ན་རྡོ་རྗེ་ལྕགས་ཀྱུ་བསྣམས་ཤིང་ཉི་མ་བྱེ་བ་ཕྲག་བརྒྱའི་འོད་དང་ལྡན་པའོ། །རྡོ་རྗེ་དཀྱིལ་འཁོར་ཞེས་བྱ་བ་ནི་ཉི་མའི་དཀྱིལ་འཁོར་རོ། །ནམ་མཁའ་ཨི་བུ་མོ་ཞེས་བྱ་བ་ནི་ནམ་མཁའ་རྡོ་རྗེ་སྤྱན་ནོ། །འདི་སྐད་དུ་ཇི་ལྟ་བ་བཞིན་དུ ་མི་བསྐྱོད་པ་ལ་སོགས་པ་རྡོ་རྗེའི་རིགས་ཀྱི་ལྷ་གང་ཡང་རུང་བའི་རྣལ་འབྱོར་གྱིས་ལྡན་པས་སྔ་མ་བཞིན་དུ་རང་གི་སྙིང་ག་ནས་གྲུབ་པའི་རྡོ་རྗེ་ལྕགས་ཀྱུ་ཞལ་གསུམ་ཕྱག་དྲུག་པ་སྙོམས་པར་འཇུག་པས་གནས་ལ་གྲུ?་བའི་ཕྱག་གཉིས་ན ་རྡོ་རྗེ་ལྕགས་ཀྱུ་དང་ཞགS་པ་བསྣམས་པ་ཕྱག་ལྷག་མ་མི་བསྐྱོད་པ་དང་མཐུན་པ་ཕྱུང་སྟེ། དེ་ལ་བཀའ་བསྒོ་བར་བྱ་ཞིང་ཧཱུཾ་ཛ(རྒྱུད་འགྲེལ་པའི་ནམ་མཁའ་ཨི་རྡོ་རྗེ་སྤྱན་དེ་ཁོ་ན་བཞིན་དུ་བཀུག་ནས་འོངས་ཏེ་གཏད་པར་བསམས་ན་གདོན་མི་ཟ་བར་འགུགས་པར་འགྱུར་རོ། །ནམ་མཁའ་ལ་སྤྱོད་པའི་ལྷའི་པུ་མོ་ལ་སོགས་པ་དགུགས་པ་ཡང་དེ་དང་འདྲའོ་ཞེས་བསྟན་པ་ཡིན་ནོ། །ཁྲོ་བོ ་ཞེས་བྱ་བ་ལ་སོགས་པ་ལ། སྐུ་དང་གསུང་དང་ཐུགས་བཟང་པོའི་བདག་ཉིད་ཡིན་པའི་ཕྱིར་རྡོ་རྗེའི་རང་བཞིན་ནོ། །རྡོ་རྗེ་ས་འོག་གནས་པ་ནི་ལྷ་མ་ཡིན་གྱི་གནས་ན་འདུག་པའོ། །ལྷ་མིན་ནི་ལྷ་མ་ཡིན་ཏེ་དེ་རྣམས་ཀྱི་བུ་མོ་ནི ་ལྷ་མིན་བུ་མོའོ། །འདི་སྐད་དུ་སྔ་མ་བཞིན་རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་གྱུར་པ་སྔོན་དུ་འགྲོ་བ་ཅན་གྱི་འཕགས་པ་རྡོ་རྗེ་ས་འོག?་མི་བསྐྱོད་པ་དང་མཚུངས་པ་སྟེ། འོན་ཀྱང་གཡོན་བརྐྱང་བས་བཞུགས་པ་གཡས་དང་གཡོན་གྱི་རྩ ་པའི་ཕྱག་དག་གི་རྡོ་རྗེ་ལྕགས་ཀྱུ་ངང་ཞགས་པ་གཡོན་པའི་གསུམ་པས་རྩེ་གསུམ་བསྣམས་པར་བདག་ཉིད་དམིགས་ལ། རླུང་གི་དཀྱིལ་འཁོར་ལ་འདུག་པའི་ལྷ་མ་ཡིན་གྱི་བུ་མོ་དེ་ཁོ་ན་བཞིན་དུ་དགུག་པར་བྱའོ་ཞེས ་བསྟན་པ་ཡིན་ནོ། །བཙག་གམ་ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། རྡོ་རྗེ་འགོག་པ་བསྒོམ་པའི་སྔོ་ནས་མཚན་མ་ཐོབ་པ་རྡོ་རྗེའི་རིགས་ལ་སོགས་པ་ལྷ་གང་ཡང་རུང་བའི ་རྣལ་འབྱོར་དང་ལྡན་པའི་ཕྱིར་རོལ་གྱི་རིག་མ་དང་ཡང་དག་པར་ལྡན་པས་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་གྱི་རྗེས་ཐོགས་ལ་རིག་མའི་པདྨ་ན་གནས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བའི་གདན་ལ་བཙག་གམ་རྡེ?་རྒྱུས་བཞག ་སྟེ། དེ་ཡང་ཡི་གེ་ཧཱུཾ་ལ་སོགས་པའི་ས་བོན་གང་ཡང་རུང་བས་རྡོ་རྗེ་ལྕགས་ཀྱུ་ཕྱག་ན་བསྣམས་པའི་ལྷའི་གཟུགས་བསྐྱེད་ལ། ས་བོན་གསུམ་གྱིས་བྱིན་གྱིས་བརླབ་པ་བྱ་སྟེ། དེ་ལས་བྱུང་བའི་ལྷ་རྡོ་རྗེ་ལྕགས ་ཀྱུ་སྤྲེས་པ་རྣམས་ཀྱི་ནམ་མཁའ་ཀུན་ཏུ་བཀང་ལ། བསྡུ་བ་དང་བསྟིམ་པ་དང་བསྟན་པར་བྱ་བ་དང་མཆོད་པ་བྱེད་ཅིང་ཟླ་བ་བཏང་གི་བར་དུ་ཡང་དང་ཡང་དུ་བསྒོམ་པར་བྱའོ། །དེ་ནས་འགྲུབ་པར་འགྱུར་ཏེ། དེས ་ཚངས་པ་ལ་སོགས་པའི་མིང་བྲིས་པ་ཙམ་གྱིས་གདོན་མི་ཟ་བར་འོང་བར་འགྱུར་རོ། །རྣམ་པའི་མཆོག་རྣམས་ཀུན་ལྡན་པ། ཞེས་བྱ་བ་ནི་བདག་ཉིད། དཔལ་འཇམ་པའི་རྡོ་རྗེ་བཤད་ཟིན་པའི་མཚན་ཉིད་ཅན ་དུ་བསམས་ནས་སོ། །བསྐལ་པའི་སྲེག་པ་འཁོར་ལོ་ཆེ་། ཞེས་བྱ་བ་ནི་འདི་སྐད་དུ་ཇི་སྐད་བཤད་པའི་རིམ་པ་བཞིན་དུ་གསུང་གི་དཀྱིལ་འཁོར་བསྐལ་པའི་མེ་ལྟར་འབར་བ་དང་མཚུངས་པ་བསམས་ལ། ་དེའི་དབུས་སུ་ཇི་ལྟ་བ་བཞིན་དུ་འཕགས་པ་འཇམ་དཔལ་གྱི་རྣལ་འབྱོར་དང་ལྡན་པས་གཡས་པའི་རྩ་བའི་ཕྱག་དུ་རང་གི་སྔགས་ལས་བྱུང་བའི་འཕགས་པ་གཤིན་རྗེ་གཤེད་ཡོངས་སུ་གྱུར་བར་བྱས་ནས་རྡོ་རྗེ ་ལྕགས་ཀྱུ་བསམས་ཏེ། དེ་ནས་མངོན་པར་འདོད་པའི་གནོད་སྦྱིན་མོ་ལྕགས་ཀྱུ་ངེས་སྙིང་ག་ནས་ཕུག་ལ། ཞགས་པས་ཀྱང་སྐེ་དང་ལག་པ་ནས་བཅིངས་ཏེ། དེ་ཉིད་སྔགས་བརྗོད་ཅིང་བཀུག་ལ་ཉེ་བར་ལོངས་སྤྱོད་པར་བྱའོ། །ཞེས་བསྟན་པ ་ཡིན་ནོ། །བཤད་ཟིན་པའི་དོན་ཉིད་གསལ་བར་བྱ་བའི་ཕྱིར། ཀུན་གྱི་ཕྱག་རྒྱའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་རྒྱའི་ཁྱད་པར་ནི་ལྷ་དེ་དང་དེ་རྣམས་ཀྱི་རང་གི་རིག་མ་དང་གཉིས་སུ་མེད་པའི་ཕྱག་རྒྱ་ཆེན་པོའི་ཁྱད་པར། རང་རང་གི ་ཕྱག་མཚན་གྱི་ལྕགས་ཀྱུའི་ཁྱད་པར་ཏེ་དེ་དང་རང་གི་བཟླས་པའི་སྔགས་ཀྱི་ཁྱད་པར་གྱིས་ཐམས་ཅད་དུ་ཞེས་བྱ་བ་སྦྱོར་བ་རྣམས་པ་ཐམས་ཅད་དུ་རྫོགས་པར་བསྒྲུབ་པ་པོས་ནི་ཇི་སྐད་བཤད་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །གཞན་དུ་བྱས་ན ་འཇིག་པར་འགྱུར། ཞེས་བྱ་བ་ནི་སྦྱོར་བ་མ་ཚང་བས་དངོས་གྲུབ་འཇིག་པར་འགྱུར་རོ། །ཞེས་བྱ་བའི་ཐ་ཚིག་གོ། བསྐུལ་བར་བྱ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཡིན་པའི་ཕྱིར་དངོས་གྲུབ་ཐམས་ཅད་བསྒྲུབ་པའི་དུས་སུ་རང ་གི་སྤྱི་བོར་སྙོམས་པར་ཞུགས་པའི་མགོན་པོ་དཔལ་བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་རྣམས་ཀྱིས་དབང་བསྐུར་བ་ཡང་དང་ཡང་དུ་བསམ་པ་སྟེ། སྔགས་རྣམས་ཉིད་ནི་ཐམས་ཅད་ལ། །རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ། ། ་ཞེས་ཀྱང་འཆད་པར་འགྱུར་རོ། །ཡང་ན་ཡི་གེ་ཧཱུཾ་སྐབས་སྐབས་སུ་བརྗོད་པར་བྱ་སྟེ། མཆོག་དང་པོའི་སྙིང་པོ་ནི་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ན་མངོན་པར་འདོད་པའི་འབྲས་བུ་གདོན་མི་ཟ་བར་འགྲུབ་པར་འགྱུར་རོ།། ་དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འཕགས་མ་རལ་པ་གཅིག་མའི་གཟུགས་རྣམས་ཀྱི་ནམ་མཁའ་ཨི་དབྱིངས་ཁྱབ་པར་ཀུན་ཏུ་རྣམ་པར་འཕྲུལ་པ་སྐྱེད་པར་བྱེད་པའི་ཡེ་ཤེས་ནི་ཀུན་ཏུ་རྣམ ་པར་འཕྲུལ་པའི་ཡེ་ཤེས་ཏེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་མི་ཕྱེད་པ་ཉིད་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །དམ་ཚིག་ཆེན་པོ་ནི་འཕགས་པ་བདུད་རྩི་ཞེས་བྱ་བ་ཡིན་ཞིང། དེ་དང་ཡང་དག་པར་སྦྱོར ་བས་ན། དམ་ཚིག་ཆེན་པོ་རྡོ་རྗེ་མཆོག་སྟེ། རལ་པ་གཅིག་མ་དེའོ། །གཞན་ནི་བཤད་ཟིན་ཏོ། །བཀུག་ནས་ཉེ་བར་སྤྱད་པར་བྱ་ཞེས་བྱ་བས་ནི་འདི་སྐྱད་དུ་རྡོ་རྗེ་འཆང་ཆེན་པོ་ཇི་ལྟ་བ་བཞིན་དུ་ཡོངས་སུ་གྱུར་པར་བྱས་ནས་བདག་ཉིད ་རལ་པ་གཅིག་མ་ཁ་སྦུ་མ་གཏོགས་པ་ཕྱག་དང་ཞལ་ལ་སོགས་པ་བརྗོད་ཅིང་བཀུག་ལ། ཉེ་བར་ལོངས་སྤྱད་པར་བྱའོ་ཞེས་བསྟན་ཀྱང་ནུ་མ་ལ་སོགས་པ་དང་ལྡན་ཞིང། དེ་དང་སྙོམས་པར་ཞུགས་པ་གཡས་པ་དང་གཡོན་པའི ་ཕྱག་གསུམ་པ་དག་གིས་ཆོས་ཀྱི་དང་འཛིན་པར་བསམས་ལ། རྐང་པ་གཡོན་པའི་ཁྲག་ནག་གེ་སར་དང་བཅས་པས་བུད་མེད་ཀྱི་ཐོད་པ་ལ་རླུང་གི་དཀྱིལ་འཁོར་ལ་གནས་པའི་ཀླུའི་བུ་མོ་སྙིང་གར་སྔགས་བཀོང་པ་ཇི་ལྟ་བ་བཞིན་དུ ་བྲིས་ཏེ། བཀུག་ལ་གཡོན་བརྐྱང་བའི་རལ་གྲིའི་ལྕགས་ཀྱུས་མཚན་པའི་རྐང་པ་གཡོན་པས་མནན་ཏེ། སྐུལ་བ་དང་བཅས་པའི་སྔགས་བརྗོད་ཅིང་བཀུག་ལ། ཉེ་བར་ལོངས་སྤྱད་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །དེ་ནས་ཞེས ་བྱ་བ་ལ་སོགས་པ་ལ། ནམ་མཁའ་ཨི་དམ་ཚིག་ནི་དཔལ་བདེ་པ་ཆེན་པོ་ཡིན་ཞིང། དེ་ལས་བྱུང་བས་ནམ་མཁའ་ཨི་དམ་ཚིག་བྱུང་བ་སྟེ། འཕགས་མ་ཁྲོ་གཉེར་ཅན་ཡིན་ཞིང་དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་མི་ཕྱེད་པ་ཉིད་ཡིན་པའི ་ཕྱིར་དེ་སྐད་ཅེས་བྱའོ། །ཆོས་ཆེན་པོའི་དམ་ཚིག་ནི་དཔལ་པདྨ་མཐར་བྱེད་དེ་དེ་དང་ཡང་དག་པར་ལྡན་པའོ། །གཞན་ནི་བཤད་ཟིན་ཏོ། །དམ་ཚིག་ལ་སོགས་པ་ཡིས་དགུག་།ཞེས་བྱ་བས་ནི་འདི་སྐད་དུ་བདག་ཉིད་འདས་མ། ་ཐག་བ་བཞིན་དཔལ་རྟ་མགྲིན་གྱི་རྣམ་པ་ཅན་གྱི་འཕགས་མ་ཁྲོ་གཉེར་ཅན་དེ་དང་ལྡན་པར་བསམས་ལ། བཤད་མ་ཐག་པའི་ཆོ་ག་བཞིན་དུ་ན་ག་གེ་སར་དང་བཅས་པས་རིག་པ་འཛིན་པའི་བུ་མོ་བྲིས་ཏེ། དགུག་པར་བྱའོ་ཞེས་བསྟན་པ་ཡིན་ནོ། ། ་སེམས་བརྟན་པར་གྱུར་པའི་རྣལ་འབྱོར་པས་འདས་མ་ཐག་པའི་དངོས་གྲུབ་བསྒྲུབ་པར་བྱ་བ་ཡིན་པས། དེའི་ཕྱིར་འགོག་པ་ཞེས་གྲངས་ཀྱི་ངེས་པ་རབ་ཏུ་བཤད། །ཅེས་འབྱུང་བའི་ཕྱིར་རོ། རྗེ་གསུམ་ལས་བྱུང་ཞེས་བྱ་བ་ནི། ཁམས་གསུམ ་བར་གཏོགས་པའི་རྣམ་པར་ཤེས་པ་དང་བཅས་པའི་སེམས་ཅན་རྣམས་སོ། །ཡང་ན་ཁྲོ་བོ་ཐམས་ཅད་ནི། །དབེན་པའི་གནས་ནི་ཆེན་པོ་རུ། །སྔགས་པས་འབུམ་དུ་བཟླས་བྱས་ནས། །ལས་རྣམས་ཐམས་ཅད་བྱེད་པར་བཤད། ཅེས ་བྱ་བ་ནི། ཡིད་དང་རྗེས་སུ་མཐུན་བའི་གནས་སུ་བཟླས་པ་མང་དུ་བྱས་པས་ལྷས་རྗེས་སུ་གནང་བའི་སྒོ་ནས་བཟླས་པ་འབུམ་བྱས་པ་ནི་དགུག་པ་ལ་སོགས་པའི་ལས་བྱེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ལུས་ཅན་ཀུན་གྱིས་གྲུབ་བྱའི་ཕྱིར། ། ་གྲངས་ཀྱི་ངེས་པ་རབ་ཏུ་བཤད། །ཅེས་འབྱུང་བའི་ཕྱིར་རོ། །དྲག་པོའི་ལས་ཀྱི་ཡུལ་བསྟན་པའི་ཕྱིར། སློབ་དཔོན་སྨོད་པ་ལྷུར་ལེན་པ་དང། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་གོ་སླའོ། །འདི་ཡིས་བྱང་ཆུབ་མཆོག་དང་ནི། ། ་སྔགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ལས་ཀྱི་ཚོགས་སྣ་ཚོགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྙིང་རྗེ་དག་པའི་སེམས་ཀྱི་ནི། །བསད་ན་མྱུར་དུ་འགྲུབ་པར ་འགྱུར། །ཞེས་འབྱུང་བའི་ཕྱིར་རོ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །ཞེས་བྱ་བ་ལ་སོགས་པས?་ནི། སངས་རྒྱས་ཐམས་ཅད་གསོད་པའི་སྒོ་ནས་སྡིག་པ་འཕེལ་བར་བྱས་ཏེ་བསད་པར་བྱའོ། །དེ་ཇི་ལྟར་བྱ་ཞེས་ན། ་ཁྲག་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྲོ་བོའི་རྒྱལ་པོ་སྦྱར་བར་བྱ། །ཞེས་བྱ་བ་ནི་འཕགས་པ་དབྱུག་པ་སྔོན་པོ་ཅན་ནམ་གཞན་དུ་སྟེ། ཁྲོ་བོ་ཐམས་ཅད་ནི་དྲག་པོའི་ལས་རབ་ཏུ་སྒྲུབ་པར་བྱེད་པ ་ཉིད་དང། ལས་ཐམས་ཅད་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །བརྒྱ་རྩ་བརྒྱད་ནི་རྫོགས་པ་ན། ཞེས་བྱ་བས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། སྔ་མ་བཞིན་དུ་ཐམས་ཅད་བྱས་ཤིང་ཇི་ལྟ་བ་བཞིན་འཕགས་པ་དབྱུག་པ་སྔོན་པོ་ཅན་ལ ་སོགས་པའི་རྣལ་འབྱོར་དང་ལྡན་པ་གོས་མེད་ཅིང་སྒྲ་བཤིག་པ་ཁྲོ་བོའི་སྤྲིན་གྱི་ཆོགས་འཕྲོ་བ་ཁྲག་ལ་སོགས་པས་གཤེར་བའི་གོས་གྱོན་ཞིང་འཁྲོས་པར་གྱུར་པས་སྔར་བཤད་པའི་ཆོ་ག་བཞིན་དུ་ཇི་སྐད་བཤད་པའི་སཱ་དྷཡའི་གཟུགས ་ལ་བཅུག་སྟེ། ཉི་མའི་དཀྱིལ་འཁོར་ལ་གནས་པའི་རྡོ་རྗེ་འབར་བས་མཚན་པའི་རྐང་པས་མནན་ལ། བརྒྱ་རྩ་བརྒྱད་བཟླས་ན་འཆི་བར་འགྱུར་རོ། །སྦྱོར་བ་འདི་མཐུ་ཕུལ་དུ་བྱུང་བ་བསྟན་པར་བྱ་བའི་ཕྱིར་ནམ་མཁའ་ཨི་དབྱིབས་ཞེས་བྱ་བ་ལ ་སོགས་པ་གསུངས་སོ། །ནམ་མཁའ་ཨི་དབྱིངས་ཡོངས་སུ་གང་བའི་སེམས་ཅན་གྱི་ཁམས་ཀྱང་འཇིག་པར་འགྱུར་རོ། །དྲག་པོའི་ལས་བསྒྲུབ་པའི་གནས་ནི། མ་མོའི་གནས་སམ་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། དེ་ནི་ཤེས ་པར་ཅད?་དོ། །མི་རུས་ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། ཁྲོ་བོའི་རྣལ་འབྱོར་དང་ལྡན་པས་ར་ཛི་ཀ་དང་དུག་དང་ལྡན་ཚྭ་དང་འབྲུ་མར་རྣམས་ཀྱིས་དུར་ཁྲོད་ཀྱི་གོས་ལ་ཁྲོ་བོའི་རྡོ་རྗེ་དང་དེའི་ལྟེ་བར་སྔགས ་དང་རྣམ་པར་སྤེལ་བའི་བསྒྲུབ་བྱའི་མིང་བྲིས་ལ། རོ་བསྲེགས་ཀྱི་ས་དང་ཆུ་བོའི་འགྲམ་གཉིས་ཀྱི་ས་དང། ཏོ་ཤ་དང། བསྒྲུབ་བྱའི་པཱ་ད་པཾ་བཤད་གཅི་དང་སྤྲུས་པ་ལས་བྱས་པའི་གཟུགས་བརྙན་གྱི་སྙིང་གར་བཅུག་སྟེ། ་བསྲུང་བ་དང་བྲལ་བར་བྱས་ལ། བཀུག་སྟེ་ཨ་རིའི་སྒོར་བཞག་ལ། སོར་བརྒྱད་པའི་ཆད་དང་ལྡན་པའི་མིའི་རུས་བའི་ཕུར་བུ་བརྒྱ་རྩ་བརྒྱད་བཟླས་པས་སྔགས་བརྗོད་ཅིང་ཕུར་བུས་གཏབ་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་བདག ་ཉིད་ཅན་གྱི་སངས་རྒྱས་དང་འདྲ་བ་ཡང་ཟླ་ཕྱེད་ཚུན་ཆད་ཁོ་ནས་གནས་དང་བྲལ་བ་འམ་འཆི་བར་འགྱུར། །འབད་པ་ཡིས་ནི་བསད་བར་བྱ་ཞེས་བྱ་བའི་མཛའ་ཨི་དོན་བསྟན་ནས་། ད་ནི་ཡང་ན་གནས་ནས་བསྐྱོད་པར་བྱ་ཞེས་བྱ་བའི ་མདོའི་དོན། ཡང་ན་ཐོད་པ་ཞས་བྱ་བ་ལ་སོགས་པས་གསུངས་སོ། །ཡང་ན་ཞེས་བྱ་བའི་སྒྲ་ནི་ངེས་པར་བཟུང་བ་སྟེ། གང་བ་ཁོ་ན་ཞེས་བྱ་བའི་དོན་ཏོ། །ཁྱད་པར་དུ་ཞེས་བྱ་བ་ནི་བུད་མེད་དང་མ་ནིང་བསྐྲད་པ་ལ་རང་དང་རྗེས་སུ ་མཐུན་པར་རོ། །དེར་ནི་སྔགས་ཀྱི་ཆིག་བྲིས་ཏེ་ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། འཕགས་པ་བདུད་རྩིའི་རྣལ་འབྱོར་རམ། ཡང་ན་ཁྲོ་བོ་གཞན་གྱི་རྣལ་འབྱོར་གྱིས་ཇི་སྐད་བཤད་པའི་ཐོད་པ་ལ་བབ་ལ ་དང་སོལ་བ་དང་ཨ་རིཥྚའི་ལོ་མའི་ཁུ་བ་དང། རྐང་པ་གཡོན་པའི་སྲིན་ལག་གི་ཁྲག་རྣམས་ཀྱིས་རལ་གྲིས་མཚན་པའི་རླུང་གི་དཀྱིལ་འཁོར་ངང་དེའི་སྟེང་དུ་བསྒྲུབ་བྱའི་གཟུགས་བརྙན་བྲིས་ལ། དེའི་སྙིང་གར་དེའི་མིང་རང་གི ་རིག་མ་རལ་བ་གཅིག་མ་ལ་སོགས་པ་ཨ་ན་ཏ་མའི་སྔགས་དང་རྣམ་པར་སྤེལ་བ་བྲིས་ཏེ་དགུག་པ་སྔོན་དུ་འགྲོ་བ་ཅན་གྱི་བརྒྱ་རྩ་བརྒྱད་མངོན་པར་བཟླས་པ། རྡོ་རྗེའི་ཚིག་གིས་སྔགས་ཟློས་ཤིང་དགྲ་བོའི་སྒོ་རུ་སྦས་ན་སྐྲོད?་པར ་འགྱུར་རོ། །ཏ་པའི་ལོ་མ་ཞེས་བྱ་བ་ལ་སོགས་པ་ལ། ཏ་ལའི་ལོ་མ་ལ་སོགས་པ་རྣམས་ལ་བཤད་མ་ཐག་པའི་རྫས་རྣམས་ཀྱི་བསྒྲུབ་བྱའི་མིང་དང་རྣམ་པར་སྤེལ་བའི་སྔགས་བྲིས་ཏེ་བརྒྱ་རྩ་བརྒྱད་མངོན་བར་བཟླས་པ་སྒོ་དང ་ཁ་ཐོག་ལ་སོགས་པ་གང་ཡང་རུང་བར་སྡེས?་ན?་དེ་འགྲུབ་པར་འགྱུར་རོ། །གཞན་ནི་བཤད་ཟིན་ཏོ། །ད་ནི་ཕུར་བུ་རྩེ་གསུམ་གྱི་མངོན་སྦྱོར། དེ་ནས་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད ་ཀྱི་སྐུ་དང་གསུང་དང་ཐུགས་ངེས་པར་འཆིང་བ་ནི་ཕུར་བུ་གདབ་པའི་སྔགས་ཏེ། སྐུ་རྡོ་རྗེ་ལ་སོགས་པར་དམིགས་པའི་སྒོ་ནས་རྡོ་རྗེ་གསུམ་ཕུང་བུས་འདེབས་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་མི་ཕྱེད་པ་ཉིད་ཡིན་པའི ་ཕྱིར་དེ་སྐད་ཅེས་བྱའོ། །རྡོ་རྗེ་རྫུ་འཕྲུལ་ཆེན་པོ་ཀུན། ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་སོ། །བརྒྱལ་ཞིང་ཞེས་བྱ་བ་ལ་སོགས་པས་ནི་དེ་ཁོ་ན་བཞིན་དུ་སེམས་ཅན་རྣམས་དང་རྗེས་སུ་མཐུན་བསྟམ་ནས། འཇིགས་པ་དང་བྲལ ་བར་བྱ་བའི་ཕྱིར་རྡོ་རྗེ་འཆང་ཆེན་པོ་རྗེས་སུ་དྲན་པར་གྱུར་པ་བསྟན་ཏོ། །རྡོ་རྗེ་སྐུ་གསུམ་འཇིག་པར་བྱེད་ཞེས་བྱ་བས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། ཇི་ལྟ་བ་བཞིན་དུ་བཟླས་པ་འབུམ་བྱས་པས་སྔར་བཤད་པའི་རྫས་རྣམས་ཀྱི་དུར་ཁྲོད་ཀྱི་གོས་ལ ་འཁོར་ལོ་འབར་བའི་ལྟེ་བ་ལ་རྣམ་པར་སྣང་མཛད་སྐུ་མདོག་སྔོན་པོ་ཁྲོ་བ་པདྨ་ཁ་མ་བྱེ་བ་ལྟ་བུའི་རྩེ་མོའི་གཟུགས་ཅན་བྲིས་ལ་ཡི་གེ་ཨོཾ་གྱིས་བསྐྱེད་དེ་སྤྱན་དྲངས་ལ་མིའི་རུས་པའི་ཕུར་བུ་སོར་བརྒྱད་པའི་ཁོང་སྟོང་དུ་བཅུག་སྟེ། དགུག་པ་སྔོན་དུ ་འགྲོ་བ་ཅན་གྱི། སརྦ་དུཥྚཎ། སརྦ་པཱ་པཾ། ཞེས་བྱ་བའི་ཚིག་གཉིས་ཕྱུང་ལ། དེར་བསྒྲུབ་བྱའི་མིང་ཆེ་གེ་མོ་ཞེས་བྱ་བ་བཅུག་སྟེ། ཀཱ་ཡ་བཱཀ་ཙིཏྟཾ?་ཞེས་བྱ་བ་དེར་ཡང་ཆེ་གེ་མོའི་ཞེས་བྱ་བ་དང་རྣམ་པར་སྦེལ་ལ་སྔགས་བརྗོད་ཅིང་ཏཾ་མགོ་བོ་ནས ་པ་རྩམས་ཏེ་དད་པ་ལ་ཐུག་པར་ཕུང་བུས་བཏབ་ན་རྡོ་རྗེ་སྐུ་གསུམ་འཇིག་པར་འགྱུར་རོ། །དེ་བཞིན་དུ་སེར་ལྡེང?་གི་ཕུང་བུ་སོར་བརྒྱད་པའི་ཁོང་སྟོང་དུ་མངོན་སྤྱོད་ཀྱི་ཆོ་ག་ལས་བཤད་པའི་དེ་ཁོ་ན་བཞིན་དུ་པདྨའི་ལྟེ་བ་ལ་སྨད་རྩེ་མོའི་གཟུགས ་ཅན་གྱི་གསུང་རྡོ་རྗེ་བྱིས་ལ་བཅུག་སྟེ། དེའི་རྣལ་འབྱོར་ཉིད་ཀྱིས་འདས་མ་ཐེག་བ་བཞིན་དུ་ཕུར་བུས་གདབ་པར་བྱའོ། །དེ་ནས་བཙས་བའི་གོས་ལ་རྡོ་རྗེ་འབར་པའི་ལྟེ་བ་ལ་ཐུགས་རྡོ་རྗེ་ཀུན་ཏུ་ཁྲོ་ཞིང་སྨད་རྩེ་མོའི་གཟུགས་ཅན་བྲིས་ལ། ལྕགས་ལས ་བྱས་པའི་ཕུང་བུ་ཁོང་སྟོད་དུ་བཅུག་སྟེ། དེའི་རྣལ་འབྱོར་གྱིས་དེ་ཁོ་ན་བཞིན་དུ་ཕུར་བུས་གདབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདིར་མན་ངག་བྲི་བར་བྱ་སྟེ། མིའི་ཧ་སྠི་པའི་ཕུར་བུ་ལན་བརྒྱ་རྩ་བརྒྱད་རྩ་བརྒྱད་བཟླས་པས་ཨཱ?་རྒྱའི་གཟུགས་བརྙན་གྱི་མགོ་ལ་ཕུར? ་བུས་བཏབ་ན་ཀླང་གཟེར་གྱིས་ཐེབས་པར་འགྱུར་རོ། །དེ་ཉིད་སེར་ལྡེང་གི་ཕུར་བུས་བཏབ་ལ་གསུམ་ཁ་སྦྱར་བར་བྱ་སྟེ། དུར་ཁྲོད་ལ་སོགས་པའི་མེ་ལ་འདུགས་ན་རིམས་ནད་ཚ་བ་ཆེན་པོས་ཐབས?་པར་འགྱུར་རོ། །དེ་ཉིད་ལྕགས་ལས་བྱས་པའི་ཕུར་བུ ་སོར་བརྒྱད་པའི་ཕུར་བུས་བཏབ་སྟེ། མེ་དེ་ཉིད་དུ་བཅུག་ན་སྐད་ཅིག་དེ་ཉིད་ལ་འཆི་བར་འགྱུར་རོ། །སྦྱོར་བ་དེ་ཉིད་བསྟན་པའི་ཕྱིར། །རྡོ་རྗེ་སེམས་དཔར་མཉམ་བཞག་ལ་ཞེས་བྱ་པ་ལ་སོགས་པ་གསུངས་ཏེ། ཕུར་བུ་དཀར་པོ་དང་དམར་པོ་དང་སྔོན་པོ ་རྣམས་ནི་སྐུ་རྡོ་རྗེ་ལ་སོགས་པའི་དབྱེ་བས་ཉེ་བར་མཚོན?་པའི་ཕྱིར། བཅོམ་ལྡན་འདས་ཐུགས་རྡོ་རྗེ་འདི་ནི་ལྕགས་ལས་བྱས་པའི་ཕུར་བུ་ལ་སྦྱོར་བར་བྱའོ། །དེ་ནི་ཉེ་བར་མཚོན་པ་ཡིན་ཏེ། མིའི་རུས་པའི་ཕུར་བུ་ལ་ནི་རིན་པོ་ཆེའི་ནང་ན་གནས ་པའི་དཀོན་མཆོག་དཔལ་སྐུ་མདོག་སྔོན་པོ་འབར་ཞིང་ཁྲོ་བ་བྲིས་པ་དང། དེ་བཞིན་དུ་ལྕགས་ཀྱི་ལ་ནི་རལ་གྲི་ལ་གནས་པའི་དོན་ཡོད་པར་གྲུབ་པ་བཅུག་སྟེ་། དེ་དག་ལས་གང་ཡང་རུང་བས་མངོན་སྤྱོད་ལས་བཤད་པའི་སྦྱོར་བས་སྔ་མ ་བཞིན་དུ་དུར་བུས་གདབ་པར་བྱའོ། །དེ་ལྟར་རིགས་གསུམ་གྱི་ཕུར་བུ་རྣམས་ལ་རིགས་ལྔ་རྣམ་པར་བཞག་པར་ཤེས་པར་བྱས་ནས། རང་གི་སེམས་ཀྱི་ནང་དུ་བྲིས་པའི་རང་གི་རིགས་ཀྱི་ལྷ་ཁྲོ་ཞིང་སྨད་རྩེ་མོའི་གཟུགས་ཅན་རང་གི ་རིགས་ཀྱི་ཕུར་བུ་ལ་བཅུག་ལ། སྔ་མ་བཞིན་དུ་མངོན་སྤྱོད་གྱི་ཆོ་ག་ལས་བཤད་བའི་སྦྱོར་བ་ཉིད་ཀྱིས་སྤྱན་དྲངས་ཏེ། མེ་ཏོག་སྔོན་པོ་རྣམས་ཀྱིས་མངོན་པར་མཆོད་ལ་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ནས་སྔ་མ་བཞིན་བུ ་གཟུགས་བརྙན་ལ་ཕུར་བུས་གདབ་པར་བྱའོ་ཞེས་བསྟན་པའི་ཕྱིར། གཤིན་རྗེ་གཤེད་ཀྱི་རྒྱ་ཆེན་དང། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྡོ་རྗེ་བདུད་རྩི་འཁྱིལ་པ་ཡིས། །ཞེས་བྱ་བ་ནི་ཐུགས་རྡོ་རྗེའི་ཕུར་བུའི་ནང་ན་གནས་པ་དང་དེའི་རྣལ་འབྱོར ་ཉིད་ཀྱིས་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཞེས་བྱ་བ་ནི་སངས་རྒྱས་དང་འདྲ་བའོ། །བསྲུང་བ་དང་བྲལ་ཞིང་ཁ་སྦྱར་ཕྱེ་བའི་བྲི་བའི་ཕུར་བུའི་མཚན་ཉིད་གསལ་པར་བྱ་བ་ཉིད་ཀྱི་ཕྱིར། སྙིང་ག་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྙིང་གནས ་བརྩམས་ཏེ་རྐང་པ་ལ་ཐུག་པ་ནི་རྡོ་རྗེ་རྩེ་གཅིག་པའི་རྣམ་པར་རོ། །སྟོད་ནི་དམ་ཚིག་དེ་ཉིད་བྱ། ཞེས་བྱ་བ་ནི་ལྷ་གང་ཡང་དུད་བའི་གཟུགས་ཏེ། འོན་ཀྱང་མངོན་སྤྱོད་ཀྱི་ཆོ་ག་ལ་ནི་སྔོན་པོ་དང་ལྡན་པའོ། །ད་ནི་གང་གི་ཚེ་ཇི་སྐད་བཤད་པའི་བསྒྲུབ་པའི ་ཆོ་ག་ཇི་ལྟ་བ་བཞིན་དུ་ཉམས་སུ་བླངས་པའི་སྔགས་པས་དངོས་གྲུབ་མ་ཐོབ་པའི་དེའི་ཚེ་ལྷ་རྣམས་ཕུར་བུས་བཏབ་ནས་བསྒྲུབ་པར་བྱ་བ་ཡིན་པས་། དེའི་ཕྱིར་བསམ་གཏན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསམ་གཏན་ནི་རང་གི་ལྷའི་ང ་རྒྱལ་གྱིས་བཤད་མ་ཐག་པའི་ཕུར་བུའི་གཟུགས་ཅན་གྱི་ལྷ་བསྒོམ་པ་དང། བསྒྲུབ་བྱའི་ལྷའི་གཟུགས་བརྙན་རང་གི་ས་བོན་ལས་བྱུང་བ་བསྒོམ་པའོ། །རྡོ་རྗེ་ནི་རང་གི་གསང་བའི་རྡོ་རྗེའོ། །སྦྱོར་བ་ནི་ཐབས་དང་ཤེས་རབ་ཡང་དག ་པར་སྦྱོར་བ་སྟེ། དེས་སོ། །སངས་རྒྱས་རྣམས་ནི་རྣམ་པར་སྣང་མཛད་དོ། །ངེས་པར་འདེབས་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་ཚུལ་དུའོ། །གང་གི་ཚེ་རྡོ་རྗེ་འཆང་ཆེན་པོ་ལབ?་ཏུ་ཕུར་བུས་བཏབ་ཀྱང་དངོས་གྲུབ་མི་སྟེར་བ་དེའི་ཚེ་རང་གི ་བཤད་པའི་དམ་ཚིག་ལས་འདས་པས་འཆི་བར་འགྱུར་རོ། །ཕུར་བུ་གདབ་པའི་བསྒྲུབ་པ་ཉིད་གསལ་བར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བའི?་སྲོགས?་པ་གསུངས་ཏེ། སྐུ་ནི་རྣམ་པར་སྣང་མཛད་དོ། །དེའི་རྣམ་པར་འཕྲུལ?་པ་ནི་སྐུ་རྣམ་པར་? ་པ་སྟེ། སྔགས་ལ་སོགས་པའི་བདག་ཉིད་ཡིན་ཞིང། དེ་ཉིད་མི་ཕྱེད་པ་སྟེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྐུའི་དམ་ཚིག་ནི་རྣམ་པའི་སྣང་མཛད་ཡིན་ཞིང་སྔགས་གང་གིས་དེའི་ཆམ?་དམ་སྟེ་རྣལ་འབྱོར་གྱི་དེ་ཉིད་ཕུར་བུས་འདེབས་པ ་དེ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་བྱུང་ངོ། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །ལག་པའི་ཕྱག་རྒྱ་བཅིང?་མ་བྱ། །ཞེས་འདི་ལས་བཤད་པའི་ཕྱིར། །འདི་ནི་བསྒྲུབ་པ་མཆོག་ཡིན་པས་དེའི་ཕྱིར། །ཕན་ཚུན་དགྲི་བའི་ཚུལ་དུ་བྱ ་ཞེས་བྱ་བ་གསུངས་ཏེ། ཕན་ཚུན་དཀྲི་བའི་ཚུལ་དུ་བྱ་བའི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་གྱིས་འཕགས་མ་སངས་རྒྱས་སྤྱན་དུ་རྣམ་པར་བསྒོམས་པའི་བཅོ?་བླག?་མཁན་གྱི་བུ་མོ་དང་ལྷན་ཅིག་ཕན་ཚུན་འཁྱུད་པ་ལ་སོགས་པའོ། །མཐེ་བོ་ཞེས ་བྱ་བ་ནི་རང་གི་གསང་བའི་རྡོ་རྗེ་འབར་བའོ། །གཞི་ནི་བདེན་པ་ཆེན་པོའི་གནས་ཆོས་འབྱུང་ཞེས་བྱ་བ་སྟེ། དེ་དག་ཡང་རིག་པར་སྦྱོར་བ་ནི་མཐེ་བོ་བཞི་ནི་རབ་ཏུ་བསྔམས་པའོ། །རྡོ་རྗེའི་ཕུར་བུས་དེས་པར་གདབ་ཅེས་བྱ་བས་ནི་འདི་སྐད་བསྟན་པ ་ཡིན་ཏེ། ཇི་ལྟ་བ་བཞིན་དུ་རང་གི་དྲིག?་མ་དང་ཡང་དག་པར་ལྡན་པའི་རྣམ་པར་སྣང་མཛད་སྔོན་པོ་ཁྲོ་ཞིང་འབར་བའི་རྣལ་འབྱོར་དང་ལྡན་པས། རང་གི་?་མའི་པདྨ?་ལ་གནན?་པའི་མའི་དཀྱིལ་འཁོར་ལ་གནས་པའི་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་དམ་ཚིག་ལ ་འདས་པའི་འཇིག?་པས་མྱོས?་པ་དམིགས་ལ། རང་གི་གསང་བ་རྡོ་རྗེ་འབད་བ་ལས་སྔར་བཤད་པའི་ཕུར་བུའི་གཟུགས་ཅན་གྱི་རྣམ་པར་སྣང་མཛད་ཕྱུང་སྟེ། སྔགས་བརྗོད་ཅིང་དེས་མགོ་ལ་བརྒྱབ་སྟེ། རྐང་པའི་བར་དུ་ཕུར་བུས་གདབ་པར ་བྱའོ། །དེ་ལྟར་བཏབ་པ་ཙམ་གྱི་རྗེས་ཐོགས་ཉིད་ལ་རྡོ་རྗེ་གསུམ་གྱི་བདག་ཉིད་ཀྱི་རྣམ་པར་སྣང་མཛད་ལྡང་བར་འགྱུར་ཞེས་བྱ་བ་ནི་མངོན་སུམ་དུ་འགྱུར་ནས་འགྲུབ་པར་འགྱུར་རོ་མཞེས་བྱ་བའི་ཐ་ཚིག་གོ་།གཞན་ནི་? ་ཟིན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། འཇིག་རྟེན་གྱི་དབང་ཕྱུག་གསུང་ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པའོ། །དེའི་རྣམ་པར་འཕྲུལ་པ་ནི་འདས་མ་ཐག་པ་བཞིན་ནོ། །དེ་ཉིད་མི་ཕྱེད་པ་སྟེ། གང་ལ་དེ་ལ་དམིགས་པ་ཡོད་པ་དེ་ལ་? ་ཅེས་བྱའོ། །ལྷག་མ་ནི་བཤད་ཟིན་ཏོ། །འདི་ནི་ཡེ་ཤེས་པདམོ་ཡང་ཡིན་ལ་ཁ་བྱེ་བ་ཡང་ཡིན་པས་ན་ཡེ་ཤེས་པདམོ་ཁ་བྱ་བ་སྟེ། འགྲོ་བ་མ་ལུས་པའི་ཡིད་སིམ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་འཕགས་མ་གོས་དཀར་མོར་རྣམ་པར་བསྒོམས་པའི ་གར་མཁན་གྱི་བུ་མོའི་བྷ་ག་སྟེ་དེར་རོ། །རྡོ་རྗེ་ཉིད་སེར་མོ་ཡིན་པས་ན་རྡོ་རྗེ་སེར་མོ་སྟེ། །དེ་ངེས་པར་བཞག་པ་ན་ཇི་སྐད་བཤད་པའི་པདྨར་བཞུགས་པའོ། །གཞན་ནི་རྣམ་པར་སྣང་མཛད་དང་འདྲ་སྟེ། འོན་ཀྱང་བསྒྲུབ་བྱའི་འོད་དཔག་ཏུ་མེད ་པ་ནི་སྐུ་མདོག་དམར་པོ། །དེ་བཞིན་བསྒྲུབ་བྱ་གཞན་རྣམས་ཀྱང་གཉུག་མའི་སྐུ་མདོག་དང་ལྡན་ཞིང་འཇིགས་པས་མྱོས་པ་དང། དངོས་གྲུབ་སྟེར་བ་ལ་མངོན་དུ་ཕྱོགས་པར་ཤེས་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ་ཐུགས་ནི་མི་བསྐྱོད་པ་སྟེ། དེའི་རྣམ་པར་འཕྲུལ་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །རྩེ་མོ་ལྔ་པར་ཞེས་བྱ་བ་ནི་མི་བསྐྱོད་པའི་རྣལ་འབྱོར་དང་ལྡན་པས་རང་གི་གསང་བའི་རྡོ་རྗེ་རྩེ་ལྔ་པ་འབར་བའོ། །བཅིངས་པ་ནི་འཕགས་མ ་མཱ་མ་ཀཱིའི་པདྨ་ཉིད་དོ། །དེའི་ནང་ན་གནས་པའི་ཉི་མའི་དཀྱིལ་འཁོར་ལ་བཞུགས་པའི་བསྒྲུབ་བྱ་མི་བསྐྱོད་པ་བཞུགས་པའི་རྡོ་རྗེས་མནན་པ་ནི་རྡོ་རྗེ་ཐུགས་ཀྱི་ཚུལ་མནན་པའོ། །སྐུ་དང་གསུང་དང་རྡོ་རྗེའི་ཚུལ་མནན་པ་ཡང་དེ་དང་འདྲ་པ ་ཉིད་དོ། །རྡོ་རྗེ་ཕུར་བུས་ངེས་པར་གདབ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་ནི། རྣམ་པར་སྣང་མཛད་བཞིན་ནོ། །ཕུར་འདེབས་སངས་རྒྱས་ཐམས་ཅད་དང། །བྱང་ཆུབ་སེམས་དཔའ་གྲགས་ཚན་ཏེ། སྣ?་ཞེས་བྱ་བ་འཆད་པར་འགྱུར་བ་ལས་བསྟན་དེའི? ་ཕྱིར། རིག་མ་དང་བཅས་ཤིང་ཀུན་ཏུ་སྔོ་བ་ཁྲོ་ཞིང་འབར་བའི་ལྷ་དང་ཕུར་བུ་བསྒོམ་པ་དག་གིས་ཇི་སྐད་བཤད་པའི་དཀོན་མཆོག་དཔལ་ལ་སོགས་པ་བསྒྲུབ་བྱའི་ལྷ་ཐམས་ཅད་ལ་ཕུར་བུས་གདབ་པའི་བསྒྲུབ་པ་ཤེས་པར་བྱའོ། །བཤད་མ་ཐག་པའི ་ཡང་དག་པའི་ཆོ་ག་དང་ལྡན་པའི་སྔགས་ཀྱི་སྒོ་ནས་མི་ཕྱེད་པའི་ཕུར་བུ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ཨོ། །དེ་ནས་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །ེ་མའོ་ཞེས་བྱ་བ་ནི་ངོ་མཚར་བའོ། །ཉན་ཐོས་ལ་སོགས་པ་རྣམས་ལ ་བསྟན་པར་མི་བྱ་བ་ཉིད་ཡིན་པའི་ཕྱིར་ན་གསང་བའོ། །འདིས་ཞི་བ་ལ་སོགས་པའི་ལས་སྤྲོས་པའི་ཚོགས་ཀྱི་དོན་སྟོན་ཅིང་ཁོང་དུ་ཆུད་པར་བྱེད་པས་ན་ཚིག་ཡིན་ཞིང། འདི་ནི་གསང་བ་ཡང་ཡིན་ལ་ཚིག་ཀྱང་ཡིན་པས་ན་གསང་བའི་ཚིག ་སྟེ། ད་ཉིད་མཆོག་ཡིན་ནོ། །སྐུ་རྡོ་རྗེ་ཕུར་བུས་གདབ་པའི་སྒོ་ནས་དེའི་གོ་འཕང་ཐོབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་སྙིང་པོ་ཀུན་བཏུས་པའོ། །དེ་བཞིན་དུ་འོད་དཔག་ཏུ་མེད་པ་དང་མི་བསྐྱོད་པ་དག་ལ་ཡང་སྦྱར་བར་བྱའོ། །ཕུར་འདེབས་སངས ་རྒྱས་ཐམས་ཅད་དང། ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་ཞེས་བྱ་བ་ནི་ལུས་ལ་སོགས་པའི་བདག་ཉིད་ཅན་གྱི་སེམས་ཅན་ཡུལ་རྣམས་ཏེ། སངས་རྒྱས་ཐམས་ཅད་ཅེས་བྱ་བ་དེ་ཉིད་ཀྱི་སྐུ་རྡོ་རྗེ ་ལ་སོགས་པ་རྣམས་བསྡུས་པ་ཉིད་ཡིན་པའི་ཕྱིར་རོ། །འདི་ནི་ཞེས་ཏབྱ་བ་ནི་བཤད་མ་ཐག་པའོ། །བདེ་བ་ཆེན་པོ་ལས་བྱུང་བ་ཉིད་ཡིན་པའི་ཕྱིར་དེ་ཉིད་ལས་བྱུང་བའོ། །མི་ཕྱེད་པའི་སྐུ་ལ་སོགས་བསྒྲུབ་པ་བྱེད་པ་ཉིད་མིན་པའི་ཕྱིར་སྐུ ་གསུང་ཐུགས་ནི་མཆོག་སྟེར་བའོ། །སླུ་བ་མེད་པའི་གནས་མདོར་བསྡུས་པ་འཐོབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་སྔགས་ཀྱི་དེ་ཉིད་བསྡུས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཉིད་རྨད ་དུ་བྱུང་བ་སྟེ། དེ་མཚར་དུ་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་རྣམས་ཀྱི་སྔགས་ཏེ་ལྷ་རྣམས་འགུགས་པ་ནི་རྣལ་འབྱོར་གྱིས་འདུལ་བའི་སེམས་ཅན་གྱི་རྒྱུད་དེའི་བདག་ཉིད་དུ་བྱ་བ་དང། འཕགས་མ་སྤྱན་ལ་སོགས་པ་དགུག་པའོ།། ་དེས་རྣམ་པར་འཕྲུལ་པ་ནི་རྣམ་པར་རོལ་པ་ཡིན་ཞིང། དེ་ཉིད་ཀྱིས་གསལ་ཞིང་རྒྱལ་བས་ན་སྐུ་དང་གསུང་དང་ཐུགས་རྨད་དུ་བྱུང་བའི་སྔགས་འགུགས་པའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ། དེ་སྟོན་པར་བྱེད་པའི ་སྒྲའི་ཚོགས་ནི་བྱང་ཆུབ་ཀྱི་སེམས་ཀྱི་གོས་ལེན་པར་བྱེད་པའི་མཚན་ཉིད་ཡིན་པའི་ཕྱིར་ལེའུའོ།། །།ལེའུ་བཅུ་བཞི་པའི་རྣམ་པར་བཤད་པའོ།། །།འདི་ལས་བཤད་པའི་རྨི་ལམ་ལ་སོགས་མཚན ་མ་ཐོབ་ཅིང་སྒོམ་པ་ལྷུར་ལེན་པ་རྣམས་ཀྱིས་རིགས་ཀྱི་བྱེ་བྲག་དང་བུ་མོའི་རིགས་ན་ཚོད་ཀྱི་རྣམ་པར་དབྱེ་བ་དང་རྨི་ལམ་དུ་ལྷག་པར་དམིགས་པའི་སྒོ་ནས་དངོས་གྲུབ་ཐམས་ཅད་འགྲུབ་པར་བྱ་བ་ཡིན་པས། དེའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི ་དམ་ཚིག་གི་སྙིང་པོའི་རྡོ་རྗེ་འབྱུང་བའི་ལེའུ། །དེ་ནས་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། མི་བསྐྱོད་པའི་རང་བཞིན་གྱི་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་ཡེ་ཤེས་ཀྱིས་མཛེས་པ་ན་རྒྱལ་པོའོ། །རྣམ་པར་སྣང་མཛད་ཀྱི་བདག ་ཉིད་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་དངོས་གྲུབ་ཐམས་ཅད་ཀྱི་གོ་སྐབས་འབྱེད་པས་ན་ཐམས་ཅད་ནམ་མཁའ་ཨོ། །འོད་དཔག་ཏུ་མེད་པའི་རྣམ་པའི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་མི་འགྱུར་བས་ན་མི་འགྱུར་ཆེའོ། །དཀོན ་མཆོག་དཔལ་གྱི་མཚན་ཉིད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་མངོན་པར་འབྲེལ་བའི་སྒོ་ནས་ཉོན་མོངས་པའི་དྲི་མ་ཐམས་ཅད་འཁྲུད་པར་མཛད་པས་ན་ཐམས་ཅད་དབང་བསྐུར་རོ། །དོན་ཡོད་པའི་རྣམ་པའི་བྱ་བ་བསྒྲུབ་པའི་ཡེ་ཤེས་ཀྱིས་འགྲོ་བ་མ ་ལུས་པའི་བྱ་བ་ཡོངས་སུ་མཁྱེན་པས་ན་ཀུན་མཁྱེན་ནོ། །ཚིག་དེ་རྣམས་ཀྱིས་ནི་དེ་བཞིན་གཤེགས་པ་ལྷའི་ཡེ་ཤེས་བསྡུས་པའི་རང་བཞིན་ཅན་ཀྱི་བཅོམ་ལྡན་འདས་བསྟན་ཏེ། དེས་བཀའ་སྩལ་པའོ། །དམེ?་ཤ་ཅན་ནི་ཞེས་བྱ་བ་ལ་སོགས ་པ་ལ། རིག་མའི་བརྟུལ་ཞུགས་ཇི་ལྟ་བ་བཞིན་དུ་སྤྱད་པའི་རྣལ་འབྱོར་པ་རང་གི་དཀྱིལ་འཁོར་ན་གནས་པས། དམེ་ཤ་ཅན་གྱི་བུ་མོ་ལོ་བཅུ་གཉིས་ལོན་པ་དང་ལྷན་ཅིག་དེ་སྒྲུབ་པར་བྱའོ། །དཔེན་པའི་གནས་སུ་ཞེས་བྱ་བ་ནི་དགོན་བ་ཆེན ་པོ་ལ་སོགས་པར་རོ། །བཤད་པའི་དམ་ཚིག་ལ་སོགས་པས་ཞེས་བྱ་བས་ནི་ཇི་སྐད་བཤད་པའི་བདུད་རྩིས་ལྔས་སོ། །ཆོ་ག་བཞིན་དུ་ཞེས་བྱ་བ་ནི། འཕགས་པ་བདུད་རྩི་འཁྱིལ་པའི་རྣལ་འབྱོར་དང་ལྡན་པ་སྟེ། ཐུགས་ཀྱི་དཀྱིལ་འཁོར ་གྱི་རྟེན་བསྒོམས་ནས་དེའི་དབུས་སུ་དཀྱིལ་འཁོར་གྲུ་བཞི་བྱའོ། །ཐམས་ཅད་ཡོངས་སུ་དག་ཅེས་བྱ་བ་ལ་སོགས་པས་ནི་མཐོང་བ་རྣམས་ཀྱི་སྒོ་ནས་སེམས་དགའ་བར་བྱེད་པས་འགྲུབ་པར་འགྱུར་རོ་ཞེས་བསྟན་ཏོ་།ངད་བར་བཞག་ནས་རྣམ ་པར་བསྒོམ་ཞེས་བྱ་བ་ནི། འདི་སྐད་དུ་ཇི་སྐད་བཤད་པའི་གནས་སུ་བསྲུང་པའི་ཆོ་ག་སྔོན་དུ་འགྲོ་བ་ཅན་གྱི་ཁྲོ་བོ་འཕགས་པ་བདུད་རྩི་ཞེས་བྱ་བའི་རྣལ་འབྱོར་གྱིས་བཙུན་མོའི་ནམ་མཁའ་ཨི་དབྱིངས་སུ་རྣམ་པར་དག་པའི་བདུད་རྩི་ལྔས ་ཐགས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་གྱི་དཀྱིལ་འཁོར་གྲུ་བཞི་བྱས་ལ། དེའི་དབུས་སུ་སྟན་འཇམ་པོ་ལ་ཉེ་བར་འདུག་སྟེ། སེམས་ཅན་ཐམས་ཅད་སྡུད་པར་བྱེད་པའི་སྙིང་རྗེ་ཆེན་པོའི་སེམས་བསྐྱེས་པ་མངོན་དུ་འགྲོ་བ ་ཅན་གྱི་མི་བསྐྱོད་པའི་རྣལ་འབྱོར་སྐུ་ལ་སོགས་པ་བྱིན་གྱིས་བརླབས་པ་ལ་ཐུག་པ་བྱས་ལ། ཇི་སྐད་བཤད་པའི་བུ་མོ་ཇི་ལྟ་བ་བཞིན་དུ་རཱ་མ་ཀཱིར་རྣམ་པར་བསྒོམས་པ་དང་ཡང་དག་པར་སྦྱོར་བའི་སྟོན?་པ་ཞེས?་ལ ་གནས་པས་བྱང་ཆུབ་ཀྱི་སེམས་ཕྱུང་སྟེ། དེ་ཁོ་ན་བཞིན་དུ་པདྨ་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་བསམས་ལ། །དེ་ལས་རང་གི་སྙིང་པོས་བསྐྱེད་པའི་ལྷའི་འཁོར་ལོ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ་པ་བྱུང་སྟེ། གནས་ཇི་ལྟ་བ ་བཞིན་དུ་དགོང་ཅིང་དམ་ཚིག་བཞིས་རྒྱས་བཏབ་ལ་ཡེ་ཤེས་ཀྱི་འཁོར་ལོའི་ཏིང་ངེ་འཛིན་སྔོན་དུ་འགྲོ་བ་ཅན་གྱི་བླ་ན་མེད་པ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་ཀུན་ཏུ་མཆོད་ནས་ཇི་སྲིད་དུ་ཇི་སྐད་བཤད་པའི་དངོས་གྲུབ་གྲུབ་པ་དེ་སྲིད་དུ་ཉིན་དང? ་མཚན་དུ་བསྒོམ་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །སྐུ་གསུང་ཐུགས་ནི་རྡོ་རྗེ་ཅན། ཞེས་བྱ་བ་ལ་སོགས་པས་ནི་སྐུ་དང་གསུང་དང་ཐུགས་མི་ཕྱེད་པའི་རྣམ་པར་སྣང་མཛད་དུ་བདག་ཉིད་བསྒོམ་པ་བསྟན་ཏོ། །དེ་ཇི་ལྟ་ཞེས་ན། བསམ ་གཏན་ཞེས་བྱ་བ་གསུངས་ཏེ། སྔ་མ་བཞིན་དུ་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་གྱི་རྣམ་པར་སྣང་མཛད་དབྱུང་བ་དང་གཞུགས་པའི་སྒོ་ནས་ཡོངས་སུ་གྱུར་པས་བདག་ཉིད་རྣམ་པར་སྣང་མཛད་དུ་བསྒོམ་པས་སྦྱོར་བ་ནི་བསམ་གཏན་གྱི་སྔགས་ཀྱི ་སྦྱོར་བ་སྟེ། དེས་རྣམ་པར་སྣང་མཛད་དང་འདྲ་བར་འགྱུར་རོ། །རྡོ་རྗེ་སེམས་དཔའ་ཨི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་བཤད་མ་ཐག་པའི་མི་བསྐྱོད་པའི་སྦྱོར་བས་སོ། །ུཏཔ་ལ་མཐིང་གའི་མདོག་འདྲ་བ། ཞེས་བྱ་བ་ནི་བཤད་མ་ཐག་པའི་དམེ ་ཤ་ཅན་གྱི་བུ་མོའོ། །གལ་ཏེ་ཇི་ལས་དེ་ལྟར་ཤེས་ཞེ་ན། མན་ངག་དང་གཞུང་འཁྲུགས་པ་ཉིད་ལས་ཏེ། འདིར་བཤད་པའི་བཙོ་བླག་མཁན་གྱི་བུ་མོ་མདོག་དཀར་པོ། ཇི་ལྟར་ཐུགས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ན་ཚོད་དང་ལྡན་པ། ་མན་ངག་གིས་སྐུའི་དཀྱིལ་འཁོར་ལ་སྦྱར་བ་དེ་བཞིན་དུ། འདིར་བཤད་པའི་ཨུཏཔ་ལ་མཐིང་གའི་མདོག་འདྲ་བའི་དམེ་ཤ་ཅན་གྱི་བུ་མོ་ལོ་བཅུ་གཉིས་པ་ནི་ཐུགས་ཀྱི་དཀྱིལ་འཁོར་ལ་སྦྱར་བར་བྱའོ། །བུ་མོ་རྟག་ཏུ་བསྒྱུར་ཅེས་བྱ་བ་ནི། བཤད་མ་ཐག་པ། ་འཕགས་མ་སངས་རྒྱས་སྤྱན་དུ་རྣམ་པར་བསྒོམས་པ་རིགས་ལྔ་དང་བསྲེ་བ་བྱས་ནས་སོ། །ཇི་སྐད་དུ་བཤད་པའི་བུ་མོ་དང་ཡང་དག་པར་ལྡན་པའི་སྣང་མཛད་ཀྱི་རྣལ་འབྱོར་གྱིས་བདག་ཉིད་སྐུ་རྡོ་རྗེར་བསྒོམ་པར་བྱའོ་ཞེས་བྱ་བ་དེ་ཉིད་བསྟན་ཏོ། །སྦྱོར ་བའི་ཆོ་ག་དེ་ཉིད་ནི། ཞེས་བྱ་བ་ནི་བཤད་མ་ཐག་པའོ། །རྡོ་རྗེ་སེམས་དཔའ་ཨི་འོད་འདྲར?་འགྱུར། །ཞེས་བྱ་བ་ནི་ཇི་ལྟར་རང་གི་སྦྱོར་བས་མི་བསྐྱོད་པ་གྲུབ་པ་དེ་བཞིན་དུ་རྣམ་པར་སྣང་མཛད་ཀྱང་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྟོབས་དང་མི་འཇིགས་པ་ལས ་སོགས་པ་ཆོས་ཐམས་ཅད་འཛིན་པར་མཛད་པས་ན་ཆོས་འཛིན་པའོ། །ཇི་སྐད་བཤད་པའི་བུ་མོ་དང་ཡང་དག་པར་སྦྱོར་བའི་སྒོ་ནས་འོད་དཔག་ཏུ་མེད་པ་བསྒྲུབ་པར་བྱ་བ་ཡིན་པས། དེའི་ཕྱིར་རྡོ་རྗེ་ཆོས་ནི་རྣམ་བསྒོམས་པས། ཞེས་བྱ་བ་ལ ་སོགས་པ་གསུངས་པ་སྟེ། བསྒྲུབ་ཅེས་བྱ་བ་ནི་མི་བསྐྱོད་པའི་སྦྱོར་བ་ཉིད་ཀྱིས་བདག་ཉིད་འོད་དཔག་ཏུ་མེད་པར་རོ། །ས་བཅུ་ལ་ནི་གནས་པར་འགྱུར། ཞེས་བྱ་བ་ལ། གཟུགས་རྡོ་རྗེ་མ་ལ་སོགས་པ་དྲུག་དང། སངས་རྒྱས་སྤྱན་ལ་སོགས ་པ་བཞི་སྟེ་འབྲས་བུའི་རང་བཞིན་གྱི་ལྷ་མོ་རྣམས་ཁོ་ནས་ས་བཅུ་རུ་བརྗོད་པར་བྱ་སྟེ། སྒེག་མོ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་བྱ་བ་ལ་སོགས་པའི་ཚུལ་བཞིན་དུ། གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ནི་ས་རབ་ཏུ་དགའ་བ་ལ ་སོགས་པ་རྣམས་ཡིན་ནོ་ཞེས་ཤེས་པར་བྱའོ། །དེ་རྣམས་དང་ཡང་དག་པར་སྦྱོར་བའི་སྒོ་ནས་བདེ་བ་ཆེན་པོའི་རང་བཞིན་དུ་གནས་པས་ནས་བཅུ་ལ་གནས་པ་སྟེ། དེ་ཁོ་ན་ཉིད་ནི་ཡིད་བཞིན་གྱི་རིན་པོ་ཆེ་དང་མཚུངས་པ་ཉིད་ཡིན་པའི་ཕྱིར ་འདོད་པ་ཆུང་བའི་རྣལ་འབྱོར་པ་ཡང་ཇི་ལྟར་མངོན་པར་འདོད་པ་བཞིན་དུ་ས་བཅུའི་དབང་ཕྱུག་དུ་འགྱུར་རོ། །གསུང་རྡོ་རྗེའི་དམ་ཚིག་ནི་གསུང་གི་དམ་ཚིག་སྟེ། ཕྱག་རྒྱ་དམ་ཚིག་ཞེས་བྱ་བར་བརྗོད། ཞེས་འབྱུང ་བའི་ཕྱིར་དེའི་ཕྱག་རྒྱ་ཆེན་པོ་ཡིན་ཞིང། དེ་འཛིན་པར་མཛད་པས་ན་གསུང་གི་དམ་ཚིག་འཛིན་པའོ། །ཁམས་གསུམ་པའི་བདེ་བ་ཆེན་པོའི་བདག་པོ་ཡིན་པའི་ཕྱིར་མངའ་དབང་དམ་པའོ། །དཀྱིལ་འཁོར་ཐམས་ཅད་ཀྱི་མཆོག་ཡིན་པས ་ཀུན་གྱི་མཆོག་གོ་།དེ་ལྟར་རིགས་གསུམ་གྱི་བྱེ་བྲག་གིས་དངོས་གྲུབ་བསྒྲུབ་པ་བཤད་ནས། ད་ནི་དེ་བཞིན་གཤེགས་པའི་བྱེ་བྲག་གིས། བྲམ་ཟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྲམ་ཟེའི་བུ་མོ་དང་ཡང་དག་པར་སྦྱོར་བའི་སྒོ་ནས་ནི་རྣམ་པར ་སྣང་མཛད་བསྒྲུབ་བར་བྱའོ། །དེ་བཞིན་རྒྱལ་རིགས་དང། རྗེའུ་རིགས་དང། དམངས་རིགས་ཀྱི་བུ་མོ་རྣམས་དང་ཡང་དག་པར་སྦྱོར་བའི་སྒོ་ནས། གོ་རིམ་བཞིན་དུ་རིན་ཆེན་འབྱུང་ལྡན་དང། འོད་དཔག་ཏུ་མེད་པ་དང། དོན་ཡོད་པར་གྲུབ་པ་རྣམས ་ཀྱིས་དངོས་གྲུབ་བསྒྲུབ་པར་ཤེས་པར་བྱའོ། །རྡོ་རྗེ་འཆང་ཆེན་པོ་ནི་རྡོ་རྗེའི་རིགས་གཙོ་བོར་གྱུར་པའི་སྒོ་ནས་བདག་པོ་ཉིད་ཡིན་པའི་ཕྱིར་ཐམས་ཅད་དང་ཡང་དག་པར་སྦྱོར་བ་ཉིད་ཀྱི་སྒོ་ནས་བསྒྲུབ་པར་ཤེས་པར་བྱའོ། །དེ་བཞིན་དུ་རིགས་ཀྱི་བྱེ་བྲག ་གི་སྒོ་ནས་ལྷ་ཐམས་ཅད་བསྒྲུབ་པར་རྟོགས་པར་བྱའོ། །རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་ཆོས་ཀྱི་རང་བཞིན་གྱི་བདག་ཉིད་ཡིན་པས་ན་རྡོ་རྗེ་ཆོས་བདག་སྟེ་སྒྲུབ་པ་པོས་སོ། །དེ་ཉིད་ནི་བསྒྲུབ་པར་བྱ་ཞེས་བྱ་བ་ལ་སོགས་པས་བཤད་དོ།། ་བསྐྱེད་པའི་རིམ་པ་སྒོམ་པ་པོའི་དབང་དུ་བྱས་ནས། བཤད་མ་ཐག་པའི་བསྒྲུབ་པའི་དུས་ངེས་པ་ནི། རྡོ་རྗེ་ཉི་མ་ཞེས་བྱ་པ་ལ་སོགས་པས་གསུངས་ཏེ། འདུལ་པ་ལ་ཤེས་བཞིན་སྔོན་དུ་འགྲོ་བ་བཞིན་དུ་རྡོ་རྗེ་ཐེག་པ་ཆེན་པོ་ལ་རྡོ་རྗེ་སྔོན་དུ ་འགྲོ་བ་ཅན་དུ་བརྗོད་པར་བྱ་བ་ཡིན་པས་ཉི་མ་ཉིད་རྡོ་རྗེ་ཉི་མ་སྟེ། དེ་ནུབ་པར་གྱུར་ནས་བསྒོམ་པར་བྱའོ། །སྐྱ་རེངས་ནི་ཉི་མའི་ཤིང་རྟ་ཁྲིད་བ་སྟེ། དེ་འཆར་བའི་དུས་སུ་ཞག་བདུན་ཚུན་ཆད་ཀྱིས་འགྲུབ་པར་འགྱུར་རོ། །རྟག་ཏུ་རྣལ་འབྱོར་ལ་གནས་པ་ལ་ནི ་དུས་ངེས་པར་མེད་པས་གཞན་དུ་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་ཀུན་ཏུ་སྡུད་པར་བྱེད་པའི་སྙིང་རྗེ་ཆེན་པོའི་རང་བཞིན་ཉིད་དང། མི་ཤེས་པའི་མུན་པ་འཇོམས་པར་བྱེད་པ་ཉིད་ཡིན་པའི་ཕྱིར། རང་གི་གསང་བའི་རྡོ་རྗེ་ཉིད་ནི་རྡོ་རྗེ་ཉི? ་མའོ། །དེ་ནུབ་ནས་སྟེ་བཅུན་མའི་ནམ་མཁའ་ཨི་དབྱིངས་སུ་ནུབ་ནས་སོ། །སྐྱ་རེངས་ནི་བྱང་ཆུབ་སེམས་ཏེ་དེ་འཆང་བ་ནི་འབྱུང་བའོ། །དེ་བས་ནི་དེས་ནི་འདི་སྐད་བཤད་པ་ཡིན་ཏེ། རྟག་ཏུ་ལྷའི་ང་རྒྱལ་དང་ལྡན་ཞིང་རང་གི་རིགས་ཀྱི་བུ་མོ་དང ་སྙོམས་པར་ཞུགས་པས་སྤྲོ་བ་ལ་སོགས་པ་མི་བྱ་ཞིང། ཅུང་ཟད་འབར་བའི་བྱང་ཆུབ་ཀྱི་སེམས་མི་དབྱུང་བར་བསྒོམས་ན། བྱང་ཆུབ་ཀྱི་སེམས་དབྱུང་བ་བརྟན་པ་ཉིད་དུ་གྱུར་ནས། གདོན་མི་ཟ་བར་དེའི་རང་བཞིན་དུ་འགྱུར་ཞེས་བྱ ་བའི་དོན་ཏོ། །རྣལ་འབྱོར་པས་ནི་བྱང་ཆུབ་སེམས། །ཇི་སྲིད་སྟོང་པར་མི་བྱེད་པ། །དེ་སྲིད་རྒྱུན་མི་འཆད་པར་དུ། །དགའ་སྐྱེས་བདེ་བ་དགའ་ཐོབ་འགྱུར། །སྐད་ཅིག་རྣམ་པར་ཡང་དག་བྱུང། །སྤྲོ་དང་སྡུད་པར་བྱེད་པ་སྟེ། །འདི་ནི ་ས་འོག་ས་སྟེང་བླ། །རྒྱུ་དང་མི་རྒྱུ་ཀུན་གསལ་བྱེད། །དེའི་རང་བཞིན་རོ་མྱང་བ། །དབང་པོ་ལས་འདས་ཐོབ་པ་ནི། །འདི་དེ་ཞེས་ནི་དེ་བརྗོད་པར། །སངས་རྒྱས་ཀྱིས་ཀྱང་མི་སྤྱོད་དོ། །རྟག་ཅིང་ཁྱབ་བདག་མཆོག་ཞི་བ། །རྒྱུ་དང་དཔེ ་རྣམས་སྤངས་པ་སྟེ། །ཡོད་མེད་ལས་ནི་རྣམ་པར་གྲོལ། །གཉིས་མེད་གནས་ནི་དམ་པ་སྟེ། །དངོས་གྲུབ་ཀུན་གྱི་གཏེར་གྱུར་པ། །བྱང་ཆུབ་སེམས་ནི་ལྷུང་གྱུར་ནས། །རྣམ་ཤེས་ཕུང་པོ་བརྒྱལ་གྱུར་ན། །སྨད་མིན་དངོས་གྲུབ་ག་ལ་ཡོད།། ་ཅེས་བྱ་བ་གསུངས་སོ། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །ཞེས་བྱ་བ་ལ་སོགས་པ་ནི་ཤེས་པར་ཟད་དོ། །རྡོ་རྗེ་འཆང་ཆེན་པོའི་མཆོག་སྟེ། གཙོ་བོའི་འཕགས་མ་ཀུན་ཏུ་བཟང་མོར་རྣམ་པར་བསྒོམས་པའི ་དམེ་ཤ་ཅན་ལ་སོགས་བའི་བུ་མོ་ནང་རྡོ་རྗེ་སེམས་དཔའ་མཆོག་གོ་།མྱུར་དུ་ཞེས་བྱ་བ་ནི་མགྱོགས་པར་སྟེ་ཞག་བདུན་གྱི་ནང་དུ་ཞེས་བྱ་བའི་ཐ་ཚིག་གོ། འདི་ནི་སྐུ་གསུམ་ཞེས་བྱ་བ་ལ་སོགས་བ་ནི་གོ་སླའོ། །པད་པར་བཞག་ནས་རྣམ་པར ་བསྒོམ། །ཞེས་གང་བཤད་བ་དེ་ཉིད་གསལ་བར་བྱ་བའི་ཕྱིར་དབང་པོ་གཉིས་ནི་སྦྱོར་བ་ཡིས། །ཞེས་བྱ་བ་ལ་སོགས་བས་གསུངས་སོ། །ཇི་སྐད་བཤད་པའི་དམ་ཚིག་ཉམས་སུ་བླང་བ་དང། སྙོམས་པར་འཇུག་པ་བསྒོམས་པས་དགེ་ལེགས་ཀྱི་གོ ་འཕང་ཐོབ་བར་འགྱུར་བས་དེའི་ཕྱིར། བཤད་གཅིའི་དམ་ཚིག་ལ་སོགས་པས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདོད་པ་བསྟེན་པ་དང་དམ་ཚིག་ཉམས་སུ་བླང་བའི་སྒོ་ནས་ཡོད་པ་དང་མེད་པའི་རྣམ་པར་རྟོག་པ་ལས་གྲོལ་བ་སྟོན་པར ་མཛོད་པའི་ཕྱིར། འདོད་པ་དང་ཐབ་པའི་དམ་ཚིག་རྡོ་རྗེ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ཨོ་གང་གི་ཚེ་ཇི་སྐད་བཤད་པའི་མཚན་ཉིད་དང་ལྷན་པའི་རང་གི་རིགས་ཀྱི་བུ་མོ་རྣམས་དང། དེའི་རིགས་ཅན་རྣམས་ལ་ཡང་དང་ཡང་དུ་གསོལ་བ ་བཏབ་པས་མ་ཐོབ་པ་དེའི་ཚེ། དེ་རེངས་པར་བྱ་བ་ཡིན་པས་དེའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དམ་ཚིག་ཆེན་པོའི་ཁྲོ་བོ་ནི་འཕགས་པ་གཤིན་རྗེ་བཤེད་དེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་ཕྱེད་པ་ཉིད་ཡིན་པའི ་ཕྱིར་དེ་སྐད་ཅེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་རྣམས་ཀྱིས་མཆི་བདག་གི་བདུད་ལ་སོགས་པ་སྐྲག་པར་བྱེད་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེ་ཀུན་ཏུ་སྐྲག་པར་བྱེད་པའི་ཁྲོ་བོ་སྟེ་དེའོ།། ་ཁྲོ་ཞིང་ཚེར་མའི་མེ་ལ་བསྲེག་།ཅེས་བྱ་བས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། ཇི་ལྟ་བ་བཞིན་དུ་མངོན་དུ་བསྙེན་པ་བྱས་པ་སྙོམས་པར་ཞུགས་པའི་འཕགས་པ་གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་དང་ལྡན་ཞིང་ཁྲོ་བས་མངོན་སྤྱོད་ཀྱི་ཐར་ཁུང།? ་ཁྲུ་གསུམ་ཚེར་མ་ཅན་གྱི་བུད་ཤིང་གིས་སྦར་བར་ཡི་གེ་ཧཱུཾ་ལས་བྱུང་བའི་ལྕེ་དང་ལྡན་པའི་འཕགས་པ་གཤིན་རྗེ་གཤེད་ཀྱི་ཞལ་དུ་སྟོབ་བས། ཨོཾ་ཧྲི:ཥྚརི་བི་ཀྲི་ཏཱ་ན་ན་བུ་མོ་ཆེ་གེ་མོ་སྟམྦྷ་ཡ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་བྱ་བ་ཟློས་ཤིང་ཉི་མ་ཕྱེད? ་དམ་མཚན་ཕྱེད་ཀྱི་དུས་སུ་དུག?་ལ་སོགས་པའི་སྦྱིན་སྲེག་སྟོང་རྩ་བརྒྱད་ཞག་གསུམ་བྱས་ན། བུ་མོ་དེ་གདོན་མི་ཟ་བར་རེངས་པར་འགྱུར་ཞིང་གཞན་ལ་སྟེར་བར་མི་འགྱུར་རོ། །བསྐལ་བ་གྲངས་མེད་གསུམ་དུ་ཡང་ཞེས་བྱ་བ་ནི། གལ་ཏེ་དེའི་ཚེ་ནང་ན་ཆོད་ཡོད ་ནའོ། །སངས་རྒྱས་སམ་ནི་ཆོས་འཛིན་པ་འམ། ཞེས་བྱ་བ་ལ་སོགས་པས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཅན་གྱི་འདས་པར་གྱུར་ཀྱང་འཚོ?་བར་མི་འགྱུར་རོ། །ཞེས་ལ་དོད་བ་བརྗོད་པའི་སྒོ་ནས་སྦྱོར་བའི་ཆེ་བའི་བདག་ཉིད་གསུངས་སོ། །དེ་ནི་རྟག་ཏུ ་སྟེར་བར་འགྱུར་ཞེས་བྱ་བ་ནི། མར་པོའི་ཞག་དག་ལས་གང་ཡང་རུང་བའི་ཉིན་པར། དུར་ཁྲོད་ཀྱི་སོལ་བ་བླངས་ཏེ་འཕགས་པ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་དང་ལྡན་པས་སྟོང་རྩ་བརྒྱད་བཟླས་པའི་སྒོ་ནས། བདག་ལ་བུ་མོ་འདི་བྱིན་ཅིག ་ཅེས་བྱ་བའི་བསྐུལ་བའི་ཚིག་དང་ལྡན་པའི་བཤད་མ་ཐག་བའི་སྔགས་དང་རྣམ་པར་སྤེལ་བའི་ཚངས་པ་དང་སྲིན་པོ་ལ་སོགས་པའི་གང་གི་མིང་བྲིས་པ་དེས་དེ་བཀུག་ནས་སྟེར་བར་བྱེད་བའོ། །དགྲ་བོའི་གཟུགས་བརྙན་བྲིས་ནས་ནི། ཞེས་བྱ་བ ་ནི་བཤད་མ་ཐག་པའི་རིམ་པས་མངོན་པར་བཟླས་པའི་སོལ་བ་ཉིད་ཀྱིས་དུར་ཁྲོད་ཀྱིས་གཞི་ལ་བསྒྲུབ་བྱའི་གཟུགས་བརྙན་ཀུན་ཏུ་བྲེས་ཏེ་བཀུག་ལ་འདིའི་སྐེ་བཅད་པར་བྱའོ་སྙམ་པའི་བསམ་པ་དང་ལྡན་པས་ཏཾ་ཙ་མཚོན་ཆའི་རྣམ་པར་ ་ལྷག་བར་མོས་པར་བྱས་ནས་སྐེ་ལ་རི་མོ་བྲིས་ན་མགོ་ཆད་པར་འགྱུར་བའོ། །ཐོ་བ་བསམ་གཏན་སྦྱོར་བ་ཡིས། ཞེས་བྱ་བ་ནི། དེའི་རྣལ་འབྱོར་ཉིད་ཀྱི་ལག་པར་འཕགས་པ་གཤིན་རྗེ་གཤེད་ཀྱི་རང་བཞིན་གྱི་ཐོབ ་བསམས་ལ། མདུན་དུ་བསྒྲུབ་བྱ་རྣམ་པར་བསམས་ཏེ། ཏཾ་ལུས་ལ་ཕབ་ན་གདོན་མི་ཟ་བར་སླར་ལྟུང་མི་ནུས་པར་ལྟུང་བར་འགྱུར་བའོ་།ཧཱུཾ་ནི་ཞེས་བྱ་བ་ལ་སོགས་པས་ནི་ཞེ་སྡང་རྡོ་རྗེ་ལ་སོགས་པ་གང་ཡང་རུང་བའི་རྡོ་རྗེའི་རིགས ་ཀྱི་ཁྲོ་བོའི་རྣལ་འབྱོར་དང་ལྡན་པས་རང་གི་ལག་དུ་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་འབར་བ་འོད་ཟེར་གྱི་ཚོགས་འཕྲོ་བསམས་ལ། དེ་ཁོ་ན་བཞིན་དུ་བསྒྲུབ་བྱའི་ལུས་ལ་ངེས་པར་ཕབ་ན་གདོན་མི་ཟ་བར་ཁོ་ནར་འཇིག་པར་འགྱུར ་བར་བསྟན་ཏོ། །དེའི་ཕྱིར་ཕྱག་ན་རྡོ་རྗེའི་རིགས་ལ་ཞེས་གསུངས་སོ། །རྡོ་རྒྱུས་ཞེས་བྱ་བ་ལ་སོགས་པ་ལ། བཤད་མ་ཐག་པའི་རྣལ་འབྱོར་ཉིད་ཀྱིས་དེ་རྒྱུས་དང་སོལ་བ་ལ་སོགས་པ་རྣམས་ཀྱིས་ཇི་སྐད་དུ་བཤད་པ་བཞིན་དུ ་བསྒྲུབ་བྱ་ཀུན་ཏུ་བྲིས་ལ་བཀུག་སྟེ། ཧཱུཾ་ཀ་ར་ལས་བྱུང་བའི་སྟ་རེ་རྣམ་པར་བསམས་ལ། དེས་དེའི་མིད་པ་བཅད་ན་འཆད་པར་འགྱུར་རོ། །སངས་རྒྱས་སྐུ་གསུམ་རིན་ཆེན་མཆོག་།ཅེས་བྱ་བ་ལ་སོགས་པས་ནི། སྒྲུབ ་པ་པོ་ལ་ཡིད་ཆེས་པ་ཉིད་སྐྱེད་པར་བྱེད་དོ། །ཆར་ཆེས་པ་འམ་དཀྱིལ་འཁོར་འདྲི་བའི་དུས་སུ་ཆར་རེངས་པར་བྱ་བ་ནི། ལས་ཀྱི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། རྡོ་རྗེ ་འཆང་ཆེན་པོ་སྐུ་མདོག་སེར་པོའི་རྣལ་འབྱོར་གྱིས་གྲོང་དང་ཡུལ་ལ་སོགས་པའི་སྟེང་གི་བར་སྣང་ལ་ཡི་གེ་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་འབར་བ་ཁ་དོག་སེར་པོ་མངོན་པར་འདོད་པའི་ཡུལ་ཁེབས་པར་གནས་པར་བསམས ་ལ་དེའི་དབུས་སུ་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཆེན་པོ་ཁ་གྱེད་དུ་ལྟས་པ་བསྐལ་པའི་མེའི་ཕུང་པོ་དང་མཚུངས་པར་བསམས་ནས། དེའི་ལྟེ་བར་རྣལ་འབྱོར་དེ་ཉིད་ཀྱི་ཉེ་བར་འདུག་སྟེ། རང་གི་བ་སྤུའི་བུ་གའི་གསེབ་ནས་བྱུང་བའི ་འོད་ཟེར་སེར་པོའི་ཚོགས་རྣམས་ཀྱིས་ཐམས་ཅད་བཀབ་པར་བསམ་པར་བྱའོ། །དེ་ལྟར་ན་མངོན་པར་འདོད་པའི་གནས་ལས་ཕྱི་རོལ་དུ་ཆར་འབབ་པར་འགྱུར་རོ། །དེས་ནི་མངོན་པར་འདོད་པའི་དཀྱིལ་འཁོར་ལ་སོགས་པར་རྣལ། འབྱོར་བས་བྱས ་པའི་ཆར་མི་འབབ་པ་དང། ཕྱི་རོལ་དུ་ཆར་འབབ་པའི་མཐུ་གཉིས་བསྟན་པའི་སྒོ་ནས་སྔགས་ཀྱི་ཆེ་བ་ཉིད་བསྟན་པ་ཡིན་ནོ། །ཐམས་ཅད་དུ་བཅད་པར་འདོད་ན་དེ་ཉིད་ཐམས་ཅད་ཁྱབ་པ་བསམས་ལ། འོད་ཟེར་འབར་བའི་ཚོགས་རྣམས ་ཀྱི་ཀླུ་ཐམས་ཅད་ཡོངས་སུ་བསྐམས་པར་བསམ་པར་བྱའོ་ཞེས་བྱ་བ་ནི་ཉམས་སུ་མྱོང་བ་དང་བཅས་པའི་མན་ངག་གི་བསྒོམ་པ་བྱ་བར་མི་ནུས་པ་ལ་བྱ་བའི་ཆོག་བརྗོད་བར་བྱ་སྟེ། སྔར་བཤད་པའི་བྲི་བའི་རྫས་རྣམས་ཀྱི་དུར་ཁྲོད་ཀྱི་གོས་ལ་པདྨའི་འདབ ་མ་བརྒྱད་དུ་རང་གི་ས་བོན་གྱིས་ཀླུ་བརྒྱད་དང། དེའི་ལྟེ་བར་ཡི་གེ་ཕཊ་ཀྱི་མཚན་པའི་རླུང་ལྟ་ཀུན་ཏུ་བྲིས་ལ་བཀུག་ཏེ། གོས་གཉིས་པ་ལ་འབར་བའི་འོད་ཀྱིས་ཁྱབ་པའི་སྣ་ཚོགས་རྡོ་རྗེའི་སེར་པོའི་ལྟེ་བར་རྡོ་རྗེ་རྩེ་ལྔ་པ་སེར་པོ་འགྲེང་བ་ཡི ་གེ་ཧཱུཾ་གིས་མཚན་པ་ཡང་བྲིས་ལ། གྱེན་དུ་ལྟས་པ་དེའི་སྟེང་དུ་སྤུབ་སྟེ་ཁ་སྦྱར་ལ་རྡོ་ལེབ་ཀྱིས་མནན་ཏེ་བཞག་ན་ཆར་འཆད་པར་འགྱུར་རོ། །གདུག་པ་ནི་བགེགས་རྣམས་ཡོན་ཞིང་དེ་དག་འཇོམས་པར་བྱེད་པས་ན་གདུག་པའི་དགྲ་སྟེ། ་འཕགས་པ་བགེགས་མཐར་བྱེད་ཡིན་ཞིང། དེའི་རྣལ་འབྱོར་གྱིས་མཆེ་བའི་ཕྱག་རྒྱ་ཡང་བཅིངས་ལ། རླུང་ལ་སོགས་པའི་བགེགས་བསལ་པར་བྱ་སྟེ། ལྔར་བཤད་པའི་མཚན་ཉིད་ཅན་མཆེ་བའི་ཕྱག་རྒྱ་ཁའི་ལོགས་ཀྱི་མཛའ་མར ་འཛིན་ཅིན་གྱི་གེ་ཕཊ་ཟློས་བས་བགེགས་རྣམས་ཀྱི་མདུན་དུ་བསྟན་ན་དེ་བཞིན་གཤེགས་པ་ལ་སོགས་པས་སྤྲུལ་པའི་རླུང་ལ་སོགས་པའི་བགེགས་ཀྱང་སེལ་བར་བྱེད་དོ། །དེ་ཉིད་ནི་སངས་རྒྱས་ཞེས་བྱ་བ་ལ་སོགས ་པས་གསུངས་སོ། །གཞན་དུ་ན་དམ་ཚིག་ལས་འདས་པས་རླུང་ལ་སོགས་པ་འཇིག་པར་འགྱུར་བ་ཁོ་ནའོ། །དེ་ལྟར་ཕྱག་རྒྱའི་ཕན་ཡོན་བཤད་ནས། དེ་ནི་སྔགས་ཀྱི་མཐུ། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་གོ ་སླའོ། །རྡོ་རྗེ་འཆང་ཆེན་པོ་བསྒྲུབ་པ་ནི་ཡེ་ཤེས་སེམས་པ་ཞེས་པ་ལ་སོགས་པས་གསུངས་ཏེ། ཡེ་ཤེས་ཀི་བདག་ཉིད་ཀྱི་སེམས་དཔའ་ནི་ཡེ་ཤེས་སེམས་དཔའ་ཨོ། །དེའི་སྦྱོར་པ་ནི་དམ་ཚིག་སེམས་དཔའ་དང་ལྷན་ཅིག་གཅིག་དུ་བྱ་བ་སྟེ་དེ་ཡིས་སོ།། ་དབུས་སུ་གཟུགས་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་དཀྱིལ་འཁོར་གྱི་དབུས་སུ་ཐུགས་ཀར་ཡེ་ཤེས་ཀྱི་ལྷས་བྱིན་གྱིས་བརླབས་བའི་རྡོ་རྗེ་འཆན་ཆེན་པོའི་གཟུགས་བརྙན་ནོ། །སྔགས་ཤེས་པས་ནི་གནས་བཞི་རུ། བུད་མེད་རྟག་ཏུ་བཞག་པར་བྱ ་ཞེ་བྱ་བ་སྤྱན་ལ་སོགས་པའི་གནས་རྣམས་སུ་དེ་དག་གི་གཟུགས་སུ་རྣམ་པར་བསྒོམས་པའི་ཇི་སྐད་བཤད་བའི་བུ་མོ་བཞི་བཞག་ལ། དམ་ཤ་ཅན་གྱི་བུ་མོ་ཀུན་ཏུ་བཟང་མོར་ལྷག་པར་མོས་པར་བྱས་ནས། དེའི་པདྨར་རང་གི་གསང་བའི་རྡོ་རྗེ་བཅུག་སྟེ། ་ལས་ལ་གནས་པར་གྱུར་ནས། འདོད་ཆགས་ཆེན་པོའི་མཐུས་གཉིས་ཀ་ཡང་ཞུ་བར་གྱུར་ཏེ། བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་བསམས་ལ། དེ་ལ་ཡང་ཡི་གེ་ཧཱུཾ་ཁ་དོག་དཀར་པོ་མགོ་གྱེན་དུ་ལྟས་བ་ཡོངས་སུ ་གྱུར་པར་བྱས་ནས། འོད་ཟེར་ལྔ་འབར་བའི་རྡོ་རྗེ་འཆང་ཆེན་པོ་ས་བོན་གསུམ་གྱིས་བྱིན་གྱིས་བརླབས་པ་རྣམ་པར་བསམས་ཏེ། དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་རྣམས་ཀྱིས་ནམ་མཁའ་ཨི་གཏོས་ཁྱབ་བའི་དེ་བཞིན་གཤེགས་པ་ལ་སོགས ་བ་རྣམས་ལ། ཀུན་ཏུ་རེག་ནས་རྡོ་རྗེ་འཆང་ཆེན་པོའི་རྣམ་པར་བྱས་ཏེ། བསྡུས་ནས་རང་གི་ལུས་དང་ངག་དང་སེམས་ལ་ཀུན་ཏུ་བཅུག་སྟེ། བདག་ཉིད་རྡོ་རྗེ་འཆང་ཆེན་པོར་བསྒོམས་པར་བྱའོ། །བསྒོམ་པ་འདིས་མཚན་མ་ཐོབ་པས་མྱུར་དུ་རྡོ་རྗེ་འཆང་ཆེན ་པོའི་མངོན་པར་བྱང་ཆུབ་པ་ཐོབ་པར་འགྱུར་བ་དེའི་ཕྱིར། རྣམ་པར་སྣང་མཛད་འོད་འདྲ་ཞིང། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་སྣང་མཛད་ནི་སྔར་བཤད་པ་ཡིན་ཞིང། འདི་ལ་དེ་དང་བ་དྲ་བའི་འོད་ཡོད་པས་ན་རྣམ་པར་སྣང་མཛད་འོད་འདྲ་སྟེ། ་དཔལ་རྡོ་རྗེ་འཆང་སྐུ་མདོག་དཀར་པོའོ། །དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པ་ཉིད་ཡིན་པའི་ཕྱིར་རྒྱལ་པོ་ཆེའོ། །ཇི་སྐད་བཤད་པའི་ཆོས་ཀྱི་སྐུ་ལ་སོགས་པ་འཛིན་པ་དང། སྐུ་རྡོ་རྗེ་ལ་སོགས་པ་འཛིན་པར་མཛད་པའི་ཕྱིར ་སངས་རྒྱས་སྐུ་གསུམ་རྡོ་རྗེ་འཛིན་ནོ། །ཏིང་ངེ་འཛིན་གང་ལ་ཇི་སྐད་བཤད་བའི་རྡོ་རྗེ་སེམས་དཔའ་སྐྱེད་ཅིང་འབྱིན་པ་ཡོད་པ་དེ་ཉིད་ནི་ཕྱེད་པབ་ཉིད་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་ཉིད་ཀྱི་ཕྱིར་དང་པོར་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་དཀར་པོ ་དཔལ་ཞེ་སྡང་རྡོ་རྗེའི་གདན་ལ་བྲི་དང་བྱའོ། །གསང་བ་བླངས་ནས་བཟའ་བར་བྱ་ཞེས་བྱ་བ་སྔ་མ་བཞིན་དུ་འཕགས་པ་འཇམ་པའི་རྡོ་རྗེའི་རྣལ་འབྱོར་དང་ལྡན་ཞིང། ཇི་སྐད་བཤད་པའི་བུ་མོ་དང་ལྷན་ཅིག་རིག་པའི་བརྟུལ་ཞུགས་སྤྱན་པས ་ཕྱི་རོལ་གྱི་སེམས་ཅན་གྱི་ཚོགས་མེད་པའི་གནས་སུ་རྟེན་དང་བཅས་པའི་འཁོར་ལོའི་དབུས་ན་གནས་པས་མི་སྣང་བའི་ཏིང་ངེ་འཛིན་མངོན་དུ་བྱ་བར་ལྷག་པར་བྱ་བར་མོས་པའི་སྒོ་ནས་གསང་བའི་མཆོད་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་འོད་ཟེར་འབར ་པའི་པདྨ་ན་གནས་པ་ཁས་བླངས་ཏེ། རིག་མ་ལ་ཡང་རང་གི་ཁ་ནས་ཕྱུང་བ་སྦྱིན་པར་བྱའོ། །དེ་ནི་ཞེས་བྱ་བ་ལ་སོགས་པས་ནི་འབྲས་བུ་གསུངས་སོ། །བཟའ་བ་ནི་འབྲས་ཀྱི་བཟའ་བ་ལ་སོགས་པའོ། །བཤད་པ་དང། རྟ་དང་གླང་པོའི་ཤ་ལ ་སོགས་པ་ནི་བཟའ་བ་མ་ཡིན་པའོ། །གཞུག་བར་བྱ་ཞེས་བྱ་བས་ནི། འདི་སྐད་དུ་བསྟན་པ་ཡིན་ཏེ། རིག་མའི་བརྟུལ་ཞུགས་སྦྱན་ཅིང་མི་སྣང་བ་བསྒྲུབ་པ་ལ་མཚན་མ་ཐོབ་པས་སྣོད་དུ་རུང་བ་གཉིས་བསྒྲུབ་པའི ་དཀྱིལ་འཁོར་འདིར་བཅུག་སྟེ། དེའི་དབུས་སུ་རང་གི་ལྷའི་རྣལ་འབྱོར་ལ་སྙོམས་བར་ཞུགས་པས་སྔ་མ་བཞིན་དུ་མངོན་པར་འདུས་བྱས་པའི་གཤད་མ་ཐག་པའི་བཟའ་བ་ལ་སོགས་པ་བཅུག་སྟེ། ཡི་གེ་གསུམ་འམ་རང་གི་སྔགས་བརྒྱ་རྩ་བརྒྱད ་མངོན་པར་བཟླས་ནས་ཟོས་ན་ནི་སྐད་བཤད་པ་བཞིན་དུ་འགྲུབ་པར་འགྱུར་བས། དེའི་ཕྱིར་ཐོས་ན་སངས་རྒྱས་ཀྱི་མི་མཐོང་ཞེས་བྱ་བ་གསུང་སོ། །བཤད་པ་ཆོ་ག་བཞིན་ཞེས་བྱ་བ་ལ་སོགས་པ་ལ། བཤད་པ་ཡང་བཤད་མ་ཐག་པའི ་ཆོ་ག་ཁོ་ན་བཞིན་དུ་ཁམ་པོར་སོ་མ་བཏང་བའི་ཁ་སྦྱར་བར་བཞག་སྟེ། མནོན་པར་བཟླས་ལ་བཟླ་བར་བྱའོ། །ཐུགས་རྗེས་དམར་བ་ཉིད་དང་ཡེ་ཤེས་ཀྱིས་སྣང་བར་མཛད་པ་ཉིད་ཡིན་པའི་ཕྱིར་སངས་རྒྱས་ཉིད་ཉི་མ་ཡིན་པས་ན་སངས་རྒྱས ་ཉི་མ་སྟེ། དེ་རྣམས་ཀྱིས་ཀྱང་མི་མཐོང་དོ་ཞེས་བྱ་བའི་ཐ་ཚིག་གོ། དེ་བཞིན་ཁྱིའི་ཤ་ལ་སོགས་པ་གང་ཡང་རུང་བ་ཁམ་པོར་ཁ་སྦྱར་ན་གནས་བ་ཟོས་ན་ཡང་འབྲས་བུ་དེ་དན་འདྲ་བ་ཁོ་ནའོ། །བཤད་དང་ཞེས་བྱ་བས་ལ་སོགས་བས ་ནི། འདས་མ་ཐག་པ་བཞིན་དུ་བྲིས་པའི་དཀྱིལ་འཁོར་གྱི་དབུས་ན་གནས་པ་ལྷ་གང་ཡང་རུང་བའི་རྣལ་འབྱོར་གྱི་རང་གི་རིགས་ཀྱི་བུ་མོ་དང་སྙོམས་པར་ཞུགས་པས་བདུད་རྩི་ལྔ་མ་ཤ་ཕྱེད་བཤད་པ་ལ་སོགས་པ་གང་ཡང་རུང་བའི ་རྫས་མ་ཤ་ཕྱེད་དང་ལྷན་ཅིག་སྦྱར་ཏེ། སྔ་མ་བཞིན་དུ་ལྕགས་གསུམ་གྱིས་བཀྲིས་མ་པདྨར་བཞག་ལ། འོད་ནང་ན་གནས་པའི་རང་གི་བདག་པོ་སྦྲོ་བ་དང་བསྡུ་བའི་རིམ་གྱིས་བསྒོམས་?་དེ་ཁོན་བཞིན་དུ་འགྲུབ་པྲ་འགྱུར་རོ་ཞེས་བསྟེན་ཏོ ་ཐུན་མོང་ཉིད་ཡིན་པར་བསྟེན་པའི་ཕྱིར། རྡོ་རྗེ་འཛིན་པ་གང་ཡང་རུང་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །དེ་ནི་ཞེས་བ་བལ་སོགས་པ་ནི་ཤེས་པར་?་དོ། །སྟེང་དུ་རང་གི་ཡེ་ཤེས་ཀྱི་མཐུས་དཔག་ཆོད?་སྙིང་ཀྱི་སྟེང་གསུམ་གྱི་ཅོད་དུ་འགྲོ་བས་?་རྡོ་རྗེ་འགྲོ་བ ་གཞན་ནི་བཤད་ཟིན་ཏེ། །འདའ་བར་བྱ་བམ་ཡིན་པའི་མི་སྣང་བའི་ཆོ་ག་བསྟན་བའི་ཕྱིར། དམ་ཚིག་མི་སྣང་བ་འི་རྡོ་རྗེ་ཆེན་པོ་དེ་དཔལ་རྡོ་རྗེ་འཆང་ངོ། །བཅོམ་ལྡན་འདས་ཀྱི་དངོས་གྲུབ་སྣ་ཚོགས་བསྒྲུབ་པའི་ཚོགས་བསྟན་པའི་སྒོ་ནས་སེམས་ཅན་རྣམས ་ཀྱི་དོན་མཛད་པར་རྟོགས་ནས། རབ་ཏུ་དགྱེས་ཤིང་སྦྱན་པ། དངས་པས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་ངེས་པའི་སེམས་ཅན་རྣམས་ཀྱི་ཟློས་གང་བསྟན་པའི་ཕྱིར་དགའ་བ་ཕུལ་དུ་བྱུང་བ་ཉིད ་ཀྱི་སེམས་འཁྲུལ་པའོ། །གཞན་ནི་བཤད་ཟིན་ཏེ། །སེ་མའོ་ཞེས་བྱ་བ་ལ་སོགས་པ་ལ། འདི་དག་རབ་ཏུ་དེ་མཚར་ཆེ་ཞེས་བྱ་བ་ནི་རིགས་ལ་སོགས་པའི་བུ་མོ་དང་ཡང་དག་པར་སྦྱོར་བ་ལ་སོགས་པ་རྣམས་ཀྱི་དངོས་གྲུབ་བསྒྲུབ་པའི་དུས ་འདིའོ། །ཐབས་དང་ཤེས་རབ་ཀྱི་ཟག་བ་མརྡ་པའི་བདྡ་ཐོབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་གསང་གནས་མི་འགྱུར་བའོ། །དེ་ཉིད་ཀྱི་ཕྱིར་ངོ་བོ་ཉིད་ཀྱིས་དག་པའོ། །ལུས་དང་རྟོགས་པའི་ཆོས་དྲི་མ་མེད་པ་མེད་པ་ཉིད་ཡིན་པའི་ཕྱིར་ཤིན་ཏུ་དྲི་མེད་ཆོས ་སོ།། སངས་རྒྱས་ལ་སོགས་པ་རྣམས་ཀྱི་དབང་བསྐར་གྱི་དེས་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྟོན་པ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །ཡོངས་སུ་དག་པའི་སྐུ་ཅན་ཉིད་ཡིན་པའི་ཕྱིར་དག་བའོ ་མི་ཕྱེད་པའི་ཐུགས་མངའ་བ་ཉིད་ཡིན་པའི་ཕྱིར་རྡོ་རྗེའོ། །ཕྱིན་ཅི་མ་ལོག་པའི་གསུང་སྦྲོགས་པས་ཆེ་བ་ཉིད་ཡིན་པའི་ཕྱིར་ཆོས་ཆེན་པོ་སྟེ། དེ་ལྟ་བུའི་ཡོན་ཏན་ཁྱད་པར་ཅན་དང་ལྡན་པའི་བཅོམ་ལྡན་འདས་དེས་རྡོ་རྗེ་གསུང་བཀའ་སྩལ་ཏོ། ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ། སེམས་དཔའ་ནི་དཔལ་རྡོ་རྗེ་སེམས་དཔའ་སྟེ། སངས་རྒྱས་ལ་སོགས་པ་སེམས་དཔའ་ཐམས་ཅད་འབྱུང་བའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །དཔལ་དེ་ཁོ་ན་ཉིད་བསྡུས་པ་ལས་ཀྱང། ་སེམས་དཔའ་ཆེན་པོ་དེ་ཉིད་ལས་སེམས་དཔའ་ཐམས་ཅད་ཀུན་ཏུ་འབྱུང་ཞེས་གསུངས་སོ། །དེའི་ཤེས་རབ་ཉིད་ནི་རྡོ་རྗེ་ཡིན་ཞིང། ཀུན་ཏུ་བཟང་མོ་སྐུ་མདོག་དཀར་པོ་ལྷ་མོའི་གཟུགས་ཅན་ཡིན་ཏེ། དཔལ་བདེ་མཆོག་ཕྱི་མ་ལས་ཀྱང། ཟླ་བ་ལྟ ་བུར་དག་པའི་བློ། །རྡོ་རྗེ་ཞེས་བྱ་བ་ནི་མངོན་པར་བརྗོད། ཞེས་གསུངས་པའི་ཕྱིར་རོ། །དེ་དག་ཡང་བར་སྦྱོར་བ་ནི། སེམས་དཔའ་རྡོ་རྗེའི་སྦྱོར་བ་སྟེ། དེས་མཉེས་པར་འགྱུར་རོ། །གང་དག་ཞེས་ན། གསུངས་པ། སངས་རྒྱས་རྡོ་རྗེ་འཛིན་ཏེ། ་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་སོ། །ཇི་ལྟར་ཞེ་ན། སྤྱི་བོ་ན་གནས་པས་བསྐུལ་བ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་གྱི་དབང་བསྐུར་བ་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ། །འདི་ཉིད་ལས། སྤྱི་བོ་ནས་ནི ་བསྐུལ་བ་ཤིས་ཞེས་འཆད་པར་འགྱུར་བ་ཉིད་ཀྱི་ཕྱིར་རོ། །སངས་རྒྱས་བྱང་ཆུབ་རབ་དབྱེ་བས། །ཞེས་བྱ་བ་ལ། སངས་རྒྱས་ནི་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ཀྱིས་བྱང་ཆུབ་ནི་ཐུགས་ཀ་ནག་ནས ་པའི་ཤེས་རབ་བོ། །དེའི་བར་དུ་དབྱེ་བ་ནི་སངས་རྒྱས་སྤྱན་ལ་སོགས་པའི་གཟུགས་ཡོངས་སུ་གྱུར་པ་དང་གཉིས་སུ་མེད་པར་ཡང་དག་པར་སྦྱོར་བ་སྟེ། དེ་ཡིས་སོ། །རྡོ་རྗེ་སྟེ་རྟོགས་པའི་ཡེ་ཤེས་དང་ཕྱག་མཚན་འཛིན་པར་མཛད་པས ་ན་རྡོ་རྗེ་འཛིན་ཏེ། སའི་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས། །དེ་རྣམས་ནི་རང་གི་རིགས་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱི་དབང་བསྐུར་བས་མཉེས་པར་འགྱུར་རོ། །རྡོ་རྗེ་ཅན་གྱི་གཟུགས་སོགས་ཀྱིས། ཞེས ་བྱ་བ་ནི། དྲུག་པའི་དོན་ཅན་གྱི་གསུམ་པ་སྟེ། དེའི་ཕྱིར་སྤྱན་ལ་སོགས་པ་རྣམས་དང་ཁྲོ་བོ་རྣམས་ཀྱི་ནི་རང་གི་དེ་བཞིན་གཤེགས་པ་ཉིད་ཀྱིས་དབང་བསྐུར་བའོ། །བཤད་ཅེས་བྱ་བ་ནི་བསྟན་པའོ། །རིག་པའི་རྒྱལ་པོ་ཆོས་མཆོག་རྣམས། ཞེས་བྱ་བ ་ནི་གཙུག་ཏོར་ཆེན་པོ་ལ་སོགས་པ་རལ་པའི་ཚོགས་བཅིངས་པའི་གཙུག་ཏོར་ཅན་གྱི་རིག་པའི་འཁྲོ་ལོས་སྒྱུར་བའི་གཙུག་ཏོར་བརྒྱད་དེ། དཀོན་མཆོག་དང་དཔལ་གྱིས་དབང་བསྐུར་བའོ། །སྔར་ནི་སྤྱན་ལ་སོགས་པ་རྣམས་ཀྱིས་ཁྱད་བར་དབང་བསྐུར ་པ་བསྟན་ནས། ད་ནི་ལྷ་མོ་ཐམས་ཅད་ཀྱི་ཐུན་མོང་གི་དབང་བསྐུར་པ། རིག་པའི་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། རེག་པ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་རྣམས་སོ། །རྒྱལ་མོ་ནི་སྤྱན་ལ་སོགས་པ་ནི་རིགས་ཀྱི་ལྷ་མོ ་བཞིའོ། །དེ་རྣམས་ཀྱི་སྦྱོར་བ་ནི་རང་གི་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་དང་ཡང་དག་པར་སྦྱོར་བ་སྟེ། དེ་རྣམས་ལའོ། །ཚེ་དཔག་མེད་པ་རབ་ཏུ་བསྒོམ། །ཞེས་བྱ་བ་ནི་སྒྲ་ལས་བྱུང་བའི་ཤེས་རབ་ཀྱི་ངོ་བོ་ཉིད་དང། ་རིག་མ་ཐམས་ཅད་ཀྱི་བདག་པོ་ཡིན་པའི་ཕྱིར་དེའི་དབང་བསྐུར་བས་དེ་རྣམས་མཉེས་པར་འགྱུར་བའོ། །ཐམས་ཅད་ལས་བྱེད་སྔགས་རྣམས་ལ། ཞེས་བྱ་བ་འཕགས་པ་བདུད་རྩི་འཁྱིལ་པ་ལ་སོགས་པ་རྣམས་ལ་དོན་ཡོད་པར ་གྲུབ་པས་དབང་བསྐྲ་བར་བྱའོ། །ཞི་བ་ལ་སོགས་པའི་ལས་བསྒྲུབ་པའི་དུས་སུ་ཡང་ལྷ་ཐམས་ཅད་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་ལས་དང་རྗེས་སུ་མཐུན་པའི་སྐུ་མདོག་ཅན་གྱི་དོན་ཡོད་པར་གྲུབ་པས་དབང་བསྐུར་བར་བྱ་སྟེ། དོན་ཡོད ་བའི་བཀས་ངེས་པར་འགྲུབ་པར་འགྱུར་བའི་ཕྱིར་རོ། །འདི་ཐམས་ཅད་ནི་རྡོ་རྗེ་འཆང་ཆེན་པོའི་རྣམ་པར་འཕྲུལ་པ་ཡིན་པས། ལྷ་ཐམས་ཅད་ཀྱི་ཐུན་མོང་གི་རྡོ་རྗེའི་སེམས་དཔའ་ཨི་དབང་བསྐུར་བ་ཡང། སྔགས་རྣམས་ཐམས་ཅད་ཉིད་ལ་ ་ནི། ཞེས་བྱ་བ་ལ་སོགས་པས་གསུངས་སོ་།སྔགས་གང་དག་གིས་རྒྱུད་གཞན་རྣམས་ལས་གྲགས་པའི་གནོད་སྦྱིན་མ་རྣམས་ཀྱི་རྒྱུད་དེ་གཟུགས་ལ་སོགས་པ་བཀོད་པ་དེ་རྣམས་ལ་དེ་སྐད་བྱས་ཏེ། སྔགས་ཀྱིས་བསྐྱེད་པའི ་གནོད་སྦྱིན་མའི་གཟུགས་ཅན་རྣམས་ཀྱིས་ཅོད་པན་དབང་བསྐུར་བའི་དོན་དུ་བདག་པོ་ཉིད་ཡིན་པའི་ཕྱིར་འཕགས་པ་གཤིན་རྗེ་གཤེད་ཁོ་ན་བསྒོམ་པར་བྱའོ། །སྔགས་རྣམས་ཐམས་ཅད་ཉིད་ལ་ནི། ཞེས་བྱ་བ་ནི། བཤད་མ་ཐག་པའི་ཡང ་དག་པའི་སྦྱོར་བས་གནས་པའི་ལྷ་ཐམས་ཅད་ལའོ། །སྤྱི་བོ་ནས་ཤིས་བསྐུལ་བ་ཞེས་བྱ་བ་ནི། དེ་རྣམས་ཀྱི་སྤྱི་བོར་རྡོ་རྗེ་དང་པདྨ་ཀུན་ཏུ་བསྐུལ་བ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱན་གྱིས་དབང་བསྐུར་བའོ། །ཤིས་ཞེས་བྱ་བ་ནི་མངོན ་པར་འདོད་པའི་དངོས་གྲུབ་སྒྲུབ་པར་བྱེད་པའོ། །དངོས་གྲུབ་ཀྱི་དོན་དུ་འདབ་བར་མི་བྱ་བའི་དམ་ཚིག་སྟོན་པར་མཛད་པས་ན་དམ་ཚིག་ཆེན་པོ་སྟེ་དཔལ་རྡོ་རྗེ་སེམས་དཔའ་ཨོ། །བསམ་གཏན་འཁོར་ལོ་འདི་ཡིས་ནི། །ཞེས་བྱ་བ་ནི་དཀྱིལ ་འཁོར་གྱི་ལྷ་རྣམས་ལ་དབང་བསྐུར་བས་སོ། །སྔགས་མཉེས་བྱེད་པའི་འཁོར་ལོ་དག་། ཞེས་བྱ་བ་ནི་ལྷ་མཉེས་པའི་འཁོར་ལོའོ། །དེ་ཉིད་ནི་དམ་ཚིག་ཆེན་པོ་སྒྲུབ་བྱེད་པ་ཞེས་བྱ་བས་བཤད་དོ། །དམ་ཚིག་ཆེན་པོ་ནི་གཟུགས ་ཐམས་ཅད་སྟོན་པར་མཛད་པའི་བདག་ཉིད་ཅན་གྱི་དཔལ་རྡོ་རྗེ་སེམས་དཔའ་ཡིན་ཞིང། དེ་སྒྲུབ་པར་བྱེད་པ་ནི་དམ་ཚིག་ཆེན་པོ་སྒྲུབ་བྱེད་པའོ། །སྒྲུབ་པ་པོ་རྣམས་ཀྱི་མངོན་པར་འདོད་པའི་དངོས་གྲུབ་མཆོག་སྒྲུབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར ་ཕན་པའོ། །དབང་བསྐུར་བའི་སྒྲུབ་པ་འདི་ནི་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པའི་རྗེས་ཐོགས་པ་རང་གི་སྐུའི་དངོས་གྲུབ་སྒྲུབ་པ་ཡོངས་སུ་ཤེས་པར་བྱེད་པའི་ཆེད་ཡིན་ནོ། །སྣོད་ལ་དབབ་པ་དང། དཀྱིལ་འཁོར་དུ་སློབ་མ་གཞུག་པའི་དོན་དུ ་སྦྱོར་བ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་རྣམ་པར་ཕྱེ་ཟིན་ཏོ། །བསམ་གཏན་རྡོ་རྗེ་རབ་བྱ་བ། ཞེས་བྱ་བ་ནི། བཤད་མ་ཐག་པའི་གནས་སུ་ཕྲ་མོའི་རྣལ་འབྱོར་བསྒོམས་པས་སེམས་བརྟེན་པར་བྱས་ནས་སོ། །བཟླས་དང་སྔགས ་ཀྱིས་སྦྱོར་བས་ཞེས་བྱ་བ་ནི། འཆད་པར་འགྱུར་བའི་ཡི་གེ་ཧཱུཾ་ལ་སོགས་པས་བསྐུལ་བའི་སྦྱོར་བས་སོ། །དེ་ལྟ་བུར་གྱུར་པའི་རྣལ་འབྱོར་པ་དེས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཐམས་ཅད་སྔགས་དང་བསམ ་གཏན་གྱི་ཀུན་ཏུ་བསྐུལ་ན་ལས་རྣམས་སྣ་ཚོགས་བྱེད་པར་འགྱུར་བ་ཡིན་པས་དེའི་ཕྱིར་།རྡོ་རྗེ་སེམས་དཔའ་ལ་སོགས་ཀུན། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསུང་གི་ལས་ནི་དཔལ་རྡོ་རྗེ་སེམས་དཔའ་སྟེ་ཕྱིན་ཅི་མ་ལོག་པའི་དོན་སྟོན་པར ་བྱེད་པའི་དག་གི་བྱ་བའི་བདག་ཉིད་ཡིན་པའི་ཕྱིར་རོ། །རྡོ་རྗེ་ཆོས་ཀྱི་གཟུགས་ཆེན་པོ་ཞེས་བྱ་བ་ནི། ཡི་གེ་ཨ་ལས་བྱུང་བའི་པདྨ་རཱ་ག་ལྟར་དམར་བའོ། །གནས་གསུམ་དུ་ནི་རིགས་བརྟག་གོ་། ཞེས་བྱ་བ་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ་།བདག ་ཉིད་ཇི་སྐད་དུ་བསྟན་པའི་འོད་དཔག་ཏུ་མེད་པར་རྣམ་པར་བསམས་ལ། རང་གི་མགོ་བོ་དང་ལྐོག་མ་དང་སྙིང་གའི་ཕྱོགས་རྣམས་སུ། ཟླ་བ་ཁ་དོག་དམར་པོ་དང་ཆུ་སྐྱེས་དང་ཉི་མ་ལ་གནས་པའི་ཨོཾ་དང་ཨཱ(རྒྱུད་འགྲེལ་དམར་པོ་རྣམས་ཀྱིས་རིགས་གསུམ་ཐམས་ཅད་དམར་པོར་བསམས་ཏེ། དེ་ཁོ་ན་བཞིན་དུ་འོད་དཔག་ཏུ་མེད་པ་རྣམ་པར་བསྒོམས་པའི་ཇི་སྐད་བཤད་པའི་སྣོད་དུ་རུང་བའི་མགོ་དང་ལྐོག་མ་དང་སྙིང་གའི་ཕྱོགས་རྣམས་སུ་ཡི་གེ་བཾ་ལ་སོགས ་པ་ལས་བྱུང་བའི་ཆུ་དང་རླུང་དང་དབང་ཆེན་གྱི་དཀྱིལ་འཁོར་ལ་གནས་པའི་ཧ་དང་ཨ་དང་ཧཱུཾ་ཞེས་བྱ་བས་བྱིན་གྱིས་བརླབ་པའམ། དེ་རྣམས་ཀྱི་སྐྱེད་པའི་རིགས་གསུམ་གྱིས་བྱིན་གྱིས་བརླབ་པ་བྱས་ལ། དེའི་རྐང་པའི་འོག་ཏུ་མེའི ་དཀྱིལ་འཁོར་ལ་གནས་པའི་ཛཧཻ་འབར་བར་བྱེད་པར་བསམས་ཏེ། སྔ་མ་བཞིན་དུ་ཡེ་ཤེས་སེམས་དཔའ་བཅུག་ལ་ཡི་གེ་ཛཧཻ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་རྐང་པའི་མཐིལ་གྱི་གིས་གསེབ་ནས་ཞུགས་བ་རྣམས ་ཀྱིས་ཡི་གེ་གསུམ་འམ་རིགས་གསུམ་ཀུན་དུ་བསྐུལ་བ་དང། དྲིལ་བུ་དཀྲོལ་ཞིང་ཧཱུཾ་ཧ་ཨ་ཛཧཻ?་ཞེས་བྱ་བའི་སྔགས་བརྗོད་ན། དེ་ལ་བཅོམ་ལྡན་འདས་དེས་པར་འབབས་པར་འགྱུར་རོ། །དེ་ཉིད་ནི་དབབ་པའི་ཆོ་ག་ཐམས་ཅད་ནི། བྱས་ན ་གདོན་མི་ཟར་འགྲུབ། ཅེས་བྱ་བས་གསུངས་སོ། །དེ་བཞིན་དུ་བདག་ཉིད་ཡི་གེ་ཧ་དང་ཡི་གེ་ཧ་དང་ཡི་གེ་ཧཱུཾ་དག་གིས་གོ་རིམས་བཞིན་དུ་རྣམ་པར་སྣང་མཛད་དམ་མི་བསྐྱོད་པ་པདྨ་རཱ་ག་ལྟར་དམར་བ་བསམས་ལ། ཐམས་ཅད་འདས་མ་ཐག་པ ་བཞིན་དུ་བྱའོ། །བབས་པའི་ལྕེ་ལ་ཡི་གེ་ཨ་དམར་པོ་རྡོ་རྗེའི་འབར་བ་དམར་པོས་ཁྱབ་པ་བསམས་ལ་རྡོ་རྗེ་སྨྲོས་ཤིག་ཅེས་བརྗོད་པར་བྱ་སྟེ། །དེ་ལྟར་ན་བཟང་ངན་ཐམས་ཅད་སྨྲ་བར་འགྱུར་རོ། །དེ་ནས་ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས ་པས་དབབ་བ་བསྟན་བར་བྱ་སྟེ། ཨོཾ་སེམས་ཅན་དོན་ཀུན་མཛད་ལགས་ཏེ། ཞེས་བྱ་བ་ལ་སོགས་པས་བརྗོད་ལ། ཡི་གེ་མུའི་མཛའ་ཅན་གྱིས་སྣོད་དུ་རུང་བ་ལ་བབས་པའི་རྡོ་རྗེ་ཆོས་ལ་སོགས་པ་རྣམས་ཐལ་མོས་མེ་ཏོག་གྱེན་དུ ་གཏོར་མའི་སྒོ་ནས་གཤེགས་སུ་གསོལ་ཏེ། སྣོད་དུ་རུང་བ་སྐུ་རྡོ་རྗེ་ལ་སོགས་པ་རྣམ་པར་དགོད་པའི་སྒོ་ནས་ཀུན་ཏུ་བསྲུང་བར་བྱའོ། །སྐུལ་དང་ཞེས་བྱ་བ་ལ་སོགས་པ་ལ། འཕགས་བ་བཞི་པོ་དག་ཅེས་བྱ་བ་ནི། སྐུ་ལ་བ་ལ ་སོགས་པ་བྱ་བའི་སྙིང་ག་དང་ལྐོག་མ་དང་སྤྱི་བོ་རྣམས་སུ་དབང་ཆེན་དང་རླུང་དང་ཆུའི་དཀྱིལ་འཁོར་ལ་གནས་བའི་ཡི་གེ་གསུམ་མཆོག་ཆེན་པོའི་འཕགས་བའི་སའི་རང་བཞིན་ཅན་རྣམས་དང། མེའི་དཀྱིལ་འཁོར་ལ་གནས་བའི་ཡི ་གེ་ཛཧཻ་ནི་བཞི་པ་སྟེ་འཕགས་པའི་ས་བཞིའོ། །རྡོ་རྗེ་གྲུབ་བ་དག་གིས་ཞེས་བྱ་བ་ནི་སེམས་བརྟན་པར་གྱུར་བས་སོ། །དེ་ལྟར་བྱས་ན་ཅིར་འགྱུར་ཞེ་ན། དེའི་ཕྱིར་རྟག་པར་འགྲུབ་ཅེས་བྱ་བ་གསུངས་ཏེ། ཉམས་པ་མེད་པའི་བདེ་བ་ཆེན་བོའོ། །ཆོ་ག་ཐམས ་ཅད་ཅེས་བྱ་བ་ནི། སེམས་བརྟན་བར་བྱ་བ་དང་ལྷག་པར་གནས་བ་ལ་སོགས་པ་རྣམས་སོ། །རྣམ་པ་གཞན་དུ་སྟེ་སྣོད་དུ་རུང་བ་ལ་ལྷ་མ་བསས་ན། སྐྱེ་བོ་རྣམས་ཀྱིས་དཔྱད་པར་འགྱུར་པ་ཁོ་ནའོ། །ཛཧཻ་ནི་ཞེས་བྱ་བ་ལ་སོགས་པ་ལ། ཡི་གེ་ཛཧཻ་ཡིས ་རླུང་གི་དཀྱིལ་འཁོར་བསྐྱོད་པས་འགུལ་པ་སྟེ་གྱེན་དུ་འཕགས་པ་དང། གསེར་ལྟ་བུའི་དབང་ཆེན་གྱི་དཀྱིལ་འཁོར་ལ་གནས་པས་མནན་པ་རེངས་པ་དང། ཆུའི་དཀྱིལ་འཁོར་ལ་གནས་པའི་ཁ་དོག་དམར་པོ་ཉིད་ཀྱི་གཡོ་པ་ལ་སོགས་པ ་བྱའོ་ཞེས་བྱ་བ་ནི་མན་ངག་ཡིན་ནོ། །ནམ་མཁའ་ཨི་ཁམས་ནི་སེམས་མེད་ཅིང། ཞེས་བྱ་བ་ལ་སོགས་པས་ནི། སྦྱོར་བའི་མཐུ་ཕུལ་དུ་བྱུང་བ་བསྟན་ཏོ། །ཁྲུ་གང་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སྟེ་འོད་དཔག་ཏུ་མེད་པ་ལ་སོགས་པ་རིགས ་གསུམ་གྱི་ཡེ་ཤེས་ཀྱིས་གསལ་ཞིང་འབར་བས་ན་རྡོ་རྗེ་རྒྱལ་པོ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ཡིན་ཞིང། དེས་ཁྱད་པར་དུ་སྔར་བཤད་པའི་སྦྱོར་བ་རྣམས་ཀྱིས་བསྐུལ་བ་ནི། རྡོ་རྗེ་རྒྱལ་པོས་རབ་བསྐུལ་བའོ། །འཕར་པར་འགྱུར་ཞེས ་བྱ་བ་ནི་གྱེན་དུ་འཕགས་པར་འགྱུར་བའོ། །སྔ་མ་བཞིན་དུ་ཐམས་ཅད་ཞེས་བྱ་བ་ལ་སོགས་པས་ནི་འོད་དཔག་ཏུ་མེད་པ་ལ་སོགས་པའི་རྣལ་འབྱོར་ཉིད་ཀྱིས་གཤེགས་སུ་གསོལ་བ་ལ་ཐུག་པའི་བར་ཐམས་ཅད་བྱའོ། །ཞེས་བསྟན་ཏོ། །དེ་ལྟར ་སྣོད་དུ་རུང་བ་ལ་དབང་པའི་ཆོ་ག་བསྟན་ནས། ད་ནི་གདུག?་པ་རྣམས་གཞོམ་པའི་ཕྱིར་འཕགས་པ་བདུད་རྩི་འཁྱིལ་པའི་རྟོག་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཀའ་སྩལ་ཏོ་ཞེས་བྱ་བར་སྦྱར་རོ། །རྡོ་རྗེ་འཛིན ་ཅེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་གནས་གསུམ་ཀུན་ཏུ་དག་པ་ཉིད་ཡིན་བའི་ཕྱིར་སྐུ་གསུམ་གནས་ནི་ཡོངས་དག་པའོ། །འདི་ནི་ཞེས་བྱ་བ་ནི ་ཐུགས་ལ་གནས་པའོ། །བཀའ་སྩལ་ཏོ་ཞེས་བྱ་བ་ནི་གསུངས་པའོ། །རྩེ་གཅིག་མ་གྱུར་པ་ཡིས་ཀྱང། ཞེས་བྱ་བ་མང་པོ་ལ་ཞུགས་ཤིང་མཚན་མ་མ་ཐོབ་པའི་རྣལ་འབྱོར་པ་ཡིས་ཀྱང་ངོ། །བརྟུལ་ཞུགས་བརྟན་པས་ཞེས་བྱ་བ་ནི ་དག་པོ་ཆད་པས་བཅད་པ་ལ་ངེས་བའི་བློ་ཅན་རྣམས་ཀྱིས་བྱ་བའོ། །སྦྱོར་བ་གཞན་མིན་པས་ཞེས་བྱ་བ་ནི། འཕགས་པ་བདུད་རྩི་འཁྱིལ་པའི་རྣལ་འབྱོར་འཆད་པར་འགྱུར་བའི་སྔགས་དང་འཁྲུལ་འཁོར་དང་བཅས་པ་ཁོ་ན་གདུག་པ ་རྣམས་ལ་ཆད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དགྲའི་གཟུགས་བརྙན་བྱས་ནས་ནི། ཞེས་བྱ་བ་ནི་རོ་བསྲེགས་པའི་སོལ་བ་དང་ཏོ་ཤ་དང་ར་ཛི་ཀ་དང་ལན་ཚྭ་དང་ཏིལ་མར་ཚ་བ་དང། དུག་དང་སྨྱོ་བྱེད་རྣམས་ཀྱིས་དགྲ་བོའི་གཟུགས་བརྙན་བྱས་ལ། ་རྫས་དེ་རྣམས་ཉིད་ཀྱིས་དུར་ཁྲོད་ཀྱི་གོས་ལ་སྔགས་དང་རྣམ་པར་སྤེལ་བའི་མིང་བྲིས་པ་སྙིང་གར་བཅུག་སྟེ། དགུག་པ་སྟོན་དུ་འགྲོ་བས་གཅེར་བུ་སྐྲ་གྲོལ་བ་རོ་བསྲེགས་ཀྱི་སོལ་བའི་ཆུས་རླན་པའི་གོས་གྱོན་པ་འཕགས་པ་བདུད་རྩི་ཞེས ་བྱ་བའི་ཁྲོ་བོའི་ང་རྒྱལ་དང་ལྡན་བས་གཡོན་བརྐྱང་བས་མནན་ལ། བརྒྱ་རྩ་བརྒྱད་དམ་སྟོང་རྩ་བརྒྱད་བཟླས་ན་ཇི་སྐད་བཤད་པ་བཞིན་དུ་འགྱུར་བའོ། །དུར་ཁྲོད་རོ་བསྲེགས་ཐལ་བ་ཡིས། །ཞེས་བྱ་བ་ནི་དུར་ཁྲོད་ཀྱི་ཙུ་ལུ་ཁ་བཅག་པ ་ལས་བྱས་པའི་གཟུགས་བརྙན་བཤད་མ་ཐག་པ་བཞིན་དུ་མནན་ཏེ། མཚན་བྱེད་ཀྱི་དུས་སུ་བཟླས་ན་དེ་ཁོ་ན་བཞིན་དུ་འགྲུབ་པར་འགྱུར་རོ། །དཀྱིལ་འཁོར་གྲུ་གསུམ་བྱས་པ་ལ། ཞེས་བྱ་བ་ནི་པ་ལང་དང་རྟ་དང་ཁྱིའི་ཤ ་རྣམས་ཀྱིས་མེའི་དཀྱིལ་འཁོར་གྲུ་གསུམ་འབར་བ་ཡི་གེ་ར་ཡིས་མཚན་པའོ། །སངས་རྒྱས་ཀྱང་ནི་ངེས་པར་འཇིག་ཅེས་བྱ་བ་འདིས་ནི་སངས་རྒྱས་ཀྱང་གདོན་མི་ཟ་བར་འཇིག་པར་འགྱུར་ན་དགྲ་བོ་ཙམ་ལྟ་སྨོས་ཀྱང་ཅི་དགོས་ཞེས་རྣལ་འབྱོར་པ་རྣམས་ལ་ཡིད་ཆེས ་པ་སྐྱེད་པར་བྱེད་དོ། །འདི་སྐད་དུ་བསྟན་པ་ཡིན་ཏེ་དུར་ཁྲོད་ལ་སོགས་པར་ཏོ་ཤ་དང་ལྡན་པའི་མེའི་དཀྱིལ་འཁོར་ལ་གནས་པའི་ཐབ་ཁུང་གྲུ་གསུམ་བྱས་ལ་དེ་རུ་རྫས་དེ་རྣམས་ཉིད་ལས་བྱས་པའི་གཟུགས་བརྙན་མངོན་སྤྱོད་ཀྱི་ཆོ་ག་བཞིན་དུ་སྦྱིན ་སྲེག་བྱའོ། །རྡོ་རྗེ་ལས་བྱུང་འཇིག་ཅེས་བྱ་བ་ནི་མི་ཕྱེད་པའི་ཡེ་ཤེས་ལས་བྱུང་བའོ། །ཤ་ཆེན་གྱིས་ཀྱང་འདས་མ་ཐག་པ་བཞིན་དུ་ཐམས་ཅད་བྱའོ། །འདི་ནི་ཞེས་བྱ་བ་ནི་འདི་ཁོ་ནའོ། །དྲག་པོ་ཐམས་ཅད་ཀྱི་ཞེས་བྱ་བ་ནི། དཀོན་མཆོག་དང་བླ ་མ་ལ་གདུག་ཅིང་དྲག་ལ་མི་ཟད་པའི་སེམས་དང་ལྡན་པ་རྣམས་ཀྱིའོ། །མི་བཟད་པ་ནི་ཤིན་ཏུ་དྲག་པའོ། །ཆོས་མཆོག་ཅན་ཞེས་བྱ་བ་ལ་ཆོས་མཆོག་སྟེ་མི་བསྐྱོད་པའི་སའི་མཚན་ཉིད་ཡིན་ཞིང་དེ་ལྟ་བུར་འདི་འགྱུར་བས་ན་ཆོས་མཆོག་ཅན་དེ ་བསྒྲུབ་བྱ་དེའོ། །ཁྲོས་ནས་སྲོག་ཞེས་བྱ་བ་ནི་དུར་ཁྲོད་ལ་སོགས་པར་བཤད་མ་ཐག་པའི་ཐབ་ཁུང་ཚེར་མའི་མེ་སྦར་བ་ལ་བཤད་གཅིའི་གཟུགས་བརྙན་དེ་ཁོ་ན་བཞིན་དུ་སྦྱིན་སྲེག་བྱས་ནའོ། །ཆུ་བོའི་འགྲམ་གཉིས་ས་ཡིས་ཀྱང།། ་ཞེས་བྱ་བ་ནི་རྒྱུན་དུ་འབབ་པའི་ཆུ་བོའི་འགྲམ?་གཉིས་ཀྱི་ས་ལས་གཟུགས་བརྙན་བྱས་ཏེ། ཨུཏྟ་ན་མགོ་བྱང་དུ་བསྟན་ཏེ་བཞག་ནས་སོ། །དུག་ལས་བྱུང་བའི་ཚེར་མ་ཡིས། །ཞེས་བྱ་བ་ནི་སྤྲུལ་དང་སྡིག་པ་དང་ཆུ་སྲིན་ཀྲུཾ?་བྷི་ར་དང་རྭ་ཅན་དང་ཉ་ལ་སོགས ་པའི་ཚེད?་མ་དང། བྱིས་པའི་ཚེར་མ་དུག་ལ་བཅོས་པ་རྣམས་ཀྱིས་སོ། །སྐུལ་པའི་ཚིག་དང་ཞེས་བྱ་བ་ནི་སརྦ་བིགྷན་བི་ན་ཡ་ཀཱ་ན་ཞེས་བྱ་བའི་ཚིག་གཉིས་བཞག་ལ་ཆེ་གེ་མོ་མཱ་ར་ཡ་ཞེས་བྱ་བའི་བསྐུལ་པའི་ཚིག་དང་ལྡན་པའི་སྔགས་ཁྲོ་དང་? ་བཅས་པའི་བརྗོད་ཅིང་ཏིལ་གྱི་གང་བུ་བཞིན་དུ་དགང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །སྐེ་ཚེ་ཞེས་བྱ་བ་ལ་སོགས་པས་ནི་གཟུགས་བརྙན་ལ་སོགས་པ་ཐམས་ཅད་ལ་སྐེ་ཚེ་ལ་སོགས་པ་གཞུག་པ་དང། དུར་ཁྲོད་ཀྱི་གོས་ལ་སྔགས་དང་རྣམ ་པར་སྤེལ་པའི་མིང་དེ་རྣམས་ཀྱིས་བྲིས་པ་གཞུག་པར་བྱའོ་ཞེས་བསྟན་ཏོ། །སོལ་ཁུས་གཤེར་བའི་ཞེས་བྱ་བ་ལ་སོགས་ནི་བཤད་ཟིན་ཏོ། །ལིངྒ་ཞེས་བྱ་བ་ནི་མིའི་རུས་པའི་ཕྱེ་མ་དང་དུག་དང་ཁྲག་རྣམས་ལས་བྱས་པའི་གཟུགས་བརྙན་ནི། །གཞན་ནི ་བཤད་ཟིན་ཏོ། །སྲིན་པོས་མཁྱེར་བར་གདོན་མི་ཟ། ཞེས་བྱ་བ་ནི་ཆེ་གེ་མོ་རཱཀུ?་སེར་གྲ་ཧ་ཡོད་ཅེས་བྱ་བའི་བསྐུལ་པའི་ཚིག་དང་ལྡན་པའི་སྔགས་ཁྲོ་བ་དང་བཅས་པས་བཟླས་ན་གདོན་མི་ཟ་བར་རྡོ་རྗེ་སེམས་དཔའ་དང་མཚུངས་པ་ཡང་ཁྱེར ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྐེ་ཚེ་བཤང་གཅི་སྦྱར་བ་ཡིས། །ཞེས་བྱ་བ་ནི་བཤད་མ་ཐག་སྟེ་འོན་ཀྱང་སྐེ་ཚེ་གཙོ་བོར་གྱུར་པའོ། །ཚ་བ་ཆེན་པོས་བཏབ་བར་འགྱུར། །ཞེས་བྱ་བ་ནི་ཆེ་གེ་མོ་ཞེས་བསྐུལ་བའི་དབང་གིས་སོ། །སྦྱོར་བ ་གཞན་མིན་པས་བྱ་བ། ཞེས་གང་བཤད་པའི་དེའི་སྔགས་བསྟན་པའི་ཕྱིར། དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོའི་ཁྲོ་བོ་ནི་འཕགས་པ་བདུད་རྩི་བྱ་བ་སྟེ། དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་བཀའ་སྒྲུབ་པར་བྱེད་པ་དང། དེ་རྣམས་ཀྱིས་འདའ་བར་མི་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ནི་སྙིང་པོ་ནི་སྔགས་སོ། །སྦྱིན་སྲེག་ཅེས་བྱ་བ་ནི་བཤད་མ་ཐག་པའོ། །ཡང་ན་བསམ་གཏན་ཞེས་བྱ་བ་ནི་འཆད་པར་འགྱུར་པའོ།། ་གཞན་ནི་གོ་སླའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་རྡོ་རྗེ་འཆང་ཆེན་པོའོ། །ཁྲོ་བོ་ཆེ་ཞེས་བྱ་བ་ནི་འཕགས་པ་བདུད་རྩི་འཁྱིལ་པ་དབྱུང་བ་དང་གཞུག་པའི་སྒོ་ནས་ཡོངས་སུ་གྱུར་པའི་ཁྲོ་བོ་བདུད་རྩི་ཞེས་བྱ་བའི ་གཟུགས་ཅན་ནི། །དེ་ཉིད་ཀྱི་ཕྱིར་རྣམ་པ་དགྲད་པ་འཇིགས་འཇིགས་ལྟ་སྟེ། རྣམ་པར་དགྲད་པ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །བསམས་ནས་ཞེས་བྱ་བ་ནི་ལག་ན་སྟ་རེ་དང་ཐོ་བ་ཐོགས་པའི་བསྒྲུབ་བྱའོ། །བསམ་གཏན་རབ་ཏུ་བྱ་ཞེས་བྱ་བ་ནི ་འཆད་པར་འགྱུར་བའོ། །སེམས་ཅན་དྲག་པོ་ཆེན་པོ་གཞོམ་པའི་ཕྱིར་ཁྲོ་བ་འབྱུང་པའི་རྒྱུ་ནི་དྲག་པོ་ཆེན་པོའི་ཁྲོ་བོའི་དམ་ཚིག་གོ་།མཁའ་དབྱིངས་ཞེས་བྱ་བ་ནི་ནམ་མཁའ་ཨི་དབྱིངས་སོ། །སྐབས་འདིར་ཡོངས་སུ་གང་པ་ཞེས་བྱ་བ་ནི་སངས་རྒྱས། ་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་གང་བའོ། །གདུག་པ་དེ་ཡིས་བསད་པར་ནི། ཞེས་བྱས་པ་ནི་སྟ་རེ་དང་ཐོ་བ་ལག་ན་ཐོགས་པས་གཏུབས་ཤིང་བཅད་དེ་ཕྱེ་མར་བྱས་པར་བསམ་པའོ། །དེ་མ་ཐག་ཏུ་ཞེས་བྱ་བ་ནི་འཆད་པར ་འགྱུར་བའི་བསམ་གཏན་ལ་སྦྱོར་བའི་རྗེས་ཐོགས་ཉིད་ལ་རྡོ་རྗེ་འཆད་དང་མཚུངས་པ་ཡང་འཆི་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་གནོད་བྱེད་དགྲ་རྣམས་ནི། སྔགས་མཁན་གྱིས་ནི་མདུན་བསམས་ན། ཞེས་བྱ་བ་ལ། སངས ་རྒྱས་ལ་སོགས་པ་རྣམས་བསད་པས་འགྱོད་པ་སྐྱེས་པ། སྐྲག་ཅིང་འཇིགས་པས་?་པ་ཞེས་བྱ་བ་དམྱལ་བར་ལྟུང་བའི་འཇིགས་པས་མྱོས་པར་གྱུར་པ་མགོན་མེད་ཅིང་སྐྱབས་མེད་པ་གཅེར་བུ་སྐྲ་བཤིག་པ་ལུས་ལ་ཏིལ་མར། ་བསྐུས་པ་ལྔར་བཤད་པའི་རིམ་པ་བཞིན་སམ་པོ་ཏ་དབྱེ་བ་བྱས་ཏེ། མེའི་དཀྱིལ་འཁོར་ལ་གནས་པར་རྣམ་པར་བསམས་ལ། དེ་ལ་ཕན་པར་བྱ་བ་ཉིད་ཀྱི་ཕྱིར་ཁྲོ་བོའི་ཚུལ་དུ་གྱུར་པའི་དཀྱིལ་འཁོར་པའི་ལྷའི་འཁོར་ལོའི་དབུས་ན ་གནས་པའི་ཁྲོ་བོ་འཕགས་པ་བདུད་རྩི་ཞེས་བྱ་བའི་རྣལ་འབྱོར་དང་ལྡན་པས་གནོད་སྦྱིན་ལ་སོགས་པ་སྤྲོས་པ་རྣམས་ཀྱིས་ཀུན་ཏུ་སྡགས་བར་བྱས་ཏེ་ཟོས་པར་བསམ་ཞིང། དེའི་རྣམ་བར་ཤེས་པ་ཡང་སྔ་མ་བཞིན་དུ་མི་བསྐྱོད་པའི ་གཟུགས་ཅན་གྱི་བྱང་ཆུབ་སེམས་དཔར་བསྐྱེད་ལ། མངོན་པར་དགའ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་ན་གནས་པའི་ཆོས་ཀྱི་རྒྱལ་སྲིད་ཀྱི་གནས་ལ་ཡང་དག་པར་བཞག་སྟེ་དབང་བསྐུར་བར་བྱའོ། །སྤྲུལ་ནག་ཅེས་བྱ་བ་ལ ་སོགས་པ་ལ་གཤིན་རྗེའི་གཟུགས་ཅན་གྱི་འཆི་བདག་གི་བདུད་ཀྱང་འཇིགས་པར་བྱེད་པས་ན་འཇིགས་པ་དག་ཀྱང་འཇིགས་པར་བྱེད་པའོ། །དུག་གི་མཆོག་གི་དམ་ཚིག་ཅེས་བྱ་བ་ནི། ཡི་གེ་ནི?་ལས་ཀླུ་རིགས་ལྡན་གྱི་གཟུགས་བུང་བ་ལྟར་སྔོ་བའོ།། ་ནམ་མཁའ་ན་གནས་པའི་ཡི་གེ་ཧྲི་ལས་བྱུང་བའི་འོད་ཟེར་གྱི་ལྕགས་ཀྱུ་རྣམས་ཀྱིས་བཀུག་པའི་ཁམས་གསུམ་གྱི་དུག་གིས་གང་བར་བསམས་ལ། ཆེ་གེ་མོའི་འཕྲལ་བ་ནས་ཟ་ཅིག་ཅེས་དེ་ལ་བཀའ་བསྒོ་སྟེ། དེས་དེ་ཟོས་པར་བསམ་ཞིང ་དེའི་རྣམ་པར་ཤེས་པ་ཡང་འདས་མ་ཐེག་པ་བཞིན་དུ་མི་བསྐྱོད་པར་བྱའོ། །ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་ཉམས་ལ་སོགས་བཀུག་སྟེ། དེ་ཁོ་ན་བཞིན་དུ་བསྒྲུབ་བྱའི་ལུས་ལ་གཞུག་པར་བྱའོ། །ཐོ་བ་ནི་ཡི་གེ་ཧཱུཾ་ལས་བྱུང་བའི་ཐོབ་འབར ་བའོ། །གཞན་ནི་ཤེས་པར་ཟད་དོ། །གཤེགས་ཅིང་ཞེས་བྱ་བ་ལ་སོགས་པས་ན་ཕྱག་ན་སྟེ་རོལ་སོགས་པ་བསྣམས་པའི་རྡོ་རྗེ་ཁྲོ་བོ་ལ་སོགས་པ་རྣམས་ཀྱིས་རྣམ་པར་བསྒྱེལ་ཏེ་དུམ་བུར་གཏུབས་པར་བསམ་པར་བྱའོ། །བསྲུང་བ་ལ་སོགས ་ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། སྔ་མ་བཞིན་དུ་རང་གི་སྙིང་ག་ནས་ཕྱག་ན་རྡོ་རྗེ་ལྕགས་ཀྱུ་བསྣམས་པ་ཕྱུང་སྟེ། དེས་དེའི་བསྲུང་བ་ཁ་སྦྱར་ལ་སོགས་པ་དང་ལྷ་རྣམས་བཀུག་ལ་རང་གི་པར་ཤྭ་གཡོན་པར ་བཞག་སྟེ། །འཕགས་པ་བདུད་རྩི་འཁྱིལ་པའི་ཕུར་པ་ཉིད་ཀྱི་ཨོཾ་གྷ་གྷ་ཞེས་བྱ་བའི་སྔགས། སརྦ་དུཥྚན་སརྦ་པཱ་བ་ཞེས་བྱ་བའི་ཚིག?་གཉིས་བཞག་ལ། འདིའི་སརྦ་རཱ་རཀྵ་ཨ་ཏི་མན་ཏྲཱཾ་དེ་བ་ཏཱཾ་ཤཙཀི་ལ་ཡེ་ཏ་ཅེས་བྱ་བའི་བསྐུལ་བའི་ཚིག ་དང་ལྡན་པ་བརྗོད་ཅིང་ཕུར་བུས་གདབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། གསོད་པ་ཐམས་ཅད་ལས་གཙོ་བོར་གྱུར་པ་འདི་ཡིན་པའི་ཕྱིར་གསོད་པར་བྱེད་པའི་ཆོག་གོ་།བསྲུང་བ་ལ་སོགས་པའི་ཁ་སྦྱར་དབྱེ་བ་ནི་དམ ་ཚིག་སྟེ་འདས་བར་མི་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །རྡོ་རྗེ་ཕུང་པོས་ཞེས་བྱ་བ་ལ་སོགས་པ་ལ། མི་ཕྱེད་པའི་ཕུང་པོ་ལ་སོགས་པ་དང་ལྡན་པའི་སེམས་ཅན་ཏེ། དེ་བཞིན་གཤེགས་པ་ལ་སོགས་ཁྲོ་བོའི་དཀྱིལ་འཁོར་ན་གནས་པ་ཇི་སྙེད་པ་དེ ་དག་ཐམས་ཅད་ཁྲོ་ཞིང་གདུག་པ་གསོད་པ་ལ་གཅིག་ཏུ་བརྩོན་པར་བསམ་པར་བྱའོ། །དེ་ལྟར་ན་མཉེས་བར་འགྱུར་ཏེ་གཞན་དུ་མིན། ཞེས་བྱ་བ་ནི་དི་སྐད་བཤད་པ་དེ་ཁོ་ན་བཞིན་དུ་བསྒྲུབ་པ་ལ་བརྩོན་པའི་རྣལ་འབྱོར་པ་ལ་དེ་བཞིན་གཤེགས ་པ་ལ་སོགས་པ་རྣམས་མཉེས་པར་འགྱུར་གྱི། གཞན་དུ་ཕྱིན་ཅི་ལོག་གིས་བསམ་པས་བྱེད་པ་ལ་མ་ཡིན་པའོ། །སྟོན་པ་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཐམས་ཅད་རབ་ཏུ་རྟོགས་པས་ན་སངས་རྒྱས་སོ། །དེ་ཉིད་དེས་པར ་འབྱེད་པའི་ཤེས་རབ་ལྷ་མོའི་རྣམ་པར་གྱུར་པར་འཛིན་པར་མཛད་པས་ན་རྡོ་རྗེ་འཛིན་ནོ། །དེ་ཉིད་དེ་བཞིན་གཤེཌ་པ་ལ་སོཌ་པ་ཆོས་པར་མཛད་པ་ཉིད་ཡིན་བའི་ཕྱིར་སྟོན་པའོ། །རྡོ་རྗེ་ཆོས་ནི་འོད་དཔག་ཏུ་མེད་པའོ། །འཁོར་ལོ་ཅན་ནི་རྣམ་པར་སྣང ་མཛད་དེ། དེ་རྣམས་ཀྱི་རྣལ་འབྱོར་ལྷུར་ལེན་པའི་སྒྲུབ་པ་པོ་རྣམས་དེའི་མིང་ཅན་དུ་བསྟན་ཏོ། །དེ་ནི་ཉེ་བར་མཚོན་པ་ཡིན་ཏེ། ལྷ་བསྒོམ་པ་བོ་རྣམས་ཀྱང་གཟུང་བར་བྱའོ། །དེ་རྣམས་ཀྱང་སྡིག་པ་བསགས་ཤིད་བསྲུང་བ་ལ་སོགས་པ་དང་ཕྲལ་ནས ་བསམ་གཏན་གང་ཡང་བའི་སྦྱོར་བས་ངེས་པར་སྦྱར་ན་འཆི་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གཞན་ནི་བཤད་ཟིན་ཏོ། །སེམས་ཅན་ཁྲོ་བ་ཆེན་པོ་ཅན་རྣམས་གཞོམ་པའི་ཕྱིར་འདའ་བར་བྱ་བ་མ་ཡིན་ཞིང་མི་ཕྱེད་པའི་ཁྲོ་བོ་སྟོན་པར ་མཛད་པའི་ཁྲོ་བོ་ཆེན་པོའི་དམ་ཚིག་རྡོ་རྗེ་ཁྲོ་པའོ། །དེ་ནི་བདུད་རྩི་འཁྱིལ་པའི་རྟོག་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཀའ་སྩལ་པ་ཞེས་བྱ་བར་སྦྱར་རོ། །རྒྱལ་པོ་རྡོ་རྗེ་འཛིན་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་ཀྱིས ་རིམས་བཞིན་དུ་ཆོས་ཀྱི་དབྱིངས་དང་མེ་ལོང་ལྟ་བུ་དང་སོ་སོར་རྟོག་པ་དང་མཉམ་པ་ཉིད་དང་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་བཅོམ་ལྡན་འདས་བསྟན་ཏེ། དེས་བཀའ་སྩལ་པའོ། །ེ་མའོ་ཞེས་བྱ་བ་ནི་ངོ་མཚར་བའོ། །རང་བཞིན་གྱིས་ཡོངས་སུ ་དག་པ་ཉིད་ཡིན་པའི་ཕྱིར་ངོ་བོ་ཉིད་ཀྱིས་དག་པའོ། །ད་གང་ཡིན་ཞེ་ན། རྡོ་རྗེའི་ཐེག་པ་ཞེས་བྱ་བ་མི་ཕྱེད་པའི་ཐེག་པ་ཆེན་པོའོ། །དེ་ཉིད་ཐམས་ཅད་ལས་ཕུལ་དུ་བྱུང་བ་ཉིད་ཡིན་པའི་ཕྱིར་བླ་ན་མེད་པའོ། །མ་སྐྱེས་པའི་ཞེས་བྱ་བ་ལ་སོགས་པ ་ལ་སྐྱེ་བའི་རྒྱུ་མེད་པ་ཉིད་ཡིན་པའི་ཕྱིར་མ་སྐྱེས་པའི་ཕུང་པོ་ལ་སོགས་པའི་མཚན་ཉིད་དང། སྟོབས་དང་མི་འཇིགས་པ་ལ་སོགས་པའི་རང་བཞིན་ཅན་གྱི་ཆོས་རྣམས་ལ་ཡང་ཀུན་རྫོབ་དུ་དྲག་པོའི་ལས་ཀྱི་བྱ་བའི་མཚན་ཉིད་སྐྱེ་བར་བསྟན་ཏོ། ། ་གང་དག་གིས་ཞེ་ན། རྒྱལ་བ་རྣམས་ཀྱིས་ཞེས་བྱ་བ་མི་མཐུན་པའི་ཕྱོགས་མ་ལུས་པ་ལས་ངེས་པར་རྒྱལ་བའི་སངས་རྒྱས་རྣམས་སོ། །དེ་ནི་ལས་ཕྲན་ཚོགས་ཀྱི་ཚོགས། དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། བསམ ་གཏན་དང་བཟླས་པ་ལ་བལྟོས་ནས་བྲི་བ་ལ་སོགས་པའི་བྱ་བ་གཙོ་བོར་གྱུར་པ་ཡིན་པའི་ཕྱིར་ལས་ཕྲན་ཚོགས་རྡོ་རྗེ་གསང་བའོ། །སྤྲུལ་ནི་ཞེས་བྱ་བ་ལ་སོགས་པ་ལ། རྔོ?་རྒྱུས་དང་རོ་བསྲེགས་ཀྱི་སོལ་བ་དག་ལ་ཡི་གེ་ཁཾ་བརྒྱ་རྩ ་བརྒྱད་མངོན་པར་བཟླས་ལ་དེ་དག་གིས་སྤྲུལ་མི་སྡུག་ཅིང་འཇིགས་སུ་རུང་བ་ནག་པོ་འབར་བ་འཁྲུག་ཅིང་ཁྲེ་བ་ལྕེ་གཉིས་པ་?་ཆེ་བའི་འཕྲེང་བ་ཅན་ཀུན་ཏུ་བྲིས་ཏེ་དེའི་ཁར་ཡི་གེ་ཁམ་མེའི་མདོག་ཅན་དུག་ཧ་ལ་ཧ་ལའི་བདག་ཉིད་ཅན་འབར ་བ་རྣམ་པར་བསམས་ལ། དང་ཁར་ཡི་ག་ཧྲི་བསམས་ཏེ། དེ་ལས་བྱུང་བའི་འོད་ཟེར་གྱི་ལྕགས་ཀྱུ་རྣམས་ཀྱི་ཁམས་གསུམ་ན་ཡོད་བའི་དུག་རྣམས་གཀུག?་ལ། སྤྲུལ་གྱི་ཁར་གཞུག་པར་བྱའོ། །དེ་ལྟར་བསྒོམས་ན་དེ་དེས་?་གནས་ནས་གཡོ་བར ་འགྱུར་ཏེ། དེས་རེག་པས་སེམས་ཅན་གྱི་ཁམས་འཇིགས་པར་འགྱུར་རོ། །སྡིག་པ་ཞེས་བྱ་བ་ལ་སོགས་པ་ལ། སྦྱོར་བ་ལས་བྱུང་བའི་མཚན་ཉིད་ཀྱིས་ཞེས་བྱ་བ་འདས་མ་ཐག་པ་བཞིན་དུ། ཡི་གེ་ཁཾ་མངོན་པར་བཟླས་ཤིང། དེ་དང་རྗེས་སུ་མཐུན་པའི ་ཁ་དོག་དང་ལྡན་པ་རྣམས་ཀྱིས་དུག་གི་སྡིག་པ་ལ་སོགས་པ་རྣམས་མངོན་པར་བྲིས་ལ། དེ་རྣམས་ཀྱི་ཁར་དེ་ད་ཁོ་ན་བཞིན་དུ་རྣམ་པར་བསམས་ཏེ། ཁམས་གསུམ་ན་ཡོད་པའི་དུག་བཀུག་ལ་གཞུག་པར་བྱའོ། །དེ་ལྟར་ན་སྡིག་པ་ལ་སོགས ་པ་གང་ཡང་རུང་བ་དང། རིག་པས་ཀྱང་སྐད་ཅིག་དེ་ཉིད་ལ་འཇིག་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། དུག་ཐམས་ཅད་འཕོ་བའི་སྙིང་པོའོ། །ཞེས་བྱ་བས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། ཇི་སྐད ་བཤད་པའི་རང་གི་དཀྱིལ་འཁོར་ན་གནས་པའི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་དང་ལྡན་པས་ལག་པ་གཡོན་བའི་མཐལ་ལ་ཨོཾ་ལས་བྱུང་བའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་ལ་འོད་ཟེར་འཁྲུག་པའི་ལྟེ་བར་འོད་ཟེར་དཀར་པོས་ཁྱབ་པའི ་ཨོཾ་རྣམ་པར་བསམས་ལ། དེས་བྱ་བས་བས་ཇི་ལྟར་འདོད་པ་བཞིན་དུ་ནམ་མཁའ་ཨི་དབྱིངས་ན་གནས་པའི་བརྟན་པ་དང་གཡོ་བའི་དུག་ཁམ་པོར་གྱི་བུ་རཾ་བཞིན་དུ་དེ་ཉིད་ཀྱིས་འཕོ་བར་བྱའོ། །ཞེས་བྱ་བའི་དོན་ཏོ། །དུག་ཆེན་པོ་འདའ་བར་མི་བྱ ་ཞིང་མི་ཕྱེད་བའི་དོན་སྟོན་བར་མཛད་པས་ན། དུག་ཆེན་པོའི་རྡོ་རྗེའི་དམ་ཚིག་ཏེ་རྡོ་རྗེ་སྟེ་རྡོ་རྗེ་སེམས་དཔའ་ཨོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པས་ནི་དུག་གསོ་བ་གསུངས་ཏེ། བསྒྲུབ་བྱའི་སྙིང་གར་རྡོ་རྗེ་བསྐྱེད་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རྡོ་རྗེ ་ཆེན་པོའི་སྙིང་པོའོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། རྟེན་དང་བཅས་པའི་བརྟེན་པའི་འཁོར་ལོའི་དབུས་ན་གནས་པའི་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་དང་ལྡན་པས་བསྒྲུབ་བྱའི་སྙིང་ག་ན་གནས་པའི་ཡི་གེ་ཧཱུཾ་ལས་བྱུང་བའི ་རྡོ་རྗེ་དཀར་པོ་ལས་རྣམ་པར་སྤྲོས་པའི་འོད་ཟེར་གྱི་སྤྲིན་ཟླ་བ་དཀར་པོ་ཞུ་བའི་རྣམ་པ་ཅན་རྣམས་ཀྱིས་དེའི་ལུས་མངོན་པར་ཁྱབ་པར་བྱས་ནས་དེ་རྣམས་ཉིད་ཀྱིས་སྙིང་ག་དང་ལྐོག་མ་དང་དཔྲལ་བ་དང་མགོ་བོའི་གནས་རྣམས་སུ་ཀུན་ཏུ་བསྡུ་བར ་ལན་གཉིས་ལན་གསུམ་དུ་རྣམ་པར་བསམས་ཏེ། ཡང་ཐམས་ཅད་སྙིང་གར་ཀུན་ཏུ་བསྡུས་ལ། སྐྱུག་ཅིང་ཁ་དོག་ནག་པོ་དབྱུང་བར་བསམ་པར་བྱའོ། །གཞན་ནི་ཤེས་པར་ཟད་དོ། །འབྲས་ལ་སོགས་པའི་ཉེ་བའི་དུག་གཞོམ་པའི་སྦྱོར་བ ་ནི། དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པས་གསུང་སྟེ། གང་གཞན་ཞེས་བྱ་བ་ནི་གཡན་པ་དང་ཤུ་བ་རྐང་ཤུ་ལ་སོགས་པ་རྣམས་སོ། །བསམས་པ་ཙམ་གྱིས་མེད་པར་འགྱུར་ཞེས་བྱ་བས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། འདས་མ ་ཐག་པ་བཞིན་དུ་རང་གི་དཀྱིལ་ན་གནས་བའི་འོད་དཔག་ཏུ་མེད་པའི་རྣལ་འབྱོར་དང་ལྡན་པས། ལག་པ་གཡས་པར་ཡི་གེ་ཨ་ལས་བྱུང་བའི་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བ་ལ་ཡི་གེ་ཨ་འོད་ཟེར་ལྔ་འབར་བ་བསམས་ལ་དེས་བྱ་བ་ཅིང ་ཁུ་ཚུར་བཅད་པའི་སྦྱོར་བས་ཁ་དོག་ནག་པོ་བསྡུས་ཏེ་ཡི་གེ་ཨ་ལ་གཞུག་པར་བྱའོ། །བསྐུལ་བ་ལ་ནི་དཀར་པོ་འདྲ། །ཞེས་བྱ་བ་ནི་ཡི་གེ་ཨ་བརྗོད་པའི་བསྐུལ་བས་དུག་མེད་པར་གྱུར་ཅིང་ཁ་དོག་དཀར་པོར་བསམ་པར་བྱའོ་ཞེས ་བྱ་བའི་དོན་ཏོ། །བསམ་གཏན་གནས་ནི་གསང་བ་འདི། ཞེས་བྱ་བ་ནི་བཤད་མ་ཐག་པའོ། །བསྒོམ་པའི་ཡེ་ཤེས་ཀྱི་བསྐྱེད་པ་ཉིད་ཡིན་བའི་ཕྱིར་ཡེ་ཤེས་སྤྲུལ་པའོ། །ཤིན་ཏུ་གསང་བ་ཉིད་ཡིན་པའི་ཕྱིར་གསང་ཆེན་ནོ། །ཕྱི་ནང ་གི་ན། རྣམས་གསོ་བ་ནི་འདི་ལ་འདི་ནི་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། མི་ཕྱེད་ཅིང་ཡིད་དུ་འོད་ལ་ཤེས་པ་དང་སྐྱོབ་པའི་དོན་ཅན་རབ་ཏུ་ཉམས་པ་མེད་པའི་སྐུ་ལ་སོགས་པའི་གོ་འཕང་སྒྲུབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་སྙིང་པོའི་སྔགས ་ཀྱི་ཡི་གེའི་ཚིགས་རྣམས་སོ། །ཡི་གེའི་ཚིག་ནི་གང་འདོད་པ་ཞེས་བྱ་བ་ནི། ཛིན་ཛིཀ་ཅེས་བྱ་བ་ལ་སོགས་པའི་རྣམ་པར་སྣང་ལ་སོགས་པ་རྣམས་ཀྱི་ནང་ནས་ཕྱིན་ཅི་མ་ལོག་པའི་ཡོན་ཏན་ཐོབ་པར་བྱེད་པའི་ངད་པས་མཉེས་པར་བྱས་པ་གང་ཡིན་པ་དེ ་ཁོ་ན་དང་འདྲ་བ་ཉིད་དུ་བདག་ཉིད་ཀྱི་གཟུགས་བསམ་པའོ། །ནད་ཀྱི་རྡོ་རྗེ་བསྐུལ་བ་ཡིས། ཞེས་བྱ་བ་ལ་རང་གི་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀའི་དབུས་ན་ཟླ་བ་ལ་གནས་པའི་ཛིན་ཛིཀ་ཅེས་བྱ་བ་ལ་སོགས་པའི་སྙིང་པོ་ལས་བྱུང་བའི་འོད་ཟེར ་གྱིས་བསྐུལ་ཁྱི་འམ། སྤྲེའུའི་རྣམ་པ་འམ། ཡི་དགས་ཀྱི་གཟུགས་ཀྱི་རྣམ་པར་གཅེར་བུ་རང་གི་ལུས་དང་ངག་དང་སེམས་རྣམས་ལས་བྱུང་བར་རྣམ་པར་བསམ་ལ། འཁོར་ལོ་འམ་ཞེས་བྱ་བ་ལ་སོགས་པས་རིགས་གསུམ་གྱི་ཕྱག ་མཚན་འབར་བའི་ཕྲེང་བས་ཁྱབ་པ་གང་ཡང་རུང་བ་བསམས་ཏེ། རྡོ་རྗེའི་གོ་འཕང་གནས་ཞེས་བྱ་བ། དེའི་རྣལ་འབྱོར་དང་ལྡན་པས་དེས་ནི་ཞེས་བྱ་བ་རང་གི་ལག་ན་གནས་པའི་འཁོར་ལོ་ལ་སོགས་པའི་ཕྱག་མཚན་འབར་བར་ཇི་སྐད ་བཤད་པའི་ནང་རྣམས་ཀྱི་ལུས་དང་ངག་དང་སེམས་ཕྱི་མར་ལྷག་སྟེ་ཐལ་བར་བྱས་པར་བསམ་པར་བྱའོ། །དེ་ནས་བརྩམས་ཏེ་ཞེས་བྱ་བ་ལ་སོགས་པ་ལ་རྫོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དགྱེས་པའི་སྤྱན་དང་ལྡན ་པ་རྣམས་ཀྱིས་དེའི་ལུས་ལ་བྱིན་གྱིས་བརླབ་པར་མཛད་དོ་ཞེས་བྱ་བའི་དོན་ཏོ། །རང་ལུས་ངག་སེམས་ཞེས་བྱ་བ་ལ་སོགས་པས་ནི། འདི་སྐད་དུ་བསྟེན་དང་བཅས་པའི་བརྟེན་པ་རྟག་པ་ལ་སོགས་པ་གང་ཡང་རུང་བ་རིགས་གསུམ་གྱི ་གཟུགས་ཅན་ཁྲོ་བ་ཀུན་ནས་སྔོན་པོ་བསྐྱེད་པའི་རིམ་པ་ལས་བྱུང་འམ། རྫོགས་པར་བདག་ཉིད་རྣམ་པར་བསམས་ལ། དེ་ཁོ་ན་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པ་ཁྲོ་བོ་སྤྲོས་པའི་སྤྲིན་རྣམས་ཀྱི་ཕྱོགས ་བཅུ་ཀུན་ཏུ་ཁྱབ་པར་བྱས་ཏེ། དེ་རྣམས་ཀྱི་ནག་ཀྱི་ལུས་དང་ངག་དང་སེམས་ཕྱི་མར་བརླག་པར་བལྟ་བ་དང། རང་གི་སྔགས་བརྗོད་པས་རང་གི་ལག་ན་གནས་པའི་མཚོན་ཆ་འབར་བས་ཀྱང་ཐལ་བར་བྱས་པར་བསམ་ཞིང་ཐུན་བཞི ་ལན་བརྒྱ་རྩ་བརྒྱད་ཟློས་པས་གཞོམ་པར་བྱ་བ་དང། ཡང་བདག་ཉིད་མདོག་དཀར་པོ་ཞི་བའི་དང་ཅན་དུ་དམིགས་ལ་ཇི་ལྟ་བ་བཞིན་དུ་རྣམ་པར་སྤྲོས་པའི་ཞི་བའི་དང་ཅན་དཀར་པོ་ཕན་འདོགས་པར་ཞུགས་པ་དེ་རྣམས་ཀྱིས་ཀྱང ་སྔ་མ་བཞིན་དུ་བུམ་པའི་ཡེ་ཤེས་ཀྱི་ཆུ་དང། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་དང་ཞུ་བར་གྱུར་བའི་སྒོ་ནས་བདག་ཉིད་ཞུགས་པའི་དབང་བསྐུར་བ་བྱས་ན། ཞག་བདུན་གྱིས་ལས་ལས་བྱུང་པའི་ནང་ཐམས་ཅད་ཀྱང་ངེས་པར་རབ་ཏུ་ཞི་བར ་འགྱུར་ཞེས་བསྟན་པ་ཡིན་ནོ། །ཡང་ན་བདག་གི་སྔགས་ཀྱི་ཞེས་བྱ་བ་ལ་སོགས་པས་ནི་ཚུལ་དེ་ཁོ་ན་བཞིན་དུ་དཀོན་མཆོག་དཔལ་ལ་སོགས་པ་རང་གི་ལྷ་གང་ཡང་རུང་བའི་རྣལ་འབྱོར་གྱིས་ཀྱང་གཞོམ་པར་བྱའོ་ཞེས་བསྟན་ཏོ། །འདི་ནི ་ཞེས་བྱ་བ་ལ་སོགས་པ་ཤེས་པར་ཟད་དོ། །བཟླས་པ་དང་བསམ་གཏན་ལ་དགའ་བ་རྣམས་ཀྱི་དངོས་གྲུབ་ཀྱི་མཚན་མ་རྣམས་རྨི་ལམ་དུ་མ་ཐོང་བར་འགྱུར་བས། དེའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྨི་ལམ ་གྱི་མཚན་མའི་ཡེ་ཤེས་ཀྱིས་མངོན་པར་འདོད་པའི་དངོས་གྲུབ་བཀུག་བའི་སྒོ་ནས་སེམས་ཅན་གྱི་རྒྱུད་ཀུན་ཏུ་སྣང་བའི་མཛད་པར་ཕྱིར་ཡེ་ཤེས་སྐྱེ་བ་འོད་བོ་ཆེའོ། །འདོད་དང་ཐར་པ་ཞེས་བྱ་བ་ལ་འདོད་ཆགས་དང་བྲལ་བ་རྣམས་རྗེས་སུ ་ཆགས་པར་བྱ་བའི་ཕྱིར་ཐབས་དང་ཤེས་རབ་ཀྱི་ཡབ་དང་ཡུམ་ཡང་དག་པར་སྦྱོར་བའི་རང་བཞིན་ཅན་གྱི་དཔལ་རྡོ་རྗེ་སེམས་དཔའ་ནི་འདོད་དང་ཐར་པ་སྟེ། བཅོམ་ལྡན་འདས་ཀྱིས། ཆགས་བྲལ་ཤིན་ཏུ་ཆགས་བྱེད་ཕྱིར། །ད་ནི་གསང་ཆེན་རབ་དགའ་ཡིན། ་འདོད་པ་མ་གཏོགས་བདེ་ཆེན་མེད། །ང་འདི་འདོད་པ་བདེ་བ་དང། །ཡུམ་ནི་ཤེས་རབ་ཡང་དག་བཤད། །ཡབ་ནི་ཐབས་ལ་མཁས་པ་སྟེ། །དེ་ནི་ཉེ་བར་བསྟན་བྱས་ན། །འདོད་དང་ཐར་བ་རབ་འགྲུབ་འགྱུར། །ཞེས་གང་གསུངས་པའོ། །དེ་ཉིད ་ཐམས་ཅད་ལས་ཕུལ་དུ་བྱུང་བ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་ཆེའོ། །འདི་སྐད་ཅེས་བྱ་བ་ནི་འཆད་པར་འགྱུར་བའོ། །ཆོས་རྣམས་རྨི་ལམ་ལྟ་བུ་སྟེ། །ཞེས་བྱ་བ་ལ་སོགས་པ་ལ། ཆོས་རྣམས་ཞེས་བྱ་བ་ནི་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་གཟུག ་ལ་སོགས་པ་མངོན་སུམ་དུ་གྱུར་པ་རྣམས་རྨི་ལམ་བཞིན་དུ་སྣང་བ་ཙམ་ཡིན་ཞིང་དེ་ཁོ་ན་ཉིད་དུ་མ་སྐྱེས་པ་རྣམས་ལ་ཡང་འཁྲུལ་པའི་ཡེ་ཤེས་རབ་ཏུ་གསུངས་སོ། །བསམ་གཏན་ཞེས་བྱ་བ་ལ་སོགས་བ་ནི་གོ་སླའོ། །དེ་ལ་འདི་ནི ་ཞེས་བྱ་བ་ལ་སོགས་པ་ལ། རྨི་ལམ་ཆེན་པོའི་དམ་ཚིག་ཅེས་བྱ་བ་ནི། །མངོན་པར་འདོད་པའི་འབྲས་བུ་སྐྱེད་པའི་རྒྱུའོ། །བྱང་ཆུབ་ཡེ་ཤེས་མཆོག་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱི་ཆོས་ཀྱི་སྐུའོ། །སངས་རྒྱས་སྐྱེས ་པའི་རྒྱུ་ཉིད་ཡིན་པའི་ཕྱིར། སངས་རྒྱས་འོད་ནི་བཟང་པོ་སྟེ། །བདག་ཉིད་ཀྱིས་དེ་ཐོབ་པར་རྨི་ལམ་དུ་མཐོང་བར་འགྱུར་རོ། །སངས་རྒྱས་ནི་རྣམ་པར་སྣང་མཛད་དོ། །དེའི་རྫོས་ལོངས་སྤྱོད་པའི་སྐུ་ནི་ས་བཅུའི་དབང་ཕྱུག་རྣམས ་ཀྱིས་ཆོས་མཉན་པའི་སྒོ་ནས་ལོངས་སྤྱད་པར་བྱ་སྟེ་དེར་ཡོད་དོ། །སེམས་ཅན་ཆེན་པོ་ཁམས་གསུམ་པ། ཞེས་བྱ་བ་རྒྱལ་ཆེན་རིགས་བཞི་ལ་སོགས་པ་རྣམས་དང་སངས་རྒྱས་ལ་སོགས་པ་རྣམས་ཀྱིས་མཆོད་པ་བྱས་པར་མཐོང་། ་ཞེས་བྱ་བ་ནི། བདག་ཉིད་ལ་བླ་ན་མེད་པ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་སོ། །ཡེ་ཤེས་ཆེན་པོའི་འོད་འདྲ་ཞེས་བྱ་བ་ནི་གྲུབ་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་སྤྲུལ་པའི་སྐུའོ། །རྡོ་རྗེ་སེམས་དཔའ་ཨི་གཟུགས་སོ ་ཅན་དང་ཞེས་བྱ་བ་ལ་སོགས་པ་ནི། རྡོ་རྗེ་འཆང་ལ་སོགས་པ་རང་གི་ལྷག་པའི་ལྷ་གང་ཡང་རུང་བ་འདས་མ་ཐག་པ་བཞིན་དུ་སྐུ་གསུམ་གྱི་བདག་ཉིད་ཅན་བསྟན་ཏོ། །གསང་བ་རྡོ་རྗེ་གྲགས་པ་ཆེར། །ཞེས་བྱ་བ་ནི་རང་གི་རིག་མ་དང་སྙོམས་པར ་ཞུགས་པར་རོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རྨི་ལམ་དེ་ལྟ་བུ་ཡང་དག་པར་མཐོང་བས་ནི་མྱུར་པ་ཉིད་དུ་སྐུ་དང་གསུང་དང་ཐུགས་འགྲུབ་པར་འགྱུར་རོ། །རྒྱན་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ཡང ་གོ་སླའོ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཛའ་ཐུག་པ་མེད་པ་ན་གནས་པའི་སངས་རྒྱས་ཀྱི་ཞིང་རྣམས་ན་བཞུགས་པའི་སངས་རྒྱས་ཀྱི་གཟུགས་རྣམས ་མཐོང་བའོ། །སྩོལ་ཞེས་བྱ་བ་ནི་སངས་རྒྱས་དེ་རྣམས་ཉིད་ཐུགས་དགྱེས་བར་གྱུར་ནས་སྒྲུབ་པ་པོ་དེ་ལ་ཟབ་ཅིང་རྒྱ་ཆེ་བའི་དོན་སྟོན་པའི་དམ་པའི་ཆོས་ཀྱི་མཛོད་དོ། །ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་ལ། ལུས་ཞེས་བྱ་བ་ནི་བདག་གི ་ལུས་ཏེ། རང་གི་ལྷག་བའི་ལྷ་དང། འཕགས་པའི་གཟུགས་དང། རང་དང་རྗེས་སུ་མཐུན་པའི་སེམས་ཅན་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང་གསུང་རབ་རྣམ་པར་བཤད་པར་བྱེད་པར་རོ། །བསམ་གཏན་རྡོ་རྗེ་ལ་གནས་པས་ཏེ་རང་གི་ལྷའི ་པོ་འཕང་ལ་གནས་པོས། །རྣལ་འབྱོར་དུས་སུ་མཐོང་བ་འགྱུར། ཞེས་བྱ་བ་ནི་རྣལ་འབྱོར་གོམས་པར་བྱ་བ་ལ་ཞུགས་པའི་ཆེའོ། །ཀུན་དགའ་ར་བ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་པར་ཟད་དོ། །བསམ་གཏན་དུས་སུ ་ཞེས་བྱ་བ་ནི་བསམ་གཏན་གྱི་ཚེའོ། །དེ་ཁོ་ན་བཞིན་དུ་ཅུང་ཟད་གཉིད་ལོག་པར་གྱུར་པ་ན། བདག་ཉིད་སངས་རྒྱས་ཐམས་ཅད་ཀྱིས་ཕུང་པོ་ལ་སོགས་པ་བྱིན་གྱིས་བརླབས་པ་དང། སངས་རྒྱས་ལ་སོགས་པ་རྣམས་ཀྱིས་དབང་བསྐུར་བ་དང། རིག་པ ་འཛིན་པ་ལ་སོགས་པ་རྣམས་ཀྱིས་མཆོད་པ་བྱས་པར་མཐོང་བར་འགྱུར་རོ། །རྡོ་རྗེ་ལས་བྱུང་ཞེས་བྱ་བ་ནི་སྒོམ་པའི་ཡེ་ཤེས་ལས་ངེས་པར་འབྱུང་པའོ། །སྣ་ཚོགས་པ་ཞེས་བྱ་བ་ནི་བཤད་མ་ཐག་པའོ། །ཉོན་མོངས་པ་དང་ལས་དང་སྐྱེ་བ་དང་ཤེས ་བྱའི་སྒྲིབ་པ་སྤོང་བའི་རྒྱུ་ཉིད་ཡིན་པའི་ཕྱིར་དྲི་མ་མེད་པའོ། །བླ་མེད་ཅེས་བྱ་བ་དེས་འདོད་པའི་ལྷའི་གོ་འཕང་མྱུར་བ་ཉིད་དུ་ངེས་པར་འགྲུབ་པར་འགྱུར་རོ། །གདོལ་བ་ཞེས་བྱ་བ་ལ་སོགས་པ་ལ། གདོལ་པའི་རིགས་ཀྱི་བུ་མོ་རྣམས་སམ། ཁྱི་དང་རྒོད་མ ་ལ་སོགས་པ་བདུད་རྩི་ལྔ་ཐོགས་པ་རྣམས་དང་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་གཟུགས་ཅན་ཡང་དག་བར་བྱུང་བའི་ལས་ཀྱི་མཆོག་དུ་དགའ་བ་ཉམས་སུ་མྱོང་བའི་རྨི་ལམ་མཐོང་བས་སེམས་ཀྱི་གནས་ཏེ་རྟེན་དང་བརྟེན་པའི་དཀྱིལ་འཁོར་འགྲུབ་ཅིང་ཡོངས་སུ ་འགྲུབ་པར་འགྱུར་རོ། ཞེས་བྱ་བའི་དོན་ཏོ། །ད་ནི་མཚན་མ་དེ་ལ་མངོན་པར་ཞེན་པ་ཟློག་པའི་ཕྱིར། དེ་ནས་ཞེས་བྱ་ལ་སོགས་པས་གསུངས་ཏེ། དམ་ཚིག་གི་སྙིང་པོ་ཞེས་བྱ་བ་ནི། འདའ་བར་བྱ་བ་མ་ཡིན་པའི་རྨི་ལམ་རྣམ་པར་དབྱེད་པའི ་ངེས་པའི་ཤེས་པའོ། །རང་སེམས་ཞེས་བྱ་བ་ལ་སོགས་པ་ལ། དམིགས་པ་ཉིད་ཡིན་པས་ན་དམིགས་པ་སྟེ་ངེས་པར་རྟོགས་པ་ཉིད་ཡིན་ཞིང། འདི་ལྟ་སྟེ་ཁམས་གསུམ་པ་འདི་ནི་རྣམ་པར་རིག་པ་ཁོ་ནའོ་ཞེས་ཕྱི་རོལ་གྱི་དོན་གསལ ་ནས། སེམས་ཀྱང་ཡུལ་ན་མི་གནས་པ་གཟུགས་ཅན་མ་ཡིན་པ་བསྟན་དུ་མེད་པའོ། །ཞེས་བྱ་བ་ལ་སོགས་པར་རྣམ་པར་དཔྱད་དེ་ནམ་མཁའ་བཞིན་དུ་རང་བཞིན་མེད་པའོ་སྙམ་དུ་ངེས་པའོ། །ཆོས་ཐམས་ཅད་སྟེ་རྨི་ལམ་དུ་ཉེ་བར ་དམིགས་པའི་སངས་རྒྱས་ལ་སོགས་པའི་རྣམ་པ་དང། ཁམས་གསུམ་པའི་རྣམ་པར་རྟོག་པའི་རང་བཞིན་རྣམས་རབ་ཏུ་གནས་ཞེས་བྱ་བ་ནི། ནམ་མཁའ་ཨི་མཚན་ཉིད་ཅན་གྱི་སེམས་ལ་རྣམ་པར་གནས་པ་ཡིན་པས་དེའི་ཕྱིར ་ནམ་མཁའ་ཨི་རྡོ་རྗེ་གནས་ཆོས་འདི། ཞེས་བྱ་བ་གསུངས་སོ། །ཆོས་མེད་ཅེས་བྱ་བ་ནི་ཀུན་ཏུ་བརྟག་པའི་དངོས་པོའི་རང་བཞིན་རྣམས་སོ། །ཆོས་ཉིད་མེད་པ་ཞེས་བྱ་བ་ནི་དེ་རྣམས་ཉིད་མ་གྲུབ་པའི་ཕྱིར་སྟོང་པ་ཉིད་ཀྱང་མེད་པའོ། །དེ་ནས་ཞེས་བྱ་བ་ལ ་སོགས་པ་ནི་བཤད་ཟིན་ཏོ། །དངོས་གྲུབ་ཀྱི་མཚན་མའི་རྨི་ལམ་དང་དེ་བཟློག་པ་གསན་ནས་ངོ་མཚར་དང་རྨད་དུ་གྱུར་པ་འཐོབ་པ་རྣམས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལ་སོགས་པའི་ཐེ་ཚོམ་གཅོད་པའི་རྡོ་རྗེ་འཆང་ཆེན་པོ་ལ ་ཞུས་པ་ནི། བཅོམ་ལྡན་འདས་འདི་ཅི་ལགས་ཞེས་བྱ་བ་ལ་སོགས་པ་སྟེ། ངོ་བོ་མེད་པ་ཞེས་བྱ་བ་ནི་གལ་ཏེ་དངོས་པོ་ཐམས་ཅད་ནམ་མཁའ་དང་མཚུངས་པ་ཡིན་ན། དེའི་ཚེ་ཁྱོད་ཀྱིས་རྨི་ལམ་གྱི་མཚན་མ་རིགས་ལྔ་སྒྲུབ་པའི་ཆོས་ཀྱི་དེ་ཁོ ་ན་ཉིད་རྣམ་པར་བཞག་པ་ཇི་ལྟར་མཛད། རྣམ་པར་གཞག་པ་ཡང་མཛད་དེ་དེའི་ཕྱིར་ཆོས་རྣམས་ནི་ངོ་བོ་ཉིད་མེད་པ་མ་ཡིན་ནོ་སྙམ་དུ་བསམས་པའོ། །དེའི་ཕྱིར། ཨེ་མའོ་ངོ་མཚར་ལས་བྱུང་བ། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། ། ་པ་གསུངས་ཏེ། ?་ཐམས་ཅད་མེད་པའི་རང་བཞིན་ཅན་གྱི་ནམ་མཁའ་དབྱིངས་ནི་ཆོས་གང་དང་ཡང་རྟག་ཏུ་མི་ལྡན་ཞིང། ཀུན་རྫོབ་ཏུ་དངོས་པོ་ཐམས་ཅད་དེ་ལས་འབྱུང་བའི་ཕྱིར་ནམ་མཁའ་ཨི་ནི་མི་ལྡན་པ་ཡང་མ་ཡིན་ནོ། །ནམ་མཁའ་ ་དེར?་ནི་ཆོས་ཐམས་ཅད་དུ་གཏོགས་ལ་ཐམས་ཅད་ཀྱི་རྗེས་སུ་ལྟའོ་སྙམ་དུ་ཡང་མི་སེམས་ཏེ། རྫས་སུ་མེད་པ་ཉིད་ཡིན་པས་ང་རྒྱལ་ལ་སོགས་པ་མི་སྲིད་པའི་ཕྱིར་རོ། །དེ་བཞིན་དུ་ཞེས་བྱ་བས་ངེས་པས་བཟུང་ནས་དེ་བཞིན་གཤེགས་པ་རྣམས་ལ་གསུངས ་པ་རྨི་ལམ་ཞེས་བྱ་བ་ནི་རྨི་ལམ་གྱི་མཚན་མ་སྟོན་པར་བྱེད་པ་རྣམས་སོ། །རྨི་ལམ་གྱི་དམ་ཚིག་ལས་བྱུང་བ་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་རྒྱུད་ལ། རྨི་ལམ་གྱི་རྒྱུད་ལས་ངེས་པར་བྱུང་བའི་སྐུ་རྡོ་རྗེ་ལ་སོགས་པ་འབྲས་བུའི་རང་བཞིན ་རྣམས་ཏེ་དེ་རྣམས་ཀྱང་ནམ་མཁའ་བཞིན་དུ་རྗེས་སུ་རྟོགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རྨི་ལམ་ལས་ཡང་དག་པར་བྱུང་བའི་དངོས་གྲུབ་རྣམས་ཀྱིས་གཟུང་བ་ལ་སོགས་པའི་དངོས་པོ་བསལ་བའི་ཕྱིར། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས ་ལ་གསུངས་པའི་ཚིག་རྣམས་ཀྱིས་ནི་ཡང་དང་ཡང་དེ་བཞིན་གཤེགས་པ་རྣམས་ལ་བོད་པའོ། །ནམ་མཁའ་ལ་ཞེས་བྱ་བ་ལ་སོགས་པ་ལ། བཟུང་བ་ལ་སོགས་པའི་རང་བཞིན་དང་བྲལ་བ་ཉིད་ཡིན་པའི་ཕྱིར་བརྟག་དུ་མེད་པའོ། །བལྟ་བར་བྱ་བ་མི། ་ནུས་པ་ཉིད་ཡིན་པའི་ཕྱིར། བལྟར་མི་སྣང་བ་སྟེ། ས་ཐམས་ཅད་ཀྱང་དེ་དང་འདྲ་བ་ཁོ་ནའོ། །ལུས་དང་ངག་དང་སེམས་དང་ཆོས་ཐམས་ཅད་དང་རྡོ་རྗེའི་གནས་ཀྱི་དམ་ཚིག་ནི་ཐམས་ཅད་ཀྱི་རྗེས་སུ་སོང་བ་ཞེས་བྱ་བ་ནི། བརྟན་པ་དང་གཡོ་བའི ་ཁམས་གསུམ་པ་ཐམས་ཅད་ཀྱི་རྗེས་སུ་སོང་བ་སྐུ་རྡོ་རྗེ་ལ་སོགས་པའི་རང་བཞིན་ནི་ངོ་བོ་ཉིད་གཅིག་པའོ། །འདི་ལྟ་སྟེ་སེམས་ཀྱི་ངོ་བོ་ཉིད་དོ་ཞེས་བྱ་བ་ལ་སེམས་ནི་བཤད་ཟིན་པའི་མཚན་ཉིད་ཅན་ཏེ་དེའི་ངོ་བོ་ཉིད་དོ། །དེ་ཉིད་ནི་ལུས་དང་ཞེས ་བྱ་བ་ལ་སོགས་པས་གསུངས་ཏེ། ལུས་ལ་སོགས་པའི་རང་བཞིན་དང་ནམ་མཁའ་ཨི་རང་བཞིན་དེ་དག་ནི་གཉིས་སུ་མེད་དེ། སྐབས་འདིར་ནི་ཁམས་ཞེས་བྱ་བའི་སྒྲ་རང་བཞིན་ལ་འཇུག་གོ་།སེམས་ཅན་ཐམས་ཅད་ནི་ནམ་མཁའ་ཨི་ཁམས་ལ་གནས་ཏེ་ཞེས་བྱ་བ་ལ་སོགས་པ་ནི ་ཤིན་ཏུ་གསལ་ལོ། །བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ལ་སོགས་པ་ལ། མེ་ལོང་ལྟ་བུ་ལ་སོགས་པ་མི་ཕྱེད་པའི་ཡེ་ཤེས་འབྱུང་བའི་རྟེན་དུ་གྱུར་པ་ཉིད་ཡིན་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི ་འབྱུང་བ་རྡོ་རྗེའི་གནས་བྱེད་པའོ། །བྱང་ཆུབ་ཀྱི་སེམས་དེ་ཡང་ཞེས་བྱ་བ་ལ། ངོ་བོ་ཉིད་མེད་པ་ཉིད་ཡིན་པའི་ཕྱིར་ཡུལ་ལ་སོགས་པ་ལ་མི་གནས་སོ། ཆོས་གང་ཁམས་གསུམ་ན་མི་གནས་པ་ཞེས་བྱ་བ་ལ། སེམས་ནི་འདོད་པའི་ཁམས ་ཏེ། གཟུགས་ལ་སོགས་པའི་ཡུལ་ལ་མངོན་པར་འདོད་པའི་རང་བཞིན་ཅན་ཉིད་ཡིན་པའི་ཕྱིར་རོ། །ལུས་ནི་གཟུགས་ཀྱི་ཁམས་ཏེ་བརྟན་པ་དང་གཡོ་བའི་རྣམ་པ་ཐམས་ཅད་དུ་སོ་སོར་སྣང་བའི་ཕྱིར་རོ། །ངག་ནི་གཟུགས་མེད་པའི ་ཁམས་ཏེ་དྲག་གི་ནམ་མཁའ་ནི་གཟུགས་མེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་བུར་གྱུར་པའི་ཁམས་གསུམ་ན་མི་གནས་པ་ཉིད་ཡིན་པའི་ཕྱིར་སྐྱེ་བ་མེད་པ་ཡིན་ནོ། །རྨི་ལམ་དེ་ནི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཕྱོགས་བཅུའི ་ཞེས་བྱ་བ་ལ་སོགས་པས་ནི་གཉིད་སད་པའི་གནས་སྐབས་ཀྱི་མིག་ལ་སོགས་པའི་སྤྱོད་ཡུལ་གང་དག་ཡིན་པ་དེ་རྣམས་ཀྱང་རྨི་ལམ་བཞིན་དུ་སྣང་བ་ཙམ་ཡིན་ཞིང་ཡང་དག་པར་ན་རང་བཞིན་མེད་པའོ། །སྙམ་དུ་ཁོང་དུ་ཆུད ་པར་བྱའོ། །ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི་ཞེས་བྱ་བ་ལ་སོགས་པ་ནི་ཤེས་པར་ཟད་དོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། སྩོལ་ཏེ་ཞེས་བྱ་བར་སྦྱར་རོ། །དངོས་གྲུབ་ཀི་མཚན་མ་རྨི་ལམ་རྣམས་དང། དེ་རྣམ་པར་སྤྱད་པའི ་ཆོས་ཉིད་ཐོས་ནས་ཤིན་ཏུ་དགྱེས་པའི་སྤྱན་གདངས་པར་གྱུར་པས་དཔལ་རྡོ་རྗེ་འཆང་ལ་འདི་སྐད་ཅེས་གསོལ་ཏོ། །གང་ཞེས་བྱ་བ་ལ་སོགས་པ་ལ། རྗེས་སུ་འབྲང་ཞེས་བྱ་བ་ནི། གང་དག་ལ་ནམ་མཁའ་ཨི་ཁམས་ཀྱི་རྗེས་སུ་འབྲང་ཞིང ་ཀུན་ཏུ་ཁྱབ་པའི་དང་ཚུལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །སངས་རྒྱས་ཀྱི་ཆོས་རྣམས་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་རྣམས་སོ། །རྗེས་སུ་འབྲང་བ་ནི་མངོན་པར་འཕེལ་བ་འགྱུར་བ་ཞེས་བྱ་བའི་དོན་ཏོ། །ངོ་མཚར་ཞེས་བྱ་བ་རྨད་དུ ་བྱུང་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྔགས་ཐམས་ཅད་ཀྱི་རྡོ་རྗེའི་དངོས་གྲུབ་མདོ་བཏུས་པ་ཞེས་བྱ་བ་ནི་མི་ཕྱེད་པའི་སྔགས་ཀྱིས་ཚོགས་སོ། །གང་ལ་གནས་ཞེས་ཞུས་པ་ན། བཅོམ་ལྡན་འདས་ཀྱིས་དེ་བཞིན ་གཤེགས་པ་ཐམས་ཅད་ལ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་ཀྱི་དངོས་གྲུབ་ཐམས་ཅད་སྟེ། སྔགས་ཀྱི་རྡོ་རྗེ་ཐམས་ཅད་སྐུ་དང་གསུང་དང་ཐུགས་རྣམས་ལ་མི་གནས་པའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ ་བ་ནི་དྲི་བའོ། །ལན་ནི་ཁོང་ནས་དབྱུང་བར་བྱ་སྟེ། དོན་དམ་པར་འབྲས་བུ་ལ་སོགས་པ་རྣམས་དང་དངོས་གྲུབ་རྣམས་རང་བཞིན་མེད་པ་ཉིད་ཡིན་པའི་ཕྱིར་རོ། །འོན་ཀྱང་ཞེས་བྱ་བ་ལ་སོགས་པ་ནི། ཀུན་རྫོབ་ཏུ་དངོས་གྲུབ་ཐམས་ཅད་དང ་སངས་རྒྱས་ཀྱིས་ཆོས་ཐམས་ཅད་རང་གི་ལུས་དང་ངག་དང་སེམས་ལ་གནས་པར་ཞལ་གྱིས་བཞེས་ནས། སླར་དེ་བསལ་བའི་ཕྱིར་ལུས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནཾ་བཅོམ་ལྡན་འདས་ཉིད་ཀྱིས་རབ་ཏུ་རྣམ་པར་ཕྱེ་བ་དེའི ་ཕྱིར་ཡང་བཤད་པར་མི་བྱའོ། །སེམས་ཅན་ཐམས་ཅད་ཀྱི་དམ་ཚིག་ཅེས་བྱ་བ་ལ་སོགས་པ་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཆེན་པོ་ནི་སེམས་ཐམས་ཅད་དོ། །དེ་ཉིད་ནི་དམ་ཚིག་སྟེ་རྡོ་རྗེ་འཆང་ཆེན་པོ་ལ ་སོགས་པ་ལྷ་ཐམས་ཅད་འབྱུང་བའི་རྒྱུ་ཉིད་ཡིན་པའི་ཕྱིར་རྒྱུའོ། །དེ་ཉིད་ཀྱི་ཕྱིར་སྙིང་པོ་མི་ཕྱེད་པ་འབྱུང་བ་སྟེ། རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་ཏིང་ངེ་འཛིན་གྱི་འབྲས་བུའི་རང་བཞིན་འབྱུང་བ་ཡིན་ཞིང་གང་ལས་དེ་ཀུན་དུ་བཤད་པ་དེའི་མིང་ཅན ་གྱི་ལེའུ་གསུངས་སོ།། །།ལེའུ་བཅོ་ལྔ་པའི་རྣམ་པར་བཤད་པའོ།། །།མཚན་མ་ཐོབ་པ་དང་ལྷ་དག་གིས་རྗེས་སུ་སྣང་བ་རྣམས་ཀྱི་རང་གི་དཀྱིལ་འཁོར་དུ་དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱ་ཞིང། སེམས་ཅན ་རྣམས་ཀྱང་སྣོད་དུ་རུང་བར་བྱ་དགོས་པས། དེའི་ཕྱིར་དངོས་གྲུབ་ཐམས་ཅད་ཀྱི་དཀྱིལ་འཁོར་རྡོ་རྗེ་མངོན་པར་བྱང་ཆུབ་པའི་ལེའུ་བཅུ་དྲུག་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་ཞེས་བྱ་བའི་སྒྲ་ནི་ལེའུ་བཅོ་ལྔ་པོ་འདུས་པ་ལ་བལྟོས ་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ལ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ཨོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ཚིག་རྣམས་ཀྱིས་ཞེས་བྱ་བ་། དེ་བཞིན་གཤེགས་པ་ཀུན་ཞི་བ་ཞེས་བྱ་བ་ལ་སོགས་པ་ཐུན་མོང་གི་ཚིགས་སུ་བཅད་པའི་ཚིག་རྣམས་དང། ་ཡང་སྐུའི་དཀྱིལ་འཁོར་གྱི་དོན་དུ་དེའི་དོན་སྟོན་པར་བྱེད་པའི་ཚིགས་སུ་བཅད་པ་གཉིས་པའི་ཚིག་རྣམས་དང། གསུང་གི་དཀྱིལ་འཁོར་གྱི་དོན་དུ། །ཞི་པ་ཆོས་དོན་ཡང་དག་འབྱུང། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཞན་གྱི་ཚིག་རྣམས ་དང། དེ་བཞིན་ཐུགས་རྡོ་རྗེ་བསྒྲུབ་པའི་དཀྱིལ་འཁོར་གྱི་དོན་དུ། །སེམས་ཅན་ཀུན་གྱི་ཐུགས་ཆེན་པོ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཞན་གྱི་ཚིག་རྣམས་ཀྱིས་གསོལ་བ་གཏབ་པོ། །ཅི་ཞིག་བྱས་ནས་ཞེ་ན། དེ་བཞིན་གཤེགS ་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་ཆེན་ནི་ཡོངས་སུ་དག་པའི་རང་བཞིན་ཅན་གྱི་བུད་མེད་ཀྱི་གཟུགས་རྣམས་ཏེ། སངས་རྒྱས་ཐམས་ཅད་ལས། །དོན་དང་རིན་ཆེན་ཚོགས་ཀུན་ལས། ་རིན་ཆེན་གཅིག་ནི་མཆོག་ཡིན་ཏེ། །གང་གི་གནས་ལ་རིན་ཐང་མེད། །བུད་མེད་རིན་ཆེན་མཆོག་དག་པའི། །ཞེས་གསུངས་པའི་ཕྱིར་རོ། །དེ་རྣམས་ཉིད་རྡོ་རྗེ་དང་ཡང་དག་པར་སྦྱོར་བའི་སྒོ་ནས་མཆོག་ཏུ་དགའ་བའི་བདེ་བའི་མཆོད་པ་རྒྱས་ཤིང ་འཕེལ་བར་བྱེད་པས་ན། རྡོ་རྗེ་རིན་ཆེན་གྱི་མཆོད་པ་ཡིན་ཞིང་དེ་ཆོགས་ཀྱིས་ཏེ། གཟུགས་རྡོ་རྗེ་མ་ལ་སོགས་པ་ལྷ་མོ་རྣམས་ཀྱིས་ཡོངས་སུ་བསྐོར་བ་དག་གི་ཡང་དག་པར་མཆོད་ནས་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ ་ཐམས་ཅད་ཀྱི་སྟེ། རིགས་ཀྱི་ལྷ་ཐམས་ཅད་ཀྱི་རང་གི་བདག་པོ་དང་བཅས་པའི་སྐུའི་དཀྱིལ་འཁོར་ནི་རྡོ་རྗེ་ཐམས་ཅད་ཀྱི་དཀྱིལ་འཁོར་རོ། །དེ་ཉིད་བགེགས་ཀྱི་རི་དགས་ཐམས་ཅད་འཇོམས་པའི་ཕྱིར་སེང་གེའོ། །སངས་རྒྱས་ཉིད་ལ་སོགས་པའི ་འབྲས་བུའི་རྒྱུ་ཉིད་ཡིན་པའི་ཕྱིར་དམ་ཚིག་གོ་།རྟེན་དང་བརྟེན་པའི་དབྱིབས་ལ་སོགས་པའི་བཀོད་པའི་སྒོ་ནས་མཛེས་ཤིང་གསལ་བས་ན་རྒྱལ་པོའོ། །བཀོད་པ་ནི་སྐུའི་དཀྱིལ་འཁོར་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་དེའི་མིང་ཅན་དུ་བརྗོད་དོ། ་རྡོ་རྗེ་སྐུའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ནས་བྱ་བ་ལ་སོཌ་པ་ལ་ཡང་དག་པར་རབ་ཏུ་རྣམ་པར་ཕྱོ་ནས་བཤད་པར་བྱའོ། །དེ་གང་ཞེ་ན་སྐུའི་དཀྱིལ་འཁོར་མཆོག་སྟེ་དངོས་གྲུབ་སྒྲུབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་མཆོག་གོ། ཐུགས་ཀྱི་དཀྱིལ་འཁོར་རབ་འདྲ་བ ་ཞེས་བྱ་བ་ནི། འདི་ཡང་ལེའུ་དང་པོ་ལས་གསུངས་པའི་ཡེ་ཤེས་ཀྱི་སྤྲུལ་པའི་དཀྱིལ་འཁོར་དང་འདྲ་བ་སྟེ། དེ་དང་ཡོན་ཏན་དང་རྣམ་པར་སྨིན་པ་དང། དབྱིབས་ལ་སོགས་པ་མཚུངས་པའི་ཕྱིར་རོ། །ལྷ་ཐམས་ཅད་ཀྱི་ཐུན་མོང་དུ་གྱུར་པ་ཉིད་ཀྱི་སྒོ ་ནས་མཆོག་ཉིད་ཡིན་པའི་ཕྱིར། དཀྱིལ་འཁོར་རྣམས་ནི་ཀུན་གྱི་མཆོག་གོ་། ཁྲུ་ནི་བཅུ་དྲུག་ཚད་དུ་ཞེས་བྱ་བ་ནི། ལོགས་རེ་རེ་ཞིང་དམ་ལོགས་བཞི་ཆར་ལའོ། །གྲུ་བཞི་ལྷམ་པ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་བཤད་ཟིན་ཏོ། །སངས ་རྒྱས་ཀུན་གྱི་ཞེས་བྱ་བ་ནི་འདི་ཉིད་མི་བསྐྱོད་པ་ལ་སོགས་པ་དཀྱིལ་འཁོར་པའི་ལྷ་ཐམས་ཅད་ཀྱི་ཡང་ཐུན་མོང་པའོ། །གང་གི་དབུས་ན་སྐུ་རྡོ་རྗེའི་རབ་ཏུ་གནས་པ་དེ་ནི་སྐུ་རྡོ་རྗེ་རབ་ཏུ་གནས་པའི་དཀྱིལ་འཁོར་རོ། །འཁོར་ལོ་ཞེས་བྱ་བ་ ་ནི་དེའི་ནང་དུ་ཕྱི་རོལ་གྱི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་དང་ལྡན་པ་འཁོར་ལོའི་ཀ་བ་བརྒྱད་ཀྱིས་བརྒྱན་པ། འཁོར་ལོའི་ཕྲེང་བས་ཀུན་ནས་བསྐོར་བའི་ནང་གི་དཀྱིལ་འཁོར་ཟླུམ་པོ་རྡོ་རྗེའི་ཆོ་གས་བྲི་བར་བྱ། ཞེས ་བྱ་བ་ནི་ལེའུ་བཞི་པ་ལས་ཐུགས་རྡོ་རྗེའི་དམ་ཚིག་གི་དཀྱིལ་འཁོར་བྲི་བའི་ཆོ་ག་གསུངས་པ་དེས་སོ། །འོན་ཀྱང་འདིར་ནི་སྐུ་རྡོ་རྗེའི་རྣལ་འབྱོར་གྱི་དེ་ཁོ་ན་བཞིན་དུ་སྔོན་དུ་བྱ་བ་ཐམས་ཅད་རྫོགས་པར་བྱས་ཏེ། འཕགས་པ་བདུད་རྩིས་འཁྱིལ ་བའི་རྣལ་འབྱོར་དང་ལྡན་པའི་སློབ་མ་དང་ལྷན་ཅིག་ཐིག་གདབ་པ་ལ་སོགས་པའི་ཆོ་གས་བྲི་བར་བྱའོ། །སྒྲུབ་པའི་དཀྱིལ་འཁོར་ནི་ཇི་སྐད་བཤད་པའི་ཚུལ་བཞིན་དུ་རྣམ་པར་སྣང་མཛད་དང་སངས་རྒྱས་ཕབ་པའི་སྣོད་དུ་རུང་བ་ཉིད་གཉིས་འདྲིར ་གཞུག་གོ་།ཕྱག་རྒྱ་རྡོ་རྗེའི་གནས་སུ་བྱ། ཞེས་བྱ་བ་ནི་སྐུ་རྡོ་རྗེ་ལ་སོགས་པ་ཕྱག་རྒྱ་ཆེན་པོ་རྣམ་པར་དགོད་པ་སྟེ། དེ་ཉིད་ནི་སྔགས་རྣམས་ཀྱི་གསང་བའི་མཆོག་གོ། དེ་ཉིད་ནི་དབུས་སུ་རྣམ་པར་སྣང་མཛད་གནས་ཞེས་བྱ་བ་ལ་སོགས་པས ་གསུངས་སོ། །མཆོད་པ་སྔགས་ཤེས་པ་ཡིས་བྱ། །ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། ལེའུ་བཞི་པ་ལས་བཤད་པའི་ཚུལ་ཇི་ལྟ་བ་བཞིན་དུ་སྐུ་རྡོ་རྗེ་སྒྲུབ་པའི་དཀྱིལ་འཁོར་རམ། དམ་ཚིག་གི་དཀྱིལ་འཁོར ་ཀུན་ཏུ་བྲིས་ལ། དེ་ཁོ་ན་བཞིན་དུ་ནམ་མཁའ་ན་བཞུགས་པ་རྣམས་དང་ལྷན་ཅིག་གཅིག་ཏུ་བྱ་ཞིང། སྐུ་རིས་སུ་བྱས་པ་ལ་སོགས་པ་སྒྲུབ་ཐབས་ལས་བཤད་པའི་ཕྱག་རྒྱ་ཆེན་པོའི་ཚོགས་སམ། དམ་ཚིག་གི་དཀྱིལ་འཁོར་ལས ་བཤད་པའི་ཕྱག་མཚན་གྱི་ཕྱག་རྒྱའི་ཚོགས་གནས་ཇི་ལྟ་མ་རྣམས་རྣམ་པར་བཀོད་དེ། དེའི་དབུས་ཀྱི་གདན་ལ་འདུག་ཅིང། རྡོ་རྗེ་ཆེན་པོའི་ང་རྒྱལ་དང་ལྡན་པས་སྐུ་ལ་སོགས་པ་བྱིན་གྱིས་བརླབས་པའི་ཆོ་གའི་རྗེས་ཐོགས་ལ། ་ཇི་སྐད་བཤད་པའི་བཅོ་བླག་མཁན་གྱི་བུ་མོ་དེ་ཁོ་ན་བཞིན་དུ། ཀུན་ཏུ་བཟང་མོར་རྣམ་པར་བསྒོམས་པ་རིགས་ལྔས་བྱིན་གྱིས་བརླབ་པ་བྱས་ལ། དེ་དང་ལྷན་ཅིག་ཤིན་ཏུ་རྣལ་འབྱོར་ལ་ཐུག་པའི་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་རྫོགས་པར་བྱས་ཏེ། ་དེའི་མཚོ་སྐྱེས་ལ་གནས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བ་ལས། ཛི་ན་ཛིག་ཅེས་བྱ་བའི་སྙིང་པོ་ལས་བྱུང་བའི་ས་བོན་གསུམ་གྱིས་བྱིན་གྱིས་བརླབས་པའི་སྐུ་རྡོ་རྗེ་ཕྱུང་ལ། དེ་གཏི་མུག་ཏི་སྤྱོད་པ་ཅན་གྱི་སེམས་ཅན་རྣམས་འདུལ་བར་བྱེད ་དུ་བཅུག་ལ། དེ་བཀུག་སྟེ་རང་གི་ལུས་ལ་བཅུག་ནས་བདག་ཉིད་འཕགས་མ་སྤྱན་དང་ཡང་དག་པར་ལྡན་པའི་སྐུ་རྡོ་རྗེར་རྣམ་པར་བསམ་ལ། རང་རང་གི་ཕྱག་མཚན་ལས་བྱུང་བའི་ལྷའི་རྣལ་འབྱོར་འཁོར་ལོ་བསམ་པར་བྱའོ། །དེ་ནས ་སྔ་མ་བཞིན་དུ་བརྫར་དྷྲིཀ་ཅེས་བྱ་བ་ལ་སོགས་པའི་སྙིང་པོ་རྣམས་ཀྱིས་ལྷའི་ཚོགས?་ཕྱུང་སྟེ་གནས་ཇི་ལྟ་བ་རྣམས་སུ་བཅུག་ལ། དེ་བཞིན་དུ་ཡེ་ཤེས་ཀྱི་འཁོར་ལོ་བཅུག་སྟེ། རྣལ་འབྱོར་ཆེན་པོ་ལ་བཀོད་ནས་ཤིན་ཏུ་རྣལ་འབྱོར་ལ་གནས ་པ་ལ་དབང་བསྐུར་སྟེ། བླ་ན་མེད་པ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ། བདུད་རྩི་ལྔས་དཀྱིལ་འཁོར་པ་རྣམས་མཆོད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།འདི་ནི་ཞེས་བྱ་བ་ལ་སོགས་པ་ནི་ཤེས་པར་ཟད་དོ། །ཇི ་ལྟར་འདོད་བཞིན་བྱ་བ་སྤྱད། །ཅི་དགའ་བར་ནི་བསྒྲུབ་པ་ནི། །ཞེས་རྒྱུད་གཞན་ལས་རབ་ཏུ་གྲགས་པ་གསལ་བའི་ཕྱིར། །བཤད་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ངེས་པར་འབུལ་ཞེས་བྱ་བ་ནི་བདག་ཉིད་དང་དཀྱིལ ་འཁོར་པ་རྣམས་ལ་འབུལ་དབུལ་བའོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་བཟའ་བ་འདི་ནི་སྨན་མཆོད་དང། མཉམ་པ་ཉིད་འཐོབ་པར་བྱེད་པ་དང། རྡོ་རྗེའི་སྐུ་སྒྲུབ་པར་བྱེད་པ་དང། ཐམས་ཅད་དུ་སྒོམས་པར་བྱ་བ་ཉིད་ཡིན་ཏེ། འདི་ཉིད་ལས ་ཀྱང། བཤད་གཅི་ཟས་སུ་ཟ་བ་སྟེ། དེ་དག་བསྒྲུབ་པའི་སྣོད་དུ་འགྱུར། ཞེས་གསུངས་པའི་ཕྱིར་རོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྐུའི་རྡོ་རྗེའི་ཞེས་བྱ་བ་ནི། སྐུའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིའོ། ། ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ནི་རྣམ་པར་སྣང་མཛད་དེ། དེའི་དཀྱིལ་འཁོར་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་དཀྱིལ་འཁོར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། གསུངས་རྡོ་རྗེ་ཐམས་ཅད་ནི་པདྨའི་རིགས ་ཀྱི་དཀྱིལ་འཁོར་རོ། །དེའི་དམ་ཚིག་ནི་རྒྱུ་སྟེ་འོད་དཔག་ཏུ་མེད་པའོ། །དེའི་སྤྲིན་ནི་ངེས་སྤྲོས་པའི་ལྷའི་འཁོར་ལོ་སྟེ། སྤྲིན་བཞིན་དུ་ཆོས་ཀྱི་ཆར་རྣམས་ཀྱི་འགྲོ་བ་མ་ལུས་པའི?་དོན་བསྒྲུབ་པ་དང། དཀྱིལ་འཁོར་ལ་ཁྱབ་པར་བྱེད་པ་ཡིན ་པའི་ཕྱིར་རོ། །དེ་ཉིད་བཀོད་པ་སྟེ་གནས་ལ་སོགས་པ་ཇི་ལྟ་བ་བཞིན་དུ་བཀོད་པའི་རང་བཞིན་ཡིན་ཞིང་ཏིང་ངེ་འཛིན་གང་ལ་མིང་དེ་སྐད་ཅེས་བྱ་བ་ཉིད་ཡོད་པ་དེ་ལ་སྙོམས་པར་ཞུགས་ནས་སོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པ་སྟེ། གསུམ ་འདུས་པ་ལས་གསུང་གི་དཀྱིལ་འཁོར་ཕྱུང་ངོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་འདས་མ་ཐག་པ་བཞིན་ནོ། །གསུང་གི་དཀྱིལ་འཁོར་ནི་འོད་དཔག་ཏུ་མེད་པའི་དཀྱིལ་འཁོར་རོ། །གཞན་ནི་བཤད་ཟིན་ཏོ། །ལྷ་ཐམས་ཅད་ཀྱི་དབང་དུ་བྱས ་པའི་སྒོ་ནས་ཐུན་མོང་ཡིན་པའི་ཕྱིར། དཀྱིལ་འཁོར་རྣམས་ནི་ཀུན་གྱི་མཆོག་གོ། ཁྲུ་ནི་ཉི་ཤུའི་ཆེད་དུ་བྱ། ཞེས་བྱ་བ་ནི་ལོགས་རེ་རེ་ཞིབ་ཁྲུ་ཉི་ཤུ་འམ་ལྔ་ཡོད་པར་རོ། །གྲུ་བཞི་ལྷམ་པ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། ་རྡོ་རྗེ་སྒོམ་པ་ཐིག་གདབ་གོ་།ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པ་དང་གོས་དཀར་མོ་ཕབ་པ་དང་ལྡན་པའི་སྣོད་དུ་རུང་བ་གཉིས་ཀྱིས་བཟུང་བའི་ཇི་སྐད་བཤད་པའི་སྲད་བུས་ཐིག་འདེབས་སུ་བཅུག་སྟེ་འདྲིར་གཞུག་པའོ། །ཉིད་ཀྱི་སྐུའི་དཀྱིལ ་འཁོར་གནས་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རོ། །རྡོ་རྗེ་སྐུའི་ཡོན་ཏན་སྐྱེད་ཅེས་བྱ་བ་ནི་རྣམ་པར་སྣང་མཛད་དང། སངས་རྒྱས་?་པ་དང་ལྡན་པའི་སྣོད་དུ་རུང་བ་གཉིས་ཀྱིས་དྲིས་པ་ནི་དེའི་གོ་འཕང་འཐོབ་པར་བྱེད་པ་ཡིན་པའོ། །རྒྱལ་པོ ་ཆེན་པོ་རྡོ་རྗེ་ཆོས་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་འོད་དཔག་ཏུ་མེད་པའོ། །དེ་ཉིད་རིག་པ་གོས་དཀར་མོའི་བདག་པོ་ཡིན་པས་ན་རིག་པའི་བདག་པོའོ། །དེ?་དབབ་པར་བྱ་ཞེས་བྱ་བ་ནི་དཀར་མོའི་ཞེས་བྱ་བ་དང་ལྡན་པའི་དཀྱིལ་འཁོར་བྲི་བའི་ཕྱིར ་ཇི་སྐད་དེ་བཤད་པའི་སྣོད་དུ་རུང་བ་གཉིས་པའོ། །དེ་དབུས་འཁོར་ལོ་ཆེན་པོ་ནི། །ཞེས་བྱ་བ་ནི་འདས་མ་ཐག་པ་ལྟ་བུའི་ནང་གི་དཀྱིལ་འཁོར་ཏེ། འོད་ཀྱང་པདྨའི་ཀ་བ་བརྒྱད་ཀྱིས་བརྒྱན་ཅིང་པདྨའི་ཕྲེང་བས་ཀུན་ནས་བསྐོར་བའོ། །ཕྱག་རྒྱ་ཐམས ་ཅད་ཅེས་བྱ་བ་ནི་སྒྲུབ་ཐབས་ལས་བཤད་པའི་མཚན་ཉིད་ཅན་དཀྱིལ་འཁོར་པའི་ལྷ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོའོ། །ཆོ་ག་བཞིན་དུ་བྲི་བར་བྱ། ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེའི་དབུས་སུ་བཞག་པར་བྱ། །ཞེས་བྱ་བ་ནི་བསྒྲུབ་པའི ་དཀྱིལ་འཁོར་གྱི་དབུས་ན་གནས་པའི་སའི་ཆ་ལ་སྣ་ཚོགས་པདྨའི་སྟེང་དུ་པདྨ་དམར་པོ་ལ་བཞུགས་པའི་འོད་དཔག་ཏུ་མེད་པའི་ཕྱག་རྒྱ་ཆེན་པོ་དང། དེ་ཁོ་ན་བཞིན་དུ་དམ་ཚིག་གི་དཀྱིལ་འཁོར་རྣམས་ལ་ནི་ཕྱག་མཚན་གྱི་ཕྱག་རྒྱ་ཇི་ལྟ་བ ་བཞིན་གནས་རྣམས་སུ་དགོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཅེས་བྱ་བ་ནི་སངས་རྒྱས་སྦྱན་བཞིན་དུ་གོས་དཀར་མོར་རྣམ་པར་བསྒོམས་པའི་གར་མཁན་གྱི་བུ་མོའི་གཟུགས་ལོ་ཉི་ཤུ་ལོན་པའོ། །རྡོ་རྗེའི་གནས་ཞེས་བྱ་བ་ལ ་སོགས་པ་ནི་རྣམ་པར་བཤད་ཟིན་ཏོ། །ཡོངས་སུ་གསལ་བར་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་གསལ་བར་རོ། །ཆོ་ག་བཞིན་ཞེས་བྱ་བ་ལ་སོགས་པ་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། ཐུགས་རྡོ་རྗེའི་བསྒྲུབ་པ་དང་དམ་ཚིག་གི་དཀྱིལ ་འཁོར་དག་ལས་གང་ཡང་རུང་བའི་ཆོ་ག་བཞིན་དུ་གསུང་གི་དཀྱིལ་འཁོར་མངོན་པར་བྲིས་ལ་དེ་ཁོ་ན་བཞིན་དུ་ལྷ་རྣམ་པར་དགོད་པ་མངོན་དུ་འགྲོ་བ་ཅན་གྱི་དེའི་དབུས་ཀྱི་གདན་ལ་གནས་པ་རྡོ་རྗེ་འཆང་ཆེན་པོའི་རྣལ ་འབྱོར་དང་ལྡན་པས་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པའི་ཆོ་གའི་རྗེས་ཐོགས་ལ། ཇི་སྐད་བཤད་པའི་གར་མཁན་གྱི་བུ་མོ་དེ་ཁོ་ན་བཞིན་དུ་ཀུན་ཏུ་བཟང་མོང?་བྱིན་གྱིས་བརླབ་ནས། དེ་དང་ལྷན་ཅིག་ཤིན་ཏུ་རྣལ་འབྱོར་གྱི་ཏིང་ངེ ་འཛིན་ལ་ཐུག་པའི་དང་པོའི་སྦྱོར་པའི་ཏིང་ངེ་འཛིན་རྫོགས་པར་བྱས་ཏེ། དེའི་པདྨ་ན་གནས་པའི་བྱང་ཆུབ་སེམས་ཀྱི་ཟླ་བའི་དཀྱིལ་འཁོར་ལས། ཨཱ་རོ་ལིཀ་ཅེས་བྱ་བའི་སྙིང་པོ་ལས་བྱུང་བ་རྡོ་རྗེ་གསུམ་གྱིས་བྱིན་གྱིས་བརླབ ་པའི་གསུང་རྡོ་རྗེའི་ཀུན་ཏུ་ཕྱུང་ལ། དེ་འདོད་ཆགས་ཀྱི་སྤྱོད་པ་ཅན་གྱི་སེམས་ཅན་རྣམས་འདུལ་དུ་བཅུག་སྟེ། དེ་ཀུན་ནས་རང་གི་ལུས་ལ་བཅུག་སྟེ། བདག་ཉིད་གོས་དཀར་མོ་དང་ལྡན་པའི་གསུང་རྡོ་རྗེར་རྣམ་པར་བསམས ་ལ། དཀྱིལ་འཁོར་གྱི་།འཁོར་ལོ་ཀུན་ཏུ་བསྒྲུབས་ཏེ། ཛི་ན་ཛིཀ་ཅེས་བྱ་བ་ལ་སོགས་པའི་སྙིང་པོ་རྣམས་ཀྱིས་ལྷའི་འཁོར་ལོ་ཕྱུང་ལ་གནས་ཇི་ལྟ་བ་བཞིན་དུ་གནས་པ་རྣམས་ལ་བཅུག་སྟེ། དེ་ཁོ་ན་བཞིན་དུ་ཡེ་ཤེས ་ཀྱི་འཁོར་ལོ་རྗེས་སུ་བཅུག་ལ། རྣལ་འབྱོར་ཆེན་པོ་ལ་གནས་པར་བྱས་ནས། ཤིན་ཏུ་རྣལ་འབྱོར་ལ་གནས་པ་ལ་དབང་བསྐུར་ཏེ། བླ་ན་མེད་པ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་ཀུན་ཏུ་མཆོད་ལ་ཇི་སྐད་བཤད་པའི་བདུད་རྩི་ལྔས ་དཀྱིལ་འཁོར་པ་མཆོད་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་དཀྱིལ་འཁོར་ཅེས་བྱ་བ་ནི་སྔ་མ་བཞིན་ནོ། །ལྷ་ཐམས་ཅད་ཀྱི་ཐུན་མོང་གི་བསྒྲུབ་པ་དང། དམ་ཚིག་གི་དཀྱིལ་འཁོར་དག ་གི་ངེས་པ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་།ཀུན་ཏུ་སྤྲིན་རྡོ་རྗེ་ནི་སྐུ་རྡོ་རྗེ་ལ་སོགས་པ་རྣམས་སོ། །དེ་རྣམས་ཀྱི་ཚོགས་ནི་དཀྱིལ་འཁོར་དུ་ཡང་དག་པར་དགོད་པ་ལ་སོགས་པའི་བྱ་བའི་རང་བཞིན་ཏེ། ཏིང་ངེ་འཛིན་གང་ལ་མིང ་དེ་སྐད་ཅེས་བྱ་བ་ཉིད་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གཞན་ནི་རྣམ་པར་བཤད་ཟིན་ཏོ། །རྡོ་རྗེ་འཛིན་མཆོག་གང་ཡིན་པའི། ཞེས་བྱ་བ་ནི་སྐུ་རྡོ་རྗེ་ལ་སོགས་པ་གང་ཡང་རུང་བའོ། །གཟུགས་ནི་དབུས་སུ་ལེགས་བྲིས་པ་ཞེས་བྱ ་བ་ནི། ཐུགས་དང་སྐུ་དང་གསུང་གི་དཀྱིལ་འཁོར་ཇི་སྐད་བཤད་པའི་ཚད་ལ་སོགས་པའི་མཚན་ཉིད་ཅན་རྣམས་ལས་གང་ཡང་རུང་བའི་དབུས་བདག་པོའི་གནས་སུ། གཟུགས་ཀུན་ཏུ་བྲིས་པའི་དཀྱིལ་འཁོར་དེ་ནི་དེ་དང་འབྲེལ་པར ་འགྱུར་རོ། །དེ་ལ་གང་གི་ཚེ་ཐུགས་ཀྱི་དཀྱིལ་འཁོར་ལ་སྐུ་རྡོ་རྗེ་འགོད་པ་དེའི་ཚེ། དབུགས་ཀྱི་སའི་ཆ་དཀར་པོ་དང། སྐུ་རྡོ་རྗེའི་གནས་སུ་སའི་ཆ་སྔོན་པོ་ལ་མི་བསྐྱོད་པ་དགོད་པར་བྱའོ། །དེ་བཞིན་དུ་དབུས་ཀྱི་སའི་ཆ་སེར་པོ་དང། ་དམར་པོ་དང། ལྗང་གུ་ལ་གོ་རིམ་བཞིན་དུ། དཀོན་མཆོག་དཔལ་དང། འོད་དཔག་ཏུ་མེད་པ་དང། དོན་ཡོད་པར་གྲུབ་པ་རྣམས་བཀོད་དེ། དེ་དང་དེའི་གནས་སུ་དེ་ཁོ་ན་བཞིན་དུ་མི་བསྐྱོད་པར་དགོད་པར་བྱའོ། །མཱ་མ་ཀཱི་ལ་སོགས ་པ་དཀྱིལ་འཁོར་པའི་ལྷ་དགོད་པའི་དུས་སུ་ནི། དབུས་ཀྱི་སའི་ཆ་སྔོན་པོ་དང་རང་གི་གནས་སུ་དེ་དང་མཚུངས་པ་ཉིད་ཀྱི་གཟུགས་གཉིས་པ་དགོད་པར་བྱའོ། །འཕགས་པ་འཇམ་དཔལ་ལ་སོགས་པ་ཕྱི་རོལ་གྱི་དཀྱིལ་འཁོར་པ་རྣམས་སམ། ་རྒྱུད་གཞན་དང་གཞན་ལས་གསུངས་པའི་ལྷ་རྣམས་ནི་དབུས་སུ་འདས་མ་ཐག་པ་བཞིན་དུ་དགོད་པར་བྱའོ། །མི་བསྐྱོད་པ་ནི་མཱ་མ་ཀཱིའི་བདག་པོ་ཡིན་པའི་ཕྱིར་རང་ལ་འདུས་སོ། །དེ་བཞིན་དུ་སྐུའི་དཀྱིལ་འཁོར་ལ་ཐུགས་རྡོ་རྗེ་ལ་སོགས་པ ་དེ་བཞིན་གཤེགས་པ་རྣམས་ལ་འགོད་པའི་དུས་སུ་ནི་དབུས་ཀྱི་སའི་ཆ་ཁ་དོག་ནི། སྔོན་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་ཡིན་ཞིང་ཐུགས་རྡོ་རྗེ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་གནས་སུ་ནི་སའི་? ་པོ་ལ་བཞུགས་པའི་རྣམ་པར་སྣང་མཛད་དགོད་པར་བྱའོ། །དེ་བཞིན་དུ་སྤྱན་ལ་སོགས་པ་འགོད་པ་ན་དབུས་ཀྱི་སའི་ཆ་དཀར་པོ་དང་སྐུ་རྡོ་རྗེ་འདུ་པར་ཤེས་པར་བྱའོ། །དེ་བཞིན་དུ་གསུང་གི་དཀྱིལ་འཁོར་ལ་ཡང་འདས་མ་ཐག་པ་བཞིན་དུ ་རང་དང་རྗེས་སུ་མཐུན་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་གནས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ལ་སོགས་པ་ཐམས་ཅད་ཀྱི་ཇི་སྐད་བཤད་པའི་དཀྱིལ་འཁོར་གསུམ་བསྒྲུབ་པའོ། །གཞན་ནི ་བཤད་ཟིན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དཀྱིལ་འཁོར་ཐམས་ཅད་ཀྱི་འཁོར་ལོ་ནི་རྣམ་པར་སྣང་མཛད་ལ་སོགས་པ་དང་འབྲེལ་པ་རྣམས་ཏེ། ཏིང་ངེ་འཛིན་གང་ལ་དེ་རྣམས་འབྱུང་བ་རྡོ་རྗེ་སྟེ་སྐྱེ་བ་མི་ཕྱེད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ ་ཞིང་དེ་ལ་སྙོམས་པར་ཞུགས་ནས་སོ། །འདི་ཞེས་བྱ་བའི་མཚན་ཉིད་ནི་བཤད་ཟིན་ཏོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། ཐུགས་རྡོ་རྗེ་ལ་སོགས་པ་རྣམས་ཀྱི་དཀྱིལ་འཁོར་ནི། རྡོ་རྗེའི་དཀྱིལ་འཁོར་ཏེ། དེ་ཐིག་གདབ་པའི་ཕྱིར ་སྣོད་དུ་རུང་བ་གཉིས་བསྐྱེད་པའི་ས་བོན་ཤེས་པ་དང་སྐྱོབ་བའི་རང་བཞིན་ཅན་འདོད་པའི་འབྲས་བུ་ཐོབ་པར་བྱེད་པ་རྣམས་ཉིད་ནི་སྔགས་ཀྱི་སྙིང་པོའི་ཐིག་གི་ཡི་གེ་རྣམས་སོ། །དེ་ལ་ཐུགས་རྡོ་རྗེ་བསྒྲུབ་པའི་དཀྱིལ་འཁོར་བྲི་བའི་ཕྱིར་རོལ་བཅུ ་གཉིས་ལོན་པའི་ཁྱེའུ་དང་བུ་མོ་དང་ཡི་གེ་ཧཱུཾ་གིས་མི་བསྐྱོད་པ་དང་མཱ་མ་ཀཱིར་བསྐྱེད་པར་བྱའོ། །དེ་བཞིན་དུ་ཡི་གེ་ཨོཾ་གྱི་རྣམ་པར་སྣང་མཛད་དང་སྤྱན་དང། དེ་བཞིན་དུ་ཡི་གེ་ཨ(རྒྱུད་འགྲེལ་བསྐྱེད་ལ། དེ་དག་དཀྱིལ་འཁོར་དེ་ཇི་སྐད་བཤད་པའི་སྲད་བུས་ཐིག་འདེབས་སུ་བཅུག་ལ། འདྲིར་བཞུག་སྟེ། རང་ཉིད་ཀྱིས་མ་ཡིན་ནོ། །ཞེས་བྱ་བ་དེ་ཉིད་བསྟན་པའི་ཕྱིར། སྔགས་ཀྱི་སེམས་དཔས་མི་བྱ་སྟེ། ཞེས་བྱ་བ་གསུངས་ཏེ། གང་ལ་སྔགས ་ཀྱིས་བྱིན་གྱིས་བརླབས་པའི་སེམས་དཔའ་སྟེ། སེམས་ཡོད་པ་དེ་ནི་སྔགས་ཀྱི་སེམས་དཔའ་སྟེ། ཕྲ་མོའི་རྣལ་འབྱོར་ལ་སོགས་པ་བསྒོམ་པ་ལ་སོགས་པའི་སྒོ་ནས་མཐུ་ཐོབ་པ་དེས་སོ། །རང་གི་བྱས་ན་ཉེས་པ་ཅི་ཡོད་ཅེ་ན། །དེའི་ཕྱིར་བྱས་ན་བྱང་ཆུབ་རྙེད་པར་དཀའ་ཞེས་བྱ་བ་གསུངས་སོ ་སྒྲུབ་པའི་དཀྱིལ་འཁོར་ལ་རང་ཉིད་ཀྱིས་ཐིག་གདབ་པ་ལ་སོགས་པ་བཀག་པ་ཡིན་གྱི། དམ་ཚིག་གི་དཀྱིལ་འཁོར་ལ་ནི་མ་ཡིན་ཏེ། ཐིག་གདབ་པའི་ཆོ་ག་འདི། །བདག་ཉིད་གང་ཚེ་སྤྱོད་པ་ན། །ཞེས་འཆད་པར་འགྱུར་བ་ཉིད་ཡིན་པའི་ཕྱིར་རོ། ། ་དེ་བས་ཞེས་བྱ་བ་ནི་གང་གི་ཕྱིར་དེ་ལྟ་ཡིན་པ་དེ་བས་ནའོ། །དམ་ཚིག་ཚུལ་ཤེས་པས་སྟེ་སྒྲུབ་པ་པོས་སོ། །སྔགས་ཀྱི་ལྷ་རྣམས་ཕབ་ནས་སུ། །ཞེས་བྱ་བ་ནི། བཤད་མ་ཐག་པའི་ཡི་གེ་ཧཱུཾ་ལ་སོགས་པས་བསྐྱེད་པ་རང་གི་རིག་མ་དང་ལྡན་པའི ་མི་བསྐྱོད་པ་ལ་སོགས་པའི་རང་བཞིན་ཅན་གཉིས་པོ་རྣམས་སྔ་མ་བཞིན་དུ་ཡེ་ཤེས་ཀྱི་ལྷ་གཉིས་དབབ་པར་བྱའོ། །བྱིན་གྱིས་བརླབས་ཀྱི་གནས་བསྒོམ་ལ། །ཞེས་བྱ་བ་ལ་སོགས་པ་ནི་ཕུང་པོ་ལ་སོགས་པ་བྱིན་གྱིས་བརླབ་པ་སྐུ་ལ་སོགས ་པ་བྱིན་གྱིས་བརླབ་པ་ལ་ཐུག་པ་བྱས་ལ། རིག་མ་ཡང་སྔ་མ་བཞིན་དུ་མངོན་པར་འདུས་བྱས་སོ། །དཀྱིལ་འཁོར་རྣམས་ནི་རྣམ་པར་བརྟག་ཞེས་བྱ་བ་ནི། ཐུགས་རྡོ་རྗེ་ལ་སོགས་པའི་སྒྲུབ་པའི་དཀྱིལ་འཁོར་རྣམས་བརྟག་པའོ། །དབབ ་པར་བྱ་བའི་ལྷ་ཉིད་ཀྱི། །རྒྱལ་ཆེན་རྣམ་པར་སྣང་མཛད་དང། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །སྐུའི་དཀྱིལ་འཁོར་ཏེ་རྟེན་པའི་འཁོར་ལོའི་གནས་དང་རྟེན་ནི་སྐུའི་དཀྱིལ་འཁོར་གནས་སོ། །རྣམ་པར་སྣང་མཛད་ཀྱི་གོ་འཕང་ཐོབ་པར་ ་བྱེད་པ་ཉིད་ཡིན་པའི་ཕྱིར། རྡོ་རྗེ་སྐུའི་ཡོན་ཏན་འཐོབ་བོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྔགས་ཀྱི་སེམས་དཔའ་ཞེས་བྱ་བ་ནི། སྔགས་ཀྱི་མཐུ་འཐོབ་པས་སོ། །རྡོ་རྗེ་གསང་བ་ནི་ལྷས་བྲིས་པའི་དཀྱིལ ་འཁོར་རོ། །དེ་ཉིད་ཤིན་ཏུ་ངོ་མཚར་བར་གྱུར་པ་ཉིད་ཡིན་པའི་ཕྱིར་རྨད་པོ་ཆེའོ། །ཁྲོ་བོའི་རྒྱལ་པོས་ཞེས་བྱ་བ་ནི་དཔལ་གནོད་མཛེས་རྒྱལ་པོས་སོ། །འདི་སྐད་ཐུགས་རྡོ་རྗེ་ལ་སོགས་པ་གང་ཡང་རུང་བའི་དཀྱིལ་འཁོར་རོ། །དེའི་རྣལ ་འབྱོར་དང་ལྡན་པ་ནས་ཇི་ལྟ་བ་བཞིན་གནས་རྣམས་སུ་ལྷའི་འཁོར་ལོ་རྣམ་པར་བཀོད་པའི་རྗེས་ཐོགས་ལ་སྔ་མ་བཞིན་དུ་གནོད་མཛེས་རྒྱལ་པོ་ཕྱུང་སྟེ། དེས་ཡེ་ཤེས་སེམས་དཔའ་བཀུག་ལ། དམ་ཚིག་གི་ལྷ་རྣམས་ཀྱི་ཐུགས་ཀར ་བཅུག་སྟེ། རྣལ་འབྱོར་ཆེན་པོ་དང་ཤིན་ཏུ་རྣལ་འབྱོར་ལ་གནས་པའི་ལྷའི་འཁོར་ལོ་ལ་བླ་ན་མེད་པ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་མཆོད་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །དམ་ཚིག་མཆོད་པ་དུས་གསུམ་པ་ཞེས་བྱ་བ་ནི་དཀྱིལ ་འཁོར་དུ་རང་གི་རིག་མ་དང་ཡང་དག་པར་སྦྱོར་བའི་མཆོད་པ་དུས་གསུམ་དུ་བྱ་བའོ། །གང་གི་ཞེ་ན། རྡོ་རྗེ་དྲི་མེད་གསུམ་དག་གི། ཞེས་བྱ་བ་གསུངས་ཏེ། དཀྱིལ་འཁོར་གྱི་བདག་པོའི་རྣལ་འབྱོར་པ་བདག་ཉིད་ཀྱིའོ། །རྡོ་རྗེ་གསུམ་གྱི ་སྦྱོར་བས་ཞེས་བྱ་བས་ནི། སྐུ་དང་གསུང་དང་ཐུགས་དང་མི་ཕྱེད་པར་དམིགས་པས་སོ། །སྔགས་ཀྱི་དངོས་གྲུབ་ཐོབ་པར་བྱེད་ཅེས་བྱ་བ་ནི། དེ་ལྟ་བུའི་འཇུག་པས་ལྷའི་དངོས་གྲུབ་ཐོབ་པར་འགྱུར་རོ། ཞེས་གསུངས་སོ། །སྔགས ་རྣམས་ཐམས་ཅད་ཉིད་ལ་ཞེས་བྱ་བ་ལ་སོགས་པ་ལ། སྔགས་རྣམས་ཞེས་བྱ་བ་ནི་ལྷ་རྣམས་སོ། །གཏོར་མ་དབུལ་ཞེས་བྱ་བ་ནི་ལྷ་བཤོས་སོ། །བཤད་གཅི་ནི་ཤེས་པར་ཟད་དོ། །ཤ་ཞེས་བྱ་བ་ནི་ཤ་ཆེན་ནོ། །འབྲུ་མར ་ནི་དར?་ཞག་གོ་།སེམས་ལས་བྱུང་བ་ནི་ཡང་དག་པར་སྦྱོར་བ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་སོ། །ཁྱད་པར་དུ་བདེ་བ་ཆེན་པོའི་རྒྱུ་མཐུན་པ་ཉིད་ཡིན་པའི་ཕྱིར། ཁུ་བ་ཆེ་བའི་བདག་ཉིད་ནི་ཁུ་བ་དག་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་སྔ་མ ་བཞིན་དུ་མངོན་པར་འདུས་བྱས་ལ་དབུལ་བར་བྱའོ། །ཕུལ་དུ་བྱུང་བ་མ་ཐོབ་པས་ཀྱང་ཚོགས་མངོན་པར་སྤེལ་བའི་ཕྱིར་དང། སེམས་ཅན་རྣམས་ཀྱི་དོན་བྱ་བའི་ཕྱིར་རང་ཉིད་ཀྱི་ཐིག་བཏབ་སྟེ་དཀྱིལ་འཁོར་བྲི་བར་བྱ་བ་ཡིན་པས་དེའི་ཕྱིར་ཐིག ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་སྣང་མཛད་བསྒོམས་ནས་སུ་ཞེས་བྱ་བ་ལ་སྐུའི་དཀྱིལ་འཁོར་ཐིག་གདབ་པའི་ཕྱིར་བདག་ཉིད་རྡོ་རྗེ་སེམས་དཔར་རབ་ཏུ་བསྒོམ་པར་བྱ་ཞིང། སྲད་བུ་འཛིན་པའི་སློབ་མ་ནི་ཐུགས་རྡོ་རྗེ་ལམ ་བདུད་རྩི་འཁྱིལ་པ་ཡེ་ཤེས་ཆེན་པོས་འབར་བར་བསམ་པར་བྱའོ། །དེ་བཞིན་དུ་ཐུགས་ཀྱི་དཀྱིལ་འཁོར་ཐིག་གདབ་པའི་ཕྱིར་བདག་ཉིད་དུ་ཐུགས་རྡོ་རྗེར་བསམ་ཞིང། སློབ་མ་ནི་རྣམ་པར་སྣང་མཛད་དམ་འོད་དཔག་ཏུ་མེད་པར ་བསམ་པར་བྱའོ། །དེ་བཞིན་དུ་གསུང་གི་དཀྱིལ་འཁོར་ཐིག་གདབ་པའི་ཕྱིར་བདག་ཉིད་འོད་དཔག་ཏུ་མེད་པ་དང་སློབ་མ་ནི་རྣམ་པར་སྣང་མཛད་དམ་མི་བསྐྱོད་པར་རོ། །འཕགས་པ་བདུད་རྩི་འཁྱིལ་པ་ཞེས་བྱ་བ་ནི་ཐམས་ཅད་དུ་ཐུན ་མོང་དུ?་ཁོ་ན་ཡིན་ནོ། །ལས་ཀྱི་གོ་འཕང་ཞེས་བྱ་བ་ནི་སྲད་བུ་མངོན་པར་འདུས་བྱ་བ་ལ་སོགས་པའི་རང་བཞིན་ནོ། །རྡོ་རྗེའི་ཐིག་སྐུར་དག་ལ་དགོང་ཅེས་བྱ་བ་ལ། ཐུགས་ཀྱི་དཀྱིལ་འཁོར་ཐིག་གདབ་པ་ནི་བཤད་ཟིན་ཏོ། །སྐུའི ་དཀྱིལ་འཁོར་ཐིག་གདོབ་པའི་ཕྱིར་ལག་པ་གཡོན་པའི་སོར་མོ་ཐ་མ་ནས་བརྩམས་ཏེ་ཐེ་བོའི་བར་ལ་གོ་རིམས་བཞིན་དུ་གནས་པའི་སྔོན་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་ལ་སོགས་པ་རྣམས་ལ། ཧཱུཾ་སྭཱ(རྒྱུད་འགྲེལ་རྣམས་ཀྱིས་མི་བསྐྱོད་པ་དང་དཀོན་མཆོག་དཔལ་པར་འོད་དཔག་ཏུ་མེད་པ་དང་དོན་ཡོད་པར་གྲུབ་པ་དང་རྣམ་པར་སྣང་མཛད་རྣམས་བཀོད་ལ། ཡེ་ཤེས་ཀྱི་སྲད་བུ་བཀུག་སྟེ། ཨ་ནྱོ་ན+་ཨ་ཊུ་ག་ཏ། སརྦ་དྷ་ཨཱ་ཞེས ་བྱ་བ་ལ་སོགས་པ་བརྗོད་ཅིང་བསྒྲིལ་ལ། གསེར་ལ་སོགས་པའི་སྣོད་དུ་བཞག་པ་ལ་ཇི་ལྟ་བ་བཞིན་དུ་མངོན་པར་བཟླས་པར་བྱའོ། །དེ་བཞིན་དུ་གསུང་གི་དཀྱིལ་འཁོར་ལ་ཡང་དཀར་པོ་དང་སེར་པོ་དང་སྔོན་པོ་དང་ལྗང་གུ ་དང་དམར་པོ་གོ་རིམ་བཞིན་དུ་གནས་པ་རྣམས་ལ། ཨོཾ་སྭཱ་ཧཱུཾ་ཧཱ་ཨཱ(རྒྱུད་འགྲེལ་བྱའོ། །དེ་བཞིན་དཀོན་མཆོག་དཔལ་ལ་སོགས་པའི་དཀྱིལ་འཁོར་ཐམས་ཅད་ཀྱི་ཐིག་ལ་ཡང་ཇི་ལྟར་མཐུན་པ་བཞིན་དུ་ཐམས་ཅད་བྱའོ། །འདི་ནི་ཞེས་བྱ་བ་ནི་གོ་སླའོ། །རྣམ་པ་ཉི་ཤུ་རྩ་ལྔར་ནི། །ཞེས་བྱ་བ་མས་རྩི་ཡང ་སྔ་མ་བཞིན་དུ་མངོན་པར་འདུས་བྱས་ཏེ། དེ་བཞིན་གཤེགས་པ་ལྔའི་དཀྱིལ་འཁོར་རྣམས་ལ་གོ་རིམ་ཇི་ལྟ་བ་བཞིན་དུ་ལྔ་ལྔར་རབ་ཏུ་རྣམ་པར་ཕྱེ་ལ་དགྱེ་བར་བྱ་བ་ཡིན་པས་ན། རྣམ་པ་ཉི་ཤུ་རྩ་ལྔར་ཚོན་རྩི་དགྱེ་བའོ། །གཞན ་དག་ན་རེ་སྔོན་པོ་ལ་སོགས་པ་ཚོན་རྩི་རྣམས་ལ་ལྷ་མོ་བཞི་དང་ལྡན་པའི་དེ་བཞིན་གཤེགས་པ་ལྔ་བཅུག་པའི་ཕྱིར་རོ་ཞེས་ཟེར་རོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ནི་ཤེས་པར་ཟད་དོ། །སྔགས་རྣམས་ཐམས་ཅད་ཉིད་ལའང།། ་ཞེས་བྱ་བ་ནི་ཐུགས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་ལའོ། །རྡོ་རྗེ་ཧཱུཾ་ནི་བསྒོམ་པར་བྱ་ཞེས་བྱ་བ་ནི་དངོས་གྲུབ་མེད་ན་མགོ་དང་ལྐོག་མ་དང་སྙིང་ག་དང་རྐེད་པ་དང་གསང་བ་དང་རྐང་པའི་བར་རྣམས་སུ་ཉི་མའི་དཀྱིལ་འཁོར་ལ་གནས ་པའི་རྡོ་རྗེའི་ལྟེ་བར་ཆུད་པའི་ཡི་གེ་ཧཱུཾ་འོད་ཟེར་མཛའ་ཡས་པས་ཁྱབ་པ་བསམ་པའོ། །སྐུ་དང་གསུང་གི་དམ་ཚིག་མཆོག། ཅེས་བྱ་བ་ལ། དམ་ཚིག་ཅེས་བྱ་བའི་སྒྲ་ནི་གཉིས་ཀ་ལ་ཡང་སྦྱར་བར་བྱ་སྟེ། སྐུའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི། ་འདའ་བར་མི་བྱ་བའི་དམ་ཚིག་ནི་ཡི་གེ་ཨོཾ་མོ། །དེ་བཞིན་དུ་གསུང་གི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ནི་ཡི་གེ་ཨ་ཁོ་ན་ཡིན་པར་རིག་པར་བྱའོ། །གནས་ལྔ་དག་ཏུ་ཞེས་བྱ་བ་ནི། མགོ་དང་ལྐོག་མ་ལ་སོགས་པ་རྣམས་སུ། །གོ་རིམ་བཞིན་ཟླ ་བའི་དཀྱིལ་འཁོར་ལ་གནས་པའི་འཁོར་ལོའི་ལྟེ་བ་ན་འདུག་པའི་ཡི་གེ་ཨོཾ་འོད་ཟེར་གྱི་འཕྲེང་བ་ཅན་དང། པདྨ་འདབ་མ་སྣ་ཚོགས་པའི་སྟེང་དུ་པདྨ་ལ་གནས་པའི་ཡི་གེ་ཨ་འོད་ཟེར་འབར་བ་བསྒོམ་པའོ། །དེ་ལྟར་བྱས་ན་རྡོ་རྗེ་མི་ཕྱེད ་གསུམ་སྟེ་དཔལ་རྡོ་རྗེ་སེམས་དཔའ་དེ་ལས་བྱུང་བ་དེའི་དཀྱིལ་འཁོར་གྱི་ལྷ་རྣམས་ནི་རྡོ་རྗེ་མི་ཕྱེད་གསུམ་ལས་བསྐྱེད་པ་སྟེ། དཔལ་རྡོ་རྗེ་འཆད་གི་གསུངས་པའི་དམ་ཚིག་ལས་འདས་པའི་འཇིགས་པས་བྱིན་གྱིས་རློབ་པ་སྟེ། དཀྱིལ ་འཁོར་ལ་བྱིན་གྱིས་རློབ་པར་མཛད་དོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་བུམ་པ་གཞག་པ་ནི་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་ལས་ཐམས་ཅད་པ་དང། རྣམ་པར་རྒྱལ་བའི་བུམ་པ་ལ་སོགས་པ་རྣམས་སོ། །སྔགས་ནི་དཀྱིལ ་འཁོར་བའི་ལྷ་རྣམས་སོ་སོའི་བཟླས་པ་བྱ་བའི་རང་བཞིན་རྣམས་སོ། །རྒྱུད་བདག་པོ་ནི་དཀྱིལ་འཁོར་སོ་སོའི་བདག་པོ་རྣམས་ཏེ། རང་དང་རྗེས་སུ་མཐུན་པའི་སྐུ་མདོག་ཅན་དེ་རྣམས་ལས་རང་གི་བདག་པོའི་གཟུགས་སུ་རྣམ་པར་བསྒོམས ་ཤིང་བཟླས་པ་བྱས་པ་ལེགས་པར་བྲིས་པ་རང་རང་གི་ཕྱག་མཚན་གྱིས་མཚན་པ་བདུད་རྩི་ལྔ་དང་བཅས་པའི་དྲི་དཀར་པོའི་ཆུ་དང་འབྲུ་ལ་སོཌ་པས་རབ་ཏུ་བཀང་བ་གོས་ལ་སོཌ་པས་བརྒྱན་པ་རྣམས་དཀྱིལ་འཁོར་གྱི་བདག་པོའི་བདག་ཉིད་ཅན་གྱི་དཔལ་རྡོ་རྗེ ་སེམས་དཔའ་ཨི་རྣལ་འབྱོར་དང་ལྡན་པས་སྔར་བཤད་པའི་གནས་སུ་གཞག་པར་བྱའོ། །དམ་ཚིག་གི་དཀྱིལ་འཁོར་གྱི་དོན་དུ་འམ། རང་དང་གཞན་ཞི་བར་བྱ་བ་ལ་སོགས་པའི་དོན་དུ་སྦྱིན་སྲེག་བྱ་དགོས་པས། དེའི ་ཕྱིར་དངོས་གྲུབ་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་གྲུབ་ཀུན་གྱི་འབྲས་བུ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་རྣམས་སོ། །སྔགས་ཤེས་པས་ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་སྦྱིན་སྲེག་གི་ཆོ་ག་ཡོངས་སུ་ཤེས་པས་སོ། །གཞན ་ནི་ཤེས་པར་ཟད་དོ། །རྡོ་རྗེ་མི་ཕྱེད་གསུམ་དག་ལ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་ལྷ་རྣམས་ལའོ། །དབུས་སུ་རང་གི་ལྷའི་གཟུགས་ཞེས་བྱ་བ། འཁོར་ལོའི་བདག་པོ་གང་ཡང་རུང་བར་བདག་ཉིད་དང་ཐབ་ཁུང་གི་དབུས་སུ་བསམས ་ནས་སོ། །ཞལ་དུ་གདབ་པར་བྱ་ཞེས་བྱ་བ་ནི་རང་གི་ས་བོན་གྱིས་བྱིན་གྱིས་བརླབས་པའོ། །དབང་པོ་གཉིས་ཀྱི་དམ་མཆོག་གིས་ཞེས་བྱ་བ་ནི། དཀྱིལ་འཁོར་པ་རྣམས་དང་བཅས་པར་བདག་ཉིད་དང་ཐབ་ཁུང་ན་བཞུགས ་པའི་རང་གི་བདག་པོ་སྙོམས་པར་ཞུགས་པར་ངེས་པ་བསམས་ནས་སོ། །སྦྱིན་སྲེག་བརྒྱ་རྩ་བརྒྱད་དུ་བྱ། ཞེས་བྱ་བ་འདི་ནི་ཉེ་བར་མཚོན་པ་ཡིན་ཏེ། སྦྱིན་སྲེག་སྟོང་དམ་དཔག་ཏུ་མེད་པ་བྱའོ། །འདི་ནི་ཞེས་བྱ་བ་ལ་སོགས ་པ་ནི་ཤེས་པར་ཟད་དོ། འདིའི་དོན་ནི་འདི་ཡིན་ཏེ། ཞི་བ་ལ་ས་ཕྱོགས་དཀར་པོ་རྒྱར་ཁྲུ་གང་ཙམ་ཟབས་སུ་སོར་བཅུ་གཉིས་ཡོད་པའི་ཐབ་ཁུང་ཟླུམ་པོ་དང། དེའི་དབུས་སུ་པདྨ་སོར་བཅུ་དྲུག་པའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་སོར ་བརྒྱད་མགོ་གྱེན་དུ་ལྟས་པ་དང་ལྡན་པ། ཐབ་ཁུང་གི་སྟེང་དུ་སོར་བཞི་དོར་ཏེ་ཞེང་དང་འཕང་དུ་སོར་བཞི་ཡོད་པའི་ཁ་ཁྱེར་གྱིས་ཀུན་ནས་བསྐོར་བ་དང། མཚམས་རྣམས་སུ་རྡོ་རྗེ་རྩེ་གསུམ་པས་མཚན་པ་དང། །ཐབ་ཁུང་དང། ་དེའི་ཉེ་འཁོར་བའི་ལྕི་བས་ཉེ་བར་བྱུགས་ཏེ། ཡང་དེ་གཉིས་བདུད་རྩི་ལྔ་དང་བཅས་པའི་དྲིས་ཉེ་བར་བྱུགས་ལ་དུས་གསུམ་དུ་མེ་ཏོག་དཀར་པོ་དྲི་ཞིམ་པ་ཀུན་ཏུ་དགྲམ་པར་བྱའོ། །དགང་གཟར་ནི་གསེར་རམ་ཟངས་ལས་བྱས་པའམ?་གནམ་མའམ་མཆོད་སྦྱིན་ཤིང ་ལས་བྱས་པའི་པདྨའི་འདབ་མའི་དབྱིབས་ཅན། དེའི་ཡུ་བ་ནི་སྐྱེས་བུ་ཚད་དང་ལྡན་པའི་ཐེ་བོའི་སོར་ཉི་ཤུ་རྩ་བཞི་ཡོད་པ་ཁུ་ཚུར་གྱིས་གཟུང་དུ་དུང་བ་།དེའི་རྩེ་མོར་མགོ་བོ་གྲུ་བཞི་སོར་བཞི་པ། ཟབས་སུ་སོར་གཉིས་བརྐོས་པ། རྡོ་རྗེ་རྩེ ་ལྔ་པ་སོར་གཉིས་པས་མཚན་པ། ཁུ་བཅུད་འཛག་པའི་བུ་ག་སོར་གཅིག་ཙམ་དང་ལྡན་པ་དེའི་རྩེ་མོར་པདྨའི་འདབ་མའི་རྣམ་པ་ཅན་གྱི་རྡོ་རྗེ་རྩེ་གསུམ་བ་སོར་བརྒྱད་པའམ་སོར་བཞི་པ། ཡུ་བའི་བཞབས་རྡོ་རྗེ་དང་རིན་པོ་ཆེ་སོར་དྲུག ་པ་དང་ལྡན་པའོ། །བླུགས་གཟར་ནི་ཁྲུ་གང་ཙམ་ལ་མགོ་བོ་རྒྱར་སོར་གཉིས་ཡོད་པ་པདྨའི་འདབ་མའི་དབྱིབས་ཅན་ཞབས་སུ་པདྨའི་འདབ་མའི་དབྱིབས་སུ་སོར་གཉིས་བརྐོས་པ་དབུས་ན་རྡོ་རྗེ་རྩེ་ལྔ་པ་སོར་གཅིག་ཙམ་པ་ཡོད་པ། ཡུ ་བའི་ཞབས་ན་རྡོ་རྗེ་དང་རིན་པོ་ཆེ་དང་ལྡན་པའོ། །སོར་མོ་ལྔ་བཅེར་པས་ཀྱང་དགང་གཟར་བྱ་ཞིང། སོར་མོ་གསུམ་བཅེར་བས་ནི་བླུག་གཟར་བྱའོ། །བདུད་རྩི་ལྔ་དང་ཏིལ་མར་ཆེན་པོ་དང་བའི་མར་དང། སྦྲང་རྩི་དང། སླེ་ཏྲེས་དང། ་ཡམ་ཤིང་དང། ཏིལ་དང། འབྲས་སཱ་ལུའི་ཆེན་དང། ནས་དང་འོ་མ་དང། ཞོ་དང་འབྲས་ཡོས་དང། ཀུ་ཤ་སྔོན་པོ་དང། དུར་བ་དང། ཨ་མྲའི་ལོ་མ་དང། ཙན་དན་དང། པྲི་ཡང་ཀུའི་མེ་ཏོག་དང། མེ་ཏོག་དཀར་པོ་དང།། ་བེ་སར་དང། ཐང་ཆུ་དྲི་ཞིམ་པོ་རྣམས་ཇི་ལྟར་རྙེད་པ་སྦྱིན་སྲེག་བྱའོ། །དེ་ལ་ཡམ་ཤིང་པ་ལ་ཤ་དང། ཨུ་དུམ་ཝ་ར་དང། ཨ་མྲ་དང། ཀ་ཏཾ་པ་དང། ཀས་མརྫཡ?་དང། ཨ་ཤྭད་ཐ་དང། བླག་ཤ་དང། ཤ་མི་དང། ནྱ་གྲོ་དྷཝ་ལྭ ་སོགས་པ་ཤིང་འོ་མ་ཅན་ལས་བྱུང་བ། འདབ་མ་དང་བཅས་པ། རླན་དང་བཅས་པ། མཉམ་པོར་བཅད་པ་རྩེ་མོའི་ཆ་ལས་བྱུང་བ། མཐོ་གང་ཙམ་མར་དང་བཅས་པའི་དྲི་དཀར་པོའི་ཚུལ་སྤངས་ལ། དེ་དང་བཅས་པའི ་སྦྲང་རྩི་དཀར་པོ་དང། འོ་མ་ལ་རྩེ་མོ་གཉིས་བཅུག་པ། རྩེ་མོ་ལོ་མ་གཉིས་དང་བཅས་པ། རྩེ་གཅིག་པས་བསྲེག་པར་བྱའོ། །རྙིངས་པ་དང། འདབ་མ་མེད་པ་དང། རུལ་པ་དང། ཁོང་སྟོང་དག། ཆོག་པ་དང། ཤུན་དྲགས་མེད ་པ་དང། ཐུང་དུ་དང། ཡིན་པོ་དང། རྩེ་མོ་གཉིས་སུ་གས་བ་དང། ཕྲ་བ་དང། སྦོམ་པོ་དང། རིང་པོ་དང། འབུས་ཟོས་པ་དང། སྲོག་ཆགས་དང་བཅས་པ་ནི་དོར་བར་བྱའོ། །ཤིང་དེ་རྣམས་ཉིད་ཀྱི་བུས་ཤིང་ཐབ་ཁུང་ལས་ཅུང་ཟད་ཐུང ་པ་འམ། དགོན་པའི་བ་གླང་གི་ལྕི་བའོ། །དེ་ནས་སྒྲུབ་པ་པོ་ཁྲུས་བྱས་པ་ལུས་དྲི་ཞིམ་པོས་བསྒོས་པ། བྱམས་པའི་སྙིང་རྗེ་དང་ལྡན་པ། གོས་དཀར་པོ་གྱོན་པ་དཀྱིལ་འཁོར་གྱི་བདག་པོ་སྐུ་མདོག་དཀར་པོའི་རྣལ་འབྱོར་གྱི་བསྲུང ་བའི་ཚིག་དང་བཟླས་པ་བྱས་པས། སྟན་དཀར་པོ་འཇམ་པོ་ལ་པདྨའི་འདུག་སྟངས་ཀྱིས་ཉེ་བར་འདུག་སྟེ། སྲོང་ལ་ཁ་ཤར་དུ་ལྟས་པས་བྱམས་པའི་བློས་བསྒྲུབ་བྱ་ལ་དམིགས་ལ། ཡར་ངོའི་ཚེས་གཅིག་ནས་བརྩམས་ཏེ་ཞི་བའི་ཡིད ་ཀྱིས་ཞི་བ་བྱའོ། །གསེར་རམ་དངུལ་ལམ་རྡོ་འམ་ཟངས་སམ། ཤིང་དམ་ས་ལས་བྱས་པ་འམ། དུང་ཕོར་རམ་ཉ་ཕྱིས་སམ། ལོ་མ་སྦྱར་བ་ལས་བྱས་པའི་མཆོད་ཡོན་གྱི་སྣོད་དུ། ནས་དང་འོ་མ་དང་མེ་ཏོག་དཀར་པོ་དང། ཏིལ་དང ་ཀུ་ཤ་དང། འབྲས་ཡོས་དང་བཅས་ཤིང། བདུད་རྩི་དང་བཅས་པའི་དྲི་དཀར་པོའི་ཆུ་ཇི་འབྱོར་པ་བླུགས་ཏེ། རང་གི་ལྷའི་སྔགས་སྭཱ་ཧཱའི་མཛའ་ཅན་བཟླས་པར་བྱའོ། །དཀར་ཞིང་ཞི་བར་རྣམ་པར་བསྒོམས་པའི་འཕགས་པ་བདུད་རྩི ་ཞེས་བྱ་བ་དང། བདག་པོའི་རིགས་ཀྱི་རིག་སྔགས་དང་ཡོངས་སུ་བཟླས་པའི་ལས་ཐམས་ཅད་པའི་ཆུ་སྣོད་དང། མཆོད་ཡོན་གྱི་སྣོད་རང་གི་གཡོན་ཕྱོགས་སུ་བཞག་ལ། ཡམ་ཤིང་དང་བུད་ཤིང་ལ་སོགས་པ་གཡས་ཕྱོགས་སུ་བཞག་སྟོ། ་ལག་པ་གཡས་པ་ན་གནས་པའི་ཀུ་ཤའི་རྩེ་མོས་བླངས་པའི་ལས་ཐམས་ཅད་པའི་ཆུས་བསང་གཏོར་བྱའོ། །བདུད་རྩི་འཁྱིལ་པའི་སྔགས་ནི། བྷྲུཾ་ཨོཾ་ཨཱ(རྒྱུད་འགྲེལ་དཀྱིལ་འཁོར་དང་རིན་པོ་ཆེའི་དཀྱིལ་འཁོར་དང་རིན་པོ་ཆེའི་དཀྱིལ་འཁོར་གྱི་རིག་སྔགས་ནི། བྲུཾ་ཨོཾ་ཨཱ:ཧཱུཾ་དྭེ་ཥཝ་ར་ཏི་སྭཱཧཱ་ཞེས་བྱ་བ་འམ། ཨོཾ་ཤཾ་ཀ་རེ་ཤཱནྟི་ཀ་རེ། གྷུཊ་ཊ་གྷུཊ་ཊ། གྷུཊ་ཊི་ནི། གྷཱ་ཏ་ཡ་གྷཱ་ཏ་ཡ། གྷུ་ཊི་ནི ་སྭཱཧཱ། ཞེས་བྱ་བའོ། །སྐུ་ལ་སོགས་པའི་དཀྱིལ་འཁོར་གྱི་རིག་སྔགས་ནི། ཡི་གེ་བྲུཾ་དང་ལྡན་པའི་ཡི་གེ་ལྔ་དང་རྣམ་པར་སྤེལ་བའི་སྤྱན་ལ་སོགས་པའི་སྙིང་པོ་རྣམས་སམ། །ོཾ་རུ་རུ་ཕུ་རུ་ཞེས་བྱ་བ་ལ་སོགས་པའོ། །ཤིང ་འོ་མ་ཅན་གྱི་གཙུབས་ཤིང་གི་ཕྱུང་བའི་མེ་བླང་བར་བྱའོ། །དེ་ནས་འཕགས་པ་བདུད་རྩི་འཁྱིལ་པའི་སྔགས་ལན་བདུན་བཟླས་པས་མེ་རྣམ་པར་སྦྱངས་ཏེ། དེ་བཟླས་པའི་ཆུ་ཀུ་ཤའི་རྩེ་མོས་བླངས་པས་གཡས་ཕྱོགས་སུ་བསྐོར་ཞིང་ལན ་གསུམ་བསད་གཏོར་བྱས་པའི་ཐབ་ཁུང་དུ་རྩཝ་ཤིན་ཏུ་སྐམ་པོ་དང་བཅས་པར་བཅུག་ལ། ཨོཾ་ཛཝ་ལ?་ཧཱུཾ་ཞེས་བྱ་བ་བཟློས་ཤིང་རླུང་ཡབ་ཀྱི་རླུང་གིས་རབ་ཏུ་སཕར་བར་བྱ་ཞིང། རིགས་ཀྱི་སྙིང་པོ་ལན་བདུན་བཟླS?་པS་ཀྱང་རབ་ཏུ་སྤངས་པར་བྱའོ། །ོཾ་བཛྲ་སཏྭ ་ཨཱ(རྒྱུད་འགྲེལ་བཞག་ལ། ཐབ་ཁུང་ཀུ་ཤ་རྩེ་མོ་ཤར་དུ་ལྟས་པ་རྣམས་ཀྱིས་གཡོགས་བར་བྱའོ། །དེ་ནས་རང་གི་ལྷའི་ལྕེ་བྱིན་གྱིས་རློབ་པའི་ཡི་གེ་ཧཱུཾ་ལ་སོགས་པའི་སྙིང་པོས་ཐབ་ཁུང་བསྐྱེད་ལ། དེའི་དབུས་སུ་ཡི་གེ་ར་དང་བཅས ་པའི་གྲུ་གསུམ་གྱི་སྟེང་དུ་ཨོཾ་ལས་བྱུང་བའི་པདྨ་ལ་གནས་པའི་ཡི་གེ་རཾ་ལས་བྱུང་བའི་རྡོ་རྗེ་མེ་སྐུ་མདོག་དཀར་པོ། །གདན་དང་གོས་དང་རྒྱན་དཀར་པོ་དང་ལྡན་པ། འབར་བའི་ཕྲེང་བ་ཅན། གསུས་ཁྱིམ་ཆེ་པ། ཞི་བའི་སེམས་དང ་ལྡན་པ། གཡས་པ་དག་གིས་རྡོ་རྗེ་རྩེ་གསུམ་དང་ཕྲེང་བ་འཛིན་པ་གཡོན་པ་དག་གིས་དབྱུག་པ་དང་གུཎྜེ་འཛིན་པ་བསམས་ཏེ། ཁྲོ་བོ་དཔལ་གནོད་མཛེས་རྒྱལ་པོའི་ང་རྒྱལ་དང་ལྡན་པས། ཨོཾ་ཊ་ཀི་ཧཱུཾ་ཛ(རྒྱུད་འགྲེལ་པོ་སེམས་ཉིད་ཀྱི་སྒོ་ནས་བཀུག་ལ། དེའི་སྙིང་གར་བཅུག་སྟེ། འཕགས་པ་བདུད་རྩི་ཞེས་བྱ་བས་བགེགས་བསྐྲད་པ་དང། བསྲུང་བ་དང། དཀྱིལ་འཁོར་བཅིང་པ་ལ་སོགས་པ་བྱའོ། །དེ་ནས་མེའི་རང་གི་སྔགས་ཀྱིས་མཆོད་ཡོན་གྱི ་ཆུ་ལན་གསུམ་མདུན་དུ་བྲུགས་ཏེ། ལག་པ་གཡས་པ་ཁོ་ན་མེ་ཏོག་བླངས་ལ་སྒེག་པ་དང་བཅས་པས་དབུལ་ཞིང་ཞབས་དག་ལ་ཞབས་བསིལ་དབུལ་བར་བྱ་སྟེ། ཨོཾ་ཕྲ་བ་ར་ས་ཏ་ཀཱ་ར་ཏཱིཙྪ་སྭཱཧཱ། ཞེས་བྱ་བ་ནི་ཞབས་བསིལ་གྱི ་སྔགས་སོ། །དེ་ནས་མེ་དམ་ཚིག་གི་ཕྱག་རྒྱའི་གཟུགས་སུ་གྱུར་པའི་རང་བཞིན་གྱིས་འོད་གསལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང་སྙོམས་པར་ཞུགས་པར་ལྷག་པར་མོས་པར་བྱས་ལ། ཨོཾ་བཛྲ་ཨ་ན་ལ་མཧཱ་བྷྲུ་ཏ་ཛཱ་ལ་ཡ།། ་སརྦ་བྷཱསྨ?་ཀུ་རུ། སརྦ་དུཥྚཾ་ཧཱུཾ་ཕཊ། ཏྲཾ་ཤྱ་ཛ(རྒྱུད་འགྲེལ་བསམས་ལ། ཨོཾ་ཛཝ་ལ་ཧཱུཾ་ཕཊ་ཅེས་བྱ་བ་རྣམ་པར་བཀོད་དེ། ཇི་ལྟ་བ་བཞིན་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབས་པར་བྱའོ། །དེ་ནས་ཡི་གེ་སྭཱཧཱ་དག་གིས་བསྐྱེད་པའི་རིན་པོ་ཆེ་ཅོད་པན་དཀར་པོས་དབང་བསྐུར་ཏེ་རྡོ་རྗེ་སོར་བ་ཞིང། རྡོ་རྗེ ་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱི་བྱིན་གྱིས་བརླབས། །དམ་ཚིག་ལས་ནི་རྣམ་འདས་ན། །རིགས་རྣམས་མྱུར་དུ་ཐལ་བར་བྱེད། །ོཾ་ཧ་ན་ས་མ་ཡ་ཧཱུཾ་ཕཊ་ཅེས་བརྗོད་ཅིང་དམ་ཚིག་ལ་གཞག་པར་བྱའོ། །ོཾ་བཛྲ་བནདྷ་ཧཾ་བདག་གི་མངོན་པར ་འདོད་པའི་བྱ་བ་འདི་ཉིད་མཛོད་ཅིག་ཅེས་བྱ་བས་རང་གི་བསྒོ་བ་ལ་སྦྱར་བར་བྱའོ། །དེ་ནས་མཆོད་ཡོན་ཕུལ་ལ་དྲི་དཀར་པོ་ལ་སོགས་པའི་མཆོད་ཡོན་ཕུལ་ལ། དྲི་དཀར་པོ་ལ་སོགས་པའི་མཆོད་པ་རྣམས་མཱ་མ་ཀཱི་ལ་སོགས་པ ་སྤྲུལ་པའི་སྤྲོས་པའི་མཆོད་པ་རྣམས་ཀྱི་ཡང་དག་པར་མཆོད་དེ་ལས་ཐམས་ཅད་པའི་ཆུས་ལན་གསུམ་བསད་གཏོར་བྱས་ལ། ལག་པ་གཡས་པའི་མཛུབ་མོ་དང་མཐེ་བོ་དག་གིས་ཐམས་ཅད་པ་བཟླས་པའི་ཆུ་བླངས་ཏེ། མེའི ་སྔགས་ཀྱིས་ལག་པར་འཐོར་མཐུང་ལན་གསུམ་ཕུལ་ལ། དེའི་ལྕེ་དང་དགང་གཟར་དང་བླུགས་གཟར་ཁ་ལ་རང་གི་ལྷའི་ས་བོན་རྣམ་པར་བཀོད་དེ། པུས་མོ་གཉིས་ཀྱི་བར་དུ་ལག་པ་བཞག་ནས། །དང་པོར་བླུགས་གཟར ་གྱིས་མར་གྱི་བསྲེག་བླུགས་གསུམ་ཞལ་ཅུང་ཟད་གདངས་པར། ཨོཾ་ཨགན་ཡེ་ཧ་བྱ་ཀ་བྱ་བཱ་ཧ་ནཱ་ཡཱ་དཱི་བྱཱི་དཱི་པྱ། དཱི་པ་ཡ་ཆེ་གེ་ཤཱནྟི་ཀུ་རུ་སྭཱ་ཧཱ། ཞེས་བྱ་བའི་མེའི་སྔགས་ཀྱི་དབུལ་བར་བྱའོ། །དེ་ནས་བགེགས་མེད་པ་དང ་བགེགས་དང་བཅས་པ་མེ་འབར་བ་ལ་སོགས་པའི་མཆན་མ་རྣམས་ཀྱི་སྒོ་ནས་བརྟག་པར་བྱ་སྟེ། མཇའ་ཚན་འདྲ་ཞིང་མདོག་སྡུག་པ། བྱུ་རུ་བཅག་པ་ལྟ་བུ་དང། །གཡས་སུ་འཁྱིལ་ཞིང་ཤིན་ཏུ་སྣུམ། །ལྷམ་བུ་ཆུ་གཤེར ་མཚུངས་པའི་འོད། །བཻཌཱུརྱ་དང་ལེ་བརྒན་མཚུངས། །མར་གྱི་སྲེག་བླུགས་བླུགས་གཟར་དབྱིབས། །རྩེ་གསུམ་རྡོ་རྗེ་པདྨ་དུང། །ཉ་དང་དཔལ་བེ་རྔ་ཡབ་དང། །གདུགས་དང་རྒྱལ་མཚན་སོགས་བུམ་པ། ། ་བཀྲ་ཤིས་གཟུགས་སུ་ཡང་དག་བྱུང། །གླིང་བུ་རྫ་རྔ་ལྟ་བུར་ཟབ། །ཤིན་ཏུ་དྲི་ཞིམ་ཡིད་འོང་བ། །གངས་དང་རྡུལ་མཚུངས་དུ་བ་མེད། །ཉི་མ་གསལ་འདྲ་དྲི་མ་མེད། །ཞིལ་ཁ་དོག་དཀར་པོར་སྣང། །རྒྱལ་ལ་སེར་པོར་སྣང་བ་སྟེ།། ་རྗེས་སུ་ཆགས་ལ་དམར་པོ་ཤིས། །སྔོན་པོ་ནག་པོ་མངོན་སྤྱོད་ལ། །གཞན་ཡང་རྩེ་གཅིག་ཤེས་པ་སྟེ། །རྩེ་མོ་གཉིས་པ་འབྲིང་ཡིན་ནོ། །རྩེ་གསུམ་ཐ་མར་སྒྲུབ་པ་པོས། །མདོར་ན་ཤེས་པར་བྱ་བ་ཡིན། །དུ་བ་མེད ་ཞིང་མེ་སྟག་འཕྲོ་བ་དང། །དལ་བ་དལ་བར་རིམ་གྱི་འབར་བ་དང། །མེ་ལྕེ་རྣམ་པར་འཆད་ཅིང་གཟི་བརྗིད་མེད། །སྲིན་པོ་ལྟར་གནག་པ་ལ་ཤའི་མདོག་།མདུང་གི་རྩེ་མོ་ཉིད་མཚུངས་དང། །དེ་བཞིན་བ་ལང་མགོ་དང ་མཚུངས། །རོ་ཡི་དྲི་དང་དྲི་ད་དང། །ཡང་ན་ཁ་དོག་མི་སྡུག་ལྡན། །སྦྲུལ་གྱི་གདེངས་ཀའི་གཟུགས་ཅན་དང། །དེ་བཞིན་མེ་ལྕེ་གཡོ་བའོ། །དེ་ལྟར་བགེགས་དང་བཅས་པ་མཐོང་ན་སྔ་མ་བཞིན་དུ་བསང་གཏོར་བྱས་ཏེ། ་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་ཡང་དག་པར་སྦྱངས་ལ་ཀུན་ཏུ་བསྲུངས་ཏེ། དེ་ཉིད་བཟླས་པའི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། །ཡང་རང་གི་སྔགས་བསང་གཏོར་བྱས་ལ། དགང་གཟར་དང་མར་གྱི་དགང་བླུགས་གསུམ ་འམ་བདུན་ནམ་གཅིག་མེའི་རང་གི་སྔགས་ཀྱིས་ཕུལ་ཏེ། ཡམ་ཤིང་ལ་སོགས་པའི་སྲེག་བླུགས་གསུམ་འམ་གཅིག་དབུལ་བར་བྱའོ། །འདིར་རིམ་པ་ནི། འབར་བའི་མེ་ལ་ཡམ་ཤིང་སྟེ། དེ་ནས་མར་དང་དེ་འོག་ཏིལ།། ་དེ་ནས་འབྲས་ཆན་ལ་སོགས་པ། །ཆོ་ག་འདི་ནི་མདོར་བསྡུས་པའོ། །དེ་ལ་ཞུ་བའི་རྫས་ཐམས་ཅད་ནི་ཞལ་དུའོ། །ཡམ་ཤིང་དང་མིའི་རུས་པའི་ཕྱེ་མ་ནི་འོད་ཀྱི་དཀྱིལ་འཁོར་དུའོ། །ཞོ་དང་འབྲས་ཆེན་དང་ཏིལ་ལ་སོགས་པ་ནི་ཕྱག་དུའོ། །དྲི་ནི་ཐུགས ་ཀར་རོ། །མེ་ཏོག་ནི་དབུ་ལའོ། །བདུག་སྤོས་ནི་འོད་འཕྲོ་བ་ལའོ། །ཞབས་བསིལ་ནི་ཞབས་དག་ལའོ། །མར་མེ་དང་མཆོད་ཡོན་ནི་མདུན་དུའོ། །དེ་ནས་འཐོར་འཐུང་དང་བསང་གཏོར་བྱས་ལ། མེ་ཐབ་ཀུན་ཏུ་འདར་བ་རྣམ་པར་རམ། རང་གི་གཟུགས་སུ ་མེའི་ཕྱོགས་སུ་བཞག་པར་བྱའོ། །དེ་ནི་མེ་ལྷའི་བྱ་བའོ། །དེ་ནས་ཡང་རིགས་ཀྱི་བདག་པོའི་རིགས་སྔགས་ཀྱིས་སྦྱིན་སྲེག་གི་ཡོ་བྱད་སྔ་མ་བཞིན་དུ་བསང་གཏོར་བྱས་ལ། མེའི་དབུས་སུ་རིག་མ་དང་སྙོམས་པར་ཞུགས་པའི་དཀྱིལ་འཁོར་གྱི་བདག་པོ་དཀར་པོ ་ཞི་བ་པདྨ་དང་ཟླ་བའི་གདན་དང་གོས་དང་རྒྱན་དང་འོད་དཀར་པོ་དང་ལྡན་པ། སྭཱཧཱའི་མཛའ་ཅན་གྱི་སྙིང་པོ་ལས་བྱུང་བ། རང་གི་འཁོར་ལོ་དང་གཅིག་ཏུ་གྱུར་པའི་གཟུགས་ཅན་རྣམ་པར་བསམས་ཏེ། སྒྲུབ་ཐབས་ལས་བཤད་པའི་ཆོ་ག་བཞིན་དུ ་ཡེ་ཤེས་སེམས་དཔའ་བཀུག་ལ། ཐུགས་ཀ་ན་གནས་པའི་པདྨའི་སྟེང་གི་ཟླ་ལ་ལ་བཀོད་དེ། གཟུགས་ཀྱི་ཕུང་པོ་ལ་སོགས་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བ་ཅན་གྱི་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབས་ལ། ཤིན་ཏུ་རྣལ་འབྱོར་ལ ་གནས་པ། རང་གི་དབང་བསྐུར་བ་རྣམས་ཀྱི་བསྐུར་ཏེ། བླ་ན་མེད་པ་ལ་སོགས་པའི་མཆོད་པ་རྣམས་དང། ཕྱི་རོལ་གྱི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ། མཆོད་ཡོན་དང་འཐོར་འཐུང་དང། གསང་གཏོར་བྱས་ཏེ། ལྗགས ་དང་དགང་གཟར་དང་བླུགས་གཟུར་གྱི་ཁ་ལ་དང་གི་ས་བོན་རྣམ་པར་བཀོད་ལ། རང་གི་སྔགས་ཀྱི་བསྐུར་ཏེ་ཐ་མར་ཆེ་གེ་མོ་ཤིནྟ་ཀུ་རུ་སྭཱཧཱ། ཞེས་བྱ་བ་ཟློས་ཤིང་སྔ་མ་བཞིན་དུ་དགངས་བླུགས་ཕུལ་ཏེ། རྫས་ཐམས་ཅད་ལས་རེ་རེ ་བཞིན་སྲེག་བླུགས་གསུམ་འམ་བདུན་ནམ་གཅིག་ཕུལ་ལ། བདུད་རྩི་ལྔ་དང་བཅས་པའི་མར་གྱི་སྲེག་བླུགས་བརྒྱ་འམ་སྟོང་དམ་དཔག་ཏུ་མེད་པ་སྦྱིན་སྲེག་བྱའོ། །ཇི་ལྟར་ཇི་ཙམ་རྙེད་པ་སྦྱིན་སྲེག་བྱས་ལ་རིགས ་ཀྱི་སྙིང་པོས་མར་གྱི་སྲེག་བླུགས་གསུམ་འམ་བདུན་ནམ་ཉི་ཤུ་རྩ་གཅིག་གིས་གཟི་བརྗིད་བསྐྱེད་པར་བྱ་ཞིང་རིགས་ཀྱི་བདག་པོ་བཟླས་པའི་དགང?་བླུགས་དང་མཆོད་ཡིན་དབུལ་བར་བྱའོ། །དེ་ལ་ཧཱུཾ་ཞེས་བྱ་བ་ནི་རྡོ་རྗེའི་རིགས་ཀྱི་བདག ་པོའི་སྙིང་པོའོ། །ོཾ་ཨཱ་སྭཱཧཱ་ཞེས་བྱ་བ་ནི་ལྷག་མ་རྣམས་ཀྱིའོ། །དེ་ནས་བསང་གཏོར་ལན་གསུམ་བྱས་ཏེ། །འཐོར་འཐུང་ཕུལ་ལ། མི་བསྐྱོད་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་བསྟོད་པ་རྣམས་ཀྱིས་ཡང་དག་པར་བསྟོད་དེ། སྔ་མ ་བཞིན་དུ་ཡང་དག་པར་མཆོད་ལ། མཆོད་ཡོན་ཕུལ་ཏེ་མངོན་པར་འདོད་པའི་དངོས་གྲུབ་ཀྱི་ཕྱིར་བསྐུལ་ལ་བཟོད་པར་གསོལ་ཏེ། དེའི་སྐུ་དང་གསུང་དང་ཐུགས་དང་རིག་མའི་རྣམ་པར་དག་པ་ལ་ལྷག་པར་མོས་པའི་སྒོ་ནས། བཛྲ ་དྷྲཾ་ཀ་ཅེས་བྱ་བ་ལན་མང་དུ་ཡོངས་སུ་བཟླས་ལ། ཡི་གེ་གསུམ་བརྗོད་དེ། རང་གི་སྔགས་ཡི་གེ་མུའི་མཛའ་ཅན་བརྗོད་ཅིང་དེ་ཉིད་ཀྱིས་ཡེ་ཤེས་ཀྱི་ལྷ་གཤེགས་སུ་གསོལ་ལོ། །དེ་ནས་མེ་ལྷ་མེ་ཏོག་གཅིག་གི་ཐབ་ཀུན་དུ་བཞུགས ་སུ་གསོལ་ཏེ། ཡང་ལེགས་པར་མཆོད་ལ་བསང་གཏོར་བྱས་ཏེ་འཐོར་འཐུང་ཕུལ་ལ། སྦྱིན་སྲེག་གི་ཡོ་བྱད་ལྷག་མ་རྣམས་ཕུལ་ཏེ། ཐ་མར་དགང་བླུགས་དང་འཐོར་འཐུང་ཕུལ་ལ་བསང་གཏོར་བྱས་ཏེ། ཡང་དག་པར་མཆོད་ལ། ་མཆོད་ཡོན་དང་འཐོར་འཐུང་ཕུལ་ཏེ། མངོན་པར་འདོད་པའི་དངོས་གྲུབ་བསླངས་ལ་སྔ་མ་བཞིན་དུ་སྐུ་ལ་སོགས་པའི་རྣམ་པར་དག་པ་ལ་ལྷག་པར་མོས་པར་བྱས་ཏེ། བཛྲ་དྷྲིཀ་ཅེས་བྱ་བ་ལན་མང་དུ་བཟླས་ལ་ཡི་གེ་གསུམ ་བརྗོད་ནས། ཧཱུཾ་མུ:ཞེས་བྱ་བ་ཟློས་ཤིང་གཤེགས་སུ་གསོལ་ལོ། །དེ་ལྟར་རྟག་ཏུ་ཐུན་གསུམ་འམ་ཐུན་བཞིར་ཇི་སྲིད་རང?་དང་གཞན་དག་ཞི་བར་གྱུར་གྱི་བར་དུ་བྱའོ། །དེ་ནི་ཞི་བ་མདོར་བསྟན་པའོ།། །།རྒྱས་པ་ལ་ནི་ས་གཞི་སེར་པོ ་ཐབ་ཁུང་ཁྲུ་དོ་པ། ཟབས་སུ་དེའི་ཕྱེད་ཡོད་པ། རིན་པོ་ཆེ་ཟུར་བརྒྱད་པ་ལྟ་བུ་འམ། གྲུ་བཞི་པ་དང། དེའི་སྟེང་དུ་སོར་བརྒྱད་པར་དུ་བཞག་སྟེ། རྒྱ་དང་འཕང་དག་དུ་སོར་བརྒྱད་ཀྱི་ཚད་དང་ལྡན་པའི་ཁ་ཁྱེར་མཉམ་དུ་བྱས་པས་བསྐོར་བ་དང། ་བརྐོས་པའི་ནང་དུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བ་ལ་གནས་པའི་རྡོ་རྗེ་རིན་ཆེན་སོར་དྲུག་པ་དང་ལྡན་པའི་ཐབ་ཁུང་ནས། དེའི་སོ་གཞིས་སེར་པོ་དང། བདུད་རྩི་དང་བཅས་པའི་དྲི་སེར་པོ་རྣམས་ཀྱིས་ཉེ་བར་བྱུགས་ལ། མེ་ཏོག་རྣམ་པ ་སྣ་ཚོགས་དགྲམ་པར་བྱའོ། །ཡམ་ཤིང་ན་དེ་རྣམས་ཁོ་ན་སྟེ། འོན་ཀྱང་དབུགས་ཀྱི་ཆ་ལས་བྱུང་བ། །སྤོམས་སུ་ཆང་པ་གང་ཡོད་པ། །དཀྱུས་ཁྲུ་གང་ཙམ་པ། བདུད་རྩི་དང་བཅས་པའི་དྲི་སེར་པོའི་ཆུ་ལ་སྤངས་པ། ཞོ་དང་འོ་མ་དང་མར ་སར་པ་རྣམས་ཀྱིས་བྱུགས་པའོ། །སྲེག་རྫས་ནི་མངར་གསུམ་དང་སྦྱར་བའི་འབྲས་ཆན་བཟང་པོའི་ཆང་བུ་དང། ཞོ་དང་སྦྲང་རྩི་དང་མར་དང་བསྲེས་པའི་ཏིལ་ནག་པོ་དང། མར་དང་ལྡན་པའི་ཞོ་དང་སྦྱར་བའི་འབྲས་ཆན་དང། ཤ་ཏ ་དུ་ཥཔ་དང། བིལ་བའི་འབྲས་བུ་དང། འབྲས་སཱ་ལུ་དང། པདྨ་རཱ་ག་དང། གེ་སར་དང། མེ་ཏོག་ཀ་རྣི་ཀ་ར་དང་འབྲུ་རྣམས་སོ། །དགོན་པའི་ལྕི་བ་མ་གཏོགས་པ་ཇི་སྐད་བཤད་པའི་བུས་ཤིང་འབྲས་བུ་དང་བཅས་པ་གཟུང་བར ་བྱའོ། །དེ་ནས་ཁྲུས་བྱས་པ་ཡན་ལག་ལ་དྲི་སེར་པོ་ཞིམ་པ་བསྒོས་པ། བྱམས་པ་དང་སྙིང་རྗེ་དང་ལྡན་པ། །གོས་དང་རྒྱན་དང་འཕྲེང་བ་དང་སྟན་དང་འོད་སེར་པོ་དང་ལྡན་པ། གོས་སྣ་ཚོགས་པ་ཅན་ནམ། སེམས་རྒྱ་ཆེན་པོ ་དང་ལྡན་པ། སྟན་བཟང་པོ་ལ་འདུག་པས་བཅོ་ལྔ་ནས་བརྩམས་ཏེ། ཁ་བྱང་དུ་བལྟས་པས་སྔ་དྲོའི་དུས་སུ་རྒྱས་པ་བྱའོ། །སྔར་བཤད་པའི་མཆོད་ཡོན་གྱི་སྣོད་བདུད་རྩི་ལྔ་དང་བཅས་པའི་དྲི་སེར་པོའི་ཆུ་དང་གཉིས་དང ་ཞོ་དང་བཅས་པ་དེ་ལ་ཨོཾ་གྱི་མཛའ་ཅན་གྱི་རང་གི་སྔགས་བཟླས་པར་བྱའོ། །དེ་ནས་སྐུ་མདོག་སེར་པོའི་རྣམ་པར་བསྒོམས་པའི་འཕགས་པ་བདུད་རྩི་ཞེས་བྱ་བ་དང། བདག་པོའི་རིགས་ཀྱི་ལྷ་མོའི་སྔགས་དག་ཡོངས་སུ་བཟླས་པའི་ལས ་ཐམས་ཅད་པའི་སྣོད་དང། མཆོད་ཡོན་གྱི་སྣོད་རང་གི་གཡོན་ཕྱོགས་སུ་བཞག་སྟེ། སྔ་མ་བཞིན་དུ་བུད་ཤིང་ལ་སོགས་པ་ཐམས་ཅད་གཡས་ཕྱོགས་ན་གནས་པ་ལ་བསང་གཏོར་བྱའོ། །རྒྱལ་པོའམ་རྒྱལ་རིགས་ལས་བྱུང་བ ་འམ། ནགས་ཀྱི་མེ་འམ། འཕགས་པའི་དགེ་འདུན་གྱི་ཚད་མང་གི་མེ་བླངས་ལ། དེ་ནས་སྔ་མ་བཞིན་དུ་འཕགས་པ་བདུད་རྩི་འཁྱིལ་བའི་སྔགས་ཀྱི་མེ་རྣམ་པར་སྦྱངས་ནས་དེ་ཁོ་ན་བཞིན་དུ་བསང་གཏེར་ལ་སོགས་པ་བྱའོ། །དེ་ནས ་སྔ་མ་བཞིན་དུ་བཟླས་པའི་ཇི་སྐད་བཤད་པའི་ཀུ་ཤ་ཁ་ཁྱེར་ལ་ཁ་བྱང་དུ་བལྟས་པ་དང། ཤར་དུ་བལྟས་པ་དང་ལྷོར་བལྟས་པ་དང་ནུབ་དུ་བལྟས་པར་བཞག་ལ། དེ་ནས་ཐག་དུང་ཀུ་ཤ་ཁ་བྱང་དུ་བལྟས་པ་རྣམས་ཀྱིས་གཡོག ་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་དམ་ཚིག་གི་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལ་དེ་ཁོ་ན་བཞིན་དུ་ལྟ་བ་བྱས་ལ། སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་དང་དབང་བསྐུར་ཏེ་དམ་ཚིག་ལ་བཀོད་ལ། རང་གི་བསྒོ་བ་ལ་སྦྱར་ཏེ། ་མཆོད་ཡོན་ཕུལ་ལ། དྲི་སེར་པོ་ལ་སོགས་པའི་མཆོད་པ་རྣམས་དང། མཱ་མ་ཀཱི་ལ་སོགས་པ་སྒྲོ་པའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་དེ། །ལན་གསུམ་བསྔ་གཏོར་བྱས་ལ། དེ་ཁོ་ན་བཞིན་དུ་འཐོར་འཐུར་ཕུལ་ཏེ། དེའི ་ལྕེ་དང་དགང་གཟར་དང་བླུགས་གཟར་གྱི་ཁ་ལ་རང་གི་ལྷའི་ས་བོན་རྣམ་པར་བཀོད་ནས། བུས་མོའི་བར་དུ་ལག་པ་དག་བཞག་སྟེ། དང་པོར་བླུགས་གཟང་གྱིས་མེར་གྱི་སྲེག་བླུཌ་ཞལ་ཅུང་ཟད་གདངས་པར་སྔ་མ་བཞིན་དུ་མེ་ལྷའི་སྔགས་ཀྱིས་དབུལ་བར་རྒྱས་སོ ་དེ་ནས་དེ་ཁོ་ན་བཞིན་དུ་མེའི་བགེགས་མེད་པར་འབར་པ་ལ་སོགས་པའི་མཚན་མ་རྣམས་ཀྱིས་ཤེས་པར་བྱས་ལ། ཇི་ལྟར་རྗེས་སུ་མཐུན་པར་ཁོ་ན་བཞིན་དུ་ཐམས་ཅད་བྱས་ནས། དེ་ཁོ་ན་བཞིན་དུ་མེ་ལྷའི་སྔགས་ཀྱིས་སྲེག་རྫས་ཐམས ་ཅད་དབུལ་བར་བྱའོ། །སྲེག་རྫས་ལ?་སོགས་པའི་གོ་རིམ་ཀྱང་སྔ་མ་བཞིན་ནོ། །དེ་ནི་མེ་ལྷའི་བྱ་བའོ། །དེ་ནས་བདག་པོའི་རིགས་ཀྱི་རིགས་སྔགས་ཀྱིས་ཀྱང་སྦྱིན་སྲེག་གིས་ཡོ་བྱད་རྣམས་སྔ་མ་བཞིན་དུ་བསང་གཏོར་བྱས་ལ། མེའི་དབུས་སུ ་དཀྱིལ་འཁོར་གྱི་བདག་པོ་སྐུ་མདོག་སེར་པོ་རྟན་དང་བཅས་པ་རིག་མ་དང་སྙོམས་པར་ཞུགས་པ། གྱེས་ཤིང་རྒྱས་པར་གྱུར་པ། པདྨ་རློན་པའི་གདན་དང་ན་བཟའ་དང་བརྒྱན་དང་འོད་ཟེར་པོ་དང་ལྡན་པའི་ཡི་གེ་ཨོཾ་གྱི་མཛའ་ཅན ་གྱི་རང་གི་སྙིང་པོ་ལས་བྱུང་པ་རྣམ་པར་བསམས་ཏེ། སྔ་མ་བཞིན་དུ་མཆོད་པའི་བྱ་བ་བྱས་ལ། མཆོད་ཡོན་དང་འཐོར་འཐུང་དང་བསང་གཏོར་བྱས་ནས། ལྗགས་ལ་སོགས་པ་ལ་རང་གི་ས་བོན་རྣམ་པར་བཀོད་ལ། སྔགས་ཀྱི ་མཛའ་མར་ཆོ་ག་པུཥྚཾ་ཀུ་རུ་ཨོཾ། ཞེས་བྱ་བ་ཟློས་ཤིང་ཇི་སྐད་བཤད་པའི་ཚད་ཀྱི་དགང་བླུགས་ཕུལ་ཏེ། རྫས་ཐམས་ཅད་ལས་རེ་རེ་བཞིན་སྲེག་བླུགས་དེ་ཁོ་ན་བཞིན་དུ་ཕུལ་ལ། བདུད་རྩི་ལྔ་དང་བཅས་པའི་མར་གྱི ་སྲེག་བླུགས་བརྒྱ་འམ་སྟོང་དམ་དཔག་ཏུ་མེད་པ་སྦྱིན་སྲེག་བྱའོ། །དེ་ནས་དེ་ཁོ་ན་བཞིན་དུ་གཟི་བསྐྱེད་པ་དང། དགང་བླུགས་མཆོད་ཡོན་དབུལ་བ་དང། བསད་གཏོར་བྱ་བ་དང། འཐོར་འཐུང་དང། བསྟོད་པ་དང། ་མཆོད་པ་དང། ཡང་མཆོད་ཡོན་དབུལ་བ་སྔོན་དུ་འགྲོ་བ་ཅན་གྱི། མངོན་པར་འདོད་པའི་དོན་གྱི་དངོས་གྲུབ་ཀྱི་ཕྱིར་བསྐུལ་ལ་བཟོད་པ་གསོལ་ཏེ། སྐུ་ལ་སོགས་པ་རྣམ་པར་དག་པ་ལྷག་པར་མོས་པའི་སྒོ་ནས། ་བཛྲ་དྷྲིཀ་ཅེས་བྱ་བ་ལན་མང་དུ་ཡོངས་སུ་བཟླས་ལ་ཡི་གེ་གསུམ་བརྗོད་ནས་དེ་ཁོ་ན་བཞིན་དུ་གཤེགས་སུ་གསོལ་ལོ། །དེ་ནས་མེ་ལྷའི་བཞུགས་སུ་གསོལ་བ་ལ་སོགས་པ་ཐམས་ཅད་སྔ་མ་བཞིན་དུ་བྱའོ། །དེ་ནི་རྒྱས་པ་མདོར་བསྟན་པའོ།། ་དབང་ལ་ནི་ས་གཞི་དམར་པོ་ལ་ཐབ་ཁུང་ཞི་བའི་ཐབ་ཁུང་དང་མཚུངས་པ་སྟེ། འོན་ཀྱང་ཤིང་གི་ལོ་མ་དང་མཚུངས་པ། ཕྱེད་ནུབ་པའི་རྡོ་རྗེ་དད་པདྨས་དབུས་སུ་མཚན་པ། དེའི་རྣམ་པ་ཅན་གྱི་ཁ་ཁྱེར་གྱི་བསྐོར་བ། ས་དམར་པོ ་དང་བདུད་རྩི་ལྔ་དང་བཅས་པའི་དྲི་དམར་པོས་ཉེ་བར་བྱུགས་པ། མེ་ཏོག་དམར་པོ་ལ་སོགས་པས་ཉེ་བར་སྤྲས་པ་བྱའོ། །ཡམ་ཤིང་ནི་ཤིང་ཙམ་པ་ཀ་དང་མྱ་ངན་མེད་དང། བ་ཀུ་ལ་དང། པྲི་ཡང་ཀུ་དང། ལ་ཀུ་ཙ་ལ་སོགས་པ ་རྣམས་ལས་བྱས་པ་སོར་ལྔ་པའོ། །སྲེག་རྫས་ནི་འདབ་མ་དང་བཅས་ཤིང་མ་རྙིད་པའི་མེ་ཏོག་དང། འབྲས་བུ་དམར་པོ་ལ་སོགས་པ་རྣམས་དང། རང་དང་གཞན་གྱི་རྟོག་པ་ལས་བཤད་པའི་རྫས་གཞན་རྣམས་སོ། །བུ་ཤིང ་ནི་ཤིང་ནི་མ་པ་དང་ཨ་མྲ་དང། མེ་ཏོག་དང་བཅས་པ་གཞན་ཡང་བྱའོ། །དེ་ནས་དྲི་དམར་པོ་ཉེ་བར་བྱུགས་པ་རྗེས་སུ་ཆགས་པའི་ཡིད་དང་ལྡན་པ། གོས་དང་རྒྱན་དམར་པོ་ལ་སོགས་པ་དང་ལྡན་པ། ཁ་ནུབ་དུ་བལྟས་པ ་སྟན་ཁ་དོག་དམར་པོ་བདེ་ཞིང་མཐོ་བ་ལ། རྡོ་རྗེའི་སྐྱིལ་མོ་ཀྲུང་འདུག་པས་ཐམས་ཅད་ཁ་དོག་དམར་པོ་དང་ལྡན་པའི་དཀྱིལ་འཁོར་པ་རྣམས་དང། ལྷན་ཅིག་འཁོར་ལོའི་བདག་པོའི་རྣལ་འབྱོར་ལ་སོགས་པ་བྱའོ། །ཏིལ་ལ ་སོགས་པ་དང་ལྡན་པ་བདུད་རྩི་ལྔ་དང་བཅས་པའི་དྲི་དམར་པོའི་ཆུ་ཇི་སྐད་བཤད་པའི་སྣོད་ན་གནས་པ་ལ་ཡི་གེ་ཧོའི་མཛའ་ཅན་གྱི་རང་གི་སྔགས་ལན་བདུན་མངོན་པར་བཟླས་པར་བྱའོ། །དེ་ནས་ཐུགས་དང་སྐུ་མདོག་དམར་པོ་རྣམ་པར་བསྒོམས ་པའི་འཕགས་པ་བདུད་རྩི་ཞེས་བྱ་བ་དང། རང་གི་རིགས་ཀྱི་ལྷ་མོའི་སྔགས་དག་བཟླས་པའི་ལས་ཐམས་ཅད་པའི་ཆུའི་སྣོད་དང། མཆོད་ཡོན་གྱི་སྣོད་དང། སྦྱིན་སྲེག་གི་ཡོ་བྱང་མ་ལུས་པ་དེ་ཁོ་ན་བཞིན་དུ་བཞག་སྟེ་སྔ་མ་བཞིན་དུ་བསང ་གཏོར་བྱའོ། །སྨད་ཚོར་མ་འམ་རྗེའུ་རིགས་ཀྱི་ཁྱིམ་ནས་བྱུང་བའི་མེ་བླངས་ལ་དེ་ནས་དེ་ཁོ་ན་བཞིན་དུ་མ་རྣམ་པར་སྦྱངས་ཏེ། གསང་གཏོར་དང་སྦར་བ་བྱས་ལ། ཇི་སྐད་བཤད་པ་བཞིན་དུ་བཟླས་པའི་ཀུ་ཤ་ཁ་ཁྱེར་ལ་ཁ་ནུབ་དུ་བལྟས་པ་དང། ་བྱང་དུ་བལྟས་པ་དང་ཤར་དུ་བལྟས་པ་དང་ལྷོར་བལྟས་པར་བཞག་སྟེ། དེ་ནས་ཐབ་ཁུང་ཀུ་ཤ་ཁ་ནུབ་དུ་བལྟས་པ་རྣམས་ཀྱིས་གཡོག་པར་བྱའོ། །དེ་ནས་དེ་ཁོ་ན་བཞིན་དུ་ཆུ་སྐྱེས་ཀྱི་གདན་ལ་མེ་ལྷ་མདོག་དམར་པོ་རྗེས་སུ་ཆགས་པའི་བསམ ་བ་ཅན་བསྐྱེད་ལ། སྤྱན་དྲང་བ་ལ་སོགས་པ་རང་གི་བསྒོ་བ་ལ་སྦྱར་པའི་བར་དུ་བྱའོ། །དེ་ནས་མཆོད་ཡོན་ཕུལ་ལ་དྲི་དམར་པོ་ལ་སོགས་པའི་མཆོད་པ་རྣམས་དང་སྐུ་མདོག་དམར་པོ་དང་ལྡན་པའི་མཱ་མ་ཀཱི་ལ་སོགས་པའི་སྤྲོ་པའི་བླ་ན་མེད་པ ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་དེ་ལན་གསུམ་བསང་གཏོར་བྱས་ལ་འཐོར་འཐུང་ཕུལ་ཏེ། དེའི་ལྕེ་ལ་སོགས་པ་ལ་རང་གི་ལྷའི་ས་བོན་རྣམ་པར་དགོད་པ་ལ་སོགས་པ་ཐམས་ཅད་སྔ་མ་བཞིན་དུ་བྱས་ལ། དེ་ཁོ་ན ་བཞིན་དུ་བླུགས་གཟར་ལ་སོགས་པས་མར་ལ་སོགས་པ་ཕུལ་ཏེ། དེ་ནས་དེ་ཁོ་ན་བཞིན་དུ་འབར་བ་ལ་སོགས་པའི་རྣམ་པར་བཞག་པར་བྱའོ། །དེ་ནི་མེ་ལྷའི་བྱ་བའོ།། །།དེ་ནས་སྔ་མ་བཞིན་དུ་བསང་གཏོར་བྱས་ལ་ཐབ ་ཁུང་གི་དབུས་སུ་དབང་པོ་གཉིས་སྙོམས་པར་ཞུགས་པའི་ལྷ་ཐམས་ཅད་དམར་བོའི་འཁོར་ལོའི་དབུས་ན་བཞུགས་པ། རིག་མ་སྐུ་མདོག་དམར་ཞིང་རྗེས་སུ་ཆགས་པའི་བསམ་པ་ཅན་དང་སྙོམས་པར་ཞུགས ་པའི་དཀྱིལ་འཁོར་གྱི་བདག་པོ་པདྨ་དང་ཟླ་བའི་གདན་དང་ན་བཟང?་དང་རྒྱན་དང་འོད་སེར་པོ་དང་ལྡན་པ་ཧོའི་མཛའ་ཅན་གྱི་རང་གི་སྙིང་པོ་ལས་བྱུང་བ་རྣམ་པར་བསམས་ཏེ། མཆོད་པ་ལས་ཐུག་པའི་ཆོ་ག་ཐམས་ཅད་བྱས ་ལ། མཆོད་ཡོན་དང་འཐོར་འཐུང་དང་བསད་གཏོར་དང་ས་བོན་རྣམ་པར་དགོད་པ་བྱས་ཏེ་སྔགས་ཀྱི་ཐ་མར་ཆེ་གེ་མོ་ཝ་ཤ་མཱ་ན་ཡ་ཧོ། ཞེས་བྱ་བ་བརྗོད་ཅིང་ཇི་སྐད་བཤད་པའི་ཚད་ཀྱི་དགང་བླུགས་ཕུལ་ལ། རྫས ་ཐམས་ཅད་ལས་རེ་རེ་ཞིང་སྲེག་བླུགས་དེ་ཁོ་ན་བཞིན་ཕུལ་ཏེ། བདུད་རྩི་དང་བཅས་པའི་མར་གྱི་སྦྱིན་སྲེག་སྔ་མ་བཞིན་དུ་བྱའོ། །དེ་ནས་དེ་ཁོ་ན་བཞིན་དུ་གཟི་བསྐྱེད་པ་ལ་སོགས་པ་གཤེགས་སུ་གསོལ་པའི་མཐར་ཐུག་བ་བྱས་ལ། ་མེ་ལྷའི་བྱ་བ་ཡང་སྔ་མ་བཞིན་བྱའོ། །དེ་ནི་དབང་དུ་བྱ་བ་མདོར་བསྟན་པའོ།། །།དགུག་པ་ལ་ཡང་ཐབ་ཁུང་ནི། དབང་དུ་བྱ་བའི་ཐབ་ཁུང་དང་མཚུངས་ཏེ་།འོན་ཀྱང་རྡོ་རྗེ་རྩེ་གཅིག་པའི་རྣམ་པ་ཅན་དབུས་ན ་རྡོ་རྗེ་ལྕགས་ཀྱུས་མཚན་པ། དེའི་རྣམ་པ་ཅན་གྱི་ཁ་ཁྱེར་གྱིས་བསྐོར་བ་བྱའོ། །བུད་ཤིང་ནི་ལྕགས་ཀྱུའི་རྣམ་པ་ཅན་གྱི་ཚེར་མ་དང་ལྡན་པ་བཟུང་བར་བྱའོ། །ཁ་ནུབ་དུ་བལྟས་པ། བཤད་ཟིན་པའི་ཆོ་ག་བཞིན་དུ་སྟན ་དམར་པོ་མཐོ་བ་ལ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་འདུག་ཅིང་ཁ་སྟེང་དུ་བལྟས་པས་སྔོན་དུ་བསྙེན་པ་ཡང་རིམ་པ་དེ་ཉིད་བཞིན་དུ་བྱའོ། །བདུད་རྩི་དང་བཅས་པའི་དྲི་དམར་པོ་ལ་སོགས་པའི་ཆུ་ལ་ཡི་གེ་ཛའི་མཛའ་ཅན་གྱི ་རང་གི་ལྷའི་སྔགས་ལན་བདུན་ཡོངས་སུ་བཟླས་པར་བྱའོ། །གར་མཁན་དང་གླུ་མཁན་དང་ལམ་དུ་འགྲོ་བས་བུས་པའི་མེ་བླངས་ལ་ཡི་གེ་ཛའི་མཛའ་ཅན་གྱི་རང་གི་སྔགས་ལས་བྱུང་བར་བདག་ཉིད་དང་ཐབ་ཁུང་ན་གནས་པའི་རྣམ་པར་བསྒོམས་ཏེ། ་སྟན་ལས་ཕྱར་བལྟས་པས་བསང་གཏོར་བྱས་ལ། ལྷག་མ་དབང་དུ་བྱ་བའི་ཆོ་ག་བཞིན་དུ་བྱའོ། །དེ་ནི་དགུག་པ་མདོར་བསྟན་པའོ།། །།སྔོན་སྤྱོད་ལ་ནི་ས་གཞི་རྩུབ་མོ་ཆ་གོ་ཅན་སེར་གགས་པ་ཐོག་གཡོགས་མེད་པར་ཐབ ་ཁུང་གྲུ་གསུམ་སོར་ཉི་ཤུ་ཡོད་པ། མགོ་བྱང་དུ་བལྟས་པ་དབུས་སུ་སོར་བཅུ་དྲུག་པའི་རྩ་གསུམ་གྱི་སྟེང་དུ། ཁྲོ་བོའི་རྡོ་རྗེ་སོར་བརྒྱད་པས་མཚན་པ། དེའི་སྟེང་དུ་སོར་གསུམ་དོར་ལ་རྒྱ་དང་འཕང་དག་དུ་སོར་གསུམ་པ་ཁ་ཁྱེར ་གྱེད་པའི་ཁ་ཁྱེར་གྱིས་བསྐོར་བ། བདུད་རྩི་ལྔ་དང་བཅས་པའི་ས་ནག་པོ་དང་རོ་བསྲེགས་པའི་ཐལ་བ་དང། བོད་བུ་དང་རྔ་མདོ་ལ་སོགས་པའི་སྤངས་ཇི་སྙེད་པས་བྱུགས་ལ་དྲི་མི་ཞིམ་པ་དང་དྲི་ང་བའི་མེ་ཏོག་སྔོན་པོ་འམ་དམར་པོ་རྣམས ་སམ། དེ་ལྟ་བུའི་འབྲུ་ལ་སོགས་པ་རྣམས་མངོན་པར་བཀྲམ་པ་བྱའོ། །ཡམ་ཤིང་ནི་ནི་མ་པ་དང། སེང་ལྡེང་དང་ཡོངས་འདུ་ས་རྡོལ་དང། བི་ལུ་ཏ་ཀ་དང། འདོད་པའི་ཤིང་རྣམས་སམ། ཚ་བ་དང་ཁ་བ་དང། ཚེར་མ་ཅན་གྱི ་ཤིང་རྣམས་སམ། རོ་བསྲེགས་པའི་ཤིང་གྱི་རྩ་བའི་ཆ་ལས་བྱུང་བ་ཀུན་ཏུ་བཅས་པ། སོར་བཅུ་པ་དུག་དང་ཁྲག་དང་ཉུངས་མར་ལ་སྦངས་པ་རྩེ་མོ་གཉིས་རྣོ་བའོ། །སྲེག་རྫས་ནི་ཡུངས་ཀར་དང། ཡུངས་མར་ཚ་བ་དང། ཁྲག་དང ་ལན་ཚྭ་དང། སྐེ་ཚེ་དང། ནིམྦ་དང། རོ་བསྲེགས་ཀྱི་ཐལ་བ་དང་རྐང་པའི་པཾ་སུ་དང། བོང་བུ་དང་རྔ་མོ་ལ་སོགས་པའི་སྤངས་དང། སྐྲ་གཏུབས་པ་དང། ཞག་དང། བྱ་རོག་ལ་སོགས་པའི་སྒྲོ་དང། བཤད་བ་དང་གཅི་བ་དང། ་ཚེར་མ་དང། རུས་པའི་ཕྱེ་མ་དང། ཁྱི་སྨྱོན་པའི་ཤ་ལ་སོགས་པ་ཇི་སྙེད་པ་འམ། རེ་རེའོ། །རྫས་དེ་རྣམས་སམ་སོལ་བ་དང་བཅས་པའི་བཏུ་ཤ་ལ་སོགས་པ་རྣམས་ལས་བྱས་པའི་དགྲ་བོའི་གཟུགས ་བརྙན་དུག་དང་ལན་ཚྭ་དང་བཅས་པའི་ཁྲག་ལ་སྤངས་པའི་རྐང་པ་གཡོན་པའི་ཀ་ནི་ཡས་བརྩམས་ཏེ་མཚོན་རྣོན་པོས་དུམ་བུར་གཏུབས་ནས་སྦྱིན་སྲེག་བྱའོ། །བུས་ཤིང་ནི་ཚ་བ་དང་ཚེར་མ་ལ་སོགས་པ་དང་ལྡན་པ་དང། ་དྲི་མི་ཞིམ་པའི་ཤིང་རྣམས་སམ། དུར་ཁྲོད་ནས་བྱུང་བ་འམ། བོང་བུ་དང་རྔ་མོ་ལ་སོགས་པའི་སྤངས་ཤིན་ཏུ་སྐམ་པོ་བླང་བར་བྱའོ། །ཁྲོ་བོ་གོས་དང་བརྒྱན་སྔོན་པོ་ཅན་ནམ་ཁྲག་གི་ཆུ་ལ་སྤངས་པའི་གོས་གྱོན་བསྟན་སྔོ་བ་ལ་ཁ ་ལྷོར་བལྟས་པས་འདུག་པ་འམ་བསྒྲུབ་བྱའི་གཟུགས་བརྙན་གྱི་བྲང་ལ་འདུག་པ་འམ། སྟན་མེད་པ་རྐང་པས་རྐང་བ་མནན་ཏེ། སོ་ཡིས་སོ་མནན་པ། མིག་མི་གཡོ་བ་བཞིན་ཁྲོ་གཉེར་དང་ལྡན་པས་མར་དོའི་ཉིན་ཞག་དག་ལས ་གང་ཡང་རུང་བའི་ཉིན་ཞག་ལ། ཁྲོ་བོ་ཉིད་དབང་པོར་གཞག་སྟེ། ཉི་མ་ཕྱེད་དམ་མཚན་ཕྱེད་ཀྱི་དུས་སུ་བྱའོ། །བདུད་རྩི་ལྔ་དང་བཅས་པའི་བྲ་བོ་དང་བ་ལང་གི་ཆུ་དང། དྲི་མི་ཞིམ་པ་ལ་སོགས་པའི་ཆུ་ལ་ཕཊ་ཀྱི་མཛའ་ཅན ་གྱི་རང་གི་སྔགས་བཟླ་བར་བྱ་ཞིང། སྐུ་མདོག་སྔོན་པོ་དང་ལྡན་པའི་འཕགས་པ་བདུད་རྩི་ཞེས་བྱ་བ་དང། རིགས་ཀྱི་རིག་མ་དག་བཟླས་པའི་ལས་ཐམས་ཅད་པའི་སྣོད་དང་མཆོད་ཡོན་གྱི་སྣོད་གཡས་ཕྱོགས་སུ་བཞག་ལ། སྦྱིན ་སྲེག་གི་ཡོ་བྱད་རྣམས་གཡོན་དུ་བཞག་པར་བྱའོ། །དུར་ཁྲོད་དང་རུས་པ་དང་རྡོ་བ་ལས་བྱུང་བ་འམ་གདོལ་པའི་ཁྱིམ་ནས་བྱུང་བའི་མེ་བླང་བར་བྱའོ། །དེ་ལ་ཁ་ཁྱེར་ལ་ཀུ་ཤ་ཁ་བྱང་དུ་ལྟ་བ་ལ་སོགས་པ་གཡོན་སྐོར་དུ ་བཞག་ལ་ཐབ་ཁུང་ཀུ་ཤ་ཁ་བྱང་དུ་བལྟས་པར་གཡོག་པར་བྱའོ། །དེ་ནས་དེ་ཁོ་ན་བཞིན་དུ་ཆུ་སྐྱེས་སྔོན་པོའི་གདན་ལ་བཞུགས་པའི་མེ་ལྷ་བསྐྱེད་ལ། སྤྱན་དྲང་པ་ལ་སོགས་པ་བྱས་ཏེ། བགེགས་བསྐྲད་པ་དང། བསྲུང་པ་ལ་སོགས་པ་དང། ཕྱོགས ་བཅིང་བ་ལ་སོགས་པ་དང། མཆོད་ཡོན་དང། ཞབས་བསིལ་དབུལ་བ་དང། བྱིན་གྱིས་བརླབ་པ་དང། དབང་བསྐུར་བ་དང། དམ་ཚིག་ལ་དགོད་པ་དང། བསྒོ་པ་ལ་སྦྱར་བ་དང། ཡང་མཆོད་ཡོན་དབུལ་བ་དང། ཁ་དོག་སྔོན་པོ་དང་ལྡན་པའི ་དྲི་མི་ཞིམ་པ་ལ་སོགས་པའི་མཆོད་པ་རྣམས་དང། མཱ་མ་ཀཱི་ལ་སོགས་པ་སྤྲོ་པའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ་བསད་གཏོར་བྱས་ཏེ། འཐོར་འཐུང་དང། ལྕེ་ལ་སོགས་པ་ལ་ས་བོན་རྣམ་པར་དགོད་པ་བྱ་ལ། བུས ་མོས་ཕྱི་རོལ་དུ་ལག་པ་དག་བཞག་ནས་དང་པོར་ལག་པ་གཡོན་པའི་སྡིགས་མཛུབ་ཀྱིས་བཟུང་པའི་བླུགས་གཟར་གྱིས་ཞལ་ཤིན་ཏུ་གདངས་པར་བདུད་རྩི་དང་བཅས་པའི་ཏིལ་མར་ཆེན་པོའི་སྲེགས་བླུགས་གསུམ་འམ་བདུན ་ནམ་གཅིག་།ོཾ་བཛྲ་ཨ་མྲི་ཏ་མ་ཧཱ་བྷཱུ་ཏ་ཛཝ་ལ་ཡ་བྷསྨི་ཀུ་རུ་སརྦདུཊཱཾ་ཧཱུཾ་ཕཊ་ཅེས་བྱ་བའི་མེ་ལྷའི་སྔགས་ཀྱིས་ཕུལ་ལ། བརྟགས་ཏེ་བགེགས་བསལ་བ་བྱས་ལ། བསང་གཏོར་བྱས་ཏེ། ཤིན་ཏུ་དགང་བླུགས་དབུལ་བར ་བྱའོ། །དེ་ནས་འཐོར་འཐུང་དང་བསང་གཏོར་བྱས་ལ། མེ་འབར་བ་སྔོན་པའི་རྣམ་པ་ཡོངས་སུ་གྱུར་པ་བསམ་པར་བྱའོ། །དེ་ནི་མེའི་ལྷའི་བྱ་བའོ།། །།དེ་ནས་བདག་པོའི་རིགས་ཀྱི་རིགས་སྔགས་ཀྱི ་སྦྱིན་སྲེག་གི་ཡོ་བྱད་རྣམས་ཡང་ལན་གསུམ་བསང་གཏོར་བྱས་ཏེ་མེའི་དབུས་སུ་དཀྱིལ་འཁོར་པ་རྣམས་དང་བཅས་པ། རིག་མ་ཀུན་ཏུ་སྔོ་བ་དང་ཡང་དག་པར་སྦྱོར་བར་ཞུགས་པ། ཤིན་ཏུ་འཇིགས་སུ་རུང་བའི་ཁྲོ་བོ ་འབར་བ། གདན་དང་ན་བཟའ་དང། རྒྱན་དང་འོད་སེར་པོ་དང་ལྡན་པ། །ཡེ་གེ་ཧཱུཾ་གི་མཛའ་ཅན་ཀྱི་རང་གི་སྙིང་པོ་ལས་བྱུང་བའི་རང་གི་བདག་པོ་རྣམ་པར་བསམས་ལ། སྔ་མ་བཞིན་དུ་ཡེ་ཤེས་སེམས་དཔའ་ ་གཞུག་པ་ལ་སོགས་པ་དབང་བསྐུར་བ་ལ་ཐུག་པའི་ཆོ་ག་བྱས་ནས། དྲི་མི་ཞིམ་པ་དང། དྲི་ང་བ་ནག་པོ་རྣམས་དང། བེལ་བ་དང། ཨརྒྷ་དང། སྔོན་པོ་དང། ཕྱི་དྲོའི་དུས་སུ་ཁ་འབྱེ་བ་དང་འོལ་མ་མེའི་མེ་ཏོག་ལ་སོགས་པ་རྣམས ་དང། སར་རྫར་ལ་སོགས་པ་སྤོས་རྣམས་དང། ཉ་ལ་སོགས་པའི་མར་ཁུ་གསུམ་གྱི་མར་མེ་རྣམས་དང། ཚ་ཞིང་ཁ་བ་ལ་སོགས་པའི་ལྷ་ཤོས་རྣམས་ཀྱིས་མཆོད་པར་བྱའོ། །དེ་ནས་མཆོད་ཡོན་དང་འཐོར་འཐུད་དང ་བསང་གཏོར་བྱས་ནས། ལྗགས་དང་དགད་གཟར་དང་བླུགས་གཟར་གྱི་ཁ་ལ་རང་གི་ས་བོན་སྔོན་པོ་འབར་བ་རྣམ་པར་བཀོད་ལ། རང་གི་སྔགས་ཀྱི་མཛའ་མར་ཆེ་གེ་མོ་མཱ་ར་ཡ་ཨུ་ཏ་ཙཱ་ཏ་ཡ། ཞེས་བྱ་བ་ལ་སོགས་པ་བརྗོད ་ནས་མཛའ་ན་ཧཱུཾ་ཕཊ་ཅེས་བྱ་བ་ཡོད་པའི་སྔགས་ཀྱིས་སྔ་མ་བཞིན་དུ་དགང་བླུགས་དང། རྫས་སོ་སོའི་སྲེག་བླུགས་ཕུལ་ནས། བདུད་རྩི་ལྔ་དང་བཅས་པའི་ཏིལ་མར་ཆེན་པོ་བླུགས་གཟར་ལ་སོགས་པས་བརྒྱ་འམ་སྟོང་དམ ་དཔག་ཏུ་མེད་པ་སྦྱིན་སྲེག་བྱའོ། །དེ་ལྟར་རང་གི་རྟོག་པ་ལས་བཤད་པའི་ཆོ་ག་རྣམས་ཀྱིས་ཇི་སྲིད་རྫོགས་ཀྱི་བར་དུ་སྦྱིན་སྲེག་བྱས་ལ། རིགས་ཀྱི་སྙིང་པོས་མར་ཁུའི་སྲེག་བླུགས་གསུམ་འམ་བདུན་འམ་ཉི་ཤུ་རྩ ་གཅིག་གིས་གཟི་བསྐྱེད་ནས། ཡང་དགང་བླུགས་དང་མཆོད་ཡོན་དབུལ་བར་བྱའོ། །དེ་ནས་སྔ་མ་བཞིན་དུ་བསང་གཏོར་ལ་སོགས་པ་བྱས་ལ། གསང་བའི་དོན་དུ་བསྐུལ་ཏེ་བཟོད་པ་གསོལ་ལ་ཐམས་ཅད་བྱས་ནས་དེ་ཁོ་ན ་བཞིན་དུ། རང་གི་བདག་པོ་དང་མེ་ལྷ་གཤེགས་སུ་གསོལ་ལོ། །དེ་ནི་མངོན་སྤྱོད་མདོར་བསྟན་པའོ།། །།ལས་ཐམས་ཅད་པའི་ཐབ་ཁུང་ཡང་ཞི་བའི་ཐབ་ཁུང་དང་མཚུངས་ཏེ། འོན་ཀྱང་པདྨ་ཁ་བྱེ་བའི་རྣམ་པ་ཅན་གྱི་ཁ་ཁྱེད་དང་ལྡན་པ། ་རྡོ་རྗེའི་ཕྲེང་བས་བསྐོར་བ། དབུས་ན་རྡོ་རྗེ་དང་རིན་པོ་ཆེའི་དང་པདྨ་དང་སྣ་ཚོགས་རྡོ་རྗེའི་དབུས་ན་གནས་པའི་འཁོར་ལོའི་ཕྱག་རྒྱས་མཚན་པའོ། །དེ་ལ་སྲེག་རྫས་ཀྱི་གོ་རིམ་ནི་ཞི་བ་ལ་སོགས་པའི་ལས་དང་རྗེས་སུ་མཐུན་པར ་བྱས་ཏེ། འོན་ཀྱང་ལས་ཐམས་ཅད་པའི་ཡམ་ཤིང་ནི། པ་ལ་ཤ་དང་བླག་ཤ་དང། ཨུ་དུམྦ་ར་དང། སེང་ལྡེང་དང། ཨརྒ་དང། ནྱ་གྲོ་དྷ་དང། ཅེ་ཀང་ཀ་ཏ་དང། ཨ་མྲ་དང། ཤ་མི་དང། ཀསྨ་རྫ་དང། ཨ་པ་མརྒ་དང། ཨ་ཤྭཏྠ ་ལས་བྱུང་བ། རེ་རེ་ཞིང་རྩེ་མོ་གཅིག་པ། དྲང་པོ་མཐོ་གང་ཙམ་པ། བདུད་རྩི་དང་བཅས་པའི་དྲི་ཞིམ་པའི་ཆུ་ལ་སྤངས་པ། རྩེ་མོ་གཉིས་ལོ་མ་དང་བཅས་པ། རྩེ་མོ་གཉིས་མར་ལ་?་པ་རྣམས་སོ། །དཀྱིལ་འཁོར་རམ་ལྷའི་ལྔ་པར་ཤར་ཕྱོགས་སུ་ནི་ཞི ་བའི་ཐབ་ཁུད་དང། དབང་དུ་བྱ་བའི་ཐབ་ཁུང་ངོ། །ལྷོ་ཕྱོགས་སུ་ནི་རྒྱས་པའིའོ། །ནུབ་ཕྱོགས་སུ་ནི་དགུག་པའིའོ། །བྱང་ཕྱོགས་སུ་ནི་མངོན་སྤྱོད་ཀྱི་ཐབ་ཁུང་ངོ། །དེ་ནི་སྦྱིན་སྲེག་གི་ཆོ་གའོ།། །།དེ་ལྟར་སྦྱིན་སྲེག་གི་ཆོ་ག་བསྟན ་ནས། ད་ནི་སློབ་མ་གཞུག་པའི་ཕྱིར། རྣམ་པར་སྣང་མཛད་སྦྱོར་བ་ཡིས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨོཾ་ལ་སོགས་པའི་ཡི་གེ་གསུམ་གྱིས་སློབ་མ་རྣམ་པར་སྣང་མཛད་དུ་བྱས་ལ་གནས། ཇི་ལྟ་བ་བཞིན་དུ་ཡི་གེ ་གསུམ་པོ་ཉིད་ཀྱིས་བྱིན་གྱིས་བརླབས་ཏེ། ཐུགས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཆོ་ག་བཞིན་དུ་སྐུའི་དཀྱིལ་འཁོར་བཅུག་ལ། དེའི་ཐུགས་ཀ་ན་གནས་པའི་ལྟེ་བའི་ནང་ན་བཞུགས་པའི་བདེ་བ་ཆེན་པོ་རྣམ་པར་བསམས ་ཏེ། དེའི་རབ་ཏུ་སྦྱོར་བའི་བསྐྱོད་པ་ལས་རྣམ་པར་བྱུང་པའི་ཡི་གེ་ཨ་ཁ་དོག་དམར་པོ་མགོ་བོ་དང་ལྐོག་མ་དང་སྙིང་གའི་ཕྱོགས་རྣམས་སུ་ཟླ་བའི་དཀྱིལ་འཁོར་དམར་པོ་ལ་གནས་པ་བསམས་ལ། དེ་ལས་བྱུང་བའི་འོད ་ཟེར་དམར་པོའི་ཚོགས་རྣམས་ཀྱིས་ཀྱང་དེའི་ལུས་ཀུན་ཏུ་ཁྱབ་པར་བསམ་པར་བྱའོ། །རྡོ་རྗེ་གཟུང་བར་བྱ་ཞེས་བྱ་བ་ནི། སྐུ་རྡོ་རྗེས་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནི་ཉེ་བར་མཚོན་པ་ཡིན་ཏེ་ཐུགས་རྡོ་རྗེ་ལ་སོགS ་པའི་དཀྱིལ་འཁོར་རྣམས་སུ་ཡང། སློབ་མ་ཡི་གེ་གསུམ་ལས་བྱུང་བའི་དཀྱིལ་འཁོར་གྱི་བདག་བོར་རྣམ་པར་བསམས་ལ། ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ་པ་ཡང་བྱས་ཏེ། ཡི་གེ་ཨ་ལས་འདས་མ་ཐག་པ་བཞིན་དུ་བསམས ་པར་བྱའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། །རྒྱལ་ཆེན་རྡོ་རྗེ་སེམས་དཔའ་དང། ཞེས་བྱ་བ་གསུངས་ཏེ། ཐུགས་ཀྱི་དཀྱིལ་འཁོར་གྱི་བདག་པོའི་གཟུགས་སུ་རྣམ་པར་བསྒོམ་པའི་སློབ་མ། དཔལ་རྡོ་རྗེ་སེམས་དཔའ་ཨི་སྐུ་ལ ་སོགས་པ་བྱིན་གྱིས་བརླབས་པར་བརྟགས་ལ། གཞན་གྱི་གཟུགས་སུ་ཡང་རྣམ་པར་བསྒོམ་པ་ཡིན་ནོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་ནི་དཀྱིལ་འཁོར་ཆེན་པོར་གཞུག་པའི་ཕྱིར་ཡི་གེ་ལྔ་པའི་སྔགས་གསུངས་སོ། །འདི ་ནི་ཞེས་བྱ་བ་འདི་ནི་བཤད་མ་ཐག་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདའ་བར་མི་བྱ་བ་ཉིད་ཡིན་པའི་ཕྱིར་དམ་ཚིག་ཐམས་ཅད་དོ། །སློབ་མ་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན་གྱི་འདོད་པའི་ལྷའི་གཟུགས ་ཀྱི་བདག་ཉིད་དུ་བྱིན་གྱིས་བརློབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ལུས་དང་ངག་དང་སེམས་ཀྱི་སྙིང་པོའོ། །མི་ཕྱེད་པའི་ཡེ་ཤེས་བདག་ཉིད་ཡིན་པའི་ཕྱིར་རྡོ་རྗེའོ། །ཤེས་པ་དང་བསྐྱོབ་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་སྔགས་སོ། །ལྔའི ་བདག་ཉིད་ཅན་གྱི་སློབ་མའི་ལྐོག་མ་དང་མགོ་བོ་དང་ལག་པ་གཡས་པ་དང་གཡོན་པའི་རྩ་བ་དང་སྙིང་ག་རྣམས་སུ། །གོ་རིམ་བཞིན་དུ་སེམས་ཀྱི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་རེ་རེ་རྣམ་པར་བཀོད་ལ་དེ་ཉིད་བརྗོད་པས་འཇུག་པར་བྱ་ཞིང ་སློབ་མ་ཡང་གཞུག་པར་བྱའོ། །དབང་བསྐུར་པའི་དོན་དུ་དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་ཕྱེད་པའི་གོ་འཕང་ཐོབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རྡོ་རྗེའོ། །རྒྱུད་གོང་མ་གོང་རྣམས་ལས་མཆོག་ཏུ་གྱུར་པ་ཉིད་ཡིན་པའི ་ཕྱིར་ཆེན་པོའོ། །རྟོག་པའི་ཉེས་པའི་དྲི་མ་མ་ལུས་པ་རྣམ་པ་ཐམས་ཅད་དུ་རབ་ཏུ་འཁྲུད་པར་བྱེད་པའི་ཕྱིར་ཆེན་པོའོ། །སྤྱོད་པ་ལ་སོགས་པའི་ཚུལ་ལ་རྟེན་པ་རྣམས་ལ་བསྟན་པར་མི་བྱ་བ་ཉིད་ཡིན་པའི་ཕྱིར་གསང་བའོ། །མཆོག་ཏུ ་དགའ་བའི་རང་བཞིན་ཉིད་ཡིན་པའི་ཕྱིར་ཡེ་ཤེས་མཆོག་ཏུ་གསང་བའོ། །དེ་ཉིད་ནི་སངས་རྒྱས་ཀྱི་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། སྐབས་འདིར་སངས་རྒྱས་ཀུན་གྱིས་ཞེས་བྱ་བ་ནི། དེ་བཞིན་གཤེཌ་པ་ལ་སོཌ་པ་དཀྱིལ་འཁོར་པ ་རྣམས་ཀྱིས་སོ། །ནམ་མཁའ་ཨི་ཁམས་ཞེས་བྱ་བ་ནི་ནམ་མཁའ་ཨི་དབྱིངས་ཉིད་དོ། །རྡོ་རྗེའི་རིགས་ནི་ཡེ་ཤེས་ཀྱི་རིགས་ཡིན་ཞིང། དེ་འཛིན་པར་བྱེད་པ་དང་སྐལ་པ་དང་ལྡན་པའི་སེམས་ཅན་རྣམས་ཀྱང་དེར་སྐྱེད་པར་བྱེད་པས་ན་རྡོ་རྗེའི་རིགས ་འཛིན་པ་སྟེ། སློབ་དཔོན་ནོ། །སིལ་སྙན་དྲིའི་སྤྲིན་རྣམས་ཞེས་བྱ་བ་འདི་ནི་ཉེ་བར་མཚོན་པ་ཡིན་ཏེ། བདེ་བ་ཆེན་པོ་དབང་བསྐུར་བའི་མཆོད་པའི་ཡོ་བྱད་ཐམས་ཅད་དང་ལྡན་པ་རྣམས་ཞེས་བྱ་བའི་ཐ་ཚིག་གོ་།རྡོ་རྗེ་དམ་ཚིག་གསུམ ་སྔགས་ཀྱིས། །ཞེས་བྱ་བ་ལ་སོགས་པ་ལ། མཐུ་དང་ལྡན་པས་ཡི་གེ་སུམ་བརྒྱ་རྩ་བརྒྱད་མངོན་པར་བཟླས་པའི་ཡུངས་ཀར་དཀར་པོ་རྣམས་ཀྱིས་དེ་ཉིད་བརྗོད་ཅིང་དཀྱིལ་འཁོར་བའི་ལྷའི་འཁོར་ལོ་གདབ་པར་བྱ་བ་འམ། བདག་ཉིད་སྟེ་དེ ་བཞིན་གཤེགས་པ་ལ་སོགས་པ་དཀྱིལ་འཁོར་པ་རྣམས་དང། ནམ་མཁའ་ཨི་དབྱིངས་ན་བཞུགས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཞུ་བར་གྱུར་པའི་ཡེ་ཤེས་ཀྱི་བདུད་རྩིས་གང་པའི་བུམ་པ་ཕྱག་ན་བསྣམས་པ་རྣམས་ཀྱི་ཇི ་སྐད་བཤད་པའི་བུམ་པ་རྣམས་ལ་འདེབས་པར་མཛད་པ་སྟེ། ཡི་གེ་གསུམ་གྱིས་བསྐུལ་བའི་དབང་གིས་བདག་ཉིད་དབང་བསྐུར་བར་མཛོད་དོ། །ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་དཔའ་ཨི་ཏིང་ངེ་འཛིན་གྱིས་ཞེས་བྱ་བ་ནི ་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས་སོ། །སངས་རྒྱས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དམ་ཚིག་མཆོག་རྣམས་ཀྱིས་ཞེས་བྱ་བ་ནི། འཕགས་མ་སྤྱན་ལ་སོགས་པ་ལྷ་མོ་རྣམས་ཀྱིས་སོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། དཀྱིལ ་འཁོར་གྱི་བདག་པོ་གང་ཡང་རུང་བའི་རྣལ་འབྱོར་དང་ལྡན་པས་བུམ་པའི་ནང་ན་བཞུགས་པའི་སངས་རྒྱས་ཐམས་ཅད་ཐབས་དང་ཤེས་རབ་ཀྱི་བདེ་བ་ཆེན་པོའི་མེས་མར་གྱི་བུམ་པ་བཞིན་དུ་ཞུ་ནས། ཡེ་ཤེས་ཀྱི་བདུད་རྩིའི ་རྣམ་པར་ཡོངས་སུ་གྱུར་པར་བལྟས་ལ། འཕགས་མ་སྤྱན་ལ་སོགས་པ་ལྷ་མོའི་ཚོགས་ཀྱིས་བཟུང་པའི་བུམ་པ་དེ་རྣམས་ཀྱིས་དཀྱིལ་འཁོར་གྱི་བདག་པོའི་རྣལ་འབྱོར་དང་ལྡན་པའི་སློབ་མ་ལྷའི་འཁོར་ལོ་མ་ལུས་པ་བཀོད་པ་ལ་སྐུ ་ལ་སོགས་པ་བྱིན་གྱིས་བརླབ་པ་ཡང་བྱས་ལ་དབང་བསྐུར་བར་བྱའོ། །དེ་ཉིད་བསྟན་པའི་ཕྱིར་རྡོ་རྗེ་རྣམ་པར་སྣང་མཛད་བསམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བློ་བརྟན་པ་སྟེ་སློབ་དཔོན་གྱི་སྐུའི་དཀྱིལ་འཁོར་དུ་དབང་བསྐུར་བའི ་ཕྱིར་སློབ་མ་སྐུའི་དཀྱིལ་འཁོར་གྱི་བདག་པོར་བསམ་པའོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པས་ནི། བུམ་པ་ལ་སོགས་པའི་དབང་བསྐུར་བའི་དུས་སུ་བརྗོད་པར་བྱ་བའི་ཚིགས་སུ་བཅད་པ་གསུངས་ཏེ། དབང་བསྐུར་བ་ནི་བཤད ་ཟིན་ཏོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སེམས་ཅན་རྣམས་ཀྱི་རྒྱུད་ལ་འཕོ་བར་གྱུར་པར་བྱེད་པས་ན་འཁོར་ལོ་ཆེན་པོའོ། །དེ་ཉིད་ཀྱི་ཕྱིར་ཁམས་གསུམ་པའི་སེམས་ཅན་རྣམས་ཀྱིས་ཕྱག་བྱས་པའོ། །ཇི་སྐད་བཤད་པའི་སྐུ་དང་གསུང་དང ་ཐུགས་གསང་བའི་བདག་ཉིད་ཅན་ཡིན་པའི་ཕྱིར་གསང་བ་གསུམ་མོ། །ཡང་དག་པར་སྦྱོར་བ་ལས་བྱུང་བ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་ལས་བྱུང་བའོ། །སངས་རྒྱས་ཀུན་པ་སྦྱིན་པར་བྱ་ཞེས་བྱ་བ་ནི་སངས་རྒྱས་ལ་སོགས་པར་དམིགས་པའི་སློབ ་མ་རྣམས་ལའོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པས་ནི་དབང་བསྐུར་བའི་དོན་དུ་སློབ་མས་གསོལ་བ་གདབ་པར་བྱ་སྟེ། བྱང་ཆུབ་རྡོ་རྗེས་ཞེས་བྱ་བ་ནི་རིག་མ་དང་ཡང་དག་པར་ལྡན་པའི་བདེ་བ་ཆེན་པོས་སོ། །སངས་རྒྱས་ལ་ཞེས་བྱ ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ལའོ། །མཆོད་ཆེན་ནི་དབང་བསྐུར་པའོ། །ཇི་ལྟར་སྩལ་པ་བཞིན་ཞེས་བྱ་བ་ནི། རྣམ་པ་ཇི་ལྟ་བུར་རོ། །བདག་ཀྱང་མངོན་པར་གདོན་པའི་དོན་དུ་རྣམ་པ་དེ་ཁོ་ན་བཞིན་དུ། ཀྱེ་ནམ་མཁའ་ཨི ་རྡོ་རྗེ་བདག་ལ་སྩོལ་ཅིག་ཅེས་བྱ་བའི་དོན་ཏོ། །ཐུགས་ཀྱི་དཀྱིལ་འཁོར་ལས་གསོལ་བ་གདབ་པ་ལ་སོགས་པ་གོ་རིམ་བཞིན་དུ་བཤད་ཟིན་པས་དེའི་ཕྱིར་ཡང་བརྗོད་པར་མི་བྱའོ། །གཞན་ནི་གོ་སླའོ། །ལྷའི་གཟུགས་ཀྱི་སྦྱོར་པ ་ཡིས། ཞེས་བྱ་བ་ལ་སོགས་པས་ནི་ཇི་སྐད་བཤད་པའི་སློབ་མའི་སྙིང་གར་སྙོམས་པར་འཇུག་པས་བཞུགས་པའི་རང་གི་བདག་པོ་བསམ་པར་བྱའོ། །སྔགས་ཀྱི་ཡི་གེའི་ཚིག་བྱིན་ལ། ཞེས་བྱ་བ་དེའི་མིག་ལ་ཡི་གེ་ཨོཾ་ཡེ་ཤེས ་འབར་བ་དང། དཔྲལ་པར་ཡི་གེ་རི་བསམས་ལ། ཡི་གེ་ལྔས་མིག་དབྱེ་ཞིང་དཀྱིལ་འཁོར་བསྟན་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཐུགས་ཀྱི་དཀྱིལ་འཁོར་ལ་བཤད་པའི་ཆོ་ག་བཞིན་དུ་སློབ་མ་འདུས་བྱ་བ་སྔོན་དུ ་འགྲོ་བ་ཅན་གྱི་དམ་ཚིག་དང་སྡོམ་པ་བཟུང་བར་ཁས་ལེན་པར་བྱེད་དུ་བཅུག་སྟེ། ཕྱག་བཞི་བྱ་བ་ལ་སོགས་པ་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་ཐུག་པའི་རྗེས་ཐོགས་ལ། གསང་བའི་དབང་བསྐུར་པ་བྱིན་པའི་དུས་སུ་དམ ་ཚིག་དང་སྡོམ་པ་དབོག་པར་བྱའོ། །རྡོ་རྗེའི་ལམ་ཞེས་བྱ་བ་ནི་མི་ཕྱེད་པའི་གོ་འཕང་ཐོབ་པར་བྱེད་པའོ། །འདི་དག་གིས་ཞེས་བྱ་བ་ནི་བཤད་མ་ཐག་པ་ཡིས་སོ། །བསྐུལ་བར་བྱ་ཞེས་བྱ་བ་ནི་དེའི་སྣོད་དུ་རུང་བར་ངེས་པར་སྦྱར་བར་བྱའོ། །འདི་ནི ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་པར་ཟད་དོ། །སྔགས་ཀྱི་བསྐུལ་བ་ཞེས་བྱ་བ་ལ་སོགས་པས་ནི་གསང་བ་ལ་སོགས་པའི་དབང་བསྐུར་པའི་ཐ་མར། ད་ནི་དཀྱིལ་འཁོར་སློབ་དཔོན་ཞེས་བྱ་བ་ལ་སོགས་པ་ཡིད་དུ་འོང་པ་བརྗོད་པའི་རྗེས་ཐོགས ་པ། བསྐྱེད་པ་དང་རྫོགས་པའི་རིམ་པ་གང་ཡང་རུང་བའི་ཏིང་ངེ་འཛིན་བསྒོམ་པ་སྦྱིན་པ་སྔོན་དུ་འགྲོ་བ་ཅན་གྱི་དཀྱིལ་འཁོར་དུ་བཟླས་པ་བྱས་ལ། བཅོམ་ལྡན་བདག་གིས་སྩལ་ལགས་ཀྱིས། ཞེས་བྱ་བ་ལ་སོགས་པ་སྔགས་བསྐུལ ་པ་བརྗོད་པའི་སྒོ་ནས་སྔགས་སྦྱིན་པ་བསྟན་ཏོ། །གསང་བ་ཞེས་བྱ་བ་ནི་གསང་བའི་དབང་བསྐུར་པའོ། །བརྩམ་པར་ཞེས་བྱ་བ་ནི་མན་ངག་སྦྱིན་པ་ལ་སྔོན་དུའོ། །རྡོ་རྗེ་བློ་ཅན་ཏེ་མི་ཕྱེད་པའི་བློ་དང་ལྡན་པ་ཐེ་ཙོམ་མེད་པའི་སློབ་མ ་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་དུ་བཅུག་ལ། སྔར་མངོན་པར་འདུས་བྱས་ཤིང་དུང་ཕོར་ཆེན་པོ་ན་གནས་པའི་བདུད་རྩི་ལྔ་ཡི་གེ་ཨོཾ་གྱི་འབར་བ་ལས་བྱུང་བར་བསམས་ནས་ཟར་གཞུག་གོ་། རྣམ་པ་འདི་གཞི་གསང་ཆེན་ཏེ། ཞེས ་བྱ་བ་ནི་མཱ་མ་ཀཱི་ལ་སོགས་པ་ལྷ་མོ་བཞིའོ། །དེ་ཉིད་ཀྱི་ཕྱིར་མི་བསྐྱོད་པ་ལ་སོགས་པ་རྣམས་དང་འབྲེལ་པ་ཡིན་ཞིང། ཉན་ཐོས་ལ་སོགས་པ་རྣམས་བསྟན་པར་མི་བྱ་བ་ཡིན་ནོ། །དེ་ཉིད་ནི་སྔགས་ཀྱི་འཁོར་ལོ་བུད་མེད ་གཟུགས་བྱ་བས་རྣམ་པར་འགྲེལ་ཏེ། རང་གི་རིགས་ཀྱི་དཀྱིལ་འཁོར་རྣམས་ན་བདག་པོར་གྱུར་པའི་ལྷ་མོའི་གཟུགས་འགྲོ་བ་མ་ལུས་པའི་དོན་བྱ་བའི་སྤྱོད་པས་རྣམ་པར་གནས་པ་རྣམས་སོ་ཞེས་བྱ་པའི་དོན་ཏོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པS ་ནི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་མཉེས་པར་བྱ་བའི་གསང་བ་གསུངས་སོ། །གླང་པོའི་ཤ་ལ་སོགས་པ་བདག་ཉིད་ཀྱང་བཟའ་ཞིང་ལྷ་རྣམས་ལ་ཡང་དབུལ་པར་བྱའོ། །དེ་ལྟར་བྱས་ན་ཇི་སྐད་བཤད་པའི་བཀའ་བཞིན་བྱེད་པ་ལ་མགོན ་པོ་སྟེ་དཀྱིལ་འཁོར་གྱི་བདག་པོ་ཐམས་ཅད་མཉེས་པར་འགྱུར་རོ། །ཡིད་ཆེས་པ་མེད་པའི་དབང་དུ་བྱས་ནས། ཡིད་ཆེས་བྱ་བ་ལ་སོགས་པ་གསུངས་ཏེ། བཤད་གཅི་ཞེས་བྱ་བ་ལ་སོགས་པས་ནི། མཐུ་ཐོབ་པའི་སློབ་དཔོན་གྱིས ་སྔར་མངོན་པར་འདུས་བྱས་པའི་བདུད་རྩི་ལྔ་ལ། རྡོ་རྗེ་གསང་བའི་ཚིག་ཡི་གེ་ཨོཾ་གྱིས་འབར་བ་ལྔས་ཁྱབ་པར་བསམས་ན་ཇི་སྐད་བཤད་པ་བཞིན་དུ་འགྱུར་པར་བསྟན་ཏོ། །གཞན་ནི་བཤད་ཟིན་ཏོ། །ཇི་སྐད་བཤད་པའི་ཆོ་ག་བཞིན་དུ ་དབང་བསྐུར་བའི་སློབ་མ་རྣམས་ལ་དངོས་གྲུབ་ཐམས་ཅད་སྒྲུབ་པ་ཉེ་བར་བསྟན་པར་བྱ་བ་ཡིན་པས་དེའི་ཕྱིར་དངོས་གྲུབ་ཅེས་བྱ་པ་ལ་སོགས་པ་གསུངས་ཏེ། དངོས་གྲུབ་ཐམས་ཅད་ཅེས་བྱ་བ་ནི། མི་སྣང་བ་ལ་སོགས་པའི་དངོས་གྲུབ ་རྣམས་སོ། །དམ་ཚིག་ཆེན་པོ་ནི་ལྷ་ཐམས་ཅད་ཀྱི་བདག་ཉིད་ཅན་གྱི་དཔལ་རྡོ་རྗེ་སེམས་དཔའ་སྟེ། དེའི་སྒྲུབ་པ་ནི་དམ་ཚིག་ཆེན་པོ་སྒྲུབ་པའོ། །སངས་རྒྱས་བྱང་ཆུབ་ཉིད་ཀྱང་ཞེས་བྱ་བ་ནི། རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་འབྲས་བུ་ཡང་དོ། ་ནན་ཏན་དུ་ནི་བསྒྲུབ་པར་བྱ། ཞེས་བྱ་བ་ནི་གཡེང་བ་མེད་པའི་རྣལ་འབྱོར་གྱིས་སོ། །མི་སྣང་བ་ནི་བཤད་ཟིན་ཏོ། །སྟོབས་ནི་མངོན་པར་འདོད་པའི་དོན་སྒྲུབ་པའི་མཐུ་ཉིད་དོ། །བརྩོན་འགྲུས་ནི་ཉིན་དང་མཚན་དུ་རྩོམ་པའོ། །རྡོ་རྗེ་དགུག་པ་བཤད ་ཟིན་ཏོ། །དེ་ནི་ཉེ་བར་མཚོན་པ་ཡིན་ཏེ། མངོན་པར་ཤེས་པ་ལ་སོགས་པ་དངོས་གྲུབ་ཐམས་ཅད་དཀྱིལ་འཁོར་དུ་ཞུགས་ཤིང་དབང་བསྐུར་བ་མན་ངག་ཐོབ་པའི་དཀྱིལ་འཁོར་སྒོམ་པ་པོས་བསྒྲུབ་པར ་འགྱུར་རོ་ཞེས་བྱ་བའི་དོན་ཏོ་།མཚན་མ་ཐོབ་པས་རྣལ་འབྱོར་པས་བཤད་གཅི་དང་ཤ་ཆེན་ཆ་མཉམ་པར་བྱས་ཏེ། ཁམ་པོར་ཁ་སྦྱར་དུ་བཞག་ལ་ཡི་གེ་གསུམ་གྱིས་མངོན་པར་འདུས་བྱས་ཏེ། དེ་ཉིད་དང་རང་གི་སྔགས་བཟླས་ན་ཇི་སྐད ་བཤད་པ་བཞིན་དུ་འགྱུར་རོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པས་ནི་ཕྱག་ན་རྡོ་རྗེ་ལ་སོགས་པའི་གཟུགས་ཅན་གྱི་སྔགས་གཞུག་བསྒྲུབ་པོ་གསུངས་ཏེ། ཧྲཱི་ནི་འབར་བ་འོད་བཟང་པོའོ་ཞེས་བྱ་བ་ནི་འོད་ཟེར་སྔ་འབར་པའོ། །ནམ་མཁའ་རྡོ་རྗེའི ་དབུས་སུ་ཞེས་བྱ་བ་ནི། བཙུན་མོའི་པདྨའི་དབུས་སུའོ། །ནམ་མཁའ་ཨི་ཁམས་ཞེས་བྱ་བ་ནི་ནམ་མཁའ་ཨི་དབྱིངས་སོ། །གཞན་ནི་ཤེས་པར་ཟད་དོ། །དེའི་སྐུ་གསུང་ཐུགས་ཀྱི་གནས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་རྣམས་དང་འབྲེལ་པའོ། ། ་དེར་ནི་སྔགས་ཀྱི་གདབ་པར་བྱ་ཞེས་བྱ་བ་ནི། ཡི་གེ་ཧི་ལའོ་སྐུ་དང་གསུང་དང་ཐུགས་ཀྱི་སྔགས། རྡོ་རྗེ་བྱིན་གྱིས་བརླབ་པའི་ཚིག། ཅེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུངས་དང་ཐུགས་ཀྱི་རང་བཞིན་ནོ། །ཱ་ཁཾ་དྷཱི ་ཞེས་བྱ་བ་ཡི་གེ་གསུམ་ནི་དེས་མཚན་པའི་སྒོ་ནས་ཕྱག་ན་རྡོ་རྗེ་ལ་སོགས་པའི་གཟུགས་ཅན་གྱི་མདག་གཞུག་པ་བསྐྱེད་པའི་རྒྱུ་ཡིན་ཞིང། མདག་གཞུག་པའི་གཟུགས་སུ་གྲུབ་པའི་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པ་ཡང་དེ ་ཉིད་ཀྱིས་བྱའོ།། གསང་བའི་གནས་བཞག་གོ་།ཞེས་བྱ་བ་ལ། ཕྱག་ན་རྡོ་རྗེའི་གཟུགས་ཅན་གྱི་མངག་གཞུག་པའི་མགོ་ལ་ནི་?་ཉི་མའི་དཀྱིལ་འཁོར་ལ་གཞུག་པའི་མི་བསྐྱོད་པ་ཇི་ལྟ་བ་བཞིན་དུ་བསམ་པར་བྱའོ། །དེ་བཞིན་དུ ་ཕྱག་ན་པདམོའི་གཟུགས་ཅན་གྱི་མགོ་ལ་འོད་དཔག་ཏུ་མེད་པ་དང། དེ་བཞིན་དུ་གཞན་གྱི་མཐུབ་པའི་གཟུགས་ཅན་གྱི་སྤྱི་བོར་ནི་རྣམ་པར་སྣང་མཛད་བསམ་པར་བྱའོ། །དེ་ཉིད་ནི་ཉི་མའི་དཀྱིལ་འཁོར་དབུས་གནས་པར་ཞེས་བྱ་བ་ལ་སོགས་པས ་བསྟན་ཏོ། །ཐམས་ཅད་སྙིང་པོས་བསྐུལ་བར་བྱ། ཞེས་བྱ་བ་ནི། ཇི་སྐད་བཤད་པའི་མངག་གཞུག་པ་རྣམས་སོ། །འོད་ཆེན་ཞེས་བྱ་བ་ནི་དེ་རྣམས་ཁོ་ན་ལའོ། །སྡུག་བསྔལ་ཆེན་པོ་ཡིས་བྱ་བ་ནི་འཆད་པར་འགྱུར་བ་རྣམས་ཀྱིས་སོ། །དེ་ལ་འདི་ནི ་ཞེས་བྱ་བ་ལ་སོགས་པས་ནི་རྡོ་རྗེ་མངག་གཞུག་པ་ཐམས་ཅད་བསྐུལ་པའི་སྙིང་པོ་གསུངས་སོ། །མདུད་རྩེ་ཆེ་ཞེས་བྱ་བ་ལ་སོགས་པའི་ཚིགས་རྣམས་ཀྱིས་ནི་རང་གི་ལག་ན་གནས་པའི་ཡི་གེ་ཨ་ལས་བྱུང་བའི་མདུད་དང་ལྕགས་ཀྱུ་ལ་སོགས ་པ་རྣམ་པ་སྣ་ཚོགས་པ་རྣམས་ཀྱིས་དེ་རྣམས་ཀྱི་ཐུགས་ཀར་གདབ་པ་བསྟན་ཏོ། །ཆོག་འདིས་བསྐུལ་བས་རང་མངོན་པར་འདོད་པའི་མངག་གཞུག་བ་འགྲུབ་པར་འགྱུར་ཏེ། དངོས་གྲུབ་དེའི་སྒོ་ནས་ཕྱིས་རྫོགས་པའི་བྱང་ཆུབ་ཀྱང་འགྲུབ་པར ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཉམས་དགའ་ཞེས་བྱ་བ་ལ་སོགས་པས་ནི་མངག་གཞུག་པ་སྒྲུབ་པའི་གནས་གསུངས་ཏེ་དེ་ནི་ཤེས་པར་ཟད་དོ། །ཟླ་བ་ཕྱེད་ནི་ཚུན་ཆད་ཀྱིས། ཞེས་བྱ་བ་ལ་སོགས་པས་ནི། འདི་སྐད་དུ་བསྟན་པ་ཡིན་ཏེ། ཇི ་སྐད་བཤད་པའི་དམ་ཚིག་དང་སྡོམ་པ་ལ་གནས་པའི་རྣལ་འབྱོར་བ་རྡོ་རྗེ་སེམས་དཔའ་ལ་སོགས་པ་གང་ཡང་རུང་བའི་རྣལ་འབྱོར་དང་ལྡན་པ། ཕྲ་མོའི་རྣལ་འབྱོར་བསྒོམ་པའི་སྒོ་ནས་སེམས་བརྟན་པར་བྱས་པ་འམ། བཟླས་པ་མང་པོ ་སྔོན་དུ་འགྲོ་བ་ཅན་གྱི་ལྷས་རྗེས་སུ་གནང་བའི་སྒོ་ནས་བཟླས་པ་འབུམ་བྱས་པ་ཡང་མདག་གཞུག་པ་བསྒྲུབ་པའི་ཕྱིར་རྗེས་སུ་གནང་བ་ཐོབ་པས། རིལ་སོགས་པའི་གནས་སྔ་མ་བཞིན་མངོན་པར་འདུས་བྱས་པར་སྒྲུབ་ཐབས་ལས་བཤད ་པའི་ཆོ་ག་བཞིན་དུ། དཔལ་རྡོ་རྗེ་སེམས་དཔའ་དང་གསུང་རྡོ་རྗེ་དང་སྐུ་རྡོ་རྗེ་རྣམས་ལས་གང་ཡང་རུང་བའི་རྣལ་འབྱོར་བྱས་ལ། དེ་ཁོ་ན་བཞིན་དུ་རྗེས་སུ་རྣལ་འབྱོར་དང་ཤིན་ཏུ་རྣལ་འབྱོར་མཆོད་པའི་ཆོ་ག་ལ་ཐུག་པ་བྱས་ཏེ ་ལྷ་མོའི་ཆོ་གས་རང་གི་རིག་མའི་པདྨར་བཅུག་ལ། འདོད་ཆགས་ཀྱི་མེས་ཞུ་བས་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་ཡོངས་སུ་གྱུར་པར་བསམ་པར་བྱའོ། །དེ་ནས་ཟླ་བའི་དཀྱིལ་འཁོར་དེ་ལ་ཇི་སྐད་བཤད་པའི་ཡི་གེ་ཧྲཱི་མགོ་གྱེན་དུ་ལྟས་པ ་བསམས་ལ་དེ་ལས་བྱུང་བའི་འོད་ཟེར་ཆོགས་རྣམས་ཀྱི་ནམ་མཁའ་ཨི་དབྱིངས་ཁྱབ་བའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཀུན་ཏུ་རེག་ནས་དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཨཱ་ཁཾ་དྷཱི་ཞེས་བྱ་བ་ཡི་གེ་གསུམ་གྱི་བདག་ཉིད་ཅན་བསྡུས ་ཏེ་ཡི་གེ་ཧྲི་ལ་བཅུག་ལ། དེ་གྱུར་བར་བྱས་ནས། ཕྱག་ན་རྡོ་རྗེ་དང་འཇིག་རྟེན་དབང་ཕྱུག་དང་གཞན་གྱིས་མི་ཐུབ་པ་རྣམས་ལས། གང་ཡང་རུང་བའི་མངག་གཞུག་པའི་གཟུགས་བསྐྱེད་ལ། ཡི་གེ་གསུམ་པོ་དེ་ཉིད་ཀྱིས་དེའི་ལུས་དང ་དག་དང་སེམས་སྐུ་རྡོ་རྗེ་ལ་སོགས་པའི་རང་བཞིན་དུ་བྱིན་གྱིས་བརླབ་སྟེ། དེ་ཉིད་བརྗོད་ཅིང་ཕྱུང་ལ། མདུན་ན་ཐལ་མོ་སྦྱར་ཏེ་འདུག་པར་བསམས་ཏེ། དེའི་མགོ་བོར་གསང་བའི་གནས་བསམ་ལ། ལག་པ་ན་གནས་པའི་མདུང ་ལ་སོགས་པ་ཇི་སྐད་བཤད་པ་རྣམས་ཀྱིས་མངག་གཞུག་པའི་སྙིང་གར་གདབ་ཅིང་ཐུན་བཞིར་བསྒོམས་ན། གདོན་མི་ཟ་བར་ཟླ་བ་ཕྱེད་ཀྱིས་ཚུན་ཆད་ཁོ་ནས་མངག་གཞུག་པ་འགྲུབ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རི་རབ་སུམ་ཅུ ་རྩ་དྲུག་གི་ཞེས་བྱ་བ་ལ་སོགས་བ་ནི་གོ་སླའོ། །འདའ་བར་བྱ་བ་མ་ཡིན་ཞིང་མི་ཕྱེད་པའི་མདག་གཞུག་པ་སྟོན་པར་མཛད་པའི་ཕྱིར་དམ་ཚིག་རྡོ་རྗེ་བཞད་པ་ཆེན་པོ་སྟེ་དཔལ་རྡོ་རྗེ་སེམས་དཔའ་ཨོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པས་ནི ་དཀྱིལ་འཁོར་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པ་གང་ཡང་རུང་བའི་རང་བཞིན་ཅན་གྱི་བདག་ཉིད་དགོད་པ་དང། མདག་གཞུག་པ་བསྐྱེད་པའི་གཟུགས་སུ་བསྐྱེད་པའི་ལུས་དང་ངག་དང་སེམས་ལ་རྣམ་པར་དགོད་པ་ཡང་བྱས་ལ་བསྐུལ་བར་བྱའོ ་ཞེས་བསྟན་པ་ཡིན་ནོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པས་ནི་སྦྱོར་བ་གཞན་གསུངས་ཏེ། མི་ཕྱེད་པའི་མེ་ལོང་ལྟ་བུ་ལ་སོགས་བའི་ཡེ་ཤེས་ལྔའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་ནི་རྡོ་རྗེ་ཡེ་ཤེས་འཁོར་ལོ་སྟེ། དེར་མདག ་གཞུག་བ་སྒྲུབ་པ་འདའ་བར་མི་བྱ་བའི་དོན་ཤེས་ཤིང་རྟོགས་པར་བྱེད་པས་ན་དམ་ཚིག་གི་ཆིག་གོ་།དེ་ནི་རྣམ་པ་བཞི་སྟེ། དམ་ཚིག་བསྐུལ་བ་ཞེས་བྱ་བ་ནི་ཡི་གེ་ཨ?་ལས་བྱུང་བའི་ལྕགས་ཀྱུ་འབར་བ་ལ་སོགས་པ་རང་གི་ལག་ན་གནས ་པ་རྣམས་ཀྱི་སྙིང་གར་གདབ་ཅིང་ཨཱ་ཁཾ་དྷཱི་ཞེས་བྱ་བ་བརྗོད་པས་བསྐུལ་བའོ། །དམ་ཚིག་གཏོང་བ་ཞེས་བྱ་བ་ནི་ཁྲོ་ཞིང་སྔོ་ལ་འབར་བའི་སྐུ་ཅན་གྱི་དེ་བཞིན་གཤེགས་པ་ཐམས་ཅད་སྤྲོས་ལ། དེ་རྣམས་ཀྱིས་ཡན་ལག་ཐམས་ཅད་གང་བར་ཡང ་དང་ཡང་དུ་བསམ་པའོ། །དམ་ཚིག་བོད་པ་ནི་དངོས་གྲུབ་ཀྱི་དོན་དུ་སྔགས་བརྗོད་པས་ཡིད་སྔོན་དུ་འགྲོ་བ་ཅན་གྱི་བསྐུལ་བའོ། །དམ་ཚིག་བཅིང་བ་ནི་གྲུབ་པའི་མངག་གཞུག་པའི་རང་གི་བསྒོ་བ་ལ་ངེས་པར་སྦྱར་བའོ། །མཁའ་དབྱིངས་རྒྱ ་ཆེན་ཞེས་བྱ་བ་ལ་སོགས་པས་ནི། དངོས་པོ་མེད་པ་ཡང་གཟུགས་ཅན་དུ་བྱེད་དོ་ཞེས་ཕུལ་དུ་བྱུང་བ་བསྟན་པའི་སྒོ་ནས་སྒྲུབ་པ་པོ་རྣམས་ཡིད་ཆེས་པར་བྱ་བ་ཉིད་གསུངས་སོ། །བཅོམ་ལྡན་འདས་གང་ལ་སངས་རྒྱས་ཐམས་ཅད་བུ ་གཅིག་པ་དང་འདྲ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་བ་འམ། སངས་རྒྱས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱིས་བསྐྱེད་པ་ཉིད་ཡིན་པའི་ཕྱིར་རོ། །ད་ནི་འཕགས་པ་འཇམ་དཔའ་ཨི་རྡོ་རྗེའི་རྣལ་འབྱོར་གྱིས་དབང་དུ་བྱ་བ་སངས་རྒྱས་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ་གོ་སླའོ། །རྡོ་རྗེ་འཇམ་པ་སྟོབས་པོ་ཆེ། །ནམ་མཁའ་རྡོ་རྗེ་དབུས་སུ་བསམ། །ཞེས་བྱ་བ་ནི། ཇི་སྐད་བཤད་པའི་ཆོས་འབྱུང་གི་ནང་དུ་ཆུད་པའི་རང་གི་དཀྱིལ་འཁོར་གྱི་དབུས་སྣ་བདུག་པའི་པདྨ་དམར་པོའི་སྟེང་གི་ཟླ ་བ་ལ་བཞུགས་པའི་འཇམ་བའི་རྡོ་རྗེ་སྐུ་མདོག་དམར་དེ?་ཆགས་པའི་བསམ་པ་ཅན། དེའི་རང་བཞིན་ཅན་གྱི་ལྷའི་འཁོར་ལོས་ཡོངས་སུ་བསྐོར་བར་སྒྲུབ་ཐབས་ཀྱི་ཚུལ་བཞིན་དུ་བསམ་པར་བྱའོ། །མངའ་ལྡའི་སྦྱོར་བ་དག་གིས་ནི་།ཞེས་བྱ་བ་ལ། མངའ་ལྡའི་སྦྱོར་བ་ནི་?་དང་།ལྷན་ཅིག ་སྦྱོར་བ་དེ་འཛིན་པར་བྱེད་པས་ན་མདའ་ལྔའི་སྦྱོར་བ་སྟེ་དེ་ཡིས་སོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། མྱོས་པར་བྱེད་པ་དང། རྨོངས་པར་བྱེད་པ་དང། གདུང་བར་བྱེད་བ་དང། བརྒྱལ་བར་བྱེད་པ་དང། མི་འགུལ་བར་བྱེད་བའི་རང་བཞིན་ཅན། ཡི་གེ་མ ་ལས་བྱུང་བ། ཁ་དོག་དམར་པོ་སྟོང་གི་ཆ་ཡི་གེ་ཨོཾ་གྱིས་མཚན་པ། སྨྱུག་མའི་ཆ་ཡི་གེ་ཨཱ་ཡིས་མཚན་པ། ཡི་གེ་ཧཱུཾ་གིས་མཚན་པའི་ཨུཏཔ་ལ་དམར་པོ་ཁ་མ་བྱེ་བ་ལྟ་བུའི་མདེའུའི་ཆ་དང་ལྡན་བའི་མདའ་ལྔས་སྣ་རྩའི་བར་དུ་བཀའ་བའ་ཨི་གཞུ། ་བསྣམས་པའི་འཕགས་པ་གཤིན་རྗེ་མཐར་བྱེད་སྐུ་མདོག་དམར་པོ་རྗེས་སུ་ཆགས་པའི་བསམ་པ་དང་ལྡན་པ། བྱིས་པའི་གཟུགས་ཅན་རྣམས་རང་གི་སྤྱི་བོ་ན་བཞུགས་པའི་འོད་དཔག་ཏུ་མེད་པ་དང་ཡང་དག་པར་སྦྱོར་བ་ལས་སྤྲོ་བར་བྱའོ། ་གནས་ལྔ་དག་ཏུ་ཞེས་བྱ་བ་ནི། སངས་རྒྱས་ལ་སོགས་པ་རྣམས་ཀྱི་མགོ་དང་སྙིང་ག་དང་ལྟེ་བ་དང་གསང་བ་དང་རྐང་བའི་མཐིལ་ལོ། །རྡོ་རྗེ་ཁྲོ་བོས་རབ་ཏུ་དབབ། ཅེས་བྱ་བ་ལ་རིགས་བརྗོད་བར་འདོད་པའི་སྒོ་ནས་གཅིག་གི་ཚིག ་ཅན་དུ་བྱས་ཏེ། །དེས་ན་ཇི་ལྟ་བ་བཞིན་དུ་སྤྲོས་པའི་འཕགས་པ་གཤིན་རྗེ་གཤེད་རྣམས་ཀྱིས་ཇི་སྐད་བཤད་པའི་མདའ་རྣམས་ཀྱི་གོ་རིམ་བཞིན་དུ་བཤད་མ་ཐབ་པའི་གནས་རྣམས་སུ་དབུག་པར་བྱའོ། །ཞེས་བྱ་བྱའི་དོན་ཏོ། སྔགས ་ཤིང་བརྒྱལ་བར་བསྒོམས་པ་ནི། །ཞེས་བྱ་བ་ནི་རང་གིས་བཤད་པའི་དམ་ཚིག་ལས་འདས་པའི་འཇིགས་པས་སྔགས་ཤིང་གནས་སྐབས་དགུ་པ་ཐོབ་བའོ། །བྱིས་པའི་བློ་ནི་གྲགས་ཆེན་གྱིས། ཞེས་བྱ་བ་ལ་སོགས་པ་འཕགས་པ་འཇམ་དཔལ་གྱི་ཅད་པན ་ལས་བྱུང་བའི་འཕགས་པ་གཤིན་རྗེ་གཤེད་རྣམས་ཀྱིས་སོ། །བསམ་གཏན་ཞེས་བྱ་བ་ལ་སོགས་པས་ནི་སེམས་བརྟན་པ་ལ་སོགས་པ་སྔ་མ་བཞིན་དུ་བསྟན་ཏོ། །གསང་བ་བསྐུལ་བ་དག་ཏུ་ཞེས་བྱ་བ་ནི་བཤད་མ་ཐག་པ་རྣམས་སུའོ། །སྔགས་རྣམས ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །མི་བྱེད་པའི་ངེས་པར་འབྱེད་པའི་ཤེས་རབ་ཀྱི་འབྲས་བུ་?་བའི་རྡོ་རྗེའི་ཏིང་འཛིན་སྟོན་པར་མཛད་པས་ན་རྡོ་རྗེ་དོན་གྱི་བློ་སྟེ་དཔལ་རྡོ་རྗེ་སེམས་དཔའ་དེ་ཡིས་སོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ནི་ཉེ་བར་མཚོན་པ ་ཡིན་ཏེ། སེམས་ཅན་རྣམས་ཀྱི་ཏིང་ངེ་འཛིན་དེ་ཉིད་ཀྱི་སྒོ་ནས་དབང་དུ་བྱའོ། །ཐུགས་རྡོ་རྗེའི་རྣལ་འབྱོར་ཀྱིས་ཀྱང་དབང་དུ་བྱ་བ་སྒྲུབ་པ་ཡིན་པས། དེའི་ཕྱིར་དཀྱིལ་འཁོར་ཞེས་བྱ་བ་གསུངས་ཏེ། སངས་རྒྱས་རྣམས་ཀྱི་དཀྱིལ་འཁོར་ནི་སངས ་རྒྱས་དཀྱིལ་འཁོར་ཏེ་དེ་ཉིད་མཆོག་ཡིན་ནོ། །དང་པོའི་རྡོ་རྗེ་རྩེ་ལྔ་པ་དམར་སྐྱ་སྐྱེད་འདི?་སྔཌ་ནི་རྡོ་རྗེ་དེ་སྔཌ་ཏེ། ཡི་གེ་ཧཱུཾ་ཡིན་ཞིང་ཡི་གེ་ཨོཾ་ལ་སོགས་པ་གང་དག་ལ་དེ་ཉིད་སྔོན་ན་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱ་སྟེ་དེ་རྣམས་ཀྱིས་སོ། །རྡོ་རྗེ་གསུམ་ལ ་སོགས་པ་བསྒོམ་ཞེས་བྱ་བས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། ཡི་གེ་གསུམ་ལ་སོགས་པ་རྣམས་ཀྱིས་འཇམ་པའི་རྡོ་རྗེ་བཞིན་དུ་ཐུགས་རྡོ་རྗེ་ལ་སོགས་པ་སྐུ་མདོག་དམར་པོ་རྗེས་སུ་ཆགས་པའི་བསམ་པ་ལ་སོགས་པ་དང་ལྡན་པ་རྣམས་རྣམ ་པར་བསྒོམས་ལ། དེ་ཁོ་ན་བཞིན་དུ་རང་གི་སྤྱི་བོ་ན་བཞུགས་པའི་རང་གི་བདག་པོ་ལས་གནོད་མཛེས་རྒྱལ་པོ་ལ་སོགས་པ་རང་གི་རིགས་ཀྱི་ཁྲོ་བོ་རྣམས་སྤྲོས་ནས་སངས་རྒྱས་ལ་སོགས་པ་རྣམས་དབང་དུ་བྱའོ། །ོཾ་ནི་ཞེས་བྱ་བ་ནི་གདོང ་གཡོགས་དཀྲོལ་པ་ན་མིག་གཉིས་སུ་ཡི་གེ་ཨོཾ་བསམ་ལ། དཀྱིལ་འཁོར་བསྟན་པར་བྱ་བའོ། །ཆོ་ག་བཞིན་དུ་ཞེས་བྱ་བ་ནི་ཀྱེ་རྡོ་རྗེ་ལྟོས་ཤིག་ཅེས་བྱ་བ་ལ་སོགས་པའི་ཆོ་གས་སོ། །སྔགས་རྣམས་ཀུན་གྱི་ཞེས་བྱ་བ་ལས ་སོགས་པ་ལ། སྔགས་རྣམས་ཀུན་གྱིས་ཞེས་བྱ་བ་ནི་ལྷ་ཐམས་ཅད་ཀྱིའོ། །གཟུགས་དག་ཅེས་བྱ་བ་ནི་སྒྱུ་མ་ལྟ་བུ་ལ་སོགས་པ་སྣང་བ་ཙམ་གྱི་སྐུ་བལྟ་བས་ཆོག་མི་ཤེས་པའོ། །དཀྱིལ་འཁོར་བ་གང་དག་ལ་སྐུ་གསུང་དང་རྡོ་རྗེ ་གསུམ་ཡོད་པ་ནི་སྐུ་གསུམ་རྡོ་རྗེ་ཅན་ཏེ་དེ་རྣམས་མཐོང་བའོ། །བཀྲེས་སྐོམ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་ནི་སྒྲུབ་པ་པོ་ལ་སོགས་པ་ལ་ཞུགས་པའི་བཀྲེས་པ་ལ་སོགས་པ་སྤོང་བའི་རྣལ་འབྱོར་གསུངས་ཏེ། གཞན་ནི་གོ ་སླའོ། །དོན་རྣམས་ཐམས་ཅད་འབྱོར་ཅེས་བྱ་བ་ནི། རོ་རྣམ་པ་ཐ་དད་པ་དང་ལྡན་པའི་བསམ་གཏན་གྱི་ཟས་དང། སྐོམ་ལ་སོགས་པའི་འབྱོར་པ་སྒྲུབ་པར་བྱེད་པའོ། །བ་ནི་ཁའི་ནང་དུ་ཞེས་བྱ་བ་ནི། བུམ་པ་བཟང་པོའི་གཟུགས་སེར ་པོ་རང་གི་མཆུ་ལ་མངོན་དུ་ཕྱོགས་པར་རོ། །ོཾ་ནི་ལྕེ་ལ་འདུག་པར་ཞེས་བྱ་བ་ནི་དེའི་རང་བཞིན་དུ་གྱུར་པའི་ལྕེའི་རྣམ་པར་རོ། །བཟའ་པར་བྱ་བ་ཀུན་གྱི་གནས་ནི། བདེ་བ་ཐམས་ཅད་སྟེར་བ་སྒྲུབ་པར་བྱེད་པའོ། །ཡིད་བཞིན་ནོར་བུས? ་བརྒྱན་པ་སྟེ། ཞེས་བྱ་བ་ནི་དེའི་ཁ་ཟླ་བ་ཕྱེད་པ་ལྟ་བུའི་ཁ་གབ་ཀྱི་ཅུང་ཟད་བཀབ་ཅིང། དེའི་ཞབས་ལ་གནས་པའི་རྗེས་སུ་འཇུག་བའི་དབྱངས་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་ཀྱང་རྒྱན་པའོ། །བསམ་གཏན་གྱི ་ཟས་ཉིད་ཡིན་པའི་ཕྱིར་ཞི་བའོ། །བཀྲེས་པ་ལ་སོགས་པ་འཇོམས་པའི་སྡུག་བསྔལ་ཐམས་ཅད་སེལ་བའོ། །མི་ཕྱེད་པའི་ཡེ་ཤེས་ལས་བྱུང་བ་ཉིད་ཡིན་པའི་ཕྱིར་ཡེ་ཤེས་རྡོ་རྗེ་ལས་བྱུང་བའོ། །ཇི་ལྟར་མངོན་པར་འདོད་པའི་ཟས? ་ལ་སོགས་པ་སྒྲུབ་པར་བྱེད་པའི་རྣལ་འབྱོར་སྟོན་པར་མཛད་པས་ན་ཡིད་བཞིན་ནོར་བུ་རྡོ་རྗེ་སྟེ་དཔལ་རྡོ་རྗེ་སེམས་དཔའ་ཨོ། །དེ་བཞིན་གཤེགས་པ་དཔའ་བོ་རྡོ་རྗེའི་ཏིང་ངེ་འཛིན་བསྟན་པའི་ཕྱིར། དེནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། བདུད་བཞི་འཕང་བར་མཛད་པ་དང། མི་ཕྱེད་བའི་དེ་བཞིན་ཉིད་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་ཐུགས་སུ་ཆུད་པའི་ཕྱིར་དཔའ་བོ་ཆེན་པོ་རྡོ་རྗེ་དེ་བཞིན་གཤེགས་པའོ། མི་ཕྱེད་པའི་ཏིང་ངེ་འཛིན་གྱི་རྒྱུ་ཡིན་པས་ན་རྡོ་རྗེ་བསྒོམ ་པའི་ཚིག་གིས་མཆོག་སྟེ། ཡི་གེ་དྷཱི?་ཕྱུང་ངོ། །སངས་རྒྱས་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །རྡོ་རྗེ་སྐུ་གསུམ་སྦྱོར་བ་ཡིས། ཞེས་བྱ་བ་ནི་རྣམ་པར་སྣང་མཛད་བསྐྱེད་པའི་ཚུལ་གྱིས་སོ། །འདི་སྐད་དུ ་བསྟན་པ་ཡིན་ཏེ། ཇི་སྐད་བཤད་པའི་རང་གི་དཀྱིལ་འཁོར་ན་བཞུགས་པའི་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་དང་ལྡན་པས། དེ་ཁོ་ན་བཞིན་དུ་རྗེས་སུ་རྣལ་འབྱོར་ལ་སོགས་པ་ཆོ་ག་ཐམས་ཅད་བྱས་ལ། རང་གི་རིག་མའི་པདྨ་ན ་གནས་པའི་བྱང་ཆུབ་སེམས་ཀྱི་ཟླ་བ་ལ་ཡི་གེ་དྷཱི་རྣམ་པར་བཀོད་དེ། དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་རྣམས་ཀྱིས་ནམ་མཁའ་ཨི་དབྱིངས་ཐམས་ཅད་ཁྱབ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཀུན་ཏུ་རེག་ནས། དེ་བཞིན ་གཤེགས་པ་རྡོ་རྗེ་དཔའ་བོ་ཆེན་པོའི་རྣམ་པར་བསམས་ལ། བསྡུས་ཏེ་ཡི་གེ་དྷཱི་བཅུག་ལ། ཐམས་ཅད་གྱུར་པར་བྱས་ནས་བདག་ཉིད་དེ་བཞིན་གཤེགས་པ་རྡོ་རྗེ་དཔའ་བོ་ཆེན་པོར་བསམ་པར་བྱའོ། །དེ་ཇི་ལྟ་བུ ་ཞེ་ན། རྒྱན་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅུང་ཟད་སེར་བ་རྡོ་རྗེ་འགྱིད་ཞེས་བྱ་བ་ལ། རྩ་བའི་ཞལ་དང་སྐུ་ནི་གསེར་གྱི་མདོག་ཅན་ནོ། །ཞལ་གཡས་པ་དང་གཡོན་པ་ནི་སྔོན་པོ་དང་དཀར ་པོའོ། །ལྷག་མ་ཅོད་པན་དང་རྒྱན་དང་མཚོན་ཆ་དང་གདོན་དང་འོད་རྣམས་ནི་རྣམ་པར་སྣང་མཛད་དང་མཚུངས་པའོ། །ཏིང་ངེ་འཛིན་གང་ལ་ཡི་གེ་དྷཱ?་ལས་བྱུང་བའི་འོད་ཟེར་སྤྲོས་པའི་རླབས་ཀྱི་འཕྲེང་བ་རྣམས་ཀྱིས ་ནམ་མཁའ་ཁྱབ་པའི་དེ་བཞིན་གཤེགས་པ་རྡོ་རྗེ་དཔའ་བོ་ཆེན་པོའི་གཟུགས་ཅན་རྣམས་བསྡུས་ནས། དེ་བཞིན་གཤེགས་པ་རྡོ་རྗེ་དཔའ་པོ་ཆེན་པོར་བསྐྱེད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་མངོན་སུམ་དུ་མཛད་ནས་སོ། །རྡོ་རྗེ་ཆེན་པོ་བསྒོམ་པའི ་ཚིག་ནི་མི་ཕྱེད་ཅིང་ཕུལ་དུ་བྱུང་པའི་ཏིང་ངེ་འཛིན་གྱི་རྒྱུའོ། །འདི་ཞེས་བྱ་ནི་ཐུགས་ལ་གནས་པ་སྟེ། དེ་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ནི་འདས་མ་ཐག་པ་བཞིན་ནོ། །རྡོ་རྗེ་འཆང་ཆེན་པོའི ་ང་རྒྱལ་དང་ལྡན་པས་རང་གི་རིག་མའི་པདྨ་ན་གནས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཉི་མ་ལ་ཡི་གེ་ཙུཾ་ཁ་དོག་དཀར་པོ་རྣམ་པར་བཀོད་ལ། དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་རྣམས་ཀྱིས་ནམ་མཁར་ཁྱབ་པའི་དེ་བཞིན་གཤེགས་པའི་སྤྲིན་རྣམས ་ལ་ཀུན་ཏུ་རག་སྟེ། འཕགས་པ་སྐུལ་བྱེད་མའི་གཟུགས་སུ་ཡོངས་སུ་གྱུར་པར་བྱས་ནས། ཡང་དེ་རྣམས་བསྡུས་ཏེ་རང་གི་ས་བོན་ལ་གཞུག་པར་བྱའོ། །དེ་ནས་དེ་གྱུར་པར་བྱས་ཏེ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པའི་འཕགས་པ་སྐུལ ་བྱེད་མ་བསམས་ལ། ཡི་གེ་ཙུཾ་ཉིད་བརྗོད་ཅིང་ཕྱུང་སྟེ། དེ་འགྲོ་བ་རྣམས་ཞི་བར་བྱེད་དུ་བཅུག་ལ། དེ་བཀུག་སྟེ་རང་གི་ལུས་ལ་བཅུག་ལ། ཐམས་ཅད་གྱུར་པར་བྱས་ནས་བདག་ཉིད་འཕགས་མ་བསྐུལ་བྱེད་མར་བསམ་པར་བྱའོ། །དེ ་ཅི་ལྟ་བུ་ཞེ་ན། རྒྱན་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པ་ཐམས་ཅད་དུ་སངས་རྒྱས་སྤྱན་སྐུ་མདོག་དཀར་པོ་དང་མཚུངས་ཏེ། འོན་ཀྱང་རྩ་བའི་ཕྱག་གཉིས་ན་པར་བུ་དཀར་པོ་བསྣམས་པ་དང། ཉི་མའི ་གདན་དང་འོད་དང་ལྡན་པ་དང། རྡོ་རྗེ་འཆང་ཆེན་པོའི་དབང་བསྐུར་བ་དང་ལྡན་པའོ། །དེ་ཉིད་ནི་རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། བསམས་ལ་ཞེས་བྱ་བས་བསྟན་ཏེ། མགོ་བོའི་སྟེང་དུ་དབང་བསྐུར་བའི་དོན་དུའོ། །སྔགས་ཀྱི་ཚིག་དགོང ་དོ་ཞེས་བྱ་བ་ནི་ཡེ་ཤེས་ལྷ་མོའི་ཐུགས་ཀར་ཟླ་བ་ལ་ཡི་གེ་ཙུཾ་རྣམ་པར་བཀོད་ནས། ཕུང་པོ་བྱིན་གྱིས་བརླབ་པ་ལ་སོགས་པ་སྔ་མ་བཞིན་དུ་བྱའོ། །གང་ལ་ཡི་གེ་ཙུཾ་ལས་བྱུང་བའི་འོད་ཟེར་གྱི་རྡོ་རྗེ་གསུམ་གྱི་བདག་ཉིད་ཅན་གྱི ་འཕགས་མ་བསྐུལ་བྱེད་མ་བསྐྱེད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་སེམས་ཅན་རྣམས་ཀྱི་མངོན་པར་འདོད་པའི་དོན་ལ། མངོན་པར་འདོད་པའི་རྣམ་པ་ནི་བསམ་པ་ཐམས་ཅད་དོ། །དེའི་དོན་གྱི་རྡོ་རྗེའི ་ལོངས་སྤྱོད་ནི་འགྲོ་ལམ་ལུས་པའི་བསམ་པ་ཡོངས་སུ་རྫོགས་པར་བྱེད་ཅིང་མི་ཕྱེད་པའི་འཕགས་པ་ཛམ་བྷ་ལའི་སྐུ་སྟེ། དེ་སྐྱེད་པར་བྱེད་པའི་སེམས་རྩེ་གཅིག་པ་ནི་ཏིང་ངེ་འཛིན་ཡིན་ཞིང། དེ་ལ་སྙོམས་པར་ཞུགས་ནས་སོ། །འཕགས་པ ་ཛམྦུ་ལའི་ཏིང་ངེ་འཛིན་དང། དེའི་དཀྱིལ་འཁོར་སྐྱེད་པའི་ས་བོན་ནི་ཏིང་ངེ་འཛིན་འཁོར་ལོའི་ཚུལ་ལོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པ་སྟེ། དེ་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ། །སངས་རྒྱས་དཀྱིལ་འཁོར་ཞེས་བྱ་བ་ནི་རྡོ་རྗེ ་འཆང་ཆེན་པོའི་དཀྱིལ་འཁོར་ཏེ་དེ་ཉིད་དམ་པའོ། །ནམ་མཁའ་རྡོ་རྗེའི་དབུས་སུ་ཞེས་བྱ་བ་ནི། བཙུན་མོའི་པདྨའི་དབུས་སུའོ། །གནོད་སྦྱིན་ཆེན་པོ་བསྐྱེད་པར་བྱ། ཞེས་བྱ་བ་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། བཙུན་མོའི་ནམ་མཁའ་ཨི་དབྱིངས་སུ་ཡི་གེ ་ཛཾ་གྱི་འཕགས་པ་ཛམྦྷ་ལའི་དཀྱིལ་འཁོར་བསྐྱེད་ལ། དེའི་དབུས་སུ་པདྨའི་སྟེང་གི་ཟླ་བའི་གདན་ལ་བཞུགས་པའི་རྡོ་རྗེ་འཆང་ཀཆེན་པོའི་ང་རྒྱལྡང་ལྡན་པས་དེ་ཁོ་ན་བཞིན་དུ་རྗེས་སུ་རྣལ་འབྱོར་ལ་སོགས་བ་ཆོ་ག་ཐམས་ཅད་བྱས་ཏེ། ་རང་གི་རིག་མའི་པདྨ་ན་གནས་བའི་བྱང་ཆུབ་སེམས་ཀྱི་ཟླ་བ་ལ། ཟླ་ཚེས་དང་ཐིག་ལེ་དང་རྩེ་མོ་འབར་བ་དང་ལྡན་པའི་ཛཾ?་གསེར་གྱིས་བསམས་ལ། དེ་ལས་བྱུང་བའི་འོད་ཟེར་སེར་པོའི་ཚོགས་རྣམས་ཀྱི་ནམ་མཁའ་ཨི ་དབྱིངས་ཁྱབ་པའི་དེ་བཞིན་གཤེགས་པ་རྣམས་ལ་ཀུན་ཏུ་རེག་སྟེ། འཕགས་བ་ཛམྦྷ་ལའི་རྣམ་པར་ཡོངས་སུ་གྱུར་པར་བྱས་ནས་བསྡུས་ནས། ཡི་གེ་ཛི་དེ་ལ་བཅུག་ལ། དེ་གྱུར་པར་བྱས་ནས་འཕགས་པ་ཛི་བྷ་ལར་བསྐྱེད་ལ། ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ཏེ། ཡི་གེ་ཛི་སྙིང་བརྗོད་ཅིང་ཕྱུང་ལ། དེ་རིན་པོ་ཆེ་ལ་སོགས་པའི་ཆར་རྣམས་ཀྱིས་སེམས་ཅན་གྱི་ཁམས་འབྱོར་པ་ཆེན་པོའི་གནས་ལ་འོག་ཏུ་བཅུག་སྟེ། དེ་བཀུག་ནས། རང་གི་ལུས ་ལ་བཅུག་སྟེ་བདག་ཉིད་འཕགས་པ་ཛི་བྷ་ལར་བསམ་པར་བྱའོ། །དེ་ནས་བཤད་མ་ཐག་པ་བཞིན་རིག་མའི་པདྨའི་ཟླ་བ་ལས་ཡི་གེ་ཛི་ལས་བྱུང་བའི་འཕགས་པ་ཛི་གྷ་ལ་ས་བོན་གསུམ་གྱི་མཚན་པ་ཕྱུང་ལ། མདུན་ན་འདུག ་བའི་པདྨའི་སྟེང་གི་ཟླ་བའི་གདན་ལ་མངོན་དུ་ཕྱོགས་པར་གནས་པར་བསམས་པར་བྱའོ། །དེ་ནས་རང་གི་ལག་པ་གཡོན་པ་ལ། ཡི་གེ་ཨ་དང་པཾ་དག་ལས་པདྨ་དང་ཟླ་བ་དག་བསམས་ཏེ། དེ་ལ་ཇི་སྐད་བཤད་པའི་ཡི་གེ་ཛཾ་རྣམ ་པར་བཀོད་ལ། དེ་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་འཕགས་པ་ཛཾ་བྷ་ལའི་རྣམ་བ་ཅན་གྱི་དེ་བཞིན་གཤེགས་པ་ཐམས་ཅད་བསྡུ་བ་དང་གཞུག་པའི་སྒོ་ནས་འཕགས་པ་ཛཾ་བྷ་ལར་བསྐྱེད་པར་བྱའོ། །དེ་ཇི་ལྟ་བུ་ཞེ་ན། ཞི་བ ་གནོད་སྦྱིན་གཟུགས་འཛིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ?་བོང?་ཐུང་ཞིང་གསུས་པ་ཆེ་བ། ཞལ་གསུམ་པ་ཕྱག་དྲུག་བ། སྐུ་མདོག་སེར་པོ། ཞལ་གཡས་པ་དང་གཡོན་པ་སྔོན་པོ་དང། དཀར་པོ་མངའ་བ། འཕགས ་མ་ནོར་འཛིན་མ་དང་སྙོམས་པར་ཞུགས་པ། རྡོ་རྗེས་མཚན་བའི་ས་བོན་གྱིས་གང་བའི་འབྲས་བུ་དང་བཅས་པའི་གཡས་པའི་རྩ་བའི་ཕྱག་གི་འཁྱུད་པ་དྲི་ལ་བུས་ན་ཚན་པའི་ནིའུ?་ལེ་དང་བཅས་པའི་གཡོན་པས་རིག་མའི་ནུ་མ་གཡོན་པ་འཛིན་? ་གཡས་པ་དག་ན་འཁོར་ལོ་དང་པདྨ་བསྣམས་པ། གཡོན་པ་དག་ན་ནོར་བུ་དང་རལ་གྲི་བསྣམས། རལ་པའི་ཅོད་པན་དང་ལྡན་པ། ཞིབ་རྡོ་རྗེ་འཆང་ཆེན་པོའི་དབང་བསྐུར་བ་དང་ལྡན་པ་པདྨའི་སྟེང་གི་ཟླ་བའི་གདན་ལ་སྐྱིལ་ཀྲུང་ཕྱེད་བས་བཞུཌ་གཞབས་གཡས་བ་བུཾ?་པ་བཟང ་པོ་ལ་བཞག་པའོ། །ནོར་འཛིན་མ་ཡང་དེ་དང་འདྲ་སྟེ། འོན་ཀྱང་གཡས་དང་གཡོན་པའི་རྩ་བའི་ཕྱག་དག་ན་མཆོད་སྦྱིན་དང་འབྲས་ཀྱི་སྙེམ་བསྣམས་བ། བགེག་བའི་སྐུ་ཅན། མེ་ཏོག་སྣ་ཚོགས་བཅིངས་པའི་དོ་ཀེར་ཅན། དཀོན ་མཆོག་དཔལ་གྱི་དབང་བསྐུར་བ་དང་ཡང་ལྡན་པའོ། །སངས་རྒྱས་ལྔ་ཡི་ཆོ་ག་ཡིས། །གནས་ལྔ་དག་ཏུ་རྣམ་བསྒོམ་བྱ། ཞེས་བྱ་བ་ལ། མགོ་དང་སྙིང་ག་དང་ལྟེ་བ་དང་གསང་པ་དང་རྐང་པའི་བར་དུ་གོ་རིམ་བཞིན་དུ་ཟླ་བ་དང ་ཉི་མ་དང་རིན་པོ་ཆེ་དང་པདྨ་དང་འོད་ཀྱི་དཀྱིལ་འཁོར་སེར་པོ་ལ་གནས་པའི། ཨོཾ་ཧཱུཾ་སྭཱ་ཨཱཧཱ་།ཞེས་བྱ་བ་གསེར་གྱི་མདོག་ཅན་རྣམས་ཀྱིས་རྣམ་པར་སྣང་མཛད་དང་མི་བསྐྱོད་བ་དང་དཀོན་མཆོག་དཔལ་དང་འོད་དཔག་ཏུ་མེད་པ ་དང་དོན་ཡོད་པར་གྲུབ་པ། རང་གི་རིག་མ་དང་གཉིས་སུ་མེད་བར་གྱུར་པ། ལྷ་མོ་བཞིས་ཡོངས་སུ་བསྐོར་བ། ཐམས་ཅད་ཀྱང་སྐུ་མདོག་སེར་པོ་དང་ལྡན་པ་རྣམས་རང་དང་མདུན་ན་འདུག་པ་དང་།ལག་པ་ན་གནས་པའི་ཛམ་བྷ་ལའི་ལུས་དང་ནོར ་འཛིན་མའི་ལུས་ལ་བསམ་པར་བྱའོ་ཞེས་བྱ་བ་ནི་མན་ངག་ཡིན་ནོ། །དེ་ལ་རྡོ་རྗེ་བདུད་རྩི་ཆུ། །བསམ་གཏན་གནས་ལ་འདུག་པས་དབུལ། །ཞེས་བྱ་བ་ལ་རང་གི་དབང་བསྐུར་བཞི་གནས་ན་བཞུགས་པའི་རྡོ་རྗེ་འཆང་ཆེན་བོ་སྐུ་མདོག་ཀུན་ཏུ ་སེར་པོའི་ཡང་དག་པར་སྦྱོར་བ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཁ་དོག་སེར་པོ་ཡི་གེ་ཛ?་གྱིས་མཚན་པས་བདག་ཉིད་ཀུན་ཏུ་བཀང་སྟེ། ཡི་གེ་ཛཾ་གྱིས་མཚན་པ་དེ་རང་གི་ཡང་དག་པར་སྦྱོར་བ་ལས་ཀུན་ཏུ་ཕྱུང་ལ། ་ལག་པ་ན་གནས་པའི་དབང་བསྐུར་བའི་རྡོ་རྗེ་འཆང་ཆེན་པོའི་སྨིན་མཚམས་ཀྱི་མཛོད་སྤུ་ནས་བཅུག་སྟེ། དེ་ཡང་དེ་ཁོ་ན་བཞིན་དུ་ཕྱུང་ནས། འཕགས་པ་ཛམ་བྷ་ལ་ཀུན་ཏུ་བཀང་སྟེ། ཡང་ཕྱུང་ནས་མདུན་ན་གནས་པའི་དབང་བསྐུར ་བའི་དཔལ་རྡོ་རྗེ་སེམས་དཔའ་ཨི་ཅོད་པན་དུ་བཅུག་སྟེ། ཡང་དག་པར་སྦྱོར་བ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩི་གསེར་གྱི་མདོག་ཅན་གྱི་ཡི་གེ་ཛཾ་གྱིས་མཚན་པས་འཕགས་བཛམ་བྷ་ལ་ཀུན་ཏུ་གང་བར་བྱས་པར་ཡང་དང་ཡང་དུ ་བསམས་པར་བྱའོ། །ཕྱི་རོལ་གྱི་བདུད་རྩི་ལྔ་འམ། ཆཱུང་མོས་པ་འདི་ཉིད་ཀྱི་སྒོ་ནས་དབུལ་བར་བྱའོ། །ཆོ་ག་ཡིས་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་གིས་སོ། །དེ་ལྟར་བྱས་ན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རྡོ་རྗེ་ནི་དཔལ་རྡོ་རྗེ་སེམས ་དཔའ་ཨོ། །དེ་ཉིད་ཕྱག་རྒྱ་དང་ལྷན་ཅིག་བཞུགས་པས་ན་ཕྱག་རྒྱ་དང་བཅས་པའོ། །དེའི་ཡང་དག་པར་སྦྱོར་བ་ལས་བྱུང་བའི་དབང་བསྐུར་བ་སྦྱིན་པའི་བསྒོམ་པའི་སྒོ་ནས་རྫས་ཀྱི་དོན་དུ་འཕགས་པ་ཛམྦྷ་ལ་མཉེས་བར་བྱ་བ་ཡིན་བས་ན ་རྫས་མཉེས་པའོ། །དེ་ཉིད་ནི་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་བསྒྲེང་བ་བཞིན་དུ་འགྲོ་བ་མ་ལུས་པའི་མངོན་པར་འདོད་པའི་དོན་སྒྲུབ་པར་བྱེད་པའི་ཕྱིར་ཏོག་སྟེ་གང་ལ་དེའི་དཔལ་ཏེ་ཡོངས་སུ་དག་པའི་ནོར་ཐམས་ཅད་འབྱོར་བའི་རང་བཞིན་ཡོད ་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྣལ་འབྱོར་པ་རྣམས་འདོད་པའི་ཡོན་ཏན་ལྔ་ལ་ཉེ་བར་ལོངས་སྤྱོད་པའི་དཔལ་ནི་གནོད་སྦྱིན་མ་སྟེ། དེ་ལ་དམིགས་པ་དང། དེའི་མིང ་ཅན་གྱི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །གནོད་སྦྱིན་མ་ཐམས་ཅད་ཀྱི་རྡོ་རྗེ་དམ་ཚིག་ནི་བསྐྱེད་པའི་ས་བོན་ནོ། །ནམ་མཁའ་རྡོ་རྗེའི་དབུས་གནས་བསམ། ཞེས་བྱ་བ་ལ། མདུན་ན་འདུག་པའི་ནམ་མཁའ་ལ་རིན་པོ་ཆེ་སྣ་བཞིའི་རང་བཞིན་ཅན? ་འབྱུང་བར་འགྱུར་བའི་གནོད་སྦྱིན་མའི་གནས། ཤར་ཤེལ་ལས་བྱས་པ། ལྷོ་ཨིནྡྲའི་ནཱི་ལའི་མདོག་ཅན། ནུབ་པདྨ་རཱ་ག་དམར་པོ་དང་ལྡན་པ། བྱང་མརྒ?་ཏའི་རང་བཞིན་ཅན་དབུམ་བཻཌཱུ་རྱའི་རྣམ་པ་ཅན་བསམ་?་ཞེས་བྱ་བ་མན་ངག ་ཡིན་ནོ། །ཀུན་ཏུ་འཁྲིགས་ཞེས་བྱ་བ་ནི་དུས་ཐམས་ཅད་པའི་མེ་ཏོག་ལ་སོགས་པ་མཆོད་པ་རྣམས་ཀྱིས་ཁྱབ་པའོ། །རྡོ་རྗེ་གསུམ་གྱིས་སྦྱོར་བས་དབབ། ཞེས་བྱ་བས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། ཇི་སྐད་བཤད་བའི་རང ་གི་དཀྱིལ་འཁོར་གྱི་དབུས་ན་བཞུགས་པའི་རྡོ་རྗེ་རྩེ་གསུམ་གྱི་བདག་ཉིད་ཅན་གྱི་འཕགས་པ་འཇམ་དཔལ་གྱི་རྣལ་འབྱོར་དང་ལྡན་པས་མདུན་ན་འདུག་པའི་བཤད་མ་ཐག་པའི་གནས་ཀྱི་དབུས་ན་གནས་པའི་པདྨ་དང་ཟླ་བ ་སེར་པོའི་སྟེང་དུ་ཟླ་ཆོས་དང་ཐིག་ལེ་དང་རྩེ་མོ་དང་ལྡན་པའི་ཡི་གེ་ཤཱཀྵི་རང་མངོན་པར་འདོད་པའི་གནོད་སྦྱིན་མ་དང་རྗེས་སུ་མཐུན་པའི་མདོག་ཅན་བསམས་ལ་དེ་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་ནམ་མཁའ་ཀུན་ཏུ་གང ་བའི་སྤྱན་ལ་སོགས་པའི་ལྷ་མོའི་ཚོགས་རྣམས་ལ་ཀུན་ཏུ་རེག་སྟེ། མངོན་པར་འདོད་པའི་གནོད་སྦྱིན་མོའི་གཟུགས་སུ་བྱས་ནས་བསྡུས་ཏེ་ཡི་གེ་ཀྲཾ་ལ་བཅུག་ལ་ཐམས་ཅད་གྱུར་པར་བྱས་ནས་མངོན་པར་འདོད་པའི་གནོད ་སྦྱིན་མའི་རིགས་གཅིག་ཏུ་བསྐྱེད་པར་བྱའོ། །དེ་ལ་རེ་ཞིག་བཅོམ་ལྡན་འདས་མའི་གཟུགས་ལ་སོགས་པ་མངོན་པར་བརྗོད་པར་བྱ་སྟེ། གསེར་གྱི་མདོག་ཅན་ལྷའི་བུད་མེད་ཀྱི་ཆ་བྱད་འཛིན་པ། ན་ཚོད་གཞོན་པ་སྒེག་པའི ་རོ་དང་ལྡན་པ། ཡན་ལག་གཙང་བ། ནེ་ཙོའི་མདོག་ཅན་གྱི་གོས་གྱོན་པ། རྒྱན་ཐམས་ཅད་ཀྱི་རྣམ་པར་བརྒྱན་པ། ལག་པ་གཡས་པས་གདུགས་དཀར་པོ་འཛིན་པ། གཡོན་པས་དཔག་བསམས་ཀྱི་ཤིང་ལ་བརྟེན་པའི? ་བཞིན་གཡོ་ཞིང་འཛུམ་པ་དང་བཅས་པས་རྣམ་པར་སྒེག་པ་།མགོ་ལ་མེ་ཏོག་ཁ་དོག་སྣ་ལྔ་ལས་བྱས་པའི་མེ་ཏོག་ཕྲེང་བ་ཕྱེད་འཕྱང་བ་བཅིངས་པ། དཔག་བསམ་གྱི་ཤིང་ལ་སོགས་པས་ཉེ་བར་སྤྲས་པའི་རིན་པོ་ཆེའི་རིའི་ཕུག་གི་ནང་ན་གནས་པའི ་པདྨ་དང་ཟླ་བ་སེར་པོའི་སྟན་ལ་འདུག་པ་བསམ་པར་བྱའོ། །ས་བོན་འདི་ནི་གནོད་སྦྱིན་མ་ཐམས་ཅད་ཀྱི་ཐུན་མོང་བ་ཡིན་ཏེ། དེའི་ཕྱིར་གནོད་སྦྱིན་མ་གཞན་རྣམས་ཀྱང་དཔལ་འབྱུང་བོ་འདུལ་བ་ལ་སོགས་པ་ལས་གཟུགS ་ལ་སོགས་པ་ཤེས་པར་བྱས་ནས་བསྒྲུབ་པར་བྱའོ། །རྡོ་རྗེ་ལས་གསུམ་བྱེ་བྲག་གིས་ཞེས་བྱ་བ་ལ་འཇམ་དཔལ་གྱི་རྣལ་འབྱོར་དང་ལྡན་པས་རང་གི་སྙོམས་པར་འཇུག་པ་ལས་དཔལ་གཤིན་རྗེ་མཐར་བྱེད་ཕྱུང་སྟེ། ་དེའི་སྤྱི་བོར་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་གྱིས་དབང་བསྐུར་བ་རབ་ཏུ་སྟར་བ་བལྟ་ཞིང། རང་གི་སྙིང་གའི་ཟླ་བ་ལ་གནས་པའི་སྔགས་ཀྱི་ཕྲེང་བ་རང་གི་ཁ་ནས་བྱུང་བ་དེའི་ཁ་རུ་བཅུག་ལ། སྙིང་ག་ན་གནས་པའི་པདྨའི་སྟེང་གི་ཟླ་བ ་ལ་རྣམ་པར་བཀོད་ནས། དེ་དང་ལྷན་ཅིག་རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བ་བྱའོ། །དེ་ཉིད་ནི། རྡོ་རྗེ་འཇམ་པའི་ཏིང་འཛིན་གནས། ཞེས་བྱ་བ་ལ་སོགས་པས་གསུངས་སོ། །གང་ལ་གནོད་སྦྱིན་མ་ཐམས་ཅད་བསྐྱེད་པ་ཐུན་མོང་དུ ་གྱུར་པ་ཉིད་ཡིན་པའི་ཕྱིར། གནོད་སྦྱིན་མ་ཐམས་ཅད་མཉམ་པ་ཉིད་དེ་ས་བོན་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་གནོད་སྦྱིན་མ་ཐམས་ཅད་ཀུན་ནས་བསྡུས་ཏེ་གནོད་སྦྱིན་མ་གཅིག་ཏུ ་བསྐྱེད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། གང་ལ་རྡོ་རྗེ་ཐམས་ཅད་དེ་ལྷ་ཐམས་ཅད་ཀྱི་སྔགས་ཀྱི་རྣམ་པར་འཕྲུལ་པ་སྟེ། སྐུ་དང་གསུང་དང་ཐུགས་རྣམ་པར་དག་པ་ལ་དམིགས་པ་རྡོ་རྗེ་ལྟར་?་ཕྱེད ་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་གྲུབ་པ་རྣམས་ཇི་ལྟ་བུར་འགྱུར་ཞེ་ན། ལུས་དང་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། སངས་རྒྱས་གཟུགས་འཛིན་འོད་བཟང་པོ་ནི་དེ་བཞིན་གཤེགས་པའི ་འོད་ཀྱི་དཀྱིལ་འཁོར་དང་ལྡན་ཞིང་གསེར་གྱི་མདོག་ཅན་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དམན་པ་ནི་འོག་ན་ཡིན་ཞིང། དམན་པ་མ་ཡིན་པ་ནི་མི་དམན་པ་སྟེ། དངོས་གྲུབ་མཆོག་ཡིན་ཞིང་དེ་ལ་གནས་ཞེས་བྱ་བའི་ཐ་ཚིག་གོ་།མི་སྣང ་བ་ལ་སོགས་པ་གྲུབ་པ་ནི་འཇམ་དཔལ་དང་འདྲ་བར་འགྱུར་རོ། །གནོད་སྦྱིན་རྒྱལ་པོ་ནི་འཕགས་པ་ཛམ་བྷ་ལ་སྟེ། དེ་གྲུབ་ན་རིག་པ་འཛིན་པ་རྣམས་ཀྱི་དབང་པོར་འགྱུར་རོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། ཐམས་ཅད་ནི ་བཤད་མ་ཐག་པ་དང་འཆང་བར་གྱུར་པ་རྣམས་སོ། །མཛེས་པའི་གཟུགས་རྣམས་ཞེས་བྱ་བ་ནི། གཟང་པོ་རྣམས་སོ། །ཡིད་འོང་བ་ཞེས་བྱ་བ་ནི་ཡིད་དགའ་བར་བྱེད་པ་རྣམས་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་སེམས ་ཅན་སྐལ་པ་དང་ལྡན་པ་རྣམས་ཀྱིས་མཐོང་བ་ཙམ་ཁོ་ནས་དགའ་བ་སྐྱེད་པར་བྱེད་པའོ། །གཙུག་ཏོར་ཞེས་བྱ་བ་ནི་གཙུག་ཏོར་ལ་སོགས་པ་འཁོར་ལོས་སྒྱུར་བ་བརྒྱད་ཀྱི་གཟུགས་སོ། །ཐམས་ཅད་གྲུབ་པའི་ཡིད་བཞིན་གྱི་ནོར་བུའི ་བདག་པོར་འགྱུར་ཞེས་བྱ་བ་ནི་གདུལ་བྱ་རྣམས་ཀྱིས་ཡིད་བཞིན་གྱིས་ནོར་བུ་བཞིན་དུ། ཕྱག་རྒྱ་ཆེན་པོ་ལ་སོགས་པ་དངོས་གྲུབ་སྒྲུབ་པར་བྱེད་པའི་བདག་པོར་འགྱུར་བའོ། །རྡོ་རྗེ་འཆང་ཆེན་པོའི་མངོན་པར་བྱང་ཆུབ་བ་སྒྲུབ་པར ་བྱེད་པ་ཉིད་ཡིན་པའི་ཕྱིར། སངས་རྒྱས་བྱང་ཆུབ་བྱེད་པའི་མཆོག་གོ་།སངས་རྒྱས་རྡོ་རྗེ་ནི་ཐབས་དང་ཤེས་རབ་ཀྱི་མངོན་པར་བྱང་ཆུབ་པ་སྟེ། དེའི་རྣམ་པ་ལས་བྱུང་བ་ནི་སངས་རྒྱས་རྡོ་རྗེ་ལས་བྱུང་བའོ། །ཡིད་བཞིན་གྱི ་ནོར་བུའི་རིན་པོ་ཆེ་ལྟ་བའི་དངོས་གྲུབ་ཀྱི་འབྲས་བུ་ཐམས་ཅད་སྟོན་པར་མཛད་པས་ན་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་རྡོ་རྗེ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ཨོ། །དེ་ནི་སྔོན་དུ་བྱ་བ་བྱས་པའི་རིག་པའི་བརྟུལ་ཞུགས་ཟླ་བ་དྲུག་པ། ་དེ་ནས་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། གོ་སླའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་སོ། །བསྒོམ་པ་ཞེས་བྱ་བ་ནི། བདག་ཉིད་ཀྱི་ལུས་དང་ངག་དང་སེམས་སུ་བསྒོམ་པའོ། ། ་དེ་ནི་དངོས་སུ་བྱ་བ་ཉིད་ཅེས་བྱ་བ་ནི་རང་གི་རིགས་ཀྱི་བུ་མོ་དང་ཡང་དག་པར་སྦྱོར་བ་དང་བདུད་རྩི་ལྔ་བཟའ་བ་ལ་སོགས་པ་དངོས་སུ་བྱ་བ་ཁོ་ན་སྟེ། དེ་ནི་འདིར་དྲང་བའི་དོན་ཡིན་གྱི། ཏིང་ངེ་འཛིན་གྱིས་དམིགས་པ་ཙམ་ནི་མ་ཡིན་པའོ། ། ་དེ་ལྟར་བྱས་ན་དངོས་གྲུབ་འཐོབ་ཅེས་བྱ་བ་ནི་དེ་ལྟར་བྱས་ན་འགྲུབ་པར་འགྱུར་གྱི། མ་བྱས་ན་ནི་མི་འགྱུར་རོ་སྙམ་དུ་དགོངས་བ་ཡིན་ནོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་ལ་ཐོར་ཚུགས་དབུ་རྒྱན་ཅན་གྱི་གཟུགས་ཞེས་བྱ་བ་ནི་ལྷ ་ཐམས་ཅད་ཀྱི་ཐུན་མོང་པ་ཁྱད་པར་གྱིས་གནོད་པར་གྱུར་པ་མེད་པའོ། །ཆེན་པོ་སྐུ་མདོག་དཀར་པོར་སྣང་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དང་རིགས་ཅན་རྣམས་སོ། །འོད་དཔག་ཏུ་མེད་པ་ལ་སོགས་པ་རྣམས་ཀྱིས་ནི་རང་གི་ཁ་དོག་ཇི་སྐད ་བཤད་པ་ཁོ་ན་གཟུང་བར་བྱའོ། །སྔགས་ཀྱི་སྡོམ་པ་ནི་འཆད་པར་འགྱུར་པ་ཡིན་ཞིང་དེས་བསྔམས་པས་ཏེ་ལྡན་པས་སོ། །ཆོ་ག་བཞིན་དུ་ཐམས་ཅད་བྱ། ཞེས་བྱ་བ་ནི་སྐུད་རིས་སུ་བྱས་པ་དང་ལུགས་སུ་བླུགས་པ་དང། འབུར་དུ ་བརྐོས་བ་དང། རི་མོར་བྲིས་པ་རྣམས་ལས་གང་ཡང་རུང་བ། ཞལ་གསུམ་པ་ཕྱག་དྲུག་པ། ཕྱག་མཚན་དང། གདན་དང་འོད་དང་ཅོད་པན་དང་ལྡན་པ་བྱའོ། །ལོ་གྲངས་བཅུ་དྲུག་ལོན་པ་ཞེས་བྱ་བ་ནི། ཇི་སྐད་བཤད་པའི་མཚན་ཉིད་དང་ལྡན་?? ་བླག་མཁན་གྱི་བུ་མོ་འཕགས་མ་སངས་རྒྱས་སྤྱན་དུ་རྣམ་པར་བསྒོམས་ཤིང་ཕྱག་མཚན་ལ་སོགས་པ་རྣམས་དང་ལྡན་པའོ། །ཕྱག་རྒྱ་ཞེས་བྱ་བ་ནི་ཕྱག་རྒྱ་བཞིའོ། །སྔགས་ནི་ཡི་གེའི་རྣམ་པ་ཅན་དང་ལྷའི་གཟུགས་ཏེ་དེའི་ཆོ་ག་ཡོངས་སུ ་ཤེས་པའོ། །སྔགས་ཀྱི་རྒྱུད་ནི་ལེགས་པར་བརླབས། ཞེས་བྱ་བ་ནི་སྔགས་དང་སྨན་གྱི་མཐུས་ཕན་པ་དང་གནོད་པ་བྱེད་པར་ནུས་པ་དང་མར?་དུ་ཐོས་པའོ། །དེ་བཞིན་གཤེགས་པ་ནི་རྣམ་པར་སྣང་མཛད་དེ། དེའི་བཙུན་མོ་ནི་སངས་རྒྱས ་སྤྱན་ནོ། །སངས་རྒྱས་བྱང་ཆུབ་ལ་གནས་ན། ཞེས་བྱ་བ་ནི་ཐབས་དང་ཤེས་རབ་སྙོམས་པར་འཇུག་པའི་སྒོ་ནས་གཉིས་སུ་མེད་པར་གྱུར་པ་སྟེ། དེ་དང་ལྷན་ཅིག་སྒྲུབ་པ་པོས་སྒྲུབ་ཐབས་ལས་བཤད་པའི་ཆོ་ག་བཞིན་དུ་དུས་བཞིར་ཡང་དག་པར ་སྦྱོར་བའི་མཆོད་པ་བྱའོ། །སྡོམ་བུ་ཞེས་བྱ་བ་ལ་སོགས་པ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བཟའ་བའི་བྱེ་བྲག་ཐམས་ཅད་བཟའ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བྱས་ན་ཟླ་བ་དྲུག་ཚུན་ཆད་ཁོ་ནས་མེ་ལོང་ལྟ་བུ་ལ་སོགས ་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་དེ་བཞིན་གཤེགས་པའི་བདག་པོར་འགྱུར་རོ། །རྟག་ཏུ་གཞན་གྱི་ཞེས་བྱ་བ་ལ་སོགས་པས་ནི་སྔགས་ཀྱི་སྡོམ་བ་གསུངས་ཏེ། དེ་ནི་ལེའུ་དགུ་པར་རྣམ་པར་བཤད་ཟིན་ཏོ། །འདོད་ཆགས་རྡོ་རྗེའི་སྐྱོ་བ་མོ་ནི ་དཀར?་པོ་ཞེས་བྱའོ། །ཡོན་ཏན་སྐ་རགས་ཞེས་བྱ་བ་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་རྣམས་ཀྱིས་བརྒྱན་པའི་མཱ་མ་ཀཱིའོ། །ངག་གི་རྡོ་རྗེ་མཆོག་སེམས་ལ་།ཞེས་བྱ་བ་ནི་གསུང་རྡོ་རྗེ་ལ་གོས་དཀར་མོ་དང། ཐུགས་རྡོ་ ་རྗེ་ལ་མཱ་མ་ཀཱི་རྣམ་པར་སྣང་མཛད་བཞན་དུ་སྦྱར་བར་བྱའོ། །རྡོ་རྗེ་ཅན་གྱི་ཞེས་བྱ་བ་ལ་སོགས་པས་ནི་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན་གྱི་དཀོན་མཆོག་དཔལ་ལ་སོགས་པའི་རྣལ་འབྱོར་གྱིས་རང་གི ་རིགས་ཀྱི་བུ་མོ་ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་ལྷ་མོའི་གཟུགས་སུ་བསམ་པ་བསྟན་ཏོ། །དེ་ལྟར་བྱེད་པའི་རྣལ་འབྱོར་པ་ལ་དེ་བཞིན་གཤེགས་པ་རྣམས་ཤིན་ཏུ་མཉེས་པར་གྱུར་ནས་མྱུར་དུ་དངོས་གྲུབ་རབ་ཏུ་སྩོལ་བར་འགྱུར་རོ། ། ་རིགས་པའི་བརྟུལ་ཞུགས་འཛིན་པའི་རྣལ་འབྱོར་པའི་དངོས་གྲུབ་ཀྱི་འབྲས་བུ་ལ་ཐུག་གི་བར་དུ། ཟས་ཀྱི་ངེས་པ་བསྒྲུབ་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲུབ་པོ་ནི་བློ་བརྟན་པས་ཞེས་བྱ་བ་ནི་ངེས་པར་བསྒྲུབ་ན་ཐམས་ཅད ་འགྲུབ་པར་འགྱུར་རོ་སྙམ་པའི་ངེས་པའི་བློ་ཅན་ཏེ། སེང་གེའི་སྦྱོད་པ་སྤྱོད་པས་སོ། །དེ་ནས་དེར་ནི་ཤིང་རྒྱལ་པོ། །བསྒྲུབ་པའི་དཔའ་བོའི་གཟི་བྱིན་གྱིས། དམ་ཚིག་འཇིགས་པས་ཁ་ཟས་ནི། བཟང་པོ་བསྟར་བ་སྟེར་བར་འགྱུར། ་གལ་ཏེ་འདའ་བར་བྱེད་ན་ནགས་ཚལ་གྱི་ལྷ་སངས་རྒྱས་དང་འདྲ་བ་ཡིན་ཡང། རྡོ་རྗེའི་ཡི་གེ་བཞིན་དུ་མི་ཕྱེད་པར་གསུངས་པའི་དམ་ཚིག་ལས་འདས་པས་མ་རུང་བར་འགྱུར་རོ། །ལྷ་མོ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་པར་ཟད་དེ་འོན་ཀྱང་སྔར ་བཤད་པའི་ཁྲོ་བོ་ལ་སོགས་པ་རྣམས་ཀྱིས་ཞགས་པ་དང་ལྕགས་ཀྱུ་རྣམས་ཀྱིས་བཀུག་ནས་བསྒྲུབ་པའི་རིག་མ་རྣམས་དང་ལྷན་ཅིག་བརྟུལ་ཞུགས་སྤྱད་པར་བྱའོ། །སྐུ་རྡོ་རྗེ་ལ་སོགས་པའི་ཡེ་ཤེས་དོན་དུ་གཉེར་བའི་དེ་བཞིན་གཤེགས ་པ་རྣམས་ཀྱི་སྔོན་གྱི་དུས་སུ་འདི་ཉིད་ཁོ་ན་བསྟན་པ་ཡིན་པས་ན། རྡོ་རྗེ་གསུམ་ཡེ་ཤེས་བསྟན་པའོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ནི་བཤད་མ་ཐག་པའོ། །སྔགས་རྣམས་ཐམས་ཅད་ཀྱིས་ཏེ། ལྷ་ཐམས་ཅད་ཡང་དག་པར་སྦྱོར་བ་ལས ་བྱུང་བའི་བདེ་བ་ཆེན་པོ་རྣམ་པར་བསྒོམས་ན་གོ་འཕངས་ཆེན་པོ་ཐོབ་པར་བྱེད་པས་ན་དེ་ཉིད་གསང་པའི་ཚུལ་ཆེན་ཡིན་ནོ། །སྐུ་རྡོ་རྗེ་ལ་སོགས་པ་སྐྱེད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་འཁོར་ལོ་རྡོ་རྗེ་གསུམ་འབྱུང་བའོ་།དེ་ཉིད་ཀྱི་ཕྱིར་སངས་རྒྱས་བྱང་ཆུབ་རབ ་འཇུག་པའོ། །རིག་པའི་བརྟུལ་ཞུགས་དམ་ཚིག་གི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་སྟོན་པར་མཛད་པས་ན་དཔལ་རྡོ་རྗེ་སེམས་དཔའ་ལ་དེ་སྐད་ཅེས་བྱའོ། །དངོས་གྲུབ་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་གནས་དེར་མི་ཕྱེད་ཅིད་མངོན་པར་སྟེ། རྣམ ་པ་ཐམས་ཅད་དུ་བྱང་ཆུབ་པ་སྒྲུབ་པར་བྱ་བ་ཡིན་པས་ན། རྡོ་རྗེ་མངོན་པར་བྱང་ཆུབ་པ་སྟེ། གང་ལ་མིང་དེ་སྐད་ཅེས་བྱ་བ་ཉིད་ཡོད་པ་དེ་ནི་དངོས་གྲུབ་ཐམས་ཅད་ཀྱི་དཀྱིལ་འཁོར་རྡོ་རྗེ་མངོན་པར་བྱང་ཆུབ་པ་ཞེས་བྱའོ། །ལེའུ་བཅུ ་དྲུག་པའི་རྣམ་པར་བཤད་པའོ།། །།དེ་ནས་དམ་ཚིག་རབ་ཏུ་སྲུང་བས་མངོན་པར་འདོད་པའི་དངོས་གྲུབ་ཐོབ་པར་འགྱུར་བས་།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་སྡོམ་པ་རྡོ་རྗེ་བྱིན་གྱིས་བརླབས་ཀྱི་རྒྱལ ་པོའི་ལེའུ། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། ཡང་ཞེས་བྱ་བའི་སྒྲ་ནི་འདུས་པ་བཞི་པ་ལ་བལྟོས་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་བྱས་ནས་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི ་བདག་ཉིད་ཅན་གྱི་བཅོམ་ལྡན་འདས་ལ་དོན་དེ་སྟོན་པར་བྱེད་པའི་སྒྲ་རྣམས་ཀྱིས་དམ་ཚིག་བཤད་པའི་ཕྱིར་གསོལ་པ་བཏབ་པ་ནི། མི་བསྐྱོད་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། བདུད་བཞིས་བསྐྱོད་པར་མི་ནུས་པ་ཉིད་ཡིན ་པའི་ཕྱིར་མི་བསྐྱོད་པའོ། །མི་ཕྱེད་པ་ཉིད་ཡིན་པའི་ཕྱིར་རྡོ་རྗེའོ། །ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཡིན་པའི་ཕྱིར་ཡེ་ཤེས་ཆེའོ། །སྐུ་རྡོ་རྗེ་ལ་སོགས་པ་རྣམས་ཀྱི་སྐྱེད་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རྡོ ་རྗེ་དབྱིངས་སོ། །ཆོས་ཐམས་ཅད་ཀྱི་དྲི་མ་མེད་པ་ཉིད་ཐུགས་སུ་ཆུད་པའི་ཕྱིར་མཁས་ཆེན་པོའོ། །རྡོ་རྗེ་གསུམ་མཆོག་ནི་སྐུ་རྡོ་རྗེ་ལ་སོགས་པ་རྣམས་ཀྱིས་མཆོག་སྟེ་དཔལ་རྡོ་རྗེ་སེམས་དཔའ་ཨོ། །སྐུ་ལ་སོགས་པའི་དཀྱིལ་འཁོར ་གསུམ་དགྱི་བདག་ཉིད་ཅན་ཡིན་པའི་ཕྱིར་དཀྱིལ་འཁོར་གསུམ་མོ། །གསང་བ་དེ་དམ་ཚིག་ལ་སོགས་པ་བཤད་དུ་གསོལ་ཞེས་བརྗོད་ནས་ཕྱག་འཚལ་ལོ། །ཀུན་ཏུ་རྣམ་པ་ཐ་དང་པར་སྣང་ཞིང་གསལ་བས་ན་རྣམ་པར་སྣང་བ་སྟེ། ་འགྱུར་པ་ལ་འགྱུར་བར་བྱེད་ཅེས་བྱ་བ་བཞིན་དུ་རང་གི་དོན་ལ་བྱེད་བའི་རྐྱེན་སྦྱར་བར་རྣམ་པར་སྣང་མཛད་དོ། །དྲི་མ་མེད་པའི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རབ་ཏུ་དག་པའོ། །དེས་བར་འབྱེད་པའི་ཤེས་རབ་ཐུགས་སུ ་ཆུད་པའི་ཕྱིར་རྡོ་རྗེའོ། །དེ་ཉིད་ཀྱི་ཕྱིར་ཉོན་མོངས་པའི་དྲི་མ་ཐམས་ཅད་ཞི་བར་མཛད་ན་ཞི་བའོ། །བཅོམ་ལྡན་འདས་གང་ལ་མཆོག་ཏུ་ཟག་པ་མེད་པའི་བདེ་བ་ཆེན་པོའི་རྣམ་པ་མངའ་བ་དེ་ལ་དེ་སྐད་ཅེས་བོད་པའོ། །རང་བཞིན་གྱིས ་ནི་འོད་གསལ་ཆོས། ཞེས་བྱ་བ་ན་མེ་ལོང་ལ་གནས་བའི་གཟུགས་བརྙན་ལྟ་བུའོ། །གཞན་ནི་བཤད་ཟིན་ཏོ། །ར་ནི་ར་ཏེ?་སྟེ། མཆོག་ཏུ་དགའ་བ་ཡིན་ཞིང། དེ་འཕེལ་ཞིང་རྒྱས་བར་བྱེད་པས་ན་རིན་ཆེན་ནོ། །དེས་མཛེས་ཤིང་འབར ་བས་ན་རྒྱལ་པོའོ། །དེ་ཉིད་ནི་ནམ་མཁའ་དང་མཉམ་པའི་ཡེ་ཤེས་ཐུགས་སུ་ཆུད་པའི་ཕྱིར་ཟབ་པའོ། །དེ་ཉིད་ནི་མི་ཕྱེད་ཅིང་དྲི་མ་མེད་པའི་སྣང་བའི་བདག་ཉིད་ཡིན་པའི་ཕྱིར་རྡོ་རྗེ་ནམ་མཁའ་དྲི་མ་མེད་པའོ། །དེ་ཉིད་ཀྱི་ཕྱིར་ངོ་བོ་ཉིད་དག་པའོ། ། ་བསྒོ་བྱ་དང་སྒོ་བྱེད་མེད་པའི་ཕྱིར་གོས་པ་མེད་པའོ། །རིན་པོ་ཆེའི་རིགས་ནི་གཏི་མུག་གི་རིགས་ལས་བྱུང་བ་ཉིད་དང། རྫས་ལ་རྟེན་པ་ཉིད་ཡིན་པའི་ཕྱིར་ཀུན་ཏུ་རྨོངས་པ་དང། སྲེད་པ་དག་ལ་ཐ་དད་པ་མེད་པས་རྡོ་རྗེའི་སྐུ་ལ་ཕྱག ་འཚལ་ལོ་ཞེས་གསུངས་སོ། །མི་ཕྱེད་ཅིང་དཔག་ཏུ་མེད་པའི་ཡེ་ཤེས་ཀྱི་བདག་པོར་གྱུར་པའི་ཕྱིར་རྡོ་རྗེ་དཔག་མེད་རྒྱལ་པོ་ཆེའོ། །ནམ་མཁའ་དང་རོ་གཅིག་པའི་ཡེ་ཤེས་འཛིན་པར་མཛད་པས་ན་མི་རྟོག་ནམ་མཁའ་རྡོ་རྗེ་འཛིན་ནོ། །འདོད ་ཆགས་རྣམ་པར་དག་པའི་ཕ་རོལ་ཏུ་ཕྱིན་ཅིང་སོན་པས་ན། འདོད་ཆགས་ཕ་རོལ་ཕྱིན་བརྙེས་པའོ། །མི་ཕྱེད་ཅིང་དོན་ཡོད་པའི་འབྲས་བུ་སྒྲུབ་པར་མཛད་པ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་དག་པ་གདོན་མི་ཟའོ། །དེ་ཉིད་ཀྱི་ཕྱིར་བསམ་པ་ཐམས་ཅད ་ཡོངས་སུ་རྫོགས་མཛད་པའོ། །དག་པའི་ངོ་བོ་ཉིད་ནི་མཆོག་ཏུ་བདེ་བ་ཆེན་པོ་སྟེ་དེ་ལས་བྱུང་པའོ། །ཞེ་སྡང་ལས་བྱུང་བའི་ཕྲག་དོག་གི་བདག་ཉིད་ཡིན་པའི་ཕྱིར་རྡོ་རྗེ་སེམས་དཔའ་ཨོ། །སངས་རྒྱས་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་ནི་ཕན་ཡོན་ཏེ ་གོ་སླ་བ་ཉིད་དོ། །རྡོ་རྗེ་ནི་དཔལ་རྡོ་རྗེ་སེམས་དཔའ་ཨོ། །དེའི་ལོངས་སྤྱོད་ནི་མི་བསྐྱོད་པ་ལ་སོགས་པའི་སྐུ་ལ་སོགས་པའི་རྣམ་པ་སྟེ་གང་གིས་བསྟོད་ནའོ། །དེ་ཡང་ཞེས་བྱ་བ་འདིས་ནི་རེ་ཞིག་སྒོམ་པ་པོ་ནི་དེ་བཞིན་གཤེགས་པ་ཉིད ་དུ་འགྱུར་ཞིང་འདོད་པར་བྱེད་པ་ཡང་དེའི་དོན་ལ་ལྷག་པར་མོས་པའི་སྒོ་ནས། སངས་རྒྱས་དང་འདྲ་བར་འགྱུར་བར་བསྟན་པས། དེའི་ཕྱིར་སངས་རྒྱས་འདྲ་བར་འགྱུར་ཞེས་གསུངས་སོ། །དེ་ནས་སྟོན་པ་ཞེས་བྱ་བ་ལ་སོགས་པ་ནི་བཤད ་ཟིན་ཏོ། །སངས་རྒྱས་ཀུན་ལ་སྟེ་ཕྱིས་སངས་རྒྱས་སུ་འགྱུར་བའི་སེམས་ཅན་རྣམས་ལ་ཐུགས་བརྩེ་བས་སོ། །རྡོ་རྗེ་གསང་པའི་གསུང་ནི་འཆད་པར་འགྱུར་བ་སྟེ། དེ་ཉིད་དག་པ་ཡིན་ཞིང་དེ་ཀུན་ཏུ་གསུངས་པ་ནི། ཨེ་མའོ་ཞེས་བྱ་བ་ལ་སོགས ་པ་སྟེ། འཇིགས་པ་མེད་པའི་འབྲས་བུ་ཐོབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ཆོས་ཀྱི་དབྱིངས་སོ། །མི་འགྱུར་ཆེ་ནི་འཆད་པར་འགྱུར་པའི་དམ་ཚིག་གོ། དེ་ཉིད་ནམ་མཁའ་བཞིན་དུ་དྲི་མ་མེད་པ་ཡིན་པའི་ཕྱིར་ནམ་མཁའ་དབྱིངས་བཞིན་དྲི་མ་མེད ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་ཤེས་པར་ཟད་དོ། །སངས་རྒྱས་ཀུན་གྱི་རྡོ་རྗེ་ནི། རྣམ་པར་སྣང་མཛད་ཡིན་ཞིང། དེའི་དམ་ཚིག་ནི་སངས་རྒྱས་ཀུན་གྱི་སྐུ་རྡོ་རྗེའི་དམ་ཚིག་སྟེ་དེའོ། །སངས་རྒྱས་ཡེ་ཤེས་མཚོ་? ་ཀྱིས་ཞེས་བྱ་བ་ནི་གཏི་མུག་གི་རིགས་ཅན་གྱི་རྣལ་འབྱོར་པ་རྣམས་ཀྱིས་ཏེ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རླབས་རྣམས་ཀྱིས་བར་དུ་བཀྲུས་པས། གཏི་མུག་ལ་སོགས་པའི་སྐྱོན་མ་ལུས་པ་དང་བྲལ་བའི་ཕྱིར་ཁ་དོག་བཟང་པོ་དང་ལྡན་པ ་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ། །དམ་ཚིག་བཞིན་བསྲུང་བར་བྱ་ཞེས་བྱ་བ་ནི་རིགས་ཐམས་ཅད་ཀྱི་ཐུན་མོང་བའི་སྲོག་གཅོད་པ་ལ་སོགས་པའོ། །ཁྱད་པར་གྱི་དམ་ཚིག་ནི་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་གྱི་ཤ་ཆེན་བཟའ་པའོ། ། ་རྡོ་རྗེ་གསུང་ནི་མི་འགྱུར་ཆེས། ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་སོ་སོར་རྟོག་པས་རྣམ་པར་སྦྱངས་པའི་སྒོ་ནས་སྙོམས་པར་འཇུག་པའི་ལས་ཉམས་པའི་རྣམ་པར་རྟོག་པ་མེད་པའི་འདོད་ཆགས་ཀྱི་རིགས་ཅན་གྱི་རྣལ་འབྱོར་བ་རྣམས ་ཀྱིས་སོ། །བཤད་གཅི་དག་ནི་ཞེས་བྱ་བ་ལ། ནི་ཞེས་བྱ་བའི་སྒྲ་ས་ནི་སྲོག་གཅོད་པ་ལ་སོགས་པ་བཞི་ལམ་གཏོགས་པ་རིགས་གསུམ་གྱི་དབྱེ་བས་བཞག་པ་གཞན་ལས་ཁྱད་བར་དུ་བྱ་བའོ། །དེ་ལ་བཤད་པ་ནི་རྣམ་པར་སྣང་མཛད ་ཀྱང་རང་གི་ངོ་པོའོ། །གཅི་བ་ནི་མི་བསྐྱོད་པའི་ངོ་བོ་སྟེ་འདོད་ཆགས་ཀྱི་རིགས་ཅན་གྱི་རྣལ་འབྱོར་བ་རྣམས་ཀྱིས་རྟག་ཏུ་བཟའ་བར་བྱའོ། །གཞན་ནི་བཤད་ཟིན་ཏོ། །རྡོ་རྗེ་སེམས་དཔའ་མཐུ་བོ་ཆེས། །ཞེས་བྱ་བ་ནི་ཐོག་མ་དང་ཐ་མ ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་དམིགས་པའི་སྒོ་ནས་སྨྲས་པ་ལ་སོགས་པའི་རྣམ་པར་རྟོག་པ་མེད་པའི་ཞེ་སྡང་གི་རིགས་ཅན་གྱི་རྣལ་འབྱོར་པ་རྣམས་ཀྱིས་ཏེ། མཐུ་ཆེན་ལྡན་ལ་ལྟུང་པ་མེད། ཅེས་འབྱུང་བའི་ཕྱིར་རོ།། ་དོན་ཡོད་པར་གྲུབ་བའི་རང་བཞིན་གྱི་ཁྲག་།འོད་དཔག་ཏུ་མེད་པའི་རང་བཞིན་གྱི་ཁུ་བ་དང་སྦྱར་བ་ངེས་པའི་བློ་ཅན་རྣམས་ཀྱི་རྟག་ཏུ་བཟའ་བར་བྱའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །ཞེས་བྱ་བ་ལ་སོགས་པ་ནི་ཤེས་པར་ཟད་དོ། །རྡོ་རྗེ་འཛིན་གྱིས་ཏེ ་སྐུ་རྡོ་རྗེ་ལ་སོགས་པའི་རྣལ་འབྱོར་འཛིན་པ་རྣམས་ཀྱིས་སོ། །སྐུ་རྡོ་རྗེ་ལ་སོགས་པ་སྒོམ་པའི་སེམས་དཔའ་ནི་རྡོ་རྗེ་སེམས་དཔའ་ཨོ། །དེ་ཉིད་ནི་འོད་པོ་ཆེ་སྟེ་དམ་ཚིག་བསྲུང་བ་དེ་ནི་མངོན་པར་འདོད་པའི་དེ་བཞིན་གཤེགས་པའི་རང་བཞིན་དུ་འགྱུར ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་ཐམས་ཅད་དུ་ཤེས་པར་ཟད་དོ། །ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའི་རྒྱུད་འདིའི་མཐུ་དང། སེམས་ཅན་རྣམས་ཀྱི་བསམ་པའི་དབང་གི་ཐེག་པ་དམན་པ་ལ་སོགས་པའི་དངོས ་གྲུབ་རྣམས་ཀྱང་འགྲུབ་པར་འགྱུར་བས་དེའི་ཕྱིར། རང་སངས་རྒྱས་ཀྱི་དམ་ཚིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་ལུས་ཀྱི་སྟོན་པ་ནི་ཞེས་བྱ་བ་ལ། རིགས་མ་དེས་པ་རྣམས་ཉན་ཐོས་ཀྱི་ཐེག་པ་དང། ཐེག་པ་ཆེན་པོར ་དགེ་བ་བསགས་ནས་?་ཆེ་འཕོས་ཏེ། གསུང་རབ་མི་གནས་པའི་སངས་རྒྱས་ཀྱི་ཞིང་དེ་དང་དེ་རྣམས་སུ་སྐྱེ་བར་འགྱུར་རོ། །དེ་ནས་དེ་རྣམས་སྔོན་གྱི་བསོད་ནམས་ལས་བྱུང་བའི་དད་བའི་སྟོབས་ཀྱིས་བསྒོམ་པ་ན་བཟུང་བའི་རྣམ་པ་བརྟོག་པ་དང་བྲལ ་བའི་འཛིན་པའི་རང་བཞིན་གྱི་ཡེ་ཤེས་དངོས་སུ་སྐྱེ་བར་འགྱུར་རོ། །བླ་མ་རྣམས་ཀྱིས་བསྟན་པའི་དེ་ཁོ་ན་ཉིད་རྟོགས་པའི་ཚིག་གི་སྒོ་ནས་བསྟན་པར་མི་ནུས་པ་ཉིད་ཡིན་པའི་ཕྱིར། ལུས་ཀྱི་རྫུ་འཕྲུལ་དང་ཚེ?་འཕྲུལ་རྣམ་པ་ཐ་དང་བ་རྣམས་དེས ་འདུལ་བ་རྣམས་ལ་རབ་ཏུ་སྟོན་པར་བྱེད་དོ། །འབྲས་བུ་དེ་ལ་ལྷག་པར་མོས་པ་རྣམས་ཀྱིས་ཀྱང་དེ་ཁོ་ན་བཞིན་དུ་བསྒོམ་པའི་སྒོ་ནས་ཐམས་ཅད་བྱའོ་ཞེས་བྱ་བ་ནི་དམ་ཚིག་གོ། སེམས་ཅན་འཛུད?་པའི་དང་ཚུལ་ཏེ། ཞེས་བྱ་བ་ནི་སེམས་ཅན ་རྣམས་ཀྱིས་བདག་གི་རྣམ་པར་རོལ་པ་མཐོང་ནས་ཡིད་དགའ་བར་གྱུར་བ་རྣམས་བདག་ཅག་ཀྱང་དེ་བཞིན་དུ་གྱན?་ཅིག་ཅེས་སྨོན་ལམ་བཏབ་པའི་སྒོ་ནས་འཇུག་པར་འགྱུར་ཞིང། དུས་ཕྱིས་དེའི་འབྲས་བུ་ཡང་ཐོབ་པར ་འགྱུར་བའོ། །སྲེག་གཅོད་པ་དང་མ་བྱིན་པར་ལེན་པ་དང། འདོད་པས་ལོག་པར་གཡེམ་བ་དང། རྫུན་དུ་?་བ་དང། ཚིག་རྩུབ་མོ་དང། ཕྲ་མ་དང། དག་འཁྱལ་བ་དང། བ་རྣབ་སེམས་དང། གནོད་སེམས་དང། ལོག་པར་ལྟ་བ་སྟེ། མི ་དགེ་བ་བཅུ་པོ་དེ་རྣམས་མི་བྱེད་པ་ནི་དགེ་བ་སྟེ་དེ་དག་ཉིད་ལས་ཡིན་ཞིང། བསོད་ནམས་མངོན་པར་འདུ་བྱེད་པའི་རང་བཞིན་ཅན་ཏེ་དེ་རྣམས། །བྱེད་པ་ཡེ་གེས་སྤངས་པ་རྣམས། ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་?་ཁོ་ན་ཉིད་ཀྱི་མན ་ངག་དང་བྲལ་བ་རྣམས་སོ། །མོས་པ་དམན་པ་ཞེས་བྱ་བ་ནི་རང་བདག་ཉིད་དུལ་བ་དང་ཞི་བ་འབའ་ཞིག་ལྷུར་ལེན་ཅིང། གཞན་གྱི་དོན་སྤངས་པ་སྟེ་འབྲས་བུ་དེ་མངོན་པར་འདོད་པ་རྣམས་ཀྱི་དམ་ཚིག་འདིའོ། །འཇིག་རྟེན་ལས ་འདས་པའི་རྣམ་པར་དག་བའི་ཚངས་པ་སྟེ། སྐུ་རྡོ་རྗེའི་སྒྲུབ་པར་བྱེད་པའི་དམ་ཚིག་ནི་ཚངས་བའི་དམ་ཚིག་གོ། གཏི་མུག་ནི་མཆོག་ཏུ་དགའ་བ་སྟེ་རང་དང་གཞན་དུ་རྣམ་པར་འབྱེད་བའི་རྣམ་པར་རྟོག་པས་ཀུན་ཏུ་རྨོངས་པར་བྱེད ་པའི་ཕྱིར་རོ། །དེ་ཐོབ་པར་བྱད་པའི་ལམ་ནི་ཡང་དག་པར་སྦྱོར་བའོ། །དེའི་ལས་ནི་བསྐྱོད་པ་ལ་སོགས་པའི་རང་བཞིན་ནོ། །དེ་ཉིད་འཇིགས་ཤིང་མི་སྡུག་པ་སྟེ། ཉན་ཐོས་ལ་སོགས་པ་རྣམས་ལ་འཇིགས་པ་བསྐྱེད་པར ་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །སངས་རྒྱས་བྱང་ཆུབ་སྟོན་པ་སྟེ། ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། །?་ད་བཤད་བའི་རྣམ་པར་སྣང་མཛད?་ཀྱི་དཀྱིལ་འཁོར་གྱིད་བུས་ན་འདུག་ཅིང་དེའི་རྣལ་འབྱོར་དང་ལྡན་པས ་མཆོད་པ་ལ་ཐུག་པའི་ཆོ་ག་བྱས་ནས། མཆོག་ཏུ་དགའ་བ་ལས་བྱུང་བ་རིག་མའི་པདྨ་ན་གནས་པའི་བྱང་ཆུབ་སེམས་ཀྱི་ཟླ་བ་ལ་ཚངས་པའི་དབྱངས་ཁ་དོག་སེར་པོ་རྣམ་པར་བཀོད་ལ། དེ་ལས་བྱུང་བའི་འོད་ཟེར་སེར་པོའི་ཚོགས་རྣམས་ཀྱིས་? ་དབྱིངས་ཐམས་ཅད་ཁྱབ་པའི་དེ་བཞིན་གཤེགས་པ་རྣམས་ལ་ཀུན་ཏུ་རེག་ནས་ཚངས་པའི་གཟུགས་རྣམས་སུ་བྱས་ལ་བསྡུས་ཏེ། ས་བོན་དེ་ལ་བཅུག་ལ། དེ་གྱུར་པར་བྱས་ནས་ས་བོན་གསུམ་གྱིས་བྱིན་གྱིས་བརླབས་པའི་ཚངས་པ་བསྐྱོད་པ། ཨོཾ? ་བརྗོད་ཅིང་ཕྱུང་སྟེ། དེ་འགྲོ་བ་རྣམས་ཞི་བར་བྱེད་དུ་བཅུག་ལ་དེ་བཀུག་སྟེ་རང་གི་ལུས་ལ་ཐམས་ཅད་ཡོངས་སུ་གྱུར་པར་བྱས་ནས། །བདག་ཉིད་ཚངས་པའི་གཟུགས་ཀུན་ཏུ་སེར་པོ་ཞལ་བཞི་པ། ཕྱག་བཞི་པ། ལུས་རྒྱས་པ་རྣམ་པའི་མཆོག ་ཐམས?་ཅད་དང་ལྡན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཚངས་པའི་སྐུད་པ་ཐོགས་པ། རལ་པའི་ཐོར་ཚུགས་ལ་བཞུགས་པའི་སྐུ་རྡོ་རྗེའི་དབང་བསྐུར་བ་དང་ལྡན་པ་ཟླུ་བའི་འོད་དང་ལྡན་པའི་དད་པའི་སྟེང་ན་པདྨ་དང་ཟླ་བའི་གདན་ལ་བཞུགས་པ ་རང་གི་ཁ་དོག་དང་ཕྱག་མཚན་ལ་སོགས་པ་ཐམས་ཅད་དང་ལྡན་པ། མེ་ཏོག་སྣ་ཚོགས་བཅིངས་པའི་ཐོར་ཚུགས་ཅན་གྱི་ཞལ་གཅིག་པའི་ལྷ་མོ་རྡོ་རྗེ་ཞི་བ་དང་སྙོམས་བར་ཞུགས་པ། བྱུ་རུའི་མྱི་གུའི་དབྱུག་པ་དང་བཅས་པའི་གཡོན་པའི ་?་བའི་ཕྱག་གི་རིག་མའི་ནུ་མ་འཛིན་པ། རྡོ་རྗེ་རྩེ་གསུམ་པ་དང་བཅས་པའི་གཡས་བས་འཁྱུད་བ། གཞན་དག་ན་འཕྲེང་བ་དང་སྤྱི་བླུགས་བསྣམས་པའི་སྐུ་རྡོ་རྗེ་བསམ་པར་བྱའོ། །དེ་ལྟར་འདས་མ་ཐག་པ་བཞིན་དུ་གསུང་རྡོ་རྗེའི་རྣལ ་འབྱོར་སྔོན་དུ་འགྲོ་བས་བདག་ཉིད་ཡི་གེ་ཨ་ལས་བྱུང་བའི་དབང་ཕྱུག་ཆེན་པོའི་གཟུགས་ཅན་སྐུ་མདོག་ཐལ་སྐྱ། ཞལ་གཅིག་ཕྱག་གསུམ་པ། ཟླ་བ་ཕྱེད་བ་དང་ལྡན་པའི་རལ་བའི་ཐོར་ཚུགས་ལ་གཞུག་བའི་གསུང་རྡོ་རྗེའི་དབང་ ་བསྐུར་བ་དང་ལྡན་པ་དང། དྲིལ་བུ་བཏགས་པའི་བ་དན་མཛེས་པ་དང་བཅས་པའི་མགོ་ཅན་གྱི་རྡོ་རྗེ་ཁ་ཊཝཱཾ་ག་ཕྲག་པ་གཡོན་པ་ལ་བརྟེན་པ་བསྣམས་ཤིང། ཕྱག་གི་མཐིལ་དུ་བཞག་པའི་བདུད་རྩིས ་ཡོངས་སུ་གང་བའི་ཐོད་པ་དང་བཅས་པའི་ཕྱག་གཡོན་པས་སྙོམས་པར་འཇུག་པས་གནས་པའི་ལྷ་མོ་དཀའ་ཟློགས་སྐུ་མདོག་སེར་པོ་རྡོ་རྗེ་རང་མདུད?་ཐུང་བསྣམས་པ། མེ་ཏོག་སྣ་ཚོགས་བཅིངས་པའི་ཐོར་ཚུགས་ཅན་རྒྱན ་ཐམས་ཅད་ཀྱིས་བརྒྱན་པ་ལ་འཁྱུད་པ། རྡོ་རྗེ་དང་བཅས་པའི་གཡས་པས་ཀྱང་འཁྱུད་ནས་ནུ་མ་འཛིན་མ། སྟག་གི་པགས་པའི་གོས་གྱོན་པ། ཁྱུ་མཆོག་གི་སྟེང་གི་སྟེང་ན་པདྨ་དང་ཟླ་བའི་གདན་ལ་བཞུགས་པ། ཟླ་བའི་འོད ་དང་ལྡན་པའི་གསུང་རྡོ་རྗེར་བསམ་པར་བྱའོ། །དེ་ནས་རང་གི་བ་སྤུའི་བུ་གའི་གསེབ་ནས་བྱུང་བའི་དབང་ཕྱུག་ཆེན་པོའི་གཟུགས་མཛའ་ཡས་པ་རྣམས་ཀྱིས་ནམ་མཁའ་ཨི་དབྱིངས་ཁྱབ་པའི་སྤྱན་ལ་སོགས་པའི་ཚོགས་མཉེས ་པར་བྱ་ཞིང། ཇི་ལྟར་སྙེད་པའི་ཕྱི་རོལ་གྱི་བཙུན་མོ་རྣམས་ཀྱིས་མཉེས་པར་བྱའོ་ཞེས་བྱ་བ་ནི་དམ་ཚིག་གོ། དེ་བཞིན་དུ་ཐུགས་རྡོ་རྗེའི་རྣལ་འབྱོར་སྔོན་དུ་འགྲོ་བས་བདག་ཉིད་ཡི་གེ་ཧཱུཾ་ལས་བྱུང་བའི་ཁྱབ་འཇུག་གི་གཟུགས ་ཅན་ཟར་མའི་མེ་ཏོག་ལྟ་བུའི་རིན་པོ་ཆེའི་ཅོད་པན་དང་ལྡན་པའི་རལ་པའི་ཐེར་ཚུགས་མངའ་བ་ཐུགས་རྡོ་རྗེའི་དབང་བསྐུར་བ་དང་ལྡན་པ། ཕྱག་བཞི་པ་རྡོ་རྗེ་རྩེ་གསུམ་པ་དང། དུད་དང་བཅས་པའི་གཡས་པ་དང་གཡོན་བའི ་རྩ་བའི་ཕྱག་དག་གིས་རང་དང་རྗེས་སུ་མཐུན་པའི་ཁ་དོག་ལ་སོགས་པ་དང་ལྡན་པ། ཕྱག་གཉིས་པ་མེ་ཏོག་རྣམ་པ་ཐ་དད་པ་བཅིངས་པའི་ཐོར་ཚུགས་ཅན། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དམ་ཚིག་དང་རྗེས་སུ་མཐུན་པའི་ལྷ་མོ ་རྡོ་རྗེ་གསེར་མདོག་ལ་འཁྱུད་ནས། གཞན་དག་གིས་འཁོར་ལོ་དང་མངའ་ཅེས་བསྣམས་པ། ནམ་མཁའ་ལྡིང་གི་སྟེང་ན་པདྨ་དང་ཉི་མ་ལ་བཞུགས་པ། ཉི་མའི་འོད་འབར་བ་མངའ་བའི་ཐུགས་རྡོ་རྗེ་བསམ་པར་བྱའོ། །དེ་ནས་རང་གི་ཡེ་ཤེས་བྱུང་བའི་འོད ་ཟེར་གྱི་སྒོ་ནས་སྤྲོས་པའི་ཁྱབ་འཇུག་གི་གཟུགས་མཛའ་ཡས་པ་རྣམས་ཀྱིས་སེམས་ཅན་ཐམས་ཅད་བསད་ལ། སླར་དེ་རྣམས་ཡི་གེ་ཧཱུཾ་ལས་བྱུང་བའི་མི་བསྐྱོད་པ་བསྐྱེད་ནས་མངོན་པར་དགའ་བའི་འཇིག་རྟེན་གྱི་ཁམས་སུ་ཀུན་ཏུ་བཀོད་དེ། ཁམས ་གསུམ་པའི་ཆོས་ཀྱི་རྒྱལ་སྲིད་ཀྱི་གདན་ལ་འདུག་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཇི་ལྟ་བ་བཞིན་དུ་དབང་བསྐུར་བར་བྱའོ། །རྡོ་རྗེ་མཁའ་དབྱིངས་བདག་ཉིད་ཀྱང། ཞེས་ཕུལ་དུ་བྱུང་བ་བསྟན་པའི་སྒོ་ནས་རྣལ་འབྱོར་པ་རྣམས ་ལ་ཡིད་ཆེས་པ་སྐྱེད་པར་བྱེད་དོ། །རྡོ་རྗེའི་སྐུ་ནི་ཚངས་པར་འགྱུར་ཞེས་བྱ་བ་ལ་སོགས་པ་ནི་གསལ་བར་བྱས་ཟིན་ཏོ། །དེ་ནི་ཉེ་བར་མཚན་པ་ཡིན་ཏེ། གཟུགས་དེ་དང་དེ་ལ་མངོན་པར་ཞེས་པའི་སེམས་ཅན་རྣམས་ཀྱི་དོན་བྱ་བའི་ཕྱིར་བརྒྱ ་བྱིན་ལ་སོགས་པའི་གཟུགས་རྣམས་སུ་ཡང་འགྱུར་རོ། །དངོས་པོ་གང་དང་གང་དག་གིས། །ལུས་ཅན་རྣམས་ནི་འདུལ་འགྱུར་བ། །བརྩེ་ལྡན་ཐུགས་རྗེའི་དབང་གྱུར་བ། །དེ་དང་དེ་ནི་བསྟོན་པར་མཛད། །ཞེས་འབྱུང་བའི་ཕྱིར་རོ། །ཤ་དང་ཁྲག ་?་ལྷུར་ལེན་པས་སྔ་མ་བཞིན་དུ་འཇམ་པའི་རྡོ་རྗེ་རྣལ་འབྱོར་གྱིས་གནོད་སྦྱིན་མ་བསྐྱེད་ལ། དེ་དང་ཡང་དག་པར་སྦྱོར་བའི་སྒོ་ནས་བསྒྲུབས་ན། དམ་ཚིག་ཉམས་སུ་བླངས་པས་མྱུར་དུ་འགྲུབ་པར་འགྱུར་རོ། །ཀླུའི་རྒྱལ་པོ་ནི་ཆུ་ལྷ་ལ་སོགས་པ ་རྣམས་ཡིན་ཞིང། །རྣམས་ཀྱི་བཙུན་མོ་ནི་ཆུང་མ་ཀླུ་མོ་ཆགས་པ་དང་ལྡན་པ་རྣམས་བསྒྲུབ་པར་འདོད་ཅིང་འོ་མ་འཐུང་བ་ལྷུང་ལེན་པ་དང། ཕྲ་མ་ཅན་ཏེ། ལུས་དྲིས་བྱུགས་པས་དེ་ཁོ་ན་བཞིན་དུ་བཀུག་སྟེ་མཉེས་པར་འགྲུབ་པར་འགྱུར་རོ། ་གང་ཞིག་དེ་ལྟར་མི་བྱེད་པ་དེ་ནི་ཉོན་མོངས་པ་ཉིད་འབའ་ཞིག་ཏུ་འགྱུར་གྱིས་འབྲས་བུ་ཐོབ་པར་མི་འགྱུར་རོ། །ཁྲོ་བོའི་སེམས་དང་ལྡན་ཞིང་མངོན་པའི་ང་རྒྱལ་དང་བཅས་པ་དྲི་དང་མེ་ཏོག་ལ་མངོན་པར ་དགའ་བ། ཁྲོ་བོ་རྡོ་རྗེ་ས་འོག་གི་རྣལ་འབྱོར་གྱི་ལྷ་མ་ཡིན་གྱི་བུ་མོ་རྣམས་བསྒྲུབ་བར་བྱའོ། །པགས་པའི་ཕྱེ་མའི་སྤོས་དང། ཏིལ་མར་ཆེན་པོ་དང། གླང་པོ་དང། རྟའི་ཞག་རྣམས་སྲིན་མོ་རྣམས་ལ་སྦྱིན་པར་བྱ ་ཞིང་རང་བཞིན་ཀྱང་བཟའ་བར་བྱའོ། །འདི་ནི་སྲིན་མོ་རྣམས་འབའ་ཞིག་གི་མ་ཡིན་གྱི། འབྱུང་པོ་རྣམས་ཀྱི་དམ་ཚིག་ཀྱང་ཡིན་ནོ། །གཙང་མ་ཞེས་བྱ་བ་ནི་སྔགས་ཀྱི་མངོན་པར་འདུས་བྱས་པ་འམ། རང་བཞིན་གྱི་ཡོངས་སུ ་དག་པ་ཉིད་ཡིན་པའི་ཕྱིར་རོ། །རྡོ་རྗེ་མཁའ་འགྲོའི་སྦྱོར་བ་ཡིས། །ཞེས་བྱ་བས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་དང་ལྡན་པས་མཆོད་པ་ལ་ཐུག་པའི་ཆོ་གའི་རྗེས་ཐོགས་ལ་རང་གི་རིག་མར ་པདྨ་ན་གནས་པའི་བྱང་ཆུབ་སེམས་ཀྱི་ཟླ་བ་ལ། དཔའ་བོ་བདེ་མཆོག་གི་རྒྱུད་ཕྱི་མ་ལས་གསུངས་པའི་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་པའི་ལྷ་མོ་རྣམས་ནི་ས་བོན་ཡི་གེ་ཧྲི་ལ་སོགས་པ་གང་ཡང་རུང་བ་རྣམ་པར་བཀོད་ལ། ་དེ་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་ནམ་མཁའ་ཁྱབ་པའི་དེ་བཞིན་གཤེགས་པ་རྣམས་ལ་ཀུན་ཏུ་རེག་སྟེ། དཀར་མོ་ལ་སོགས་པ་མངོན་པར་འདོད་པའི་རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱིས་གཟུགས་སུ་བྱས་ལ། དེ་རྣམས་ལྕགས ་ཀྱུའི་རྣམ་པ་ཅན་གྱི་འོད་ཟེར་རྣམས་ཀྱིས་བཀུག་སྟེ། ས་བོན་དེ་ལ་བཅུག་ལ། དེ་ཡོངས་སུ་གྱུར་པར་བྱས་ནས་དཀར་མོ་ལ་སོགས་བའི་མངོན་པར་འདོད་པའི་རྡོ་རྗེ་མཁའ་འགྲོ་མར་བསྐྱེད་ལ། ས་བོན་གསུམ་གྱིས་བྱིན་གྱིས་བརླབས ་བ། ས་བོན་ཉིད་བརྗོད་ཅིང་ཕྱུང་ལ། དེ་སེམས་ཅན་གདུག་པ་རྣམས་ཀྱི་ཁྲག་དང་སྙིང་དབྱུང་བ་ལ་སོགས་པའི་སྒོ་ནས་གསོན་དུ་བཅུག་ལ། དེ་རྣམས་ཀྱི་རྣམ་པར་ཤེས་པ་སྔ་མ་བཞིན་དུ་མི་བསྐྱོད་པའི་གཟུགས་སུ་བསྐྱེད་ནས་དེ་བཀུག་སྟེ་བར་གི ་ལུས་ལ་བཅུག་ལ། ཐམས་ཅད་གྱུར་པར་བྱས་ནས། བདག་ཉིད་དཀར་མོ་ལ་སོགས་པ་རྡོ་རྗེ་མཁའ་འགྲོ་མའི་གང་ཡང་རུང་བའི་གཟུགས་སུ་བསམ་པར་བྱའོ། །དེ་ལ་རེ་ཞིག་དཀར་མོ་ནི། སྐུ་མདོག་དཀར་པོ་ཕྱག་གཉིས་པ། ཞལ་གཅིག་པ། ་ཐོ?་པ་ལ་བཞུགས་པ། མི་བསྐྱོད་པའི་ཅོད་པན་དང་ལྡན་པ། མེ་ཏོག་སྣ་ཚོགས་བཅིངས་པའི་ཐོར་ཚུགས་ཅན། རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། པདྨ་འདབ་མ་སྣ་ཚོགས་པ་ལ་གནས་པའི་ཉི་མའི ་དཀྱིལ་འཁོར་ལ་ཞབས་གཡོན་པ་བརྐྱང་པས་བཞུགས་པ། ཉི་མ་འབར་བའི་འོད་མངའ་བ། དཔལ་རྡོ་རྗེ་མཁའ་འགྲོ་དང་སྙོམས་པར་ཞུགས་པ། རྣ་རྩེའི་བར་དུ་བཀང་བའི་གཞུ་དང། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ལ་སོགས ་པའི་རང་བཞིན་ཅན་གྱི་མདའ་བཞིས་མྱ་ངན་ལས་འདས་པའི་རང་བཞིན་ཅན་གྱི་ཚངས་པ་གདོང་བཞི་བའི་མགོ་བོ་རབ་ཏུ་འབིགས་པར་མཛད་ཅིང་བཞུགས་པའོ། །ལྷག་མ་རྣམས་ནི་དཔལ་བདེ་མཆོག་ལས་ཤེས་པར་བྱའོ། །དེ་རྣམས་ནི ་བཤད་གཅི་དང་ཁྲག་ཟ་བ་དང་ཆང་འཐུང་བ་ལ་མངོན་པར་དགའ་བ་ལ་འགྲུབ་པར་འགྱུར་རོ། །གནས་ཀྱི་མཚན་ཉིད་བཤད་པར་བྱ། ཞེས་བྱ་བ་ནི་འདིས་ཟླ་བ་ཕྱེད་ན་འཆི་བར་འགྱུར་རོ་ཞེས་བྱ་བའི་ཚིག་གི་དོན་ཤེས་པར་བྱས་ནས། སྙིང ་དབྱུང་བ་ལ་སོགས་པའི་སྒོ་ནས་བསད་ལ། མི་བསྐྱོད་པའི་གཟུགས་སུ་བསྐྱེད་པར་བྱའོ། །དེ་རྣམས་ཀྱི་རང་བཞིན་གྱིས་འགྲུབ་པའི་རྣམས་ཏེ། དེ་རྣམས་ཉིད་ཀྱི་ཕྱིར་ཁམས་གསུམ་ན་རྣམ་པ་ཐ་དད་པར་སྤྱོད་པས་ན་རྣམ་པར་སྤྱོད་པའོ། །སེམས ་ཅན་ཀུན་ལ་ཞེས་བྱ་བ་ལ་སོགས་པ་ནི། བཤད་ཟིན་ཏོ། །གང་ལ་ཁམས་གསུམ་ཐམས་ཅད་ཀྱི་རྡོ་རྗེ་དམ་ཚིག་གིས་ཏེ། རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱི་རྗེས་སུ་འབྲང་བ་སྟེ་རྣལ་འབྱོར་པ་རྣམས་ཀྱི་རྒྱུད་དེའི་རང་བཞིན་དུ ་བྱ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ལུས་ཀྱི་རྣམ་པ་ཐམས་ཅད་ནི། ཞེས་བྱ་བ་ནི་སྲོག་གཅོད་པ་དང། མ་བྱིན་པར་ལེན་པ་དང། འདོད་པས་ལོག་པར་གཡེམ་པ་དང་གསུམ་མོ། །རྡོ་རྗེ་ལས་ནི་བྱུང་བས་བྱ། ཞེས་བྱ་བ་ལ། སྐུ་རྡོ་རྗེའི་རྣལ ་འབྱོར་དང་ལྡན་པས་རང་གི་གསང་བའི་རྡོ་རྗེ་ལས་བྱུང་བའི་རྟག་པའི་ཚོགས་མི་བསྐྱོད་པ་དང་རྣམ་པར་སྣང་མཛད་ཀྱི་གཟུགས་ཅན་གྱི་འོད་དཔག་ཏུ་མེད་པའི་ང་རྒྱལ་དང་ལྡན་པ་རྣམས་གོ་རིམ་བཞིན་དུ་ཁམས་གསུམ་པར་རྟོགས་པའི ་སེམས་ཅན་རྣམས་བསད་བ་དང་རྫས་འཕྲོག་པ་དང། བུད་མེད་བསྟེན་པ་བྱེད་དུ་བཅུག་སྟེ། སེམས་ཅན་དེ་རྣམས་ཀྱང་ཅི་རིགས་བར་མི་བསྐྱོད་པ་དང་རྣམ་པར་སྣང་མཛད་ཀྱི་གཟུགས་ཅན་གྱི་བྱང་ཆུབ་སེམས་དཔའ་དང། རིག་མའི་ཚོགས ་མཛའ་ཡས་པ་དང་ལྡན་པའི་གསུང་རྡོ་རྗེར་ཡོངས་སུ་བསྐྱེད་ཅིང། རང་རང་གི་འཇིག་རྟེན་གྱི་ཁམས་ན་གནས་པ་རྣམས་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བར་བྱའོ། །དེ་ཉིད་ནི་སེམས་ཅན་ཁམས་ནི་ཐམས་ཅད་དུ། །རྟག་ཏུ ་སངས་རྒྱས་སྐུ་བྱེད་པའོ་ཞེས་བྱ་བས་གསུངས་སོ། །ཚིག་གི་ལས་གནས་མ་ལུས་པ། ཞེས་བྱ་བ་ནི་རྫུན་དུ་སྨྲ་བ་དང། ཕྲ་མ་དང། ཚིག་རྩུབ་པོ་དང། དག་བཀྱལ་བ་དང་བཞིའོ། །དེ་ཉིད་ནི་སྒྲ་བརྙན་གྱི་སྒྲ་དང་མཚུངས་པ་དང། སྒྲ ་དང་དོན་དག་ལ་འབྲེལ་པ་མེད་པའི་ཕྱིར་ཁམས་གསུམ་དྲི་མེད་བརྒྱན་པའོ། །གཞན་ནི་གོ་སླའོ། །ཡིད་ཀྱི་རྡོ་རྗེ་རང་བཞིན་ཀུན། ཞེས་བྱ་བ་ནི། གཞན་གྱི་རྫས་རྣམས་ལ། ཤིན་ཏུ་ཆགས་པ་དང། གཞན་ལ་གནོད་པ་བྱ་བའི ་སེམས་དང། སྤྱིན་སྲེག་ལ་སོགས་པ་ལས་རྣམས་ཀྱི་འབྲས་བུ་དེ་དང་དེ་མེད་པའོ། །ཞེས་བྱ་བ་ལ་སོགས་པ་ཡིད་ཀྱི་རྣམ་པ་གསུམ་སྟེ། དེ་རྣམས་ཐམས་ཅད་ཀྱང་སྐུ་རྡོ་རྗེ་ལ་སོགས་པའི་རང་བཞིན་དང་གཞན་ལ་ཕན་འདོགས་པ་དང། ་རང་བཞིན་གྱིས་འོད་གསལ་བར་མངོན་སུམ་དུ་བྱེད་ཅིང་བྱའོ། །རྡོ་རྗེ་ནི་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཡིན་ཞིང་དེ་བསམ་པ་བརྟན་པས་འཛིན་པར་བྱེད་པས་ན། རྡོ་རྗེ་བརྟན་པ་འཛིན་པ་སྟེ། སྒྲུབ་པ་པོའོ། །རྡོ་རྗེ་མི་ཕྱེད་ཅེས་བྱ་བ་ལ་སོགས ་པ་ནི་ཤེས་པར་ཟད་དོ། །སེམས་ཅན་རྫོགས་བར་བྱ་བའི་ཕྱིར་མི་ཕྱེད་པའི་དམ་ཚིག་སྟོན་པར་མཛད་པས་ན། དམ་ཚིག་སེམས་དཔའ་རྡོ་རྗེ་སྟེ་དཔལ་རྡོ་རྗེ་སེམས་དཔའ་ཨོ། །རྡོ་རྗེ་ཐམས་ཅད་ཀྱིས་དེ་ཉིན་དང་མཚན་དུ་དེ་བཞིན་གཤེགས་པ་ལ་སོགས ་པ་བསྒོམ་པར་བྱེད་པ་རྣམས་ཀྱི་ཤེས་པ་དང་སྐྱོབ་པའི་བདག་ཉིད་ཅན་གྱི་དམ་ཚིག་ནི་རྡོ་རྗེ་ཐམས་ཅད་ཀྱི་སྔགས་ཀྱི་དམ་ཚིག་སྟེ་དེའོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པས་ནི་སྐུད་རིས་སུ་བྱས་པ་ལ་སོགས་པའི་རྣམ་པ་དང། རང་གི ་བསོད་ནམས་ཀྱིས་བྱིན་གྱིས་བརླབས་ཀྱིས་དངོས་སུ་མིག་གི་སྤྱོད་ཡུལ་དུ་གྱུར་པ་རྣམས་ལ། ཉིན་དང་མཚན་དུ་ཡང་དག་པར་སྦྱོར་བ་སྒོམ་པའི་བསྒྲུབ་པ་པོས། ལུས་དང་ངག་དང་སེམས་ཀྱིས་དམིགས་པའི་སྒོ་ནས་ཕྱག་མི་བྱ་པར་བསྟན་ཏོ། ་ཕྱག་བཙལ་ན་ཉེས་པ་ཅིང་འགྱུར་ཞེ་ན། དེའི་ཕྱིར་མ་རུང་འགྱུར་ཞེས་བྱ་བ་གསུངས་ཏེ། བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ཅན་གྱི་རྣལ་འབྱོར་སྒོམ་པ་པོ་ལ་ཐ་དད་པའི་བློས་སངས་རྒྱས་ལ་སོགས་བར་རྟོག་པ་མེད ་པ་དང། ཁྱད་པར་དུ་འཕགས་པའི་ང་རྒྱལ་གྱིས་གནས་པ་ཉིད་ཡིན་པའི་ཕྱིར་དམ་ཚིག་ཉམས་པ་ཉིད་དུ་འགྱུར་ཏེ། དེའི་ཕྱིར་མ་རུང་པར་འགྱུར་རོ། །ཐམས་ཅད་དུ་རྒྱབ་པ་ཉིད་ཀུན་ཏུ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས ་གསུངས་ཏེ། ཡི་གེ་གསུམ་ལས་བྱུང་བ་ཀུན་ཏུ་ཁྱབ་པ་སྐུ་རྡོ་རྗེའི་བདག་ཉིད་ཀྱི་དཀྱིལ་འཁོར་ནི། རྣལ་འབྱོར་པ་ཐམས་ཅད་ཀྱིས་སྒོམ་པར་བྱའོ། །སྡོམ་པ་གཉིས་ལ་གནས་པའི་རྣལ་འབྱོར་བས་གསུང་རབ ་ཀྱི་གཞུང་བཞིན་དུ། སློབ་དཔོན་ལ་སོགས་པ་རྒན་པོ་ཐམས་ཅད་ལ་ཕྱག་བྱ་བའི་ཕྱིར། ཆོ་ག་གཞན་སེམས་ཅན་ཁམས་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། ཕྱག་བྱ་བའི་ཕྱིར་སྐད་ཅིག་གི་སེམས་ཅན་དཔལ་རྡོ་རྗེ་སེམས་དཔའ་ ་ལ་སོགས་པ་རང་གི་འདོད་པའི་ལྷར་དམིགས་ལ། དེའི་ང་རྒྱལ་དང་ལྡན་པས་བདག་ཉིད་དེ་དང་ལྷན་ཅིག་ཐ་མི་དང་པར་བསྒོམ་པའི་སྒོ་ནས་ཕྱག་བྱ་བའོ། །དེའི་ཕྱིར། བསམ་གཏན་རྡོ་རྗེས་བསྐུལ་བར་བྱ། ཞེས་བྱ་བ་གསུངས་ཏེ། ་དེ་ནི་རྡོ་རྗེ་མཆོག་གི་ཕྱག་ཡིན་ནོ། །མི་ཕྱེད་པའི་ཡེ་ཤེས་ལས་བྱུང་བ་ཉིད་ཡིན་པའི་དམ་ཚིག་རྡོ་རྗེ་ལས་བྱུང་བའོ། །སྐུ་རྡོ་རྗེའི་རྣལ་འབྱོར་དང་ལྡན་པས་སངས་རྒྱས་སྤྱན་དུ་ལྷག་པར་མོས་པར་བྱས་ལ་བཏུང་པར་གྱུར་བས་དེ་ལ ་ཕྱག་བྱའོ། །ཕྱག་བྱ་བར་འོས་པ་རྣམས་ལ་ཕྱག་བྱ་བའི་འདུ་ཤེས་ཡོད་མོད་ཀྱི་འགའ་ལ་ཡང་ཕྱག་བྱས་པ་མེད་དེ། བཅོམ་ལྡན་འདས་ཀྱིས། བདག་ཉིད་རྡོ་རྗེ་སྐུར་སྦྱོར་བས། ས་ནི་སྤྱན་དུ་བསམ་བྱས་ནས། མགོ་བོ་བཏུད་ནས་ཕྱག ་བྱས་ཏེ། འགའ་ལའང་ཕྱག་ནི་བྱས་པ་མེད། །ཅེས་གང་གསུངས་པའོ། །བསྙེན་པ་ལ་སོགས་པའི་སྒྲུབ་པ་ལ་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཉིན་རེ་ཞིང་བདུད་རྩི་ལྔའི་མཆོད་པ་རྣམས་ཀྱིས་ནམ་མཁའ་ཀུན་ཏུ་བཀང་སྟེ། ་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་བྱ་དགོས་པས། དེའི་ཕྱིར་རྡོ་རྗེ་བཤད་གཅིས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་གོ་སླའོ། །མི་སྣང་བ་ལ་སོགས་པའི་དངོས་གྲུབ་སྒྲུབ་པའི་ཐུན་བཞིར་ཇི་ལྟ་བ ་བཞིན་དུ་ཡང་དག་པར་སྦྱོར་བ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་རིག་མའི་པདྨ་ན་གནས་པ་རང་གི་ཁས་བླང་པར་བྱ་བའོ། །རྡོ་རྗེ་འཆང་ལ་སོགས་པའི་རྣལ་འབྱོར་བ་རྣམས་ལ་མི་སྣང་བའི་དངོས་གྲུབ་སྒྲུབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་རྫོགས་? ་པའོ། །རྡོ་རྗེའི་རིག་པ་འཛིན་པའི་དངོས་གྲུབ་འཐོབ་པར་བྱ་བའི་ཕྱིར་རྣལ་འབྱོར་བས་སྤྱི་བོར་རྫོགས་པའི་སངས་རྒྱས་བསམ་པར་བྱའོ། །དེ་ལྟར་བྱས་ན་རྡོ་རྗེའི་རིག་པ་འཛིན་པའི་གྲུབ་པའི་ཁྲོ་བོ་ཐམས་ཅད་ཀྱིས་ཐུབ་པར་མི་ནུས་པར་འགྱུར་རོ། ། ་ལས་དང་པོ་པའི་རྣལ་འབྱོར་པ་རྣམས་ཀྱི་དམ་ཚིག་ནི་སྔགས་འཆང་ལས་དང་པོ་ཐམས་ཅད་ཀྱི་དམ་ཚིག་སྟེ་དེའོ། །ལུས་ཀྱི་རྡོ་རྗེ་ཁ་ཟས་དང། ཞེས་བྱ་བ་བཟའ་བའི་དུས་སུ་བདག་ཉིད་ཡི་གེ་ཨོཾ་ལས་བྱུང་བའི་སྐུ་རྡོ་རྗེར་བསམས་ལ། ཕྱི་རོལ ་རྡོ་རྗེ་འཛིན་པ་དང། ཞེས་བྱ་བ་བཟའ་བ་དང་བཅའ་བ་དང་མྱང་བ་དང་བཞིབ་པ་དང། བདུད་རྩི་ལྔ་དང་བཅས་པའི་མྱོས་པར་བྱེད་པ་དང། མྱོས་པར་བྱེད་པ་མ་ཡིན་པའི་བཏུང་བ་ལ་སོགས་པ་དང། གཟུགས་དང་སྒྲ་ལ་སོགས་པ་དང། ཕྱི ་རོལ་གྱི་བརྟགས་པའི་ངོ་བོ་རྣམས་ལ། ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་འཆང་ཆེན་པོའི་རྣམ་པར་དམིགས་ཏེ། ཁ་དབྱེ་བའི་ཆོ་ག་བྱ། ཞེས་བྱ་བ་ཡི་གེ་ཨ་ལས་བྱུང་བའི་རྡོ་རྗེ་ཆོས་ཀྱིས་བྱིན་གྱིས་བརླབས་པའི་ཁ་ཕྱེ་ལ་ཟས་བཟའ་བ་ལ ་སོགས་པ་བྱའོ། །ཁ་ཅིག་མདོ་དོན་ཞེས་འདོན་ཏེ། དེ་ནི་ཉིན་དང་མཚན་དུ་སྒོམ་པ་བྱེད་པ་ལ། བཅོམ་ལྡན་འདས་ཀྱིས་འདི་ཉིད་ལས་གླེགས་བམ་ཀླག་པར་མི་བྱའོ་ཞེས་བཀག་པ་ཡིན་ནོ། །ལས་དང་པོ་བས་ནི་རྡོ་རྗེ་ཆོས་ཀྱི་ང་རྒྱལ ་དང་ལྡན་ཞིང་སྒྲ་ཡང་དེའི་རྣམ་པར་བྱིན་གྱིས་བརླབས་ལ་ཀླག་པར་བྱའོ། །བཟའ་བ་བྱ་བ་དང་ཟ་བར་བྱེད་པ་དང། དེའི་བྱ་བ་ཡོངས་སུ་དག་པ་སྟོན་པར་མཛད་པས་ན། ངོ་བོ་ཉིད་དག་པ་རྡོ་རྗེ་སྟེ་དཔལ་རྡོ་རྗེ་སེམས་དཔའ་ཨོ། །མེ་ལོང་ ་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་འཛིན་པས་ན་རྡོ་རྗེ་འཛིན་པར་ཐམས་ཅད་ཏེ་རྡོ་རྗེ་འཆང་ཆེན་པོའོ། །དེའི་སྐུ་དང་གསུང་དང་ཐུགས་རྣམས་ལ། སོ་སོར་རྟོག་པའི་བདག་ཉིད་ཅན་གྱི་ཤེས་རབ་ནི་རྡོ་རྗེ་སྙིང་པོ་ཞེས་བྱ་བ ་སྟེ། དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ན་གནས་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་རྡོ་རྗེ་མཉམ་པ་ཉིད་སྟེ་སྐུ་རྡོ་རྗེ་ལ་སོགས་པ་མི་དམིགས་པའི་མཚན་ཉིད་མངོན་དུ་བྱས་ནས། དེ་ཁོ་ན་ཉིད་བརྗོད་དུ་མེད་པའོ།། ་ཞེས་གདུལ་བྱ་རྣམས་ལ་བསྟན་པར་བྱ་བའི་ཕྱིར་ཅང་མི་གསུང་པར་གྱུར་ཏོ། །དེ་ནས་ཡང་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་བཤད་ཟིན་ཏོ། །རྡོ་རྗེ་ལ་སོགས་པའི་རིགས་ལྔ་ལས་ངེས་པར་བྱུང་པ་ཉིད་ཡིན་པའི་ཕྱིར་རིགས་ཀྱི་བུ་སྟེ། བྱང ་ཆུབ་སེམས་དཔའ་ཐམས་ཅད་ཡིན་ཞིང་དེ་རྣམས་ལ་བོད་པའོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ཀྱི་ངོ་བོ་ཉིད་དམིགས་མེད་པ་ནི་དེ་བཞིན་ཉིད་དོ། །དེ་ཉིད་རང་རང་གི་ངོ་བོ་ལས་མི་འགྱུར་བས་ནི་ཡི་གེའི་ཚིག་གོ་།དེ་བཞིན་ཉིད ་ཀྱི་དོན་ཁོ་ན་བསྟན་པར་བྱ་བའི་ཕྱིར། ངོ་བོ་ཉིད་མེད་པ་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། ངོ་བོ་ཉིད་དང་བྲལ་བ་ཉིད་ཡིན་པའི་ཕྱིར་ངོ་བོ་ཉིད་མེད་པའི་ཡི་གེའི་ཚིག་གོ་།དེའི་ཕྱིར་བརྗོད་དུ་མེད་པའི་དེ་ཁོ་ན་ཉིད་སྟེ། དེ་རྣམ ་པར་བསམ་ནས་ཅད་མི་གསུང་བར་བཞུགས་སོ། །རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་པར་ཟད་དོ། །སྐུ་ནི་མི་འགྱུར་སྐྱེ་བ་མེད། ཅེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་ནམ་མཁའ་དང་འདྲ་བ་ཡིན་པས ་བཟུང་བ་དང་འཛིན་པ་ལ་སོགས་པའི་རྣམ་པར་རྟོག་པས་གཟུང་བ་གང་ཡིན་པ་དེ་ནི་དོན་དམ་པ་རྣམ་པར་དཔྱད་ན་ལོག་པར་བཟུང་བ་ཁོ་ན་ཡིན་ནོ། །དེ་ནས་འཇམ་དཔལ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །གསུང ་སྐྱེ་བ་མེད་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱེ་བ་མེད་པའི་རྡོ་རྗེ་མངོན་པར་བྱང་ཆུབ་པ། ཞེས་བྱ་བས་ནི་རྒྱུ་རིགས་མཐུན་པ་ལས། འབྲས་བུ་ཡང་རིགས་མཐུན་པར་འབྱུང་ངོ་ཞེས་བསྟན་ཏེ། དེ་སྐད་དུ་ཡང། བདེ་ཆེན་ལས་བྱུང་བྱང་ཆུབ་? ་ནམ་མཁའ་དང་ནི་མཚུངས་པར་འདོད། །འགྲོ་ཀུན་དེའི་མཚན་ཉིད་དེ། །ནམ་མཁའ་དེ་ལ་མཚན་ཉིད་མེད། །ཅེས་གསུངས་སོ། །བཟོད་མ་ནས་མ་སྐྱེས་པའི་མཆོག་ཏུ་ཟག་པ་མེད་པའི་བདེ་བ་ཆེན་པོ་གང་ལ་བདག་དང་གཞན་ལ་སོགས་པ་རྣམ་པ ་འབྱེད་པའི་རྟོག་པའི་མཚན་ཉིད་ཀྱི་ངོ་བོ་ཉིད་དང་བྲལ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་མི་འགྱུར་བ་སྟེ་འཇིག་པ་མེད་པའི་ཕྱིར་རོ། །དེ་ལས་བྱུང་བ་ཞེས་བྱ་བ་ནི་རྩེག་པ་བསལ་ནས། ནམ་མཁའ་བྱའོ་ཞེས་བྱ་བ་ལ་སོགས་པའི་ཐ་སྙད ་དང་མཚུངས་པར་བྱུང་བའོ། །དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་དུ་མཛད་པའི་བྱང་ཆུབ་ནི་ཞེས་བྱ་བ་ལ་སོགས་པའི་རྣམ་པར་རྟོག་པའི་སྤྱོད་ཡུལ་ཉིད་མ་ཡིན་པའི་ཕྱིར་ཤེས་པར་བྱ་བ་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟ་ཡིན་པ ་དེ་བས་ན་རང་གི་རིག་པར་བྱ་བའི་བྱང་ཆུབ་ཀྱི་རྟོགས་པ་སྐྱེ་བ་མེད་པ་ནམ་མཁའ་དང་མཚུངས་ཤིང་བརྗོད་དུ་མེད་པ་ནི། དོན་དམ་པར་བཅོམ་ལྡན་འདས་ཀྱིས་ཚིག་གི་སྒོ་ནས་བསྟན་པར་མི་སྤྱོད་དེ། དེའི་ཕྱིར་ཚངས་པ་ལ་སོགས་པ་རྣམས ་བཅོམ་ལྡན་འདས་ལ་དེ་ལྟ་བུའི་སེམས་བསྐྱེད་དུ་ཟིན་ཀྱང། འོན་ཀྱང་དེ་རྣམས་ལ་ས་བོན་དང་རྟེན་བཞིན་དུ་སྒ་དང་དོན་དག་ལ་འབྲེལ་པ་མེད་པའི་ཕྱིར་བསྟན་པའི་ཚིག་ནི་བརྗོད་དུ་མེད་ཅིང་ཕྱིན་ཅི་ལོག་གི་རང་བཞིན་ཁོ་ན་ཡིན་ནོ་ཞེས་བསྟན་པར ་བྱ་བ་ཡིན་ནོ། །ཁྱབ་པར་བྱེད་པ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་གོ་སླའོ། །དེ་ཅིའི་ཕྱིར་ཞེ་ན། ཞེས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དྲིས་པའི་ལན་གདབ་པའི་ཕྱིར། ཀྱེ་མ་ཞེས ་དཔལ་རྡོ་རྗེ་སེམས་དཔའ་གང་ལ་དེ་རྣམས་ལས་གྲུབ་པའི་བདག་ཉིད་དེ་སྐུ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཤེས་རབ་ཀྱི་ངོ་བོ་ཉིད་མེད་པ་ཡིན་པའི་ཕྱིར་རྡོ་རྗེ་ཆེན་པོའི་བདག་ཉིད་དོ། །ཆོས་རྡོ་རྗེའི ་དེ་ཁོ་ན་ཉིད་ནི་མི་ཕྱེད་པའི་ཆོས་ཀྱི་སྐུའི་རང་བཞིན་ཅན་གྱི་མཆོག་ཏུ་ཟག་པ་མེད་པའི་བདེ་བ་ཆེན་པོ་ཡིན་ཞིང། དེ་ཉིད་བསད་པའི་ཡི་གེ་ཆེན་པོ་སྟེ། དེ་མི་ཤེས་བཞིན་དུ་ཚིག་གི་སྒོ་ནས་འཆད་དོ། །ཞེས་དེ་སྙམ་དུ་རྡོ་རྗེ་འཆད ་ཆེན་པོ་ལ་དེ་རྣམས་ཀྱིས་བརྙེས་པར་འགྱུར་རོ། །དེའི་ཕྱིར་བསྟན་པའི་ཚིག་ལ་དཔྱད་པ་མ་བྱས་པ་ཁོ་ན་ལེགས་པ་ཡིན་པའོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་དེ་སྐད་གསན་ནས། རང་གི་ཕྱོགས་བསྟན་པར་བྱ་བའི་ཕྱིར། ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་ནི་ཚངས་པ་ལ་སོགས་པ་རྣམས་ཏེ། སའི་སྙིང་པོ་ལ་སོགས་པ་རྣམས་ནི་ཐམས་ཅད་མཁྱེན་པ་ཁོ་ན་ཡིན་ནོ། ་དེས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། ཚངས་པ་ལ་སོགས་པ་རྣམས་ཀྱིས་བརྙས་སུ་ཟིན་ཀྱང། འོན་ཀྱང་ཁོ་བོ་ཅག་གིས་ནི། ཆོས་ཉིད་ཇི་ལྟར་གནས་པའོ་ན་བཞིན་དུ་བསྟན་པར་བྱ་བ་ཡིན་གྱི། སེམས་ཅན་རྣམས་བསླུ་བར་བྱ་བ་ན་མི ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གསང་བ་མི་འགྱུར་བ་ནི་རང་བཞིན་མཉམ་པ་ཉིད་དུ་རོ་གཅིག་པའི་གཉིས་སུ་མེད་པར་ཡང་དག་པར་སྦྱོར་བ་ལས་བྱུང་བའི་བདེ་བ་ཆེན་པོའོ། །བརྙེས་ནས ་ཀང་ཞེས་བྱ་བ་ནི་མངོན་སུམ་དུ་མཛད་ནས་ཀྱང་ངོ། །དེ་ཉིད་ནི་སྐྱེ་བ་མེད་པ་རྟོགས་པའི་རང་བཞིན་ཅན་ཉིད་ཡིན་པའི་ཕྱིར་བྱང་ཆུབ་སྟེ་དེ་མི་ཤེས་པའོ། །དེ་ཅིའི་ཕྱིར་ཞེ་ན། ཞེས་བྱང་ཆུབ་སེམས་དཔའ་རྣམས་དྲི་བ་བྱས་པའི་ལན་དུ ་རྡོ་རྗེ་ནི་སྐུ་རྡོ་རྗེ་ལ་སོགས་པའི་རང་བཞིན་སྟོན་པར་བྱེད་པ་སྟེ། བསྟན་པར་བྱ་བའི་དོན་བརྗོད་པའོ། །དེ་ལ་ཕྱིན་ཅི་ལོག་ཀུན་འབྱུང་བར་མི་བརྟག་ཏུ་གསོལ། །ཞེས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་ལ་བཀག་པའོ།། ་དེ་ཅིའི?་སླར་དུ་ཞེ་ན། སྟེ་རྒྱུ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རྣམས་ཀྱི་དྲི་བ་མཛད་པ་ན། ལན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས ་ཉིད་རྡོ་རྗེ་དབྱིངས་སོ། །དེ་རྣམས་ཀྱི་ངོ་བོ་ཉིད་སྤྱོད་པ་ནི། ཐམས་ཅད་ཀྱི་གཟུགས་སུ་སྟོན་པའི་སྒོ་ནས་འགྲོ་བ་མ་ལུས་པའི་དོན་སྒྲུབ་པའི་རྣམས་པའོ། །དེ་རྣམས་སུ་འགྲོ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ས་བཅུའི་དབང་ཕྱུག ་རྣམས་ཀྱི་དོན་བྱ་བའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུ་རྣམས་སུ་ཡོངས་སུ་གྱུར་པའོ། །རྗེས་སུ་སྟེ་ཕྱི་ནས་འགྲོ་ཞིང་དེས་འདུལ་བ་རྣམས་ཀྱི་དོན་དུ་སྤྲུལ་པའི་སྐུ་རྣམས་ཡོངས་སུ་གྱུར་པས་ན། རྗེས་སུ་འགྲོ་བ་སྟེ། རྗེས་སུ་འགྲོ་བ་ཉིད་ནི་རྗེས་སུ་འགྲོ་བ་སྟེ ་སླར་དེ་བཞིན་གཤེགས་པ་རྣམས་ཀྱི་དྲི་བ་མཛད་པ་ནི། ལན་དུ་ཚངས་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐབས་འདིར་ནི་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་དུ་སེམས་བསྐྱེད་པ་འཇིག་རྟེན་པ ་ཁོ་ན་ཡིན་པར་རྟོགས་པར་བྱའི། །ཚངས་པ་ལ་སོགས་པའི་གཟུགས་ཅན་གྱི་སྐུ་རྡོ་རྗེ་ལ་སོགས་པ་རྣམས་ནི་མ་ཡིན་ཏེ། །དེ་རྣམས་ལ་ཐེ་ཙོམ་མེད་པའི་ཕྱིར་རོ། །མངོན་པར་ཤེས་པ་ཐོབ་པ་ཙམ་གྱིས་ནི་དངོས་པོ་ཐམས་ཅད ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་མ་ཡིན་ཏེ། དེའི་ཕྱིར་མི་ཤེས་ནས་འདི་སྙམ་དུ་རྡོ་རྗེའི་བདག་ཉིད་ཅེས་བྱ་བ་ལ་སོགས་པ་རྣམས་པར་རྟོགས་ཏེ། རྡོ་རྗེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཁོ་ན་ཡིན་ཞིང་བཅོམ་ལྡན་འདས ་བྱ་བ་ལ་སོགས་པ་གསུངས་ཏེ། ཁྱེ་མ་ཞེས་བྱ་བའི་སྒྲ་ནི་ངེས་པར་བཟུང་བའོ། །འདི་དག་ཅེས་བྱ་བ་ནི་ཐུགས་ལ་གནས་པ་སྟེ། སེམས་ཅན་གྱི་ཁམས་སུ་གཏོགས་པ་ཇི་སྙེད་ཡོད་པ་རྣམས་སོ། །ཆོས་ཀྱི་སྐུ་ལ་སོགས་པ་ཐམས ་དང། སྐུ་གསུང་ཐུགས་རྡོ་རྗེ་རྣམས་ཀྱི་ཆོས་ཉིད་ནི་ངེས་པར་འབྱེད་པའི་ཤེས་རབ་བོ། །རྟེན་པའི་ཕྱིར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་དགོངས་པའི་དབང་གི་སྐུ་རྡོ་རྗེ་གསུམ་གྱིས་བདག་ཉིད་ཅན་རང་གི་སྙིང་ག་ནས་གནས་པའི་ཤེས ་རབ་རིག་མའི་གཟུགས་སུ་ཡོངས་སུ་གྱུར་པ་ལ་འཁྱུད་ནས་གནས་པའི་སེམས་ཅན་ཐམས་ཅད་ཀྱིས་གཉིས་སུ་མེད་པར་ཡང་དག་པར་སྦྱར་བའི་བདེ་བ་ཆེན་པོའི་རང་བཞིན་མཐོང་བར་འགྱུར་བས་སྐུ་གསུམ་དང་རྡོ་རྗེ་གསུམ་གྱིས་ཆོས་ཉིད་ལ་བརྟེན ་པའོ། །སྐུ་གསུང་ཐུགས་རྡོ་རྗེའི་ཡེ་ཤེས་ནི་རྡོ་རྗེ་གསུམ་མི་ཕྱེད་པའི་ཐབས་དང་ཤེས་རབ་ཀྱི་བདེ་བ་ཆེན་པོ་སྟེ། དེ་ཐོབ་པའོ། །བཅོམ་ལྡན་འདས་ཀྱང་དེ་བཞིན་གཤེགས་པ་རྣམས་ཀྱི་ཕྱོགས་ཞལ་གྱིས་བཞེས་པས། དེ་བཞིན་གཤེགས ་པ་ཐམས་ཅད་དང། བྱང་ཆུབ་སེམས་དཔའ་རྣམས་ལ་འདི་སྐད་དུ་ངོ་བོ་ཉིད་ཀྱི་དག་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བརྗོད་བྱ་བརྗོད་པར་བྱ་བ་བའང་མིན། ཞེས་བྱ་བར་སྦྱར་རོ། །ཐམས་ཅད་ལ་ཁྱབ་པའི་ཆོས་དང་ལོངས ་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་རྣམས་དང། རྡོ་རྗེ་གསུམ་ནི་རང་བཞིན་གྱིས་དག་པ་ཉིད་ཡིན་པའི་ཕྱིར། ངོ་བོ་ཉིད་ཀྱིས་དག་པའོ། །དེའི་བདག་མེད་པ་ནི་ཆོས་ཐམས་ཅད་སྟོང་པའི་སྙམ་དུ་སོ་སོར་རྟོག་པ་མཚན་ཉིད་ཅན་གྱི ་ཤེས་རབ་ཡེ་ཤེས་ཏེ། དེ་ཉིད་ཐབས་ཀྱི་སྟོབས་ཀྱི་རིག་མའི་གཟུགས་སུ་གྱུར་པའོ། །དེ་དང་ཡང་དག་པར་སྦྱོར་བ་ལས་བྱུང་བའི་བདེ་བ་ཆེན་པོ་གང་ཡིན་པ་ཉིད་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཡོན ་འབྱོར་ཆེན་པོའི་ཆོ་གའི་རྗེས་ཐོགས་ལ་དེ་ཁོ་ན་བཞིན་དུ་རང་གི་རིགས་མ་བསྐྱེད་དེ། དེ་དང་ཡང་དག་པར་སྦྱོར་བའི་དུས་སུ་རང་གི་སྤྱི་བོར་རྡོ་རྗེ་འཆང་ཆེན་པོ་དབང་བསྐུར་བ་རབ་ཏུ་སྟེར་ཞིང་སྔར་བཤད་པའི་ཞལ་དང་མཚོན་ཆ་ལ་སོགས་པ ་དང་ལྡན་པ་འོད་ཟེར་ཀུན་ནས་འཕྲོ་བ་བསམ་པར་བྱའོ། །བསྒོམ་པ་དེས་ནི་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་མྱུར་དུ་འཐོབ་པར་འགྱུར་རོ། །རྡོ་རྗེའི་སྐུ་ཞེས་བྱ་བ་དེ་ཉེ་བར་མཚོན་པ་ཡིན་ཏེ། མི་བསྐྱོད་པ་དང། དཀོན་མཆོག་དཔལ་དང ་འོད་དཔག་ཏུ་མེད་པ་དང་ངོན་ཡོད་པར་གྲུབ་པའི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་དབང་བསྐུར་བའི་དོན་དུ་སྤྱི་བོར་རྡོ་རྗེ་འཆང་ཆེན་པོ་ཉིད་བསྒོམ་པར་བྱའོ། །ཀུན་ལ་ཞེས་བྱ་བ་སྨོས་པ་ནི་དཀྱིལ་འཁོར་པ་ལས་ཕྱི་རོལ་གྱི་ལྷ་སྒོམ་པ ་པོ་རྣམས་ཀྱིས་ཀྱང་ཇི་ལྟར་མཐུན་པ་བཞིན་དུ་རང་གི་རིགས་ཀྱི་དབང་བསུར་བ་བརྟན་པར་བྱའོ། །རིགས་ཀྱི་བྱེ་བྲག་གིས་ཞེས་བྱ་བ་ལ། སྤྱན་དང་སའི་སྙིང་པོ་དང་འཕགས་པ་གཤིན་རྗེ་གཤེད་དང། བྱམས་པ་དང་བྱམས་པའི་རྣལ ་འབྱོར་པ་རྣམས་ཀྱི་སྤྱི་བོ་ལ་རྣམ་པར་སྣང་མཛད་དང། དེ་བཞིན་དུ་མཱ་མ་ཀཱི་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་ནི་རང་གི་རིགས་ཀྱི་དེ་བཞིན་གཤེགས་པའི་དབང་བསུར་བའི་གོ་འཕང་བསྒོམ་པར་བྱ་ཞིང། འཕགས་པ ་གཞན་གྱིས་མི་ཐུབ་པ་དང། འཕགས་པ་བདུད་རྩི་ཞེས་བྱ་བའི་རྣལ་འབྱོར་པ་དག་གིས་མི་བསྐྱོད་པའི་དབང་བསྐུར་བ་བསམ་པར་བྱའོ། །གལ་ཏེ་དེ་ལྟར་མ་བསྒོམས་ན་ཕྱག་རྒྱ་ཆེན་པོ་འགྲུབ་པར་མི་འགྱུར་རོ། །རིག་མ་དང ་ཡང་དག་པར་ལྡན་པའི་ལ་སྒྲུབ་པར་བྱེད་ཅིང་མི་ཕྱེད་པའི་གསང་བ་སྟེ་དབང་བསྐུར་བ་སྟོན་པར་མཛད་པས་ན། རིག་པའི་སྐྱེས་བུ་རྡོ་རྗེ་གསང་བར་སྟེ་དཔལ་རྡོ་རྗེ་སེམས་དཔའ་ཨོ། །ཕྱི་དང་ནང་གི་བདག་ཉིད་ཅན་གྱི་ས་དང་ཆུ་དང་མེ་དང ་ཀྱིས་ལུས་ནི་འཐོབ་པར་འགྱུར། །སེམས་ཀྱི་ཆོས་ནི་སྟོན་པ་སྟེ། །སེམས་ཀྱིས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་བསྟན་པའི་ཕྱིར་རོ། །འདི་ལ་ངོ་མཚར་བ་ཅི་ཞིག་ཡོད་ཅེ་ན། གང་དུ་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། བསྟན་པ་གང་དུ་དོན་དམ་པར་ལུས་དང་ངག་དང། སེམས་ཉེ་བར་དམིགས་པ་མེད་པའི་མེད་པ་དེར་ཀུན་རྫོབ་ཏུ་གཟུགས་རྣམ་པར་བསྒོམ་པ་ཞེས་བྱ་བ་ནི་ངོ་མཚར་བ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར ་བཤད་ཟིན་ཏོ། །རྡོ་རྗེ་གསུམ་ནི་ཚངས་པ་ལ་སོགས་པ་སྟེ། དེ་རྣམས་ཀྱི་ནི་ཉན་ཐོགས་རྣམས་སོ། །དེ་རྣམས་ཀྱི་ཆེན་པོ་ནི་རང་རྒྱལ་བ་རྣམས་སོ། །དེ་རྣམས་ཀྱི་མཆོག་ནི་ས་དང་པོ་ནས་བཟུང་སྟེ་ས་བཅུ་པའི་དབང་ཕྱུག་གི་བར་གྱི་བྱང་ཆུབ ་སེམས་དཔའ་རྣམས་སོ། །དེ་རྣམས་ལས་ཀྱང་མཆོག་ནི་འདིའི་དཀྱིལ་འཁོར་བ་རྣམས་སོ། །རྡོ་རྗེ་གསུམ་གྱི་བདག་ཉིད་ཅན་དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་མི་ཕྱེད་པའི་བདག་པོ་ནི། རྡོ་རྗེ་གསུམ་གྱི་མངའ་དབང་མཆོག ་གོ། རིག་པའི་སྐྱེས་བུ་བསྒོམ་པའི་ཕྱིར། །ཞེས་བྱ་བ་ནི་བསྒྲུབ་པ་ཆེན་པོའི་ཉམས་སུ། །སྤྱི་བོར་བདག་པོ་བསྒོམ་པར་བྱ། །ཞེས་བྱ་བ་ལ་སོགས་པ་གང་བཤད་པ་དེ་ཉིད་བསྟན་པར་བྱ་བའི་ཕྱིར་ཡང་དྲན་པར་བྱེད་པའོ། །མཁའ་དབྱིངས་ནི ་བཙུན་མོའི་པདྨའོ། །དེ་ཉིད་མཆོག་ཏུ་དགའ་བ་འབྱུང་བ་ཉིད་ཡིན་པའི་ཕྱིར་རྡོ་རྗེའོ། །དེའི་དབུས་ན་གནས་པའི་སངས་རྒྱས་དཀྱིལ་འཁོར་ནི་རྣམ་པར་སྣང་མཛད་ཀྱིའོ། །རྡོ་རྗེ་སྐུ་ནི་རབ་བསྒོམས་ནས། སྤྱི་བོར་རྡོ་རྗེ་རབ་ཏུ་བསྒོམ།། ་ཞེས་བྱ་བས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། རིག་མའི་བརྟུལ་ཞུགས་སྤྱད་ཅིང་ལྷ་རྣམས་ཀྱིས་རྗེས་སུ་སྣང་བའི་རྣལ་འབྱོར་པས་རང་གི་དཀྱིལ་འཁོར་དུ་སྐུ་རྡོ་རྗེའི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་བྱས་ལ། རྗེས་སུ་རྣལ་འབྱོར་དང་རྣལ ་ཏན་གྱི་ཚོགས་ཀྱི་རང་བཞིན་གྱི་ཆོས་རྣམས་དང་ཐ་མལ་པའི་ཕུང་པོ་ལ་སོགས་པ་རྣམས་ཀྱི་བསྐྱེད་པའི་ས་བོན་ཉིད་ཡིན་པའི་ཕྱིར་ཆོས་ཀྱི་དབྱིངས་སོ། །དེ་ཉིད་རྟེན་དང་བརྟེན་པའི་རྟོག་པ་མེད་པའི་ཕྱིར་གནས་མེད་པའོ། །དེའི་རྡོ་རྗེ་ནི་བཤད་མ་? ་པའི་ས་བོན་དུ་གྱུར་པའི་བྱང་ཆུབ་ཀྱི་སེམས་སོ། །དེ་ལ་བྱུང་བ་ནི་ཀུན་རྫོབ་ཀྱི་རང་བཞིན་གྱི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རྟོག་པ་ཇི་སྙེད་པ་ཡོད་པ་སྟེ། དེ་སྐད་དུ་ཡང་བཅོམ་ལྡན་འདས་ཀྱིས་སོ། །ཤེས་རབ་ཐབས་བྱུང་ས་བོན་ནི། ་བྱང་ཆུབ་སེམས་ཞེས་བྱ་བར་བརྗོད། །དེ་ལས་སངས་རྒྱས་ཡང་དག་བྱུང། །གནས་དེ་ཐོབ་ནས་མྱ་ངན་ལས། །དེ་ནི་སངས་རྒྱས་ཆོས་རྣམས་དང། །དངོས་གྲུབ་ཀུན་གྱི་ས་བོན་ཉིད། །འཇིག་རྟེན་ཁམས་གསུམ་ཁམས་གསུམ་པ། ཐམས་ཅད ་དེ་ལས་ཡང་དག་བྱུང། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བརྗོད་བྱ་ཞེས་བྱ་བ་ནི། ཀུན་རྫོབ་ཏུ་བསྟན་པར་བྱ་བ་ཡིན་པའོ། །བརྗོད་པར་བྱ་བའང་མིན་ཞེས་པ་ནི། དོན་དམ་པ་ལ་བརྟེན་ནས་ནི་བསྟན་པར་བྱ་བ་དང། སྟེན་པར་བྱེད་པ་དག་མེད ་པ་ཡིན་པའི་ཕྱིར་རོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་དྲིས་ཏེ། ཡང་དག་བར་འབྱུང་ཞེས་བྱ་བ་ནི་སྐྱེ་བའོ། །གཞན་ནི་བཅོམ་ལྡན ་འདས་ཉིད་ཀྱིས་རབ་ཏུ་རྣམ་པར་ཕྱེའོ། །དེ་ལྟར་བཅོམ་ལྡན་འདས་ལས་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་བ་དང་གནས་པའི་ངེས་པ་རྟོགས་ནས། དེ་བཞིན་གཤེགས་པ་རྣམས་དང། བྱང་ཆུབ་སེམས་དཔའ་རྣམས་ངོ་མཚར་དུ ་གྱུར་ཅིང། ནམ་མཁའ་ནི་ཅི་ལ་ཡང་མི་གནས་སོ་ཞེས་བྱ་བས་ནི་རྨད་དུ་གྱུར་ཏོ། །ཀྱེ་མའོ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཞེས་བྱ་བ་ནི་ཐུགས་རྡོ་རྗེའོ། །རྡོ་རྗེ་ཚིག་སྨྲ་བ་ཞེས་བྱ་བ་ནི་གསུང་རྡོ་རྗེའོ། །དེ་ག་ལས་ཤེ་ན། སེམས ་རླུང་གི་ཁམས་སུ་གྱུར་པའི་འཕགས་མ་སྤྱན་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་ཀུན་ཏུ་བཟང་མོ་དང་སྙོམས་པར་ཞུགས་པའི་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པ་འདོད་པའི་ལྷ་གང་ཡང་རུང་བའི་གཟུགས་ཅན་བདག་ཉིད་ཕྱི ་དང་ནང་གི་ལོངས་སྤྱོད་རྣམས་ཀྱིས་ཚིམ་པར་བྱེད་པར་བསམ་པར་བྱ་བ་ཡིན་པས་དེའི་ཕྱིར་འབྱུང་བ་དག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྱུ་མཆོག་འོ་ན་ཏིང?་མཉེས་པར་འགྱུར། ཞེས་བྱ་བ་ནི་རྡོ་རྗེ་སྐུ་གསུམ་གྱི་བདག་ཉིད་ཅན་གྱི ་རྡོ་རྗེ་འཆང་ཆེན་པོའི་སོགས་པ་རྣམས་སོ། །གང་ཞིག་འདི་དག་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལྟར་ཞག་བདུན་གྱི་བར་དུ་བྱས་ན་བསྒྲུབ་པ་དེ་ལ་ཞུགས་པའི་སྒྲུབ་པ་པོས་སྐུ་གསུམ་གྱི་དངོས་གྲུབ་འཐོབ་པར་འགྱུར་རོ། །སླར་ཞེས་བྱ་བའི ་སྒྲ་ནི་སྔར་བཤད་པའི་སྐུ་རྡོ་རྗེ་ལ་སོགས་པའི་དམ་ཚིག་ལ་བལྟོས་པ་ཡིན་པའི་ཕྱིར་རོ། །ཡང་ཞེས་བྱ་བ་ནི་ངེས་པར་གཟུང་བའི་དོན་ཅན་ཡིན་པར་ཐམས་ཅད་དུ་རྟོགས་པར་བྱའོ། །སྐུ་རྡོ་རྗེ་ལ་སོགས་པའི་སྒྲུབ་པ་པོ་རྣམས་ལ ་མདོར་བསྡུས་ནས་བསྟན་པའི་ཕྱིར་བསྡུས་པ་སྟེ། དེ་ཉིད་གསད་ཞིང་མཆོག་ཏུ་གསད་པའོ། །ལུས་དང་ཞེས་བྱ་བ་ལ་སོགས་པ་ལ། ལུས་དང་ངག་དང་སེམས་གྱི་བདག་ཉིད་ཅན་གྱི་དམ་ཚིག་ནི་འདའ་བར་མི་བྱ་བ་སྟེ། དེས་ཕྱག་རྒྱ་ཆེན་པོའི ་ཁ་དོག་དབྱིབས་ལ་སོགས་པའི་དོན་བརྟག་པར་བྱའོ། །ཇི་ལྟར་ཞེ་ན། ཆོ་ག་བཞིན་དུ་ཀུན་བསྒོམས་ནས་ཞེས་བྱ་བ་གསུངས་སོ། །དེ་ལ་ཆོ་ག་ནི་འདི་ཡིན་ཏེ། སྔར་བཤད་པའི་སྒྲུབ་ཐབས་ཀྱི་ཚུལ་བཞིན་དུ་བྱང་ཆུབ་ཀྱི་སེམས ་བསྒོམ་པ་སྔོན་དུ་འགྲོ་བ་ཅན་གྱི་སྒྲུབ་པའི་དཀྱིལ་འཁོར་བསྐྱེད་ལ། དེའི་དབུས་ཀྱི་གདན་ལ་གནས་པས་དེ་ཁོ་ན་བཞིན་དུ་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་དང་ཤིན་ཏུ་རྣལ་འབྱོར་དང་མཆོད་པའི་ཆོ་གའི ་རྗེས་ཐོགས་ལ་ལྷའི་འཁོར་ལོ་ཕྱུང་སྟེ། རང་གི་ལས་རྣམས་ལ་སྦྱར་ནས་སླར་བཀུག་སྟེ་གནས་ཇི་ལྟ་བ་བཞིན་དུ་གནས་པར་བྱས་ལ། རང་རང་གི་རིག་མ་རྣམས་དང་ཡང་དག་པར་ལྡན་པར་བྱས་ཏེ། རང་གི་ཕྱག་རྒྱ་ཆེན ་པོ་རྣམ་པར་དགོད་པ་ལ་བརྩོན་ཞིང་བདེ་བ་ཆེན་པོའི་མཐུའི་གཞན་གྱི་དབང་དུ་གྱུར་པར་བསམ་པར་བྱའོ། །དེ་ལྟར་ཡེ་ཤེས་ཀྱི་མཐུ་སྐྱེས་བས་སྐད་ཅིག་དེ་ཉིད་ཀྱིས་ལྷ་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་ལས་བཤད་པའི ་ཕྱག་རྒྱ་ཆེན་པོ་བསྒྲུབ་པ་ལ་ཞུགས་པས་ལག་པའི་ཕྱག་རྒྱ་བཅིང་བར་མི་བྱ་སྟེ། ལྷ་མོའི་གཟུགས་ཅན་གྱི་དམ་ཚིག་གི་ཕྱག་རྒྱ་དང་སྙོམས་པར་འཇུག་པའི་སྒོ་ནས་འཁྱུད་པ་ལ་སོག་པ་བཅིངས་པས་འགྲུབ་པ་ཉིད་ཡིན ་པའི་ཕྱིར་རོ། །འདིའི་དམ་ཚིག་དེ་ལྟ་བུ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་འདའ་བར་མི་བྱ་བ་ཡིན་ནོ། །སྐུ་རྡོ་རྗེའི་རྣལ་འབྱོར་པས་བཤད་པ་ལ་སོགས་པ་ལ་སྨད་པར་མི་བྱ་སྟེ། དེ་རྣམས་ནི་རྣམ་པར་སྣང་མཛད ་ལ་སོགས་པའི་རང་བཞིན་གྱི་བྱིན་གྱིས་བརླབས་པ་ཉིད་ཡིན་པའི་ཕྱིར་དེ་ཁོ་ན་བཞིན་དུ་སྦྱང་བ་བྱས་ལ་བཟའ་བར་བྱེ་བ་ཡིན་པས་དེའི་ཕྱིར་བཤད་གཅི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཐམས་ཅད་ཆོ་ག་བཞིན་དུ་སྤྱད་ཅེས ་བྱ་བ་ལ། རང་གི་དཀྱིལ་འཁོར་ན་གནས་པའི་འོད་དཔག་ཏུ་མེད་པའི་རྣལ་འབྱོར་དང་ལྡན་ཞིང་གོས་དཀར་མོའི་གཟུགས་སུ་རྣམ་པར་བསྒོམས་པའི་ཕྱི་རོལ་གྱི་བུད་མེད་དང་སྙོམས་པར་ཞུགས་པས་འདོད་པའི་ཁམས་སུ་གཏོགས ་པ་རྣམས་དང། གཟུགས་ཀྱི་ཁམས་སུ་གཏོགས་པའི་བུད་མེད་ཀྱི་གཟུགས་བྷ་ག་མེད་པ་རྣམས་དང། གཟུགས་མེད་པའི་ཁམས་ན་གནས་པའི་བུད་མེད་རང་གི་ཡིད་ཀྱིས་བསམས་པ་གོས་དཀར་མོའི་གཟུགས་སུ་རྣམ་པར ་བསྒོམས་པ་རྣམས་རང་གི་བ་སྤུའི་བུ་གའི་གསེབ་ནས་རྣམ་པར་བྱུང་བའི་འོད་དཔག་ཏུ་མེད་པའི་ཚོགས་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་སྤྱད་པར་བྱའོ། །གསུང་གི་རྡོ་རྗེས་མ་སྨད་དོ། །ཞེས་བྱ་བའི་ཚིག? ་རྣམས་ཀྱིས་མི་སྨད་པར་མི་བྱ་བའོ། །རྡོ་རྗེ་གསུམ་གྱི་བདག་ཉིད་ཅན་གྱི་སྐུ་ལ་གནས་པས་ན་རྡོ་རྗེ་སྐུ་གསུམ་ལ་གནས་པའོ། །དམ་ཚིག་ཇི་སྙེད་ཡོད་པ་ཀུན། ཞེས་བྱ་བ་ནི་སྔར་བཤད་པ་སྟེ། རྣམ་པར་སྣང་མཛད་ལ ་སོགས་པའི་རང་བཞིན་ཅན་གྱི་རྡོ་རྗེ་གསུམ་གྱི་དམ་ཚིག་དེ་རྣམས་ཀྱི་སྒྱུ་མ་ལྟ་བུར་ལྷག་པར་དམིགས་པའི་སྒོ་ནས་རྡོ་རྗེ་རིགས་ཀྱི་རྣལ་འབྱོར་པ་བདག་ཉིད་ཚིམ་པར་བྱ་ཞིང་སྨད་པར་ཡང་མི་བྱའོ། །ཁྱད་པར་དུ་འཕགས་ཤིང ་མི་ཕྱེད་པའི་དམ་ཚིག་སྟོན་པར་མཛད་པའི་ཕྱིར་དམ་ཚིག་ཆེན་པོ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ཨོ། །མདོར་ན་ཕུང་པོ་ལྔ་སྟེ། གཟུགས་དང་ཚོར་བ་དང་འདུས་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་རྣམས་ནི། རྣམ་པར་སྣང་མཛད ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་དུ་བསྟན་ཏོ། །རྡོ་རྗེ་སྐྱེ་མཆེད་ནི་ནང་གི་བདག་ཉིད་ཅན་གྱི་མིག་ལ་སོགས་པ་རྣམས་ཏེ། དེ་དག་སའི་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དྲུག་གི་རང་བཞིན་ཡིན་ནོ། །དེ ་རྣམས་ཀྱི་ཡུལ་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་ཅན་རྣམ་པ་གསུམ་པའི་གཟུགས་ལ་སོགས་པ་རྣམས་ནི་གཟུགས་རྡོ་རྗེ་མ་ལ་སོགས་པ་ལྷ་མོ་དྲུག་གི་རང་བཞིན་ནོ། །སྙིང་པོ་བསྡུས་པ་ཉིད་ཡིན་པའི་ཕྱིར ་དཀྱིལ་འཁོར་ཏེ། རིགས་ལ་གཅིག་གི་ཚིག་ཏུ་བྱས་པའོ།། ས་ལ་སོགས་པ་ལ་མ་གཏོགས་པའི་ཁམས་གསུམ་པ་མེད་པས་དེའི་ཕྱིར་ཁམས་གསུམ་གྱི་དམ་ཚིག་རྡོ་རྗེའོ། །ས་དང་ཆུ་དང་མེ་དང་རླུང་ནི་སྤྱན་ལ་སོགས ་པ་བཞིའི་རང་བཞིན་ཡིན་ནོ། །ཆོས་ཐམས་ཅད་ལ་ནམ་མཁའ་བཞིན་དུ་སོ་སོར་རྟོགས་པའི་རང་བཞིན་གྱི་ཤེས་རབ་ནི་རྡོ་རྗེ་ནམ་མཁའ་ཞེས་བྱ་བར་བརྗོད་དོ། དབྱིངས་དམ་ཚིག་ནི་བདེ་བ་ཆེན་པོ་སྟེ། རྫོགས་པའི་བྱང་ཆུབ་བསྐྱེད་པའི་ཆེད་དུ་འདའ་ ་བར་མི་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ཅེས་བྱ་བ་བཤད་མ་ཐག་པའི་ཤེས་རབ་ཉིད་ནི་རྡོ་རྗེ་ཞེས་བྱ་སྟེ། ཟླ་བ་ལྟ་བུར་དག་པའི་བློ། །རྡོ་རྗེ་ཞེས་ནི་མངོན་པར་བརྗོད། །ཅེས་འབྱུང་བའི་ཕྱིར་རོ། །དེ་ཀུན་ཏུ་བཟང་མོའི་གཟུགས་སུ་གྱུར་པ་སྙོམས་པར ་འཇུག་པའི་འཁྱུད་པའི་སྦྱོར་བས་འཛིན་པར་མཛད་པས་ན་རྡོ་རྗེ་འཛིན་པ་སྟེ། དཔལ་བདེ་བ་ཆེན་པོའོ། །དེས་ནི་སའི་ཁམས་ལ་སོགས་པའི་རང་བཞིན་ཅན་གྱི་སྤྱན་ལ་སོགས་ལྷ་མོ་བཞིས་ཡོངས་སུ་བསྐོར་ཅིང། ཆོས་ཐམས་ཅད་ལ་སོ་སོར ་རྟོག་པའི་རང་བཞིན་ཅན་གྱི་ཀུན་ཏུ་བཟང་མོ་དང་སྙོམས་པར་ཞུགས་པ་གསང་བ་ལྔའི་བདག་ཉིད་ཅན་གྱི་དཔལ་བདེ་བ་ཆེན་པོ་བསྟན་ཏོ། །ཕུང་པོ་ལ་སོགས་པ་ལ་རྣམ་པར་དགོད་པའི་གོ་རིམ་ནི་སྒྲུབ་པའི་ཐབས་སུ་བྲིས་པས་ཡང་བརྗོད་པར་མ ་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གནས་ནི་སྤྱན་ལ་སོགས་པའི་པདྨ་ཡིན་ཞིང་དེ་དང་ཡང་དག་པར་སྦྱོར་བས་སྙོམ་པར་འཇུག་པ་དང་ལྡན་པ་ཉིད་ཡིན་པའི་ཕྱིར་དེ་རྣམས་ཀྱི་དབང་ཕྱུག་ཡིན་པས་ན། དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་དབང་ཕྱུག་སྟེ་དཔལ་རྡོ་རྗེ་སེམས་དཔའ་ཨོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་དཔལ་བྱང་ཆུབ་ཀྱི་སེམས་རྡོ་རྗེའོ། །དེའི་མཉམ་པ་ཉིད་ནི་རྡོ་རྗེ་སློབ་དཔོན ་དང་ལྷན་ཅིག་ཐ་དད་པ་མེད་པའོ། །དེ་ཉིད་སྤྱོད་པ་སྟེ། ཀུན་ཏུ་བཟང་པོར་བྱས་པའི་ཁམས་གསུམ་པའི་སེམས་ཅན་རྣམས་སྡུག་བསྔལ་ལས་འདོན་པའི་རང་བཞིན་ཡིན་ཞིང་དེ་ཉིད་རྡོ་རྗེ་སྟེ། ཏིང་ངེ་འཛིན་གང་ལ་དེ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། ་འཁོར་གྱི་དཀྱིལ་འཁོར་ལ་གཟིགས་ནས་ཅང་མི་གསུང་བར་གྱུར་ཏོ། །ཞེས་བྱ་བ་ནི་མགོན་པོ་བྱམས་པ་དང་དེ་བཞིན་གཤེགས་པ་རྣམས་གོ་རིམ་བཞིན་དུ་འདྲི་བ་དང། འཆད་པར་བྱིན་གྱི་བརླབ་པ་ཉིད་ཀྱི་ཕྱིར། ཙའ་མི ་གསུང་བར་གྱུར་པའོ། །དེའི་རྗེས་ཐོགས་ལ་མགོན་པོ་བྱམས་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ན། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་དྲིས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང ་ཐུགས་རྡོ་རྗེ་གསང་བ་འདུས་པ་ནི། རྡོ་རྗེ་གསུམ་གྱི་བདག་ཉིད་ཅན་སྙོམས་པར་ཞུགས་པའི་རྡོ་རྗེ་འཆང་ཆེན་པོའི་དོན་སྟོན་པར་བྱེད་པའི་རྒྱུད་ཀྱི་རྒྱལ་པོ་སྟེ། དེའི་ལུགས་སུ་དབང་བསྐུར་བས་ན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ ་དང་གསུང་དང་ཐུགས་རྡོ་རྗེ་གསང་བ་འདུས་པས་དབང་བསྐུར་བའོ། །དེ་ཉིད་ཀྱི་ཕྱིར་མགོན་པོ་བྱམས་པས། བཅོམ་ལྡན་འདས་སློབ་དཔོན་ཞེས་བྱ་བ་གསུངས་ཏེ། འདི་ལ་རྣམ་པ་ཐམས་ཅད་དུ་བཅོམ་ལྡན་འདས་ཀྱི་སྤྱོད་པ་དེ་ལ་འཇུག་པ ་ཡོད་པས་ན་སློབ་དཔོན་ཡིན་ཞིང། འགྲོ་བ་མ་ལུས་པ་མངོན་པར་གདོན་པའི་ཕྱིར་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་ལ་སོ་སོར་རྟོག་པའི་བསམ་པས། འདོད་ཆགས་ལ་སོགས་པ་རྣམ་པར་དག་པའི་གནS་ལ་གནS་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། ་བསྟོད་པའི་ཚིག་དེས་ནི་འདིར་ཐུན་མོང་གི་དབང་བསྐུར་བ་ཉིད་ཀྱང་ཐམས་ཅད་ལས་བླ་མར་གྱུར་བ་ཡིན་ནོ་ཞེས་བསྟན་ཏོ། །དེ་ལས་མགོན་པོ་བྱམས་པས་ནི་ཐོས་པ་ཡང་མེད་ཅིང་མན་ངག་བླངས་པ་ཡང་མེད་དོ། །བྱང་ཆུབ་ཀྱི་སེམས ་རྡོ་རྗེ་བཞིན་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཉིད་དུའོ། །དེ་ཅིའི་སླད་དུ་ཞེ་ན། བདག་ནི་རྫོགས་པའི་སངས་རྒྱས་སོ་སྙམ་པའི་ང་རྒྱལ་འབྱུང་བའི་དུས་སུ་སེམས་གཞན་མི་འབྱུང་བའི་ཕྱིར་རོ། །ཇི་ལྟར་འཁོར ་པའི་ཕུང་པོ་འདི། །ང་རྒྱལ་ལས་ནི་འབྱུང་བ་བཞིན། །སངས་རྒྱས་ང་རྒྱལ་སྦྱོར་བ་ཡིས། །དེ་ཉིད་སངས་རྒྱས་གཟུགས་སུ་འགྱུར་ཞེས་འབྱུང་བའི་ཕྱིར་རོ། །གཞན་ཡང་བཅོམ་ལྡན་དས་ཀྱིས་ད་ལྟར་བྱུང་བའི་དུས་ཉིད་ནི། རྟག་ཏུ་འདའ་ ་བར་དཀའ་བ་ཡིན། ཞེས་གསུངས་སོ། །དེ་སྐད་དུ་ཡང། ལྷ་དང་དེ་བཞིན་གཤེགས་ཀུན་དགའ་ཉིད་དུ། །སྙམ་དུ་གང་གི་རྟག་ཏུ་ང་རྒྱལ་བྱས། །དེ་རྣམས་ལྷ་དང་མིའི་འདྲན་པ་སྟེ། །དེ་རྣམས་བློ་བཟངས་བརྩེར་ལྡན་མཆོད་འོས ་ཡིན་ཞེས་གསུངས་སོ། །དེ་ལྟར་ན་མཆོག་གི་ང་རྒྱལ་གྱིས་གནས་པའི་སློབ་དཔོན་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཉིད་ཡིན་ནོ། །དེ་ཉིད་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་སློབ་དཔོན་དང་བྱང་ཆུབ་ཀྱི་སེམས་འདི་ནི་གཉིས་སུ་མེད་ཅིང་རྣམ་པ ་གཉིས་སུ་དབྱེར་མེད་དེ་ཞེས་བྱ་བས་བསྟན་ཏོ། །རིགས་ཀྱི་བུ་རྣམས་མདོར་བསྟན་ན་ཞེས་བྱ་བ་ནི་རྒྱས་པ་བཞག་ལ་མདོར་བསྡུས་ནས་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་ཞེས་བྱ་བ་ལ་སོགས ་པ་ནི་ཤེས་པར་ཟད་དོ། །འཁོར་བ་ཇི་སྲིད་ཀྱི་བར་དུ་རྒྱུན་མི་འཆད་པར་འཚེ་བའི་བྱིན་གྱི་བརླབས་མདའ་བའ་ཨི་ཕྱིར་འཚོ་བའོ། །བཞེས་པ་ཞེས་བྱ་བ་ནི་དུས་འདའ་བར་བྱེད་པའོ། །དེ་དག་ཐམས་ཅད་དུས་གསུམ་དུ་ལྷགས་ནས་སློབ ་དཔོན་དེ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་རྣམས་ཀྱིས་ཀུན་ཏུ་མཆོད་དོ། །བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕའོ་ཞེས་བྱ་བ་ལ་སོགས་པ་ཡང་བརྗོད་ནས། སླར་ཡང་སངས་རྒྱས་ཀྱི་ཞིང་ཐམས ་ཅད་དུ་གཤེགས་པར་མཛད་དེ། ཆོས་ཀྱི་སྐུ་ནི་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་མ་ཡིན་ནོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་ས་བཅུའི་དབང་ཕྱུག་རྣམས་ཀྱིས་སྤྱོད་ཡུལ་ཡིན་ནོ། །སྤྲུལ་པའི་སྐུ་ནི་སེམས་ཅན་རྣམས་ཀྱི་ཐུན ་མོང་བ་ཡིན་མོང་ཀྱི། དེ་མཐོང་བའི་སྐལ་པ་དང་ལྡན་པ་དག་གིས་སྤྱོད་ཡུལ་ཁོ་ན་ཡིན་ཏེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་སངས་རྒྱས་ཀྱི་གདུལ་བྱ་གང་དག་ཡིན་པའི་སེམས་ཅན་ཐམས་ཅད་བརྟུལ་ལོ་འབྱུང་བའི་ཕྱིར་རོ།། ་སློབ་དཔོན་ཡང་སྤྲུལ་པའི་སྐུའི་ནང་དུ་གཏོགས་པ་ཁོ་ན་ཡིན་ཏེ། དེ་བཞིན་ཉིད་ཀྱི་རང་བཞིན་ཏེ་སེམས་ན་རྗེས་སུ་གཟུང་བའི་ཕྱིར། སློབ་དཔོན་གཟུགས་སུ་ཀུན་རྫོབ་དུ། །རྣལ་འབྱོར་གནས་ལ་ཡང་དག་གནས། ཞེས་འབྱུང་བའི་ཕྱིར། །དེ་བས་ན་ཁམས་གསུམ ་པའི་ཆོས་ཀྱི་རྒྱལ་པོ་དབང་བསྐུར་ཞིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་རྒྱུད་ཅན་གྱི་སློབ་དཔོན་གྱིས། སྤྲུལ་པའི་སྐུ་མཐོང་བའི་སྤྱོད་ཡུལ་མེད་པའི་དེ་ལྟ་བུའི་སྐལ་པ་དང་ལྡན་པའི་སེམས་ཅན ་རྣམས་ཀྱང་བྱང་ཆུབ་དུ་སེམས་བསྐྱེད་པ་ལ་སོགས་པའི་མཚན་ཉིད་ཀྱིས། འདི་ལས་གསུངས་པའི་ཚུལ་བཞིན་དུ་རྫོགས་པར་བྱང་ཆུབ་པར་བྱེད་དོ། །དེའི་ཕྱིར་དགྱེས་པར་གྱུར་པས་དུས་གསུམ་དུ་བྱོན་ནས་དེ་ལ་བླ་ན་མེད་པ་ལ་སོགS ་པའི་མཆོད་པ་རྣམས་ཀྱི་ཡང་དག་པར་མཆོད་དེ། བྱང་ཆུབ་ཏུ་སེམས་བསྐྱེད་ནས་བཟུང་སྟེ། ས་བཅུའི་དབང་ཕྱུག་གི་བར་རིགས་ངེས་པ་རྣམས་དང་ལྷན་ཅིག་རྒྱུད་ཐ་དད་པ་མེད་པར་གྱུར་ནས། བདག་ཅག་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་ཕའོ། །ཞེས་བྱ་བ་ལ་སོགས་པ་བརྗོད་དོ། ཡང་སླར་རང་རང་གི་སངས་རྒྱས་ཀྱི་ཞིང་དུ་གཤེགས་སོ་ཞེས་བྱ་བའི་དོན་ཏོ། །ལུང་ལས་ཀྱང་ཀུན་དགའ་བོ་ཕྱོགས་གང་ན་འདུལ་བ་ལ་གནས་པ་དེར་ནི་ཁོ་བོ་སྤྲོ་བ ་ཆུང་བ་ཡིན་ཏེ། དེ་ཉིད་ཀྱི་ངའི་བྱ་བ་སྒྲུབ་པར་བྱེད་དོ་ཞེས་གསུངས་སོ། །འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཛའ་ཡས་མུ་མེད་པ་དག་ན་གནས་པ་བྱང་ཆུབ་ཀྱི་སེམས་བླངས་པ ་ནས་ས་བཅུ་པ་ལས་རབ་ཏུ་གནས་པའི་སེམས་ཅན་སངས་རྒྱས་ཉིད་དུ་དམ་བཅའ་བ་བྱས་པ་རྣམས་ནི་ངེས་པའི་ཕུང་པོར་གཏོགས་པ་ཉིད་ཡིན་པའི་ཕྱིར་སངས་རྒྱས་སུ་བརྗོད་ཅིང། དེ་རྣམས་ཀྱི་སྨོན་ལམ་གྱིས་ཀུན་ནས་བསླང་བའི་ལུས ་དང་ངག་དང་སེམས་ཀྱི་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་སྔ་མ་ལས། སློབ་དཔོན་གྱི་བ་སྤུའི་བུ་ག་གཅིག་གིས་གསེབ་ནས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་བྱང་ཆུབ་སེམས་བསྒོམ་པས་ཀུན་ནས་སླད་པ་གང་ཡིན་པ་དེ ་ཤིན་ཏུ་ཁྱད་པར་དུ་འཕགས་པ་ཡིན་པར་བསྟན་ཏོ། །དེའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་བསྟེན་པར་བྱེད ་པའི་ཕྱིར་སྙིང་པོར་གྱུར་པའོ། །རྫོགས་པའི་བྱང་ཆུབ་འབྱུང་བའི་གནས་ཉིད་ཡིན་བའི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འབྱུང་གནས་ཏེ་གང་ལ་དེ་ཡོད་ཅིང་སེམས་ཅན་རྣམས་ལ་ཡང་སྐྱེད་པར་བྱེད་པ་དེ་ནི་ཤིན་ཏུ་ཁྱད ་པར་དུ་འཕགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཟིལ་གྱིས་མངོན་པ་ཡིན་དུ་ཆུག་ན་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སོ་སོའི་སྐྱེ་བོ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་སེམས་ཅན་བསོད་ནམས་ཅན་རྣམས་ཀྱི་ཕུང ་ཁོས?་ཇི་ལྟར་ཟིལ་གྱིས་གནོན་བ་ཅུས་པར་འགྱུར་ཞེ་ན། མ་ཡིན་ཏེ། གངྒཱའི་ཀླུང་མེད་པོའི་བྱེ་མ་སྙེད་ཀྱི་བསྐལ་བ་གྲངས་མེད་པར་སྩོལ་ཞིང་འབད་པས་བྱང་ཆུབ་མ་ཐོབ་པའི་བྱང་ཆུབ་སེམས་དཔའ་། གསང་བ་འདུས་པ ་འདི་ཉིད་ལ་མངོན་པར་དགའ་བར་གྱུར་ན་ཚེ་འདི་ཉིད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སངས་རྒྱས་ཞེས་བྱ་བའི་གྲངས་སུ་འགྲོ་ཞིང་འདི་ཉིད་ལས་གསུངས་པའི་ཕྱིར་རོ། །སྐབས་འདིར་དེ་བཞིན་གཤེགས་པ་སྒྲ་ཇི ་བཞིན་དུ་བཤད་ན། ནམ་མཁའ་དང་མཉམ་པའི་བྱེ་མ་སྙེད་ཀྱང་ཡོན་ཏན་གྱི་ཆའི་རྡུལ་གྱི་ཆ་ཤས་དང་ཡང་མཚུངས་པ་མ་ཡིན་ནོ་ཞེས་གསུངས་པ་དཔའ་གལ་བར་འགྱུར་རོ། །དེ་ནས་ཡང་བྱང་ཆུབ ་སེམས་དཔའ་བྱམས་པ་ཞེས་བྱ་བ་ལ་སོགས་པས་ནི་དེ་ལྟར་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་དང་ལྡན་པའི་བཅོམ་ལྡན་འདས་སློབ་དཔོན་ལ་བརྙས་པའི་སེམས་བསྐྱེད་པས། །སོ་སོའི་སྐྱེ་བོ་རྣམས་དམྱལ་བ་ཆེན་པོར་འགྲོ་བར་དོག་པས ་འཇིགས་པ་ལ་སོགས་པ་བསྟན་ནས་ཅང་མི་གསུང་བར་གྱུར་པ་བསྟན་ཏོ། །བླ་མ་ལ་གུས་པ་སྔོན་དུ་འགྲོ་བ་ཅན་གྱི་མཆོད་པ་ལ་སོགས་པ་ནི་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་འབྲས་བུ་ཐོབ་པར་བྱེད་པ་ཡིན་ནོ་ཞེས་བསྟན་པར ་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་བསྐྱོད་པ་དང། དཀོན་མཆོག་དཔལ་དང་འོད་དཔག་ཏུ་མེད་པ་དང། དོན་ཡོད་པར་གྲུབ་པ་དང། རྣམ་པར་སྣང་མཛད་ནི་དེ་བཞིན་གཤེགས་པ་ལྔའོ། །རྡོ་རྗེ་འཛིན ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་འཛིན་ཐམས་ཅད་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་འཛིན་པའི་རིགས་ཐམས་ཅད་ཀྱི་ལྷ་རྣམས་སོ། །དེ་རྣམས་ཀྱི་དངོས་གྲུབ་ནི་རྣལ་འབྱོར་པ་རྣམས་ཀྱི་རྒྱུད་ལ་ཡོངས་སུ ་གྲུབ་པའོ། །དེ་བསྐྱེད་པའི་དམ་ཚིག་ནི་སློབ་དཔོན་མཉེས་པར་བྱ་བ་ཡིན་ཞིང་དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱ་སྟེ། དེ་མངོན་དུ་མཛད་ནས་བྱང་ཆུབ་སེམས་དཔའ་དེ་རྣམས་ལ། བྱང་ཆུབ་སེམས་དཔའ་ཁྱེད་རྣམས ་ཞེས་བྱ་བ་ལ་སོགས་པས་པོས་ཏེ་བཀའ་སྩལ་པའོ། །གང་ཡང་ཞེས་བྱ་བ་ལ་སོགས་པས་ནི་ངེས་པའི་ཕུང་པོར་གཏོགས་པའི་སེམས་ཅན་སངས་རྒྱས་ཀྱི་མིང་ཅན་རྣམས་འབའ་ཞིག་དུ་མ་ཟད་ཀྱི་ཡོངས་སུ་རྫོགས་པའི་སངས ་རྒྱས་དུས་གསུམ་གྱི་ཡེ་ཤེས་ལས་བྱུང་བ་དེ་རྣམས་ཀྱང་བྱོན་ནས། དཔལ་གསང་བ་འདུས་པས་དབང་བསྐུར་བའི་སློབ་དཔོན་ལ། བླ་ན་མེད་པ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་མཆོད་པ་བྱེད་ཅིང་ཕྱག་ཀྱང་འཚོལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ལ་སོགས་པས ་ནི་དྲི་བ་དང་ལན་བསྟན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་ཐུགས་ཀྱི་དངོས་གྲུབ་རྣམས་ཅི་ལ་གནས་ཞེ་ན། སྐུ་གསུམ་གྱི་རྡོ་རྗེ་གསུམ་གྱི་བདག་ཉིད་ཅན་གྱི་རྡོ་རྗེ་སློབ་དཔོན་གྱི་ལུས་དང་ངག་དང་སེམས་ལ་གནས་སོ། །ལྷག ་མ་ནི་སྔ་མ་བཞིན་ནོ། །རྡོ་རྗེ་གསང་བའི་ཏིང་ངེ་འཛིན་ཏེ། ཐབས་དང་ཤེས་རབ་ཀྱི་བདེ་བ་ཆེན་པོ་ལས་བཞེངས་ནས་ཞེས་བྱ་བ། དེ་ལས་སད་ནས་འདིར་དབང་བསྐུར་བའི་སློབ་དཔོན་གྱི་ཕན་ཡོན་ཐོས་ཏེ། མངོན་པར་འདོད་པ་ཀུན་ཏུ་སྐྱོད ་པའི་སེམས་ཅན་རྣམས་ལ་དབང་བསྐུར་བ་འབྱིན་པའི་མངོན་དུ་དེ་བཞིན་གཤེགས་པ་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ལ། དེ་བཞིན་གཤེགས་པ་ཐམས་ཅད་དང་ཞེས་བྱ་བ་ལ་སོགས་པས་བོས་པར་གྱུར་ཏོ། །འདིས ་དབང་བསྐུར་བའི་སེམས་ཅན་རྣམས་དེ་བཞིན་གཤེགས་པ་ལ་སོགས་པའི་དོན་དུ་གསོལ་བ་གདབ་པའི་གོ་རིམ་རབ་ཏུ་སྟོན་པའི་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ཀྱིས་ཐལ་མོ་སྦྱར་ནས་གསོལ་བ་བཏབ་པ་ན། ་བཅོམ་ལྡན་འདས་ཀྱི་ནམ་མཁའ་ཨི་དབྱིངས་ཀྱི་དབུས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གྲུ་བཞི་ལྷམ་བ་རབ་ཏུ་བཟང། །ཞེས་བྱ་བ་ནི་ཀུན་ཏུ་བཟང་མོའི་ཆོས་འབྱུང་ན་གནས་ཤིང་ལེའུ་བཞི་པ་ལས་བཤད་པའི་མཚན་ཉིད ་དང་ལྡན་པའོ། །སངས་རྒྱས་ནི་རྡོ་རྗེ་འཆང་ཡིན་ཞིང། དེའི་དཀྱིལ་འཁོར་གྱི་སྦྱོར་བ་ནི། སངས་རྒྱས་དཀྱིལ་འཁོར་སྦྱོར་བ་སྟེ་དེ་ཡིས་སོ། །རྡོ་རྗེའི་དཀྱིལ་འཁོར་ནི་རྡོ་རྗེའི་རིགས་ཀྱི་བྲི་བའི་དཀྱིལ་འཁོར་རོ། །བསམ་གཏན ་གྱིས་ཞེས་བྱ་བ་ནི་དེ་ཁོ་ན་བཞིན་དུ་སྒྲུབ་ཐབས་ལས་བཤད་པའི་ཆོ་ག་རྫོགས་པར་བྱས་ལའོ། །འཁོར་ལོ་ཅན་ཀུན་གདན་བསམ་མོ། །ཞེས་བྱ་བ་ནི་སྔ་མ་བཞིན་དུ་རང་གི་ལྷའི་གནས་ན་གནས་པའི་ཡི་གེ་ཧྲི ་ལས་བྱུང་བའི་པདྨ་འདབ་མ་སྣ་ཚོགས་པ་རྣམས་ལ། ཟླ་བ་ལ་སོགས་པའི་གདན་ལ་བསམ་པའོ། །བསམ་གཏན་རྡོ་རྗེས་བསྐུལ་བར་བྱ། །ཞེས་བྱ་བས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། དེའི་དབུས་ཀྱི་གདན་ལ་འདུག་པས་སྔ་མ་བཞིན་དུ ་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་བྱས་ལ། རྗེས་སུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་དང་ཤིན་ཏུ་རྣལ་འབྱོར་དང་མཆོད་པའི་ཆོ་གའི་རྗེས་ཐོགས་ལ་དཀྱིལ་འཁོར་གྱི་འཁོར་ལོ་ཕྱུང་སྟེ། གནས་ཇི་ལྟ་བ་བཞིན་དུ་གནས་པར་བྱས་ལ། ཡེ་ཤེས་འཁོར ་ལོ་སྤྱན་དྲངས་ཏེ་དེ་རྣམས་ཀྱི་ཐུགས་ཀར་གཞུག་པར་བྱའོ། །དེ་ནས་དེ་ཁོ་ན་བཞིན་དུ་གདོལ་པའི་བུ་མོ་ལོ་བཅུ་གཉིས་ལོན་པ་འམ་བསྒོམས་པ་ལས་བྱུང་བ་བྱིན་གྱིས་བརླབས་ལ། དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་དང་བླ་ན་མེད་པ ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་དཀྱིལ་འཁོར་བ་རྣམས?་ལ་མཆོད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། སློབ་དཔོན་སྙིང་ཁར་བསྒོམས་ནས་ནི། ཞེས་བྱ་བ་ལ། རྡོ་རྗེ་འཆང་ཆེན་པོའི་ང་རྒྱལ་དང་ལྡན་པ་ཁོ་ནས་བདག་ཉིད་རྡོ་རྗེ་འཆང ་ཆེན་པོར་རང་གི་ཡང་དག་པར་སྦྱོར་བ་ལས་ཕྱུང་སྟེ། སྔ་མ་བཞིན་དུ་སྒོ་ན་གནས་པའི་པདྨ་འདབ་མ་སྣ་ཚོགས་པའི་སྟེང་གི་ཟླ་བ་ལ་འདུག་པའི་དབང་སྐུར་བར་བྱ་བའི་སློབ་མའི་སྙིང་ག་ན་གནས་པའི་པདྨའི་སྟེང་གི་ཟླ་བ་ལ་བཀོད་ལ། ་ལུས་ལ་གནས་པས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་རྣམས་ཀྱིས་དེའི་ལུས་གང་བར་བྱེད་པར་བསམས་ནས། དབང་བསྐུར་བ་བརྩམ་པར་བྱའོ། །དེ་ཇི་ལྟར་བྱ་ཞེ་ན། སངས་རྒྱས་ཀུན་གྱི་ནམ་མཁའ་ཨི་དབྱིངས། ཞེས་བྱ་བ་ལ་སོགས ་པ་གསུངས་སོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། རང་གི་བ་སྤུའི་བུ་གའི་གསེབ་ནས་བྱུང་བའི་དེ་བཞིན་གཤེགས་པ་ཏིལ་གྱི་གང་བུ་དང་མཚུངས་པ་དང་བུམ་པ་དང་རོལ་ཆ་དང་གོས་བཟང་པོ་དང་བརྒྱན་བཟང་པོ་བསྣམས་ལ་རྣམས་ཀྱིས་ནམ ་མཁའ་ཨི་དབྱིངས་ཐམས་ཅད་ཡོངས་སུ་གང་བར་བསམ་པར་བྱའོ། །དབང་བསྐུར་བའི་གནས་གསུམ་གྱིས། ཐམས་ཅད་ཆོ་ག་བཞིན་དུ་དབབ། །ཅེས་བྱ་བ་ནི་ཐུགས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཆོ་ག་བཞིན་དུ། བུམ་དང་གསང་བ་དང ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་གནས་གསུམ་གྱིས་དེའི་ལུས་ལ་བུམ་པའི་བདུད་རྩི་རང་རང་དང་རྗེས་སུ་མཐུན་པའི་ཁ་དོག་ཅན་དང། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་བླུགས་ལ། འདོད་ཆགས་ཀྱི་མེས་ཞུ་བར་གྱུར་པའི་དེ ་གཞིན་གཤེགས་པ་ཐམས་ཅད་བཅུག་སྟེ། དེ་ཁོ་ན་བཞིན་དུ་དམ་ཚིག་དང་དབུགས་དབྱུང་བ་སྦྱིན་པ་ལ་ཐུག་པ་ཐམས་ཅད་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་དཀྱིལ་འཁོར་གྱི་དབུས་ན་གནས་པའི་བདག་ཉིད་ཀྱང་དབང ་བསྐུར་བར་བྱའོ། །དེ་ནི་ཉེ་བར་མཚོན་པ་ཡིན་ཏེ། དབང་བསྐུར་བར་འོས་པའི་རང་གི་འདོད་པའི་ལྷའི་དཀྱིལ་འཁོར་བསམས་ལ། དེའི་དབུས་ན་གནས་པའི་སློབ་དཔོན་དེའི་རྣལ་འབྱོར་དང་ལྡན་པས་སློབ་མ་འམ་བདག་ཉིད་ཀྱང་དེའི ་རྣམ་པར་དམིགས་ཏེ། འདས་མ་ཐག་པ་བཞིན་དུ་དབང་བསྐུར་བར་བྱའོ། །དེ་ལྟར་སྣོད་དུ་རུང་བར་བྱས་ཤིང་དམ་ཚིག་དང་སྡོམ་པ་ལ་གནས་པ་ཉིད་དང་མཚན་དུ་སྒོམ་པ་ལ་དགའ་བས་སེམས་ཅན་ཐམས་ཅད་ལ་ཕན་པར་འདོད ་པའི་རྡོ་རྗེ་གསུམ་གྱི་མངོན་པར་བྱང་ཆུབ་པ་འཐོབ་པར་འགྱུར་རོ། །སངས་རྒྱས་ནི་རིགས་ངེས་པའི་སེམས་ཅན་རྣམས་སོ། །བྱང་ཆུབ་སེམས་དཔའ་ནི་རིགས་མ་ངེས་པ་དང། རིགས་འཆད་པ་རྣམས་ཏེ། དེ་དག་དམ་ཚིག་ལ་སོ་སོར་དགོད ་པའི་སྒོ་ནས་ལོ་ནི་དམ་ཚིག་འཁོར་ལོ་ཞེས་བྱའོ། །དེ་ཉིད་སྒོམ་པ་ནི་བྱང་ཆུབ་ཀྱི་སྙིང་པོ་འཐོབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་བསམ་གཏན་གྱི་དཀྱིལ་འཁོར་རོ། །གང་ཞིག་བག་མེད་པས་དམ་ཚིག་ཉམས་པར་གྱུར་? ་དེ་ཡང་བསམ་གཏན་གྱི་དབང་བསྐུར་བའི་ཆོ་ག་འདིས་དམ་ཚིག་བསྐང་བར་བྱའོ་ཞེས་བྱ་བ་འདི་ནི་མན་ངག་ཡིན་ནོ། །རྡོ་རྗེ་སྦྱོར་བ་ཞེས་བྱ་པ་འདི་ནི་རྡོ་རྗེ་མཁའ་འགྲོའི་སྦྱོར་བའོ། །སྐུ་གསུམ་དང་རྡོ་རྗེ་གསུམ་གྱི་བདག་ཉིད་ཅན་གྱི་རྡོ་རྗེ་མཁའ་ ་འགྲོའི་སྙིང་པོ་ནི་སྐུ་དང་གསུང་དང་ཐུགས་གསུམ་གྱི་སྙིང་པོའོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། རང་གི་དཀྱིལ་འཁོར་ན་གནས་པའི་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་དང་ལྡན་པས། ཡིན?་མའི་པདྨ་ན་གནས་པའི་བྱང་ཆུབ་ཀྱི་སེམས་ཀྱི ་ཟླ་བ་ལ། ཧཱུཾ་དྷྲི། ཁཾ་ཞེས་བྱ་བ་རྣམ་པར་བཀོད་ལ། དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་རྣམས་ཀྱིས་ནམ་མཁའ་དབྱིངས་ཐཾས་ཅད་ཁྱབ་པའི་དེ་བཞིན་གཤེགས་པ་ཐཾས་ཅད་ལ་ཀུན་ཏུ་རེག་སྟེ། རྡོ་རྗེ་མཁའ་འགྲོའི་གཟུགས་ཀྱི་རྣམ་པ་ཅན་རྣམས་བསྡུས་ནས་དེ་ལ་བཅུག ་སྟེ། དེ་གྱུར་པར་བྱས་ནས་རྡོ་རྗེ་མཁའ་འགྲོ་རྣམ་པར་བསྒོམས་ལ། ཧཱུཾ་དྷྲི། ཁཾ་ཞེས་བྱ་བ་བརྗོད་ཅིང་དེ་ཕྱུང་སྟེ། དེ་གདུག་པ་རྣམས་ཀྱི་ཁྲག་ལ་སོགས་པ་འགུགས་པར་བྱེད་དུ་བཅུག་ལ། དེ་བཀུག་སྟེ་རང་གི་ལུས་ལ ་བཅུག་ལ། ཐམས་ཅད་གྱུར་པར་བྱས་ནས། །བདག་ཉིད་རྡོ་རྗེ་མཁའ་འགྲོའི་གཟུགས་སུ་བསམ་པར་བྱའོ། །དེ་ཇི་ལྟ་བུ་ཞིག་ཅེ་ན། དྲག་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གདུག་པ་གསོད་པའི་བསམ་པ་ཅན་གྱི་མི ་སྡུག་པ་མཆེ་བ་རྣམ་པར་གཙིགས་པ་ཀུན་ཏུ་ཁྲོས་པའི་ཞལ་མངའ་བ། ཨུཏཔ་ལ་སྔོན་པོ་ལྟ་བུ་ཕྱག་བཞི་པ། གཡས་པ་དག་ན་ཁྲོ་བོའི་རྡོ་རྗེ་དང་ཕུར་བུ་བསྣམས་པ། གཡོན་པ་ན་མཆུ་ལ་སྦྱར་བའི་ཐོད་པ་བསྣམས་པ། གཉིས་པ ་རྩེ་གསུམ་བསྣམས་པ། རྡོ་རྗེ་མཁའ་འགྲོ་མ་དང་སྙོམས་པར་ཞུགས་པ་བསམས་ལ། མདུན་ན་གནས་པའི་ནམ་མཁའ་ཨི་ཕྱོགས་སུ་ཡི་གེ་ཁཾ་ལས་བྱུང་བའི་བསྒྲུབ་བྱ། མར་གྱི་བུམ་པ་བཞིན་དུ་ཤ་དང་ཁྲག་དང་རུས་པས་གང་བ་རྣམ་པར་བསམས་ཏེ་དེའི་དབུས?་དང ་ཐོག་མ་དང། གཡས་དང་གཡོན་དང་རྒྱབ་རྣམས་སུ་ལག་པ་ན་གནས་པའི་ཕུར་བུས་བུ་ག་ལྔ་བྱས་ལ། ཡི་གེ་དྷྲི་ཡིས་མཚན་པའི་རང་གི་ལྕེ་ལས་བྱུང་བའི་འོད་ཟེར་གྱི་སྦུ?་གུ་ཁ་དོག་སྔོན་པོ་དག་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་གོ་རིམ ་བཞིན་དུ་བུ་གུ་ལྔར་ཞུགས་པ་རྣམས་ནས་དེའི་ཁྲག་བཀུག་ལ་ཁྲག་ཀུན་ཏུ་གང་བར་བསམ་པར་བྱའོ། །རྡོ་རྗེ་མཁའ་འགྲོའི་བསམ་གཏན་གྱི་སྦྱོར་བ་འདིས་ནི་གདོན་མི་ཟ་བར་ཁྲག་འགུགས་པར་བྱེད་དོ། །ཇི་སྟེ་བ་དུག་པ་འགའ་ཞིག་ལ་གནོད་པར ་བྱ་བར་འདོད་ན་དེའི་ཚེ་སྦྱོར་བ་དེ་ཉིད་ཀྱིས་རྩེ་གསུམ་ལ་སོགས་པ་རྣམས་ཀྱིས་ཀུན་ཏུ་བཙུགས་ཏེ། མི་འགུལ་བར་བྱས་པར་བསམ་པར་བྱའོ། །བཟའ་བ་འམ་ཞེས་བྱ་བ་ལ་སོགས་པས་ནི། བཟའ་བ་དང་མྱད་བ་ལ་སོགས་པ་གང་ཆུང་ཟད་ཅི ་ཡོད་པ་དེ་དག་བཤད་པ་ལ་སོགས་པ་བཞིན་དུ། སྦྱང་བ་ལ་སོགས་པས་མངོན་པར་འདུས་བྱས་ལ་སྔ་མ་བཞིན་དུ་བཟའ་བ་བསྟན་ཏོ། མཆོད་པའི་ཡོ་བྱད་མཆོག་ལྔ་ཡིས་ཞེས་བྱ་བ་ལ་སོགས་པས་ནི། དཀྱིལ་འཁོར་ཐམས་ཅད་ཀྱི་ལྷའི་འཁོར ་ལོ་དང་བདག་ཉིད་ལ་རྣམ་པར་སྦྱངས་ནས། བདུད་རྩི་ལྔས་མཆོད་པར་བྱ་བསྟན་ཏོ། །འདི་ཉིད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདའ་བར་མི་བྱ་བའི་དམ་ཚིག་གོ་།གསང་བར་བྱ་བ་ཉིད་ཡིན་པའི་ཕྱིར་མཆོད་པ་གསང་བའོ། །དབང་པོ ་གཉིས་ཀྱི་སྦྱོར་བ་སྟེ། སྙོམས་པར་འཇུག་པའི་སྦྱོར་བའི་དུས་སུ་ལས་ཐམས་ཅད་ལ་གནས་པར་གྱུར་ནས་བྱང་ཆུབ་ཀྱི་སེམས་ཀྱི་བྱིན་གྱིས་རླབས་ཀྱིས་རྡོ་རྗེ་ཆུའི་བུམ་པ་བཞིན་དུ། ནམ་མཁའ་ཨི་དབྱིངས་ཀུན་ཏུ་བཀང་སྟེ། བྱང་ཆུབ་ཀྱི་སེམས་རྡུལ་ཕྲ ་རབ་ཀྱི་ཚོགས་དེ་ཡང་རང་གི་རིག་མ་དང་གཉིས་སུ་མེད་པའི་དེ་བཞིན་གཤེགས་པའི་ཚོགས་སུ་བསྐྱེད་ལ། བསྡུས་ཏེ་རང་གི་ལྷ་མོའི་པདྨར་བཅུག་ལ། ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་གྱུར་པར་བསམ་པར་བྱའོ། །དེ་ནས་པདྨ་ན་གནས་པ་རང་གི་ཁས ་བླངས་ཤིང་རང་བྱུང་དང་བཅས་པའི་ཡེ་ཤེས་ཀྱི་བདུད་རྩི་དེས་རང་གི་ལུས་ལ་གནས་པའི་ལྷའི་འཁོར་ལོ་དང་དཀྱིལ་འཁོར་བ་རྣམས་ཚིམ་པར་བྱའོ། །དེའི་ཕྱིར་རང་གི་ཁུང་སོགས་བླངས་པས། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཕྱི་དང་ནང་གི་ལྷའི ་འཁོར་ལོ་མཆོད་པའི་ཆོ་ག་འདིས་ནི་སངས་རྒྱས་ཀྱི་བྱང་ཆུབ་འཐོབ་པར་འགྱུར་རོ། །འཇིག་རྟེན་ལས་འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས་པའི་བྱ་བས་ལུས་དང་དག་དང་ཡིད་རྣམས། འཇིག་རྟེན་གྱི་ཐ་སྙད་ལས་ཀུན་ཏུ་སྡོམ་པར་བྱེད་པས་ན། ལུས་དང ་ངག་དང་སེམས་སྡོམ་པའོ། །སེམས་ཅན་གྱི་ཁམས་མ་ལུས་པ་བསྐྱེད་པའི་ས་བོན་འཛིན་པར་བྱེད་པས་ན་དམ་ཚིག་འཛིན་པའི་མ་རྣམས་སོ། །དམ་ཚིག་གསུམ་གྱིས་རྡོ་རྗེས་སྤྱད། ཞེས་བྱ་བ་ནི་མ་རྒྱུད་ནས་བཤད་པའི་དམ་ཚིག་གི་སྤྱོད་པའི་དེ་ཁོ་ན་ཉིད ་ཤེས་པར་བྱས་ནས། རང་གི་སྐུ་ལ་སོགས་པ་བྱིན་གྱིས་བརླབས་པ་ལ་ཐུག་པའི་ཆོ་གའི་རྗེས་ཐོགས་ལ་སྔ་མ་བཞིན་དུ་སྤྱད་པའོ། །སྡོམ་པ་འདི་ནི་ཁ་ཕྱིར་བལྟས་པ་རྣམས་ཀྱི་སྤྱོད་ཡུལ་ཉིད་མ་ཡིན་པའི་རྨད་པོ་ཆེའོ། །སྐུ་དང་གསུང་ཐུགས་ལོང་སྤྱོད ་ནི། ཞེས་བྱ་བ་ནི། རྡོ་རྗེ་གསུམ་མི་ཕྱེད་པའི་ལྷའི་གཟུགས་སོ། །དེ་གང་ལས་བྱུང་ཞེ་ན། གསང་བ་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསང་བ་གསུམ་ནི་དཔལ་རྡོ་རྗེ་སེམས་དཔའ་ཨོ། །དེའི་གནས་ནི་ཆོས་འབྱུང་ཞེས་བྱ་བ་སྟེ། བདེ་བ་ཆེན་པོ་ལS ་བྱུང་བ་ཉིད་ཡིན་པའི་ཕྱིར་གསང་བ་གསུམ་གནས་རྡོ་རྗེ་ལས་བྱུང་པའོ། །བཟང་པོ་བདག་གིས་བསྒྲུབ་པར་བྱ། ཞེས་བྱ་བ་ནི་དེ་ལྟ་བུར་གྱུར་པའི་དགེ་ལེགས་མངོན་དུ་བྱའོ་སྙམ་དུ་ལྷག་པར་མོས་པ་བསྐྱེད་པས་བསྒོམ་པའོ། །འདིར་བདག་ཀུན་ཏུ ་ཉམས་མི་འགྱུར། ཞེས་བྱ་བ་ནི། འདི་ལས་བཤད་པའི་དམ་ཚིག་དང་སྡོམ་པ་བསྒྲུབ་པ་ལྷུར་ལེན་ཅིང་འདུལ་བར་བྱེད་པ། བདག་ནི་འཇིག་རྟེན་དང་ལུང་དག་དང་འགལ་བར་སྤྱོད་པར་ཡང་མི་འགྱུར་ཞིང། མངོན་པར་འདོད་པའི་ལྷའི་དངོས་གྲུབ་ཀྱང་འགྲུབ་པར ་འགྱུར་རོ། ཞེས་བྱ་བའི་དོན་ཏོ། །གང་གི་ཚེ་རྣལ་འབྱོར་པ་བསྒོམ་པས་དུབ་པར་གྱུར་པ་དེའི་ཚེ། རང་གི་མགོའི་སྟེང་དུ་མཐོ་གང་ཙམ་གྱིས་སྤགས་ནས་བདུད་རྩི་ལྔའི་དཀྱིལ་འཁོར་མཐོ་གང་གི་ཚད་དང་ལྡན་པ། གདུགས་དཀར་པོ་དང་མཚུངས་པ་ཉིད་ཡོངས་སུ་བརྟགས ་ལ། དེའི་དབུས་ན་གནས་པའི་ཨོཾ་གྱི་འབར་བ་ཁ་དོག་ལྔ་པས་བཞུགས་ཏེ་རྐན་གྱི་ཕྱོགས་སུ་བབས་པའི་ཟླ་བ་ལྟར་བསིལ་བས་རྩ་རྣམས་སུ་ཁྱབ་པས་ལུས་ཐམས་ཅད་ཀུན་ཏུ་ཚིམ་པར་བསམ་པར་བྱའོ། །རྡོ་རྗེའི་སྦྱོར་བ་འདི་ཡིས་ནི། ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། ་སྔགས་ཐམས་ཅད་སྟེ། ཕུང་པོ་ལ་སོགས་པ་བྱིན་གྱིས་རློབ་པའི་ལྷ་ཐམས་ཅད་ཉིད་དང་མཚན་དུ་བསྒོམ་པའི་སྦྱོར་བས་འཛིན་པར་བྱེད་པས་ན་སྔགས་ཐམས་ཅད་འཛིན་པ་སྟེ་སྒྲུབ་པའོ། །ལུས་ལ་སོགས་པའི་གསང་བ་ནི་འཆད་པར་འགྱུར་བའོ། །སེམས་ཀྱི་དངོས་པོ་ནི ་སེམས་ཉིད་དོ། །དེའི་ལས་ནི་ཉིན་དང་མཚན་དུ་བདག་ཉིད་ལྷའི་གཟུགས་སུ་བསྒོམ་པ་སྟེ། དེ་ཡོངས་སྦངས་ནས་ས་ལས་བྱས་བ་ལ་སོགས་པའི་མཆོད་རྟེན་གྱི་ལས་མི་བྱ་ཞིང། དེ་བཞིན་དུ་གླེགས་བམ་ཀླག་པ་ལ་སོགས་པ་ཡང་མི་བྱའོ། །བསྒོམ་པ་ལ་མངོན་པར་མི་དགའ་ ་བར་གྱུར་བ་གང་ཡིན་པ་དེ་ལ་ནི་བཀག་པ་མེད་དོ། །གལ་ཏེ་དེ་ལྟ་ཡིན་ན་ནི་དེའི་ཚེ་རྒྱལ་པོ་མཉེས་པར་བྱ་བ་དང་ནོར་བསག་པ་ལ་སོགས་པས་བྲེལ་བ་རྣམས་ལ་ཡང་མཆོད་རྟེན་གྱི་ལས་ལ་སོགས་པ་བཀག་པར་འགྱུར་ན། བཅོམ་ལྡན་འདས་ནི་བསོད་ནམས་ཕྲ་མོའི་བར ་ཆད་དུ་འགྱུར་བ་ཡང་སྟོན་པར་མི་མཛད་དོ། །འོད་ཟེར་དཀར་པོ་འབར་བས་ཁྱབ་ཅེས་བྱ་བ་ལ་སོགས་པ་ལ། ཡི་གེ་བྲུཾ་གྱི་གཙུག་ཏོར་འཁོར་ལོས་སྒྱུར་བསྐུ་མདོག་དཀར་པོའི་རྣལ་འབྱོར་འམ། ཨོཾ་ལས་བྱུང་བའི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་བྱས་ལ། ལག་པ་གཡས་ ་པར་ཡི་གེ་བྲུཾ་ཉིད་ལས་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་དང། དེའི་ལྟེ་བར་འོད་ཟེར་དཀར་པོ་ཅན་རྣམ་པར་བསམ་ནས། དྲུག་གིས་ནོན་པའི་ལུས་ལ་འོད་ཟེར་གཞུག་ཅིང་ད་བྱུང་བ་དང་བྱབ?་བའི་སྒོ་ནས་དུག་གཞོམ་པར་བྱའོ། །རྣལ་འབྱོར་ལ ་སོགས་པ་ཐམས་ཅད་སེར་པོར་དམིགས་ལ། འོད་ཟེར་སེར་པོ་རྣམས་ཀྱིས་བཀད་ན་རེངས་པར་འགྱུར་རོ། །དེ་ཁོ་ན་བཞིན་དུ་འོད་ཟེར་དུ་བའི་རྣམ་པ་ཅན་རྣམས་ཀྱི་ཁམས་གསུམ་ན་གནས་པའི་དུག་བཀུག་ལ་གང་ལ་འདོད་པ་དེ་ལ་དབབ་པར་ཡང་བྱའོ། །གཞན་ནི ་ཤེས་པར་ཟད་དོ། །གྲོ་བ་སོགས་ལ་འཁོར་ལོ་ནི། ཞེས་བྱ་བ་ནི་ཁ་དོག་དཀར་པོ་རྩིབས་བརྒྱད་པའོ། །ལས་ཀྱི་རྡོ་རྗེ་ལ་གནས་པ། ཞེས་བྱ་བ་ནི་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པའི་སྟེང་ན་གནས་པའོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། ཇི་ལྟ་བ་བཞིན་དུ་རྣམ་པར ་སྣང་མཛད་ཀྱི་རྣལ་འབྱོར་དང་ལྡན་པས། གྲོ་བ་དང་རས་ལ་སོགས་པ་རྣམས་ལ་སྐྱེས་པ་བསྲུང་བའི་དོན་དུ་གུར་གུམ་དང། བུད་མེད་ཀྱི་དོན་དུ་འགི་ཝང་གི་ཇི་སྐད་བཤད་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་འཁོར་ལོ་རྩིབས་བརྒྱད་པ་བྲིས་ལ། དེའི་ལྟེ་བར་གྲུ ་གསུམ་དང་དེའི་ནང་དུ་ཡི་གེ་ཧ་མགོ་བོ་དང་ཟླ་ཚེས་དང་ཐིག་ལེ་དང་རྩེ་མོ་དང་ལྡན་པ་དང། ཛི་ན་ཆེ་གེ་མོ་ལ་རཀཤཾ་ཀུ་རུ་ཛི་ཀ་ཅེས་བྱ་བའི་སྙིང་པོ་རྣམ་པར་སྤེལ་བའི་མིང་བྲིས་ཏེ། ཤར་ལ་སོགས་པའི་རྩིབས་ཀྱི་དབུས་སུ་མི་བསྐྱོད་པ་ལ་སོགས་པའི་ལྷ་རྣམས་ཀྱི་དེ ་བཞིན་གཤེགས་པ་བཞི་འབྱིན་པའི་སྙིང་པོ་རྣམས་དང། དེ་རྣམས་ཉིད་ཀྱི་མཛའ་མ་ལ། འཕགས་པ་གཤིན་རྗེ་གཤེད་ལ་སོགས་པའི་སྙིང་པོ་རྣམས་དང། མེ་ལ་སོགས་པའི་མཚམས་ཀྱི་རྩིབས་རྣམས་ལ་སྤྱན་ལ་སོགས་པའི་ལྷ་མོ་བཞིའི་སྙིང ་པོ་རྣམས་དང། མཚམས་རྣམས་སུ། ཡི་གེ་གསུམ་རྣམ་པར་བཀོད་ལ། འཁོར་ལོའི་མུ་ཁྱུད་ལ་ཨོཾ་ཧུ་ལུ་ཧུ་ལུ་ཏིཥྛ་ཆེ་གེ་མོའི་ཨུ་བ་དྲ་བ་དི་ཀི། བནདྷ་བནདྷ། ཧ་ན་ཧ་ན། ད་ཧ་ད་ཧ། ཨ་མྲི་ཏེ་ཧཱུཾ་ཕཊ། ཅེས་བྱ་བའི་འཁོར་ལོར་བྲི་བར་བྱའོ། དེ་ནས་རང ་གི་སྙིང་པོ་རྣམས་ཀྱིས་རྣམ་པར་སྣང་མཛད་ལ་སོགས་པའི་ལྷའི་འཁོར་ལོ་གནས་ཇི་ལྟ་བ་བཞིན་དུ་བསྐྱེད་ལ། མུ་ཁྱུད་ལ་བཀོད་པའི་ཡི་གེ་རེ་རེ་ལས་གྲུབ་པའི་འཕགས་པ་བདུད་རྩི་འཁྱིལ་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་བལྟས་ཏེ། རྣམ་པར་སྣང་མཛད་ཀྱི་ཐུགས ་ཀ་ན་གནས་པའི་པདྨའི་སྟེང་གི་ཟླ་བ་ལ་གནས་པའི་ས་བོན་ལས་བྱུང་བའི་བསྒྲུབ་བྱ་རྡོ་རྗེའི་སྐུ་ཅན་ཡི་གེ་ཧཾ་ལས་བྱུང་བའི་རྡོ་རྗེའི་གོ་བགོས་པ་བསམས་ལ། དམ་ཚིག་གི་འཁོར་ལོ་ལ་ཡེ་ཤེས་ཀྱི་འཁོར་ལོ་གཞུག་པ་སྔོན་དུ་འགྲོ་བ་ཅན་གྱི་བླ་ན་མེད་པ་ལ་སོགས་པའི ་མཆོད་པ་རྣམས་ཀྱིས་མཆོད་པར་བྱའོ། །དེ་ལྟར་འཁོར་ལོའི་སྔགས་ཀྱི་ཡི་གེའི་ཚིག་རྣམས་ཀྱིས་ཡང་དག་པར་བརྒྱན་པར་འགྱུར་རོ། །བཞག་པར་བྱ་ཞེས་བྱ་བ་ནི། ཟ་མ་ཏོག་ལ་སོགས་པ་ཁ་སྦྱར་ན་གནས་པ་ལྷའི་མཆོད་པའི་གནས་སུའོ། །རྟག་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུ ་མཆོད་པའོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ལ་ལྷ་ཐམས་ཅད་ཀྱི་གསང་བ་གསུམ་གྱི་བདག་ཉིད་ཀྱི་གནས་ནི་འཁོར་ལོའོ། །དེ་ཉིད་མདོར་བསྡུས་ནས་བསྟན་པའི་ཕྱིར་བཏུས་པའོ། །ཡང་ན་སྔར་བཤད་པ་ཉིད་ཀྱི་འཁོར་ལོ་ལ་དབང་པོའི་ཕྱོགས་སུ་ཡི་གེ་ཨོཾ་མེའི་ཕྱོགས་སུ ་ཧུ་ལུ་ཧུ་ལུ། གཤིན་རྗེའི་ཕྱོགས་སུ་ཏིཥཐ་ཏིཥཐ། བདེན་བྲལ་གྱི་ཕྱོགས་སུ་བནདྷ་བནདྷ། ཆུའི་ཕྱོགས་སུ་ཧ་ན་ཧ་ན། རླུང་གི་ཕྱོགས་སུ་ད་ཧ་ད་ཧ། ཀུ་བེ་རའི་ཕྱོགས་སུ་ཨ་མྲི་ཏ། དབང་ལྡན་གྱི་ཕྱོགས་སུ་ཧཱུཾ་ཕཊ། འཁོར་ལོའི་ལྟེ་བར་ཡི་གེ་ཧཾ། དེའི་ནང་དུ་བསྒྲུབ་བྱའི་མིང་བྲི་བར་བྱའོ། །དེ་ལྟ ་ན་ཡང་འཁོར་ལོའི་སྔགས་ཀྱི་ཡི་གེའི་ཚིག་རྣམས་ཀྱིས་བརྒྱན་པར་འགྱུར་རོ་ཞེས་ཁ་ཅིག་ཟེར་རོ། །དེ་ལྟ་བུ་གང་ཡང་རུང་བས་ཀྱང་འཆེ?་བ་ཐམས་ཅད་ལས་བསྲུངས་པ་ཡིན་ནོ། །ལམ་གྱི་བཞི་མདོ་ཞེས་བྱ་བ་ལ། དེ་ལ་དམིགས་ཏེ་བཟླས་པ་འབུམ་བྱས་པས་མར ་དོའི་བཅུ་བཞི་ལ་ཕྱི་རོལ་གྱི་བུད་མེད་དང་ལྷན་ཅིག་འདོད་པའི་ལྷ་སྐུ་མདོག་དམར་པོའི་རྣལ་འབྱོར་གྱི་ཏི་སྐད་བཤད་པའི་གནས་གང་ཡང་རུང་བར་ཡིད་ཀྱི་རང་གི་དཀྱིལ་འཁོར་ཡོངས་སུ་བརྟགས་ལ། དེའི་དབུས་སུ་ཐོད་པ་གསུམ་ཁ་སྦུབ་པའི་སྟེང་དུ་བདུད་རྩི་ལྔ་དང ་བཅས་པའི་ཆང་གིས་ལེགས་པར་བྱུངས་པའི་ཐོད་པ་ཁ་སྦུབ་དུ་ཡང་དོག་པར་བཞག་སྟེ། དེའི་འོག་ཏུ་བདུད་རྩི་ལྔ་ཆུང་ཟད་དང་བཅས་པའི་ཏིལ་མར་ཆེན་པོས་ནང་ཡོངས་སུ་གང་བའི་ཐོད་པ་རུ་བདུད་རྩི་ལྔ་དང་བཅས་པའི་ཤིང་ཨརྒའི་རྩ་བ་པདྨའི? ་སྐུད་པས་དཀྲིས་པའི་སྡོང་བུས་མར་མེ་རབ་ཏུ་སྦར་ལ། མཚན་ཕྱེད་ཀྱི་དུས་སུ་ཐོད་པའི་སྟན་ལ་འདུག་ཅིང་ཐོད་པ་གཉིས་ལ་པུས་མོ་གཉིས་བཞག་སྟེ། སྙོམས་པར་འཇུག་པར་གནས་པས་རང་གི་སྔགས་ཟློས་ཤིང་དུད་པ་ཆགས་སུ་གཞུང་ངོ། །དེ་ནས་དེ་བསྡུས་ཏེ ་བདུད་རྩི་ལྔ་དང་བཅས་པའི་ཏིལ་མ་མཚན་པོ་དང་སྦྲུས་ལ་གོས་གཙང་མར་གཏུམས་ཏེ། རིག་མའི་པདྨར་བཅུག་ལ་དེ་དང་ཡང་དག་པར་སྦྱོར་བ་དང་ལྡན་པས་གནས་དེ་ཉིད་དུ་དྲོ་བ་དང་དུ་བ་དང་འབར་པའི་མཚན་མ་རྣམས་ཤེས་པར་བྱ་ཞིང། རང་གི་སྔགས ་བརྒྱད་རྩ་བརྒྱད་བཟླས་པར་བྱའོ། །དྲོད་བྱུང་བ་དེ་མིག་ལ་སྡུད་པས་ཕྱོགས་ཐམས་ཅད་དུ་སྐད་ཅིག་གཅིག་ཁོ་ནས་འགྲོ་བ་དང་འོད་བར་བྱེད་ཅིང་ས་ལ་གནས་པའི་སེམས་ཅན་ཐམས་ཅད་དབང་དུ་འགྱུར་རོ། །དུ་བ་བྱུང་བར་གྱུར་པ་དེས་ནི་བར་སྣང་ལ་འགྲོ ་བ་དང། དེ་ན་གནས་པའི་སེམས་ཅན་རྣམས་དབང་དུ་འགྱུར་རོ། །འབར་བར་གྱུར་པ་དེས་ནི་ནམ་མཁའ་ཐམས་ཅད་ལ་འགྲོ་བ་དང། སེམས་ཅན་ཐམས་ཅད་དབང་དུ་འགྱུར་ཏེ་དེ་ལྟ་བུའི་དངོས་གྲུབ་རྣམས་ལ་གསུམ་འབྱུང་ངོ། །ཀུན་ཏུ་དགེ་ལེགས་ཐོབ ་པར་བྱེད་པའི་རྡོ་རྗེ་མིག་སྨན་སྟོན་པར་མཛད་པས་ན་ཀུན་ཏུ་བཟང་པོ་སྟེ་དཔལ་རྡོ་རྗེ་སེམས་དཔའ་ཨོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དཔལ་རྡོ་རྗེ་སེམས་དཔའ་ལ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། དེ་ནི་ཤེས་བར་ཟད་དོ། །ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་རྣམས་ལ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ལྡན་ཞེས་བྱ་བ་ནི་ལྡན་པར་གྱུར་པའོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ནི་དཔལ ་གསང་བ་འདུས་པ་ལས་གསུངས་པའི་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་འབྲས་བུའི་རང་བཞིན་ནོ། །དེའི་དོན་དུ་སྤྱོད་པའི་རྡོ་རྗེ་ནི་ཚིག་དང་དོན་རྟོགས་པའི་སྒོ་ནས་རབ་ཏུ་འཇུག་པའོ། །དེ་ལ་དད་ཅིང་བསྒོམ་པར་འགྱུར། ཞེས་བྱ་བ་ནི་རྟོགས་ནས་དད་པར་འགྱུར་བས་ཉིན་པ ་མཚན་དུ་བསྒོམ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །ཡང་དེ་བཞིན་གཤེགས་པ་རྣམས་ཀྱིས་དྲིས་པ་ན། བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེ་དང། ཞེས་བྱ་བ་ལ་སོགས་པ་ནི་གསུམ་ཡིན་ནོ། །གཞན་ནི་གོ་སླའོ། །ཡང་ཕྱག་ན ་རྡོ་རྗེས་དེ་བཞིན་གཤེགས་པ་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བོས་ཏེ་གསུངས་པ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་འདས་པའི་རབས་བསྟན་པའི་ཕྱིར་གསུངས་ཏེ། ཐམས་ཅད་ཤེས་པར་ཟད་དོ། །དེའི་ཕྱིར་ཞེ་ན། ཞེས་བྱ་བ་ནི། ་ཅིའི་ཕྱིར་མ་གསུངས་པའོ། །དེའི་ཕྱིར་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚུལ་ཁྲིམས་ལ་སོགས་པ་གཙོ་བོར་བྱེད་པ་ཉིད་ཀྱི་རྣམ་པ་ཐམས་ཅད་དུ་རྣམ་པར་དག་པའི་ཆོས་བསྟན་པ་འདི་ལས། འཇིག་རྟེན་དང་འགལ་བའི་དམ ་ཚིག་ལ་སོགས་པ་ཐོས་པ་ཙམ་ཁོ་ནས་སྐྲག་པའི་འདུ་ཤེས་ཅན་དུ་འགྱུར་བས། དེའི་ཕྱིར་སྐལ་པ་མེད་པ་ཡིན་ཏོ། །དེས་ན་དེའི་ཚེ་དེས་མ་གསུངས་སོ། །གསང་བ་འདུས་པ་འདི་ལས་ཞེས་བྱ་བ་ནི། འདི་ལས་བཤད་པའི་རྫོགས་པའི་རིམ་པའི་རྣལ་འབྱོར ་རྣམ་པར་གནས་པ་རྣམས་ནི་སྐད་ཅིག་དེ་ཉིད་ལ་ཐབས་དང་ཤེས་རབ་ཀྱི་མངོན་པར་རྫོགས་པ་བྱང་ཆུབ་པ་མངོན་དུ་བྱེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གངྒཱའི་ཞེས་བྱ་བ་ལ་སོགས་པས་ནི་ཡན་ལག་གི་དམ་བ་མགོ་དང་ལག་པ་དང་རྐང་པ་དང་མིག་སྦྱིན ་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བཅུའི་སྤྱོད་པ་རྣམས་ཀྱིས་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་འབད་པ་ལ་སོགས་པ་བྱས་པས་བྱང་ཆུབ་མ་ཐོབ་བ་གང་ཡིན་པ་དེ། ཚེ་འདི་ཉིད་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་དེ་བཞིན། ་གཤེགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཁྱེན་པར་འགྱུར་བ་བསྟན་ཏོ་དེ་སྐད་ཐོས་ནས་མ་འོངས་པའི་སེམས་ཅན་རྣམས་ལ། དད་པའི་དབང་ལས་བྱུང་བའི་རོའི་དགའ་བ་བསྐྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས ་ཀྱིས་རབ་ཏུ་བསྡུས་སོ། །དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་དེ་རྣམས་ལས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་བཟློག་པ་མཛད་དོ། །སྡུག་བསྔལ་གསུམ་ནི་ལུས་དང་ངག་དང་ཡིད་ཀྱི་སྡུག་བསྔལ་ལོ། །བྱང་ཆུབ་སེམས་དཔའ་རྣམས ་ཀྱིས་དེ་བཞིན་གཤེགས་པ་རྣམས་ལ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྩོལ་ཏོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་དེ་བཞིན་གཤེགས་པ་རྣམས་ཀྱིས་དྲིས་པ་ན། ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ ་སྩོལ་ཏོ། །སྐུ་དང་གསུང་དང་ཐུགས་གསང་བ་དག་ཁོ་ན་རང་བཞིན་གྱི་རྣམ་པར་དག་པའི་ཡི་གེ་རྣམས་ཡིན་པས་ན། གསང་བ་གསུམ་གྱི་ཡི་གེ་རྣམས་ཡིན་ཞིང་དེ་རྣམས་ཀྱི་མིང་ཙམ་ཐོས་པའི་སྐལ་པ་ཡང་མ་མཆིས་ན་ཞེས་སྔོན་གྱི ་དུས་ཀྱི་རིགས་མ་དེས་པ་དང། རིགས་ཆད་པ་རྣམས་དང། ལྷན་ཅིག་རྒྱུད་ཐ་མི་དད་པར་བྱས་ནས་དེ་སྐད་དུ་བརྗོད་དོ། །དོན་དམ་པའི་ཆོས་ཉིད་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་དེ་སྐད་མ་ཟེར་ཅིག། ཅེས་བྱ་བ་ལ ་སོགས་པ་གསུངས་ཏེ། མ་ཐོབ་ཅེས་བྱ་བ་ནི་གཟུང་བ་དང་འཛིན་པའི་སྒོ་ནས་སོ། །དེ་ཉིད་ཀྱི་ཕྱིར་རྟོགས་པར་བྱ་བ་ལ་སོགས་པའི་རྟོག་པ་མེད་པས་ན་མངོན་པར་རྫོགས་པར་སངས་མ་རྒྱས་སོ། །དེ་ཅིའི་ཕྱིར་ཞེ་ན། ཞེས་བྱང་ཆུབ་སེམས་དཔའ་ ་རྣམས་ཀྱིས་དྲིས་པ་ན། དེ་བཞིན་གཤེགས་པ་རྣམས་ཀྱིས་གསང་བའི་གནས་གསུམ་གྱིས་ཡི་གེ་རྣམ་པར་དག་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་གསུངས་ཏེ། སྐུ་ལ་སོགས་པ་གསང་བའི་གནས་རྣམས་ཀྱི་རྣམ་པར་དག་པ་ནི་དེ་བཞིན་ཉིད་དེ་དེའི ་ཕྱིར་རོ། །དེ་སྐད་ཐོས་ནས་བྱང་ཆུབ་སེམས་དཔའ་རྣམས་ཅང་མི་སྨྲ་བར་གྱུར་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་དཔལ་རྡོ་རྗེ་སེམས་དཔའ་ཨོ། །དེའི་བཙུན་མོ་ནི་ཀུན་ཏུ་བཟང་མོ་སྟེ། དེའི་བྷ་ག་ལ་བྱ་བ་ཐམས་ཅད ་དང་བྲལ་ཞིང་མཆོག་ཏུ་བདེ་བ་ལ་དགྱེས་པའི་རྡོ་རྗེ་འཆང་ཆེན་པོ་རང་གི་འཁོར་གྱི་རིག་མ་དང་གཉིས་སུ་མེད་པའི་སྦྱོར་བས་དེ་བཞིན་གཤེགས་པ་ཐམས་ཅད་དང་ཐ་མི་དད་པར་གྱུར་པས་བཞུགས་སོ། །དེ་ནས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད ་ལ་སོགས་པའི་རང་བཞིན་ཅན་ཞི་བ་ལ་སོགས་པའི་ངོ་བོ་ཉིད་ཀྱིས་ལྷ་མོ་བཞིས་སེམས་ཅན་མ་ལུས་པ་སྡུད་པའི་སྙིང་རྗེ་ཆེན་པོའི་བདག་ཉིད་ཅན་གྱི་རྡོ་རྗེ་འཆང་ཆེན་པོ་ཡེ་ཤེས་ཀྱི་གཉིད་ལོག་པ་ལ་གླུ་རྣམས་ཀྱིས་རབ་ཏུ་བསྐུལ་ལོ། །རེ་ཞིག་སྙིང ་རྗེ་ཆེན་པོའི་བདག་ཉིད་ཅན་གྱི་དཔལ་རྡོ་རྗེ་སེམས་དཔའ་སེམས་ཅན་རྣམས་མགྲོན་དུ་གཉེར་ནས། ཇི་ལྟར་རྣམ་པར་མི་རྟོག་པ་ཉིད་དུ་གྱུར། གལ་ཏེ་གྱུར་དུ་ཅུག་ན་ཅིའི་ཕྱིར་སྟོང་པ་ཉིད་ལ་སོགས་པའི་རང་བཞིན་ཅན་གྱི་ལྷ་མོ་རྣམས་ཀྱིས ་རབ་ཏུ་སྐུལ་བར་བྱེད་ཅེ་ན། འདིར་རིགས་པ་བརྗོད་པར་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ནི་གསལ་ཞིང་དྲི་མ་མེད་པའི་སྐུ་ཅན་ཡིན་ནོ། །དེའི་ཕྱིར་ཉེ་བར་གྱུར་པའི་མེ་ལོང་གཉིས་ཉིད་ཀྱི་གཟུགས་བརྙན་བཞིན་དུ་ལྷ་མོ་རྣམས་ཀྱི ་སྟོང་པ་ཉིད་ལ་སོགས་པའི་རྣམ་པ་རྡོ་རྗེ་འཆང་ཆེན་པོ་ལས་འབྱུང་སྟེ། དེའི་ཕྱིར་རྣམ་པར་མི་རྟོག་པར་ཉིད་དུ་གྱུར་ཏོ། །བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ལྷ་མོ་རྣམས་ལ་འབྱུང་བས་དེའི་ཕྱིར་རབ་ཏུ་བསྐུལ་བར་བྱེད་དོ། །དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བཙུན་མོའི་སྟེ། འཕགས་པ་མཱ་མ་ཀཱིས་ས་འཛིན་པ་དང། དྲུག་ལས་སྐྱེས་པ་ལ་སོགས་པ་སྙན་ཅིང་འཇམ་པའི་དབྱངས་རྣམས་ཀྱིས་རྣམ་པར་ཐར་པའི་སྒོ་བཞིའི ་བདག་ཉིད་ཅན་གྱི་རྡོ་རྗེ་འཆང་ཆེན་པོ་ལ་འགྲོ་བ་མ་ལུས་པ་འདོན་པའི་བདག་ཉིད་ཅན་གྱི་སྙིང་རྗེ་ཆེན་པོའི་དགའ་བས་སྐུལ་བར་བྱེད་དོ། །ཁྱོད་ནི་རྡོ་རྗེའི་ཐུགས་ཞེས་བྱ་བས་ནི། ཐུགས་རྡོ་རྗེའི་སྒོ་ནས་བོད་པའོ། །འདི་ལ་མི་ཕྱེད་པའི་ཐུགས་མ་རང་བས? ་ན་རྡོ་རྗེའི་ཐུགས་ཏེ། དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ནོ། །དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་ཡིས་ཆོས་འབྱུང་གི་ནང་ན་གནས་པའི་གཞལ་ཡས་ཁང་དུ་བདག་པོའི་གཟུགས་སུ་བཞུགས་པ་ཉིད་ཡིན་པའི་ཕྱིར། སེམས་ཅན ་ཁམས་ན་གནས་ཀྱི་དབང་ཕྱུག་གོ། བདག་ལ་སྐྱབ་ཏུ་གསོལ་ཞེས་བྱ་བ་ནི། འདོད་ཆགས་ཀྱི་སྤྱོད་པ་ཅན་གྱི་སེམས་ཅན་ཀྱི་ཁམས་ཀྱི་རང་བཞིན་བདག་ལ་བསྐྱབ་ཏུ་གསོལ་བའོ། །གང་དག་ཞེ་ན། དགའ་བ་ཡིད་འོང་དོན་ཆེན་འདོད་པས ་ཞེས་བྱ་བས་གསུངས་ཏེ། དེ་ལ་དགའ་བ་ནི་བྱང་ཆུབ་ཀྱི་སེམས་ཕྱུང་བའི་བདེ་བ་ཆེན་པོའི་རྣམ་པའོ། །དེ་ཉིད་ཡིད་དགའ་བར་བྱེད་པ་ཉིད་ཡིན་པའི་ཕྱིར་ཡིད་དུ་འོང་བའོ། །དེས་བསྐྱེད་པའི་དོན་ཆེན་འདོད་པ་ནི་ཐམས་ཅད་ལས་ཕུལ་དུ ་འབྱུང་བའི་དཀྱིལ་འཁོར་བ་རྣམས་ཀྱིས་ཞེ་སྡང་ལ་སོགས་པའི་སྤྱོད་པ་ཅན་གྱི་སེམས་ཅན་གྱི་ཁམས་རྣམ་པར་སྦྱོང་བའི་རང་བཞིན་ཏེ། དེས་བདག་གི་མངོན་པར་འདོད་པ་སྒྲུབས་ཤིག་པའོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་ཅན་ཐམས་ཅད ་སྐྱེད་པར་མཛད་པ་དང། དེ་དག་མངོན་པར་གདོན་པར་བྱ་བ་ལ་གཉེན་མཆོག་ཏུ་གྱུར་པ་སྟེ། དེའི་འདོད་ཆགས་ཀྱི་སྤྱོད་པ་ཅན་གྱི་སེམས་ཅན་གྱི་ཁམས་ཀྱི་རང་བཞིན་བདག་དེ་རྣམ་པར་སྤྱོད་པའི་ཐབས་ཀྱི་འཚོ་བར་བྱེད་པས་གསོན ་པར་མཛད་དུ་གསོལ་ཞེས་བྱ་བའི་དོན་ཏོ། །ད་ནི་སྤྱན་གྱིས་སྐུལ་བར་བྱེད་དེ། རྡོ་རྗེ་སྐུ་ཁྱོད་ཅེས་བྱ་བ་ནི། སྐུ་རྡོ་རྗེའི་སྒོ་ནས་བོད་པའོ། །གང་གི་ཕྱིར་ཁྱོད་སེམས་ཅན་མང་པོ་ལ་ཕན་པ་མཛད་ཅིང་དཀོན་མཆོག་གསུམ་ལ་སོགས་པ་ལ ་གནོད་པ་བྱེད་པ་རྣམས་ལ་བཀའ་ཨི་འཁོར་ལོ་སྦྱོར་བར་མཛད་པ་ཡང་ཡིན་པ་དེའི་ཕྱིར་སངས་རྒྱས་དོན་ནི་ཆོས་ཐམས་ཅད་རྟོགས་པའོ། །བྱང་ཆུབ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའོ། །དོན་དམ་པ་ནི་ཡང་དག་པར་སྦྱོར་བའི་བདེ་བ་ཆེན་པོ་སྟེ། དེ་དག ་སེམས་ཅན་རྣམས་ལ་ཕན་གདགས་པའི་བསམ་པས་སྟོན་ཅིང་འཆད་པར་མཛད་པའོ། །ཆགས་པས་ཞེས་བྱ་བ་ནི་རབ་ཏུ་དགའ་བའི་སྤྱོད་པ་ལ་བཞུགས་པའི་སེམས་ཅན་གྱི་ཁམས་རྣམ་པར་སྦྱོར་བའི་རང་བཞིན་གྱིས་སོ། །འདོད་ཆགས་དམ་ཚིག ་ནི་འདོད་ཆགས་ཀྱི་སྤྱོད་པ་ཅན་གྱི་སེམས་ཅན་རྣམས་ཀྱི་རྒྱུད་རྣམ་པར་སྤྱོད་པའི་རང་བཞིན་ཅན་ཏེ། བདག་ལ་དགྱེས་པར་མཛད་ཅིང་བསྟེན་པར་མཛད་དུ་གསོལ་ཞེས་བྱ་བའི་དོན་ཏོ།། ལྷག་མ་ནི་སྔ་མ་བཞིན་ནོ། །འཇིག་རྟེན་དབང་ཕྱུག་ནི ་འོད་དཔག་ཏུ་མེད་པ་ཡིན་ཞིང་དེའི་སྐུ་དང་གསུང་དང་ཐུགས་ཀྱི་སྤྱན་ཏོ། གོས་དཀར་མོས་རྡོ་རྗེ་འཆང་ཆེན་པོ་ལ་རབ་ཏུ་བསྐུལ་བའོ། །ཁྱོད་ནི་རྡོ་རྗེའི་གསུང་དེས་བྱ་བ་ནི་གསུང་གི་སྒོ་ནས་བཅོམ་ལྡན་འདས་ལ་བོད་པའོ། །ཀུན་ལ ་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་ལུས་པ་བཟང་བ་མེད་པ་ལའོ། །ཕན་ཞིང་ཐུགས་རྩེ་བ་ཞེས་བྱ་བ་ནི། མ་འོངས་པ་ན་ཕན་པ་མཛད་པའི་བདག་ཉིད་ཅན་ནོ། །དེ་ཉིད་ཀྱི་ཕྱིར་འཇིག་རྟེན་རྣམས་ཀྱི་དོན་བྱ་བའི་ཕྱིར་དུས་རྟག ་ཏུ་ཡང་དག་པར་བརྩོན་པའོ། །སྦྱོད་བ་དྲི་མེད་ནི་རབ་ཏུ་དགའ་བ་སྐྱེད་པར་བྱེད་པའི་འཇུག་པའོ། །དེས་སེམས་ཅན་གྱི་ཁམས་མ་ལུས་པ་བཟང་པོ་སྟེ། དགེ་ལེགས་ཐོབ་པར་མཛད་པས་ན་ཀུན་ཏུ་བཟང་པོའོ། །བདག་ལ་དགྱེས་པར ་མཇོད?་ཞེས་བྱ་བ་ནི་བདག་ལ་ལོངས་སྤྱད་པར་མཛོད་ཅིག་པའོ། །གཞན་ནི་བཤད་ཟིན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དམ་ཚིག་རྡོ་རྗེ་ནི་དོན་ཡོད་པར་གྲུབ་པ་ཡིན་ཞིང། དེའི་བཙུན་མོ་སྟེ་ ་འཕགས་མ་སྒྲོལ་མས་རྡོ་རྗེ་འཆང་ཆེན་པོ་ལ་རབ་ཏུ་བསྐུལ་བའོ། །ཁྱོད་ནི་རྡོ་རྗེ་འདོད་པ་ཞེས་བྱ་བ་ནི་སྤྲུལ་པ་མཛའ་ཡས་པ་རྣམས་ཀྱིས་སེམས་ཅན་རྣམས་ཀྱིས་མངོན་པར་འདོད་པའི་དོན་སྒྲུབ་པར་བྱེད་པའོ། །དམ་མོད? ་པར་གྲུབ་པའི་སྒོ་ནས་ལས་ཀྱི་རིགས་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་དམ་ཚིག་གོ། སེམས་ཅན་མ་ལུས་པ་རྣམས་ཀྱིས་མཆོག་དུ་ཕན་པའི་དོན་མཛད་པའི་ཕན་དོན་ཆེའོ། །ཞེ་སྡང་གི་རབ་ཏུ་ཕྲག་དོག་རྣམ་པར་སྦྱོད་པའི་བདག་ཉིད་ཡིན་པ? ་ཕྱིར་རྫོགས་པའི་སངས་རྒྱས་ཀྱི་གདུང་མཆོག་གོ་།གསོད་པ་ལ་སོགས་པ་ལ་ཞུགས་པའི་སེམས་ཅན་རྣམས་ཀྱང་གདོན་པར་དགོངས་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་མཚུངས་པར་བརྩེར་ལྡན་པའོ། །གཞན་ནི་བཤད་ཟིན་ཏོ། །ཡོན་ཏན ་རིན་ཆེན་མང་པོའི་ཞེས་བྱ་བ་ལ་སོགས་པས་ནི། བདག་ནི་འདོད་པའི་ཡོན་ཏན་ལྔ་རྣམ་པ་མང་པོས་དགའ་ཞིང་མཆོག་ཏུ་ཟད་པ་མེད་པའི་བདེ་བ་རྒྱས་པར་བྱེད་པ་ཡིན་ནོ་ཞེས་བདག་ཉིད་ཕུལ་དུ་བྱུང་བ་ཉིད་ཡིན་པར་སྟོན་ཏོ། །འདོད ་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་བཅོམ་ལྡན་འདས་ཀྱིས་རྣམ་པ་ཐམས་ཅད་དུ་འདོད་པར་བྱ་བ་ཡིན་པས་ན་འདོད་པ་ཐམས་ཅད་ཏེ་ལྷ་མོ་རྣམས་སོ། །དེ་དག་ལ་ཉེ་བར་ལོངས་སྤྱོད་པའི་ནི་སྙོམས་བར་འཇུག་པའི་བྱ་བས་བདེ ་བ་ཆེན་པོའི་རོ་མྱོང་བའི་མཚན་ཉིད་དེ། ཏིང་ངེ་འཛིན་གང་ལ་དེའི་དཔལ་ཏེ་སེམས་ཅན་གྱི་ཁམས་སྦྱར་བས་ནི་འདི་ལས་བཤད་པའི་ཆོ་ག་བཞིན་དུ་དབང་བསྐུར་བ་མེད་ན། རྒྱུད་འདི་མཉན་པ་ལ་སོགས་པའི། །སྐལ་པ་མེད་པ་ཞེས་བསྟན་། ་ཏོ། །དེ་ནས་རྡོ་རྗེ་ཆོས་ཀྱིས་ཀྱང་བདག་ཉིད་སྣོད་དུ་རུང་བ་ཉིད་དུ་ཤེས་ནས་དེ་བཞིན་དུ་བགྱིའོ། །ཞེས་ཐམས་ཅད་བཟུང་བར་གྱུར་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནོ། ཉེ་བར་བསྡུ་བའི་ཆོ་ག་དེ་ཉིད་གསལ་བར་བྱེད་དེ། དེ་? ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་སོ། །སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན་གྱི་རྡོ་རྗེ་འཆང་ཆེན་པོ་ནི་དཔལ་རྡོ་རྗེ་སེམས་དཔའ་སྟེ། དེའི་མགོ་དང་ལྐོག་མ་དང། སྙིང་གའི་ཕྱོགས་ན ་གནས་པའི་ཡེ་ཤེས་གསུམ་སྐུ་དང་གསུང་དང་། ཐུགས་རྡོ་རྗེ་རྣམས་བཙུད་པར་གྱུར་ཏོ། །ཞེས་བྱ་བའི་དོན་ཏོ། །ཁམས་གསུམ་ཐམས་ཅད་ཀྱི་ལུས་རྡོ་རྗེ་ལ་ཞེས་བྱ་བ་ནི་བརྟན་པ་དང་གཡོ་བའི་ཁམས་གསུམ་མ་ལུས་པའི་དངོས ་པོའི་སྣང་བ་ལའོ། །གནས་ཤིང་ཞེས་བྱ་བ་ནི་དེའི་བདག་ཉིད་ཀྱི་རང་བཞིན་ཁོ་ནར་གནས་པ་ཡིན་གྱིས། རྟེན་དང་བརྟེན་པའི་སྒོ་ནས་ནི་མ་ཡིན་པའོ། །སྐུ་མཉམ་པ་ཉིད་ནི་ཁམས་གསུམ་པའི་དངོས་པོའི་རང་བཞིན་མེད་པ་ཉིད་དེ ་ཆོས་ཀུན་སངས་རྒྱས་ཉིད་ཡིན་ཏེ། ཆོས་རྣམས་འགའ་ཡང་ཡོད་མ་ཡིན། ཞེས་འབྱུང་བའི་ཕྱིར་རོ། །དེ་ལ་དམིགས་ནས་ཞེས་བྱ་བ་གཟུགས་ཉིད་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ་སྙམ་དུ་བསམས་ནས་ཅང་མི་གསུང་བར་གྱུར་ཏོ། །དེ་བཞིན་དུ་གསུང་རྡོ་རྗེ་ཁམས་གསུམ་པའི་སྒྲ་སེམས་དང། སེམས་ཅན་མ་ཡིན་པ་དང། གཉིས་ཀར་གཏོགས་པའི་རང་བཞིན་གྱི་རྡོ་རྗེ་ལ་གནས་ཤིང་གསུང ་རྡོ་རྗེ་མཉམ་པ་ཉིད་ལ་སྟེ། སྒྲ་བརྙན་བཞིན་དུ་སྒྲ་མི་དམིགས་པ་ཉིད་ལའོ། །དེ་བཞིན་དུ་རྣམ་པར་ཤེས་པ་བརྒྱད་ཀྱི་མཚན་ཉིད་རྣམ་པར་དག་པའི་རང་བཞིན་ཅན་གྱི་ཁམས་གསུམ་གྱི་སེམས་རྡོ་རྗེ་ལ ་གནས་ཤིང་ཐུགས་མཉམ་པ་ཉིད་ལ་སྟེ། སེམས་ནང་དང་ཕྱི་རོལ་དང་གཉིས་ཀའི་བར་ན་མི་དམིགས་པའི་རང་བཞིན་ཉིད་ལ་དམིགས་ནས་ཅང་མི་གསུང་བར་གྱུར་ཏོ། ། ་གཞན་ནི་གོ་སླའོ།། །།ལེའུ་བཅུ་བདུན་པའི་རྣམ་པར་བཤད་པའོ།། །། ་དཔལ་ལྡན་འདུས་པའི་རྒྱུད་ཀྱི་ནི། །བཤད་པ་དྲི་མེད་བྱས་པ་ལས། །བསོད་ནམས་བསགས་པ་གང་ཡིན་དེས། །འགྲོ་བ་རྡོ་རྗེ་འཛིན་གྱུར་ཅིག་།རྒྱུད་ཀྱི་རྒྱལ་པོ ་དཔལ་གསང་བ་འདུས་བའི་བཤད་པ། ཟླ་བའི་འོད་ཟེར་ཞེས་བྱ་བ། སློབ་དཔོན་རབ་ཏུ་དགའ་བའི་འབྱུང་གནས་གོ་ཆའི་ཞལ་སྔགས་ཀྱིས་མཛོད་པ་རྫོགས ་སོ།། །།སརྦ་མངྒཱ་ལཾ། ་