CLOSE WINDOW

N1503: dpal gsang ba 'dus pa'i rgyud kyi 'grel pa
Wyliee-texts based on the ACIP/ALL Input

ལ་གཤེགས། །བདག་གིས་འབད་རྩོལ་བསྐྱེད་པའི་ནུས་མཐུ་སེམས་ཅན་མ་ལུས་ཀུན། །སྐུ་དང་ཡེ་ཤེས་བདག་ཉིད་རྡོ་རྗེ་འཛིན་པ་འགྲུབ་པར་ཤོག། །། *།།དཔལ་གསང་བ་འདུས་པའི་རྒྱུད་འགྲེལ་བཞུགས ་རྒྱ་གར་སྐད་དུ། ཤྲཱི་གུ་ཧཡ་སྐ་མཱ་ཛ་ཏནྟཱ་བི་བ་རཱ་ཎཱཾ། བོད་སྐད་དུ། དཔལ་གསང་བ་འདུས་པའི་རྒྱུད་ཀྱི་འགྲེལ་པ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་འདི་སྐུ་དང་གསུང་དང་ཐུགས། ཤེས་རབ་ཐབས ་ཀྱི་བདག་ཉིད་བརྟན། །དེ་ཡི་བདག་གྱུར་དམིགས་མེད་པ། །འཇམ་དཔལ་དེ་ལ་ཕྱག་འཚལ་ལོ། །བླེ་དམན་གྱུར་ཀྱང་དད་ཙམ་གྱི། །ཡང་དག་བསྐུལ་ནས་འགྲོ་བ་རྣམས། །དམ་པའི་ལམ་ལ་འཇུག་གྱུར་པ། །བསྐལ་བཟང་འབྲས་བུ ་ལ་སྤྱོད་འགྱུར། །དེས་བདག་ཡེ་ཤེས་ཞལ་སྔ་ཡི། །མན་ངག་རང་ཉིད་ཀྱིས་དྲན་ཕྱིར། །བློ་གྲོས་བླུན་ཡང་འདུས་པའི་དོན། །འདིར་ནི་ཅི་ནུས་བྲི་བར་བྱ། །རྟོགས་དཀའ་བ་དང་དོན་ཆེ་བའི། །ཚིག་ཉུང་འགའ་ཙམ་ཅུང་ཟད་ཅིག་།རྣམ་པར་དབྱེ་བ ་དེ་ལས་ནི། །ལྷག་མ་གོ་སླ་རང་ཉིད་གོ་།གང་ཡང་ལྷག་དང་ཆད་པའམ། །ཉེས་སྨྲས་འདི་ནི་ཅི་སྣང་དེ། །བཤད་མཛད་གཞུང་ནི་མ་རྟོགས་པས། །བདག་བློ་ཉིད་ཀྱིས་ཉེས་པ་ཡིན། །དེས་ན་མཁས་པས་བླ་མ་ཡི། །སྐྱོན་ཡིན་པར་ནི་མི་བརྟཊ ་ཏེ། །སློབ་མའི་བློ་དམན་ཉེས་པ་ཡིས། །རྟོགས་པའི་བཤད་མཛད་སྨན་མི་བྱ། །འདི་སྐད་ཅེས་བྱ་བ་ནི་འོག་ནས་བཤད་པའི་རྒྱུད་ཀྱི་དོན་མ་ལུས་པ་བློ་ལ་རྣམ་པར་གནས་བཞིན་པ་བསྡུས་པ་ལ་ལྟོས་པ་ཡིན་ནོ། །བག་གིས་ཞེས་བྱ་བ་ནི ་སྡུད་པར་བྱེད་པ་བདག་ཉིད་འོད་དཔག་ཏུ་མེད་པ་མངོན་པར་རྫོགས་པ་སངས་རྒྱས་པ་ཉིད་ཀྱིས་གཅིག་ཏུ་རྒྱུད་དེ་ཐོས་པ་ལ་སྦྱོར་བ་མ་ཡིན་པ་དང། གཏམ་འདི་ནི་བདག་གིས་དངོས་སུ་ཐོས་པ་ཡིན་གྱི། བདག་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་ངེས་པར་བཟུང་བ ་སྟེ། བརྗོད་ཀྱིས་མི་ལང་བ་ཞེས་བྱ་བ་ལ་སོགས་པ་འོག་ནས་འབྱུང་བའི་ཚིག་དང་འགལ་བ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཐོས་པ་ཞེས་བྱ་བ་ནི་སྒྲ་སོ་སོར་སྣང་བའི་བདག་ཉིད་ཀྱི་རྒྱུད་རྟོགས་པའོ། །དྲིས་པ། མངོན་པར་རྫོགས་པར་སངས་རྒྱས་པ ་ཉིད་ཀྱིས་རྡོ་རྗེ་འཆང་བའི་ངོ་བོ་ཉིད་ཡིན་པས་ན་རྡོ་རྗེ་ཆོས་ཀྱི་མཉན་པ་ལ་སོགས་པ་འགལ་ལོ་ཞེ་ན། མ་ཡིན་ཏེ། བཅོམ་ལྡན་འདས་ནི་སེམས་ཅན་ཁམས་དང་བསམ་པ་སྣ་ཚོགས་པ་རྣམས་གདུལ་བའི་ཐབས་ཀྱི་དབང་གིས་གཅིག་བུ་ཉིད་ཀྱང ་དཔག་ཏུ་མེད་པའི་ཚུལ་གྱིས་འཇུག་པར་མཛད་དེ། བལྟམས་པ་དང་མངོན་པར་བྱུང་བ་དང། དཀའ་བ་སྤྱོད་པར་མཛད་པ་དང། མངོན་པར་བྱང་ཆུབ་པ་དང་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་ལྟ་བུའོ། །དེ་སྐད་དུ། མོས་པ་སྣ་ཚོགས་བསམ ་པ་ཐ་དང་པའི། །སེམས་ཅན་དབང་གིས་ཁྱད་པར་མང་པོ་འཁྲུངས། །གཅིག་པཱུང་ཆུ་ཡི་སྣོད་ནི་དུ་མ་རུ། །ཟླ་བའི་གཟུགས་བརྙན་འཆར་བ་དག་དང་མཚུངས་ཞེས་བཤད་པའོ། །དུས་གཅིག་ན་ཞེས་བྱ་བ་ནི་དུས་གཅིག་གི་ཆེ་ཁོ་ན་ཐོས་སོ་ཞེས་བྱ ་པའི་དོན་ཏེ། ཡང་མ་ཡིན་གྱི། འདི་ནི་དུས་གཅིག་ན་སྟེ། གཞན་དུ་ནི་གཞན་དག་པོ་ཞེས་མང་དུ་ཐོས་པ་ཉིད་དུ་སྟོན་པས་ཚིག་མཆོག་ཏུ་གཟུང་བར་བྱ་བ་ཉིད་ཡིན་ནོ་ཞེས་བཤད་པར་བྱའོ། །བྱང་ཆུབ་ལ་བརྟེན་པའི་རྡོ་རྗེ་ཆོས་ནི་འདས་པ་ལ་སོགས ་པར་ལྟར་གྱི་ངོ་བོར་དགོངས་ཤིང། ཐམས་ཅད་ལན་གཅིག་ཡང་དག་པར་རིག་པ་ཡིན་ཏེ། དེས་ན་ཐོས་པ་མང་བར་གྲུབ་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དྲུག་སྟེ། འདིར་ནི ་མེ་ལོང་ལྟ་བུ་དང། མཉམ་པ་ཉིད་ལ་སོགས་པའི་རང་བཞིན་ལ་སྐལ་པ་ཞེས་བཤད་དེ། དེ་གང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་བཅོམ་པས་ན་བཅོམ་ལྡན་འདས་ཞེས་བཤད་དེ། ཉོན་མོངས་པའི་བདུད་ལ་སོགས་པ་བཅོམ ་པའི་ཕྱིར་རོ། །དེ་ཡང། ཉོན་མོངས་པ་ཤེས་རབ་ལ་རག་ལས། དེ་བས་ཤེས་རབ་བཅོམ་པར་བཤད་ཅེས་གསུངས་པའི་ཕྱིར་ཕུང་པོ་དང་འཆི་བདག་དང། ལྷའི་བུ་དང། ཉོན་མོངས་པའི་བདུད་དེ། བཞི་པོ་འཇོམས་པའི་ཤེས་རབ་ཀྱི་ངོ་བོ ་ལ་བཅོམ་པ་ཞེས་བཤད་ལ། དེ་གང་ལ་མངའ་བ་དེ་ནི་བཅོམ་ལྡན་འདས་ཏེ། བྱང་ཆུབ་ཀྱི་སེམས་རྡོ་རྗེའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པས་ནི་བླ་ན་མེད་པའི་ཆོས་སྟོན་པ་དང་རྗེས་སུ་མཐུན་པའི་གནས་ཀྱི་ཁྱད་པཡ ་སྟོན་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྣམས་ནི་གཞན་དག་གི་སྤྱོད་ཡུལ་མ་ཡིན་པས་ན་གསང་བའོ། །དེ་ཉིད་ནི་རྡོ་རྗེ་སྟེ། མི་བྱེད་པ་དང་འཚེ་བ་མེད་པ་དང། ཡང་དག ་པའི་དོན་གྱི་ངོ་བོ་ཉིད་ཀྱི་ཚད་མའོ། །དེ་ཉིད་ནི་སྙིང་པོ་སྟེ། དེ་རྣམས་ཀྱི་ཐ་མི་དད་པའི་ངོ་བོ་ཉིད་དོ། །དེ་ལྟ་བུའི་ངོ་བོ་ཉིད་ཀྱི་བཙུན་མོའི་བྷ་ག་རྣམས་ལ་ཞེས་བྱ་བ་ནི་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་དུ་གཏོགས་པ་དཀྱིལ་འཁོར་གྱི་འཁོར་ལོ་རབ་ཏུ་སྣང ་ཞིང་འབྱུང་བར་ངེས་པར་འབྲེལ་པས་ན་གཅིག་པུ་ཉིད་ཡིན་ཡང་ཚིག་མང་པོར་བྱས་པ་ཡིན་ནོ། །བཞུགས་པ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་སྤྱོད་པ་ཐམས་ཅད། འདོད་ཆགས་ལ་སོགས་པ་མངོན་པར་བྱང་ཆུབ་པའི་ངོ་བོ་ཉིད་དུ་མཛད་པས ་ན། འདི་ཉིད་ནི་དེ་བཞིན་གཤེགས་པའི་མཛད་པ་ཡིན་གྱི། སྔོན་བྱུང་བ་གཙོ་བོར་མཛད་པ་ནི་མ་ཡིན། འདས་པ་ལ་སོགས་པ་རྣམས་ཀྱང་ད་ལྟར་བྱུང་བ་ཉིད་ཀྱིས་དེ་ཡང་དག་པར་རིག་པ་ཡིན་པའི་ཕྱིར། ཇི་སྐད་དུ། གཅིག་ནས་གཅིག་ཏུ་མངོན ་སུམ་དུ། །རྒྱུ་ནི་འབྲས་བུ་ཉིད་གྱུར་པའི། །ད་ལྟར་བྱུང་བའི་གཟུགས་གང་ཡིན། །དེ་ནི་རྣལ་འབྱོར་པ་ཡིན་ཤེས་ཞེས་བཤད་པའོ། །བརྗོད་ཀྱི་མི་ལང་བའི་ཞེས་བྱ་བ་ལ་སོགས་པས་ནི་འཁོར་བསྟན་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ལ་སོགས ་ཡང་བརྗོད་པར་ནུས་པ་མ་ཡིན་པས་ན་བརྗོད་ཀྱིས་མི་ལང་བ་སྟེ། དེ་ཉིད་ཀྱིས་ན་སངས་རྒྱས་ཀྱི་ཞིང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །བྱང་ཆུབ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་མངོན་པར་བྱང་ཆུབ་པ་སྟེ། དེར་དེ་ཉིད་ལ་སེམས་དཔའ་གང ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨོ། །སེམས་ཅན་གྱི་ཚོགས་ཆེན་པོའི་དོན་ལ་ཞུགས་པས་ན་སེམས་དཔའ་ཆེན་པོ་སྟེ། དེ་རྣམས་དང་ལྷན་ཅིག་བདག་གིས་ཐོས་སོ་ཞེས་བྱ་བའི་དོན་ཏོ། །འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་དེ་རྣམས་ཀྱི་ནང ་ནས། མངོན་པར་རྟོགས་པ་དང་རྗེས་སུ་མཐུན་པ་ཅུང་ཟད་ཅིག་སྟོན་ཏེ། དེ་ལས་ཀྱང་མི་གཡོ་བ་དང། རྡོ་རྗེ་དང། བྱམས་པ་ལ་སོགས་པ་ནི་དཀྱིལ་འཁོར་པ་ཉིད་དུ་བཀག་པ་ཡིན་ནོ། །དྲིས་པ་རྒྱུད་འདིར་སོ་སོར་ངེས་པ་ཉིད་དུ་བསྟན་ན། སེམས་དཔའ་དེ་རྣམས ་ཇི་ལྟར་ན་བརྗོད་ཀྱིས་མི་ལང་བ་ཡིན། དེ་ལྟ་མོད་ཀྱི། དེ་རྣམས་རེ་རེ་ཉིད་རང་རང་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་བདག་པོར་གྱུར་པས། གཙོ་བོ་ཉིད་ཡིན་པས་ན་གྲངས་ངེས་པ་ཉིད་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་བས་ན་དེ་དག་ལ་སོགས་པ་ཞེས་བྱ་བའི ་སྒྲས་སྨོས་པ་ཡིན་ནོ། །དེ་ལ་གཉིས་སུ་མེད་པའི་རྡོ་རྗེ་གང་གིས་གཟུགས་ལ་ཡང་དག་པར་བལྟ་ཞིང་སོ་སོར་ཤེས་པ་དེ་ནི་དམ་ཚིག་རྡོ་རྗེ་སྟེ། མིག་རྣམ་པར་དག་པའི་ངོ་བོ་ཉིད་སའི་སྙིང་པོའོ། །ཆོས་ཀྱི་བརྔའི་དབང་གིས་ན་དམ་ཚིག་སྟེ། རྡོ་རྗེའི་སྒྲས་ནི་སའི་སྙིང ་པོ་ལྟ་བུ་ཉིད་ཏིང་ངེ་འཛིན་འདིར་བཤད་པ་ཡིན་ནོ། །དེ་བཞིན་དུ་སྐུ་རྡོ་རྗེ་ལ་སོགས་པའི་སྒྲས་ཀྱང་ཉེ་བར་དགོད་པ་ལྔས་ཕྱག་ན་རྡོ་རྗེ་ལ་སོགས་པའི་དམ་ཚིག་གི་ཁྱད་པར་ཡིན་པ་འམ། སྒྲ་དེ་དག་བརྡར་བཏགས་པ་ཡིན་པའི་ཕྱིར་ཕྱག་ན་རྡོ་རྗེ་དང། ནམ་མཁའ་ཨི ་སྙིང་པོ་དང། འཇིག་རྟེན་དབང་ཕྱུག་དང། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང། ཀུན་ཏུ་བཟང་པོ་རིམ་པ་ཅི་ལྟ་བ་བཞིན་དུ་བཤད་པ་ཡིན་ནོ། །འདི་དག་གིས་ནི་སའི་སྙིང་པོ་ཕྱག་ན་རྡོ་རྗེ་དང་ཞེས་བྱ་བ་ལ་སོགས་པ་སངས་རྒྱས་ཡེ་ཤེས་ཀྱི་ཞལ་སྔ་ནས ་ཀྱིས་གསུངས་པའི་རིམ་པ་སྟོན་པར་གྱུར་པ་ཡིན་ནོ། །གང་ཡང་དམ་ཚིག་རྡོ་རྗེ་ལ་སོགས་པའི་སྒྲའི་ཚིག་གདོན་མི་ཟ་བར་གྲུབ་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་བྱང་ཆུབ་སེམས་དཔའ་ཨི་སྡེ་ཚོགས་སུ་ཚིག་གི་སྦྱོར་བས་དེའི་རིགས་ཀྱི་བདག་པོ་རྣམས ་ཀྱི་ཉེ་བར་གདགས་པར་སྒྲིབ་པ་རྣམ་པར་སེལ་བ་ལ་སོགས་པ་བསྟན་ཏོ། ཞེས་བཤད་མོད་ཀྱི་དེ་རྣམས་ཀྱི་དཀའ་བར་འབྱིན་པ་འདིས་ཀུན་ཏུ་བཟང་པོ་ལ་སོགས་པའི་རིམ་པ་ལས་རྒལ་བ་ལ་དགོས་པ་ཅི་ཞིག་ཡོད་ཅེས་བརྗོད་པར་བྱའོ། །ཡང་རིགས་དང་འབྲེལ ་བ་ཉིད་དུ་བསྟན་པ་དགོས་པ་མ་ཡིན་ནམ་ཞེས་ཟེར་ན་མ་ཡིན་ཏེ། འདི་ནི་འདིའི་རིགས་ལས་སྐྱེས་པ་ཡིན་ནོ་ཞེས་དེ་ལྟ་བུ་འདིར་དེས་པ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །མན་ངག་ལ་ངེས་པ་ཡོང་པར་རྟོགས་སོ་ཞེས་ཟེར་རྣམ་ཡིན་ཏེ། བརྟག་པ ་འདི་ནི་ཉོན་མོངས་པ་ཡིན་པའི་ཕྱིར་ཏེ། འདི་ནི་འོག་ནས་རིགས་ཀྱི་ངེས་པ་བསྟོན་བཞིན་པ་ཉིད་ཡིན་པའི་ཕྱིར་རོ། །ཞེས་བྱ་བར་དགོངས་སོ། །སའི་སྙིང་པོ་ལ་སོགས་པ་འདི་དག་ཀྱང་ནང་གི་སྐྱེ་མཆེད་རྣམ་པར་དག་པའི་ངོ་བོ་ཉིད་ཡིན་པས་ན། དེ་བྱིན་གྱིས་བརླབས ་པ་ཉིད་ཉེ་བར་སྒྲུབ་པ་ལ་དགོས་པ་ཡིན་གྱི། དཀྱིལ་འཁོར་བ་ཉིད་ཀྱིས་ནི་མ་ཡིན་ཏེ་རྒྱུད་ལས་རང་གི་མཚན་མ་དང། ཏིང་ངེ་འཛིན་གྱི་རང་གི་ངོ་བོ་གདོན་པ་བསྟན་པ་མེད་པའི་ཕྱིར་རོ། །ས?་རྡོ་རྗེ་དང་ཞེས་བྱ་བ་ལ་སོགས་པ་བཞིའི་སྒྲས་ནི་ས་དང། སྙིང་རྗེ་དས། ་ཐབས་ལ་སོགས་པ་རྣམ་པར་དག་པ་སྤྱན་དང། མཱ་མ་ཀཱི་དང། གོས་དཀར་མོ་དང། སྒྲོལ་མ་སྟེ། ལྷ་མོ་བཞི་རིམ་བཞིན་དུ་གསུངས་པ་ཡིན་ནོ། །ནམ་མཁའ་རྡོ་རྗེ་དང་ཞེས་བྱ་བ་ནི་ཆོས་འབྱུང་བར་ཐར?་པ་རྩེག་མ་ལ་སོགས་པ་རྟེན་དང་བརྟེན་པའི་གཟུགས ་ཅན་མཁའ་ཨི་རྣམ་པར་དག་པའི་དོན་བསྟན་པ་ཡིན་ནོ། །ནམ་མཁའ་ནི་རྡོ་རྗེ་སྟེ། དམིགས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱིས་རྣམ་པར་དག་པ་ཞེས་བྱ་བའི་དོན་ཏོ། །འདི་རྡོ་རྗེ་འཛིན་པའི་གན་པར་ནི་མི་འདོད་དེ། བཞུགས་ཞེས་བྱ་བ་རྡོ་རྗེ་སེམས་དཔའ་ཉིད ་ཡིན་པར་བཤད་པའི་ཕྱིར་རོ། །ཡང་ན་དེ་བདག་ཉིད་དང་ལྷན་ཅིག་བྱེད་པ་པོ་ཉིད་དུ་ལྡན་པ་མ་ཡིན་ཏེ། འདིར་བརྗེ་བ་མཛད་དུ་ཟིན་ཀྱང། ཐ་མི་དད་དེ། དཔེར་ན་མི་བསྐྱོད་པ་ལ་སོགས་པ་གང་ཡང། ནང་གི་ནི། ནམ་མཁའ་ཨི་རང་གི་ངོ་བོ་རྡོ་རྗེ་འཛིན ་ཞེས་ཆོས་འབྱུང་བའི་ཕྱག་རྒྱའི་ཁྱད་པར་བཤད་པ་དེར་ཡང་ནང་གི་ནམ་མཁའ་ཨི་ངོ་བོ་ཉིད་ཀྱི་རྡོ་རྗེ་འཛིན་པས་དེ་སྐད་བཤད་དོ་ཞེས་ཁོང་དུ་ཆུད་པར་བྱའོ། །ཡང་ན་ནང་གི་ནམ་མཁའ་ཨི་ངོ་བོ་ཡང་ཡིན་ལ་རྡོ་རྗེ་སྟེ། དེ་བཞིན་གཤེགས་པ་ལ་སོགས་པ་འཛིན ་པར་བྱེད་པས་ན་རྡོ་རྗེ་འཛིན་པའོ་ཞེས་བཤད་པར་བྱའོ། །གཟུགས་རྡོ་རྗེ་དང་ཞེས་བྱ་བ་ལ་སོགས་པ་དྲུག་གིས་ནི་སྦྱིན་པའི་རང་བཞིན་ལ་སོགས་པ་རྣམ་པར་དག་པའི་ངོ་བོ་ཉིད་གཟུགས་རྡོ་རྗེ་ལ་སོགས་པའི་ལྷ་མོ་དྲུག་པོ་ཉིད་རིམ་གྱིས་བཤད་པ ་ཡིན་ནོ། །ད་ནི་བཤད་ཟིན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱོགས་སུ་བསྡུས་པ་བཤད་པའི་ཕྱིར། དེ་དག་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོགས་པའི་སྒྲ་ནི་འདིར་གཙོ་བོའི་ཚིག་སྟེ། དེ་བས་ན་རང་རང་གི་དཀྱིལ་འཁོར་གྱི་བདག་པོར ་གྱུར་པའི་གཙོ་བོ་ཉིད་ཀྱིས་ན། ཐམས་ཅད་ལ་བརྗོད་ཀྱིས་མི་ལང་བ་ཉིད་དུ་བཤད་པ་ཡིན་ནོ། །ད་ནི་དེ་བཞིན་གཤེགས་པ་ནམ་མཁའ་ཨི་དབྱིངས་དང་ཞེས་བྱ་བ་ལ་སོགས་པས་རྫ་བཞིན་གཤེགས་པ་རྣམས་སྟོན་པ་ཡིན་ཏེ། འདི་ནི་མི་སྐྱོད་པ་ལ་སོགས ་པའི་སངས་རྒྱས་ལྔ་པོ་ཅི་རིགས་པར་སེམས་དང། ཞེ་སྡང་དང་ཆོས་ཀྱི་དབྱིངས་ལ་སོགས་པའི་ཡེ་ཤེས་རྣམ་པར་དག་པའི་ངོ་བོ་ཉིད་ཡིན་པར་ཤེས་པར་བྱའོ། །སོགས་པ་ཞེས་བྱ་བའི་སྒྲ་ནི་འདིར་སྔ་མ་བཞིན་སྤྱར་པར་བྱའོ། །དེ་ཉིད་ཀྱིས་ན ་ནམ་མཁའ་ཨི་དབྱིངས་ཐམས་ཅད་དང་མཉམ་པ་ཞེས་བྱ་བས་དེ་རྣམས་ཚད་མེད་པ་ཉིད་དུ་ཉེ་བར་མཚོན་པའི་དོན་བཤད་པ་ཡིན་ནོ། །དེ་ལྟར་ན་བཞིང་གྱུར་པ་ནམ་མཁའ་རྡོ་རྗེ་མ་གཏོགས་པ་ལྷ་ཉི་ཤུ་རྩ་གཅིག་དང། འབྱིན་པའི་སྔགས་ཀྱི་དབང་གིས་ཁྲོ་བོ་བཞིའི ་ལེའུ་ལས་བཤད་པ་དེ་ཉིད་དེ། ཉི་ཤུ་རྩ་ལྔ་མངོན་པར་རྟོགས་པ་ལ་ཉེ་བར་དགོས་པ་ཡིན་གྱི། འདོད་པའི་རྒྱལ་པོ་ལ་སོགས་པ་ནི་མ་ཡིན་ཏེ། དེ་རྣམས་གྱི་རྣམ་པར་དག་པ་དགོས་པ་མ་ཡིན་པའི་ཕྱིར་དང། ལུས་བསྐྱེད་པའི་ཚོགས་པའི ་སོ་སོར་ངེས་པ་ཡིན་པའི་ཕྱིར་རོ། །ད་ནི་རིམས་ཀྱིས་མངོན་པར་རྟོགས་པ་སྟོན་པར་མི་མཛད་པ་ནི་ཤེས་རབ་ཀྱིས་མངོན་པར་རློན་པ་རྣམས་ཀྱི་དྲེགས་པ་བསལ་བར་བྱ་བའི་ཕྱིར། དངོས་གྲུབ་ནི་སློབ་དཔོན་ལ་རག་ལས་པ་ཡིན་ནོ། ཞེས་བསྟན ་པར་བྱ་བའི་ཕྱིར་གོ་རིམ་འཆོལ་པས་མངོན་པར་སྟོན་པར་མཛད་པ་ཡིན་ཏེ། དེ་ནས་ཞེས་བྱ་བ་ལ་སོགས་པ་ནས་ཐུགས་ལ་བཞུགས་སོ་ཞེས་བྱ་བའི་མཐར་ཐུགས་པའི་ཚིག་བཞིས་གཉིས་པ་གསོལ་བའི་ཚིག་དང་མཐུན་པ་ཡིན་ཏེ། ་སེམས་ཅན་རྣམས་སྣོད་དུ་གྱུར་པ་ཉིད་དུ་བྱ་བའི་ཕྱིར་དབང་བསྐུར་བ་སྦྱིན་པའི་དོན་དུ། པདྨའི་ནང་དུ་དཀྱིལ་འཁོར་སྤྲུལ་པར་བྱ་བའི་ཕྱིར་ཤེས་རབ་དང་ཐབས་ཡང་དག་པར་མ་ཉེས་པ་བཤད་པ་ཡིན་ཏེ། རྣམ་པར་སྣང་བར་མཛད་པས་ན་རྣམ་པར་སྣང ་མཛད་དེ། བྱང་ཆུབ་ཀྱི་སེམས་རྡོ་རྗེའོ། །འདོད་ཆགས་ཆེན་པོ་ནི་རྒྱ་ཆེ་བའི་བདེ་བའོ། །དེའི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་གྱི་སེམས་སུ་གང་གིས་ཁྲིད་པའི་ཏིང་ངེ་འཛིན་དེ་ལ་རྡོ་རྗེ་འཆང་བ་ལྟ་བུར་སྙོམས་པར་ཞུགས་པའོ། །དེ་བཞིན་གཤེགས ་པའི་བཀོད་པ་དེ་དག་ཐམས་ཅད་ཉི་དཀྱི་སྐུ་ལ་ཞུགས་པར་མཛད་དོ་ཞེས་བྱ་བ་ནི་ཤེས་རབ་ཡང་དག་པར་མཉེས་པར་བྱ་བའི་ཕྱིར་ཏེ། འདོད་ཆགས་ཅན་ཕལ་ཆེར་ནི་དུང་མེད་ཀུན་དགའ་བ་ཉིད་དང་པོར་བྱེད་པ་ཡིན་ལ། བཅོམ་ལྡན་འདས་ཀྱང་འགྲོ་བ་འདུལ ་བའི་ཐབས་ཀྱི་ཆོ་ག་མཁྱེན་པ་ཉིད་ཀྱིས་ཤེས་རབ་ཡང་དག་པར་མཉེས་པར་མཛད་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །གཞན་དག་ནི་གཟུགས་ལ་སོགས་པ་བསྐྱེད་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པའི་བཀོད་པ་ཞུགས་པར་མཛད་པ་ཡིན་ནོ་ཞེས ་ཟེར་མོད་ཀྱི། དེ་ནི་མི་རིགས་ཏེ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་རྫོགས་ཤིང་ཕྱི་དང་ནང་གི་གཟུགས་ལ་སོགས་པ་ཐུགས་སུ་ཆུང་པ་ལ་ནི་གཟུགས་ལ་སོགས་པ་མ་བསྒྲུབས་པ་མེད་པའི་ཕྱིར་རོ། །བལ་ནི་སངས་རྒྱས་སྤྱན་ལྔས་ཞེས་པ་འདིར་སངས་རྒྱས་ཞེས་?་བུ་བ་མོ་རྣམ ་པར་སྣང་མཛད་ཡིན་པར་དོན་གྱིས་ཤེས་པར་བྱ་སྟེ། དེ་ཡང་ཉིད་ཀྱི་སྐུ་མདོག་དང་ལྡན་པའོ། །ལ་ལ་ནི་སྤྱན་ལྟ་བུའོ། །ལ་ལ་ནི་གཟུགས་རྡོ་རྗེ་ལྟ་བུས་མངོན་པར་བྱུང་ནས་རྒྱ་ཆེ་བའི་བདེ་བས་འཇུག་ཅིང། བསྒྲུབ་པར་བྱ་བའི་རང་གི་རིག་པར་ཞུགས་སོ་ཞེས ་ཤེས་པར་བྱའོ། །དེ་བཞིན་དུ་འདིའི་འོག་ནས་མི་བསྐྱོད་པ་ལ་སོགས་པ་ཡང་རང་རང་གི་རིགས་དང་རྗེས་སུ་མཐུན་པ་མཱ་མ་ཀཱི་ལ་སོགས་པ་ལྟ་བུར་ཅི་རིགས་པར་བྱུང་ནས་ཞུགས་སོ། །ཞེས་མཐུན་པར་ཤེས་པར་བྱའོ། །ཡང་གདོན་མི་ཟ་བར་གྲུབ་པ་ནི་ལ་ལ། སྒྲོལ་མ ་ལྟ་བུ་སྟེ་སྐུ་མདོག་སེར་པོ་དང་ལྡན་པ་དང་ལ་ལ་ནི་རེག་གི་ངོ་བོ་ལྟ་བུ་སྟེ། ཉིད་ཀྱི་སྐུ་མདོག་ལྗང་གུ་དང་ལྡན་པར་བྱུང་ནས་ཞུགས་སོ་ཞེས་བྱ་བ་ནི་ཁྱད་བར་རོ། །སྐུ་མདོག་གཉིས་ཀྱིས་བྱུང་བའི་དགོས་པ་ནི་བསམ་པ་སྣ་ཚོགས་པའི་སེམས་ཅན་བྱིས?་ཁམས་གདུལ་པའི་ཕྱིར ་ཡིན་ཏེ། ཇི་ལྟར་ཨིཎྜ་ནཱི་ལ་ལྟར་སྣང་བ་ནི་མི་བསྐྱོད་པའི་མངོན་པར་བྱང་ཆུབ་པའི་གནས་སྐབས་སོ། །རྒྱུད་གཞན་དག་ལས་ནི་ས་གནོན་གྱི་ཕྱག་རྒྱ་དང་ལྡན་པས་མདོག་སེར་རོ་ཞེས་བཤད་ལ། །འདིར་ཡང་རེག་བྱ་ལས་སྐྱེལ་བ་ཉིད་བདེ་བ་ཆེན་པོ་གཙོ་བོ་སྟེ། མངོན ་པར་བྱང་ཆུབ་པའི་རྒྱུད་ཡིན་ནོ་ཞེས་སྟོན་པའི་ཕྱིར་རེག་བྱ་ཡིན་ནོ། །ལྷ་མོ་དགུའི་མཐར་ཐུག་པར་བཤད་ཀྱི་ཆོས་ཀྱི་དབྱིངས་རྡོ་རྗེ་མ་གསུངས་པ་ནི་གཟུགས་ཀྱི་ཕུང་པོ་དང། མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་རྣམ་པར་དག་པ་རྣམ་པར་སྣང་མཛད་ལ་སོགས་པ ་དེ་དག་ཉིད་ཡིན་པ་འམ། སའི་ཁམས་ཀྱི་གཟུགས་ལ་སོགས་པ་རྣམ་པར་དག་པའི་སྤྱན་ནི་གཟུགས་རྡོ་རྗེ་ལ་སོགས་པའི་གཟུགས་ཀྱིས་འབྱིན་པ་དང། འཇུག་པ་དག་ལས་ཤེས་པར་བྱ་སྟེ། བཅོམ་ལྡན་འདས་ནི་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་གྱུར ་པ་ཡིན་པའི་ཕྱིར་རོ། །དཔེར་ན་རྩ་བའི་རྒྱུད་ནི་བཅོམ་ལྡན་འདས་མི་བསྐྱོད་པ་མེ་ལོང་ལྟ་བུའི་ཡེ་ཤེས་རྣམ་པར་དག་པ་ཡིན་ལ་འདིར་ནི་རྣམ་པར་ཤེས་པའི་དུར་པོ་རྣམ་པར་དག་པ་ལས་བྱུང་བ་ཡིན་ནོ་ཞེས་བྱ་བ་ཐམས་ཅད་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ། །ཇི ་ལྟར་ན་རྒྱལ་བ་རྣམས་ལྷ་མོའི་གཟུགས་འཛིན་པས་ཕྱུང་ངོ་ཞེས་བྱ་བ་བྱུང་བ་ཙམ་གསུངས་ན་དེ་རྣམས་ནི་རང་གི་རིག་པར་ཞུགས་པར་ཇི་ལྟར་གསུངས། དེ་ནི་བདེན་མོད་ཀྱི་འོན་ཀྱང་ཞུགས་པར་གྱུར་ཏོ་ཞེས་སྔར་གསུངས་པ་དེ་འདིར་ཡང་རྗེས་སུ་སྦྱར་བར་བྱ་སྟེ ་ཕྱི་རོལ་ལ་བྱ་བ་ཡིན་པས་ཉེས་པ་མེད་དོ། །ཕྱི་རོལ་ཏུ་གནས་པའི་བུད་མེད་ཀྱི་གཟུགས་ཀྱི་ཚོགས་མཆོག་ཏུ་བདེ་བའི་རྒྱུར་འགྱུར་བ་མ་ཡིན་ཏེ། ལྷ་མོའི་གཟུགས་རྣམས་འཁྱུད་བའི་རང་གི་རིག་པའི་ནང་དུ་ཞུགས ་པར་ཤུགས་ཀྱིས་ཤེས་པར་བྱའོ། །དེ་བས་ན་འདི་ཉིད་ལེའུ་བཅོ་བརྒྱད་པ་ལས་བཤད་དེ། འདོད་ཆགས་ཆེན་པོའི་ཚུལ་ཉིད་ཀྱིས། །ཡེ་ཤེས་འཁོར་ལོ་ཅན་རྣམས་བ་སྡུ། །ལྷ་མོ་དགུ་ནི་སྤྲོས་ནས་སུ། །བསྒྲུབ་པར་བྱ་བའི་ལུས་ལ ་དགོད་ཅེས་བྱ་བར་གནས་སོ། །སེམས་ཅན་རྣམས་གཞུག་པའི་ཕྱིར་གནས་རྣམ་པར་དག་པ་བསྟན་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་སྟོན་པ་ཡིན་ཏེ། བཙུན་མོའི་བྷ་ག་ལ་ཞེས་བྱ་བ་ནི་བཙུན་མོ་དང་ཡང་དག་པར་འདུས་པའི ་བྷ་ག་ལ་སྟེ། དབང་ཕྱུག་ལ་སོགས་པ་དང་ལྡན་པས་གཅིག་བུ་ཉིད་ཡིན་ཡང། མང་བ་པའི་ཚིག་ཏུ་གསུངས་པ་ཡིན་ནོ། །དམ་ཚིག་ཆེན་པོའི་དཀྱིལ་འཁོར་ཞེས་བྱ་བ་ནི་རང་གི་ཁར་གཅུག་པའི་བདེ་བར་གཤེགས་པ་མ ་ལུས་པ་ཞུགས་པ་མངོན་དུ་འགྲོ་བའི་ཟླ་བ་ཞུ་བའི་གཟུགས་རྡོ་རྗེའི་ལམ་ནས་བྱུང་བ་བྱང་ཆུབ་ཀྱི་སེམས་ནི་དམ་ཚིག་ཆེན་པོ་སྟེ། དེ་ཡོངས་སུ་གྱུར་པའི་དཀྱིལ་འཁོར་རོ། །འདོད་ཆགས་ལ་སོགས་པའི་ཉེས་པ་དང་བྲལ་བས་རྡུལ ་དང་བྲལ་བའོ། །སངས་རྒྱས་དང་སངས་རྒྱས་མ་ཡིན་པ་མཉམ་པ་ཉིད་ཀྱིས་ནི་གྲུ་བཞིའོ། །དངོས་པོ་ཐམས་ཅད་ཀྱི་གཟུགས་བརྙན་གྱི་བཞིར་གྱུར་པས་ན་བསལ་བའོ། །སྲབ་དང་བར་དུ་གཅོད་པའི་གནས་མེད་པས་དེའི་ངོ ་བོ་ཉིད་དོ། །སངས་རྒྱས་མཁྱེན་པའི་ཡེ་ཤེས་བརྙེས་པས་སྣ་ཚོགས་གཟུགས་སོ། །དེ་བཞིན་གཤེགས་པའི་གཟུགས་བརྙན་གྱིས་རྣམ་པར་སྤྲས་པས་ན་ཀུན་ཏུ་སངས་རྒྱས་ཀྱི་སྤྲིན་གྱིས་ཀུན་ཏུ་ཁྱབ་པའོ། །དེ་བཞིན་གཤེགས ་པ་རྣམས་ཀྱི་འོད་ཟེར་འཕྲོ་བ་དང་བསྡུ་བ་དང། གནས་པ་དང་བསྟན་པར་གྱུར་པས་ཀུན། ཏུ་རྩོལ་བས་ན་འོད་ཟེར་འཕྲོ་བ་མང་པོ་འཁྲུགས་ཅེས་བྱའོ། །ཟླ་བ་དང་ཉི་མ་ལ་སོགས་པའི་གདན་དང་ལྡན་པས་ན། གསལ་བ་ལ་སོགས་དཀྱིལ ་འཁོར་ལྡན་ཞེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་གི་ངོ་བོ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་འབྲེལ་བས་ན་དེ་བཞིན་གཤེགས་པ་ཀུན་གྱིའོ། །ཐར་པའི་གནས་སུ་གྱུར་པས་ན་གནས་ཏེ། ཆོས་འབྱུང་བའི་བཤད་པའོ། །དེ་ལྟར་ཕྱག ་རྒྱ་བཞི་དང་ལྡན་པར་བྱུང་བ་ལྟར་ངེས་པར་སྣང་བ་དང། དང་པོའི་རྡོ་རྗེ་འཆང་བ་གཉིས་ལྷག་པར་མོས་པའི་སྟོབས་ཀྱིས་མཚུངས་པར་བསམ་གཏན་ལས་བྱུང་བའི་དཀྱིལ་འཁོར་འདི་ཡིན་པར་བཤད་དོ། །དྲིས་པ། བསྐྱེད་པའི་རིམ་པ་ལས ་མྱུང་བའི་རྣལ་འབྱོར་པ་བཞི་ཅར་ལ་ཡང་རང་གི་ཉེ་བར་ལེན་པ་ཇི་ལྟ་བའི་རྒྱུར་གྱུར་པ་ལས་བྱུང་བར་བསྒོམས་པའི་དཀྱིལ་འཁོར་འདི་ཡིན་པ་དེ་བཞིན་དུ་ལས་དང་པོའི་རྣལ་འབྱོར་པ་རྣམས་ཀྱི་སངས་རྒྱས་ལ་མཆོད་པ་དམ་པ་ལ་སོགས་པ་ནས ་བརྩམས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་མཉེས་པར་བྱ་བའི་ངོ་བོའི་རྒྱུ་མཐུན་པ་ཆེན་པོ་ལ་སོགས་པ་རྣམ་པར་དག་པར་བྱ་བའི་ཕྱིར། །རང་གི་རིག་པའི་ཆོས་འབྱུང་བའི་ནང་ཆུང་པའི་ཁང་པ་བརྩེགས་མའི་དབུས་ན་གནས་པ ་སྟོང་པ་ཉིད་ཀྱི་བྱང་ཆུབ་ཀྱི་རབ་བཞིན་ཅན་གྱི་ས་བོན། ལྷའི་རང་གི་ངོ་བོ་ཙམ་དུ་ངེས་པར་སྣང་བ་བསམ་པར་བྱ་བའི་འཁོར་ལོའི་ཉེ་བར་ལེན་པ་ཡིན་ནོ། །ཡེ་ཤེས་ཅུང་ཟད་བབས་པས་ནི་ཆོས་ཀྱི་ངོ་བོ་ཉིད་དུ་གྱུར་པ་ཐུན་མཚམས་སུ་རང་གི་སྔགས་ཟློས ་པ་ནི་རང་གི་ལྷའི་ས་བོན་སྔར་བསྒོམས་པ་བརྟགས་པ་ཡིན་པའི་ཕྱིར་རོ། །ཡེ་ཤེས་ལ་དབང་ཐོབ་པ་དག་ཀྱང་ཉེ་བར་ལེན་པའི་རྒྱུ་དེའི་སྟོབས་ཀྱིས་རྟེན་དང་བརྟེན་པར་ངེས་པར་སྣང་བ་ལ་ཤིན་ཏུ་གོམས་པར་བསླབས་པའི་དབང་ལས་བྱུང་བའི་ཉེ་བར ་ལེན་པའི་རྒྱུས་ཨོཾ་ལ་སོགས་པའི་ཡི་གེ་གསུམ་གྱི་ཆའི་ལྷན་ཅིག་བྱེད་པའི་རང་གི་སེམས་ལས་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་རྣམས་ལ་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པས་སྤྲོ་བ་དང་བསྡུ ་པའི་རྒྱུར་གྱུར་པ་འཁོར་ལོ་བཞག་ལ། ཅུང་ཟད་རྒྱུན་གྱི་རྣལ་འབྱོར་ལ་གནས་པ་ཡིན་ཏེ། ཐུན་མཚམས་ཀྱི་ངེས་པ་དེ་ལ་རྟག་པ་ཡིན་པའི་ཕྱིར་རོ། །ཡང་དག་པའི་ཡེ་ཤེས་ལ་དབང་དུ་གྱུར་པ་ཡང་ཤིན་ཏུ་གོམས་པར་བསླབས་པས་ལྷུན ་གྱིས་གྲུབ་པར་འཇུག་པས། རྡུལ་ཕྲ་རབ་རེ་རེ་ཞིང་ཡང་འཁོར་ལོ་དམ་པ་གསུམ་ཆུད་ཅིང། ཕན་ཚུན་དུ་གཟུགས་བརྙན་དུ་གྱུར་པའི་བདག་ཉིད་ཀྱི་གཟུགས་ཅན་བདག་ཉིད་ཐམས་ཅད་དུ་གཏོགས་པ། སྐད་ཅིག་མའི་རྐྱེན་དང་བྲལ་བ། དྲི་མ ་མེད་པའི་ཏིང་ངེ་འཛིན་ལས་ཡང་དག་པར་བྱུང་བ། བདེ་བའི་ང་རྒྱལ་གྱིས་རྒྱས་པར་བསྒོམ་པར་བྱ་ཞིང་འགྲོ་བའི་དོན་བྱའོ། །ལྷུན་གྱིས་གྲུབ་པར་ཐོབ་ཅིང། སྐད་ཅིག་མ་རེ་རེའི་སྦྱོར་བ་ལ་གནས་པའི་རྟག་པར་གྱུར་པ་ཡིན་ཏེ། ཞར་ལ་འོངས ་པར་ཆོག་གོ་།སེམས་ཅན་རྣམས་གསང་བའི་དཀྱིལ་འཁོར་དུ་གཞུག་པ་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཞག་པར་གྱུར་ཏོ་ཞེས་བྱ་བ་ནི་སེམས་ཅན་རྣམས་ཞེས་བྱ་བར་ལས་ཀྱི་ཚིག་ཏུ་བལྟ་བར་བྱ་སྟེ། གསོལ ་པ་གདབ་པ་གཉིས་པའི་ཚིག་གི་དོན་ནི་དེ་ཡིན་པའི་ཕྱིར་རོ། །ད་ནི་སེམས་ཅན་རྣམས་ལ་གཞུག་པ་ཙམ་གྱིས་དེ་ཁོ་ན་ཉིད་སྔགས་ཀྱི་སྦྱོར་བ་དང་བཅས་པ་དང། གསང་བ་དང་བཅས་པ་ཡི་གེའི་ཕྱག་རྒྱ་རྣམས་ཀྱིས་རབ་ཏུ་སྦས་པ་ཡང ་སྨྲ་བར་རིགས་པ་མ་ཡིན་པས་དབང་བསྐུར་བར་བྱ་བའི་ཕྱིར། དེ་ན་ས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐུགས་ལ་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་ལ་སོགས་པ་ལས་བྱུང་བ་དང། སྒྲུབ་པ་སྟེ། གཉི་ག་ཡང་མཆོག་ཏུ་བདེ་བ་བསྐྱེད་པའི་རྒྱུར ་གྱུར་པ་ལ་རྒྱལ་བ་ལྔ་པོ་བཞུགས་པའོ། །དེ་ལྟར་ན་འདི་ཐམས་ཅད་ཐོབ་པ་དེ་ནི་རིགས་པ་མ་ཡིན་ཏེ། སྔར་གྱི་འདོད་ཆགས་ཆེན་པོའི་ཚུལ་ཞེས་བྱ་བའི་ཏིང་ངེ་འཛིན་གཅིག་པུ་ཉིད་ལས་གཞན་དག་ནི་མཐོས་པ་ཡིན་པའི་ཕྱིར་དབང་བསྐུར་བ་རྩོམས ་པ་ལ་ཏིང་ངེ་འཛིན་གང་སེམས་ཅན་རྣམ་པར་དག་པའི་རྒྱུ་དང། དབང་བསྐུར་བ་དག་ནི་བཅུ་བདུན་པ་ལས། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཕྱག་ན་རྡོ་རྗེ་འདོད་པའི་ལོངས་སྤྱོད་ཐམས་ཅད་ཀྱི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་ཏེ། ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་ཡིན་ནོ། །དེ་དང་ལྷན་ཅིག་པ་ཉིད་དུ་ཚིག་བཞི་པ་འདིའི་དོན། མཆོག་ཏུ་རྗེས་ཆགས་ཕུན་ཚོགས་དཔག་མེད་ཀྱིས་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་བཞིས་ཀུན་ཏུ ་བཟང་པོའི་སྒྲུབ་བའི་ཐབས་ལས་བཤད་པ་ཡིན་ནོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་ནས་གནས་པར་གྱུར་ཏོ་ཞེས་བྱ་བའི་བར་གྱི་ཚིག་གཉིས་པས་གསོལ་བ་གདབ་པ་གཉིས་པ་དང། ཡང་དག་པར་སྦྱར་བ་ཡིན་ནོ། །མངོན་པར་བྱང་ཆུབ་པ ་རྣམ་པ་ལྔ་དང་འབྲེལ་པ་སྐུ་བསྟན་པས་སྟོན་པའི་རྣམ་པ་གཉིས་བཤད་པ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནི་སྟོང་པ་ཉིད་དང་ཐུགས་རྗེ་དབྱེར་མི་ཕྱེད་པ་ནི་བཅོམ་ལྡན་འདས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་བྲིལ་གྱིས་གནོན་པ་ནི་སྟོང་པ ་ཉིད་ཀྱི་རང་བཞིན་དབྱངས་ལ་སོགས་པར་སྣང་བ་ཡང་དག་པར་རིག་པ་མཐར་ཐུག་པས་འབྲས་བུའི་ཚུལ་རྡོ་རྗེ་འཆང་བའི་ཡུལ་སོ་སོར་སྣང་བ་དང་བྲལ་བས་གང་གིས་བྱེད་པའི་ཏིང་ངེ་འཛིན་དེ་ནི་མི་ཕྱེད་པས་ན་རྡོ་རྗེ་སྟེ། དེ་ལ་སྙོམས་པར་ཞུགས ་པའོ། བྱེད་པའི་ཚིག་གི་དོན་ནི་དེས་པ་མེད་པ་ཡིན་པས་ན། དང་པོའི་དོན་དྲུག་པར་བྱས་པ་ཡིན་ནོ། །ཞུགས་མ་ཐག་ཏུ་ཞེས་བྱ་བ་ནི་བཅོམ་ལྡན་འདས་སྙོམས་པར་ཞུགས་པའི་རྗེ་ཐོགས་པ་ཉིད་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག ་པོ་འདི་ནི་ནམ་མཁའ་ཨི་ཁམས་དང་མཉམ་པ་ཉིད་ཡིན་པས་ནམ་མཁའ་ཨི་དབྱིངས་སོ། །དེ་ནས་ཞེས་བྱ་བ་ནི་ཟིལ་གྱིས་གནོན་པའི་ཏིང་ངེ་འཛིན་ལས་བཞེངས་ནས་དེ་བཞིན་གཤེགས་པ་ཐམས་ཅད་སྐུ་དང་དབྱངས་དང། མཚན ་ཡོངས་སུ་གྱུར་ནས་ཟླ་བ་གཉིས་ཀྱི་རྣམ་པར་ཞུ་བར་གྱུར་པ་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྒྲར་གསུངས། །དེའི་ངོ་བོ་ནི་འདིའི་རང་བཞིན་དུ་གནས་པར་གྱུར་ཏོ། །འདི་དག་གིས་བཅུ་དྲུག་ཆ་དང་ཚོགས་ལས་བྱུང་བའི་ཞེས ་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་བཤད་པ་ཡིན་ནོ། །རྒྱུད་འདིར་དབྱངས་དང་གསལ་བྱེད་ཡོངས་སུ་གྱུར་པའི་ཟླ་བ་གཉིས་སོ། ཞེས་བྱ་བ་ལ་ཉེས་པ་མེད་དུ་ཟིན་ཀྱང་སྟོང་པ་ཉིད་དང་ཐུགས་རྗེ་ཆེན་པོ་དབྱེར་མི་ཕྱེད་པའི་བྱང་ཆུབ་ཀྱི་སེམས ་ཀྱི་བདག་ཉིད་ཅན་དུ་གྱུར་པར་བཅོམ་ལྡན་འདས་ཉེ་བར་དམིགས་ཏེ། དེ་ཡང་གདོད་མ་ནས་མ་སྐྱེས་པའི་ཕྱིར་ཨ་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ལ་སོགས་པ་གསུངས་པས་ན། ཨ་ལ་སོགས་པའི་ཡི་གེ་ནི་དངོས་པོ་མ་ལུས ་པར་རབ་ཏུ་འགོག་པའི་ངོ་བོ་ཉིད་ང་རྒྱལ་སྟོན་པ་ཉིད་ཀྱིས་སྟོན་ཏེ། དེ་བས་ན་འདི་ལྟར་བསྐྱེད་པའི་རིམ་པས་རྒྱུར་གྱུར་པ་ཡིན་པར་བཅོམ་ལྡན་འདས་སྟོན་པར་མཛད་པ་ཡིན་ནོ། །ངོ་བོ་ཉིད་ཀྱིས་སྟོང་པར་གྱུར་པ་ལ་ལར་རྣམ་པ་ལ་སོགས ་པར་ངེས་པར་སྣང་བའི་ཚུལ་རང་གི་སེམས་སོ་སོར་རྟོགས་པ་ཡི་གེ་ཨ་ནི་ཟླ་བའི་དཀྱིལ་འཁོར་གྱི་རྒྱུ་སྟེ། དེ་ཉིད་ནི་ལ་ལར་བསྡུ་བར་བྱས་ཏེ། ཤེས་རབ་དམ་པར་དེས་པར་སྣང་ཞིང་མཆོག་ཏུ་བདེ་བ་བསྐྱེད་པའི་རྒྱུར་གྱུར་པའོ། །སྟོང་པ་ཉིད ་ཀྱི་རྒྱུར་གྱུར་པ་ཉིད་ཀྱིས་རང་གི་ངོ་བོ་བསྟན་པར་མི་ནུས་པའི་ཕྱིར། བྱང་ཆུབ་ཀྱི་སེམས་ཀྱང་ངོ་བོ་ཉིད་དུ་གྱུར་བའི་ཐུགས་རྗེའི་བདག་ཉིད་ཅན་གྱི་བཀའ་ལ་སོགས་པར་ངེས་པར་སྣང་བ་ནི་ཟླ་བའི་དཀྱིལ་འཁོར་གཉིས་པའི་རྒྱུའོ། །དེ་ཉིད་ཐབས་སུ ་སྣང་བའི་བདག་ཉིད་ཅན་འགྲོ་བའི་དོན་གྱི་བྱ་བའི་སྟོབས་ཀྱིས་ཡོངས་གྱུར་པ་ཡིན་ནོ། །དེ་བས་ན་རྒྱུད་གཞན་ལས་བཤད་བའི་དོན་གྱི་རྗེས་སུ་མཐུན་པ་མེད་པས་འདུས་པ་དང་རྗེས་སུ་མཐུན་པའི་ཡི་གེ་ཉིད་ཀྱིས་ཀྱང་གྱུར་པ་ཉིད་དོ། །བཅུ་དྲུག་ཆ་དང་ཚོགས ་ལས་བྱུང་བའི་ཞེས་བྱ་བ་ལ་སོགས་པ་སངས་རྒྱས་ཡེ་ཤེས་ཀྱི་ཞལ་སྔ་ནས་ཀྱིས་བཤད་པ་ཡིན་ནོ། །ཚིག་བཞི་པ་དང་འབྲེལ་པའི་ལྔ་པ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་དབང་བསྐུར་བའི ་རྗེས་ཐོགས་ཉིད་ལའོ། །ནམ་མཁའ་ཨི་དབྱིངས་ཐམས་ཅད་ན་གནས་པའི་ཞེས་བྱ་བ་ནི་རང་གི་རིག་པའི་ཆོས་འབྱུང་བའི་ནང་དུ་ཆུད་པའི་ཁང་པ་གརྩེག་མའི་དབུས་ན་གནས་པའོ། །རྡོ་རྗེ་སེམས་དཔའ་བྱིན་གྱིས་བརླབས་ཀྱིས་ཞེས་བྱ་བ་ནི་དེ ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཞུགས་པ་སྔོན་དུ་འགྲོ་བའི་དབང་བསྐུར་བཐོབ་པས་ཡིན་གྱི། བཤད་མ་ཐག་པའི་རྐྱེན་གྱི་སྟོབས་ཀྱི་ནི་མ་ཡིན་ཏེ། གྲོལ་བ་ཉིད་དུ་ཐལ་བར་གྱུར་པའི་ཕྱིར་རོ། །དབྱངས་ལ་སོགས་པར་ངེས་པར་སྣང་བ ་ཡོངས་སུ་གྱུར་པའི་ཟླ་བ་གཉིས་ཡོངས་སུ་གྱུར་པའི་གཟུགས་ཅན་གྱི་རྣམ་པ་གཞན་དུ་གྱུར་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་ཚིག་གསུམ་གསུངས་པ་ཡིན་ཏེ། དེ་ནས་ཞེས་བྱ་བ་ནི་ཟླ་བ་གཉིས་ཀྱི་རྗེས་ཐོགས་ཉིད་ལའོ། །དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་རེ་རེ་ཞིང་ཡེ་ཤེས་ལྔའི་བདག་ཉིད་ཅན་ཡིན་པའི་ཕྱིར་རྡོ་རྗེའོ། །དེ་རྣམས་ཀྱིས་དམ་ཚིག་ནི་རྒྱལ་བ་ཐམས་ཅད་ཀྱིས་འདའ་བར་བྱ་བ་མ་ཡིན་པ་དེ་ཉིད་དེ། དེ་ཉིད་རྡོ་རྗེ་འཆང་བའོ་།དེ་འབྱུང་བ་ནི ་བསྐྱེད་པ་སྟེ། ཏིང་ངེ་འཛིན་གང་ལས་ཟླ་བ་གཉིས་ཡང་དག་པར་རིག་པ་རྩེ་གཅིག་པའི་མཚན་ཉིད་ཅན་དབྱེར་མི་ཕྱེད་པར་གྱུར་པ་དེ་ལ་སྙོམས་པར་ཞུགས་པ་ནི་ཐུགས་རྩེ་གཅིག་ཏུ་མཛད་པའོ། །རིག་པ་དང་ཡང་དག་པར་འདུས་པའི་སྐྱེས ་བུའི་གཟུགས་ཀྱང་ཡིན་ལ། ཆེན་པོ་ཡང་ཡིན་པས་ན། རིག་པའི་སྐྱེས་བུ་ཆེན་པོའི་གཟུགས་ཏེ། དེ་ཉིད་ཀྱིས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱིས་བྱིན་གྱིས་བརླབས་ཏེ། དེ་བཞིན་གཤེགས་པ ་ཐམས་ཅད་ཀྱང་ཡིན་ལ། སྔགས་ཀྱང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཏེ། དེ་རྣམས་ཀྱི་བྱིན་གྱིས་བརླབས་ནི་རྒྱུད་དེ་བྱིན་གྱིས་བརླབས་པར་གྱུར་པའོ། །བཅོམ་ལྡན་འདས་དེ་ཉིད་ཅེས་བྱ་བ་ནི་གང་འདི་ཟིལ ་གྱིས་གནོན་པའི་ཏིང་ངེ་འཛིན་ལ་སྔར་བཞུགས་སོ། །ཞལ་གསུམ་པ་ལྟ་བུར་ཞེས་བྱ་བ་ནི་དཀར་པོ་དང་ནག་པོ་དང་དམར་པོ་ལྟ་བུའོ། །འདི་དག་ཀྱང་ང་རྒྱལ་དེ་ལྡན་ཞེས་བྱ་བ་ནས་བརྩམས་ཏེ། རྒྱལ་བ་སྐྱེད་བྱེད་ཉིད་ཀྱི་སྐུ་རུ་བསམ་ཞེས་བྱ ་བའི་བར་གྱི་གཞུང་དང་སྦྱོར་རོ། །ལྔ་པའི་རྗེས་ཐོགས་ཀྱི་ཚིག་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་བདེ་བ་དང་ཡིད་བདེ་བ་ཐོབ་པའི་རྗེས་ཐོགས་ཉིད་ལའོ། །མི་བསྐྱོད་པ་ལ་སོགས་པ ་ཞེས་བྱ་བ་ནི་མི་བསྐྱོད་པའི་རིགས་སུ་གཏོགས་ཤིང། དེ་ས་བོན་ལས་སྐྱེས་པའི་སེམས་ཅན་ལ་འདིར་མི་བསྐྱོད་པའི་སྒྲར་གཟུང་གི་བསྒོམ་པའི་སྟོབས་ཀྱིས་བྱུང་བ་ནི་མ་ཡིན་ཏེ། དེ་ནི་རྫོགས་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་གཞན ་དག་ལ་ཡང་ཤེས་པར་བྱ་སྟེ། དེ་ཐོག་མ་བྱས་པ་ལ་སོགས་ཏེ། ཆོས་ཀྱི་དབྱིངས་རྡོ་རྗེའི་མཐར་ཐུག་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དོན་ནི་འདི་ཡིན་ཏེ། སེམས་ཅན་རིགས་དེ་དང་དེ་ཟླ་བ་ཞུ་བར་གྱུར་བའི་དེ་ཁོ་ན ་ཉིད་ཀྱིས་དབང་བསྐུར་ཞིང་ས་བོན་དེ་ཡོངས་སུ་གྱུར་པའི་མཚན་མའི་རིམ་གྱིས་དེ་དང་དེ་བཞིན་གཤེགས་པར་གྱུར་ནས་ཐུགས་ཀ་ནས་ཞེས་བྱ་བའི་རིག་པའི་ཆོས་འབྱུང་བ་ནས་སོ། །ཆེ་དཀར་བརྗོད་པས་ན་ཆེད་དུ་བརྗོད་པའོ། །ེ?་མའོ?་ཞེས ་བྱ་བ་ནི་ངོ་མཚར་དུ་གྱུར་པ་སྟེ། གདུལ་བྱའི་དབང་གི་སྣ་ཚོགས་པའི་གཟུགས་ཅན་ཉིད་ཀྱིས་བྱང་ཆུབ་ཀྱི་སེམས་ཉིད་ཟླ་བ་ཞུ་བ་ཞེས་བྱ་བ་རབ་ཏུ་འབྱུང་བའོ། །འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡིན་པས་ན་དེ་བཞིན་གཤེགས་པ ་ཀུན་གྱིའོ། །གཞན་གྱི་སྤྱོད་ཡུལ་མ་ཡིན་པས་ན་གསང་བའོ། །རྟག་པའི་དོན་གྱིས་མ་རིག་པའི་ཚུལ་ཅན་དང་གིས་འབྱུང་བའི་ཆོས་ཀྱིས་སྤངས་པ་ཡིན་པས་ན་རབ་ཏུ་མི་རྟོག་ཅེས་བྱའོ། །དེ་ཉིད་ཀྱིས་ན་དྲི་མ་མེད་པས་ན། རྙོག་པ་མེད་པ་ཞེས ་བྱའོ། །འདིས་ནི་སའི་སྙིང་པོ་ཕྱག་ན་རྡོ་རྗེ་དང་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ལྔས་བཤད་པའི་གདོན་པ་བཤད་པ་ཡིན་ནོ། །ད་ནི་བཅོམ་ལྡན་འདས་ཕལ་ཆེར་གསོལ་བ་འདེབས་པ་སྔོན་དུ་འགྲོ་བས་ཆོས་སྟོན་པར་མཛད་པ་ཡིན་ནོ ་ཞེས་བསྟན་པར་བྱ་བའི་ཕྱིར་ཏེ། ཚིག་དང་པོ་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་ནི་གཟུགས་རྡོ་རྗེ་ལ་སོགས་པའོ། །དེས་སངས་རྒྱས་པ་ནི་ནམ་མཁའ་ཨི་དབྱིངས་ཁྱ་བ་པའོ། །དེ་ཉིད་ནི་དེ་ཁོ་ན་ཉིད་ཀྱི་དམ་ཚིག་སྟེ། ་རྡོ་རྗེ་འཆད་པའོ། །དེ་ཉིད་ནི་རིན་ཐང་མེད་པས་ན་རིན་པོ་ཆེའོ། །དེའི་སྤྲིན་གྱིས་ཞེས་བྱ་བར་སྦྱར་རོ། །འདུས་པ་ནི་འདུ་བར་མཛད་པ་སྟེ། བཤད་མ་ཐག་པའི་གསང་བ་ལས་བྱུང་བ་ནི་རྒྱུ་སྟེ། འདི་ནི་བསྐྱེད་པའི་རིམ་པའི་གསོལ་བའོ། །རྡོ་རྗེ་ནི་དེ ་བཞིན་གཤེགས་པ་རྣམས་ཏེ། དེ་རྣམས་ཀྱི་སྙིང་པོ་གང་དུ་བཏུས་པ་དེ་ནི་འབྱིན་པའི་སྔགས་ཀྱི་ཚོགས་སམ། དེའི་དོན་ཡིན་པས་ན་དེ་སྐད་ཅེས་བྱའོ། །དེ་ཉིད་ནི་དེ་བཞིན་གཤེགས་པ་ཀུན་གྱི་གསང་བ་ཞེས་བྱ་སྟེ། ཉན་ཐོས་ལ ་སོགས་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །དེ་ཉིད་ཅེས་བྱ་བ་ནི་འབྲས་བུ་ཡོངས་སུ་རྫོགས་པའི་ཚུལ་ཏེ། ཉི་ཤུ་རྩ་ལྔ་པའི་བདག་ཉིད་ཅན་ནོ། །འདི་ནི་འབྲས་བུ་ཡོངས་སུ་རྫོགས་པའི་གསོལ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང ་ཐེ་ཚོམ་སྐྱེད་པར་བྱེད་པ་ཡིན་ཞེས་བྱ་བ་ནི་རྒྱུད་གཞན་དག་ཏུ་མངོན་པར་སངས་རྒྱས་པའི་ས་འོག་མ་པ་རྣམས་འཁོར་བར་བྱེད་པ་སྟེ། དེ་རྣམས་ནི་དེ་ཁོ་ན་ཉིད་མ་རྟོགས་པ་ཡིན་པའི་ཕྱིར་རོ། །དེ་ཡང། གོང་མ་གོང་མའི ་ཁྱད་པར་གྱིས། །རྣལ་འབྱོར་པ་ཡང་སུན་འབྱིན་ཏོ་ཞེས་བྱ་བའི་ཚུལ་གྱིས་སོ། །བྱང་ཆུབ་སེམས་དཔའ་གཞན་ལྟ་ཅི་སྨོས་ཞེས་བྱ་བ་ནི་བྱམས་པ་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་གཞན་དག་ལྟ་ཤིན་ཏུ་སྨོས་ཀྱང་ཅི ་དགོས་ཏེ། ཆོས་འདི་ནི་ཐེ་ཚོམ་གྱི་རྒྱུར་གྱུར་བ་ཡིན་ནོ་ཞེས་པའོ། ཡང་ན་དངོས་སུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཐེ་ཚོམ་གྱི་རྒྱུར་གྱུར་པ་མ་ཡིན་ཏེ། འོན་ཀྱང་ཆོས་ཉིད་ཀྱིས་ཤིན་ཏུ་ཟབ་པར་བསྟན་པའི་མཆོག་གི་ཚིག་འདི་ཡིན་ནོ། །སྤྱི་ཙམ་གྱིས ་དམ་པ་ནི་ངོ་མཚར་དུ་གྱུར་པའོ། །མི་སྲིད་པར་ཤེས་པ་ནི་རྨད་དུ་གྱུར་པའོ། །ཡང་ན་ངོ་མཚར་དུ་གྱུར་པ་ནི་རྒྱུའོ། །རྨད་དུ་གྱུར་པ་ནི་འབྲས་བུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པ་ནི་དེ་ཁོ་ན་ཉིད་མཉམ་པའི་སྣོད་དུ་དུང ་བར་མཛད་པའོ། །གང་གིས་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་རྡོ་རྗེ་སྟེ། རྡོ་རྗེ་གང་ཡིན་པ་ལས་བྱུང་བའི་དམ་ཚིག་ནི་ཡོངས་སུ་དག་པའི་ཟླ་བ་དང་ཉི་མ་དང་ཆུ་དང་སྨན་ལ་སོགས་པའོ། །དེ་ལས་བྱུང་བ་གང་ཡིན་པ་སྟེ། གང་གི་ཚ ་མིག་གི་དབང་བསྐུར་བ་ལ་སོགས་པ་ལ་དེས་རིགས་པའི་པདྨའི་ཁོངས་ན་གནས་པའི་འཁོར་ལོ་ལ་དབང་བསྐུར་བ་ལ་སོགས་པས་སློབ་མ་རྣམ་པར་སྦྱངས་ཏེ། སྣོད་དུ་རུང་བར་བྱས་ནས་ཡང་དག་པར་བསྟན་པར་བྱའོ། ཞེས་པའི་དོན་ཏོ། །འདི་ནི ་དབང་པོའི་རྣལ་འབྱོར་བསྟན་པའི་གཞུང་ཡིན་ནོ། །ད་ནི་དཀྱིལ་འཁོར་གྱི་མཆོག་སྟོན་པར་བྱེད་པ་དཀྱིལ་འཁོར་འབྱིན་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་ཚིག་བདུན་པས་སྟོན་ཏེ། ཡེ་ཤེས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་ཉིད་ནི་འོད་གསལ་བ ་ཡིན་པས་ན་སྒྲོལ་མའོ། །དེ་ཉིད་ནི་མི་ཕྱེད་པས་རྡོ་རྗེར་གྱུར་པའི་ཏིང་ངེ་འཛིན་རྡོ་རྗེ་འཆང་བལྟ་བུའི་ཏིང་ངེ་འཛིན་དེ་ཉིད་ལ་སྙོམས་པར་ཞུགས་པའོ། །ཞེ་སྡང་ནི་དགྲ་བོའི་རྒྱུད་དང་དེ་ལས་ཡང་དག་པར་བྱུང་རལ་གྲི་ལ་སོགས་པ་འཛིན་པའི་མཚན་ཉིད་ལ་ཁྲོ་བོ ་ཞེས་བྱ་བའི་ཞེ་སྡང་བ་ཉིད་ནི་ཁྲོ་བོ་མ་ཡིན་ཏེ། ཁྲོ་བར་མ་གྱུར་ཀྱང་དགྲ་བོའི་རྒྱུ་སྲིད་པའི་ཕྱིར་རོ། །དེ་ཉིད་ནི་རིགས་ཀྱང་ཡིན་ཞིང་བརྟན་པའི་བདག་ཉིད་ཅན་གྱི་མགོན་པོ་སྟེ། དེའི་བདག་ཉིད་ཅན་གྱི་སྔགས་སོ། །དེ་ཉིད་ནི་གྲངས་མེད་པའི་རིགས་ཀྱི་བདག ་ཉིད་ཅན་ཡིན་པས་ན་མཆོག་གོ་།མི་གཡོ་བས་ན་སྙིང་པོའོ། །འདོད་པའི་འབྲས་བུ་རབ་ཏུ་སྩོལ་བ་ཉིད་ཀྱིས་ན་སྙིང་པོའོ། །འདི་ཞེས་བྱ་བ་ནི་འོག་ནས་བཤད་པའོ། །ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཞེས་བྱ་བ་ནི་ཁྱད་པར་མེད་ཀྱང་ཡོངས་སུ་གྱུར ་པའི་བྱེ་བྲག་གིས་བསྟན་པའོ། །དེ་ཉིད་ཀྱི་ཕྱིར་དེ་ཉིད་ཅེས་བྱ་བ་ལ་སོགས་གསུངས་པ་ཡིན་ནོ། །མི་བསྐྱོད་པ་ཉིད་ཕྱག་རྒྱ་ཆེན་པོས་རང་སྣང་བའི་རིག་པ་དང་ཡང་དག་པར་སྦྱོར་བས་ན་ཕྱག་རྒྱ་ཆེན་པོར་སྦྱོར་བའོ། །དེ་ཉིད་དཔག་ཏུ་མེད་པའི་སྦྲུལ ་གཟུགས་ཀྱི་ཐབས་ཀྱི་མཆོག་གི་འཇུག་པའི་མཛད་པས་ཁྱབ་པའི་ཕྱིར་ཏེ། ལས་ཡིན་ཡང་གསུམ་པར་བྱས་སོ། །ནག་པོ་དང། དཀར་པོ་དང། དམར་པོའི་ཚུལ་དུ་ཞེས་བྱ་བ་ལ། ནག་པོ་ནི་རྣམ་པ་ཐམས་ཅད་དོ། །ཞལ་གཡས་པ་ནི་དཀར ་པོའོ། །གཡོན་པ་ནི་དམར་བའོ། །ཚུལ་འདིས་ན་དེ་ཉིད་དེར་བཞུགས་སོ་ཞེས་བྱ་བ་སྟེ། བདག་ཉིད་ཀྱི་ནང་དུ་ཐིམ་པར་གྱུར་པའོ། །འདི་དག་ཐམས་ཅད་ནི་ཆོ་ག་འདི་ཡིས་སེམས་ནི་བརྟན་པོ་དང་ཞེས་བྱ་བ་ནས་དངོས་པོ་ཐམས་ཅད་ཀྱིས་ནི་དབྱུང་བར་བྱ ་ཞེས་བྱ་བའི་བར་ཀྱི་གཞུང་དང་སྦྱར་བར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ནི་གཟུགས་བརྙན་དུ་ཤེས་པ་འབྱུང་ཞིང། སྐྱེ་བ་གང་དུ་རྡོ་རྗེའི་བདག་ཉིད་དུ་གྱུར་པའི་ཏིང་ངེ་འཛིན་མེ་ལོང་ལྟ་བུའི་ཚུལ་ཉིད་དུ་གྱུར་པ་དེ་ཉིད་ལ་སྙོམས ་པར་ཞུགས་ཏེ་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །གཏི་མུག་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའོ། །དེ་ལ་འཇིག་རྟེན་པ་ནི་མི་ཤེས་པའི་མཚན་ཉིད་དང། འཇིག་ཚོགས་ལ་ལྟ་བའི་མཚན་ཉིད་དོ། །དེའི་གཉེན་པོ ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཕྱོགས་མེད་པར་དངོས་པོ་ཐམས་ཅད་ལ་བདག་གོ་ཞེས་བྱ་བ་དེ་ལྟ་བུའི་ཚུལ་གྱི་ང་རྒྱལ་ནི་གཏི་མུག་ཆེན་པོ་སྟེ་གཉིས་པའོ། །དེ་ཉིད་ནི་རིགས་ཏེ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་སྦྱར་བར་བྱའོ། །དཀར་པོ་ནི ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ཞལ་གཡས་པ་ནི་ནག་པོའོ། །གཡོན་པ་ནི་དམར་པོའོ། །དེ་ཉིད་ཀྱིས་ནི་ཛིན་ཛི་ནི་ཀི?་ཅེས་བྱ་བ་དང། སྐུ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་བཤད་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད ་ཀྱི་ངོ་བོ་ཉིད་ཀྱི་རིན་པོ་ཆེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེའི་འབྱུང་བ་ནི་དངོས་པོ་མ་ལུས་པ་ལས་སྐྱེས་པའོ། །དེ་ཉིད་ནི་མི་ཕྱེད་པའི་དཔལ་ཡིན་པས་ན། རྡོ་རྗེ་དཔལ་ཏེ། ཏིང་ངེ་འཛིན་གང་ལ་བསམ་པ་ཐམས་ཅད་རྫོགས་པར་བྱེད་པར་འགྱུར་བ ་མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ། །ནོར་བུ་ཡིད་བཞིན་ཉིད་རིགས་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་དང་འདྲའོ། །སེར་པོ་ནི་རྣམ་པ་ཐམས་ཅད་དོ། །ཞལ་གཡོན་པ་ནི་དཀར་པོའོ། །གཡས་པ་ནི་ནག་པོའོ། །དེ་ཉིད་ཀྱིས་ན་རཏན་དྷྲཀ་ཅེས ་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་སྨོས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཉིད་འདོད་ཆགས་ཆེན་པོ་སྟེ། ཕྱོགས་མེད་པ་ཅན་ཡིན་པའི་ཕྱིར་རོ། །དེའི་འབྱུང་བ་ནི་སྐྱེ་བ་སྟེ། སོ་སོར་རྟོགས་པའི་རྣམ་པའོ། །དེ་ཉིད་ནི་མི་ཕྱེད་པར་ཏིང་ངེ ་འཛིན་གང་དུ་གྱུར་པ་དེ་ལ་སྙོམས་པར་ཞུགས་ནས་ཡེ་ཤེས་སྔ་མ་བཞིན་དུ་སྦྱར་བར་བྱའོ། །པདྨ་རྣམ་པར་དག་པ་ནི་འདིར་འདོད་ཆགས་ཏེ། ངེ་ཉིད་ནི་རིགས་སོ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་དང་འདྲའོ། །སེམས་ཅན་གྱི་དོན་ལ་སོ་སོར་རྟོག་ཅིང་གཟིགས ་པས་ན་འཇིག་རྟེན་ཏེ། དེ་ལ་དབང་ཕྱུག་ཏུ་གྱུར་པའོ། །དེ་ཉིད་ན་རིག་པའི་བདག་པོ་ཆེན་པོ་སྟེ། འོད་དཔག་ཏུ་མེད་པའོ། །དེ་ཉིད་ནི་ཕྱག་རྒྱ་ཆེན་པར་སྦྱོར་བའོ། །དེ་ཉིད་ནི་ཐབས་ཀྱི་མཆོག་སྟེ། སྔ་མ་དང་འདྲའོ། །དམར་པོ་ནི་རྣམ་པ་ཐམས་ཅད་དོ། །ཞལ་གཡོན་པ་ནི ་དཀར་པོའོ། །གཡས་པ་ནི་ནག་པོའོ། །དེ་ཉིད་ཀྱིས་ན་ཨ་རོ་ལིག་ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་སྨོས་པ་ཡིན་ནོ། །ཕྲག་དོག་ལ་སྤྱོད་པ་རྣམས་ལ་དེ་རྣམ་པར་དག་པའི་ཐབས་བསྟན་པའི་ཕྱིར། དམ་ཚིག་གིས་སྙིང་རྗེ་ཆེན་པོས་བསྐྱེད་པའི་ཕྲག་དོག ་གིས་དགུག་པ་མཛད་ནས་ཉམས་སུ་བླངས་པའི་ངོ་བོ་ཉིད་དོ། །དེ་ཉིད་ནི་རིགས་སོ་ཞེས་བྱ་བ་ལ་སོགས་པ་ནི་སྔར་བཤད་པ་དང་འདྲའོ། །ལྗང་གུ་ནི་རྣམ་པ་ཐམས་ཅད་དོ། །ཞལ་གཡས་པ་ནི་དཀར་པོའོ། །གཡོན་པ་ནི་ནག་པོའོ། །དེ་ཉིད་ཀྱིས་ན་བཛྙཱ་དྷཱིཀ་ཅེས ་བྱ་བ་དང། ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་སྨོས་པ་ཡིན་ནོ། །རལ་པ་ཐོར་ཚུགས་འཆད་པའི་ལྷ་ཞེས་བྱ་བ་ལ་སོགས་པ་འོག་ནས་བཤད་པའི་གཞུང་བསྟན་པས། རལ་པ་ཅོད་པན་མཛེས་དང་སྣ་ཚོགས་པའི་ཞེས་བྱ་བ་ལ་སོགས་པའི་དོན ་བཤད་པ་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་ལ་ཅི་རིགས་པར་སྦྱར་བར་བྱའོ། །ཡོངས་སུ་གྱུར་པའི་དབྱེ་བ་རྣམ་པར་དག་པ་ལས། རིགས་ཀྱི་དབྱེ་བ་བསྟན་པའི་ཕྱིར། ཞེ་སྡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་ཆགས་དང་ཞེ་སྡང་དང ་གཏི་མུག་དང་ལྡན་པའི་སེམས་ནི་འདི་ནི་འདོད་པ་ཞེས་བྱ་སྟེ། དེ་རྣམ་པར་དག་པས་གྲོལ་བ་ཡིན་ཏེ། འདིའི་བདག་ཉིད་ཅན་གྱི་མི་གནས་པ་རབ་ཏུ་སྒྲུབ་པར་བྱེད་པའོ། །དོན་ནི་འདི་ཡིན་ཏེ། རིགས་ལྔ་པོ་འདི་དག་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན ་ཏེ། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་འདོད་ཆགས་ལ་སོགས་པ་དང་ལྡན་པའི་སེམས་ཀྱིས་བསྒོམ་པར་གྱུར་ན། སངས་རྒྱས་ཉིད་ལ་སོགས་པའི་འབྲས་བུ་རྫོགས་པར་བྱེད་ཡིན་ནོ། །ད་ནི་ལྷ་མོ་རྣམས་ཀྱི་གདོན་པ་བསྟན་པའི་ཕྱིར། དེ་ནས་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ནི་རྡོ་རྗེ་འཛིན་པ་སྟེ། མི་བསྐྱོད་པའོ། །དེ་ཉིད་ནི་མཱ་མ་ཀཱི་ལ་རྗེས་སུ་མཉེས་པས་མཉེས་པ་ཞེས་པའོ། །དེ་ཉིད་ནི་འདའ་བར་བྱ་བ་མ་ཡིན་པས་ན་དམ་ཚིག་སྟེ། ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སོ། །རྡོ་རྗེ་འཛིན་ཐམས་ཅད་ནི་མི་བསྐྱོད་པའོ། །དེའི་ཕུན་སུམ་ཚོགས་པའི་མཆོག་གི་རྒྱུར་གྱུར་པའི་བཙུན་མོའི་མཆོག་ནི་མཱ་མ་ཀཱི་སྟེ་དེ་ཕྱུང་ངོ། །ཞེས་པའོ། །མི་བསྐྱོད་པ་རྗེས་སུ་མཉེས་པའི་ཏིང་ངེ་འཛིན་ལས་བྱུང ་བསམ། མི་བསྐྱོད་པའི་རིགས་དང་འབྲེལ་པ་ནི་མཱ་མ་ཀཱི་སྟེ། རིགས་ཀྱི་རྣམ་པར་བཞག་པ་འདི་ལྟ་བུ་ནི་གཞན་དག་ལ་ཡང་སྦྱར་བར་བྱའོ། །འདི་རྣམས་ཞེས་བྱ་བ་ནི་སྔགས་ཀྱི་བདག་ཉིད་ཅན་མཱ་མ་ཀཱི་ཕྱུང་བའོ། །དེ་ཉིད་ཅེས་བྱ་བ་ལ་སོགས ་པ་ནི་སྔ་མ་དང་འདྲའོ། །ཤར་ཕྱོགས་ཀྱི་གྲཝར་ཞེས་བྱ་བ་ནི་པདྨའི་ནང་ན་མཚམས་གང་དུ་མཱ་མ་ཀཱི་བཞུགས་དེ་ཉིད་ཀྱི་མཚམས་སུ་བཞུགས་པ་སྟེ། དེ་ཡང་བདེན་བྲེལ་གྱི་མཚམས་ཉིད་ཡིན་ནོ། །ལ་ལས་ལྷོ་ཕྱོགས་ཀྱི་མཚམས་སུ་ཞེས་སྨོས་པ་ནི་གོ ་སླ་བ་ཉིད་ཡིན་ཏེ། དེ་ཉིད་ཀྱིས་ན་བདེན་བྲལ་མཚམས་སུ་བསམ་ཞེས་བྱ་བ་སྨོས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད། དེ་ནི་སྤྱན་ལ་རྗེས་སུ་མཉེས་པར་བྱེད་པ་ཡིན་ཏེ། དེ་ཉིད་མི་ཕྱེད་པར་གང་དུ་གྱུར་པའི་མེ་ལོང ་ལྔ་བུར་དེ་ཉིད་ལ་ཏིང་ངེ་འཛིན་དུ་མཛད་པ་སྟེ། བཤད་ཟིན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་དེ་དེའི་བཙུན་མོའི་མཆོག་ཅེས་བྱ་བ་ལ་སོགས་པ་ནི་སྔ་མ་དང་འདྲའོ། །ལྷོ་ཕྱོགས་ཀྱི་གྲཝར་ཞེས་བྱ་བ་ནི་མེའི ་མཚམས་སོ། །དེ་ཉིད་ཀྱིས་ན་མོ་ཧ་ར་ཏི་ཞེས་པས་ལྷ་མོ་སྤྱན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་འཛིན་པ་རྗེས་སུ་མཉེས་པར་བྱེད་པ་རྡོ་རྗེ་ཞེས་བྱ་བ་ནི་འོད་དཔག་ཏུ་མེད ་པའོ། །ནུབ་ཕྱོགས་ཀྱི་གྲཝར་ཞེས་བྱ་བ་ནི་རླུང་གྲི་མཚམས་སུའོ། །དེ་ཉིད་ཀྱིས་ན་རཱ་ག་ར་ཏི་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཞེས་པ་ནི་གདོན་མི་ཟ་བར་གྲུབ་པ་སྟེ། དེའི་སྒྲོལ་མས་རང་གི ་བདག་པོར་ནང་དུ་ཆུད་པས་བསྐྱེད་པའི་ཕྲག་དོག་གི་ངོ་བོ་ཉིད་ཀྱི་འཁོར་ལོའི་གཙོ་བོས་ཕྱི་དང་གསང་བའི་མཆོད་པ་རྣམས་ཀྱིས་ཁྱད་པར་དུ་གསལ་བར་བྱེད་པའི་ཏིང་ངེ་འཛིན་གང་དུ་རྡོ་རྗེ་ལྟར་མི་ཕྱེད་བར་གྱུར་པ་དེ་ལ་སྙོམས་པར་ཞུགས་པའོ། །དེ་བཞིན ་དུ་ཏིང་ངེ་འཛིན་སྔ་མ་རྣམས་ལ་ཡང་ཅི་རིག་པར་སྦྱར་བར་བྱའོ། །ཡང་ན་གང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དེ་རྣམས་ཀྱི་སླུ་བ་ནི་དམིགས་སུ་མེད་པའོ། །ཡང་ན་གང་བདག་ཉིད་ཀྱིས་འགྲོ་བ་རྣམས་ཀྱིས་དོན་བྱའི། ་གཞན་དག་གིས་ནི་མ་ཡིན་ནོ་ཞེས་ཕྲག་དོག་རྣམ་པར་དག་པའི་ངོ་བོ་རྣམ་པ་ཐམས་ཅད་དུ་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །དེ་ཉིད་ནི་རྡོ་རྗེ་དང་འདྲ་བར་གང་དུ་གྱུར་པའི་ཏིང་ངེ་འཛིན་གདོན་མི་ཟ་བར་གྲུབ་པའི་བདག་ཉིད་ཅན་ལ་དེ་སྐད་ཅེས་བྱ་སྟེ ་དེ་ལ་སྙོམས་པར་ཞུགས་ཞེས་བྱ་བ་ནི་བཤད་ཟིན་ནོ། །བྱང་ཕྱོགས་ཀྱི་གྲཝར་ཞེས་བྱ་བ་ནི་དབང་ལྡན་གྱི་ཕྱོགས་སུ་སྟེ། བཛྲ་ར་ཏིས་རབ་བསྐུལ་ཞེས་པ་ལ་སོགས་པ་སྨོས་པ་ཡིན་ནོ། །ལག་ཏུ་འཁོར་ལོ་བསྒོམ་པར་བྱ་ཞེས་བྱ་བ་ལ་སོགས་པ་ལེའུ ་བཅུ་གསུམ་པ་ལས་གསུངས་པའི་ཆོ་ག་བསྟན་པའི་ཕྱིར། འཁོར་ལོ་བཟང་དང་ཨུཏཔལ་དམར་པོ་ཞེས་བྱ་བ་ལ་སོགས་པས་བཤད་པ་རྣམས་ནི་ཕྱག་མཚན་གྱི་གཙོ་བོ་ལ་སོགས་པའི་ངེས་པ་ཡིན་ཏེ། འདི་རྣམས་དང་ཅི་རིགས་པར ་སྦྱར་བར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ནི་བཙུན་མོའི་མཆོག་ཡིན་པའམ། དེ་རྣམས་ཀྱིས་བཙུན་མོའི་མཆོག་སྟེ། དེའི་བདག་ཉིད་ཅན་གྱི་ཕུན་སུམ་ཚོགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་མཆོག ་ཉིད་དུ་གྱུར་པའི་ལྷ་མོ་འདི་རྣམས་ཀྱང་མཆོད་པའི་དཀྱིལ་འཁོར་གྱི་བདག་པོ་ལ་སོགས་པར་ཤེས་པར་བྱ་སྟེ། གང་སྐུའི་ངོ་བོ་ཉིད་ཀྱིས་སྐུ་ཞེས་བྱ་བ་ལ་སོགས་པ་འོག་ནས་བཤད་པ་ཡིན་གྱི། དཀྱིལ་འཁོར་གྱི ་ས་ལ་སོགས་པ་རྣམ་པར་དག་པའི་བཙུན་མོ་ཉིད་དུ་ནི་མ་ཡིན་ཏེ། རྣམ་པར་དག་པ་དང་འགལ་བར་ཐལ་བར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་བས་ནི་བགེགས་འཇོམས་པར་བྱེད་པའི་སྒོ་སྲུངས་གདོན་པ་གསུངས་པ་ཡིན་ཏེ། དེ་བཞིན ་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་དེ་དེའི་དཀྱིལ་འཁོར་ནི་སྐུའི་དཀྱིལ་འཁོར་རོ། །དེ་བྱིན་གྱིས་རློབ་པ་ནི་དགུག་པའི་ལས་ཀྱིས་བྱང་ཆུབ་བསྐྱེད་པ་ལ་ཆགས་པར་གང་གིས་བྱེད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཁྲོ ་བོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྐུ་དང་གསུང་དང་ཐུགས་ཀྱི་ཆོས་རྟོགས་པར་བྱ་བའི་ཚུལ་རྣམ་པ་སྣ་ཚོགས་པ་དང། གཅིག་པ་ལ་སོགས་པ་དང་བྲལ་བར་དྲན་པ་དེ་ལ་ཉེ་བར་འཇོག་ཅིང། དེ་རྣམས་ལ་དད་པ་རྣམ་པར་དག་པ ་རྟེན་པ་པོའི་ཚུལ་ནི་གཤིན་རྗེ་མཐར་བྱེད་ཅེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་དེ། དེ་ཉིད་ནི་ལེ་ལོ་ཅན་གྱི་གདུལ་བྱའི་སེམས་ཅན་རྣམས་གདུལ་པའི་དབང་གིས་བསྙེངས་པར་བྱའོ། །དེས་ན་ཤར ་ཕྱོགས་ཀྱི་སྒོར་ཞེས་བྱ་བ་ནི་སྐུ་གསུང་ཐུགས་ཀྱི་ཆོས་རྣམས་ལ། གཅིག་དང་དུ་མ་ལ་སོགས་བྲལ་བ། །དེ་དྲན་དེར་ནི་དད་པ་གང། །ཤར་གྱི་སྒོར་ནི་རྟོགས་བྱར་འདོད་ཅེས་བྱའོ། །དེ་ཉིད་ཀྱིས་ན་ཡ་མནྟ་ཀྲིཏ་ཅེས་བྱ་བ་གཤིན ་རྗེ་གཤེད་ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་སྨྲས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་བྱང་ཆུབ་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དེའི་རང་གི་ངོ་བོ་ཉིད་གནས་པའི་རྒྱུའོ། །དེ་ཉིད་ཀྱིས ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་གི་རིགས་ཀྱི་བདག་པོ་ནི་མི་བསྐྱོད་པ་སྟེ། དེའི་ཏིང་ངེ་འཛིན་གང་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་མི་བསྐྱོད་པ་ལྟ་བུ་དེ་ཉིད་སྙོམས་པར་ཞུགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ? ་སྟེ། དེའི་དཀྱིལ་འཁོར་ནི་ཐུགས་ཀྱི་དཀྱིལ་འཁོར་རོ། །དེ་བྱིན་གྱིས་རློབ་པ་ནི་འཇུག་པའི་ལས་ཀྱིས་སོ། །ལྷག་མ་རྣམས་ནི་སྔ་མ་དང་འདྲའོ། །དངོས་པོ་ཕྱུང་བའི་ཕྱིན་ཅི་ལོག་གིས་བག་ཆགས་བཅོམ་པ་དང་མི་སྐྱེ་བའི་བྱ་པའི་ཕྱིར་དང་མ་བྱུང་བའི་རེ ་ཁོ་ན་ཉིད་ཀྱི་བག་ཆགས་བསྐྱེད་པ་དང་གནས་པར་བྱ་བའི་ཕྱིར། བརྩོན་འགྲུས་རྣམ་པ་བཞི་སྟེ། དེ་ཡང་དགེ་བ་དང་མི་དགེ་བའི་ཆོས་རྣམས་ལ་སྤེལ་པ་དང། སྦ་བར་སྤྲོ་བར་བྱའོ། །དེ་རྣམ་པར་དག་པ་རྟེན་པ་པོའི་ངོ་བོ་སྟེར་ཤེས་རབ་མཐར་བྱེད་དོ། ། ་རྡོ་རྗེ་དམ་ཚིག་ནི་མི་བསྐྱོད་པ་སྟེ། དེ་ཉིད་ནི་སྔ་མ་བཞིན་བསྙེངས་པར་བྱེད་པའོ། །དེས་ན་ལྷོ་ཕྱོགས་ཀྱི་སྒོར་ཞེས་བྱ་བ་ནི་བྱུང་དང་འབྱུང་འགྱུར་ཞེས་བྱ་བ་ལ་སོགས་པས་བརྩོན་འགྲུས་བཞི་བཤད་པའི་རྟེན་དུ་གྱུར་པ་ནི་ལྷོ་ཕྱོགས་ཀྱི་སྒོ་སྟེ། ཐར ་པའི་སྒོར་འཇུག་པར་ངོས་པ་ཉིད་ཅེས་བྱ་བའི་དོན་ཏོ། །དེ་བས་ན་པྲཛྙཱནྟ་ཀྲིཏ་ཅེས་བྱ་བ་བླ་མེད་འོད་ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་སྟེ། དེའི་ངོ་བོ་ཉིད་ཀྱི་ཆོས་ནི་རྡོ་རྗེ་ཆོས་སོ། ། ་དེ་ཉིད་ནི་རིན་པོ་ཆེ་སྟེ་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་རྣམས་ཀྱི་འབྱུང་གནས་སུ་གྱུར་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་འོད་དཔག་ཏུ་མེད་པ་ལྟ་བུར་སྙོམས་པར་འཇུག་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་འཆང་བ་ནི ་འོད་དཔག་ཏུ་མེད་པ་སྟེ། དེའི་དཀྱིལ་འཁོར་ནི་གསུང་གི་དཀྱིལ་འཁོར་རོ། །དེའི་བྱིན་གྱིས་བརླབས་པ་ནི་དགུག་པ་དང་གཞུག་པའི་སེམས་ཅན་གྱི་ཁམས་རྣམས་ཀྱང་རང་གི་གནས་ནས་མི་འགྲོ་བར་མངོན་པར་ཞེན་པས་འཇུག་པའི་ཕྱིར ་འཆིང་བའི་ལས་ཅན་གྱི་སྟེ། ལྷག་མ་རྣམས་ནི་སྔ་མ་དང་འདྲའོ། །ཕུང་པོ་ལྔ་པོ་ལ་གཟུང་བ་དང་འཛིན་པའི་ནུས་པའི་དབྱེ་བ་དང་བྲལ་བའི་ཚིག་མ་ཡིན་པའི་བདག་ཉིད་ཅན་ཡིན་པས་ན། འདུན་པ་དང་སྤྲོ་བ་ལ་གནས་པའི་བློ་གྲོས ་ནི་རྫུ་འཕྲུལ་གྱི་རྐང་པ་སྟེ། མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་རྫོགས་པ་ནི་རྫུ་འཕྲུལ་ལོ། །དེའི་རྐང་པ་ནི་རྒྱུ་རྣམས་སོ། །དེ་རྣམས་ལ་འདུན་པ་ལ་སོགས་པས་དམིགས་པར་བྱེད་པ་ལ་མི་བརྗེད་པའི་མཚན་ཉིད་ཅན་གྱི་དྲན་པ་དང་བརྩོན ་འགྲུས་རྩོམ་པ་ལ་ཉེ་བར་གནས་ཤིང། དམིགས་པ་བརྗེད་པའི་གཉེན་པོ་ལ་ཀུན་ཏུ་སྤྱོད་པས་འདུན་པ་མེད་པ་ལ་སོགས་པ་རྣམ་པར་འཇིག་པར་འགྱུར་རོ། །དེ་ཡང་དྲན་པ་དང་འདུན་པ་ལ་སོགས་པའི་ཡུལ་རྣམས་ཀྱི་ཆོས་བཀག་པས་བསླད ་བའི་རྟེན་པ་པོའི་ངོ་བོ་ནི་པདྨ་སྟེ། དེ་ཉིད་ནི་འདུན་པ་མེད་པ་ལ་སོགས་པ་མཐར་བྱེད་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་ནི་འོད་དཔག་ཏུ་མེད་པ་སྟེ། དེ་ལྟ་བུའི་ཚུལ་དུ་ནུབ་ཕྱོགས་ཀྱི་སྒོར་ཞེས་བྱ་བ་འདུན་པ་སོགས་པའི ་ཡུལ་ལ་དྲན་པའི་རྟེན་དུ་གྱུར་པ་ནི་ནུབ་ཀྱི་སྒོ་ཡིན་ཏེ། དེར་ཞེས་བྱ་བའི་དོན་ཏོ། །དེ་བས་པདམཱནྟ་ཀྲིཏ་ཅེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་སྨོས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ནི་སྐུ་དང་གསུང་ཐུགས་ཏེ། ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་ཉིད་ནི་མི་ཕྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་མི་བསྐྱེད་པ་ལྟ་བུར་སྙོམས་པར་ཞུགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། དེ་རྣམས་ཀྱི་སྐུ་ལ ་སོགས་པའི་དཀྱིལ་འཁོར་རོ། །དེ་རྣམས་ཀྱི་བྱིན་གྱིས་བརློབ་པ་ནི་དགུག་པ་དང་གཞུག་པ་དང། བཅིང་བས་ལེ་ལོ་ལ་མངོན་པར་ཞེན་པའི་སེམས་ཅན་གྱིས་ཁམས་རྣམས་ལ་དགའ་བའི་བྱ་བས་བྱིན་གྱིས་རློབ་བའོ། །ལྷག་མ་ནི་སྔ་མ ་དང་འདྲའོ། །རྣམ་པར་མི་རྟོགས་པའི་སྔར་བཤད་པའི་དངོས་པོ་རྣམས་ལ་ཏིང་ངེ་འཛིན་སེམས་རྩེ་གཅིག་པའི་མཚན་ཉིད་ཅན་གྱི་སེམས་རབ་ཏུ་དང་བ་ལ་སྤྲོ་བས་དམིགས་ཤིང། བརྗོད་པ་མེད་པས་ཡོངས་སུ་བསྐོར་བའི་ཆོས་རབ་ཏུ་རྣམ་པར་བྱེད་པ་མངོན ་སུམ་དུ་བྱེད་པའི་སྟོབས་དང་ལྡན་པའི་རྟེན་པ་པོའོ། །མ་དད་པ་ལ་སོགས་པའི་བགེགས་རྣམས་མཐར་བྱེད་པས་ན། བགེགས་མཐར་བྱེད་དོ། །བྱང་གི་སྒོར་ཞེས་བྱ་བ་ནི་མ་དད་པ་ལ་སོགས་པའི་བགེགས་རྣམས་མཐར་བྱེད་པའི་ཏིང་ངེ་འཛིན་སྟོབས ་དང་ལྡན་པའི་རྟེན་དུ་གྱུར་པའི་སྒོ་སྟེ། དེར་བཞུགས་ཞེས་བྱ་བའི་དོན་ཏོ། །དེ་བས་བིགྷྣཱནྟ་ཀྲིཏ་ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །རྣམ་པར་སྣང་མཛད་ཐུགས་གཙོ་འོད་དཔག་མེད་ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་ན་དབང ་བསྐུར་བཤད་པ་ཡིན་ཏེ། རྩ་བའི་ཕྱག་མཚན་ལ་སོགས་པའི་ངེས་པ་ཡང། བྲི་བའི་དཀྱིལ་འཁོར་གྱི་རྗེ་སུ་འབྲངས་ནས། ཁྲོ་བོ་རྣམས་ལ་ཅི་རིགས་པར་སྦྱར་བར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གཙོ་བོར་གྱུར་པའི་དཀྱིལ ་འཁོར་ནི་སྐུའི་དཀྱིལ་འཁོར་རོ། །གསུང་གི་དཀྱིལ་འཁོར་དང། ཐུགས་ཀྱི་དཀྱིལ་འཁོར་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དཀྱིལ་འཁོར་དེ་རྣམས་མཉེས་པར་བྱེད་པའི་ཕྱིར་ཐུན་མོང་གི་དམ་ཚིག་སེམས་དཔའ་ནི་བགེགས་མཐར་བྱེད་དོ། ། ་ཅིག་ཤོས་དག་ཀྱང་རང་རང་གི་དཀྱིལ་འཁོར་མཉེས་པར་བྱེད་པའི་ཕྱིར་དམ་ཚིག་སེམས་དཔར་འགྱུར་མོད་ཀྱི། འོན་ཀྱང་དང་པ་ལ་སོགས་པའི་དབང་པོ་མཉམ་པ་མེད་པའི་ཏིང་ངེ་འཛིན་ལས་ཡང་དག་པར་བྱུང་བའི་མཉེས་པ་ནི་གཤིན ་རྗེ་གཤེད་ལ་སོགས་པ་ལ་ཐོགས་པ་ཡོང་པ་མ་ཡིན་ཏེ། གང་གི་ཕྱིར་དང་པས་བཀུག་ལ་དད་པ་དང་ལྡན་པ་ནི་བརྩོན་འགྲུས་རྩོམ་མོ། །བརྩོན་འགྲུས་རྩོམ་པ་རྣམས་ནི་དྲན་པ་ཉེ་བར་འཇོག་གོ་།དྲན་པ་འཇོག་པ་རྣམས་ནི་དགུག་པ་ལ ་སེམས་མཉམ་པར་འཇོག་གོ་།མཉམ་པར་འཇོག་པའི་སེམས་ཀྱིས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དབང་པོ་རྣམས་ཀྱི་རིམ་པ་འདི་ནི་གཤིན་རྗེ་གཤེད་ལ་སོགས་པ་ལ་མཚུངས་པ་ཉིད་ཡིན་ནོ། ། ་དེ་ལྟར་ན་བཞི་པོ་ནི་དམ་ཚིག་གི་སེམས་དཔའ་ཡིན་ནོ། །དེ་ལྟར་ཁྲོ་བོ་རྣམས་ཀྱི་འཁོར་ཕུན་སུམ་ཚོགས་པ་མངའ་བ་ཡིན་པས་ན། འདིར་རྣམ་པར་དག་པ་བཤད་པ་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་དང། ལྷ་མོ་རྣམས་ཀྱི་འཁོར་རྣམས་ཀྱི་རྣམ ་པར་དག་པ་ནི་སྔར་བཤད་པ་ཉིད་ཡིན་ནོ། །གངོན་པའི་སྔགས་དེ་རྣམས་ཀྱི་བཤད་པ་ནི་བཤད་པ་ལས་གསལ་བ་ཉིད་དུ་འབྱུང་བ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན་གྱི་གསང་བ་ནི་རྡོ་རྗེ་འཆད ་བའོ། །དེ་བས་ན་གསང་བ་ཡང་ཡིན་ལ་འདུས་པ་ཡང་ཡིན་ཏེ། ཚོགས་པར་བཤད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དེའི་བྱིན་གྱིས་བརླབས་པ་སྟེ། དེ་སྟོན་པར་བྱེད་པའི་ལེའུའི་གཞུང་རྫོགས་སོ།། །། ་ལེའུ་དང་པོའི་འགྲེལ་པའོ།། །།ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་གཉིས་པ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་ལེའུ་སྟོན་ཏེ། སྐུ་དང་གསུང་དང་ཐུགས་ཀྱི་ཞེས་བྱ་བ་ནི་སྤྲུལ་པ་དང། ལོངས་སྤྱོད་རྫོགས་པ་དང། ཆོས་ཀྱི་སྐུའི ་ངོ་བོ་ཉིད་དོ། །དེ་ཉིད་ཀྱི་མཆོག་གོ་།དེ་ཉིད་ནི་དེ་བཞིན་གཤེགས་པ་ཀུན་གྱི་གསང་བའོ། །དེ་ཅི་ཞིག་ཅེ་ན། བླ་ན་མེད་པའི་བྱང་ཆུབ་སེམས་ཞེས་བྱ་བ་སྟེ། འདི་ལས་གོང་ན་མེད་པས་ན་བླ་ན་མེད་པའོ། །འདིར་འོག་ནས་བྱང་ཆུབ་ཀྱི ་བདག་ཉིད་ཅན་གྱི་སེམས་བྱ་བ་མན་ཆད་འདིར་འོང། དེ་ཡང་རིགས་བས་དམིགས་སུ་མེད་པ་ཡིན་ཏེ། དེ་ནི་ངོ་བོ་ཉིད་གཅིག་པ་གཉིས་སུ་མེད་པའི་ཚུལ་ཉིད་དམིགས་སུ་མེད་དོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་ན་འདི་ནི་རྡོ་རྗེ་སེམས་དཔའ་ཨི་བྱང་ཆུབ་ཀྱི ་སེམས་གསུངས་པ་ཡིན་ནོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་འབྱིན་པའི་རིམ་པ་བོར་ཏེ། སེམས་ལུས་ལྟ་བུ་དང་ཞེས་བྱ་བའི་ཉེ་བའི་རིམ་པ་འདི་ཉིད་ལ་བརྟེན་ནས། །ཐུགས་ཀྱི་འོག་ཏུ་སྐུའི་ངོ་བོ་ཉིད་རྣམ་པར་སྣང་མཛད་ཀྱི་བྱང་ཆུབ་ཀྱི་སེམས་གསུངས ་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་གང་དུ་མངོན་པར་རྟོགས་ཤིང་སྣང་བའི་རྡོ་རྗེའི་བདག་ཉིད་ཅན་དུ་གྱུར་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་སྟེ། མེ་ལོང་ལྟ་བུ་ཞེས་བྱ་བའི་དོན་ཏོ། །དངོས་པོ་ཐམས་ཅད་ཅེས་བྱ་བ་ནི་གཟུགས ་ལ་སོགས་པ་སྟེ། དེ་དང་བྲལ་ཞིང་གཟུགས་ཀྱི་ཕུང་པོ་དང། ཁམས་དང་སྐྱེ་མཆེད་རྣམས་ནི་མེ་ལོང་ལྟ་བུ་དང་གཟུང་དང་འཛིན་པ་རྣམས་སྤངས་པ་ཞེས་བྱ་བ་གཉིགས་བདག་མེད་པར་བཤད་པ་ཡིན་ནོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་ཆོས་ལ ་བདག་མེད་མཉམ་ཉིད་པས་ཞེས་བྱ་བ་གསུངས་པ་ཡིན་ནོ། །རང་སེམས་ཞེས་བྱ་བ་ནི་ཁྱད་པར་གཞན་ཡང་གསུངས་པ་ཡིན་ནོ། །གཟོད་ནས་མ་སྐྱེས་པ་ཞེས་བྱ་ནི་གདོད་མ་ཉིད་ནས་བརྟགས་པའི་རྣམ་པར་མ་སྐྱེས་པའོ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ་ཞེས ་བྱ་བ་ནི་དེ་ཉིད་བརྟན་པར་བྱས་པ་ཡིན་ནོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་བསྐྱོད་པའི་བྱང་ཆུབ་ཀྱི་སེམས་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཟད་པར་མི་འགྱུར་ཞིང། ཉམས་པར་མི་འགྱུར་ལ། ཆོས་ཀྱི་དབྱིངས་ཀྱི ་ཡེ་ཤེས་ཀྱི་བདག་ཉིད་གང་དུ་མི་ཕྱེད་པའི་གཟུགས་སུ་བཞུགས་པ་དེ་ནི་མི་བསྐྱོད་པ་ལྟ་བུ་ཉིད་ཀྱི་ཏིང་ངེ་འཛིན་ཏོ་ཞེས་དོན་གྱི་བཤད་པའོ། །དངོས་པོ་འདི་རྣམས་ཞེས་བྱ་བ་ནི་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་དངོས་པོ་རྣམས་སོ། །མ་སྐྱེས་པས ་ཞེས་བྱ་བ་ནི་དངོས་པོ་མེད་པའོ། །རང་གི་མཚན་ཉིད་འཛིན་པས་ན་ཆོས་སོ། །དེ་མེད་པས་ན་ཆོས་ཉིད་མེད་པའོ། །དེ་ལྟ་ན་ནི་མེད་པའི་སྟོང་པ་ཉིད་དུ་ཐལ་བར་འགྱུར་ཞེ་ན། ནམ་མཁའ་ལྟ་བུར་བདག་མེད་པ་ཞེས་བྱ་བ་གསུངས་ཏོ། དམིགས་སུ ་མེད་པའི་ཡེ་ཤེས་ཙམ་ཞེས་བྱ་བའི་ངོན་ཏོ། །རིན་ཆེན་འབྱུང་ལྡན་གྱི་བྱང་ཆུབ་ཀྱི་ཚུལ་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་མེད་པ་ཉིད་རྡོ་རྗེ་སྟེ། མཉམ་པ་ཉིད་ཀྱི་རྣམ་པ་སྟེ། དེ་སྐད་ཅེས་བྱ་བའི་ཏིང་ངེ ་འཛིན་ལ་ཞེས་བྱ་བའི་དོན་ཏོ། །ཆོས་རྣམས་ཐམས་ཅད་དངོས་མེད་ཅིང་ཞེས་བྱ་བ་ནི་ཞེས་བྱ་བའི་ཚུལ་གྱིས་སོ། །ཆོས་ཀྱི་མཚན་ནི་གང་གི་ཕྱིར་ཆོས་རྣམས་ཀྱི་མཚན་ཉིད་གཟུགས་ནི་གཟུགས་སུ་རུང་བའོ། །ཞེས་བྱ་བ་ལ་སོགས་པ་སྟེ། དེ ་རྣམ་པར་སྤངས་པའོ། །དེ་ཡང་བྱ་བ་དང་ནི་ཉེར་འདྲེན་ཀུན། །ཡུང་པོ་ལ་སོགས་ཁྱད་པར་དུ། །མཚན་ཉིད་དེ་ཡང་དེ་ཉིད་དེ། །དེས་ན་འདི་ཡང་མཚན་ཉིད་བྲལ་ཞེས་བཤད་པའོ། །དེ་ཉིད་ཀྱིས་ན་བདག་མེད་ཆོས་ལས་ཏེ། ཆོས་རྣམས་བདག ་མེད་པ་མ་ཡིན་པར་དགག་པ་ལ་བརྟེན་པའི་མཉམ་པ་ཉིད་ཀྱི་སེམས་ལས་ཀུན་ཏུ་བྱུང་བ་སྟེ། དེ་རྣམས་ཀྱི་རང་གི་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ། །འོད་དཔག་ཏུ་མེད་པའི་བྱང་ཆུབ་ཀྱི་སེམས་གསུངས་པ། ཡེ་ཤེས་ཉིད་འོད་ཟེར་ཡིན་ཏེ། ་ངེས་ན་སེམས་ཅན་གྱི་དོན་ལ་སོ་སོར་རྟོག་པས་ན་སྒྲོན་པའོ?། །དེ་ཉིད་རྡོ་རྗེ་ལྟར་གཉིས་སུ་མེད་པའི་གཟུགས་ཅན་ཡིན་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་ཚེ་དཔག་མེད་ལྟ་བུར་ཞེས་བྱ་བའི་དོན་ཏོ། །མ་སྐྱེས་པ་སྟེ་བེམ་པོའི་ཆོས་རྣམས་ལ་ངོ་བོ་མེད ་པ་ཞེས་པ་བཏགས་པའི་དངོས་བ་མེད་ཅིང་དེ་ལ་སྒོམ་པ་ཡང་མེད་པའོ། །འོ་ན་ད་ལྟར་ཅི་ཞིག་ཡོད་ཅེ་ན། ནམ་མཁའ་ཨི་ཚུལ་དུ་སྦྱོར་བ་ཡིས་ཞེས་བྱ་བ་གསུངས་ཏེ། དམིགས་སུ་མེད་པའི་ཡེ་ཤེས་ཀྱི་ཚུལ་གྱིས་སོ། །དེ་ལྟར་སྔར་བཤད ་པའི་དངོས་པོ་སྟེ། གཉིས་སུ་མེད་པའི་རང་བཞིན་དུ་རབ་ཏུ་བསྒྲགས་ཤིང། སོ་སོར་རྟོག་གོ་ཞེས་པའོ། །གདོན་མི་ཟ་བར་གྲུབ་པའི་བྱང་ཆུབ་ཀྱི་ཚུལ་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པ་ནི་བདག ་ཉིད་ཀྱིས་སེམས་ཅན་གྱི་དོན་བྱའོ་ཞེས་བྲག་དོག་རྣམ་པར་དག་པའི་ངོ་བོ་བྱ་བ་བསྒྲུབ་པའོ། །དེ་ཉིད་ནི་རྡོ་རྗེ་སྟེ། གཉིས་སུ་མེད་པའི་བདག་ཉིད་ཅན་ཡིན་ཏེ། དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་ཞེས་བྱ་བར་སྦྱར་རོ། །ཆོས་རྣམས་རང་བཞིན་འོད་གསལ་བ་ཞེས ་བྱ་བ་ནི་སེམས་ཀྱི་རང་བཞིན་ནོ། །གཟོད་ནས་དག་པ་ཞེས་བྱ་བ་ནི་བྱ་བ་བསྒྲུབ་པའི་ཡེ་ཤེས་ཀྱི་རང་གི་ངོ་བོས་གདོང་མ་ཉིད་ནས་ངག་པ་ཡིན་གྱི། ད་ལྟར་ནི་མ་ཡིན་ནོ། །དེ་ཉིད་ཀྱིས་ན་སྟོན་པས་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན ་ཞེས་གསུངས་པ་ཡིན་ནོ། །ནམ་མཁའ་བཞིན་བྱ་བ་ནི་དམིགས་སུ་མེད་པའོ། །བྱང་ཆུབ་མེད་ཅིང་ཞེས་བྱ་བ་ནི་འིང་ལས་ཐ་མི་དང་བའོ། །མངོན་པར་རྟོགས་པ་མེད་ཅེས་བྱ་བ་ནི་ལ་མ་ཐ་དད་པར་གྱུར་པ་ཡང་ཡོང་པ་མ་ཡིན་ཏེ། བྱང་ཆུབ་དང་ལམ་གཉི་ག་ཡང ་ངེའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་གོམས་པར་བསླབས་པའི་གནས་སྐབས་སུ་མི་གསལ་བ་ཉིད་ཀྱིས་ན་གཉིས་སུ་མེད་པའི་ཡེ་ཤེས་ངེ་ལ་ལམ་གྱི་བདེན་པ་ཞེས་བཤད་ལ། གསལ་བའི་གནས་སྐབས་སུ་ནི་འབྲས་བུ་ཞས་བྱའོ། །དེ་ཉིད་ཀྱིས་ན་འདིར ་ཞི་བ་དང་སྲིད་པའི་ངོ་བོ་འདིར། ཆོས་ཉིད་ཀྱིས་ན་དབྱེ་བ་འགའ་ཡང་མེར་ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་སྨོས་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ངོ་མཚར་དུ་གྱུར་པ་སྔོན་དུ་འགྲོ་བའི་ཆད་དུ་བརྗོད་པའི་ཐབས་ཀྱིས་སྔར་བཤད ་པའི་དོན་སྟོན་པ་ཡིན་ཏེ། ཨེ་མའོ་སངས་རྒྱས་ཞེས་བྱ་བ་ནི་ཀུན་ཏུ་བཟང་པོ་དང། བྱང་ཆུབ་ཀྱི་སེམས་གཉིས་ཐ་མི་དང་བས་དེ་ལ་ཕྱག་འཚལ་བ་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིའི་འོག་མ་རྣམས་ལ་ཡང་བྱང་ཆུབ་ཀྱི་སེམས་དང་ཐ་མི་དང་པར ་ཤེས་པར་བྱའོ། །བྱང་ཆུབ་སེམས་ནི་རབ་བསྐོར་བ་ཞེས་བྱ་བ་ནི་འོག་ནས་གདུལ་བྱའི་དབང་གིས་བྱ་བ་འདིར་འོང། བྱང་ཆུབ་ཀྱི་བདག་ཉིད་ཅན་གྱི་སེམས་ཡིན་པས་ན་བྱང་ཆུབ་སེམས་སོ། །སྙིང་པོ་ཞེས་བྱ་བ་ནི་ཉེ་བར་བླང་བར་བྱའོ། །གསོལ་བ ་བཏབ་པའི་རྗེས་ཐོགས་ཉིད་ལ་ལགས་སོ་ཞེས་པར་བསྟན་པ་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་གསུངས་པ་ཡིན་ཏེ། ཡོངས་སུ་རྟོགས་པ་ཞེས་བྱ་བ་ནི་ཀུན་ནས་འདྲི་བའི་བསམ་པའོ། །ཐུགས ་ཀྱིས་མཁྱེན་ནས་ཞེས་བྱ་བ་ནི་དག་པ་འཇིག་རྟེན་པའི་ཡེ་ཤེས་ཉིད་ཀྱིས་སོ། །སེམས་ལུས་ལྟ་བུ་དང་ཞེས་བྱ་བ་ནི་བརྟགས་པའི་རྣམ་པའི་སེམས་དགག་པའོ། །ལུས་སེམས་ལྟ་བུ་དང། ཞེས་བྱ་བ་ནི་བརྟགས་པའི་བེམ་པོའི་ལུས་དགག ་བ་སྟེ། འདིས་ནི་སེམས་དང་ལུས་ཁྱད་པར་མེད་པར་བཤད་པ་ཡིན་ནོ། །སེམས་ཚིག་ཏུ་བརྗོད་པ་ཞེས་བྱ་བ་ལ་སོགས་པས་ནི་ངག་དང་སེམས་ཀྱང་ཁྱད་པར་མེད་པར་གསུངས་པ་ཡིན་ནོ། །དེ་ལྟར་ན་དེ་ནི་ཁམས་གསུམ་པོ་རྣམ་པ་བཅས ་པ་ནི་ཤེས་པ་ཙམ་གྱི་ངོ་བོ་ཉིད་ཡིན་ནོ་ཞེས་སྟོན་པ་ཡིན་ནོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ཉན་པ་པོ་དེ་རྣམས་དངོས་པོའི་ངོ་བོ་ཉིད་ཅི་ལྟར་གནས་པ་བཞིན་དུ་དེ་ཉིད་རྗེས་སུ་བརྗོད་པ་ཡིན་པར་སྡུད་པར་བྱེད་པས ་སྨྲས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ནམ་མཁའ་ལྟ་བུར་ཞེས་བྱ་བ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཚུལ་དུ་ཡང་དག་པར་སྦྱར་ནས། ཆེད་དུ་བརྗོད་པ་ཞེས་བྱ་བ་ཆེད་ཀར་བརྗོད ་པ་བརྗོད་དོ་ཞེས་བྱ་བ་སྨྲས་སོ་ཞེས་བྱ་བའི་དོན་ཏོ་།དེ་གང་ཞིག་ཡིན་ཞེ་ན། ཨེ་མའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བརྟགས་པའི་རྣམ་པ་མེད་པ་ལ་སོགས་པ་གང་ཡིན་པ་དེའི་སྐྱེ་བ་མེད་པའི་ཚུལ་གྱིས་ན་དངོས་པོ ་གནས་པར་གྱུར་པ་ནི་མ་ཡིན་ཏེ། རྣམ་པ་སྣ་ཚོགས་པ་སྐྱེ་བའི་དེ་ནི་རབ་ཏུ་བསྒྲགས་ཤིང་བཤད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་འདིས་ནི་ཆོས་ཉིད་ཀྱིས་སྤྱིར་བྱང་ཆུབ་ཀྱི་སེམས་བཤད་ནས། དེ་ནས་ཞེས་བྱ་བ་ལ་སོགས་པས ་སངས་རྒྱས་དྲུག་པོའི་བྱང་ཆུབ་ཀྱི་སེམས་རེ་རེ་ནས་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པའི་ཚུལ་ཏིང་ངེ་འཛིན་གང་དུ་རྡོ་རྗེ་དང་འདྲ་བར་གྱུར་པ་དེ་ལ་རྡོ་རྗེ་འཆང་བ་ལྟ་བུ་ཉིད་དུ་སྙེམས ་པར་ཞུགས་སོ་ཞེས་བྱ་བར་སྦྱར་རོ། །དངོས་པོ་མེད་པ་ཞེས་བྱ་བ་ནི་མེད་པར་དགག་པའི་ཚུལ་དུ་བསྒོམས་པ་རྣམས་ཀྱི་དངོས་པོ་མེད་པའོ། །དེ་ནི་གཟུང་བ་ལ་སོགས་པའི་ཚུལ་དུ་རྣམ་པར་བརྟགས་པའི་བསྒོམ་པ་དེ་ཡང་བསྒོམ་པ་མ ་ཡིན་ཏེ། ཡང་དག་པ་མ་ཡིན་པ་ལ་མངོན་པར་ཞེན་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ཞེས་པའི་ཕྱིར་དངོས་པོ་དེ་ཉིད་ཡང་དག་པར་རིག་པ་ཡིན་པར་བཤད་པས་དངོས་པོ་མེད་པར་གྱུར་ཏེ། བརྟགས་པ་ནི་དངོས་པོ་མེད་པ་ཡིན་པའི་ཕྱིར་རོ། །མ ་ཡིན་པར་དགག་པ་ལ་བརྟེན་པས་ནི་དེ་ལས་ཀྱང་ཡང་དག་པར་རིག་པར་བཤད་པ་དོན་དམ་པར་སྤོང་བ་ལས་གང་ཐ་དད་པར་གྱུར་པའི་བསྒོམ་པ་པོའི་བྱ་བར་མངོན་པར་འདོད་པ་ནི་བསྒོམ་པ་ཡིན་ལ། གདུལ་བྱའི་དབང་གིས་དག་པ་འཇིག ་རྟེན་པའི་ཡེ་ཤེས་ཀྱི་ཚུལ་གྱིས་སོ། །དེ་ལ་ལེའུ་འདིའི་དོན་ཉིད་ནི་སྙིང་རྗེས་འཇིག་རྟེན་འདི་ནི་མ་ལུས་པ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅང་པ་གཉིས་ཀྱིས་པ་བཤད་པ་ཡིན་ནོ། །ལེའུ་གཉིས་པའི་འགྲེལ་པའོ།། །། ་དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ལེའུ་གསུམ་པ་གསུངས་པ་ཡིན་ཏེ། ལྕདེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཕྲོ་བ་ཉིད་རླན་དང་བཅས་པ་ཉིད་ཡིན་པས་ན་སྤྲིན་ནོ། །དེའི་བཀོད་པ་ནི་ཚོགས་སོ། །དེ་ཉིད་ནི་རྡོ་རྗེ་ཞེས་པ། རྡོ་རྗེ་སེམས་དཔའ་ ་སྟེ་ཏིང་ངེ་འཛིན་ངེ་ལ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་ཀྱི་སེམས་བསྒོམ་པ་བྱིན་གྱིས་རློབ་པའི་གསང་སྔགས་གསུངས་པ་ནི་ཨོཾ་ཞེས་བྱ་བ་ལ་སོགས་པ་སྟེ། ཨོཾ་ཞེས་བྱ་བ་ནི་ལྷའི་སྐུའོ་ཤཱུ་ནྱ་ཏཱ་ནི་སྟོང་པ་ཉིད་དོ། །དེ་ཉིད་ནི་ཛྙཱ་ན་སྟེ་ཡེ་ཤེས་སོ། །དེ་ཉིད་ནི ་བཛྲ་སྟེ་རྡོ་རྗེ་ཡིན་ནོ། །སྭ་བྷ་བ་ཨཱཏྨ་ཀོ་ཧཾ་ཞེས་བྱ་བ་ནི་དེའི་ངོ་བོ་ཉིད་ཀྱི་བདག་ཉིད་ཅན་ནི་བདག་གོ་ཞེས་བྱ་བའོ། །དེ་ཡང་དངོས་ལས་སྟོང་པ་གཞན་མ་ཡིན། །དེ་མེད་པར་ཡང་དངོས་པོ་མེད་ཅེས་སློབ་དཔོན་ཀླུ་སྒྲུབ་ཀྱི་ཇི་སྐད་བཤད ་པ་ལྟ་བུའོ་།གཞིའི་དཀྱིལ་འཁོར་བསྟན་པ་ནི་ནམ་མཁའ་ཨི་དབྱིངས་ཞེས་བྱ་བ་སྟེ་ཆོས་འབྱུང་བའོ། །དེའི་དབུས་གནས་པར། སངས་རྒྱས་དཀྱིལ་འཁོར་ཞེས་བྱ་བ་ནི་ཡི་གེ་བྷཱུཾ་གི་འཁོར་ལོ་ལས་བྱུང་བའི་རིན་པོ་ཆེའི་ཅོད་པན་གྱིས་རྣམ་པར་སྣང་མཛད ་ཡོངས་སུ་གྱུར་པའི་དཀྱིལ་འཁོར་རོ། །དེ་ཡང་བྷཱུཾ་གི་འཁོར་ལོ་ལས་བྱུང་རིགས་བཅས་པའི། རྣམ་པར་སྣང་མཛད་ཡན་ལག་ལས་ཡང་དག་བྱུང་ཞེས་ཇི་སྐད་བཤད་པའོ། །སངས་རྒྱས་ཉིད་འབར་བ་སྟེ། དེ་དང་མཉམ་པའི་འོད་ཟེར་མདའ་བ་གང ་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ཀྱིས་ན་འོད་ཟེར་སྣ་ལྔས་ཀུན་དུ་ཁྱབ་ཅེས་བྱའོ། །དེ་ཡང་ཐུབ་དབང་འོད་ཀྱི་དཀྱིལ་འཁོར་སྣ་ཚོགས་པའི། །ཟེར་གྱིས་ཕྱོགས་ཚོགས་མ་ལུས་ཀུན་ཏུ་ཁྱབ་ཅེས་ཇི་སྐད་བཤད་པའོ། །ཀུན་ནས་ཡོངས་སུ ་ཟླུམ་པོར་ཏེ་ཞེས་བྱ་བ་ནི་ཕྱི་དང་ནང་ཟླུམ་པོ་སྟེ། དབུས་སུ་ཟུར་བཞི་པ་ཉིད་ཡིན་ནོ། །འདོད་པར་བྱ་བ་ཡིན་པས་ན་འདོད་པའོ། །དེ་ཉིད་ནི་རྣམ་པར་དག་པ་ཉིད་ཀྱི་ཚུལ་གྱིས་གོམས་ཤིང་བརླབ་པར་བྱ་བ་ཡིན་པས་ན་ཡོན་ཏན་ནོ། །ལྔ་ནི་གཟུགས་ལ ་སོགས་པ་སྟེ་དེས་ཁྱབ་པའོ། །མཆོད་པ་རྣམ་པ་ལྔ་ནི་ལྷ་བཤོས་ལ་སོགས་པ་སྟེ། དེ་རྣམས་ཀྱིས་བརྒྱན་པའོ། །དེའི་ཕྱིར་གཟུགས་ལ་སོགས་པ་ཡུལ་རྣམས་རྣམ་པར་དག་པ་ནི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་སྨོས་པ་ཡིན ་ནོ། །ད་ནི་མདོར་ན་དེ་ལྟར་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་དྲུག་པོའི་སྐུ་མདོག་ལ་སོགས་པ་གསུངས་པ་ཡིན་ཏེ། གཟུགས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་སྐུའོ། །དབུས་སུ་ཞེས་བྱ་བ་ནི་དབུས་མའི་གདན་ལའོ། །བསྒོམ ་པར་བྱ་ཞེས་བྱ་བ་ནི་ཡིད་ཀྱིས་སམ། རྡུལ་ཚོན་གྱིས་སོ། །ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ནི་ལྷའི་སྐུའོ། །སྐུ་གསུང་ཐུགས་ཀྱིས་མཚན་པའོ་ཞེས་བྱ་བ་ནི་དེ་རྣམས་ཀྱིས་བྱིན་གྱིས་བརླབས་པའོ། །དེ་དག་ནི་འདིའི་འོག་མ་རྣམས་ལ་ཤེས་པར་བྱའོ། །སྐུ ་གསུང་ཐུགས་ཀྱི་རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་འཆང་བའི་འོ། །ཕྱག་རྒྱ་ཞེས་བྱ་བ་ནི་སྐུ་མདོག་ལ་སོགས་པ་དང་ལྡན་པའི་ཕྱག་རྒྱ་ཆེན་པོའོ། །ལམ་ཞེས་བྱའི་སྒྲ་ནི་ཕྱག་མཚན་གྱིས་ཕྱག་རྒྱ་འམ་རྡུལ་ཚོན་གང་ལ་ཡང་རུང་བ་བསྒོམ་པར་བྱའོ། །འདི་དག་ཀྱང ་གོང་མ་དང་འོག་མ་གཉིས་ཀ་ལ་སྦྱར་བར་བྱའོ། །ཚོགས་གཉིས་དང་ལྡན་པ་ཡིས་ཞེས་བྱ་བ་ནི་ཡེ་ཤེས་དང་བསོད་ནམས་ཀྱི་ཚོགས་རྣམ་པར་དག་པའི་ངོ་བོ་ལྷ་མོ་དང་ལྷ་ཕོར་སྣང་བའི་ཡང་དག་པའི་སྦྱོར་བ་དང་སྤུན?་པ་ཡིས་སོ། །འདི་ཡང་གོང་མ ་དང་འོག་མ་གཉིས་ལ་ཡང་སྦྱར་བར་ཤེས་པར་བྱའོ། །འདིར་ནི་རྣམ་པར་སྣང་མཛད་དང། མི་བསྐྱོད་པ་གཉིས་ཉེ་བར་གྱུར་པ་དང་ལྡན་པ་ནི་རྡོ་རྗེ་འཆང་རྣམ་པར་སྣང་མཛད་ཀྱི་སྐུ་མདོག་དང། མི་བསྐྱོད་པའི་ཕྱིག་མཚན་དང་ལྡན་པའོ་ཞེས་ཤེས་པར་བྱ ་བའི་ཕྱིར་རོ། །དེ་གཉིས་ཀྱིས་ན་འདིའི་འོག་ནས་འདིའི་སྐུ་མདོག་ལ་སོགས་པ་མི་སྟོན་ཏོ། །ིནྡྲ་ནཱི་ལའི་ཁ་དོག་འདྲ་ཞེས་བྱ་པ་ནི་མི་བསྐྱོད་པའི་སྐུ་དང་རྩ་བའི་ཞལ་ནི་སྔོན་པོར་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཤེལ་དང་ཞེས་བྱ་བ་ལ་སོགས ་པས་ནི་རྣམ་པར་སྣང་མཛད་ཀྱི་སྐུ་མདོག་ལ་སོགས་པ་སྟོན་པ་ཡིན་ནོ། །ཐོར་ཚུགས་ཅོད་པན་གྱིས་བརྒྱན་པ་ཞེས་བྱ་བ་ནི་ཐམས་ཅད་ལ་སྦྱར་བར་བྱ་སྟེ། རལ་པའི་ཅོད་པན་མཛད་དང་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་སྨོས་པ་ལྟ་བུའོ། །འཛམ་བུ ་ཆུ་བོའི་ཞེས་བྱ་བ་ལ་སོགས་པས་ནི་རིན་ཆེན་དཔལ་གྱི་སྐུ་མདོག་ལ་སོགས་པ་གསུངས་པ་ཡིན་ནོ། །རྡོ་རྗེ་ཆེན་པོ་ཞེས་བྱ་བ་ནི་བྲི་བའི་དཀྱིལ་འཁོར་གྱི་རྗེས་སུ་འབྲངས་པས་རིན་པོ་ཆེ་མ་ར་ཀ་ཏ་ཉིད་གཟུང་བར་བྱའོ། །དེ་ཉིད་ཀྱིས་ན་མ་ར་ཀ་ཏ་ཞེས་བྱ་བ་ལ ་སོགས་པ་གསུངས་པ་ཡིན་ནོ། །པདྨ་རཱ་ག་ཞེས་བྱ་བ་ལ་སོགས་པས་ནི་འོད་དཔག་ཏུ་མེད་པར་སྐུ་མདོག་ལ་སོགས་པ་གསུངས་པ་ཡིན་ནོ། །འོད་ཟེར་སྣ་ལྔ་ཞེས་བྱ་བ་ལ་སོགས་པས་ནི་གདོན་མི་ཟ་བར་གྲུབ་པའི་སྐུ་མདོག ་ལ་སོགས་པ་གསུངས་པ་ཡིན་ནོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་རྫོགས་པའི་ལྷ་རྣམས་བྱིན་གྱིས་བརླབས་པའི་སྔགས་གསུངས་པ་ཡིན་ཏེ། ཆོས་རྣམས་ཀྱི་དབྱིངས་ནི་མ་ལུས་ཏེ། རང་བཞིན་གྱིས་འོད་གསལ་བའི་སྟོང་ཉིད་ཡིན ་ལ། དེའི་ངོ་བོ་ཉིད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་བྱ་བར་སྦྱོར་རོ། །དེ་ཡང་གཟུང་འཛིན་ལ་སོགས་པ་རྣམ་བྲལ་བས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ད་ནི་རིན་ཆེན་ཁ་དོག་སྣ་ལྔ་པ་ཞེས་བྱ་བ་ལ་སོགས་པས་སེམས་ཉེ་བར ་གཡེང་བཞི་པར་བྱ་བའི་ཕྱིར། ཕྲ་མོའི་རྣལ་འབྱོར་བསྒོམ་པ་གསུངས་པ་ཡིན་ཏེ། རིན་ཆེན་ཞེས་བྱ་བ་ནི་རང་གི་ལྷའི་མཚན་མའི་རིན་པོ་ཆེའོ། །སྣའི་རྩེ་མོ་ཞེས་བྱ་བ་ནི་ལྷ་མོའི་གསང་བའི་ཆུ་སྐྱེས་ཀྱི་སྣ་རྩེའོ། །རྟག་པར་ཞེས་བྱ་བ་ནི་ཅི་སྲིད་སེམས ་རྩེ་གཅིག་བར་གྱུར་གྱི་བར་དུའོ། །བརྟན་པར་རེད་ནས་ཞེས་བྱ་བ་ནི་བརྟན་པའི་མཚན་མ་ཤེས་ནས་ལེགས་པར་རིན་པོ་ཆེའི་མཚན་མ་སྦྲོ་བར་བྱའོ། །སྤྲོ་བའི་མཚན་མ་བསྟན་པའི་ཕྱིར་སངས་རྒྱས་འབར་བ་ཞེས་བྱ་བ་ལ་སོགས་པ་སྨོས་པ ་ཡིན་ཏེ། སངས་རྒྱས་ཀྱི་སྦྲིན་སྤྲོ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །རིན་པོ་ཆེའི་མཚན་མ་འབའ་ཞིག་ཏུ་མ་ཟད་ཀྱི་མཚན་མ་གཞན་དང་གཞན་དག་ཀྱང་སྤྲོ་བར་བྱའོ་ཞེས་བསྟན་པའི་ཕྱིར། འཁོར་ལོ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རལ ་གྲི་འཇོན་པའི་ཕྱག་མཚན་ནི་ན་རལ་གྲིའོ། །སྤྲོ་བའི་བདག་ཉིད་ཅན་གྱིས་ཞེས་བྱ་བ་ནི་དེ་དག་དབྱེར་མི་ཕྱེད་པའི་བློ་ཡོད་པས་སོ། །ཡང་ན་སྔར་གྱི་ཕྱག་མཚན་ཐམས་ཅད་ཀྱང་མཆོག་ཏུ་གྱུར་པ་ཡིན་པས་ན་རིན་པོ་ཆེ་ཞེས་བྱ་ལ། དེ་ལས་ཀྱང ་བརྟན་པར་བྱས་ནས་མཚན་མ་ལྔ་པོ་ཉིད་སྤྲོ་བར་བྱའོ་ཞེས་བཤད་པའི་ཕྱིར། འཁོར་ལོ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིར་ཡང་མཛོད་འཛིན་ནི་རིན་པོ་ཆེའོ། །མཚོན་ཆ་ནི་རལ་གྲིའོ། །དོན་འདིས་ན་ཡང་ན། རང་གི་མཚན་མ་ཕྲ་མོ་ནི་ཞེས ་པ་ལ་སོགས་ཚིགས་བཅད་གཉིས་སྨོས་པ་ཡིན་ནོ། །ད་ནི་ནམ་མཁའ་ཨི་དབྱིངས་ཞེས་བྱ་བ་ལ་སོགས་པས་སངས་རྒྱས་རྣམས་ཀྱི་གདན་གསུངས་པ་ཡིན་ཏེ། ཆོས་འབྱུང་བའི་ནང་དུ་ཆུད་པའི་ཁང་པ་བརྩེག་མའི་དབུས་ན་གནས་པའོ། །རྡོ་རྗེའི་དཀྱིལ་འཁོར ་ཞེས་བྱ་བ་ནི་མི་བསྐྱོད་པའི་དཀྱིལ་འཁོར་ཏེ། ཉི་མའི་དཀྱིལ་འཁོར་ལ་བྲི་བར་བྱའོ། །གསལ་བའི་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་ཏེ། དེའི་དབུས་སུ་འཁོར་ལོའི་དཀྱིལ་འཁོར་ཞེས་བྱ་བ་རྣམ་པར་སྣང་མཛད་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། ། ་དེ་བས་ན་ཐམས་ཅད་ཉི་མའི་དཀྱིལ་འཁོར་དག་ལ་བསམ་ཞེས་བྱ་བའི་སྤྱིའི་ཚིག་འདི་ལ། སྔར་གྱི་ཤར་གྱི་པདྨ་ཟླ་བའི་དབུས་སུ་བསམ་ཞེས་དགར་བའི་ཚིགས་ཏུ་གསུངས་པ་ཡིན་ནོ། །པདྨའི་དཀྱིལ་འཁོར་འདྲ་བར་ནི་ཞེས་བྱ་བ་ནི་འོད་དཔག་ཏུ་མེད ་པའི་དཀྱིལ་འཁོར་དེ་ཉི་མ་ལ་གནས་པར་བསྒོམ་པར་བྱའོ། །བཟླས་པ་བསྒོམ་པས་ཞེས་བྱ་བ་ནི་སྔགས་བཟླས་པ་དང། བསྒོམ་པ་དང་ལྔ་པའི་རྣལ་འབྱོར་པས་སོ། །རིན་ཆེན་དཀྱིལ་འཁོར་འདྲ་བར་ནི་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་ཏེ། ་ཉེ་མའི་དཀྱིལ་འཁོར་ལ་གནས་པར་རིན་པོ་ཆེ་ལ་བརྩོན་པས་བསྒོམ་པར་བྱའོ། །སྦྱོར་བའི་དཀྱིལ་འཁོར་ལས་བྱུང་བ་ཞེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པ་བཞི་དང་འབྲེལ་བའི་སྐུ་མདོག་དང་སྦྱོར་བས་དཀྱིལ་འཁོར་རང་གི་ངོ་བོའི་བདག་ཉིད་ཅན ་ལྗང་གུ་གང་ཡིན་པ་དེ་ལིང?་སྐད་ཅེས་བྱ་སྟེ། གདོན་མི་ཟ་བ་གྲུབ་པ་ཡིན་པར་བཤད་ལ། དེའི་ཡང་ཉི་མའི་དཀྱིལ་འཁོར་ཉིད་དུ་ཡང་དག་པར་བྱུང་ཞིང་ལྡན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དྲིས་པ་རྣམ་པར་སྣང་མཛད་འབའ་ཞིག་ལ་གསལ་བའི ་དཀྱིལ་འཁོར་ཉིད་ཡིན་པར་གསུངས་ན་དེ་མི་བསྐྱོད་པ་ལ་སོགས་པའི་གདན་ཉི་མའི་དཀྱིལ་འཁོར་ཡིན་པར་མངོན་པར་འདོད་དོ། །ཅི་ལྟར་ཤེས་ཞེ་ན། དེ་བརྗོད་པར་བྱ་སྟེ། གསལ་བ་ལ་སོགས་དཀྱིལ་འཁོར་ལྡན ་ཞེས་གླེང་གཞིའི་ལེའུ་ལས་གསུངས་ལ། དེར་སོགས་པ་ཞེས་སྨོས་པས་ནི་ཉི་མའི་དཀྱིལ་འཁོར་ཉིད་ཡིན་པར་འདོད་དོ། །འདིར་ཡང་རྣམ་པར་སྣང་མཛད་ཀྱི་གདན་ནི་ཟླ་བའི་དཀྱིལ་འཁོར་ཡིན་པས། གསལ་བའི་དཀྱིལ་འཁོར་ཞེས ་བྱ་བའི་སྒྲས་ངེས་པ་ཉིད་དུ་གསུངས་ལ། ངོན་གྱིས་ན་མི་བསྐྱོད་པ་ལ་སོགས་པ་བཞིའི་གདན་ནི་ཉི་མའི་དཀྱིལ་འཁོར་ཉིད་ཡིན་པར་ཤེས་སོ། །ད་ནི་འདི་དག་ཅེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་འདི་དག་གིས་སངས་རྒྱས་ཐ་མི་དང ་པར་གསུངས་པ་ཡིན་ཏེ། དཀྱིལ་འཁོར་འདི་དག་ནི་སངས་རྒྱས་རབ་མཆོག་གི་སྐུ་དང་གསུང་དང་ཐུགས་བསྒོམ་པ་ལ་གཅིག་པ་ཉིད་ཀྱིས་སངས་རྒྱས་རབ་མཆོག་གོ་།རྡོ་རྗེ་ལས་བྱུང་བའི་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་ལས་ཡང་དག ་པར་བྱུང་བའོ། །ཐམས་ཅད་འཛིན་པའི་ཚུལ་ནི་ཐམས་ཅད་མཁྱེན་པ་ཉིད་ཚུལ་ཡིན་ལ། ཚུལ་ཉིད་ཀྱང་ཐམས་ཅད་མཁྱེན་པ་སྟེ། དེ་ཐོབ་པའོ། །ལེའུ་གསུམ་པའི་འགྲེལ་པའོ།། །།ད་ནི་དེ་ནས་ཞེས་བྱ་བ་ལ ་སོགས་པས་ལེའུ་བཞི་པར་བྲི་བའི་དཀྱིལ་འཁོར་བསྟན་པའི་ཕྱིར་གསུངས་པ་ཡིན་ཏེ། གཞུང་འདིས་ནི་ཏི་ངེ་འཛིན་གསུམ་དང་ལྡན་པའི་སློབ་དཔོན་དཀྱིལ་འཁོར་གྱིས་སའི་དབུས་ན་གནས་པ་ལ་རྣམ་པར་སྣང་མཛད་ལ་སོགས ་པའི་རྣལ་འབྱོར་པ་རྡོ་རྗེ་དྲིལ་བུ་འཛིན་པའི་སློབ་མ་རྣམས་ཀྱིས་འོག་ནས་བཤད་པའི་བསྟོད་པའི་རྒྱལ་པོས་གསོལ་བ་བཏབ་ནས་དཀྱིལ་འཁོར་བྲི་བར་བྱའོ་ཞེས་སྟོན་ཏེ། འདི་ཚིགས་སུ་བཅད་པ་དང་པོས་ནི་སྤྱིའི་གསོལ་བ་འདིབས་བསྟོན ་ཏོ། །ཚིགས་སུ་བཅད་པ་གཉིས་པ་ནི་སྐུའི་དཀྱིལ་འཁོར་སྤྲུལ་པར་གསོལ་བ་བཏབ་པ་ཡིན་ནོ། །ཚིགས་སུ་བཅད་པ་གསུམ་པས་ནི་གསུང་གི་དཀྱིལ་འཁོར་སྤྲུལ་པར་གསོལ་བ་བཏབ་པ་ཡིན་ནོ། །ཚིགས་སུ་བཅད་པ་བཞི་པ་ནི་ཐུགས་ཀྱི་དཀྱིལ་འཁོར་སྤྲུལ ་པར་གསོལ་བ་བཏབ་པ་ཡིན་ནོ། །དེ་ལྟ་བས་ན་དེ་ལྟར་སྦྱོར་གནས་སློབ་དཔོན་ནི། །སངས་རྒྱས་ཀུན་བདག་གཟུགས་ཅན་ཡིན་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་མར་མེ་མཛད་བཟང་པོའི་ཞལ་སྔ་ནས་ཀྱིས་བཤད་པ་ཡིན་ནོ། །ད་ནི་དེ་ནས ་ཞེས་བྱ་བ་ལ་སོགས་པས་ཐུགས་ཀྱི་དཀྱིལ་འཁོར་གྱི་ཚུལ་གྱིས་སྐུའི་དཀྱིལ་འཁོར་ཁོང་དུ་ཆུད་པར་བྱའོ། ཞེས་ཤེས་པར་བྱ་བའི་ཕྱིར་ཐུགས་ཀྱི་དཀྱིལ་འཁོར་ཉིད་བཤད་པ་གསུངས་པ་ཡིན་ཏེ། སེམས་ཀྱི་རྡོ་རྗེ་རབ་འདྲ་བ་ཞེས་བྱ་བ་ནི་རང་གེ ་གཟུགས་ཅན་ནོ། །གང་འདི་ཐུགས་ཀྱི་དཀྱིལ་འཁོར་ཡིན་མོད་ཀྱི། འོན་ཀྱང་རྣམ་པར་དག་པ་གསུམ་དང་ལྡན་པས་སྐུ་ལ་སོགས་པའི་རང་གི་ངོ་བོ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྐུ་དང་གསུང་དང་ཐུགས་རྣམས་ཀྱི། དཀྱིལ་འཁོར་ཞེས་བྱ་བ་གསུངས ་པ་ཡིན་ནོ། །དཀྱིལ་འཁོར་ཐིག་གདབ་པའི་ཕྱིར་སྲང་བུའི་མཚན་ཉིད་སྟོན་ཏེ། ལུས་ངག་སེམས་ནི་བསྒོམས་པ་ཡིས་ཞེས་བྱ་བ་ནི་ལུས་ལ་སོགས་པ་ལྟར་བསྒོམས་པས་སོ། །སར་བ་ཞེས་བྱ་བ་ནི་དཀྱིལ་འཁོར་གཞན་དུ་ཡོངས་སུ་མ་སྤྱང་བའོ། །ལེགས ་པར་བཀལ་ཞེས་བྱ་བ་ནི་ཤིན་ཏུ་ལེགས་པར་བསྒྲིལ་བའོ། །ཚད་མ་ཞེས་བྱ་བ་ནི་ཆུར་འཁོར་ལོའི་ཉིས་འགྱུར་ལ་སྦོམས་སུ་སྒོའི་ཉི་ཤུ་ཆའོ། །མཛེས་པ་ཡིས་ཞེས་བྱ་པ་ནི་མདུད་པ་མེད་པ་དང། མི་ཤོང་པས་སོ། །འདིའི་དོན་ནི་དཀྱིལ་འཁོར་གྱི་ཆོ ་ག་ལས། རྟག་པ་ལ་སོགས་རང་གི་དངོས་ཞེས་བྱ་བ་ནས་བརྩམས་ཏེ། སྲད་བུ་འཛིན་པས་དཀྲི་བར་བྱ་ཞེས་བྱ་བའི་བར་ལས་ཤེས་པར་བྱའོ། །ཐིག་གདབ་པའི་ཆོ་ག་ཡང་དེ་ཉིད་ལས་ཤེས་པར་བྱའོ། །ཁྲུ་ནི་བཅུ་གཉིས་ཚད་དུ་བྱ་ཞེས་པ ་ནི་ཉེ་བར་མཚོན་པ་ཙམ་ཡིན་གྱི་དཀྱིལ་འཁོར་ནི་ཚད་ངེས་པ་མེད་པ་ཡིན་ཏེ། ཇི་སྐད་དུ་སེམས་ཅན་བསམ་པའི་དབང་གིས་ནི། ཚད་ལ་སོགས་པའི་ངེས་པར་བྱས་ཞེས་བཤད་བ་ལྟ་བུའོ། །ཕྱག་རྒྱ་དགོད་བར་བྱ་ཞེས་བྱ་བ ་ནི་མཚན་མའི་ཕྱག་རྒྱ་དགོང་པ་ལ་བྱའི་ཞལ་དང་ཕྱག་ལ་སོགས་པ་དང་ལྡན་པའི་ཕྱག་རྒྱ་དགོད་པར་བྱ་བ་ནི་མ་ཡིན་ཏེ། དེ་མཐོང་བས་ཐོས་པ་དང་མི་ལྡན་པ་རྣམས་གལ་ཏེ་མི་ཤེས་པར་འགྱུར་བ་སྲིད་པས་ན་ངན་འགྲོར་འགྲོ་བར་ཐལ་བར ་འགྱུར་རོ། །དེ་སྐད་དུ་མུ་སྟེགས་རྣམས་ལ་ཕན་པའི་ཕྱིར། སངས་རྒྱས་བཙུན་མོ་རབ་ཏུ་སྦས་ཞེས་གསུངས་པ་ལྟ་བུའོ། །དེ་དབུས་རྡོ་རྗེ་བྲི་བ་ནི་ཞེས་བྱ་བ་ནི་ཐུགས་རྣམ་པར་བདག་པའི་རྡོ་རྗེ་དཀྱིལ་གྱི་དབུས་སུ་ཉི་མའི་དཀྱིལ་འཁོར་ལ་བྲི ་བར་བྱ་སྟེ། དཀྱིལ་འཁོར་འདི་ནི་ཐུགས་གཙོ་བོར་བྱས་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་སྐུ་ལ་སོགས་པ་རྣམ་པར་དག་པ་འཁོར་ལ་སོགས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་མཚན་ཏེ། དེ་རྣམས་རང་གི་གདན་ལ་ཅི་ལྟ་བ་བཞིན ་དུ་བྲི་བར་བྱའོ་ཞེས་བསྟན་པའི་ཕྱིར། འཁོར་ལོ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྤྲིན་གྱི་དབུས་དང་འདྲ་བའི་འོད་ཅེས་བྱ་བ་ནི་དབུས་སུ་སྤྲིན་གྱི་འོད་དང་འདྲ་བ་སྟེ། འཁོར་ཕུན་སུམ་ཚོགས་པར་བསྟན་པས་རྣམ་པར་དག་པ་ལ ་ཉེ་བར་དགོས་པ་ཉིད་ཡིན་པའི་ཕྱིར་དང་མཚན་མ་དང་ཏིང་ངེ་འཛིན་གྱི་ངོ་བོ་གདོན་པ་སྟོན་པས་གཟུགས་རྡོ་རྗེ་ལ་སོགས་པ་དཀྱིལ་འཁོར་པ་ཡིན་གྱི། འདོད་པའི་རྒྱལ་པོ་ལ་སོགས་པ་དང། སའི་སྙིང་པོ་ལ་སོགས་ནི་མ་ཡིན་ཏེ། དེ་རྣམས ་ཀྱི་རྒྱུའི་ཚོགས་བཤད་མ་ཐག་པ་མེད་པའི་ཕྱིར་རོ། །དེ་བས་ན་གཟུགས་རྡོ་རྗེ་ལ་སོགས་པའི་མཚན་མ་མེ་ལོང་ལ་སོགས་པ་གནས་ཇི་ལྟ་བ་བཞིན་དུ་བྲི་བར་བྱའོ། །དེ་ཉིད་བསྟན་པའི་ཕྱིར། སེམས་ཀྱི་ཞེས་བྱ་བ་ལ་སོགས་སྨོས་ཏེ། ་གཟུགས་ཀྱི་ངོ་བོ་ཉིད་གཟུགས་རྡོ་རྗེ་ལ་སོགས་ཕྱག་མཚན་མེ་ལོང་ལ་སོགས་པའི་གཟུགས་སུ་དཀྱིལ་འཁོར་གྱི་མཚམས་བཞི་དང། ཤར་ཕྱོགས་ཀྱི་སྒོའི་ངོས་གཉིས་སུ་བཞག་པར་བྱའོ། །ལུས་དང་དག་སེམས་མཆོད་པ་ཡིས་ཞེས་བྱ་བ་ནི་སྐུ་ལ་སོགས་པའི་དེ ་བོ་ཉིད་ཀྱི་ཡི་གེ་གསུམ་གྱིས་གདོན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དོན་འདི་ཉིད་ཀྱིས་ན་དེ་ལྟར་དཀྱིལ་འཁོར་བྲིས་ནས་ནི། །ཟླ་བ་ཉི་མར་གདན་བྱས་པར། །དབུས་སུ་རལ་གྲི་བྲི་བར་བྱ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་སྨོས་པ་ཡི་ནོ། །ད་ནི་སྒྲུབ ་པ་གཙོ་བོ་ཡིན་པར་སྟོན་པ་ནི་བུད་མེད་རབ་ཏུ་མདངས་བཟང་བ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ་དེ་ཉིད་ཀྱིས་ན། དེ་ནས་དམ་ཚིག་མཆོག་སྦྱོར་བ། །གཟུགས་དང་ལོའི་ཡོན་ཏན་ལྡན་ཞེས་བྱ་བ་མས་བརྩམས་ཏེ། དངོས་གྲུབ་ཀུན་གྱི་ཕྱིར་བྱའོ་ཞེས་བྱ ་བའི་བར་གྱིས་བཤད་པ་ཡིན་ཏེ། འདི་དག་བདག་གིས་མ་བཤད་དོ། །དེ་ལྟར་ཐུགས་གཙོ་བོར་གྱུར་པའི་དཀྱིལ་འཁོར་ནི་ལེའུ་བཅུ་དྲུག་པ་ལས་འདི་ཉིད་ཀྱི་ཚུལ་དང་རྗེས་སུ་མཐུན་པ་ཉིད་དུ་ཁོང་དུ་ཆུད་པར་བྱ་བའོ། །ལེའུ་བཞི་པའི་འགྲེལ ་པའོ།། །།ལེའུ་ལྔ་པར་སྒྲུབ་པ་པོའི་ཁྱད་པར་གྱི་སྤྱོད་པའི་ཁྱད་པར་སྟོན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྱོད་པ་ཀུན་གྱི་ཀུན་ཏུ་སྤྱོད་པ་སྟེ། དེ་དང་མཆོག་གི་ཆོས་ཏེ། འདི་དག་ནི་དོན་དུ་གཉེར་བ ་ཡིན་པས་ན་དོན་ཀྱང་ཡིན་པའི་ཕྱིར་དེ་སྐད་ཅེས་བྱ་བའོ། །རྣམ་པར་མི་རྟོག་པའི་དོན་ནི་ཐེ་ཚོམ་དང་བྲལ་བའི་དོན་ཏེ། དེ་ལས་བྱུང་བ་ནི་གནས་པའོ། །སྔར་ནི་འདོད་ཆགས་ཞེས་དང་གཏི་མུག་རིགས་ཏེ། ཕྱིས་དེ་རྣམ་པར་དག་པར་གྱུར ་པ་ཡིན་ལ་དེ་ཡང་དངོས་གྲུབ་སྒྲུབ་པར་བྱེད་དོ་ཞེས་སྦྱར་བར་བྱའོ། །ཐེག་པ་མཆོག་ནི་བླ་མེད་པ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ནི་བླ་ན་ཡོད་པ་དང་བཅས་པ་ཡིན?་ལ། ཐེག་པ་ཆེན་པོ་ནི་འདི་ནི་བླ་ན་མེད་པའོ་ཞེས་བྱ་བར་དགོངས ་སོ། །རིགས་དན་ཞེས་བྱ་བ་ལ་སོགས་པས་ནི་རིགས་ལ་སོགས་པའི་དེས་པའི་བཟློག་པ་ཡིན་ཏེ། དེ་སྐད་དུ། དངོས་གྲུབ་ཐབས་ཤེས་ལས་བྱུང་ན། རིགས་སོགས་ངེས་པས་ཅི་ཞིག་བྱ་ཞེས་བཤད་པའི་ཕྱིར་རོ། །ཡང་གང ་ཞིག་འགྲུབ་པར་མི་འགྱུར་ཞེ་ན། སྙིང་ནས་སློབ་དཔོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་གྲུབ་ནི་སློབ་དཔོན་ལ་རག་ལས་པ་ཡིན་ནོ་ཞེས་པར་དགོངས་སོ། །སངས་རྒྱས་གཙོ་བོའི་ཡུམ་དག་པ་ཞེས་བྱ་བ་ལ་སོགས་པ་ནི་བདག་གིས་མ ་བཤད་དོ། །རྣམ་པར་མི་རྟོག་བློ་ཅན་གྱིས་ཞེས་བྱ་བ་ནི་ཁྱད་པར་དུ་འཕགས་པའི་ཏིང་ངེ་འཛིན་རྣམ་པར་གསུམ་དང། གཉིས་སུ་མེད་པའི་ཡེ་ཤེས་དང་ལྡན་པའི་མཁས་པའོ། །རིགས་དན་ལ་སོགས་པ་ལ་ཁྱད་པར་དུ་སྨོས་པ་ནི་ཐེ་ཚོམ་མེད་པར ་སྣང་པ་འདི་ལྟ་བུའི་བདག་ཉིད་ཅན་ནི་དེ་ཁོ་ན་ཉིད་དུ་དགག་པ་མ་ཡིན་ནོ། ཞེས་སྟོན་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་ཕྱིན་ཅི་ལོག་གི་རྟོག་པ་ལས་གྲོལ་བས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་དང། །དགེ་བ་དང་མི་དགེ་བའི་རྣམ་པ་དག་ངེས ་བྱ་བ་ལ་སོགས་པ་དེ་དང་བཤད་པ་ཡིན་ནོ། །ང་ནི་ངེས་ནས་ཞེས་བྱ་བ་ལ་སོགས་པས་ཅི་ལ་ང་མངོན་པར་འདོད་པའི་སྒྲུབ་པ་ལ་ཆགས་པའི་ཉན་པ་པོ་རྣམས་ངན་འགྲོར་འགྲོ་བར་མ་གྱུར་ཅིག་སྙམ་དུ་ཤེས་བཞིན་དུ། སྒྲིབ་པ་རྣམ་པ་བསེལ་བ ་ལ་སོགས་པ་ངོ་མཚར་གྱིས་བསླད་པའི་ཡོངས་སུ་བཟློག་པ་གསུངས་པ་ཡིན་ཏེ། ཆོས་ཉིད་དག་པ་འདི་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་དང་བྲལ་བའོ། །དག་པ་ཞེས་བྱ་བ་ནི་དྲི་མ་མེད་པའོ། །སྙིང་པོའི་ཆོས་ཀྱི་དོན་གང་ཡིན་པར་ཁྱད་པར ་ཅན་རྟོགས་ཤིང་བསླབས་པ་དེ་ལས་ཡང་དག་པར་བྱུང་བའོ། །ད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་ཁོ་ན་ཉིད་མ་ཤེས་པས་ཆོས་ཉིད་ཤིན་ཏུ་རྙེད་པར་དཀའ་བ་ཉིད་དུ་བསྟན་པའི་ཕྱིར། འཇིགས་པ་ལ་སོག་བསྟན་པར་མཛད་པ་ཡིན ་པས་ན། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའ་ལྟར་མཉམ་པ་ཉིད་དེ་ཉིད་གཉིས་སུ་མེད་ཅིང། རྡོ་རྗེ་སྟེ་མི་ཕྱེད་པའི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་སོ་ཞེས་བྱ་བ་སྦྱོར་རོ། །དབྱེས་པས་ཁྱབ་པ་ནི་གཟེངས ་མཐོ་བར་གྱུར་བའོ། །ེ་མའོ་ཆོས་ཨེ་མའོ་ཆོས་ཞེས་བྱ་བ་ནི་དགའ་བས་དམ་སྟེ། གཉིས་སུ་མེད་པའི་ཚུལ་ཡིན་ཡང་སྣ་ཚོགས་པའི་གཟུགས་ཅན་དུ་གྱུར་པ་ནི་ངོ་མཚར་ཡིན་ནོ། །ཆོས་ནི་ཤིན་ཏུ་རྣམ་པར་དག་པའི་ངོ་བོ་སྟེ། ངེས་དོན་དག་པར ་འགྱུར་བའི་བདག་མེད་པའོ་ཞེས་མཚམས་སྦྱར་བའོ། །རྣམ་པར་མི་འགྱུར་ཞེས་བྱ་བ་ནི་དུས་གསུམ་ཆར་དུ་ཡང་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་ཡིན་པའི་ཕྱིར་རོ། །སྣང་བ་མེད་ཅེས་བྱ་བ་ནི་སྣང་བ་ལ་བྱེད་པ་པོ་མེད་པའི་ཕྱིར་རོ། །དབྱིངས་གྱུར ་བ་ཞེས་བྱ་བ་ནི་བསྐྱེད་པའི་ས་བོན་ཞེས་བྱ་བའི་དོན་ཏོ། །སྤྱོད་པ་ནི་བྱང་ཆུབ་ཀྱི་སྤྱོད་པ་སྟེ། དེ་ལེ་གནས་ནི་ཞིའོ་ཞེས་བྱེ་བར་མཚམས་སྦྱར་རོ། །ལེའུ་ལྔ་པའི་འགྲེལ་པའོ།། །།ལེའུ་དྲུག་པ་སྐུ་དང་གསུང་ཐུགས་བྱིན་གྱིས ་བརླབས་པའི་སྔགས་བཤད་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐུགས་རྡོ་རྗེ་བྱིན་གྱིས་བརླབ་པའི་སྔགས་བརྗོད་པའི་དུས་སུ་མི་བསྐྱོད་པ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བྱེའོ། ཞེས་བསྟན་པའི་ཕྱིར། མི ་བསྐྱོད་པ་རྡོ་རྗེའི་སྒྲས་ནི་སྟོན་པ་པོ་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིའི་འོག་མ་རྣམས་ལ་ཡང་ཅི་རིགས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་གང་ཡིན་པ་དེ་ཉིད་ནི་གསང་བའི་རྡོ་རྗེ་སྟེ། ་རྣམ་པར་དག་པའི་ངོ་བོ་ཉིད་གང་ཡིན་པའི་ཏིང་ངེ་འཛིན་དེ་ལ་མི་བསྐྱོད་པའི་རང་བཞིན་དུ་འདིར་མངོན་པར་འདོད་དེ། དེ་ལ་སྙོམས་པར་ཞུགས་སོ་ཞེས་སྦྱར་བར་བྱའོ། །ཐུགས་བྱིན་གྱིས་བརླབ་པའི་སྔགས་ཞེས་བྱ་བ་ལ། ཐུགས་ཀའི་ཟླ་བའི ་གདན་དང། རིན་པོ་ཆེའི་དབུ་རྒྱན་མངའ་བའི་ཐུགས་རྡོ་རྗེ་སྟེ། དེའི་བྱིན་གྱིས་བརླབ་པའི་སྔགས་ཞེས་བྱ་བའི་དོན་ཏོ། །རྡུལ་དང་བྲལ་བའི་གནས་རྡོ་རྗེ་ཞེས་བྱ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རྣམ་པའོ། །མཉམ་པ་ཉིད་མི ་གཉིས་པའི་རྡོ་རྗེ་ཞེས་བྱ་བ་ནི་ཉེ་བར་དགོད་པ་སོ་སོར་རྟོགས་པའི་རྣམ་པའོ། །རྡོ་རྗེ་གསུམ་པོ་ཞེས་བྱ་བ་ནི་ཐུགས་རྡོ་རྗེ་ལ་སོགས་པ་སྟེ། དེ་ནི་དེ་བཞིན་གཤེགས་རྣམས་ཀྱི་གསང་བའོ། །དེ་ཉིད་ནི་ཁམས་གསུམ་བྱིན་གྱིས་རློབ་པར་བྱེད་པ་ཡིན ་པས་ན་གནས་སོ། །གནས་ཀྱིས་ཞེས་བྱ་བ་ནི་སྔགས་ཀྱིས་ཏེ། ཡི་གེ་ཧཱུཾ་ལ་སོགས་པས་རྣམ་པར་བསྒོམ་ཞིང་བསྐྱེད་པར་བྱ་བ་གང་ཡིན་པའོ་ཞེས་མཚམས་སྦྱར་རོ། །སྔགས་ཉིད་ནི་མཚན་ཏེ། དེས་མཚན་པར་བྱས་པ་ནི་སྙིང་ཁ་ན་གནས་པའི ་མཚན་མའི་དབུས་ན་གནས་པའི་ཟླ་བ་ལ་གནས་པའི་ས་བོན་གྱིས་མཚན་པ་ཞེས་པའི་དོན་ཏོ། །མཆོག་རབ་འདི་ཡིས་ཞེས་བྱ་བ་ནི་དེ་ལྟར་བཤད་པའི་སྔགས་ཀྱིས་སོ། །བསྒྲུབ་པ་ཉིད་དུ་བྱ་ཞེས་བྱ་བ་ནི་བྱིན་གྱིས་བརླབ་པར་བྱ་སྟེ། བསྐྱེད་པར་བྱ ་བ་ནི་མ་ཡིན་ནོ་ཞེས་ཁོང་དུ་ཆུད་པར་བྱ་སྟེ། ཡི་གེ་ཧཱུཾ་ལ་སོགས་པའི་ས་བོན་རྣམས་ལས་སྔར་བྱུང་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ནི་འདི་ལྟར་དྲི་མེད་རང་སྙིང་ཟླ་བའི་ཞེས་བྱ་བ་ནས་བརྩམས་ཏེ། མཚན་ཉིད་དག་དང་བྲལ་བར་དམིགས་ནས་ནི་ཞེས ་བྱ་བའི་བར་གྱི་གཞུང་དང་སྦྱར་བར་བྱའོ། །ཡེ་ཤེས་སྒྲོན་མ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། དེ་ཉིད་རྡོ་རྗེ་རིན་ཆེན་འབྱུང་བ་ལྟ་བུའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་ཞེས་བྱ་བར་སྦྱར་ཏེ། རིན་ཆེན་འབྱུང་ལྡན་ཉིད་ནི་འདི་ཉིད་ཀྱི་རྗེས་སུ་མཉེས་པར་བྱེད་པའི ་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །གདོན་མི་ཟ་བའི་རྡོ་རྗེ་ཞེས་བྱ་བ་ནི་དོན་ཡོད་པར་གྲུབ་པ་ལྟ་བུ་སྟེ། དེ་ཉིད་ནི་མཆོད་པའི་དབང་དུ་བྱས་པ་ཡིན་པའི་ཕྱིར་རོ། །དེ་ལ་འདི་ནི་པད་ནང་རང་གི་ས་བོན་འོད་རྣམས་ཀྱིས་ཞེས་བྱ་བ་ནས་བརྩམས་ཏེ། ཨོཾ ་སརྦབ་ཏ་ཐཱ་ག་ཏ་པུ་ཛཱ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ་ཞེས་བྱ་བའི་བར་ཡིན་པར་བལྟ་བར་བྱའོ། །དེ་ནི་སྐུ་ལ་སོགས་པ་བྱིན་གྱིས་རློབ་པར་མཛད་པའི་བདེ་བར་གཤེགས་པའི་ཚོགས་རྣམས་ཡང་དག་པར་བསྐུལ་བའི་འོད་ཟེར་དང། ཚིགས་སུ་བཅད་པ་ལ་སོགས ་པ་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་ལ་དམིགས་པ་ནི་ངེས་པར་བསམ་པའོ། །དེའི་ཚུལ་གྱིས་རྣམ་པར་སྙིང་པོའི་ས་བོན་ལས་བྱུང་བའི་མཆོད་པའི་ལྷ་མོ་རྣམས་ཀྱི་འོད་ཟེར་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ། ། ་གང་དང་ཞེས་བྱ་བ་ནི་ཡང་དག་པར་བསྐུལ་བའི་ཚིགས་སུ་བཅད་པ་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཡང་དག་པར་བསྐུལ་བ་དང་ལྡན་པའི་རྣལ་འབྱོར་བ་ནི་དེས་བྱིན་བརླབས་ཏེ། ཡང་དག་པའི་དངོས་གྲུབ་བསྒྲུབ་པར་བྱའོ་ཞེས ་བཤད་པར་བྱའོ། །དེ་ལྟར་ན་བྱེ་བྲག་གི་བློ་མི་བྱའོ་ཞེས་བཤད་པ་ནི་སེམས་ལ་དམིགས་པ་ཞེས་པ་སྟེ། སེམས་ཀྱི་ཚོར་བའི་དམིགས་པ་གང་ཡིན་པ་ནི་བཤད་མ་ཐག་པའི་ཚུལ་གྱིས་ངེས་པར་བསྒོམ་པའོ། །དེའི་ཚུལ་ནི་བདག་མེད་པའོ། །དེའི ་འོག་ཏུ་རག་དང་ཞེས་བྱ་བ་ནི་བྱིན་གྱིས་རློབ་པའི་སྔགས་ཀྱི་ལུས་ཀྱི་རྣམ་པ་ལྟ་བུའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམ་པར་བསྒོམ་ཞེས་བྱ་བ་བྱིན་གྱིས་བརླབ་པར་བྱ་ཞིང་བསྒྲུབ་པར་བྱ་བའོ། །སྦྱོར་བ་རྣམ་གསུམ་ཞེས་བྱ་བ་ནི་སྐུ་ལ་སོགས་པའི་ཤེས་རབ་ཀྱི ་ཡང་དག་པར་སྦྱོར་བ་ནམ་མཁའ་དང་འདྲ་བར་མཉམ་པ་ཉིད་དེའི་ངོ་བོ་ཉིད་འགྲོ་བ་རྣམས་ཀྱི་གནས་སོ། །དེ་ཡང་གང་གི་ཕྱིར་ལུས་ལ་སོགས་པ་དམིགས་པ་ན། ངོ་བོ་ཉིད་ཀྱིས་བརྟགས་པ་དམིགས་སུ་མེད་དོ། །དེ་བས་ན་སྔགས་ཀྱི་ལུས་སྦྱོར་བ་ལ་ཐ་དད ་པའི་རྒྱུར་གྱུར་པས་བྱང་ཆུབ་མེད་ཅིང་བསྒོམ་པ་མེད་ཅེས་བྱ་བ་སྟེ། དེའི་རང་བཞིན་ཉིད་དུ་འགྱུར་རོ་ཞེས་བྱ་བར་དགོངས་སོ། །སྔགས་ཀྱིས་བརྟགས་པ་ཞེས་བྱ་བ་ནི་བཤད་མ་ཐག་པའི་རྣམ་པས་སྔགས་ཀྱིས་བྱིན་གྱིས་བརླབ་པའོ། །དེ་ལ་ཆོག་འདི་ནི ་དེའི་ཐུགས་ཀའི་འོད་ཀྱི་ཚོགས་རྣམས་དང་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །ད་ནི་ཕྲ་མོའི་རྣལ་འབྱོར་ཁ་བསྐང་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའ་ཨི་དབྱིངས་ཀྱི་དབུས་གནས་པར་ཞེས་བྱ་བར་རིག ་པའི་ཆོས་འབྱུང་བའི་ནང་དུ་ཆུང་བའི་ཁང་པ་བརྩེགས་པའི་དབུས་མའི་གདན་ལ་བཞུགས་པའོ། །སངས་རྒྱས་གཟུགས་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པའི་གཟུགས་སུ་བསྒོམ་པའོ། །དེ་དང་པོར་གྱུར་པས་རྡོ་རྗེ་འཛིན་པའི་ཕྲ་མོའི་སྦྱོར་བ་ཡང་དག་བར་བརྩམ ་པར་བྱའོ། །འདི་ཉིད་ཀྱི་ཁྱད་བསྟན་པའི་ཕྱིར། སྣའི་རྩེ་མོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དག་ཀྱང་འདེའི་འོག་མ་རྣམས་ལ་ཡང་སྒྱར་བར་བྱའོ། །སངས་རྒྱས་སྐུ་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་རྣམ་པར་བསྒོམས་ཏེ་ཞུ་བར་གྱུར་པ་དེའི་སྟེང་དུ ་དེའི་རྗེས་ལ་གནས་ཞེས་བྱ་བ་མི་བསྐྱོད་པའི་ས་བོན་ཡི་གེ་ཧཱུཾ་རིམ་གྱིས་བཞག་པར་བྱའོ། །རྡོ་རྗེ་འཛིན་པའི་ས་བོན་ཡང་འདི་བཞིན་དུ་ལྟ་བར་བྱའོ། །འདིའི་འོག་མ་རྣམས་ལ་ཡང་ས་བོན་དགོད་པ་རང་གི་ཇི་ལྟ་བ་བཞིན་དུ་སྦྱར་བར་བྱའོ། །སྦྱན་གྱིས ་ཚུལ་དུ་སྦྱོར་བ་ལ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་རང་སྣང་བའི་རིག་པ་དང་ཡང་དག་པར་སྦྱོར་བ་བསྒོམ་པར་བྱའོ། །རྡོ་རྗེ་པདྨ་རྣམ་པར་བསྒོམ་ཞེས་བྱ་བ་འདི་ཡང་གོང་མ་དང་འོག་མ་གཉི་ག་ལ་སྦྱར་བར་བྱའོ། །རིན་ཆེན་དཀྱིལ་འཁོར་ཞེས་བྱ ་པ་ནི་རིན་ཆེན་འབྱུང་ལྡན་གྱིའོ། །དང་པོའི་སྦྱོར་ཞེས་བྱ་བ་ནི་བསྙེན་པ་ལ་སོགས་པ་ནས་རྗེས་སུ་མཉེས་པའི་མཐར་ཐུགས་པའི་བར་རོ། །འདི་དག་ཀྱང་གོང་མ་དང་འོག་མ་གཉི་ག་དང་སྦྱར་བར་བྱའོ། །པདྨའི་དཀྱིལ་འཁོར་ཞེས་བྱ་བ་ནི་འོད ་དཔག་ཏུ་མེད་པ་གཙོ་བོར་གྱུར་པའོ། །འོད་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ནི་གདོན་མི་ཟ་བར་གྲུབ་པའི་རྣལ་འབྱོར་ཅན་གྱིའོ། །སངས་རྒྱས་ཚུལ་ཞི་བར་སྤྲོ་ཞེས་བྱ་བ་ནི་འདྲེས་པ་ལ་སོགས་པ་བསྒོམ་པའི་རྗེས་ཐོགས་ལ་ས་བོན་ཡོངས་སུ་གྱུར་བ་ལས ་རང་གི་ལྷ་གངོན་པར་བྱའོ། །འཁོར་ཞེས་བྱ་བ་ནི་དཀྱིལ་འཁོར་བའི་ལྷའི་འཁོར་ལོ་འབྱིན་པའི་རིམ་པས་གདོན་པའོ། །ུཏཔལ་མཐིང་ཁའི་ཞེས་བྱ་བ་ལ་སོགས་པས་ནི་བདག་པའི་ལྷའི་མཚན་མ་ལ་ཕྲ་མོའི་རྣལ་འབྱོར་བྱའོ་ཞེས་སྟོན་པ་ཡིན་ནོ། །འདི་ཡང ་འདིར་སྔ་མ་དག་ལ་ཡང་སྦྱར་བར་བྱའོ། །དེ་ཉིད་ཀྱིས་ན་ཡང་རང་གི་མཚན་མ་ཕྲ་མོ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ཟས་སུ་བཤད་གཅི་ཞེས་བྱ་བ་ལ་སོགས་པས་ནི་གཙང་བ་དང་མི་གཙང་བའི་ཁྱད་པར་མེད་པར་སྟོན་པ་ཡིན་ནོ། །གོ་འཕང ་ལས་བྱེད་ཅེས་བྱ་བ་ནི་འདོད་པའི་ལས་བྱེད་པའོ། །ལུས་དང་ངག་སེམས་ལས་འདས་པའོ། །ཞེས་བྱ་བ་ནི་བེམ་པོའི་ལུས་ལ་སོགས་པ་རྣམ་པར་འདས་པའོ། །ལེའུ་དྲུག་པའི་འགྲེལ་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ལེའུ ་བདུན་པ་གསུངས་པ་ཡིན་ཏེ། དམ་ཚིག་ཆེན་པོ་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པའི་དཀྱིལ་འཁོར་ཏེ་དེ་ཉིད་ན་དེ་ཁོ་ན་ཉིད་དོ། །དེའི་བདག་ཉིད་ཅན་གྱི་སྔགས་སྤྱོད་བ་སྟེ། དེ་ཉིད་ནི་མཆོག་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ཏེ། དེ་སྟོན་པར་བྱེད་པའི་ལེའུ ་གསུངས་སོ། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ་ཞེས་བྱ་བ་ལ་སོགས་པས་ནི་སྔགས་པ་རྣམས་ཀྱི་གསང་སྔགས་བསྒྲུབ་པ་ལ་སློབ་པའོ། །སློང་མོ་ཟ་ཞིང་ཞེས་བྱ་བ་ལ་སོགས་པ་ལ་བརྟུལ་ཞུགས་ཀྱི་ཚུལ་གྱི་སློང་མོ་དགག་པ་སྟོན་ཏོ། །ཡན ་ལག་མཉམས་ཞེས་བྱ་བ་ནི་བསྙེན་པ་ལ་སོགས་པའི་ཡན་ལག་དང་ལྡན་པའོ། །འདོད་པའི་ཡོན་ཏན་བསྟེན་ཞེས་བྱ་བ་ལ་སོགས་པ་ནི་འདོད་པའི་ཡོན་ཏན་ལྔ་པོ་བསྟེན་པ་ཉིད་ཀྱིས་བྱང་ཆུབ་ཏུ་འགྱུར་གྱི། སྡུག་བསྔལ་བསྟེན་པས་ནི་མ ་ཡིན་ནོ་ཞེས་སྟོན་ཏོ། །བྱང་ཆུབ་ཉི་མ་ཞེས་བྱ་བ་ནི་སངས་རྒྱས་རྣམས་སོ། །རྣམ་གསུམ་ཞེས་བྱ་བ་ནི་མཆོག་དང་འབྲིང་དང། ཐ་མའི་དབྱེ་བས་སོ། །མཆོད་པར་བྱེད་པས་ཞེས་བྱ་བ་ནི་ཐ་དད་པར་མི་རྟོག་པའོ། །རིན་ཆེན་འབྱུང་གནས་ཞེས་བྱ་བ ་ནི་མི་བསྐྱོད་པ་སྟེ། སྦྲོས་པའི་ཚུལ་གྱིས་བཤད་ན་དེ་ཉིད་སྒྲའི་དབང་དུ་བྱས་པ་ཡིན་ནོ། །འདོད་ཆགས་ཆོས་འབྱུང་བ་ནས་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་ནོ། །དོན་ཡོད་རྡོ་རྗེ་མཆོག་འཛིན་པ་ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པའོ། ། ་རང་གི་རིགས་ཞེས་བྱ་བ་ནི་སྔ་མ་ཡང་ཤེས་བར་བྱའོ། །མི་བསྐྱོད་པ་ཞེས་བྱ་བ་ནི་ཆོས་ཀྱི་བརྡས་ནི་དོན་ཡོད་པར་གྲུབ་པ་ཡིན་ཏེ། དེ་ལྟར་ན་འདི་ནི་རྣམ་པར་སྤྲོས་པའི་ཚུལ་བསྟན་ནས། རྣམ་པར་སྤྲོས་པ་མེད་པའི་ཚུལ་དུ་རྡོ་རྗེ་སེམས་དཔའ་གསུངས ་པ་ནི་གཟུགས་དང་སྒྲ་ལ་སོགས་པ་ཞེས་གསུངས་པ་ཡིན་ནོ། །སེམས་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཨོ། །འདི་ཉིད་ནི་སངས་རྒྱས་ཐམས་ཅད་བཟློག་པའི་དབྱེ་བས་རྣམ་པར་སྤྲོས་པ་ནི་གསང་བའི་སྙིང་པོ་བཏུས་པའི་ཚུལ་ཡིན་ནོ། །ལྷ ་ཉིད་དུ་ཞེས་བྱ་བ་ནི་གཟུགས་རྡོ་རྗེ་ལ་སོགས་པར་རོ། །རིགས་ཀྱི་ཚུལ་དུ་རྣམ་པར་བསྒོམ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ལྔའི་དབྱེ་བ་བསྒོམ་པས་སོ། །དེ་ལ་སྤྱོད་པའི་ཆོ་ག་འདི་ནི་ལངས་ནས་ངག་པའི་སེམས ་དཔའ་ཨི་རང་གི་ལྟའི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་གྱིས་བཤད་པ་ཡིན་ནོ། །སངས་རྒྱས་རྗེས་སུ་དྲན་པར་སྦྱོར་ཞེས་བྱ་བ་ལ་སོགས་པས་ནི་རྗེས་སུ་དྲན་པ་བཅུ་དྲུག་སྟོན་ཏེ། སྔར་མཐོང་བའི་དོན་ལ་ཕྲ་མོའི་རྣལ་འབྱོར ་གྱི་གནས་སྐབས་སུ་མཚན་མ་རྣམ་པ་ལྔ་བྱུང་ནས། སྤྲོ་བ་ལ་སོགས་པའི་ཚུལ་གྱིས་ཕྱིས་དྲན་པར་བྱ་བ་ཡིན་པས་ན་རྗེས་སུ་དྲན་པའོ། །སངས་རྒྱས་ཏེ་རྣམ་པར་སྣང་མཛད་ཀྱི་རྗེས་སུ་དྲན་པ་ལ་ནི་སྦྱོར་བ་སྟེ། ཐབས་དང་ཤེས་རབ་གྱི་བདག ་ཉིད་ཅན་གྱིས། བསྒོམ་པར་བྱའོ། །ཆོས་ཏེ་འོད་དཔག་ཏུ་མེད་པའི་རྣམ་པ་རྗེས་སུ་དྲན་པ་བསྒོམ་པ་ལ་ནི་སྐུ་དང་གསུང་དང་ཐུགས་ཀྱང་བསྒོམ་ཞིང་རྗེས་སུ་དྲན་པར་བྱའོ། །རྡོ་རྗེ་སྟེ་མི་བསྐྱོད་པ་རྗེས་སུ་དྲན་པ་བསྒོམ་པ་ལ་ནི་རིགས་ཏེ། གཅིག་དང ་གསུམ་དང་ལྔ་ལ་སོགས་པ་རྗེས་སུ་དྲན་པའི་སྦྱོར་བ་བསྒོམ་པར་བྱའོ། །ཁྲོ་བོ་སྟེ་གཤིན་རྗེ་གཤེད་ལ་སོགས་པ་རྗེས་སུ་དྲན་པ་བསྒོམ་པ་ལ་ནི་དམ་ཚིག་ཅེས་བྱ་བ་འོག་ནས་བཤད་པའི་རྣམ་པ་གཞན་གྱི་རྗེས་སུ་དྲན་པའི་ཡང་དག་བར་སྦྱོར་བ་བསྒོམས ་ན་བྱང་ཆུབ་འཐོབ་པར་འགྱུར་རོ། །གལ་ཏེ་རྗེས་སུ་མཐུན་པའི་མཚན་ཉིད་དང་ལྡན་པ་བརྙེད་ན་ཕྱི་རོལ་གྱི་རིག་མའི་རྣམ་པར་དག་པ་གསུངས་པ་ནི་ལོ་གྲངས་བཅུ་དྲུག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །བྱིན་གྱིས་བརླབ་པའི་གནས་གསུམ་གྱིས་ཞེས་བྱ ་བ་ནི་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པས་སོ། །སྤྱན་ཞེས་བྱ་བ་ནི་རང་སྣང་བའི་རིག་པའོ། །རྡོ་རྗེ་དང་པདྨའི་རྣམ་པར་དག་པ། གསུངས་པ་ནི་ཡི་གེ་ཧཱུཾ་དང་ཞེས་བྱ་བ་ལ་སོགས་པ་སྟེ། །ཡི་གེ་ཧཱུཾ་གིས་རྡོ་རྗེ་པདྨ་འདབ་མ་བརྒྱད་པར་གྲུབ་པ་ལ་བརྟག ་པར་བྱའོ། །ཡི་གེ་ཨོཾ་ནི་རྡོ་རྗེའི་ནོར་བུའི་ཆ་གྲུབ་པར་བྱ་བའི་ཕྱིར་རོ། །ཡི་གེ་ཕཊ་སེར་པོ་ནི་གཉི་གའི་དབབ་པ་ནོད་པ་ལའོ། །ཡི་གེ་ཨ(རྒྱུད་འགྲེལ་བསྟན་པའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་གཟུགས་ཞེས་བྱ་བ་ནི་སྣའི་རྩེ་མོར་གནས་པའི་མཚན་མའི་ལྟ་བའི་འཁོར་ལོ་ལ་བདག་པོ་རྣམ་པར་སྣང་མཛད་སྦྲོ་བར་བྱ་སྟེ། འདི་ནི་ཉེ་བར་མཚན་པ་ཡིན་གྱི། བསྡུ་བ་ལ ་སོགས་པ་ཡང་བལྟ་བར་བྱའོ། །དེ་བཞིན་དུ་འདིའི་འོག་མ་རྣམས་ལ་ཡང་ཤེས་པར་བྱའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་མི་བསྐྱོད་པ་འམ་ཡང་ན་རྡོ་རྗེ་སེམས་དཔའ་ཨོ། །རང་གི་ཁུ་བའི་ཐིགས་པ་ཡིས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཏེ ་ཐོགས་པ་སྔོན་དུ་འགྲོ་བའི་སངས་རྒྱས་དང། རྡོ་རྗེ་སེམས་དཔའ་བསྒོམ་པར་བྱའོ། །དམ་ཚིག་རྗེས་སུ་དྲན་པའི་རབ་ཏུ་དབྱེ་བ་ནི་དཀྱིལ་འཁོར་རྗེས་སུ་དྲན་པ་ཡིན་ནོ། །རང་གི་ཁུ་བ་དག་དབྱུང་ཞེས་བྱ་བར་སྦྱར་ཏེ། དེ་ལས་བྱུང་བའི་དཀྱིལ་འཁོར། ་ཡང་དབྱུང་བར་བྱའོ། །དཀྱིལ་འཁོར་ཚུལ་དུ་བྱ་བ་ནི་དཀྱིལ་འཁོར་གཞན་གཅིག་ཏུ་སྤྲོ་བའི་བདག་ཉིད་ཅན་ནོ། །ཕུང་པོ་ལྔ་ཡིས་རབ་ཏུ་རྒྱས་ཞེས་བྱ་བ་ནི་རྣམ་པར་དག་པའི་གཟུགས་ལ་སོགས་པའི་ཕུང་པོས་གདེ ་བའོ། །སེམས་རྗེས་སུ་དྲན་པའི་རབ་ཏུ་དབྱེ་བའི་སེམས་རྗེས་སུ་དྲན་པའོ། །མཁའ་དང་མཚུངས་པར་སྤྱོད་པར་འགྱུར་བ་ཞེས་བྱ་བ་ནི་ནམ་མཁའ་དང་མཉམ་པར་ཀུན་ཏུ་རྒྱུ་བའི་དང་ཚུལ་ལོ། །སྐུ་དང་གསུང་དང་ཐུགས་གཅིག་ཏུ་བསྡུས་པའི་རྗེས་སུ ་དྲན་པ་གསུངས་པ་ནི་དེ་ལ་ཞེས་བྱ་བ་ལ་སོགས་པ་སྟེ། སྔགས་ཐམས་ཅད་ཀྱི་གཟུགས་ཀྱི་རང་བཞིན་གྱི་སྐུ་དང་གསུང་དང་ཐུགས་ཏེ། དེ་རྣམས་ཀྱི་རྗེས་སུ་དྲན་པ་ནི་བསྒོམ་པའོ། །སྔགས་ཀྱི་རྡོ་རྗེའི་སྐུ་གང་ཡིན་པ་ཞེས་བྱ་བ་ནི་སྔགས་ཀྱི ་བདག་ཉིད་ཅན་གྱི་རྡོ་རྗེ་ཅན་གྱི་སྐུ་གང་ཡིན་པའོ། །ཇི་ལྟ་བུ་ཞེ་ན་གསུངས་ཞེས་བྱ་བ་སྟེ་བྱིན་གྱིས་བརླབ་པའི་ཚིགས་སུ་བཅད་པའི་སྔགས་སོ། །སྐུ་ཡིས་རྣམ་བསྒོམས་པས་ཞེས་བྱ་བ་ནི་རྣམ་པར་དག་པའི་སྐུས་རྣམ་པར་བསྒོམས་པའོ། ། ་བདག་གི་ཡང་ལུས་དེ་དང་འདྲ་བར་འགྱུར་ཞེས་བྱ་བར་སྦྱར་རོ། །ཡང་དམ་ཚིག་རྗེས་སུ་དྲན་པའི་དབྱེ་བ་གསུངས་པ་དོན་དེ་ལ་ཞེས་བྱ་བ་ལ་སོགས་པ་སྟེ། དམ་ཚིག་ནི་རང་གི་སོ་སོར་སྣང་བའོ། །ཆོ་ག་བཞིན་ཞེས་བྱ་བ་ནི་འབར་བའི་ཨོཾ ་གྱིས་བྱིན་བརླབས་རླུང་དང་ནི་ཞེས་བྱ་བ་ལ་སོགས་པ་བཤད་པའི་རིམ་གྱིས་སོ། །བསད་ན་ཞེས་བྱ་ནི་རོ་གཅིག་པར་བྱའོ། །མ་སྐྱེས་པ་ཞེས་བྱ་བ་ནི་བྱིས་པས་བརྟགས་པའི་རྣམ་པས་སོ། །བྱང་ཆུབ་མེད་ཅིང་ཞེས་བྱ་བ་ལ་སོགས ་པས་ནི་རང་ལས་ཐ་དང་བཟློག་པར་བྱེད་པ་ཡིན་ནོ། །དེ་ཉིད་ནི་རང་བཞིན་གྱིས་འོད་གསལ་པའི་ཡེ་ཤེས་གཅིག་པུ་མཐར་ཐུགས་པའི་གནས་སྐབས་སུ་མ་རིགས་པས་ལྡོངས་པ་ལས་ལྡོག་པའི་དབྱེ་བས་བྱང་ཆུབ་མངོན་པར་རྫོགས་པ་ལ་སོགས་པའི་ངོ་བོར ་བརྟགས་པ་དང། གཞན་གྱི་དབང་དང་ཡོངས་སུ་གྲུབ་པ་ཞེས་བྱ་བ་ལ་སོགས་པ་ཆོས་ཀྱི་རིགས་པ་སྣ་ཚོགས་པ་བཞིན་དུ་རབ་ཏུ་ཤེས་ཤིང་སྟོན་པ་ཡིན་ལ། དོན་དམ་པར་ནི་དེ་ཐམས་ཅད་དབྱེར་མེད་པ་ཉིད་པ?་ཡིན་ནོ། །དེ་ཉིད་ཀྱང་ཤིན་ཏུ་གོམས་པའི་དབང་གིས ་གཉིས་སུ་མེད་པའི་ཚུལ་གྱིས་གསལ་བར་འགྱུར་པ་ཡིན་ནོ། །མཚན་མེད་ཅེས་བྱ་བ་ནི་ཕྱི་རོལ་གྱི་མཚན་མ་མེད་པའི་ཕྱིར་རོ། །རིགས་རྗེས་སུ་དྲན་པའི་རབ་ཏུ་དབྱེ་བ་ནི་ཞེ་སྡང་གི་རིགས་མཆོད་པ་རྗེས་སུ་དྲན་པའོ། །ཚེ་འདི་ཉིད་ལ་ཞེས་བྱ་བ་འདིར་ནི་ཉིན་མཚན ་གྱི་སྦྱོར་བས་ཞེས་བྱ་བར་ཤེས་པར་བྱའོ། །སྤྱིའི་དངོས་གྲུབ་གཞན་རྣམས་ནི?་འདི་ཉིད་ཀྱི་ནང་དུ་འདུས་སོ་ཞེས་བསྟན་པའི་ཕྱིར། སྐུ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་གཞན་ཕྲ་མོ་ཞེས་བྱ་བ་ནི་རིག་པ་འཛིན་པ་དང། མི་སྣང་བ་ལ་སོགས་པའི ་དངོས་གྲུབ་རྣམས་སོ། །དེ་ལྟར་ན་རྗེས་སུ་དྲན་པ་བཅུ་དྲུག་པོ་འདི་ནི་ལས་ཀྱི་མཆོག་གི་ཏིང་ངེ་འཛིན་དུ་དེ་དང་དེར་སྤྲོ་བ་ལ་སོགས་པ་རབ་ཏུ་སྟོན་པ་ཉིད་ཀུན་ཏུ་བཟང་པོ་ལས་བཤད་པ་ཡིན་ནོ། །ལེའུ་བདུན་པའི་འགྲེལ་པའོ།། །། ་དེ་ནས་བྱ་བ་ལ་སོགས་པས་བརྒྱད་པ་དམ་ཚིག་ལེའུ་གསུངས་པ་ཡིན་ཏེ། ཐར་པའི་ལམ་ནི་རབ་སྟོན་པ་ཞེས་བྱ་བ་ལ་ཐར་པའི་བྱང་ཆུབ་སྟེ། དེའི་ལམ་ནི་དཀྱིལ་འཁོར་གྱི་རྣམ་པའི་ལམ་གྱི་བདེན་པ་སྟེ། དེ་རབ་ཏུ་སྟོན་པ་ཞེས་བྱ་བའི་དོན་ཏོ། ། ་གསོལ་བ་བཏབ་པའི་རྗེས་ཐོགས་ཉིད་ལ། ལན་གསུངས་པ་ནི་དེ་ནས་རྒྱལ་པོ་རྡོ་རྗེ་འཛིན་ཅེས་བྱ་བ་སོགས་པ་གསུངས་སོ། །རྡོ་རྗེ་རིན་ཆེན་འཛིན་ཅེས་བྱ་བ་ལ། རྡོ་རྗེ་ཉིད་རིན་པོ་ཆེ་སྟེ། དེ་འཛིན་པ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་མི་ཕྱེད་གསུམ་གནས་པ ་ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་ལ་མི་ཕྱེད་པས་གནས་པའོ། །བྱོལ་སོང་སྐྱེ་གནས་བརྟག་ཅེས་བྱ་བ་ནི་བཤད་པའི་ན་ཚོད་ཀྱི་ཚང་ལས་ལྷག་པ་དང། མ་ཚང་བའང་གཟུང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །བསམ་གཏན་གྱི་གནས་སུ་གསུངས ་པ་ནི་ས་ཕྱོགས་ཞེས་བྱ་བ་ལ་སོགས་པ་སྟེ། གཙང་ཞིང་ཞེས་བྱ་བ་ལ་སོགས་པ་ནི་གཙང་སྤྲ་དང་ལྡན་པའོ། །རྒྱལ་བ་ཉིད་སྐྱེས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལས་བྱུང་བའོ། །དེ་ཡང་ཙན་དན་བཟང་པོ་ལ་སོགས་ཀྱིས ་བྱུགས་ཤིང་ཞེས་བྱ་བ་ལ་སོགས་པས་བཤད་པ་ཡིན་ནོ། །རིགས་ལྔའི་ཚོགས་སུ་བྱ་བ་གསུངས་པ་ནི་ནུ་མའི་ཞེས་བྱ་བ་ལ་སོགས་པ་སྟེ། ནུ་མའི་བར་ཞེས་བྱ་བ་ནི་སྙིང་ཁར་རོ། །གླང་པ་རྒྱས་ཀྱི་བར་ཞེས་བྱ་བ་ནི་སྤྱི་བོར་རོ། །རྐད་པའི་བར་ཞེས་བྱ་བ་ནི ་བརླ་གཉིས་ཀྱི་མཚམས་ལ་སོགས་པར་རོ། །ལྟེ་བ་དང་རྐེད་པ་དང་གསང་བར་རྒྱལ་བའི་ངོ་བོ་ཉིད་ཀྱི་ས་བོན་རིགས་ལྔའི་དགོད་པ་བྱའོ། །ཆོ་ག་ཤེས་པས་ཞེས་བྱ་བ་ནི་ལྷ་མོ་བསྐྱེད་པའི་ཡན་ལག་བཞི་ལ་སོགས་པའི་ཆོ་ག་ཤེས་པའོ། །དེ་ཉིད ་བསྟན་པ་ནི་ནམ་མཁའ་ཨི་དབྱིངས་ཀྱི་དབུས་གནས་པར་ཞེས་བྱ་བ་སྟེ། ཁང་པ་བརྩེགས་པའི་དབུས་ན་གནས་པའོ། །ཡེ་ཤེས་རྒྱ་མཚོ་ཞེས་བྱ་བ་ནི་ཤེས་རབ་པོ། །དེ་ཉིད་ཀྱེ་བདག་ཉིད་ནི་ཡེ་ཤེས་སེམས་མ་ཕྱག་མཚན་གྱི་ལྟེ་བའི་ཟླ་བའི་དབུས་སུ ་དེའི་སྙིང་ཁར་བསྒོམ་པར་བྱའོ། །དེ་ལྟར་སོ་སོར་བསྐྱེད་ནས་བདག་དང་ལྷན་ཅིག་ཏུ་བྱའོ་ཞེས་གསུངས་པ་ནི་ཞེ་བ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཞི་བ་རྡོ་རྗེ་འཛིན་ཅེས་བྱ་བ་ནི་རྣལ་འབྱོར་བའོ། །འདོད་ན་ཞེས་བྱ་བ་ནི་རྣལ་འབྱོར་པ་འདོད་ན ་དེ་ལ་བརྟེན་པའོ། །ཤེས་རབ་དེ་ཉིད་ཁྱད་པར་དང་བཅས་པར་གསལ་བར་གསུངས་པ་ནི་རིན་ཆེན་ཞེས་བྱ་བ་ལ་སོགས་པ་སྟེ། །རིན་པོ་ཆེ་སྣ་བཞིའི་རང་བཞིན་ཇི་ལྟར་མཛེས་པ་བཞིན་དུ། མཆོད་རྟེན་ཞེས་བྱ་བ་ཁང་པ་བརྩེགས་མ་བསྒོམས་ལ། དེར་ཡེ ་ཤེས་ཀྱི་རྒྱ་མཚོ་ཞེས་བྱ་བ་ཤེས་རབ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་གནས་སུ་གྱུར་པ་དེ་ཡིན་པར་རྣམ་པར་བསམ་པར་བྱའི། །དེ་ནི་འདི་ལྟར་དེ་བཞིན་རང་གི་ལྷར་འདྲ་རང་སྙིང་པོས་ཞེས་བྱ་བ་ལ་སོགས་པ་དང་སྦྱར་རོ། །ད་ནི་མཆོད་པའི་ཆོ་ག་གསུངས ་པ་ཡིན་ཏེ། དེ་བདག་གིས་སྡུ་ཞེས་བྱ་བ་ལ་སོགས་པ་ལ། ཨུཏཔའང?་ཞེས་བྱ་བ་ནི་ཐབས་ཀྱི་ཆ་རྣམ་པ་ལྔའོ། །པདྨ་ཞེས་བྱ་བ་ནི་གཟུགས་རྡོ་རྗེ་ལ་སོགས་པ་ཤེས་རབ་ཀྱི་ཆ་རྣམ་པ་ལྔའོ། །དེ་ནི་འདི་ལྟར་གཟུགས་རྡོ་རྗེ་ལ་སོགས་པ་ལྷ་མོ་ལྔས་ཡོངས་སུ་རྒྱས་པར ་བཤད་པ་ཡིན་ནོ། །ཛཱ་ཏི་རྣམ་གསུམ་ཞེས་བྱ་བ་ནི་དམན་པ་དང་བར་མ་དང་མཆོག་གི་གནས་ཀྱི་དབྱེ་བའི་བདག་ཉིད་ཅན་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེའོ། །མེ་ཏོག་ཀར་ནི་ཀར་དང་ཞེས་བྱ་བ་ལ་སོགས་པའི་མེ་ཏོག་བཞིས་ནི་སྤྱན་ལ་སོགས་པ་བཞི་ཡིན་པར་འདོད་དོ། ། ་དེ་ལྟར་ན་ལྷ་མོ་བཅུ་པོ་འདི་དག་གིས་མཆོད་པའི་སྤྲིན་ཀུན་སྤྲོ་བ་ལ་སོགས་པའི་ཚུལ་གྱིས་རབ་ཏུ་བརྟག་པར་བྱའི། མེ་ཏོག་ཇི་ལྟ་བ་ཉིད་དུ་ནི་གཟུང་བར་མི་བྱ་སྟེ། ལེའུ་བཅོ་བརྒྱད་པ་ལས་།མེ་ཏོག་ཅེས་ནི་གང་ལ་བགྱི་ཞེས་བྱ་བ་ལ། ལྷ་མོ་དགུ་དང་ནམ་མཁའ་ཨི ་དབྱིངས་ཞེས་གསུངས་པའི་ཕྱིར་རོ། །མཆོད་པའི་ཁྱད་པར་ཉིད་གསུངས་པ་ནི་དཔག་ཚད་ཅེས་བྱ་བ་ལ་སོགས་པའོ། །མཚན་མ་ཡང་མཆོད་པའི་དོན་དུ་སྤྲོ་བ་ལ་སོགས་པའི་ཚུལ་གྱིས་བསྒོམ་པར་བྱའོ་ཞེས་གསུངས་པ་ནི་པདྨ་རྡོ་རྗེ་ཞེས་བྱ་བ་ལ ་སོགས་པའོ། །གསང་བའི་མཆོད་པ་གསུངས་ནས། ཕྱིའི་མཆོད་པ་ཡང་དབུལ་བའི་རྣམ་པར་དག་པ་གསུངས་པ་ནི་རིན་ཆེན་ན་བཟའ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཕྱིའི་ཡང་སེམས་ཅན་གྱིས་ལྷག་པར་སྡརུལ་པས་སྦྱིན་པའི་ཕྱིར ་མཆོད་པ་བྱའོ་ཞེས་བྱ་བའི་དོན་ཏོ། །ཐབས་ལ་མཁས་པའི་རྣལ་འབྱོར་པས་འདོད་པའི་མཆོག་ལ་སྤྱོད་པས་ཀྱང་མཆོད་པ་དབུལ་བར་བྱའོ་ཞེས་གསུངས་པ་ནི་བདག་པོའི་ཕྱག་རྒྱར་ཞེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་ལ་སྡེ་རྣམ་པར་དག་པའི ་འདོད་པའི་བློ་ཅན་རྣམས་ལ་དབང་པོ་གཉིས་རེག་པའི་ཡང་དག་པར་སྦྱོར་བ་དེ་དབྱེར་མི་ཕྱེད་པར་བསྒོམ་པས་དབུལ་བར་བྱའོ་ཞེས་བྱ་བར་སྦྱོར་རོ། །དམ་ཚིག་ལྔ་པོས་མཆོད་པ་གསུངས་པ་ནི་ནམ་མཁའ་ཨི་དབྱིངས་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་འབྱུང ་བའི་ཁང་པ་བརྩེགས་མའི་ནང་དུ་ཆུད་པར་དཀྱིལ་འཁོར་བཀོད་པ་སྟེ། ལྷའི་ཚོགས་ཀྱིས་བདག་ཉིད་ཅན་རྣམ་པར་སྣང་མཛད་ཡོངས་སུ་གྱུར་པའི་དཀྱིལ་འཁོར་བསྒྲོམ་པར་བྱའོ། །དེའི་དབུས་སུ་བདག་གི་ལུས་དེ་བཞིན་གཤེགས ་པའི་རང་བཞིན་དུའོ། །དེ་ཉིད་ཀྱིས་ན་བླ་མའི་རང་བཞིན་གྱི་དམ་ཚིག་རྣམས་ཀྱིས་མཆོད་པར་བྱའོ། །བརྟན་པའི་བློ་ལྡན་པས་ཞེས་བྱ་བ་ནི་ཐམས་ཅད་མཉམ་པ་ཉིད་ཀྱི་བློ་དང་ལྡན་པའོ། དེ་ལྟར་ན་འདི་དག་ཐམས་ཅད་ནི་པད་ནང་རང་གི་ས་བོན་འོད་རྣམས ་ཀྱིས་ཞེས་བྱ་བ་ལ་སོགས་པས་རྫོགས་པར་བྱའོ། །དམ་ཚིག་གིས་ཡོངས་སུ་གཅོད་པ་དམ་ཚིག་གི་ལེའུའོ། །ལེའུ་བརྒྱད་པའི་འགྲེལ་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ལེའུ་དགུ་པ་གསུངས་ཏེ། སྐུ་དང་གསུང་དང་ཐུགས ་ལོངས་སྤྱོད་པ་ཞེས་བྱ་བ་ནི་བདག་ཉིད་དུ་བྱས་པའོ། །དེ་ཉིད་ནི་རྡོ་རྗེ་གསུམ་པོ་མི་ཕྱེད་པའི་དཀྱིལ་འཁོར་ཡིན་ཏེ། དེ་ལྟ་བུར་གྱུར་པ་དེ་བཤད་པའོ། །བསམ་གཏན་ལས་བྱུང་བའི་ལས་ཀྱི་ཚོགས་གསུངས་པ་ནི་ནམ་མཁའ་ཨི་ཞེས་བྱ་བ་ལ་སོགས་པ ་སྟེ། སངས་རྒྱས་དཀྱིལ་འཁོར་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཡོངས་སུ་གྱུར་པའི་དཀྱིལ་འཁོར་ཏེ། དེའི་དབུས་སུ་རྡོ་རྗེ་མི་བསྐྱོད་པ་རབ་ཏུ་བསྒོམས་ནས། དེའི་ལག་ཏུ་རྡོ་རྗེ་བསྒོམས་པར་བྱའོ། །དེ་ལྟར་ཅི་རིགས་པར་ལྟ་བཅུ་དགུ་དང་ལྡན་པའི་འཁོར་ལོ ་བསམས་ལ། བསྒྲུབ་པར་བྱ་བ་དཀོན་མཆོག་གསུམ་ལ་གནོད་པར་བྱེད་པ། དམྱལ་བ་ལ་སོགས་པར་མངོན་པར་ཕྱོགས་པ་ལ་བལྟས་ཏེ། དེ་ལས་གདོན་པར་འདོད་པའི་སྙིང་རྗེ་ཆེན་པོས་ནོན་པའི་རྣལ་འབྱོར་པས་སྡུ་བའི་དངོས་པོ་རྣམ་པ་བཞིས ་བཅོས་པར་མི་ནུས་པ་རྣམས་ལ། ཁ་སྦྱར་དབྱེ་བ་ལ་སོགས་པའི་ཆོ་གས་རྡོ་རྗེས་ཕྱེ་མར་བརླག་པར་བྱའོ། ཞེས་ཁོང་དུ་ཆུད་པར་བྱའོ། །བདེ་བའི་ཁྱད་པར་ལ་ཆགས་པས་མཐོ་རིས་ཀྱི་དོན་དུ་ཕྱུགས་ཀྱི་མཆོད་སྦྱིན་བྱེད་པ་ལ་སོགས་པ་ལྟ་བུ་ནི་མ་ཡིན ་ནོ། །དེ་བཞིན་དུ་གཞན་དག་ཏུ་ཡང་ཤེས་པར་བྱའོ། །སེམས་ཅན་ཐམས་ཅད་ཅེས་བྱ་བ་ནི། གདུག་པ་རྣམས་ཏེ། དེ་བསད་པའོ། དེ་ཡང་རྣལ་འབྱོར་པ་འདི་ལྟ་བུ་ནི་སྙིང་རྗེ་ཆེན་པོ་དང་ལྡན་པས་དེ་ལྟ་བུ་ཁྱད་པར་དུ་འཕགས་པའི་སྔགས་ཀྱི་སྦྱོར ་བའི་བསྒྲུབ་པས་བསད་པའི་མཐུས་མི་བསྐྱོད་པའི་སངས་རྒྱས་ཀྱི་ཞིང་དུ་རྒྱལ་བའི་སྲས་སུ་སྐྱེ་བར་འགྱུར་ཏེ། བསོད་ནམས་དེའི་སྟོབས་ཀྱིས་རྣལ་འབྱོར་པ་དེ་ཡང་དེ་བཞིན་དུ་རྒྱལ་བའི་སྲས་སུ་སྐྱེ་བར་འགྱུར་རོ། །དེ་ལྟར་ན་འདི་ནི་ཞེ་སྡང་གི ་རིགས་ཀྱི་དམ་ཚིག་གི་དེ་ཁོ་ན་ཡིན་པར་ཤེས་པར་བྱའོ། །རིགས་ཐམས་ཅད་ཀྱི་རྒྱ་མཚོ་ཞེས་བྱ་བ་ནི་གཏི་མུག་ལ་སོགས་པའི་རིགས་ཀྱི་རྣལ་འབྱོར་པ་ལ་ཡང་ཆོ་ག་འདི་ལྟ་བུར་དམ་ཚིག་འགལ་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །སེར་སྣས་བསྒྲུབས ་པའི་ཡི་དགས་ལ་སོགས་པའི་འགྲེ་བ་དགག་པར་བྱ་བའི་ཕྱིར། མ་བྱིན་པར་ལེན་པ་རྣམ་པར་དག་པ་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། འཁོར་ལོའི་དཀྱིལ་འཁོར་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱིའོ། །སངས་རྒྱས་ཐམས་ཅད་ཅེས་བྱ ་བ་ནི་དཀྱིལ་འཁོར་པའི་ལྷ་རྣམས་རྣམ་པར་བསྒོམ་པར་བྱ་བ་སྟེ། འདི་དག་ཀྱང་ཐམས་ཅད་དུ་ཤེས་པར་བྱའོ། །རིན་ཆེན་ཀུན་གྱི་ཞེས་བྱ་བ་ནི་རྫས་རྣམས་ཀྱི་སྟེ། སྦྱོར་བ་ཡིས་ཞེས་བྱ་བ་ནི་རྒྱུས་སོ། །རྡོ་རྗེའི་གཟུགས་ནི་སངས་རྒྱས་ཀྱི་གཟུགས་ཏེ། ་རབ་ཏུ་བརྟག་པ་ནི་དེའི་ངོ་བོ་ཉིད་དུ་སེར་སྣ་ཅན་ཐམས་ཅད་དོ། །དེ་ལས་ནོར་རྣམས་ཐམས་ཅད་སྐུ་ལ་སོགས་པའི་རྡོ་རྗེས་དབྲོག་པར་བསྒོམ་པར་བྱའོ། །དེ་ལས་ནོར་ཐམས་ཅད་ཕྲོགས་ནས་ཀྱང། ཡང་དེ་ནོར་དང་ལྡན་ཞིང་ཡིད་བཞིན་གྱི་ནོར་བུ་དང ་འདྲ་བར་སྦྱིན་པ་པོར་འགྱུར་ཞིང་རྣལ་འབྱོར་པ་རྣམས་ལ་ཡང་འདི་ལྟ་བུའི་བསོད་ནམས་ཀྱི་ཚོགས་སྐྱེ་བར་འགྱུར་ཏེ། བསམ་པ་ཡོངས་སུ་དག་པ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། བྱང་ཆུབ་སེམས་དཔའ་ཨི་ཀུན་རྟོག་ལས། །དགེ་བ་འམ་ཡང་ན་མི་དག ་བ། །ཐམས་ཅད་དགེ་བ་ཉིད་དུ་གྱུར་ཏེ། གང་ཕྱིར་དེ་ཡིད་དབང་གྱུར་ཡིན་ཞེས་བཤད་པ་ལྟ་བུའོ། །གཏི་མུག་ལ་སོགས་པའི་དམ་ཚིག་གི་དེ་ཁོ་ན་ཉིད་འདི་ནི་ཞེ་སྡང་གི་རིགས་ཀྱི་རྣལ་འབྱོར་པ་རྣམས་ལ་ཡང་དགག་པ་མེད ་པ་ཡིན་ནོ། །ཕྲག་དོག་ཅན་གྱི་སྐྱེས་བུ་རྣམས་རྗེས་སུ་གཟུང་བར་བྱ་བའི་ཕྱིར། འདོད་པས་ལོག་པར་གཡེམ་པའི་སྤྱོད་པ་རྣམ་པར་དག་པ་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། པདྨའི་དཀྱིལ་འཁོར་ནི་པདྨའི་རིགས་ཀྱི་དཀྱིལ་འཁོར་ཏེ། ་བུད་མེད་ལྟ་བུར་ཡང་དག་པར་སྦྱོར་བར་ཁམས་གསུམ་ན་གནས་པ་ཐམས་ཅད་བསྒོམ་པར་བྱའོ། །དམ་ཚིག་བཞིའི་སྦྱོར་བ་ཡིས་ཞེས་བྱ་བ་ནི་དུས་བཞིའི་སྦྱོར་བ་འམ། ཕྱག་རྒྱ་བཞིའི་སྦྱོར་བ་དང། དབང་པོ་གཉིས་ཀྱི་སྦྱོར་བས་བུད་མེད་དེ་དག ་ཐམས་ཅད་ཉེ་བར་སྤྱད་པར་བྱའོ་ཞེས་བའོ། །གལ་ཏེ་བྱང་ཆུབ་ཀྱི་སེམས་ལ་དམིགས་ནས་བུད་མེད་འགའ་ཞིག་རྗེས་སུ་ཆགས་པར་གྱུར་ན་དེའི་ཚེ་འདི་ལ་ཡང་རྣམ་པར་དག་པ་འདི་ཉིད་ཀྱིས་དེས་ཉེ་བར་ལོངས་སྤྱད་པར་བྱའོ། །འདི་ནི་འདོད་ཆགས ་ཀྱི་རིགས་ཀྱི་དམ་ཚིག་སྟེ། སྦྱོར་བ་གཞན་དག་ལ་ཡང་ཤེས་པར་བྱའོ། །དེ་ལྟར་ན་ལུས་ཀྱི་ལས་རྣམ་པ་གསུམ་རྣམ་པར་དག་པ་བསྟན་ནས། རྫུན་དུ་སྨྲ་བ་རྣམ་པར་དག་པར་བྱ་བའི་ཕྱིར་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། རྡོ ་རྡོ་ཐོགས་མེད་ཅེས་བྱ་བ་ནི་གདོན་མི་ཟ་བར་གྲུབ་པ་སྟེ། གཞན་དག་ལ་ཕན་པར་བྱ་བའི་ཕྱིར། ལྷའི་འཁོར་ལོ་དང་ལྡན་པའི་རྫུན་དུ་སྨྲ་བ་དེ་ཉིད་ནི་རྡོ་རྗེའི་ཚིག་སྟེ། དེ་ཉེ་བར་མཚོན་པའི་ལྷ་ཐམས་ཅད་ཀྱི་གཟུགས་བསྒོམ་པར་བྱའོ། །ནམ་མཁའ་ཨི ་གསུང་ཞེས་བྱ་བ་ནི་གསུང་གི་རང་བཞིན་གྱི་དམིགས་སུ་མེད་པའི་ཡེ་ཤེས་སོ། །དེ་ཉིད་ཀྱིས་ནི་ཤིན་ཏུ་དྲི་མ་མེད་པའོ། །འདི་ནི་དམ་ཚིག་དགུག་པའི་ཕྱིར་རིགས་ཀྱི་དམ་ཚིག་དེ་ཁོ་ན་ཉིད་དེ། སྦྱོར་བ་གཞན་དག་ལ་ཡང་སྦྱར་བར་བྱའོ། ། ་ཚིག་རྩུབ་མོ་སྨྲ་བ་ལ་སོགས་པའི་རྣམ་པར་དག་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དམ་ཚིག་ནི་འདའ་བར་མི་བྱ་བའི་མཉམ་པ་ཉིད་ཀྱི་ངོ་བོ་ཉིད་དེའི་དཀྱིལ་འཁོར་རོ། །དེ་ལྟར་དཀོན་མཆོག་དཔལ་བདག་པོར་རབ་ཏུ་བསྒོམས་ལ། སངས་རྒྱས་ཀུན ་གྱིས་ཞེས་བྱ་བ་ལྟ་རྣམས་ཀྱིས་ཕན་ཚུན་རྩུབ་མོའི་དག་ལ་སོགས་པ་འདི་དག་སྟེ། ཚིག་དེ་གདུལ་བྱའི་སྐྱེ་བོ་རྣམས་ལ་ཕན་གདགས་པར་བྱ་བའི་ཕྱིར་སྤྲོ་བར་བྱའོ། །སོགས་པའི་སྒྲ་ལ་སོགས་པ་འདི་དག་གིས་ནི་སྟོང་པ་ཉིད་དུ་རྩོད་པ་ལ་སོགས་པ་གཟུང ་སྟེ། དེས་ལྷ་རྣམས་ཀྱི་འཁོར་ལོ་བསྟེན་ན་བླ་ན་མེད་པའི་ཡེ་ཤེས་འཐོབ་པར་འགྱུར་རོ། །དེ་ལྟར་ན་འདིས་ནི་དག་གི་ལས་རྣམ་བཞི་རྣམ་པར་དག་པ་གསུངས་ནས་ནི་སེམས་རྣམ་པར་དག་པ་ནི་ལུས་དང་དག་གི་ལས་ཡིན་ལ། སེམས་རྣམ་པར་དག་པར་བྱེད་པ་ནི ་གཞན་དག་མེད་དེ། དེ་བས་ན་བདག་ཉིད་དེ་རྣམ་པར་དག་པར་བྱེད་པ་ཡིན་ནོ། །སེམས་རྣམ་པར་དག་པ་དེ་ཡང་དེ་དང་དེར་མང་དུ་གསུངས་པ་ཉིད་ཡིན་ནོ། །གནོད་སེམས་ལ་སོགས་པ་ཡིད་ཀྱི་མི་དགེ་བ་རྣམ་པ་གསུམ་རྣམ་པར་དག་པ་ནི་འདིར་མི་གསུངས་སོ། ། ་དོན་འདི་ཉིད་ཀྱིས་ནི་རྗེས་སུ་མཐུན་པའི་འགྲོ་བའི་དོན་རྣམས་དང་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་བཞི་སྨོས་པ་ཡིན་ནོ། །མ་འོངས་པའི་འགྲོ་བ་རྣམས་ཀྱིས་ཁོང་དུ་ཆུད་པར་བྱ་བའི་ཕྱིར། ངོ་མཚར་ལ་སོགས་པ་བརྗོད་པ་གསུངས་པ་ནི་དེ་ནས་ཞེས་བྱ ་བ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དམ་ཚིག་གི་རྡོ་རྗེ་ནི་གདོན་མི་ཟ་བར་གྲུབ་པའོ། །དཔལ་ནི་སྒྲིབ་པ་ཐམས་ཅད་སེལ་བ་སྟེ། དེ་ལ་སོགས་པ་པོས་ཏེ། དེ་ནས་རྡོ་རྗེའི་ཚིག་འདི་སྨྲས་ཞེས་བྱ་བར་སྦྱར་རོ། །རྨད་བྱུང་ཆེན ་པོ་ཞེས་བྱ་བ་ནི་གལ་ཏེ་འདིས་ནན་ཏན་དུ་བྱས་ནས་ཤེས་པར་བྱ་བ་ཡིན་པའི་ཕྱིར་རོ། །དག་པ་ལས་ཞེས་བྱ་བ་ནི་འགལ་བའི་ལས་རྣམ་པར་དག་པ་ཡིན་པའི་ཕྱིར་རོ། །ཀུན་རྫོབ་ཅེས་བྱ་བ་ནི་སྦྱོར་བ་འདི་ནི་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ཡང། གཟུང་བ་ལ ་སོགས་པ་སྦྲོས་པ་སྣ་ཚོགས་བ་དེ་ནི་ཀུན་རྫོབ་ཡིན་ནོ། །ཇི་སྐད་དུ་སུམ་ཅུ་པ་ལས་ཀྱང། བདག་དང་ཆོས་སུ་ཉེར་འདོགས་པ། །སྣ་ཚོགས་དག་ནི་གང་བྱུང་པ། །དེ་ནི་རྣམ་པར་ཤེས་པར་གྱུར་ཅེས་བཤད་པའི་ཕྱིར་རོ། །ལེའུ ་དགུ་པའི་འགྲེལ་པའོ།། །།ལེའུ་བཅུ་བར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཡང་དག་པར་བསྐུལ་བ་བསྟན་པ་གསུངས་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། གང་ན་ཡང་མི་གནས་མཉམ་པ་ཉིད་ཅེས་བྱ ་པ་ནི་མཉམ་པ་ཉིད་ཀྱིས་གང་ན་ཡང་མི་གནས་བ་སྟེ། རྟེན་དང་བརྟེན་པ་པོར་གྱུར་པས་མཉམ་པ་ཉིད་དུ་གྱུར་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་བོ། །དེ་ཉིད་ཀྱི་སྔགས་ཀྱི་ཚུལ་རྡོ་རྗེ་སྟེ་རྡོ་རྗེའི་འཛིན་པ་ལྟ ་བུའོ། །དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ། །ཞི་བ་ལ་སོགས་པའི་སྒྲོ་ནས་བསྐུལ་བས་དེ་ཁོ་ན་ཉིད་ཀྱི་ལས་མཛད་པས་ན་རིག་པའོ། །དེ་ཡང་ཇི་སྐད་དུ་ཞི་བ་ལ་སོགས་པས་རབ་བསྐུལ་བའི། ལས་རྣམས་བྱེད་པར་རིག་པར ་བཤད་ཅེས་བཤད་པ་ལྟ་བུའོ། །སྔགས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པ་ནི་དེ་བཞིན་གཤེགས་པ་སྟེ། དེ་རྣམས་ཀྱི་སྙིང་པོ་ཀུན་ཏུ་བསྐུལ་བ་ནི་དྲག་པོས་ཀྱང་ངོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས ་པས་ནི་སྐུའི་སྒོ་ནས་རྩོམ་པའི་སྔགས་ཀྱི་རྣམ་པར་དག་པ་སྟོན་ཏེ། གསུང་དང་ཐུགས་སུ་ཡང་མངོན་པར་བརྗོད་པ་ནི་དེ་དང་ཐ་མི་དད་པའི་ཕྱིར་རོ། །དེ་བཞིན་དུ་རྡོ་རྗེ་འཛིན་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་ཐུགས་ཀྱི་སྒོ་ནས་སོ། ་གསུང་གི་སྒོ་ནས་ཀྱང་སྔགས་རྣམ་པར་དག་པ་གསུངས་པ་ནི་ཚིག་གི་ལམ་ངེས་པར་བརྗོད་པ་ཞེས་བྱ་སྟེ། ཚིག་མེད་ཅིང་ཚིག་དང་ལྡན་པ་མེད་དུ་ཟིན་ཀྱང། ཚིག་གི་ཉེ་བར་དགོང་བས་གསུངས་པའོ། །འདར་ཞིང་ཞེས་བྱ་བ་ལ ་སོགས་པས་ནི་སྔགས་ཀྱི་ཆེ་བའི་བདག་ཉིད་གསུངས་པ་ཡིན་ཏེ། སྔགས་འདི་ལྷ་མོ་དང་རྡོ་རྗེ་ཅན་གྱིས་རྣལ་འབྱོར་པས་བཟླས་ན། འདི་ལྟ་བུའི་མཐུ་འདི་སྙེད་དང་ལྡན་ནོ་ཞེས་བྱ་བའི་དོན་ཏོ། །ད་ནི་རྒྱལ་བ་སྐྱེད་པར་བྱེད་པའི་ཡུམ་གྱི་སྐུ་སྐྱེད་པར་བྱེད་པའི ་རྒྱུད་ཟླ་བ་གཉིས་ཀྱིས་རྗེས་ཐོགས་ལ། ཧཱུཾ་དང་ལྡན་པའི་རྡོ་རྗེ་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དཀྱིལ་འཁོར་བཀོད་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་བཀོད་པའི་ངོ་བོ་ཉིད་རྣམ་པར་སྣང་མཛད་ཡོངས་སུ་གྱུར་བའི་དཀྱིལ་འཁོར་རོ། དེའི ་ཞེས་བྱ་བ་ནི་དབུས་མའི་ཟླ་བའི་གདན་ལ་ཟླ་བ་གཉིས་སུ་ཡོངས་སུ་གྱུར་པ། དེའི་སྟེང་དུ་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པའོ། །རང་གི་གཟུགས་སུ་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པའི་རྡོ་རྗེའི་གཟུགས་དང་གཅིག་ཏུ་བྱས་པའོ། །ཇི་སྐད་དུ་དཔལ་མཆོག་དང་པོའི ་སྙིང་པོ་ལས་བྱུང་བ་ཞེས་བྱ་བ་ནས། དང་པོའི་སྙིང་པོའི་མགོན་བཅས་བསྒོམས་ནས་ནི་ཞེས་བྱ་བའི་བར་གྱིས་བཤད་པ་ཡིན་ནོ། །སངས་རྒྱས་ཀྱི་ནི་ཞེས་བྱ་བ་ལ་སོགས་པས་ནི་དེའི་ང་རྒྱལ་སྤངས་ནས་དེ་ལས་རྡོ་རྗེ་འཛིན་པ་བསྐྱེད་པར་གསལ་བར ་མཛད་པ་ཡིན་ནོ། །ཇི་སྐད་དུ། ང་རྒྱལ་དེ་ལྡན་མཛའ་ཡས་སྤྲུལ་བ་ཡིན། ཞེས་བྱ་བ་ལ་སོགས་པས་བཤད་པ་ཡིན་ནོ། །ད་ནི་དཀྱིལ་འཁོར་གདོན་པའི་ཕྱིར། དང་པོ་སྟོང་ཉིད་བྱང་ཆུབ་སྟེ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུངས་པའི་ཐུན་མོང ་གི་བསྙེན་པའི་དོན་དུ་པདྨའི་ནང་དུ་དཀྱིལ་འཁོར་སྤྲུལ་བ་གསུངས་པ་ནི་རང་གི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་གསུངས་ཏེ། དེ་རང་སྔགས་ཀྱིས་ཞེས་བྱ་བ་ནི་བདག་པའི་ས་བོན་ཉིད་ཀྱིས་རང་གི་དཀྱིལ་འཁོར་སྤྲུལ་པ་ཡིན་གྱི། ལྟ་རྣམས ་ཀྱིས་སོ་སོའི་ས་བོན་གྱིས་ནི་མ་ཡིན་ཏེ། ཐ་མི་དད་པར་ཉེ་བར་བཟུང་བ་ལ་ཐ་དད་བར་ཐལ་བར་འགྱུར་ཞིང་སྔགས་གཅིག་བཟླས་པས་ཐམས་ཅད་ཀྱི་སྔགས་བཟླས་པར་མི་འགྱུར་བའི་ཉེས་པར་ཐལ་བར་འགྱུར་རོ། །དེ་སྐད་དུ་རང་གི་སྙིང་པོ་ལས་བྱུང ་མ་ལུས་པའི། རང་གི་དཀྱིལ་འཁོར་བའི་གཟུགས་བསམས་ལ་ཞེས་བཤད་པ་ཡིན་ནོ། །ང་ནི་བཤད་མ་ཐག་པའི་དྲག་པོའི་བསྐུལ་བ་དང། འབྲེལ་བའི་དོན་སྟོན་ཅིང་མངོན་པར་རྟོགས་པ་ཡང་གསུངས་པ་སྟོན་ཏེ། ་རང་སྔགས་སྐྱེས་བུ་ཞས་བྱ་བ་ནི་རང་གི་ས་བོན་གྱི་བདག་ཉིད་ཅན་གྱིས་སྐྱེས་བུ་བསམ་ལ། གནས་བཞི་རྣམས་སུ་ཞེས་གསུངས་པ་ནི་ལྷ་མོའི་ལྟ་བ་དང། དབུ་དང། ལྐོག་མ་དང། ནུ་མ་གཉིས་ཀྱི་བར་དུའོ། །གཟུགས་ཀྱི་ཚུལ་ཞེས་བྱ་བ་ནི་རྡོ་རྗེ ་འཛིན་པ་ལ་སོགས་པ་སྟེ། ཞལ་གསུམ་ལྟ་བུའི་སྦྱོར་བས་ཁ་དོག་གསུམ་དུ་རབ་ཏུ་བསྒོམ་པར་བྱའོ། །འདི་དག་གིས་ནི་ཕྱག་རྒྱ་བཞི་གསུངས་པ་ཡིན་ནོ། །སྙིང་ཁའི་དབུས་སུ་ཞེས་བྱ་བ་ནི་རང་རང་གི་མཚན་མའི་དབུས་སུ་ཆུད་པའོ། །ཕྲ་མོའི ་དཀྱིལ་རྣམས་ནི་ཞེས་བྱ་བ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཡེ་ཤེས་སེམས་དཔའ་ཨི་དཀྱིལ་འཁོར་དུ་བསམ་པའོ། །ང་ནི་ཇི་སྐད་དུ་རང་སྙིང་ཟླའི་རྡོ་རྗེ་ལྟེ་བའི་དབུས་སུ་གནས་ཡི་གེ་ཧཱུཾ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །དེའི་ཞེས་བྱ་བ ་ནི་མཚན་མའིའོ། །དབུས་སུ་བསམ་པར་བྱ་བ་ནི་རང་རང་གི་ས་བོན་གྱི་ཡི་གེ་སྟེ། ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི་ཚིག་བསམ་པར་བྱའོ། །རྗེས་སུ་མཐུན་པའི་ས་བོན་ཡོངས་སུ་གྱུར་པའི་མཚན་མ་ཕྲ་མོ་བསྟན་པའི་ཕྱིར་གསུངས་པ་ནི་རྡོ་རྗེ ་ཆེན་པོ་ཞེས་བྱ་བ་ལ་སོགས་པའོ། །རྟག་ཏུ་ཞེས་བྱ་བ་ནི་ཐུན་མཚམས་བཞིར་རོ། །སྦྱོར་བས་ཞེས་བྱ་བ་ནི་ཏིང་ངེ་འཛིན་གསུམ་གྱི་སྦྱོར་བ་སྟེ། དེ་ལས་བྱུང་བའི་སྐུ་ལ་སོགས་པའི་རྡོ་རྗེ་གསུམ་རྣམ་པར་བསམ་པར་བྱའོ། །རྡོ་རྗེ་ཀྱོ་བའི་ཁྱད་པར་གྱིས ་ཞེས་བྱ་བ་ནི་འོད་ཟེར་གཟུགས་ཅན་དགུག་པའི་རྡོ་རྗེ་ལྕགས་ཀྱུ་རྡོ་རྗེའི་དབྱེ་བ་སྟེ། ལྕགས་ཀྱུ་དེས་ལྷ་རྣམས་ཀྱི་སྙིང་ཁར་དགུག་པའི་ཕྱིར་བརྡབ་པར་བྱ་འམ། ལྷ་རྣམས་ཉིད་རབ་ཏུ་བསྐུལ་བར་བྱའོ། །དོན་འདི་ཉིད་རབ་ཏུ ་བསྒྲེ་བའི་ཕྱིར་གསུངས་པ་ནི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེའི་ངོ་བོ་ཉིད་ནི་པདྨའི་རིགས་སོ། །སོགས་པ་ཞེས་སྨོས་པ་ནི་འཁོར་ལོའི་རིགས་ཏེ། འདི་དག་ཀྱང་རྡོ་རྗེའི་བདག་ཉིད་ཅན་ཡིན་ལ། རང་རང་གི་མཚན་མ་ལྕགས་ཀྱུ་དང་སྙིང་ཁར་བསྐུལ་བ། དགུག་པའི ་ཕྱིར་བསྒོམ་པར་བྱའོ། །རོལ་མོ་ལས་བྱུང་བ་ཞེས་བྱ་བ་ནི་ཀུན་ཏུ་གཟིགས་པ་ལ་སོགས་པ་སེམས་ཅན་གྱིས་དོན་གྱི་བྱ་བ་ནི་རོལ་མོ་སྟེ། འདི་ལས་བྱུང་བ་ཞེས་བྱ་བའི་དོན་ཏོ། །ཞག་བདུན་ཞེས་བྱ་བ་ལ་སོགས་པས་ནི་ཐེག་པའི་ཆེ་བ་ཉིད་སྟོན་ཏོ། །དོན་ནི་འདི་ཡིན ་ཏེ། དམ་ཚིག་གསུམ་གྱི་རྣལ་འབྱོར་པ་བཤད་མ་ཐག་པའི་ཡི་གེ་ལྔའི་སྔགས་ཟློས་པ་དཔལ་ལྡན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་དང། སྔགས་ལ་སོགས་པ་འདིས་བསྐུལ་ན། དམ་ཚིག་ལས་འདས་པའི་འཇིགས་པས་སངས་རྒྱས་རྣམས ་གཟིགས་པ་མཛད་པ་ཉིད་དུ་ཡང་འགྱུར་རོ་ཞེས་པའོ། །དེ་ལྟར་བཤད་པ་དེ་ཉིད་གསལ་བར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་ཀྱི་སྐྱེས་བུ་ནི་ལྷ་རྣམས་སོ། །རྡོ་རྗེ་གསུམ་ནི་སྐུ་ལ་སོགས་པའི་རྡོ་རྗེའོ། །ཡེ་ཤེས་ནི་ཡེ་ཤེས་སེམས ་དཔའ་སྟེ། དེས་རྫོགས་པའོ། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་དུ་བལྟ་བར་བྱའོ། །འདི་དག་ཀྱང་མཆོག་གི་བསྙེན་པ་ཉིད་ཡིན་ནོ། །དངོས་གྲུབ་ཕྲ་མོ་དག་ལ་ཡང་གཅིག་དང་གཉིས་དང་གསུམ་རྫོགས་པར ་བྱ་སྟེ། གཅིག་པུ་ནི་སྙོམས་པར་ཞུགས་པ་མ་ཡིན་པ་དག་ཀྱང་བསྒོམ་པར་བྱའོ། ཞེས་ཤེས་པར་བྱའོ། །རིག་མའི་དབང་ཕྱུག་ཅེས་བྱ་བ་ནི་རང་སྣང་བའི་ཤེས་རབ་བོ། །ཞུགས་པ་ལ་ཞེས་བྱ་བ་ནི་བསྒོམ་པའོ། རྡོ་རྗེའི་སྦྱོར་བ་ནི་རྡོ་རྗེ་དང་པདྨ་སྟེ་ཡང་དག ་པར་སྦྱོར་བ་བསྒོམ་པར་བྱའོ། །འདི་ནི་ཞེས་བྱ་བ་ནི་རིགས་ལྔའི་ཚོགས་ཐ་མི་དད་པར་བསྒོམ་པར་བྱ་ཞིང། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་བུད་མེད་ཇི་སྙེད་ཡོད་པ་དེ་ཐམས་ཅད་ཕྱག་རྒྱ་ཆེན་པོའི་སྦྱོར་བས་ཉེ་བར་སྤྱད་པར་བྱ་བ་སྟེ། ཕྱག་རྒྱ་ཆེན་པོ་ནི ་སྐུ་མདོག་དང་དབྱིབས་ཀྱི་བདག་ཉིད་ཅན་ནོ། །སོགས་པའི་སྒྲས་མཚན་མའི་ཕྱག་རྒྱ་དང། ཕྱག་རྒྱ་བཞི་ལ་སོགས་པ་གཟུང་བར་བྱའོ། །ལེའུ་བཅུ་པའི་འགྲེལ་པའོ།། །།ང་ནི་དེ་ནས་ཞེས་བྱ་བ་ལ་སོགས། ་པས་ལེའུ་བཅུ་གཅིག་པ་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ནི་སྔགས་ཡིན་ལ། དེའི་ངོ་བོ་ཉིད་ཀྱི་རྡོ་རྗེ་དང། དེའི་ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པའི་ས་བོན་ཏེ། དེ་ལས་བྱུང་བའི་རིག་པའི་སྐྱེས་དུ་སྟེ། དེ་སྟོན་པར་བྱེད་པའི ་ལེའུ་བཅུ་གཅིག་པ་འདི་གསུངས་པའོ། །རྡོ་རྗེ་གསུམ་གྱི་ཡི་གེ་ནི་ཨོཾ་ལ་སོགས་པའོ། །དེ་ཉིད་ནི་སྔགས་ཀྱི་མཆོག་སྟེ། དེས་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ནི་མདོན་པར་འདོད་པའི་ལྷ་རྣམ་པར་བསྒོམ་པར་བྱ་ཞིང་བསྐྱེད་པར་བྱའོ། །ཡེ་ཤེས་རྡོ་རྗེ ་ཞེས་བྱ་བ་ནི་ཟླ་བཞུ་བས་གླུ་ཡིས་བསྐུལ་བ་ལ་སོགས་པ་གཞན་དག་ཏུ་གསུངས་པ་འདིར་སྦྱར་བར་བྱའོ། །དེ་ཉིད་ནི་ཨོཾ་ཨ(རྒྱུད་འགྲེལ་དབང་ཉིད་ཀྱི་སྐུ་རྡོ་རྗེ་ལ་སོགས་པའི་རྣམ་པར་དག་པའི་ངོ་བོར་གསུངས་པ་ནི་ཨོཾ་ནི་ཞེས་བྱ་བ་ལ་སོགས་པ་སྟེ། ཡི་གེ་ཧཱུཾ་ནི་ཐུགས་རྡོ་རྗེའི་ངོ་བོ་ཉིད་ཡིན་དུ་ཟིན་ཀྱང་ཕན་ཚུན་ཐ་དད་པ་དང་བྲལ་བའི་ངོ་བོ་ཉིད་ཡིན་པས། སྐུ་གསུང ་ཐུགས་ཡིན་པས་ཏེ་ཞེས་བྱ་བ་གསུངས་པ་ཡིན་ནོ། །འཁོར་ལ་སོགས་པའི་རིམ་གྱིས་གཞལ་ཡས་ཁང་གི་ས་བོན་ཟླ་བ་ལ་གནས་པའི་ཡི་གེ་བྷྲུཾ་བཤད་པའི་ཕྱིར་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཀུན་ལས་སྐྱེས་ཞེས ་བྱ་བ་ནི་སྣ་ཚོགས་རྡོ་རྗེ་རྩེ་གསུམ་པ་ཁ་བཞི་པ་སྣ་ཚོགས་པདྨ་ལ་གནས་པའོ། །ཇི་སྐད་དུ་དབུས་གནས་པ་པདྨ་དེར་ནི་སྣ་ཚོགས་རྡོ་རྗེ་མཛེས་ཞེས་སྨོས་པ་ཡིན་ཏེ། དེར་སྐྱེས་པ་ཞེས་བྱ་བའི་དོན་ཏོ། །སྔགས་ཀྱི་བཟླས་བརྗོད་དང་འབྲེལ་པའི ་ཡི་གེ་གསུམ་པོ་གདན་དང་བཅས་པ་གསུངས་པ་ནི་རྡོ་རྗེ་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་དང་གསལ་བའི་ཆོས་ཀྱི་དཀྱིལ་འཁོར་རྣམས་ཏེ། ཟླ་བའི་དཀྱིལ་འཁོར་དེ་དག་ལ་གནས་པ་ནི་ཡི་གེ་ཨོཾ་ཨཱ(རྒྱུད་འགྲེལ་བཟླས་པར་བྱའོ། །ལྷག་མ་ཡེ་ཤེས་སེམས་དཔའ་ཨི་དབང་ཆེན་གྱི་དཀྱིལ་འཁོར་ལ་གནས་པའོ། །དེ་ཡང་རྡོ་རྗེ་གསལ་ཆོས་འཁོར་ལོ་དེ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེར་ཆུད། །གནས་སུ་དེ་ནི་བརྟན་པར་བྱས་ནས་ནི། །ཡེ་ཤེས་སྐུ་ནི་སྤྲོ་ཤིང་བཟླས ་བརྗོད་བྱ་ཞེས་བཤད་པའོ། །ཡང་ན་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཉིད་ནི་མི་ཕྱེད་པ་ཉིད་ཡིན་པས་ན་རྡོ་རྗེའི་དཀྱིལ་འཁོར་རོ། །འོད་དཔག་ཏུ་མེད་པའི་དཀྱིལ་འཁོར་ཉིད་ནི་བེམ་པོ་མ་ཡིན་པས་ན་གསལ་བའི་དཀྱིལ་འཁོར་རོ། །མི་བསྐྱོད ་པའི་དཀྱིལ་འཁོར་ཉིད་ནི་ཆོས་བདག་མེད་པའི་ངོ་བོ་ཉིད་ཡིན་པས་ན་ཆོས་ཀྱི་དཀྱིལ་འཁོར་ཏེ། དེ་རྣམས་ཀྱི་འཁོར་ལོ་པ་གནས་བ་ནས་རིམ་པ་ཇི་ལྟ་བ་བཞིན་དུ་ཡི་གེ་ཨོཾ་ཨཱ(རྒྱུད་འགྲེལ་པའི་ཕྱིར་རྡོ་རྗེའི་དཀྱིལ་འཁོར་དབུས་གནས་པར་ཞེས་བྱ་བ་ནི་མི་བསྐྱོད་པའི་དཀྱིལ་འཁོར་ཉིད་དོ། །ོཾ་ཞེས་བྱ་བ་རབ་ཏུ་བསྒོམ། གསལ་བའི་དཀྱིལ་འཁོར་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཉིད་དོ། །ཡི་གེ་ཨ་ནི་རྣམ་པར ་བསམ། ཆོས་ཀྱིས་ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པའི་དཀྱིལ་འཁོར་དེ་ཉིད་དེ། ཧཱུཾ་གི་རྣམ་པར་བསྒོམ་པར་འདོད་པ་དེ་ནི་རིགས་པ་མ་ཡིན་ཏེ། ཕན་ཚུན་ཐ་མི་དད་པ་ཡིན་པ་མང་དུ་སྨྲས་ཟིན་པ་ཡིན་པའི་ཕྱིར་རོ། །བཤད་མ་ཐག་པའི་ཡི་གེ་བྷྲུཾ་ཡོངས ་གྱུར་པའི་ཁང་པ་རྩེགས་མ་གསུངས་པ་ནི་ཡི་གེ་བྷྲུཾ་གྱི་གནས་བསྒོམ་སྟེ་ཞེས་བྱ་བ་སྟེ། འཁོར་ལོ་ལ་སོཊ་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཞེས་བྱ་བར་ཤེས་པར་བྱའོ། །ད་ནི་སྔར་བཤད་པའི་ཐུགས་ཀྱི་བདག་ཉིད་ཅན་གྱི་ཡི་གེ་གསུམ་པོ་ཧོ་ཞེས་བྱ་བའི་དབུས་སུ་གནས་གསུངས་པ་ནི ་སྙིང་པོ་དུས་གསུམ་སངས་རྒྱས་ཀྱི་ཞེས་བྱ་བ་ཡིན་ཏེ། དེ་གང་ཡིན་ཞེ་ན། སྐུ་དང་གསུང་དང་ཐུགས་ཀྱི་ངོ་བོ་ཡི་གེ་གསུམ་པོ་རྡོ་རྗེ་འཛིན་པའི་ཡབ་དང་ཡུམ་གྱི་རང་བཞིན་ཏེ། མཉེས་པར་བྱེད་པ་ནི་ཡི་གེ་ཧོ་དམར་པོ་གཉིས ་ཞེས་བྱ་བའི་བར་དུའོ། །ཡང་ཇི་སྐད་དུ་འོད་ལྡན་ཏོ་དང་སྤེལ་བ་ཆོ་ག་བཞིན་ཞེས་སྨོས་པ་ཡིན་ནོ། །གང་སྔར་རྡོ་རྗེ་གསུམ་གྱི་གནས་བསྒོམ་པ་ཞེས་གསུངས་པ་དེའི་དོན་གནས་ནི་ཡི་གེ་གསུམ་ཀྱི་མཚན་ཉིད་ཅན་ཏེ། སྐུ་རྡོ་རྗེ་ལ་སོགས་བསྐྱེད་པའི ་ས་བོན་གསུངས་པ་ནི་ཨོཾ་ཞེས་བྱ་བ་ལ་སོགས་པ་སྟེ། ཨོཾ་ནི་སངས་རྒྱས་སྐུའི་ཞེས་བྱ་བ་ནི་སྐུ་རྡོ་རྗེའིའོ། །མཆོག་ནི་བསྐྱེད་པའི་ས་བོན་བསྒོམ་པར་བྱའོ། །དེ་བཞིན་དུ་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེ་དགལ་ནི་ཡི་གེ་ཨ(རྒྱུད་འགྲེལ་པར་གསུངས་པ་ནི་ཨཱ་ནི་ཞེས་བྱ་བ་ལ་སོགས་པའོ། །ཡེ་ཤེས་ཞེས་བྱ་བ་ནི་རྣལ་འབྱོར་པས་བསྐྱེད་པའོ། །དམ་ཚིག་ཅེས་བྱ་བ་ནི། དམ་ཚིག་སེམས་དཔའ་སྐྱེད་པར་བྱེད་པའི་མིག་ལ་སོགས་པ་བྱིན་གྱིས་རློབ་པར་བྱེད་པའི་དམ་ཚིག་དང ་བཅས་པ་སྟེ། རྡོ་རྗེ་གསུམ་པོ་འདི་དག་ནི་སྔགས་ཀྱི་རིག་པ་ཞེས་བྱ་བར་བསྒྲགས་པའོ། །དངོས་གྲུབ་ཕྲ་མོའི་ཁྱད་པར་ལས་དུམ་བུ་བསྟན་པའི་ཕྱིར། དབེན་ཞིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསལ་བའི་དཀྱིལ་འཁོར་ནི་ཟླ ་བའི་དཀྱིལ་འཁོར་རོ། །དེར་རང་གི་སྔགས་ཀྱི་དམ་ཚིག་ནི་རྣམ་པར་སྣང་མཛད་ཏེ། དེ་བསྐྱེད་པའི་ཆོ་གས་བསྐྱེད་ལ། ཡི་གེ་ཨོཾ་གཅིག་མཚན་མ་ལ་གནས་པ་སྙིང་ཁར་བཞག་པར་བྱའོ། །འདིས་ནི་སྐུ་རྡོ་རྗེ་དང་འོད་མཉམ་པར་འགྱུར་གྱི། ་སྐུའི་རྡོ་རྗེ་ཡོངས་སུ་རྫོགས་པར་འགྱུར་བ་ནི་མ་ཡིན་ཏེ། སྔར་ཡོངས་སུ་རྫོགས་པ་ནི་ཏིང་ངེ་འཛིན་གསུམ་གྱི་རྣལ་འབྱོར་པ་གང་གི་མཚན་མས་ཀྱང་ཕྱིས་ཉེ་བར་སྒྲུབ་པ་ལ་སོགས་པ་དང་བྲལ་བའི་ཕྱག་རྒྱ་གཅིག་དང་ལྡན་པའི་ལྷ་ཉིད་གཅིག་པུ ་སྙོམས་པར་འཇུག་པ་མ་ཡིན་པའི་ཆོ་ག་བཞིན་དུ་བསྒོམས་པ་ལས་སྐུ་རྡོ་རྗེ་རྟག་པ་ལས་ཇི་སྐད་དུ་གསུངས་པའི་ཕན་ཡོན་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་འདིའི་འོག་མ་རྣམས་ལ་ཡང་སྦྱར་བར་བྱའོ། །དེ་བས་ན་དངོས་གྲུབ་ཐོབ་པའི་མཚན ་མ་མཐོང་ནས་ནི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་སྨོས་པ་ཡིན་ནོ། །འོད་དཔག་ཏུ་མེད་པ་དང་མཉམ་པའི་དངོས་གྲུབ་གསུངས་པ་ནི་ཆོས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་ཀྱི་དཀྱིལ་འཁོར་ནི་རྡོ་རྗེ་ཆོས་ཀྱི་དཀྱིལ་འཁོར་རོ། ། ་དེར་སྔགས་ཀྱི་སྐྱས་བུ་འོད་དཔག་ཏུ་མེད་པ་ཆོ་ག་བཞིན་དུ་བསྐྱེ་ང་ལ་དེའི་དག་གི་ལམ་སྟེ། ལྐོག་མར་པདྨའི་ལྟེ་བ་ལ་གནས་པ་ཟླ་བ་ལ་བརྟེན་པའི་ཡི་གེ་ཨ(རྒྱུད་འགྲེལ་སོ་སོར་རྟོག་པའི་བདག་ཉིད་ཅན་ནོ། །དེ་ཉིད་ནི་མཆོག་སྟེ་དེ་བསྒོམ་པའོ། །དེ་ཡང་འོད་དཔག་ཏུ་མེད་པ་བསྒོམ་པས་དགོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཐུགས་རྡོ་རྗེའི་རྟོག་པའི་དངོས་གྲུབ་གསུངས་པ་ནི་རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས ་བ་སྟེ། སེམས་ལ་ཡི་གེ་ཧཱུཾ་གནས་པ་ཞེས་བྱ་བ་ནི་རང་གི་སྙིང་ཁར་རྡོ་རྗེའི་ལྟེ་བ་ལ་ཡི་གེ་ཧཱུཾ་ཆོ་ག་བཞིན་དུ་བསྒོམ་པར་བྱའོ། །མི་སྣང་བའི་དངོས་གྲུབ་གསུངས་པ་ནི་ཡེ་ཤེས་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། ནམ་མཁའ་ཨི་སྙིང་པོའི་ཕྱག་རྒྱ ་ཆེན་པོ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་བསམས་ལ། དེའི་གནས་བཞིར་ཡི་གེ་ཁཾ་ལྷ་མོ་མེད་པའི་མཚན་མ་ཟླ་བ་ལ་གནས་པ་བསྒོམ་པར་བྱའོ། །ནམ་མཁའ་རྡོ་རྗེ་ནི་ཡེ་ཤེས་ཀྱི་དམ་ཚིག་སྟེ་ནམ་མཁའ་ཨི་སྙིང་པོའི་རྟོག་པར་འགྱུར་པའོ། ། ་འཕགས་པ་འཇམ་དཔལ་གྱི་དངོས་གྲུབ་གསུངས་པ་ནི་རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། རང་སྔགས་སྐྱེས་བུ་ནི་འཕགས་པ་འཇམ་དཔལ་ཏེ། ད་ཆོ་ག་ཇི་ལྟ་བ་བཞིན་དུ་བསམས་ལ། དེའི་སྙིང་ཁར་རང་གི་མཚན་མའི ་དབུས་སུ་ཡི་གེ་ཧཱུཾ་ཞེས་བྱ་བ་ཆོ་ག་བཞིན་དུ་བསྒོམ་པར་བྱའོ། །ཆོ་ག་འདི་ཉིད་ཀྱིས་ཐིལ་ཞེས་བྱ་བ་ཡང་བསྒོམ་པར་བྱས་ནས། ཕན་ཡོན་ཇི་སྐད་དུ་བཤད་པ་འཐོབ་པར་འགྱུར་རོ། །ཏིང་ངེ་འཛིན་གྱི་ཁྱད་པར་གཞན་དག ་གསུངས་པ་ནི་ནམ་མཁའ་ཨི་དབྱིངས་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ། མི་བསྐྱོད་པ་རྣམ་པར་བསམས་ལ། ཆོ་ག་ཇི་ལྟ་བ་བཞིན་དུ་དེའི་ཐུགས་ཁར་ཡི་གེ་ཨོཾ་བསམ་པར་བྱའོ། །སྦྱོར་བའི་ཁྱད་པར་གཞན་གསུངས་པ་ནི་ནམ་མཁའ་ཨི་དབྱིངས ་ཞེས་བྱ་བ་ལ་སོགས་པ་སྟེ། ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་ནོ། །རིན་ཆེན་ཨོཾ་ཞེས་བྱ་བ་ནི་མཉམ་པ་ཉིད་ཀྱི་རང་བཞིན་ཡི་གེ་ཨོཾ་སྟེ་དེ་ཆོ་ག་བཞིན་དུ་བསྒོམས་ན་ཇི་སྐད་བཤད་པའི་ཕན་ཡིན་འཐོབ་པར ་འགྱུར་རོ། །ཏིང་ངེ་འཛིན་གཞན་དག་གསུངས་པ་ནི་ནམ་མཁའ་ཨི་དབྱིངས་ཞེས་བྱ་བ་ལ་སོགས་པ་སྟེ། འཇིག་རྟེན་དབང་པོ་ནི་འོད་དཔག་ཏུ་མེད་པའོ། །ཆོས་ཀྱི་ཨོཾ་ནི་པདྨའི་རིགས་ལྟ་བུ་སྟེ། དེ་སྙིང་ཁར་བསམ་པར་བྱའོ། །ནམ་མཁའ་ཨི་དབྱིངས ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཨུཏཔ་ལ་ནི་དོན་ཡོད་གྲུབ་པ་སྟེ། དེ་བསྒོམས་ལ། དེའི་ཐུགས་ཀའི་མཚན་མར་ཟླ་བ་ལ་དམ་ཚིག་ཨོཾ་རབ་ཏུ་བསྒོམ་པར་བྱའོ། །དེ་ལྟར་རིགས་ལྔ་ཅར་ལ་ཡང་ཡི་གེ་ཨོཾ་གྱི་བསྒོམ་པ་བསྟན་ནས། སྐུ་དང ་གསུང་དང་ཐུགས་གསུམ་ཅར་ཅིག་ཅར་བསྟན་པའི་ཕྱིར། ནམ་མཁའ་ཨི་དབྱིངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་གསུམ་ཨོཾ་ཞེས་བྱ་བ་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང། །སྤྲུལ་པའི་ངོ་བོ་ཉིད་དེ་གནས་གསུམ་ཅར་དུ་ཡང་ཡི ་གེ། ཨོཾ་མ་ཆེན་མའི་ཟླ་བ་ལ་གནས་པ་ཆོ་ག་བཞིན་དུ་བསྒོམ་པར་བྱའོ། །གནས་གསུངས་པ་ནི་རྣམ་པར་དབེན་པའི་ཞེས་བྱ་བ་ལ་སོགས་པ་སྟེ། ཇི་སྐད་དུ་ལ་ལར་དྲི་མེད་ཆུ་ནི་ཕུན་ཚོགས་ཤིང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །མངོན་པར ་ཤེས་པ་རྣམ་པ་ལྔ་བསྒྲུབ་པར་བྱ་བའི་ཕྱིར། བསམ་གཏན་ལས་བྱུང་བའི་ལས་ཀྱི་ཚོགས་གསུངས་པ་ནི་མི་བསྐྱོད་ཡེ་ཤེས་རྡོ་རྗེ་སོགས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་མི་བསྐྱོད་པ་ཆོ་ག་བཞིན་དུ་བསམས་པ་ལ་མིག་དང་རྣ་བ་དང། སེམས་དང་ཡིད་དང། ་ལུས་ཏེ། གནས་ལྔར་རང་གི་སྔགས་ཀྱི་རྩེ་མོ་ལྔ་པའི་རྡོ་རྗེ་ལྔ་བསྒོམ་པར་བྱའོ། །དེ་རྣམས་ལ་ཡང་ཟླ་བ་ལ་གནས་པའི་སྔར་བཤད་པའི་ཡི་གེ་ཐལཾ?་ཆོ་ག་ཇི་ལྟ་བ་བཞིན་དུ་བསམས་ལ་མངོན་པར་ཤེས་པ་ལྔ་དང་འདྲ་བར་འགྱུར་རོ། །དེ་བཞིན་དུ་རྣམ་པར་སྣང ་མཛད་ཀྱི་རྣལ་འབྱོར་པས། རང་སྔགས་ཞེས་བྱ་བ་རང་གི་ས་བོན་ཡོངས་སུ་གྱུར་པའི་འཁོར་ལོ་གནས་ལྔའི་སྦྱོར་བས་བསམས་པར་བྱའོ། །སྔར་བཤད་པའི་གནས་ལྡར་གཏོག་པའི་འཁོར་ལོ་ལྔ་ལ་ཡི་གེ་བླི?་ཆོ་ག་བཞིན་དུ་བསྒོམས་ན་མངོན་ཤེས་ལྔ་དང་འདྲ་བར ་འགྱུར་རོ། ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་མཚན་མ་གཞན་དག་ལ་ཡང་ཅི་རིགས་པར་སྒྱར་བར་བྱའོ། །ཡི་གེ་བྷྲུ་གེ་རྗེས་ལ་འཁོར་ལོ་ལ་སོགས་པ་ཁང་པ་རྩེགས་མའི་རྒྱུ་ཡིན་པར་གསུངས་པ་ན་རྡོ་རྗེ་མཁའ་འགྲོ་ཞེས་བྱ་བ་ལ་སོགས་པ་སྟེ། སངས ་རྒྱས་འཇུག་པ་ཞེས་བྱ་བ་ནི་འོད་ཟེར་གྱིས་བསྐུལ་བའི་སངས་རྒྱས་སྤྲོ་བ་ལ་སོགས་པ་སྔོན་དུ་འགྲོ་བའི་རང་གི་རིགས་པ་དང། རྣམ་པར་སྣང་མཛད་ཡོངས་སུ་གྱུར་པ་ལས་སོ། །སངས་རྒྱས་གནས་དང་འདྲ་བར་འགྱུར་ཞེས་བྱ་བ་ནི་སངས་རྒྱས་ཀྱི་རྟེན་དང ་གཅིག་ཏུ་གྱུར་པ་ཡིན་གྱི་འདིར་འདྲ་བའི་སྒྲ་མཚུངས་པའི་ཚིག་ནི་མ་ཡིན་ཏེ། འདི་ནི་སྦྱོར་བ་ཡང་དག་པར་རྫོགས་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །ཕྲ་མོའི་རྣལ་འབྱོར་ལ་ཐིག་ལེ་བསྒོམ་པ་གསུངས་པ་ནི་སངས་རྒྱས་དཀྱིལ་འཁོར་ཞེས་བྱ་བ་ལ ་སོགས་པ་སྟེ། རྣམ་པར་སྣང་མཛད་ཀྱི་ཕྲ་མོའི་རྣལ་འབྱོར་གྱི་སྙིང་ཁར་ཡི་གེ་ཨོཾ་ཆོ་ག་བཞིན་དུ་བསམས་ལ། ཡི་གེ་ཨོཾ་དེ་ཉིད་ལ་སེམས་ཐིག་ལེར་གྱུར་པ་ཞེས་བྱ་བ། འགོག་པ་རྡོ་རྗེར་གྱུར་བ་སྟེ། རབ་ཏུ་རྒྱུ་བ་འགོག་པར་བསྒོམ་པར་བྱའོ། །དེ ་བཞིན་དུ་འདིའི་འོག་མ་རྣམས་ལ་ཡང་ཕྲ་མོའི་མི་བསྐྱོད་པ་ལ་སོགས་པ་ལ་སྦྱར་བར་བྱའོ། །འགོག་པའི་རྡོ་རྗེ་ཡེ་ཤེས་ཞེས་བྱ་བ་ནི་མི་གཡོ་བའི་དམ་ཚིག་གི་ཡེ་ཤེས་སོ། །འདི་དག་ནི་ཐིག་ལེའི་རྣལ་འབྱོར་གྱི་སྒྲར་མི ་བཤད་དེ། སྤྲེ་བ་ལ་སོགས་པ་མེད་པའི་ཕྱིར་རོ། །ཡང་དངོས་གྲུབ་ཕྲ་མོ་ལ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་སྔར་བཤད་པའི་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན་ཡི་གེ་ཨོཾ་བསམས་ན་ཚེ་རིང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། ། ་རྡོ་རྗེ་ནམ་མཁའ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། དེ་བཞིན་དུ་འདིར་འོད་དཔག་ཏུ་མེད་པ་དང། མི་བསྐྱོད་པ་དག་ལ་ཡང་ཤེས་པར་བྱའོ། །ལྷག་པར་མོས་པའི་དབང་གིས་ནི་བསྐལ་པ་འམ་བསྐལ་པ་གསུམ་དུ་གནས་པར་འགྱུར་རོ་ཞེས་བྱ ་བ་ལ་སོགས་པ་ནི་ངེས་པ་མེད་པར་བཤད་པའི་ཕྱིར་ཡང་གསུངས་པ་ཡིན་ནོ། །ལེའུ་བཅུ་གཅིག་པའི་འགྲེལ་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ལེའུ་བཅུ་གཉིས་པ་གསུངས་ཏེ། མཾ་ཞེས་བྱ་བ་ལ་སོགས ་པས་མི་སྣང་བའི་དངོས་གྲུབ་གསུངས་པ་ཡིན་ཏེ། ཡི་གེ་མཾ་ལས་འཇམ་པའི་རྡོ་རྗེ་དང་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདིར་ཡང་སྔར་བཤད་པའི་ཡི་གེ་ཁཾ་ཡན་ལག་ཐམས་ཅད ་བསྒོམས་ནི། ཚངས་པ་ལ་སོགས་པས་ཀྱང་མཐོང་བར་མི་ནུས་སོ། །སྤྲོ་བ་ཡང་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན་གྱི་ས་བོན་གྱིས་བྱའོ། །སྔགས་ཡོངས་སུ་གྱུར་པའི་མཚན་མའི་རིལ་བུའི་མི་སྣང་བའི་དངོས་གྲུབ་གསུངས་པ་ནི ་རྡོ་རྗེ་མི་ཕྱེད་བྱ་བ་ལ་སོགས་པ་སྟེ། དམ་ཚིག་ལྔ་ནི་རྡོ་རྗེ་མི་ཕྱེད་པ་གསུམ་ལས་བྱུང་བའི་ཚིག་ལྔ་གང་ཡིན་པ་དེའི་རིལ་བུ་གསེར་དང། དངུལ་དང་ཟངས་ཀྱིས་དཀྲིས་པ། རང་གི་ས་བོན་ལས་བསྐྱེད་པ། ཙ་ན་ཀའི་འབྲུའི་ཚོད་ཙམ ་བྱས་ལ། དེ་ལ་སངས་རྒྱས་ཐམས་ཅད་ཀྱི་མི་བྱེད་པའི་དཀྱིལ་འཁོར་གྱིས་འཁོར་ལོ་ཡང་དག་པར་རྫོགས་པ་ལྟ་བུར་སེམས་བསྒོམས་ལ། དེ་ནས་བར་སྣང་ལས་བྱུང་བའི་རིལ་བུ་ལྔར་བསྐྱེད་ནས། ཨོཾ་ལ་སོགས་པ་ས་བོན་ཙམ་དང་ལྡན་པའི ་ལྷ་དེ་སྤྱིའི་རྣལ་འབྱོར་པའི་ཟློས་པས་ཁར་བཅུག་ནས་བསྒོམས་ན། ཇི་སྐད་གསུངས་པའི་ཕན་ཡོན་འཐོབ་པར་འགྱུར་རོ། །འདིར་གང་དང་གང་མ་གསུངས་པ་དེ་ནི་སྔ་མ་དང་ཕྱི་མས་ཁ་བསྐང་བར་བྱའོ། །འཁོར་ལོའི་དངོས་གྲུབ་གསུངས་པ་ནི་འཇམ ་པའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། རང་གི་སྔགས་ཀྱིས་ཞེས་བྱ་བ་ནི་འཁོར་ལོ་ཅན་གྱིས་ལྷའི་སྔགས་དང་དེའི་རྣལ་འབྱོར་པས་འཁོར་ལོ་ལྕགས་སམ། ས་འམ་གཞན་གང་ཡང་རུང་བ་ལས་བསྐྱེད་པ། རང་གི་བདག་པོ་དཀྱིལ་འཁོར་གྱི་འཁོར ་ལོ་ཡང་དག་པར་རྫོགས་པ་དང་ལྡན་པ། སངས་རྒྱས་ཐམས་ཅད་ཀྱི་བཞུགས་པའི་གནས་སུ་གྱུར་བར་བསྒོམས་ནས། སྔར་བཤད་པའི་ཁྱད་པར་གྱི་རིགས་དང་རྗེས་སུ་མཐུན་པའི་ལྷའི་རྣལ་འབྱོར་པ་གཅིག་གིས་འཁོར་ལོའི་དངོས་གྲུབ་དེ་ལག་ཏུ་རྣམ ་པར་བསྒོམས་ན། ཇི་སྐད་དུ། བཤད་པའི་ཕན་ཡོན་འཐོབ་པར་འགྱུར་རོ། །འདིར་ཡང་གོང་མ་དང་འོག་མའི་ཁ་བསྐང་བ་ལ་ལྟོས་པར་བྱའོ། །དེ་བཞིན་དུ་རྡོ་རྗེ་དང་པདྨ་དང་རལ་གྲི་ལ་ཡང་བསྐྱེད་པ་ལ་སོགས་པ་ཅི་རིགས་པར་སྦྱར་བར་བྱའོ། །རིན ་པོ་ཆེ་ལ་སོགས་པ་རང་རང་གི་སྔགས་ལས་གྲུབ་པ་ཡིན་ནོ། །སྦྱོར་བ་འདིའི་རྗེས་སུ་འབྲངས་ནས། སྔར་བཤད་པའི་རིལ་བུ་རྣམས་ཀྱི་རང་གི་ས་བོན་གྱིས་བསྐྱེད་བའི་ཆེད་ཀྱི་ལྷའི་རྣལ་འབྱོར་ལ་སོགས་པ་འདྲ་བར་སྔར་མ་བཤད་པ་གསུངས་པ་ནི ་ཨོཾ་ནི་རིལ་བུ་ཞེས་བྱ་བ་ལ་སོགས་པའོ། །ད་ནི་སྔར་བཤད་པའི་ལྷའི་རྣལ་འབྱོར་པ་སྔར་བཤད་པའི་རིམ་པས་བསྐྱེད་པའི་འཁོར་ལོ་གྲུབ་པ་རང་གི་ལག་པར་བསྒོམ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་སྔར་མ་གསུངས་པ་དེ་ཁ་བསྐང་བར་བྱ ་བའི་ཕྱིར། མཁའ་དབྱིངས་གསལ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་འབྱུང་བར་ཟླ་བའི་གདན་ལ་བཞུགས་པའི་སྔར་བཤད་པའི་རྣམ་པར་སྣང་མཛད་བསྒོམས་ལ། སྔར་བཤད་པའི་འཁོར་ལོ་ལག ་པས་འཛིན་པ་རང་ཏུ་བསྒོམས་ན། ཇི་སྐད་དུ་བཤད་པའི་ཕན་ཡོན་འཐེབ་པར་འགྱུར་རོ། །འཁོར་ལོ་ཆེན་པོའི་རིགས་ཞེས་བྱ་བ་ནི་འཁོར་ལོའི་རིགས་ཀྱི་རྒྱུ་དང་ལྡན་པའི་ལྟ་རྣམས་ཀྱང་འདི་བཞིན་དུ་བསྒོམས་ལ། མཚན་མ་འདི་བསྐྱེད་ཅིང་དེ ་འཛིན་པ་ལ་སོགས་པས་ཡེ་ཤེས་མཆོག་སྟེ། མཆོག་གི་ཡེ་ཤེས་བསྒྲུབ་པ་ཡིན་ནོ། །ཡེ་ཤེས་རྡོ་རྗེ་ཞེས་བྱ་བ་ནི་རྣལ་འབྱོར་པའོ། །དེ་བཞིན་དུ་རྡོ་རྗེ་ལས་སོགས་པ་ལ་ཡང་གཟུང་བར་བྱ་བར་གསུངས་པ་ནི་མཁའ་དབྱིངས་རྡོ་རྗེ་ཞེས་བྱ ་གལ་སོགས་པ་སྟེ། ཐམས་ཅད་ནི་སྔ་མ་དང་འདྲའོ། །རྩེ་གསུམ་པ་ལ་སོགས་པ་ལ་ཡང་སྐྱེས་པ་ལ་སོགས་པ་གསུངས་པ་ནི་ཏྲི་ཤྲཱུ?་ལ་ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་ཁྱད་པར་གྱིས་ཞེས་བྱ་བ་ནི་བདག་པོའི་རྗེས་སུ་མཐུན་པའི་ཚུལ་དུའོ། ། ་ད་ནི་དགུག་པའི་སྦྱོར་བ་གསུངས་པ་ནི་ལམ་གྱི་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་དགུག་པ་ཞེས་བྱ་བ་ནི་རྡོ་རྗེ་དགུག་པའོ།། །།སྦྱོར་གསུམ་སྔགས་ཀྱི་སྐྱེས་བུར་བསམ་ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་བྱིན་གྱིས ་བརླབ་པ་དང་ལྡན་པའོ། །དེ་ནི་ཏིང་ངེ་འཛིན་གསུམ་གྱི་སྦྱོར་བ་ཡང་དག་པར་རྫོགས་པའི་ལྷའི་སྐྱེས་བུར་བདག་ཉིད་བསམས་ལ། སྦྱོར་བ་གསུམ་དང་ལྡན་པའི་ལྕགས་ཀྱུ་བསྒོམས་ཏེ། སྐུ་ལ་སོགས་པའི་ངོ་བོ་དགུག་པའི་ཕྱིར་གཏང ་པར་བྱའོ། །དགུག་པར་བྱ་བ་ཡང་རླུང་གི་དཀྱིལ་འཁོར་ལ་གནས་པར་བྱས་འདི་ནི་སངས་རྒྱས་ཀྱིས་དགུག་པའི་སྦྱེར་བ་གང་འདོད་པ་དེ་ཉིད་ཀྱིས་དགུག་པ་ལ་འགལ་བ་མེད་དོ། །དེ་ལྟ་མོད་ཀྱི་རྣམ་པར་སྣང་མཛད་ནི་ཉེ་བར ་མཚོན་པའི་དོན་ཙམ་དུ་གསུངས་པ་ཡིན་ཏེ། རྣམ་པར་སྣང་མཛད་གཙོ་བོར་གྱུར་པའི་འཁོར་ལོ་ཆེན་པོ་བསམས་ལ། དགུག་པའི་ལྕགས་ཀྱུ་དང་ལྡན་པའི་རྒྱལ་བ་དེ་དག་གི་གནས་བསམས་ནས་དགུག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ལྕགས་ཀྱུ ་དགུག་པ་འབའ་ཞིག་ཏུ་མ་ཟད་ཀྱི། གཞན་དག་གིས་ཀྱང་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར་རྡོ་རྗེ་པདམོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྐུ་དང་གསུང་དང་ཐུགས་ཀྱི་ཞེས་བྱ་བ་ནི་སྐུ་ལ་སོགས་པའི་ངོ་བོ་ཉིད་ཀྱི་ལྕགས་ཀྱུ་ལ་སོགས་པ ་རླུང་གི་དཀྱིལ་འཁོར་ལ་གནས་པའི་བསྒྲུབ་པར་བྱ་བ་དགུག་པ་ལ་བརྩོན་པ་བསྒོམ་པར་བྱའོ། །ཞེས་བྱ་བར་སྦྱར་རོ། །མཐུ་ཆེན་པོ་དང་ལྡན་པའི་བཟའ་བའི་ཁྱད་པར་རྣམ་པར་སྤྱད་བར་བྱ་བའི་ཕྱིར། རྣམ་པ་མཆོག་ཅེས་བྱ་བ་ལ་སོགས་པ་སྨོས ་ཏེ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་དཀྱིལ་འཁོར་གྱི་རྡོ་རྗེ་ཅན་གྱི་སྐུའི་རྡོ་རྗེར་ལྷག་པར་མོས་པའི་དབང་གིས་བདག་ཉིད་བསམས་ལ། ལྕེ་ཉིད་ལ་འོག་ནས་བཤད་པའི་རིམ་གྱིས་རྡོ་རྗེ་དེའི་སྦྱོར་བས་དེ་ཉིད་དུ་བསྒོམ་ན་གསུང་གི་རྡོ་རྗེ ་དང་འདྲ་བར་འགྱུར་རོ། །འདི་དག་ཀྱང་གཟུགས་ལ་སོགས་པའི་ལྷ་མོ་རྣམས་ཀྱི་དཀྱིལ་འཁོར་གྱི་མཆོད་པ་ལ་བསྟོད་པའི་མཆོད་པའི་རྗེས་ཐོགས་ལ་བྱའོ་ཞེས་གསུངས་པ་ནི་གསང་གསུམ་ཞེས་བྱ་བ་ལ་སོགས་པའོ། །སྐུ་ལ་སོགས་པའི ་རྡོ་རྗེ་ཅན་ནི་ཕྱག་རྒྱ་བཞི་ལ་སོགས་པ་དང་ལྡན་པར་བསྟན་པའི་ཕྱིར་རྣམ་པའི་མཆོག་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཚན་ཐམས་ཅད་དང་ལྡན་པའི་སྐུའི་རྡོ་རྗེའི་ལ་སོགས་པས་བྱིན་གྱིས་བརླབས་པ་སྙིང་ཁར་ཡེ་ཤེས ་སེམས་དཔའ་དང་ལྡན་པ། དབུ་རྒྱན་ལ་རང་གི་རིགས་ཀྱི་བདག་པོ་འཆང་བའི་སྐུ་རྡོ་རྗེར་བདག་ཉིད་རྣམ་པར་བསྒོམས་ལ་ཚིམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ལྕེ་རྣམ་པར་དག་པ་གསུངས་པ་ནི་རྡོ་རྗེའི་སྦྱོར་བ་ཞེས་བྱ་བ་ལ་སོགས་པ ་སྟེ། ལྕེའི་གནས་སུ་ཟླ་བ་ལ་གནས་པའི་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པས་ཧཱུཾ་གིས་བྱིན་གྱིས་བརླབས་པའི་རྡོ་རྗེ་རྩེ་ལྔ་པ་བསམས་ཏེ། བདུད་རྩི་ལྔའི་སྦྱོར་བས་སྦྱར་བ་ལ་སོགས་པའི་ཆོགས་བཟའ་བར་བྱའོ། ། ་དེས་ནི་རྡོ་རྗེ་གསུམ་ཉིད་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྦྱང་བའི་ཆོ་ག་བསྟན་པ་ནི་ཡི་གེ་ཨ་ལས་བྱུང་བའི་ཐོད་པ་བསམས་ལ། ཡི་གེ་ཨོཾ་སྟེང་དུ་བསྒོམས་ཏེ། དེའི་ནང་དུ་དམ་ཚིག་བཟའ་བར་ཡ་བའི་རྫས་བཞག་པར་བྱའོ ་ཞེས་ཤེས་པར་བྱའོ། །ཡི་གེ་ཧཱུཾ་ཡང་འདིར་བར་སྣང་ལ་རྡོ་རྗེའི་བདག་ཉིད་ཅན་གྱི་དེ་བཞིན་གཤེགས་པ་རྣམས་དང་ལྡན་པ་ཐོད་པར་གནས་པར་བྱའོ། །དེ་ནི་འབར་བའི་ཨོཾ་གྱིས་བྱིན་བརླབས་རླུང་དང་མེའི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་ཅད ་པ་དང་སྦྱར་བར་ཤེས་པར་བྱའོ། །རྡོ་རྗེ་དམ་ཚིག་གསུམ་ནི་བཤད་མ་ཐག་པ་སྟེ། གྲུབ་པ་ཉིད་མཆོག་ཡིན་ནོ། །དེས་ན་སྐུ་གསུམ་རྡོ་རྗེ་ཅན་དུ་གྱུར་ཞེས་བྱ་བ་སྟེ། འདི་ནི་འདིའི་ཕན་ཡོན་གསུངས་པའོ། །པ་ནི་སྔར་བཤད་པའི་འཁོར་ལོའི ་རིག་པ་འཛིན་པ་ལ་སོགས་པའི་དངོས་གྲུབ་ཀྱི་ཕན་ཡོན་གསུངས་པ་ནི་འཁོར་ལོའི་དམ་ཚིག་ཅེས་བྱ་བ་ལ་སོགས་པ་ཡིན་ཏེ། གྲུབ་པ་ནི་མུ་སྟེགས་པའི་རྒྱུད་གཞན་དག་གི་མན་ངག་གིས་གྲུབ་པ་ལས་གཙོ་བོར་འགྱུར་བའོ། །སྔར་བཤད ་པའི་མངོན་པར་ཤེས་པ་ལྔ?་གྲུབ་པའི་ཕན་ཡོན་གསུངས་པ་ནི་གང་གཱའི་ཇི་སྙེད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ད་ནི་ཡན་ལག་བཞི་པོའི་འབྲས་བུ་དང་བཅས་པ་བསྟན་པའི་ཕྱིར། བསྙེན་པའི་དམ་ཚིག་ཅེས་བྱ་བ་ལ་སོགས ་པ་གསུངས་པ་ཡིན་ཏེ། རྡོ་རྗེའི་བྱེ་བྲག་ཅེས་བྱ་བ་ནི་ཆུད་དུ་དང། བར་མ་དང། ཆེན་པོའི་དབྱེ་བས་སོ། །སྡུད་པར་བྱེད་པའི་ཚིག་འདི་ཉིད་ཆུང་དུ་དང་ཆེན་པོ་ལ་སོགས་པའི་དབྱེ་བས་རྣམ་པར་དབྱེ་བ་ནི་བསྙེན་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཏིང་ངེ ་འཛིན་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་ཀྵཱི་དཀྱིལ་འཁོར་གྱི་བདག་པོ་སྟེ། དེའི་སྦྱོར་བས་བྱང་ཆུབ་ཀྱི་མཆོག་བསྒོམ་པར་བྱའོ་ཞེས་བྱ་བ་འདི་ནི་བསྙེན་པའི་ཡན་ལག་བསྐུལ་བའི་གླུའི་རྗེས་ཐོགས་ལ་སྔ་མ་དང་འདྲ་བའི་ལྷ་བསྐྱེད་པའི་མཚན་ཉིད་རྒྱུ་མཐུན་པའི་འབྲས ་བུ་ཆུང་ངུ་བཤད་པ་ཡིན་ཏེ། འདི་སྐད་དུ། ཨོཾ་ཨཱ(རྒྱུད་འགྲེལ་བཤེས་གཉེན་དམ་པས་རྒྱུ་མཐུན་བྱས་ཞེས་བྱ་བའི་བར་དུ་བཤད་པའོ། །ཉེ་བར་སྒྲུབ་པའི་ཡན་ལག་དང། རྣམ་པར་སྨིན་པའི་འབྲས་བུ་ཆུང་དུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚུལ་དུ་གསུངས་པ་ནི་ཉེ་བར་སྒྲུབ་པ་ལ་སོགས་པ་སྟེ། ཉེ་བར་སྒྲུབ་པའི་དངོས་གྲུབ ་གྱི་མཆོག་ནི་གང་རྡོ་རྗེའི་བདག་ཉིད་ཅན་དུ་མིག་ལ་སོགས་པའི་སྐྱེ་མཆེར་རྣམ་པར་དབྱེད་པའོ། །དེ་ཡང་ཇི་སྐད་དུ་དེ་འོག་རང་སྙིང་ས་བོན་འོད་རྣམས་ཀྱིས། རང་གི་མིག་སོགས་ས་སྙིང་ལ་སོགས་པས་ཇི་བཞིན་བཀང་ནས་ཞེས་བཤད་པ་ཡིན་ནོ། །དེ་བཞིན ་དུ་སྨིན་ལས་ཐམས་ཅད་མཁྱེན་ཉིད་གྱུར་ཞེས་བྱ་བ་ནས་བརྩམས་ཏེ། དེའི་ས་བོན་རྣམས་ཀྱི་ས་ནི་ཞེས་བྱ་བའི་བར་གྱིས་བཤད་པ་ཡིན་ནོ། །བསྙེན་པའི་ཡན་ལག་ནི་ཆོས་དང། ལོངས་སྤྱོད་རྫོགས?་པ་དང། སྤྲུལ་པ་སྟེ་སྐུ་གསུམ་པར་དག་པའི་ངོ་བོ ་སྐྱེས་བུ་བྱེད་པའི་འབྲས་བུ་ཆུང་ངུ་གསུངས་པ་ནི་སྔགས་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ། འོད་ཟེར་དང་ཚིགས་སུ་བཅད་པ་རྣམས་ཀྱི་གང་དེ་བཞིན་གཤེགས་པ་རྣམས་དང། སྔགས་ཀྱི་བདག་པོ་རྣམས་ལ་བསྐུལ་ཞིང་ཐུགས་རྡོ་རྗེ་ལ་སོགས་པ ་བྱིན་གྱིས་རློབས་པའི་སྔགས་ཀྱིས་བསྒོམ་པ་གང་ཡིན་པ་དེ་ནི་བསྙེན་པ་ཞེས་བཤད་དོ། །དེ་གང་ཇི་སྐད་དུ། རང་སྙིང་དྲི་མེད་ཟླའི་ཞེས་བྱ་བ་ནས། མཚན་ཉིད་དག་དང་བྲལ་བར་དམིགས་པར་བྱ་ཞེས་བྱ་བའི་བར་དང། དེ་བཞིན་དུ་སྐྱེས་བུ ་བསྐྱེད་པ་ཞེས་བྱ་བ་ནས་བརྩམས་ཏེ། སྒྱུ་མའི་ཤེས་རབ་ཡན་ལག་འདུ་ཤེས་བྱ་བའི་བར་གྱིས་བཤད་པ་ཡིན་ནོ། །སྒྲུབ་པ་ཆེན་པོའི་ཡན་ལག་དབང་བསྐུར་བའི་ཚུལ་དབང་གི་འབྲས་བུ་ཆུང་དུ་གསུངས་པ་ནི་སྒྲུབ་པ་ཆེན ་པོ་ཞེས་བྱ་བ་ལ་སོགས་པ་སྟེ། སྒྲུབ་པ་ཆེན་པོ་བྱེད་པའི་ཚེ། རང་གི་སྔགས་ཀྱི་རྡོ་རྗེ་ཅན་གྱི་བདག་པོའི་གཟུགས་ཕྱག་རྒྱ་ཆེན་པོ་རང་གི་དབུ་རྒྱན་ལ་བསམས་ན་ཡེ་ཤེས་རྡོ་རྗེ་སྟེ། རྣལ་འབྱོར་པ་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན ་ཏོ། །དེ་ཡང་ཇི་སྐད་དུ་ཕྱོགས་ཚོགས་ཀུན་ན་བཞུགས་པའི་ཐུབ་པའི་ཚོགས་ཞེས་བྱ་བ་ནས་རང་གི་རིགས་ཀྱི་གཅོས་བརྒྱན་ཅོད་པན་གྱུར་ཅེས་བྱ་བའི་བར་དང། དེ་བཞིན་དུ་དབང་འབྲས་ཆུང་དུ་གྲུབ་པ་ལ་ཞེས་བྱ་བ་ནས། རིགས ་ཀྱི་གཙོ་བོ་དབུ་རྒྱན་མཆོག་ཅེས་བྱ་བའི་བར་གྱིས་བཤད་པ་ཡིན་ནོ། །བསྙེན་པ་ཉིད་ཁྱད་པར་དུ་དབྱེ་བ་གསུངས་པ་ནི་བསྙེན་པའི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཡེ་ཤེས་བདུད་རྩི་ནི་སྲིད་པ་བར་མ་དོའི་སེམས་རྗེས་ཞུགས་པ ་སྔོན་དུ་འགྲོ་བའི་ཟླ་བཞུ་བ་སྟེ། དེ་ཉིད་ཀྱིས་བསྟེན་པ་བྱའོ། །དེ་ཡང་ཇི་སྐད་དུ་ཨོཾ་ཨཱ(རྒྱུད་འགྲེལ་ལ་སོགས་པའི་འབྲས་བུ་རྣམས་ནི་དཀྱིལ་འཁོར་གྱི་བདག་པོའི་ལྷར་གཏོགས་པ་ཡིན་པས་ན། མཆོག་གི་སྒྲས་ཁྱད་པར་དུ་བྱས་པ་ཡིན་ནོ། །དེ་ལྟར་གཡེང་བ་མ་ལུས་པ་བསལ་བར་མི་ནུས་ཤིང། ཡེ་ཤེས་ཤིན་ཏུ་བྱང་བའི ་རང་བཞིན་མ་ཡིན་པས་ན། ཆུང་དུའི་སྒྲས་ཁྱད་པར་དུ་ཕྱེ་བ་ཡིན་པས་ཤེས་པར་བྱའོ། །དེ་ལྟར་བདག་པོའི་ལྷར་གཏོགས་པའི་ཡན་ལག་བཞི་པོ་འབྲས་བུ་དང་བཅས་པས་གཅིག་བཤད་པ་ཡིན་ནོ། །ད་ནི་དཀྱིལ་འཁོར ་གྱི་ལྷ་མ་ལུས་པར་གཏོགས་པས་སྤྱིའི་བསྙེན་པ་དང། རྒྱུ་མཐུན་པའི་འབྲས་བུ་ཆེན་པོ་ནི་ཡེ་ཤེས་ཁྱད་པར་གྱི་དབང་གིས་ཆེན་པོའི་སྒྲས་ཁྱད་པར་དུ་ཕྱེ་སྟེ། གསུངས་པ་ནི་ཡང་ན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཞུགས་པ ་སྔོན་དུ་འགྲོ་བའི་པདྨའི་ནང་དུ་ཟླ་བ་ཞུ་བ་གཅིག་པུ་དེར་འདི་དག་ཡོངས་སུ་གྱུར་པ་ལས་བདག་པོའི་ས་བོན་ནོ། །དེ་ལས་ཀྱང་དེ་ཉིད་དུ་དཀྱིལ་འཁོར་པའི་ལྷ་ཐམས་ཅད་བསྐྱེད་པའོ། །དེ་ལས་ནི་བཛྲ་དྷྲིཀ་ཅེས་པ་སོགས་པའི་སྔགས་ཀྱིས་གདོན་པ ་སྟེ། འདི་ནི་རྡོ་རྗེ་བཞི་སྟེ། དེ་ཡང་དང་པོ་སྟོང་ཉིད་བྱང་ཆུབ་སྟེ། གཉིས་པ་ས་བོན་བསྡུས་པ་ཡིན། །གསུམ་པ་གཟུགས་ནི་རྫོགས་པ་སྟེ། །བཞི་པ་ཡི་གེ་དགོད་པའོ་ཞེས་ཇི་སྐད་བཤད་པ་ལྟ་བུའོ། །དེ་ལྟར་ན་རྡོ་རྗེ་བཞི་པོས་བསྙེན་པ་ཆེན་པོ ་བྱའོ། །འདི་ཉིད་ནི་སྤྱིའི་བསྙེན་པ་སྟེ། རྒྱུ་མཐུན་པའི་འབྲས་བུ་ཆེན་པོའོ། །དེ་ཡང་ཐུགས་ཀའི་ཟླ་བའི་སྔགས་ཀྱིས་འོད་རྣམས་ཀྱིས་ཞེས་བྱ་ནས་བརྩམས་ཏེ། ལྷ་ཐམས་ཅད་ཀྱི་གདོན་པ་བཤད་པ་ཡིན་ནོ། །དེ་བཞིན་དུ་གཞན་དག་ལས་ཀྱང ་ཐུགས་ཟླ་བའི་རལ་གྲའི་སྙིང་པོའི་འོད་ཟེར་གྱིས་ཞེས་བྱ་བ་ལ་སོགས་པས་དེ་ཉིད་བཤད་པ་ཡིན་ནོ། །དེ་བཞིན་དུ་ཉེ་བར་སྒྲུབ་པ་ཆེན་པོ་ལ་སོགས་པ་ལ་རྣམ་པར་སྨིན་པའི་འབྲས་བུ་ཆེན་པོ་ནི་དཀྱིལ་འཁོར་པའི་ལྷ་རྣམས་ཀྱི་སྤྱིའི་ཡིན་པར་ཤེས་པར ་བྱའོ། །དེ་ཡང་ཇི་སྐད་དུ་རང་ལ་བཤད་པ་ལྟ་བུར་དབང་བསྐུར་ཞིང། །ཆོ་ག་ཡིས་ནི་མངོན་པར་མཆོད་པར་བྱ་ཞེས་བཤད་པ་དང། དེ་བཞིན་དུ་འཁོར་ལོ་ནི། མིག་དང་སྐུ་སོགས་བྱིན་བརླབ་ཅིང། །རྒྱུན་མཐུན་པ་ནི་ཆེན་པོ་ལས། །སྔོ ་བཞིན་དབང་བསྐུར་དེ་བསམ་བྱ་ཞེས་བཤད་པ་ཡིན་ནོ། །དེ་བཞིན་དུ་ཡན་ལག་བཞི་པ་འབྲས་བུ་དང་བཅས་པ་གཞན་དག་ཀྱང་རྗེས་སུ་མཐུན་པར་བཤད་པར་བྱའོ། །ཡན་ལག་བཞི་པོ་ཆུང་དུ་དང་ཆེན་པོ་འདི་གཉིས་ཀྱི་བར་ན་གནས་པས་རྣ་བར ་མའི་སྒྲས་ཁྱད་པར་དུ་ཕྱེ་བ་ཡིན་ཏེ། ཤེས་རབ་མངོན་པར་འདུས་བྱས་པ་ལ་ཡང་བསྙེན་པ་དང། རྒྱུ་མཐུན་པ་ལ་སོགས་པ་རང་ཉིད་ཀྱིས་སྦྱར་བར་བྱའོ། །དེ་ཉིད་ཀྱིས་ན། དེ་བཞིན་རང་གི་ལྷ་འདྲ་རང་སྙིང ་པོས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་སྨོས་པ་ཡིན་ནོ། །དེ་བཞིན་དུ་དེ་བཞིན་རྒྱུ་མཐུན་སོགས་པར་མ། རང་སྣང་ཤེས་རབ་རྣམ་པར་སྦྱང་ཞེས་བཤད་པ་ཡིན་ནོ། །གནས་ལྔར་ཞེས་བྱ་བས་ནི་རིགས་ལྔའི་ཚིགས་དགོད་པ ་སྟེ། ཤེས་རབ་ཉིད་བསྟན་པ་ཡིན་ནོ། །ཡེ་ཤེས་རྡོ་རྗེ་ཡི་གེ་ཨོཾ་ཞེས་བྱ་བ་ནི་རྡོ་རྗེའི་ནོར་བུའི་ཆ་ཡི་གེ་ཨོཾ་ལས་བྱུང་བར་ཤེས་རབ་ཀྱི་གནས་སྐབས་སུ་བསྒོམ་པར་བྱ་བའི་ཕྱིར་དྲན་པར་བྱའོ། །སྡོམ་པ་ཞེས་བྱ་བ་ནི་ཇི་སྐད་དུ་ཤེས་པའི ་དེས་པའོ། །ད་ནི་སྐུ་ལ་སོགས་པའི་བྱིན་གྱིས་བརླབ་པའི་ཚིགས་སུ་བཅད་པ་བསྟན་པའི་ཕྱིར། དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གིས་སྐུ་གྲུབ་པར་བྱེད་པའི་དུས་གསུམ་གྱི་སངས་རྒྱས་དེ་ནི་སྒྲུབ་པ་སྟེ། ་དེའི་འབྲས་བུ་ཉིད་ཀྱིས་ཉེ་བ་ཡིན་པའི་ཕྱིར། ཉེ་བར་སྒྲུབ་པའི་སྐུ་བྱིན་གྱིས་བརླབ་པའོ། །དེ་ཉིད་ཀྱིས་ངན་འགྲོ་རྣམས་པས་སྒྲིབ་གཡོགས་བྱེད་པས་ན་སྡོམ་པའོ། །དེ་ཉིད་ནི་ཚོགས་སུ་བཅད་པ་གསུམ་པ་གང་ཡིན་པའི ་ཡུལ་ཡིན་པས་དེ་ནི་ཉེ་བར་སྒྲུབ་པའི་སྡོམ་པའི་ཡུལ་ལོ། །དེ་ཉིད་གསུངས་པ་ནི་སངས་རྒྱས་སྐུ་འཛིན་ཞེས་བྱ་བ་ལ་སོགས་པའོ། །སྒྲུབ་པའི་སྡོམ་པའི་ཡུལ་ཞེས་བྱ་བ་ནི་སྔ་མ་དང་འདྲ་སྟེ། སྒྲུབ་པ་ནི་སངས་རྒྱས་རྣམས་སོ། ། ་དེའི་སྡོམ་པ་ནི་གསུང་བྱིན་གྱིས་བརླབ་པའོ། །དེ་ཉིད་གང་གི་ཡུལ་ཡིན་པ་དེ་ལ་ནི་དེ་སྐད་ཅེས་བྱའོ། །དེ་ཉིད་ནི་ཆོས་ཀྱིས་གསུང་ལམ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་གསུངས་པ་ཡིན། །སྒྲུབ་པ་ཆེན ་པོའི་སྡོམ་བའི་ཡུལ་ལོ་ཞེས་བྱ་བ་ནི་སྒྲུབ་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པ་སྟེ་སངས་རྒྱས་རྣམས་སོ། །དེའི་སྡོམ་པ་ནི་ཐུགས་བྱིན་གྱིས་བརླབ་པ་ལ་སོགས་པ་སྟེ་སྔ་མ་བཞིན་ནོ། །དེ་ཉིད་ནི་ཚིགས་སུ་བཅད་པ་གསུམ་གསུམ་པའི་གསུམ་ཡིན་པ་ལས ་ཚིགས་སུ་བཅད་པ་གཉིས་པ་གསུམ་དུ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱི་ཞལ་སྔ་ནས་ཀྱི་དོན་ཙམ་བླངས་ནས་སྦྱར་བ་ཡིན་ནོ། །ད་ལྟར་སངས་རྒྱས་རྣམས་ལ་བསྐུལ་བས་ཉིད་ཀྱི་ཐུགས་དམ་བཅས་པ་ལས་ཉམས་པའི་བསྙངས་པས་སྒྲུབ་པ ་པོ་ལ་བྱིན་གྱིས་རློབ་པ་ཉིད་དུ་མཛད་དོ་ཞེས་བསྟན་པའི་ཕྱིར་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དྲག་ཤུལ་གྱིས་སྒྲུབ་པ་ཡང་ལེའུ་བཅུ་པར་གསུངས་པའི་བསྐུལ་བའི་ཚིགས་སུ་བཅད་པ་འདི་སྦྱར་བར་བྱ་བ་ཉིད་ཡིན་ནོ་ཞེས་བྱ ་བར་དགོངས་སོ། །ལེའུ་བཅུ་གཉིས་པའི་འགྲེལ་པའོ།། །།ལེའུ་བཅུ་གསུམ་པར་སྔགས་ཀྱི་བཟླས་པའི་མཚན་ཉིད་བཤད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་དང་སྔགས་རྣམས་ཐམས་ཅད ་ཀྱི་སྐུ་ལ་སོགས་པའི་ཚུལ་གྱི་མཚན་ཉིད་ནི་རྡོ་རྗེ་བརླས་པའོ་ཞེས་བྱ་བར་སྦྱར་རོ། །དེ་ནས་སྟོན་པ་རྡོ་རྗེ་འཛིན་ཅེས་བྱ་བ་ལ་སོགས་པས་ནི་སྤྱིའི་བཟླས་པ་གསུམ་པ་ཡིན་ཏེ། སྔགས་ཀུན་ཉིད་ནི་དོན་ཡིན་ཏེ། དེ་རྣམས་ཀྱི་བཟླས་པ་ལ་རྡོ ་རྗེ་གསུམ་གྱི་མི་ཕྱེད་པའི་མཚན་ཉིད་གང་ཡིན་པ་དེ་ནི་འདི་ལྟར་རྡོ་རྗེ་དབྱེ་བ་གསུམ་སྟེ། དེའི་མཐར་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དེའི་བཀོད་པ་ཡང་ཡིན་ཞིང་རྡོ་རྗེ་གསུམ་ཡང་ཡིན་པས་ནི་དེ་སྐད་ཅེས་བྱའོ། །སྐུ་གསུང་ཞེས་བྱ་བ་ལ ་སོགས་པས་ནི་སྔགས་བཟླས་པའི་རིམ་གྱིས་སྦྲོས་པ་གསུངས་པ་ཡིན་ཏེ། སྐུ་རྡོ་རྗེའི་ས་བོན་ལས་ན་སྐུ་རྡོ་རྗེ་ཉིད་སྤྲོའོ། །གསུང་དང་ཐུགས་ཀྱི་ས་བོན་དག་ལས་ནི་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེ་ཉིད་སྤྲོ་བར་བྱའོ་ཞེས་བྱ་བའི་དོན ་ཏོ། །འདི་ཉིད་ནི་སངས་རྒྱས་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་བསྒོམས་ནས། དེ་རྣམས་ལ་གཟུགས་ལ་སོགས་པའི་ལྷ་མོ་རྣམས་ཀྱིས། །མཆོད་པའི་མཆོག་བརྟག་ཅིང་སྦྲོ་བ་ལ་སོགས་པ་བྱའོ། །ཡེ་ཤེས་རྡོ་རྗེ ་ཞེས་བྱ་བ་ནི་དམིགས་སུ་མེད་པའི་ཡེ་ཤེས་ཀྱིས་གཉིས་སུ་མེད་པའི་བཟླས་པ་དད་སྤྲོ་བ་ལ་སོགས་བས་ནམ་མཁའ་མ་ལུས་ཁྱབ་ཅིང་གཅིག་གནས་གཅིག་ཏུ་བརྒྱུད་བའི་ཚུལ་དུ་བྱའོ་ཞེས་བྱ་བའི་བར་དུའོ། །ཡང་རྣམ་པ་གཞན་དུན་ཅིག་ཅར་སྔོ?་བ་གསུངས ་བ་ནི་ཡང་ན་ཞེས་བྱ་བ་ལ་སོགས་པ་སྟེ། སྐུ་དང་གསུང་དང་ཐུགས་རྡོ་རྗེ་སོ་སོ་ལས་ཅིག་ཅར་ཧིད་དུ་སྐུ་ལ་སོགས་པའི་རྡོ་རྗེ་སྤྲོ་བར་བྱའོ། །དེ་རྣམས་ལས་ཀྱང་གཞན་དག་དང། དེ་བཞིན་དུ་གཟུགས་ལ་སོགས་པ་རྣམས་སམ། དེའི་དཀྱིལ ་འཁོར་རྣམས་ཀྱིས་ཐམས་ཅད་དུ་ཁྱབ་པར་སྤྲོ་བ་ནི་བསྒོམ་པར་བྱའོ། །ཡེ་ཤེས་སེམས་དཔའ་སྤྲོ་བ་གསུངས་པ་ནི་ལུས་དང་ངག་སེམས་ཞེས་བྱ་བ་ལ་སོགས་པ་སྟེ། སྐུ་དང་གསུང་དང་ཐུགས་བདག་མེད་ཚུལ་ཅན་དེ་བཞིན་གཤེགས་པ་ལྔ ་པོ་ནི་ཕྱོགས་གཉི་ག་ལ་ཡང་ཡེ་ཤེས་ཀྱི་སེམས་ཀྱིས་ཞེས་བྱ་བ་ཡེ་ཤེས་སེམས་དཔའ་ཨི་ས་བོན་གྱིས་གཅིག་ཅར་ཉིད་དུ་རབ་ཏུ་སྤྲོ་བར་བྱའོ། །དུས་གང་གི་ཆོས་སྤྲོ་བར་བྱ་བ་དེ་གསུངས་པ་ནི་བརྗོད་ནས་ཞེས་བྱ་བ་ལ་སོགས་པ་སྟེ། སྔགས་བརྗོད ་པའི་དུས་སུ་བཤད་མ་ཐག་བའི་ཚུལ་གྱིས་རྡོ་རྗེ་སྟེ། དེ་བཞིན་གཤེགས་པ་རྣམས་སྤྲོ་བར་བྱའོ། །དེ་བས་ན་ཡང་བཟླས་ལ་འབད་པའི་སེམས་ཉིད་ནི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་སྨོས་པ་ཡིན་ནོ། །རྫོགས་ནས་ཞེས ་བྱ་བ་ནི་སྔགས་བརྗོད་པའི་མཐར་སྐུ་ལ་སོགས་པ་དེ་རྣམས་རང་རང་གི་གནས་སུ་བསྡུ་བར་བསཾ་པར་བྱའོ། །དེ་ཉིད་ཀྱིས་ན་ཡོངས་སུ་སྦས་པའི་རིག་?་མའི་མཆོག་རྣམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །དེ་ལྟར་སྔགས་སོ་སོར་བརྗོད་པ་འདི་ལྟ་བུར་བྱའོ། ཞེས་ཅིང། ་བཤད་ནས་སྐུ་ལ་སོགས་པའི་བཟླས་པའི་མཚན་ཉིད་སོ་སོར་བསྟན་པ་གསུངས་པ་ནི་སྐུ་ཡི་རྡོ་རྗེ་རྫོགས་བྱང་ཆུབ། ཅེས་བྱ་བ་ལ་སོགས་པ་སྟེ། དངོས་པོ་རྣམས་བེམ་བོའི་དངོས་པོའི་ངོ་བོ་ཉིད་དུ་ཡང་དག་པར་རིག་པའི་ཚུལ་གྱིས་རྣམ་པར་དཔྱད་ཅིང་རྣམ་པར་འཇོག ་པ་ནི་སྐུ་རྡོ་རྗེའི་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ཏེ། དེ་ཉིད་ནི་སངས་རྒྱས་ཀྱི་སྐུ་ཞེས་བྱ་བར་བཤད་དེ། འདི་ནི་སྐུའི་བཟླས་པ་ཡིན་པར་བཤད་དོ། །གསུང་གི་བཟླས་པ་གསུངས་པ་ནི་གསུང་གི་དམ་ཚིག་རྫོགས་བྱང་ཆུབ་ཅེས་བྱ་བ་ལ་སོགས་བ་སྟེ། ་སྒྲའི་ཡེ་ཤེས་ནི་སོ་སོར་སྣང་བའི་བདག་ཉིད་ཅན་ཏེ། དེ་སྒྲ་མ་ཡིན་ཞིང་ཚིག་མ་ཡིན་པ་ཉིད་དུ་རྣམ་པར་དཔྱད་པའོ། །སེམས་གནས་པ་རྡོ་རྗེ་ཉིད་དེ་གནས་པ་མེད་པ་ཉིད་དུ་རྣམ་པར་དཔྱད་བ་འདི་ནི་སེམས་རྣམ་པར་དག་པའི་བཟླས་པ་ཡིན་ནོ། །དོན་མཉམ ་པ་ཉིད་ཀྱི་ངོ་བོ་ཉིད་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་རྗེས་སུ་རྟོགས་པའི་བཟླས་པས་རྟོགས་པའི་ངོ་བོ་ཉིད་དང་བྲལ་བ་དང་། རྣམ་པ་ཐམས་ཅད་དང་ལྡན་པའི་མཇེས་པ་དུས་གསུམ་གྱི་སངས་རྒྱས་རྣམ་པར་དཔྱད་པ་ནི་རིན་ཆེན་བཟླས་པ་སྟེ། རིན ་ཆེན་འབྱུང་ལྡན་གྱིའོ། །གདོན་མི་ཟ་བའི་བཟླས་པ་གསུངས་པ་ནི་སངས་རྒྱས་ཞིང་ནི་ཞེས་བྱ་བ་ལ་སོགས་པ་སྟེ། གཞུང་ཅིད་བྱོན་པ་ཞེས་བྱ་བ་ནི་སྤྲོ་བ་དང། བསྡུ་བའོ། །དེ་ཉིད་ནི་རྡོ་རྗེ་མཆོག་སྟེ། དམིགས་སུ་མེད་པའི་ངོ་བོ་ཉིད་དོ། །ཁྲོ་བོ་ལ་སོགས ་པའི་བཟླས་པ་གསུངས་པ་ནི་ཁྲོ་བོའི་ཞེས་བྱ་བ་ལ་སོགས་པ་སྟེ། ཁྲོ་བོའི་དམ་ཚིག་རྡོ་རྗེ་ཡིས་ཞེས་བྱ་བ་ནི་མངོན་སྤྱོད་ལ་སོགས་པའི་ལས་རྣམས་ཁྲོ་བོའི་བསྒོམ་པ་ལས་བྱུང་བ་ལ་ནི་རྣ་བས་གཅིག་ནས་གཅིག་དུ་ཐོས་པར་ཁྲོ་བོའི་སྔགས་ཀྱི ་ཡི་གེའི་ཚིག་ཐོས་པར་བྱའོ་ཞེས་བྱ་བར་སྦྱར་རོ། །རང་གི་རྡོ་རྗེ་དཀྱིལ་འཁོར་གྲགས་ཞེས་བྱ་བ་ནི་ཁྲོས་བའི་དཀྱིལ་འཁོར་གྱིས་སྒྲ་སྒྲོགས་པ་ཞེས་བྱ་བའི་དོན་ཏོ། །འདོད་པའི་དོན་གྱིས་མྱོས་གྱུར་པ་ཞེས་བྱ་བ་ནི་འདོད་པའི་དོན་གྱིས་ཉོན་མོངས ་པར་གྱུར་ཅིང་མྱོས་པར་གྱུར་པའོ། །ཀུན་ཏུ་སྐྱོབ་ཅིང་ཕན་པར་དགའ་ཞེས་བྱ་བ་ནི་ཐམས་ཅད་ལ་སྐྱོབ་པའི་དོན་དུ་ཕན་ཚོལ་བར་བྱེད་པའོ། །སེམས་ཅན་གཏི་མུག་གནས་ནི་གཏི་མུག་རྣམ་པར་དག་པ་རྣམ་པར ་སྣང་མཛད་ཀྱི་ངོ་བོ་ཉིད་ཀྱི་སྤྲོ་ཞིང་རྣམ་པར་འཇོག་ལ་བསྡུད་པ་འདི་ནི་གཏི་མུག་རྣན་པར་དག་པའི་ཚུལ་གྱིས་བཟླས་པའོ། །འདོད་ཆགས་ཉིད་ནི་རྣམ་པར་དག་པ་ཡིན་པས་ན་རྡོ་རྗེའོ། །དེ་ལས་བྱུང་བས་ན་སྔགས་ཀྱི་བདག་ཉིད་ཅན ་གྱི་ཚིག་སྟེ། ལུས་ལ་སོགས་པ་ལྷའི་ཚུལ་གྱིས་ཡང་དག་པར་གནས་ནས་སྤྲོས་པར་བྱའོ་ཞེས་ཤེས་པར་བྱའོ། །ཞེ་སྡང་རྣམ་པར་དག་བ་ཉིད་ནི་རྡོ་རྗེ་སྟེ། དེ་ལས་བྱུང་བའི་སེམས་སྐུ་ལ་སོགས་པའི་ཚུལ་གྱིས་ཡང་དག་པར ་གནས་པར་སྦྲོ་བའི་ཚུལ་གྱིས་བསྒོམ་པར་བྱའོ་ཞེས་ཁོང་དུ་ཆུད་པར་བྱའོ། །ཞེ་སྡང་གནས་ཞེས་བྱ་བ་ལ་ཞེས་སྡང་རྣམ་པར་དག་པ་ནི་མི་བསྐྱོད་པ་སྟེ། དེ་ལ་རྣམ་པར་བཞག་ཅིང་བསྡུའོ་ཞེས་བྱ་བར་སྦྱར་རོ། །དམ་ཚིག་དེ་ཉིད་རྡོ་རྗེ ་གསུམ་ཞེས་བྱ་བ་ལ་སོགས་པ་ནི་མ་བཤད་དོ། །རྡོ་རྗེ་བདག་པོ་ནི་གཟུགས་རྡོ་རྗེ་ལ་སོགས་པ་ལྷ་མོ་དྲུག་སྟེ། བཟླས་པ་ལ་སོགས་པས་འདོད་ཆགས་ལས་བྱུང་བའི་བྱང་ཆུབ་མཛད་དོ་ཞེས་བྱ་བར་སྦྱར་རོ། །འདོད་པའི་ལོངས་སྤྱོད་ཅེས ་བྱ་བ་ནི་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་རྣམ་པར་དག་པ་དང་ལྡན་པའི་སེམས་ཀྱི་ལོངས་སྤྱོད་ཀྱིའོ། །རིག་པའི་རྒྱལ་པོ་རྡོ་རྗེ་ཅན་ཞེས་བྱ་བ་ནི་སའི་སྙིང་པོ་ལ་སོགས་པའོ། །མ་ནིང་དག་གི་གནས་ཞེས་བྱ་བ་ནི་སྐྱེས ་བ་དང། བུད་མེད་དག་གི་གནས་སྐབས་དང་བྲལ་བའི་ཡེ་ཤེས་ཀྱི་གནས་སོ། །ཞེ་སྡང་གནས་ཞེས་བྱ་བ་ལ་འདིའི་དོན་ནི་ཁྲོས་པའི་གནས་སྐབས་སུ་ཞེ་སྡང་གི་ངོ་བོ་ཉིད་ལས་སྐྱེས་པ་སྟེ། མི་བསྐྱོད་པའི་རིགས་ལས་སྐྱེས་པ་ནི་མ ་ཡིན་ནོ། །གསོད་ལ་རྟག་ཏུ་བརྩོན་པ་དག་ཅེས་བྱ་བ་ནི་གདུལ་བྱའི་སྐྱེ་བོའི་བསམ་པའི་དབང་གིས་མྱུར་བར་ཐ་མལ་པའི་གཟུགས་ལས་རབ་ཏུ་འཕོ་བར་བྱེད་པའི་ཕྱོགས་དེ་ཉིད་ཀྱིས་རབ་ཏུ་འགྲུབ་པར་འགྱུར་རོ། །མཆོག་གི་ཆོས་ཅན་ལ་ཞེས་བྱ་བ་ནི་ཆོ་ག་ཇི ་ལྟ་བ་བཞིན་དུ་སྔགས་ཀྱིས་བཟླས་བརྗོད་ལ་སོགས་པ་བྱེད་པའོ། །ཐིག་ལེའི་རྣལ་འབྱོར་གསུངས་པ་ནི་ཡེ་ཤེས་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་སྟེ། ཡེ་ཤེས་འཁོར་ལོ་ཅན་ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀའི་དབུས་སུ་གསལ་བའི་དཀྱིལ ་འཁོར་གྱིས་དབུས་ཀྱི་འཁོར་ལོ་ལ་གནས་པར་བསྒོམ་པར་བྱའོ། །འཁོར་ལོ་དེའི་དབུས་སུ་ཞེས་བྱ་བ་སྟེ། ཟླ་བ་ལ་འཁོར་ལོའི་དོན་ཞེས་བྱ་བ་ནི་མཚན་མ་འཁོར་ལོའི་སྟེ་པའི་ཟླ་བ་ལ་གནས་པའི་རང་གི་ས་བོན་ཐིག་ལེའི་གཟུགས་ཅན་དུ་རང་གི་སེམས་དང ་གཉིས་སུ་མེད་པར་བསྒོམ་པ་རྣམ་པར་སྣང་མཛད་ཀྱི་རིགས་ཀྱི་རྣལ་འབྱོར་པས་བྱའོ། །དེ་བཞིན་དུ་འདིའི་འོག་མ་རྣམས་ལ་ཡང་ཅི་རིག་པར་ཤེས་པར་བྱའོ། །ཐམས་ཅད་དུ་ཡང་ཡེ་ཤེས་སེམས་དཔའ་དང། དེའི་ཐུགས་ཀར་མཚན་མ་ལ་སོགས ་པ་ཟླ་བའི་གདན་ལ་བསྒོམ་པར་བྱའོ། །རྡོ་རྗེ་ལ་སོགས་པ་སྒྲས་ནི་མི་ཕྱད་པ་ལ་སོགས་པར་བཤད་པར་བྱའོ། །དེ་བས་ན་དེ་ལྟར་བརྟགས་ནས་རང་སྙིང་དྲི་མ་མེད་ལ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་སྨོས་པ་ཡིན་ནོ་།ཡང ་སྔགས་བཟླས་པ་དང་འབྲེལ་བའི་དོན་གསུངས་པ་ནི་།དཀྱིལ་འཁོར་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་སྟེ། བདག་པོའི་ལྷ་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་ངོས་བཞི་པོ་རྣམས་སུ་སངས་རྒྱས་ལྔ་རྣམས་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། ་ཇི་སྐད་དུ་གསུངས་པའི་ཆོ་གས་དགོད་པར་བྱའོ། །དེ་ནས་ཡེ་ཤེས་ཀྱི་ས་བོན་དེ་བཞིན་གཤེགས་པ་ལྔའི་འོད་ཟེར་སྤྲོ་བ་ལ་སོགས་པ་དང་ལྡན་པ་ཡི་གེ་གསུམ་དང་སྤེལ་བར་བཟློས་བརྗོད་བྱའོ། །སངས་རྒྱས་དེ་དག་དང་དཀྱིལ་འཁོར་བ་དེ་དག ་ཐམས་ཅད་ཀྱང་དེའི་ཚེ་དཀྱིལ་འཁོར་གྱི་བདག་པོ་དེ་ཉིད་གཅིག་པུའི་ས་བོན་དེ་དེ་བཞིན་དུ་ཟློས་པར་གྱུར་པར་བསྒོམ་པར་བྱ་སྟེ། དེ་ལས་བྱང་ཆུབ་ཐོབ་པར་འགྱུར་རོ། །བྱེ་བྲག་རྣམ་པ་གཉིས་སུ་བསྒྲགས་ཞེས་བྱ་བ་ནི་དེ་ཉིད་བཤད ་པ་ཡིན་ནོ། །སྐུ་གསུམ་རྡོ་རྗེའི་བྱེ་བྲག་གིས་ཞེས་བྱ་བ་ལ་དོན་འདི་ཡིན་ཏེ། སྐུ་གསུམ་ཞེས་བྱ་བ་དེ་ཁོ་ན་ཉིད་གསུམ་ཟློས་པ་ནི་རིམ་གྱིས་སམ་ཅིག་ཅར་སྦྲོ་བ་འདི་ལ་ནི་ངེས་པ་མེད་དོ། །རྡོ་རྗེ་ཞེས་བྱ་བ་ཡེ་ཤེས་ཀྱི་ས་བོན་ཟློས་པ་ནི་རྣམ་པ ་ཐམས་ཅད་དུ་ཅིག་ཅར་སྤྲོ་བར་བྱ་སྟེ། འདི་ནི་ངེས་པ་ཡིན་ནོ་།དེ་ལྟར་དབྱེ་བ་རྣམ་པ་གཉིས་སྦྲོ་བར་བྱས་ནས། མཆོད་པ་ལ་ཡང་རང་གི་རིགས་ཉིད་ཀྱི་ལྷ་མོས་མཆོད་པར་བྱེད་ཀྱི། རིགས་ཀྱི་བདག་པོ་གཞན་གྱི་མ་ཡིན་ནོ་ཞེས་གསུངས་པ་ནི ་སྐུ་ཡིས་ཞེས་བྱ་བ་ལ་སོགས་པ་སྟེ། སྐུ་ནི་རྣམ་པར་སྣང་མཛད་དེ། སྐུའི་ངོ་བོ་ཉིད་ཀྱིས་སྤྱན་ལ་སོགས་པས་མཆོད་པར་བྱེད་དོ། །དེ་བཞིན་དུ་ཐུགས་ལ་སོགས་པ་ལའང་སྦྱར་བར་བྱའོ། །སྤྱན་ཡང་སྤྲོ་བའི་དུས་སུ་རང་གི་དཀྱིལ་འཁོར ་གྱི་བདག་པོ་དང་ལྡན་པར་སྤྲོ་བར་བྱེད་དེ། དེར་ཡང་ས་རྣམ་པར་དག་པ་ལ་རང་གི་གསང་བའི་པདྨར་སྤྲུལ་པའི་བདག་པོ་མེ་ལོང་ལྟ་བུར་རྣམ་པར་དག་པ་རྣམ་པར་སྣང་མཛད་ཀྱི་འབྱིན་པའི་སྔགས་ཀྱིས་དེའི་ནང་དུ་ཆུད་པ་དང ་ལྡན་པ་དང་མེ་ལོང་ལྟ་བུར་རྣམ་པར་དག་པའི་དངོས་པོར་ཐལ་བས་སྤྱན་དེ་མེ་ལོང་ལྟ་བུར་རྣམ་པར་དག་པ་ཉིད་དུ་བྱའོ། །དེ་བས་ན་མེ་ལོང་ལྟ་བུར་རྣམ་པར་དག་པའི་རྣམ་པར་སྣང་མཛད་ཉིད་ནི་དེ་རྣམ་པར་དག་པས་རྣམ་པར་དག་པ་ཡིན་པའི ་ཕྱིར་དེའི་ངོ་བོ་ཉིད་དང་ལྡན་པའི་གསང་བའི་མཆོད་པས་མཆོད་ཀྱི་གཞན་དག་ནི་མ་ཡིན་ནོ་ཞེས་བྱ་བར་རིགས་སོ། །ཡང་ན་གཅིག་པུ་ཉིད་ས་རྣམ་པར་དག་པ་ཡིན་དུ་ཟིན་ཀྱང། རྣམ་པར་སྣང་མཛད་ཉིད་དེའི་རིགས་ལས་བྱུང་བ་ཡིན ་པས་ན་ཕྱིའི་མཆོད་པས་མཆོད་པ་ལ་ཉེས་པ་མེད་དོ། །དགོངས་པ་འདི་ཉིད་ཀྱིས་ན་ལྷ་མོ་རྣམས་ནི་སངས་རྒྱས་རྣམས་ཀྱི་བཙུན་མོའི་མཆོག་ཅེས་བཤད་པ་ཡིན་ནོ། །དེ་བཞིན་དུ་མཱ་མ་ཀཱི་ལ་སོགས་པ་མཆོད་པ་ལ་ཅི་རིགས་པར་བཤད་པར་བྱའོ། ། ་ད་ནི་ལས་རྣམ་པ་བཞི་བསྟན་པའི་ཕྱིར་དཀྱིལ་འཁོར་གྱིས་འཁོར་ལོས་སྒྲུབ་པར་ཤིག་བསྟན་པའི་ཕྱིར། དཀྱིལ་འཁོར་ཆེན་པོའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ལྔ་རྣམས་ཞེས་བྱ་བ་དེ་བཞིན་གཤེགས་པ་རྣམས་བསྒོམ ་པར་བྱ་ལ། དེ་རྣམས་ཀྱི་དབུས་སུ་གང་གྱུར་པ་དེ་ནི་བདག་པོ་སྟེ། རྡོ་རྗེ་གསུམ་དང་ལྡན་པའི་བདག་པོའི་གཟུགས་སུ་བསམས་ལ། རང་སྔགས་རྡོ་རྗེའི་ཞེས་བྱ་བ་བདག་པོའི་དཀྱིལ་འཁོར་གང་ཡིན་པའི་དཀྱིལ་འཁོར་བ་རྣམ་པར་སྣང་མཛད ་ལ་སོགས་པའི་ཚུལ་དེ་རྣམས་ཀྱིས། དཀྱིལ་འཁོར་གྱི་གཟུགས་རྣམ་པ་བཞི་པོ་དཀར་པོ་ལ་སོགས་པ་ཁ་དོག་རྣམ་པ་བཞིར་ཀུན་ཏུ་བརྟགས་ལ་སྙིང་པོའི་ངོན་ཡེ་ཤེས་ཀྱི་ས་བོན་ལ་སོགས་པ་བསྒོམ་པར་བྱའོ། །འདི་དག་ཀྱང ་དཀྱིལ་འཁོར་ཐམས་ཅད་ཉེ་བར་མཚོན་པའི་དོན་ཡིན་ཏེ། དེ་ལྟར་ན་དཀྱིལ་འཁོར་དེ་རྣམ་པར་བསྒོམས་ལ། རྡོ་རྗེ་རྣམ་པ་བཞི་ཞེས་བྱ་བ་ཞི་བ་ལ་སོགས་པའི་ལས་རྣམ་པ་བཞིར་བྱའོ། །གཞན་དག་ཀྱང་ནུས་པ་རྣམས་ལས ་སེམས་ཅན་གྱི་བསམ་པའི་དབང་གིས་རེ་རེའི་ལས་ཀྱི་ངེས་པ་གསུངས་པ་ནི་ཞི་བ་ལ་ནི་སྤྱན་གྱི་ཚུལ་ཞེས་བྱ་བ་ལ་སོགས་པ་སྟེ། ཞི་བའི་ལས་ལ་བདག་པོའི་ལྷ་དཀར་པོའི་ཚུལ་དུ་བསམ་པར་བྱ་བ་དང། རྒྱས་པ་ལ་འོད་དཔག་ཏུ་མེད ་པའི་ཚུལ་སེར་པོའི་གཟུགས་སུ་བསམ་པ་དང། དབང་ལ་རྣམ་པར་སྣང་མཛད་གནས་ཞེས་བྱ་བ་སྒྲའི་དགོད་པའི་ཚུལ་གྱིས་ན། དོན་ཡོད་པར་གྲུབ་པའི་ཚུལ་དམར་པོའི་རྣམ་པར་གཟུང་བར་བྱའོ། །མངོན་སྤྱོད་ལ་ནི་ཁྲོ་བོའི་ཚུལ་ཏེ། ནག ་པོར་གནས་པའོ། །དེ་ལ་མངོན་སྤྱོད་ཀྱི་ལས་རྣམས་ཀྱི་ཡུལ་གསུངས་པ་ནི། མ་དད་སྨྲ་བའི་སེམས་ཅན་དང་ཞེས་བྱ་བ་ལ་སོགས་པའོ། །དེ་ཉིད་ཀྱི་ཆོ་ག་གསུངས་པ་ནི་ཁམས་གསུམ་ཞེས་བྱ་བ་ལ་སོགས་པ་སྟེ། ཁམས ་གསུམ་ན་གནས་པའི་སེམས་ཅན་ཇི་སྙེད་པ་དེ་ཁ་སྦྱར་དབྱེ་བར་བྱ་བའི་ཕྱིར། སངས་རྒྱས་སྐུའི་བདག་ཉིད་ཅན་དུ་རྣམ་པར་བསྒོམ་པར་བྱའོ། །ཁ་སྦྱར་དབྱེ་བ་ནི་མ་བཤད་དོ། །ཁ་བཞི་པ་ཞེས་བྱ་བ་ནི་མདུང་རྩེ་མོ་གཅིག་ལ་རྩེ་མོ་དི་ཞེས་བསྐོར་བར་གནས་པའི ་ཁ་བཞི་པར་འགྱུར་བ་ལ་བྱའི། །སྣ་ཚོགས་རྡོ་རྗེ་ཡིན་པར་གཟུང་བར་མི་བྱའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་སྔར་བྱུང་བའི་རྡོ་རྗེ་འཛིན་པ་རྡོ་རྗེ་རྩེ་ལྔ་པ་ཡོངས་སུ་གྱུར་པའི་མི་བསྐྱོད་པ་ཁྲོས་པར་བསྒོམ་པར་བྱའོ་ཞེས་ཤེས་པར་བྱའོ། །རྡོ་རྗེ་ཡོངས་སུ ་གྱུར་པ་ཡང་རྡོ་རྗེའི་མཚན་མ་མདའ་བའ་ཨི་ལྟ་རྣམས་ཀྱི་ཡིན་ཏེ། དེ་ལས་གཞན་དག་པས་ཀྱང་རང་རང་གིས་མཚན་མ་ཡོངས་སུ་གྱུར་པ་ཉིད་ལས་བྱུང་བ་ཡིན་ནོ། །མངོན་སྤྱོད་ཀྱི་ལས་ཀྱི་རྩོལ་བ་ལ་ནི་སྐུ་མདོག་དང། དབྱིབས་མི་སྡུག་པར་བྱ་བ་འདི་ནི་ཁྱད་པར ་ཡིན་པར་ཤེས་པར་བྱའོ། །སངས་རྒྱས་འཁོར་ལོ་ཞེས་བྱ་བ་ནི་དེའི་འཁོར་རྣམས་སོ། །དེ་ལྟར་ཁྲོས་པའི་མི་བསྐྱོད་པ་དེའི་ཡང་ཕྱག་གཡས་པར་སངས་རྒྱས་ཀྱི་འཁོར་ལོའི་བདག་ཉིད་ཅན་སྟོབས་ཆེན་པོ་ཡོད་པའི་རྡོ་རྗེ་འདི་བཞག་པར་བྱའོ། །དེ ་ནས་སེམས་ཅན་རྣམས་ཞི་བའི་བྱེ་བྲག་གིས་བསྡུས་ཏེ། གོང་བུའི་ཚུལ་དུ་བྱས་ནས་རང་གི་ལུས་ལ་གཞུག་པར་བྱའོ། །དེ་ནས་ཡང་སངས་རྒྱས་རྣམས་ཁྲོས་པར་གྱུར་བས་འཁྲུག་པ་ཇི་སྐད་དུ་བཤད་པའི་གཟུགས་དང་ལྡན་པ་གདུག་པ་རྣམས ་གསོད་པ་ལ་སྤྲོ་བར་བྱའོ། །དེས་ན་བསྒྲུབ་པར་བྱ་བ་དེ་འཆི་བར་འགྱུར་རོ། །སངས་རྒྱས་ལ་ཡང་འགྲུབ་པར་མི་འགྱུར་ཞེས་བྱ་བ་ནི་སྒྲུབ་པར་བྱ་བའི་དོན་གྱི་ཆོ་གའོ་ཞེས་བྱ་བ་ནི་ལྷག་མའོ། །བྲི་བའི་དཀྱིལ་འཁོར་དུ་བགེགས་བསལ་བ་གསུངས ་བ་ནི་ནམ་མཁའ་ཨི་དབྱིངས་ཞེས་བྱ་བ་ལ་སོགས་པ་སྟེ། རྣམ་པར་སྣང་མཛད་ཅེས་བྱ་བ་ནི་རང་གི་སྦྱོར་བ་དང་རྗེས་སུ་མཐུན་པའི་དགོད་པས་མི་བསྐྱོད་པའི་ཁང་པ་རྩེཌ་མ་ལ་ལྷའི་འཁོར་ལོ་དང་ལྡན་པར་ཇི་སྐད་དུ་གསུངས་པའི་ཚུལ་གྱིས་བསྒོམ་པར་བྱའོ། །རྡོ་རྗེ་འཛིན ་པ་དང། སྤྲོ་བ་དང། བསྡུ་བ་ལ་སོགས་པ་ནི་སྔ་མ་དང་འདྲའོ། །དེ་ནས་འཁོར་ལོའི་ས་གཞིར་ཇི་སྐད་དུ་བཤད་པའི་ཚོགས་བགེགས་བསལ་ལ་སྐུ་གསུང་ཐུགས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨྲ་ཞིང་འགྲོ་བར་བྱའོ། །དེ་ཡང་ཇི་སྐད་དུ་འཇམ་རྒྱལ་ཁྲོས་པས ་བལྟས་ནས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །གཤིན་རྗེ་གཤེད་ཀྱི་འཁོར་ལོ་གསུངས་པ་ནི་ནམ་མཁའ་ཨི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། གཤིན་རྗེ་གཤེད་བདག་པོར་གྱུར་པའི་འཁོར་ལོས་དགྲ་རྣམས་གསོད་པར་བྱེད་པ་ཆོ་ག་ཇི་ལྟ་བ ་བཞིན་དུ་བསམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །བསྲུང་བའི་འཁོར་ལོ་ལ་སོགས་པ་གསུངས་པ་ནི་སྐུ་གསུང་ཐུགས་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ། སྐུ་ལ་སོགས་པས་སམ། རང་གི་འདོད་པའི་ལྷའི་ཡོན་ཏན་ནམ། ཡང་ན་གཙུག་གཏོར་གྱི་བཀའ་ཨི་འཁོར ་ལེ་སྟེ། ཐེག་པ་དམན་པ་ལ་སོགས་པའི་བགེགས་རྣམས་དང་བྱང་ཆུབ་བསྲུང་བའི་ཕྱིར་རབ་ཏུ་སྦྱར་བར་བྱའོ། །དེ་ཡང་ཧཱུཾ་མཛད། ཡང་ན་གཙུག་ཏོར་དམ་ཞེས་བྱ་བ་ལ་སོགས་པ་ཇི་སྐད་དུ་བཤད་པ་སྟེ། འདི་དག་ཀྱང་གསལ་བར་བདག་གིས ་མ་བཤད་དོ། །རྣམ་པར་སྣང་མཛད་ལས་བྱུང་བའི་ཁང་པ་རྩེགས་མ་གསུངས་པ་ནི་ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་འབྱུང་བའི་ནང་དུ་ཆུད་པའོ། །ཆོས་ཞེས་བྱ་བ་ནི་ཁང་པ་བརྩེག་མར་བསམས་ལ། དེར་གདན་རབ་ཏུ་བརྟག་པར ་བྱའོ། །དེ་ཡང་རིགས་བཅས་པའི། རྣམ་པར་སྣང་མཛད་ཡན་ལག་ལས་ཡང་དག་བྱུང་ཞེས་སྨོས་པ་ཡིན་ནོ། །དེ་བཞིན་དུ་ཉི་ཟླ་མགོན་བཅས་ལྷའི་གནས་རྣམས་དང་ཞེས་སྨོས་པ་ཡིན་ནོ། །རྡོ་རྗེའི་ང་རྒྱལ་དུ་བྱ་བ་གསུངས་པ་ནི་ནམ་མཁའ་དབྱིངས་ཞེས ་བྱ་བ་ལ་སོགས་པ་སྟེ། རང་གིས་སྔགས་ཀྱི་ཡི་གེའི་གནས་ཀྱི་རྡོ་རྗེའི་ནང་དུ་ཆུད་པ་སྤྲོ་བ་ལ་སོགས་པའི་ཚུལ་གྱིས་བསམས་ལ། དེ་དང་གཅིག་པར་ང་རྒྱལ་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ང་རྒྱལ་དེ་ལྡན་ཞེས ་སྨོས་པ་ཡིན་ནོ། །དེ་ཉིད་ལས་རྡོ་རྗེ་འཛིན་པ་བྱུང་བ་བཤད་ཅིང་ལས་ཀྱི་ཚོགས་གསུངས་པ་ནི་རྣམ་པའི་མཆོག་རྣམས་ཞེས་བྱ་བ་ལ་སོགས་པ་སྟེ། རིམ་པར་ཞེས་བྱ་བ་ནི་དབང་བསྐུར་བའི་རིམ་གྱིས་མི་བསྐྱོད་པའི་རྣལ་འབྱོར་པས་ཆོ་ག་ཇི ་ལྟ་བ་བཞིན་དུ་བསྐྱེད་དེ། དཀྱིལ་འཁོར་གྱིས་འཁོར་ལོ་ཅན་རྣམ་པར་སྣང་མཛད་ལ་སོགས་པ་དང། མཱ་མ་ཀཱི་ལ་སོགས་པ་ཡང་རྣམ་པར་བཞག་སྟེ། དེའི་རྡུལ་ཕྲ་རབ་ཀྱི་གཟུགས་ཀྱི་ཆུ་དེ་བཞིན་གཤེགས་པའི་ཚོགས་ཀྱི་ཆུའི་སྟེང ་ནས་བཅག་པར་བྱའོ། །རྐང་པ་མཉམ་གཞག་སྦྱོར་བ་ཡིས་ཞེས་བྱ་བ་ནི་ཐམས་ཅད་མཉམ་པ་ཉིད་ཀྱིས་སོ། །དེ་ལྟར་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་སྤྱན་ལ་སོགས་པའི་སྤྱི་བོའི་སྟེང་དུ་རྐང་པ་བསྒོམ་པར་བྱའོ་ཞེས་བྱ་བ་ལ ་སོགས་པར་སྦྱར་བར་བྱའོ། །འཇམ་པའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་རང་དང་འདྲ་བའི་ལྷའི་སྤྱི་བོའི་སྟེང་དུ་རྐང་པ་བཞག་ནས་བཅག་པར་བྱའོ་ཞེས་ཤེས་པར་བྱའོ། །ཚིག་གནོན་པའི་སྦྱོར་བ ་གསུངས་པ་ནི་དབང་ཆེན་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། དབང་ཆེན་གྱི་དཀྱིལ་འཁོར་ཟུར་བཞི་སེར་པོ་ཡི་གེ་ལ་ལས་བྱུང་བ་མཚམས་བཞིར་རྡོ་རྗེ་རྩེ་གསུམ་པས་མཚན་པ་ལ་གནས་པར་བསྒོམ་ནས། ལས་ཀྱི ་རྡོ་རྗེ་སྟེ་སྣ་ཚོགས་རྡོ་རྗེ་སྣ་ཚོགས་པདྨ་ལ་གནས་པས་གནོན་པ་དང། ཡི་གེ་སུཾ་ལས་བྱུང་བའི་རི་རབ་སྤྱི་བོར་བསྒོམ་པར་བྱའོ། །བསྒྲུབ་པར་བྱ་བའི་སྤྱི་བོར་ཇི་སྐད་དུ་བཤད་པའི་རི་རབ་ལ་གནས་པའི་དབང་ཆེན་གྱི་དཀྱིལ ་འཁོར་ལ་གནས་པའི་སྣ་ཚོགས་པདྨ་དེ་ལག་ནས་པའི་སྣ་ཚོགས་རྡོ་རྗེ་ཆོ་ག་བཞིན་དུ་གཞལ་ཡས་ཁང་ན་གནས་པ་ཁྲོས་པའི་ལྷ་སྟགས་ཟློས་པ་ཁ་དོག་སེར་པོ་བསྒོམ་པར་བྱའོ་ཞེས་བྱ་བྱ་བའི་དོན་ཏོ། །དཔུང་གནོན་པ་གསུངས་པ་ནི་རྡོ་རྗེ་གསུམ་མཆོག ་ཅེས་བྱ་བ་ལ་སོགས་པ་སྟེ། དམག་གི་སྤྱི་བོར་སྔ་མ་བཞིན་དུ་རི་རབ་དང། རྡོ་རྗེ་གསུམ་པའི་དཀྱིལ་འཁོར་པ་བསྒོམ་པར་བྱའོ་ཞེས་བྱ་བ་ལ་སོགས་པར་སྦྱར་བར་བྱའོ། །དཔུང་ཕུར་བུས་གདབ་པ་གསུངས་པ་ནི་ཧཱུཾ་ལས་ཞེས་བྱ་བ་ལ་སོགས་པ་སྟེ། ་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པའི་ཕུར་བུ་སྟོད་རྩེ་མོ་ལྔ་དང་ལྡན་པ། འོག་རྩེ་གཅིག་པ། སོར་བརྒྱད་པའི་ཚད་དུ་བསམས་ལ། བསྒྲུབ་པར་བྱ་བའི་མིང་གི་ཡི་གེ་དང་པོ་ལས་སྐྱེས་པའི་གཟུགས་བརྙན་གྱི་སྙིང་ཁར་ཕུར་བུ་དེས་རྡོ་རྗེ་ཕུར་བུས་གདབ་པ་ཨོཾ་གྷ(རྒྱུད་འགྲེལ་ཏ་ཡ་ཞེས་བྱ་བ་ལ་སོགས་པའི་ཕྲེང་བའི་སྔགས་ཀྱིས་བྱས་པར་བསམ་པར་བྱའོ། །ཡུལ་ཕྱོགས་སུ་ཉེ་བར་འཚེ་བཞི་པ་གསུངས་པ་ནི་གྲོང་ངམ་ཞེས་བྱ་བ་ལ་སོགས་པ་སྟེ། བར་སྣང་ལ་རྡོ་རྗེ་རྩེ་མོ་ལྔ་པ་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན། ་བསྐལ་པ་བསྲེག་པ་ལྟར་ཞེས་བྱ་བ་ནི་འཕྲོ་བས་ནམ་མཁའ་ཨི་ཁམས་ཁྱབ་པར་གྱུར་པའི་རྡོ་རྗེའི་ལྷ་རྣམས་ཀྱིས་ཡུལ་དེ་ཁྱབ་པ་སྟེ། དེ་བས་ན་ཉེ་བར་འཚེ་བ་བསྲེག་པར་བྱེད་པའི་སྤྲོ་བ་ལ་སོགས་པའི་ཚུལ་བསམས་ནས། འོད་ཟེར་དེ་ལས་བྱུང་བའི་ལྷ ་མོའི་སྤྲིན་རྣམས་ཡེ་ཤེས་ཀྱི་བདུང་རྩིའི་བུམ་པ་ཐོགས་པས་དབང་བསྐུར་བ་སྟེ། ཉེ་བར་འཚེ་བས་བསྲེགས་པའི་ཡུལ་དེར་ཆོ་ག་ཇི་ལྟ་བ་བཞིན་དུ། ཞི་བའི་སྔགས་ཟློས་པའི་རྣལ་འབྱོར་པས་སྦྱིན་པར་བྱའོ། །དེ་ལྟར་ཆོ་ག་བཞིན་དུ་ལས་བྱས་ན་ནོར་ཕུན་སུམ་ཚོགས་པར་ཡང་འགྱུར་རོ་ཞེས་གསུངས་པ་ནི་བསམ་གཏན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའོ། །གཞན་ཡང་ནད་བསལ་བའི་ཆོ་ག་གསུངས་པ་ནི་དེ་རིན་སངས་རྒྱས་སྤྲིན་དང་ནི་ཞེས་བྱ་བ་ལ་སོགས་པའོ། །བགེགས་མེད་པར་བྱས་པའི ་ཡུལ་དུ་ཉེ་བར་འཚེ་བའི་ཉེས་པ་དགག་པའི་ཕྱིར་ཕུར་བུའི་ཆོ་ག་གསུངས་པ་ནི་རྡོ་རྗེ་བདུད་རྩི་ཞེས་བྱ་བ་ལ་སོགས་པ་སྟེ། བདུད་རྩི་ཐབ་སྦྱོར་ཉིད་སྐུ་སྟོད་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ལ་སྐུ་སྨད་རྡོ་རྗེ་རྩེ་གཅིག ་པའི་གཟུགས་ཅན་གྱི་རྡོ་རྗེ་ཕུར་བུ་བྱས་ལ། ཕུར་བུ་གདབ་པའི་སྔགས་ཀྱིས་ཕྱོགས་བཅུར་སྤྲོས་ནས་གདབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་སྐུ་སྟོད་བགེགས་རྒྱལ་སྨད་རྩེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཞི་བའི ་ལས་ཀྱི་དབྱེ་བ་གསུངས་པ་ནི་མད་ངས་བཟང་ཞེས་བྱ་བ་ལ་སོགས་པ་སྟེ། ཟླ་བ་ལ་གནས་པའི་རྣམ་པར་སྣང་མཛད་དང་ལྷ་མོ་རྡོ་རྗེ་ཅན་ཨོཾ་ཨཱ(རྒྱུད་འགྲེལ་ལ་གནས་པའམ། རང་གི་ས་བོན་གྱི་ཡི་གེ་གཅིག་ཏུ་ཟློས་པར་བསམས་པ། དེའི་ཡེ་ཤེས་སེམས་དཔའ་ཨི་སྙིང་ཁའི་ཟླ་བར་ཞི་བའི་དོན་དུ་བཞག་པར་བྱའོ། །སྤྱན་གྱི་རྣམ་པར་སྤྲོས་པ་རྣམས་ཨོཾ་རུ་རུ་སྤུ་རུ་ཛོ་ལ་ཏིཥྛཱ་སིངདྷ་ལོ་ཙ་ནེ ་སརྦབཱ་རྠ་སཱ་དྷ་ནི་ཆེ་གེ་མོའི་ཤཱནྟི་ཀུ་རུ་སྭཱཧཱ། ཞེས་བྱ་བའི་སྔགས་ཟློས་པ་རྣམས་ཀྱིས་སམ། བསྒྲུབ་པར་བྱ་བའི་མིང་དང་ལྡན་ཞིང་ཡི་གེ་གསུམ་དང་སྤེལ་བའི་འབྱིན་པའོ་སྔགས་སམ། རང་གི་ས་བོན་ཟླས་པ་རྣམས་ཀྱིས་ནམ་མཁའ་ཨི་ཁམས ་གང་བ་བསམ་པར་བྱའོ། །དེ་བཞིན་དུ་འདིའི་འོག་མ་རྣམས་ལ་ཡང་ཅི་རིགས་པར་སྦྱར་བར་བྱའོ། །དེ་ནས་དེ་རྣམས་ཡང་དག་པར་བསྡུས་ནས། སྤྱན་ལ་སོགས་པ་བདུད་རྩིར་གྱུར་པའི་འོད་ཟེར་གྱི་གོང་བུའི་གཟུགས་ཀྱིས་ནང་གི་ཡན ་ལག་ཚིམ་ཞིང་རྒྱས་པར་བྱ་བའི་ཕྱིར་དབབ་པར་བྱའོ། །བ་སྤུའི་བུ་ག་རྣམས་ལས་ཀྱང་སངས་རྒྱས་ཀྱི་སྤྲིན་དེ་རྣམས་ཉིད་ཀྱིས་བདག་ཉིད་བདུད་རྩིའི་བུམ་པ་བསྣམས་ཏེ། ནད་པའི་ཉེས་པ་བཞི་བར་བྱ་བའི་ཕྱིར་དབང་བསྐུར་བ་དེ་ལ ་སྩོལ་ཏོ། །རྒྱས་པ་གསུངས་པ་ནི་ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། ཁང་པ་རྩེག་པའི་ནང་ན་གནས་པའི་དབང་ཆེན་གྱི་དཀྱིལ་འཁོར་ལ་བཞུགས་པ་ཉི་མའི་གདན་ཅན་འོད་དཔག་ཏུ་མེད་པ་སེར་པོ་བསམས་ལ། ཨོཾ་ཨཱ(རྒྱུད་འགྲེལ་ཆེ་གེ་མོའི་པུཥྚཾ་ཀུ་རུ་ཧཱུཾ་ཞེས་བྱ་བའི་སྔགས་ཟློས་པའི་ལྷའི་འཁོར་ལོ་དང་ལྡན་པ་བསམས་ལ་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀའི་ཟླ་བ་ལ་རྒྱས་པ་དོན་དུ་གཉེར་བ་བཞག་པར་བྱའོ། །གོས་དཀར་མོ་ལ་སོགས་པ་སྤྲོས་པ། ཨོཾ་ཀ་ཊེ་པི་ཀ ་ཊེ་ནི་ཀ་ཊེ་ཀ་ཊཾ་ཀ་ཊེ་ཆེ་གེ་མོའི་པུཥྚཱཾ་ཀུ་རུ་ཨོཾ་ཞེས་བྱ་བའི་སྔགས་ཟློས་པ་དང། མངོན་པར་འདོད་པའི་ནོར་གྱི་ཆར་འབེབས་པ་རྣམས་ཀྱིས་ནམ་མཁའ་ཨི་ཁམས་གང་བར་བྱའོ། །དེ་ནས་དེ་ཡང་དག་པར་བསྡུས་ལ་སྔ་མ་བཞིན་དུ་འོད ་ཟེར་གྱི་གོང་བུ་མངོན་པར་འདོད་པའི་ནོར་གྱི་ཆར་འབེབས་པ་བསྒྲུབ་པར་བྱ་བའི་ལུས་དང། ངག་དང། ཡིད་ཀྱི་གནས་ལ་དབབ་པར་བྱའོ། །བ་སྤུ་རི་བུ་ག་རྣམས་ལས་ཀྱང་རིན་པོ་ཆེའི་སྤྲིན་ཅན་གྱི་འོད་དཔག་ཏུ་མེད་པ་སྤྲོ ་པར་བྱའོ། །དེ་ནས་སངས་རྒྱས་པར་འདོད་པ་དེ་ཉིད་ལ་དབང་བསྐུར་བ་རབ་ཏུ་སྩོལ་ཏོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་ཐམས་ཅད་སྦྱར་བར་བྱའོ། །དབང་དུ་བྱ་བའི་ཆོ་ག་གསུངས་པ་ནི་ནམ་མཁའ་ཨི་དབྱིངས་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེའི་དཀྱིལ ་འཁོར་ཟླ་གམ་བསམ་ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་ཡིན་གྱི། རླུང་གི་དཀྱིལ་འཁོར་ཟླ་བ་ཕྱེད་པ་ལྟ་བུ་ནི་མ་ཡིན་ནོ། །དེ་བས་ན་ཁང་པ་རྩེགས་མའི་དབུས་སུ་རྡོ་རྗེ་ནམ་མཁའ་ཨི་མཆོག་ཅེས་བྱ་བ་དོན་ཡོད་གྲུབ་པ་དམར་པོའི་མདོག་ཅན་སྔགས་ཇི་ལྟ ་བ་བཞིན་དུ་བཟློས་པ་མཛེས་པར་བསམས་ལ། སྔ་མ་བཞིན་དུ་ཐམས་ཅད་རྗེས་སུ་དཔགས་ཏེ་ལས་རྣམས་བྱའོ། །སྔར་སྤྱད་པའི་མངོན་སྤྱོད་དང་རྗེས་སུ་འབྲེལ་པའི་ལས་གསུངས་པ་ནི་ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། མེའི་དཀྱིལ་འཁོར ་ནི་གྲུ་གསུམ་འབར་བའི་དཀྱིལ་ཅན་ཏེ། དེར་གནས་པའི་དགྲ་བོ་ལ་སྲིན་པོ་ལ་སོགས་པས་རྣམ་པར་གཅེས་པར་གྱུར་པར་བསམས་ལ་ཁྲོས་པའི་ལྷའི་རྣལ་འབྱོར་པས་ཆོ་ག་ཇི་ལྟ་བ་བཞིན་དུ་སྤེལ་བའི་སྔགས་བཟླས་པར ་བྱ་ཞིང། མཱ་མ་ཀཱི་དང་ཤེས་རབ་མཐར་བྱེད་ལ་སོགས་པ་བསྒྲུབ་པར་བྱ་བ་དང། སྤེལ་བའི་རང་རང་གི་དབྱུག་པའི་སྔགས་ཟློས་ཤིང། བསྒྲུབ་པར་བྱ་བའི་རྣམ་པ་གཞིག་པར་བརྩོན་ལ། སྤྲོ་བ་ལ་སོགས་པའི་ཚུལ་དུ་ཇི་སྐད་བཤད་པའི་ཚེ ་གས་བསྒོམ་ཞིང་མངོན་པར་འདོད་པ་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་དག་ཀྱང་གསལ་བར་མ་བཤད་དོ། །ད་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ཞལ་ལ་སོགས་པ་བཤད་པ་དྲན་པར་བྱ་བའི་ཕྱིར་དང། མ་བཤད་པ་རྣམ་བཤད ་པར་བྱ་ཕྱིར། རྣམ་པར་སྣང་མཛད་ཞལ་གསུམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཡང་སངས་རྒྱས་གསུམ་པོ་ཉིད་ནི་སྐུ་དང་གསུང་དང་ཐུགས་ཉིད་གཙོ་བོ་ཉིད་ཡིན་པར་བསྟན་པར་བྱ་བའི་ཕྱིར་གསུངས་པ་ཡིན་ལ། མངོན་པར ་རྟོགས་པ་ལ་དགོས་པའི་ཁྲོ་བོ་རྣམས་ཀྱང་བསམ་གཏན་དང་བྲི་བའི་དཀྱིལ་འཁོར་དག་ལ་སྲུང་བའི་ཕྱིར་དགོས་པ་དང། དྲག་ཤུལ་གྱི་ལས་ལ་སོགས་པ་ལས་ཀྱི་དབང་དུ་བྱས་ནས་འདོད་པའི་རྒྱལ་པོ་ལ་སོགས་པ་གསུངས་པ་ནི་ཊཀྐིའི་ཡེ ་ཤེས་བྱ་བ་ལ་སོགས་པ་སྟེ། ཕྱག་བཞི་ཞེས་བྱ་བ་ནི་ཤེས་རབ་དམ་པ་འཁྱུད་པའི་ཕྱག་གཉིས་མ་གཏོགས་པའོ། །འདི་རྣམས་ཀྱི་ཞལ་དབུས་མ་དང། སྐུ་ནི་ནག་པོའི་ཞལ་གཡས་པ་ནི་དཀར་པོའོ། །གཡོན་པ་ནི་དམར་པོའོ། །གཙུག ་ཏོར་གྱི་ནི་སྐུ་དང་དབུས་མའི་ཞལ་ནི་སེར་པོ་ཡིན་ལ། གཡས་པ་ནི་ནག་པོའོ། །གཡོན་པ་ནི་དཀར་པོ་སྟེ་ཁྱད་པར་ནི་དེ་ཡོད་དོ། །ཡི་གེ་གཅིག་ཅེས་བྱ་བ་ནི་གཙུག་ཏོར་བདུན་ཆར་ཡང་ས་བོན་གཅིག་པུ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། ། ་ལས་ཀྱི་ཚོགས་ཀྱི་དབང་དུ་བྱས་པའི་ཁྲོ་བོ་གསུངས་པ་ནི་གཟི་བརྗིད་ཕུང་པོ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་རྣམས་ནི་ཞེས་བྱ་བ་ནི་ལས་ཀྱི་ཚོགས་དང་རྗེས་སུ་མཐུན་པ་རྣམས་ཀྱིས་སོ། །རྡོ་རྗེ་འཛིན་པ་མངོན་དུ་གྱུར་པས ་ལྷག་པར་གྲུབ་པར་བསྟན་པའི་ཕྱིར་དོན་དེ་ཉིད་བཟླས་ཏེ་བསྟན་པ་ནི་ནམ་མཁའ་ཨི་དབྱིངས་ཞེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་གཟུགས་ནི་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་ཆེན་པོ་སྟེ། དེ་རབ་ཏུ་བསྒོམས་ལ་དེ་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་ཆོ་ག་བཞིན ་དུ་རྣམ་པར་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་སྔར་རྡོ་རྗེ་སེམས་དཔར་གྱུར་པས་རྡོ་རྗེ་སེམས་དཔའ་ཉིད་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པ་འམ། མི་བསྐྱོད་པ་ཉི་མའི་དཀྱིལ་འཁོར་ལ་བཞུགས་པར་བསམ་པར་བྱ་སྟེ། རྡོ་རྗེ ་སེམས་དཔའ་ཨི་སྒྲས་གཉིས་ག་ལ་ཡང་བཤད་པ་ཡིན་པའི་ཕྱིར་རོ། །སངས་རྒྱས་གསུམ་པོ་བཤད་ནས། སྤྱན་ལ་སོགས་པ་གསུངས་པ་ནི་རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེའི་དཀྱིལ་འཁོར་འོད་མཆོག་ཅན་ཞེས་བྱ་བ་ནི་ཐུགས་རྣམ ་པར་དག་པའི་མཱ་མ་ཀཱིའི་དཀྱིལ་འཁོར་ཏེ། རིགས་ཀྱི་བདག་པོ་རྣམ་པར་དག་པའོ། །དེ་ལྟར་ན་ལྷ་མོ་རྣམས་ཀྱི་དཀྱིལ་འཁོར་གྱི་དབང་དུ་བྱས་པ་ཡིན་ནོ། །ནམ་མཁའ་རྡོ་རྗེ་མཆོག་ཅེས་བྱ་བ་ནི་མཱ་མ་ཀཱི་སྟེ། ཟླ་བའི་དཀྱིལ་འཁོར་ལ་བཞུགས་པའོ། ་ཨུཏཔལ་མཐིང་ཞེས་བྱ་བ་ནི་འདིར་ཨུཏཔལ་དམར་པོ་ཡིན་པར་བཞེད་དེ། དེ་ཡང་འཁོར་ལོ་བཟང་དང་ཨུཏཔལ་དམར་པོ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ཆོས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ནི་གསུང་རྣམ་པར་དག་པ་གོས་དཀར་མོའི་དཀྱིལ ་འཁོར་རོ། །རྡོ་རྗེ་ཆོས་མ་ཞེས་བྱ་བ་ནི་གོས་དཀར་མོའོ། །ུཏཔལ་དམར་པོ་ཞེས་བྱ་བ་ནི་ཆོས་ཀྱི་བརྔས་སྔ་མ་བཞིན་དུ་པདྨ་ཡིན་པར་བཤད་དོ། །དངོས་གྲུབ་དཀྱིལ་འཁོར་ཞེས་བྱ་བ་ནི་གདོན་མི་ཟ་བར་གྲུབ་པ་རྣམ་པར་དག་པ་སྒྲོལ་མ་གཙོ་བོར་གྱུར ་པའི་དཀྱིལ་འཁོར་རོ། །དེ་ལྟར་ལྷ་མོ་རྣམས་བཤད་ནས། ཁྲོ་བོ་རྣམས་གསུངས་པ་ནི་ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། མེ་ལོང་ལྟ་བུ་རྣམ་པར་དག་པ་ལས་ཡང་དག་པར་བྱུང་བའི་བདག་པོ་ནི་གཤིན་རྗེ ་གཤེད་དེ། གཤིན་རྗེ་གཤེད་ལ་སོགས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པས་དབང་བསྐུར་བ་ཡིན་པར་སྔར་བཤད་པ་ཡིན་ཏེ། འདི་རྣམས་ནི་དེའི་རིགས་དང་མང་དག་པར་འབྲེལ་པ་ཡིན་པའི་ཕྱིར་རོ། །དེ་ཡང་རྣམ་པར་སྣང་མཛད་ཐུགས་གཙོ ་བོ་ཞེས་བྱ་བ་ལ་སོགས་པ་སྣོས་པ་ཡིན་ནོ། །འདོད་པའི་རྒྱལ་པོ་ལ་སོགས་པ་གསུངས་པ་ནི་ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། འདི་དག་ནི་མི་བསྐྱོད་པས་དབང་བསྐུར་བ་ཉིད་དེའི་རིགས་ལས་བྱུང་བ་ཡིན་པའི་ཕྱིར་རོ། །རིག་པའི་འཁོར ་ལོ་ཞེས་བྱ་བ་ནི་གཙུག་ཏོར་འཁོར་ལོ་སྒྱུར་བའོ། །འདི་དག་ནི་བསྲུང་བ་ལ་སོགས་པའི་བྱ་བ་རྣམས་ལ་ཡང་སྦྱར་བར་བྱའོ། །རྡོ་རྗེ་ཡེ་ཤེས་བསྒྲུབ་པ་ཉིད་གསུངས་པ་ནི་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་སྟེ། འགོག་པ་ནི་བགེགས་རྣམས་ཉེ་བར ་གཅོད་པའོ། །ཁྲོ་བོའི་འཁོར་ལོ་དེ་ལས་ཁྲོ་བོའི་དཀྱིལ་འཁོར་དེས་སངས་རྒྱས་ཀྱི་འཁོར་ལོ་ངེས་པར་འཛིན་པ་ནི་དཀྱིལ་འཁོར་པའི་ལྷའི་འཁོར་ལོ་དང་ལྡན་པའི་རྣལ་འབྱོར་པས་ཏིང་ངེ་འཛིན་མི་ཕྱེད་པའི་ཡེ་ཤེས་ཐོབ་པར་འགྱུར་རོ། །རྡོ་རྗེ་དཀྱིལ་འཁོར ་ཞེས་བྱ་བ་ནི་མི་ཕྱེད་པའི་དཀྱིལ་འཁོར་ཏེ། དེ་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ལེའུ་བཅུ་གསུམ་པའི་འགྲེལ་པའོ།། །།ལེའུ་བཅུ་བཞི་པར་ཞི་བ་ལ་སོགས་པའི་ལས་རྣམས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། ཞི་བའི་དམ་ཚིག་མཆོག་ཅེས་བྱ་བ་ནི་ཞེ་བའི་རྒྱུར་གྱུར་པའི་དམ་ཚིག་ནི་སྤྱན་ཏེ། དེའི་མཆོག་ནི་རྣམ་པར་སྣང་མཛད་ཡིན་པས་མིང་དེ་སྐད་ཅེས་བྱའོ། །སྤྱན་ལྟ་བུ་ཉིད་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་འདིའི་འོག་མ ་རྣམས་ལ་ཡང་རིགས་ཀྱི་བདག་པོའི་ཏིང་ངེ་འཛིན་བཟུང་ནས། རིགས་དེ་ལས་བྱུང་བའི་སྔགས་བརྗོད་པ་ཅི་རིགས་པར་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོ་ཞེས་བྱ་བ་ནི་ཐམས་ཅད་ཀྱི་བདག ་ཉིད་ཅན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་སངས་རྒྱས་སྤྱན་ཏེ། འདི་དག་གིས་ནི་སྒྲའི་བདག་ཉིད་ཅན་གྱིས་སྔགས་དང་སྤྱན་གཉིས་ཐ་མི་དད་པར་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིའི་འོག་མ་རྣམས་ལ་ཡང་སྦྱར་བར་བྱའོ། །སངས ་རྒྱས་རྣམས་ཀྱི་ཞེས་བྱ་བ་ནི་དྲག་ཤུལ་བསྒྲུབ་པར་དགོང་བ་རྣམས་ལ་ཇི་སྐད་བཤད་པའི་ཆོ་གས་ཞི་བར་བསྐྱེད་པར་བྱའོ། །ཞི་བའི་ལས་ནི་འདིའི་བྱ་བའི་གཙོ་བོ་ཡིན་པར་བཤད་ཀྱི་གཞན་དག་ལ་ཡང་ཁྱབ་པར་མཛད་པ་ཡིན་ནོ། །དེ་ཡང་འདི་ཉིད་ནི ་སྐུ་མདོག་སེར་པོ་བསམ་ཞིང་གདན་དང་གཞལ་ཡས་ཁང་ལ་སོགས་པའི་དབྱེ་བས་ཇི་ལྟར་མོས་པ་བཞིན་དུ་རྒྱས་པ་ལ་སོགས་པའི་ལས་རྣམས་ཀྱི་རབ་ཏུ་སྒྲུབ་པར་བྱེད་པ་ཡིན་ཏེ། ལྷ་ཐམས་ཅད་ནི་ལས་ཐམས་ཅད་མཛད་པ་ཡིན་པའི་ཕྱིར་རོ། །ལས ་འདི་དག་ལ་ཆོ་ག་གང་གིས་སྦྱར་བར་བྱ་བ་དེ་ནི་ལེའུ་བཅུ་གསུམ་པ་ཉིད་དུ་བཤད་པ་ཡིན་ཏེ། དེའི་རྗེས་སུ་འབྲངས་ནས་གཞན་དག་ལ་ཡང་ཤེས་པར་བྱའོ། །རྡོ་རྗེ་དམ་ཚིག་བསྐུལ་མཛད་མ་ཞེ་བྱ་བ་ནི་བསླང་བའི་ཚིགས་སུ་བཅད་པས་ནུར་ནུར་པོར ་གྱུར་པ་ལས་རྡོ་རྗེ་དམ་པ་སློང་བར་བྱེད་པའོ། །ཤི་བ་སོས་པར་བྱེད་པ་ཞེས་བྱ་བ་ནི་སྤྱན་གྱི་སྦྱོར་བ་ཆོག་བཞིན་དུ་བྱས་ལ་རང་གི་སྔགས་དང། བསྒྲུབ་པར་བྱ་བའི་མིང་དང་སྤེལ་ཞིང་ཡི་གེ་གསུམ་གྱི་ནང་དུ་ཆུད་པར་བཟླས་ལ། ཤི་བ་སྔ་མ ་བཞིན་དུ་རང་གི་སྙིང་ཁར་བཞག་ནས་རང་གི་སྙིང་ཁ་ནས་གྲུབ་པའི་རྡོ་རྗེའི་ལྕགས་ཀྱུ་ཕུར་ལ། དེས་ཤི་བ་དེའི་རྣམ་པར་ཤེས་པ་སྲིད་པ་བར་མ་དོའི་བདག་ཉིད་ཅན་ནམ། སྐྱེ་གནས་སུ་ཆུད་པ། དྲི་མ་མེད་པའི་མར་མེ་མི་གཡོ་བ་ལྟ་བུར་བཀུག་ནས ་སྙིང་གི་དབུས་དེར་བཅུག་ལ། མོ་ཏ་ར་ཏི་ཞེས་བྱ་བའི་སྔགས་བཀོད་ནས། སྔགས་ཀྱི་འོད་ཟེར་རྣམས་ཀྱིས་ལུས་དེ་མི་སྣང་བར་བྱས་ལ། བསྒྲུབ་པར་བྱ་བ་དེའི་མིང་གི་ཡི་གེ་དང་པོ་ལས་བསྐྱེད་པ་སྤྱན་ལྟ་བུར་ཡོངས་སུ་གྱུར་པར ་བསམས་ལ། ཕུང་པོ་ལ་སོགས་པ་གང་བར་བྱས་ཏེ། དེའི་ལུས་ལ་ཕྲེང་བའི་སྔགས་འདིས་ཕྱི་དང་ནང་དུ་པར་མཚམས་མེད་པར་ཁྱབ་པར་གྱུར་པར་བསྒོམ་མོ། །དེ་ནས་སྔགས་ལས་སྔ་མ་བཞིན་དུ་སྤྲོས་པའི་འོད་ཟེར་གྱི་གོང་བུ་དབབ་པ་ལ་སོགས ་པར་བྱས་པར་གྱུར་པས་ཤི་བ་འཚོ་བར་བྱེད་པ་ཡིན་ནོ། །མཱ་མ་ཀཱིའི་སྔགས་བཤད་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུམ་གསུངས་ཏེ། འདིའི་མཛད་པ་གསུངས་པ་ནི་རྡོ་རྗེ་སྲུང་བ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ཡང་སྤྱན་བཞིན་དུ་བསྒྲུབ ་བར་བྱའོ། །སྙིང་ཁར་དགོད་པའི་སྦྱོར་བ་ལ་ཡང་སྔ་མ་བཞིན་དུ་སྦྱར་བར་བྱའོ། །གལ་ཏེ་རོ་ལངས་ལ་སོགས་པ་བསྒྲུབ་པ་ལ་ནི་རང་གི་ལྷའི་སྦྱོར་བ་དང། ཇི་ལྟ་བ་བཞིན་དུ་ལྡན་པས། རང་གི་མགོ་ལ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་བསྦྲེང་ནས་གནས་བ་མགོ་བོར་བསམས་ལ། དེའི་ལྟེ་བར་མཱ་མ་ཀཱི་རྣམ་པར་བསྒོམས་ནས། ཡེ་ཤེས་ཀྱི་ལྷ་མོ་ཐུགས་ཀའི་ཟླ་བ་ལ་གནས་བ་ཕྲེང་བའི་སྔགས་བཀོད་ལ་དེ་ལས་བྱུང་ཞིང་ཟློས་པ་རྡོ་རྗེ་ཕྲ་མོ་སྤྲོས་པས་ཡན ་ཡག་ཐམས་ཅད་རྡོ་རྗེའི་གོ་བསྐོན་པར་བདག་ཉིད་བསྒོམས་ན་སྲུང་བ་གཞིག་ཏུ་མེད་པར་འགྱུར་རོ། །ལས་རྣམས་རྟག་ཏུ་རབ་བསྒྲུབ་པ་ཞེས་བྱ་བ་ནི་སྤྱན་ལ་སོགས་པའི་ལས་རབ་ཏུ་སྒྲུབ་པར་བྱེད་པའོ། །རྡོ་རྗེ་ཆེན་པོ་ནི་རྡོ་རྗེ་སེམས་དཔའ་ཨོ། །དེ་ནི ་འཇིགས་པས་ཉེན་ཐ་རྣམས་ལ་ཡང་འདི་ནི་སྟོབས་བྱེད་པ་ཡིན་ནོ། །དེ་བས་ན་གདོན་ཐམས་ཅད་ཀྱིས་འཇིགས་པ་རྣམས་ལ་ལས་ཐམས་ཅད་དུ་འདི་ཉིད་ཀྱི་བཤད་མ་ཐག་པའི་ཆོ་གས་བསྲུང་བར་བྱའོ། །གོས་དཀར་མོའི་སྔགས་བཤད ་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པའོ། །རྒྱས་པ་ནི་རྒྱས་པར་གྱུར་པ་ཉིད་དོ། །སྟོབས་ནི་སེམས་ཅན་ཉམ་ཆུང་བ་རྣམས་ལ་གང་སྟོབས་མཛད་པ་དང། མཛོད་ཆེན་པོ་དང་ལྡན་པ ་སྟེ། ཞི་བ་ལ་སོགས་པ་མཛད་པ་གང་ཡིན་པའོ། །དེ་ཡང་ཇི་ལྟར་གདན་སེར་པོ་ལ་སོགས་པའི་གོས་དཀར་མོའི་སྦྱོར་བ་བྱས་ལ། སྟོབས་དང་མི་འཇིགས་པ་ལ་སོགས་པ་འདོད་པ་རྣམས་སྔ་མ་བཞིན་དུ་ཡེ་ཤེས་ཀྱི་ལྷ་མོའི་སྙིང་ཁར ་བཀོད་པ། རང་གི་ཕྲེང་བའི་སྔགས་གདོན་པར་བྱ་ཞིང་སྔ་མ་བཞིན་དུ་སྤྲོ་བ་དང། འོད་ཟེར་གྱི་གོང་བུ་དབབ་པ་དང། དབང་བསྐུར་བ་ལ་སོགས་པ་བསྒོམ་བར་བྱའོ། །དེ་ནས་བསྒྲུབ་བར་བྱ་བ་རྒྱས་པར་འགྱུར་རོ། །བཟླས་བ་ཙམ ་གྱིས?་ཞེས་བྱ་བ་ནི་ཇི་སྐད་དུ་གསུངས་པའི་བསྒོམ་པ་སྔོན་དུ་འགྲོ་བའི་སྟགས་གདོན་པ་ཉིད་ཀྱི་སྟེ། ཕྱི་རོལ་ལ་ལྟོས་པ་མེད་པར་རོ། །སྒྲོལ་མའི་སྔགས་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་རྡོ་རྗེ་དང་སྡེ་ཆེན་པོ་ལ་སོགས་པ ་དབང་དུ་བྱེད་པ་ཡིན་ནོ། །དེ་ལ་ཆོ་ག་ནི་འདི་ཡིན་ཏེ། སྒྲོལ་མའི་སྦྱོར་བ་སྐུ་མདོག་དང་རྒྱན་ལ་སོགས་པ་དམར་པོ་དང་ལྡན་པ། ཆོ་ག་དྲི་ལྟ་བ་བཞིན་དུ་བྱས་ལ་ཡེ་ཤེས་ཀྱི་ལྷ་མོའི་སྙིང་བའི་ཟླ་བར་སྔགས་ཀྱི་ཕྲེང་བ་ཁ་དོག་དམར་པོ་མགོ་གྱེན་དུ ་བལྟས་པ་བཀོད་ནས་དེའི་འོད་ཟེར་རྣམས་དང། ཡེ་ཤེས་ཀྱི་ལྷ་མོའི་སྙིང་ཁའི་པདྨ་ལ་གནས་པའི་ཡི་གེ་ཏཱཾ་གྱི་འོད་ཟེར་རྣམས་དང། རང་གི་མཚན་མེ་དམར་པོ་ལ་སོགས་པའི་འོད་ཟེར་རྣམས་ཀྱིས་ཀྱང་བསྒྲུབ་པར་བྱ་བའི་སྐྱེས་བུ་དེའི་མིང་གི་ཡི་གེ་དང་ཡོ ་ལས་བསྐྱེད་པའི་སྙིང་ཁའི་གནས་སུའོ། །བུད་མེད་གཅིག་ན་ནི་པདྨར་ཡང་དག་པར་བསྐུལ་ལ། རང་གི་སྙིང་ཁའི་སྔགས་ཀྱི་ཕྲེང་བ་སྐྱེས་གནས་ལས་བྱུང་སྟེ། བསྒྲུབ་པར་བྱ་བའི་ཁར་བཅུག་ལ། དེའི་སེམས་ཟླ་བ་དམར་པོ་ལྟ་བུ་བླངས་ནས ་ཕྱིར་ལོག་སྟེ། ཡེ་ཤེས་ཀྱི་ལྷ་མོའི་པདྨའི་ལམ་ནས་ཞུགས་པར་གྱུར་པར་བསམས་ལ་བཟླས་བརྗོད་བྱའོ། །བསྒྲུབ་པར་བྱ་བ་ཡང་སྙིང་ཕྲོགས་ཤིང་བརྒྱལ་བར་གྱུར་པས། རང་གི་རྐང་པའི་དྲུང་དུ་འབབ་པར་གྱུར་པར་བསམ་མོ། །དེ་ལྟར་ན ་འདི་བྲན་དང་འདྲ་པར་འགྱུར་རོ། །འདིར་ཡང་སྭཱཧཱའི་གནས་སུ་དབང་དུ་བྱེད་པའི་གནས་སྐབས་ལ་ཡི་གེ་ཧོ་ཞེས་བྱ་བ་དང་སྦྱར་བར་བྱའོ། །གལ་ཏེ་མདའི་མཚན་མ་དང་ལྡན་པའི་ལྷ་མོས་ལས་འདི་བྱེད་ན་དེའི་ཆེ་མངའ་དེས་སྐྱེས་པའི་སྙིང་ཁ་དང། ལྐོག་མ་དབུག་པ་དང། ་བུད་མེད་ཀྱི་པདྨ་ཕུག་ལ་ལྷག་མ་རྣམས་ནི་སྔ་མ་བཞིན་དུ་བྱའོ་ཞེས་ཁྱད་པར་དུ་བྱ་བ་དག་དཔག་པར་བྱའོ། །གལ་ཏེ་ཡང་གཞན་དག་དབང་དུ་བྱེད་ན། དེའི་ཚེ་དབང་དུ་བྱེད་པར་འདོད་པ་དེ་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀའི་པདྨར་ཟླ་བ་ལ་བཀོད་ལ། ་ལེའུ་བཅུ་གསུམ་པ་ལས་གསུངས་པའི་སྟོབས་དབབ་པ་ལ་སོགས་པའི་ཆོ་ག་བྱས་ལ། དེ་ནས་ལས་འདི་དག་ཐམས་ཅད་ཀྱིས་ཀྱང་ཁ་བསྐང་བར་བྱའོ། །གཤིན་རྗེ་གཤེད་ཀྱི་སྔགས་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ཆོ་ག་ནི་འདི ་ཡིན་ཏེ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པས་བཟླས་པ་ལས་གསུངས་པའི་ཆོ་གས་དཔག་ཏུ་མེད་པ་བཟླས་ལ། དེ་ནས་ལྷས་རྗེས་སུ་གནང་ཞིང་བཟླས་བརྗོད་འབུམ་བྱས་ནས། ཇི་སྐད་དུ་གསུངས་པའི་བུད་མེད་ཀྱི་ཐོད་པ་བླངས་ལ། དེའི་དབུས་རླུང ་གི་དཀྱིལ་འཁོར་ལ་གནས་པའི་པདྨ་འདབ་མ་བརྒྱད་པ་བྲིས་ཏེ། དེའི་ལྟེ་བར་དགུག་པར་བྱེད་པའི་བུད་མེད་ཀྱི་གཟུགས་བརྙན་གུར་ཀུམ་ལ་སོགས་པས་བྲིས་ནས། དེའི་སྙིང་ཁར་བྲེང་པའི་སྔགས་འདི་ཆེ་གེ་མོ་ཨཱ་ཀར་ཥ་ཡ་ཞེས་བྱ་བ་དང། ་བསྒྲུབ་པར་བྱ་བའི་མིང་དང། སྤྲེལ་ཞིང་སྭཱཧཱའི་གནས་སུ་དཀུག་པའི་གནས་སྐབས་སུ་ཡི་གེ་ཛ(རྒྱུད་འགྲེལ་ལབ་སྔགས་འདི་ལན་གཉིས་སམ་གསུམ་དུ་བརྗོད་པར་བྱའོ། །རང་རང་གི་སྔགས་ལས་བསྐྱེད་པའི་སྔར་བཤད་པའི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་རླུང་གི་དཀྱིལ་འཁོར་ལ་གནས་པ་དེ་དགུག་པར་བྱའོ། །འོད་བའི་ཚེ་ཡང་འཚོ་བ་བཟློག་བར་བྱ་བའི་ཕྱིར། སྤྱན་གྱིས ་ཇི་སྐད་དུ་གསུངས་པའི་ཆོ་ག་དང་ཞི་བའོ། །མཱ་མ་ཀཱི་ཡང་ཇི་སྐད་དུ་གསུངས་པའི་ཆོ་གས་བསྲུང་བར་སེམས་པར་བསྒོམ་པར་བྱ་སྟེ། དེ་ལྟར་ན་དེ་ནི་བུད་མེད་དགུག་པ་ཡིན་ནོ། །སྐྱེས་པ་དགུག་པ་ལ་ནི་སྐྱེས་པའི་ཐོད་པ་ལ་གཡོན་བརྐྱང་བས་རྐང་བ ་གཡས་པས་མནན་པར་བྱ་སྟེ། ཁྱད་པར་ནི་དེ་ཡོང་དེ། བགེགས་མཐར་བྱེད་ཀྱི་སྔགས་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། སྔགས་རྣམས་ཀུན་གྱི་སྦྱོར་བ་དང་ཞེས་བྱ་བ་ནི་ལྷ་ཐམས་ཅད་ཀྱི་ཚོགས་བསྒྲུབ་པ་ལ་བཅོམ་ལྡན་འདས་འདི ་ཉིད་སྦྱར་བར་བྱ་སྟེ། བྱ་བ་ཐམས་ཅད་མཛད་པ་ཡིན་པའི་ཕྱིར་རོ། །ཁྱད་པར་ཡང་གསུངས་པ་ནི་རྡོ་རྗེ་བསྐྲད་པའི་ལས་རྣམས་ལ་ཞེས་བྱ་བ་ལ་སོགས་པའོ། །ཚུལ་བཞིན་ཞེས་བྱ་བ་ལ་ཆོ་ག་ནི་འདི་ཡིན་ཏེ། བདུད་རྩི་ཐབ་སྦྱོར་གྱི་སྦྱོར་བ་དང་ལྡན ་པས་རོ་བསྲེགས་པའི་མེས་ཚིག་པའི་སོལ་བ་དང། མྱོས་པར་བྱེད་པའི་ཤིང་གིས་སོལ་བ་དང། བ་ཟླ་དང། ཨ་རིཥྚའི་འདབ་མ་དང། དུག་དང། རྐང་པ་གཡོན་པའི་སྲིན་ལག་གི་ཁྲག་རྣམས་གཅིག་ཏུ་བྱས་ཏེ་བཏགས་ལ། ཁྭའི་གཤོག ་སྒྲོའི་སྨྱུ་གུས་དུར་ཁྲོད་ཀྱི་རས་ལ་རླུང་གི་དཀྱིལ་འཁོར་ལ་གནས་པའི་རལ་གྲིའི་འཁོར་ལོ་རྩིབས་བརྒྱད་པ་བྲིས་ལ། དེའི་ལྟེ་བར་བསྒྲུབ་པར་བྱ་བའི་གཟུགས་བརྙན་བྲིས་ནས། དེའི་སྙིང་བར་ཕྲེང་བའི་སྔགས་ཆེ་གེ་མོ་ཨུཙྪ་ཊ་ཡ་ཞེས་བྱ་བ་འདི ་དང། བསྒྲུབ་པར་བྱ་བའི་མིང་དུ་སྤེལ་བ་བྲིས་ལ། གཉི་ག་ཡང་དགུག་པར་བྱའོ། །བསྐུལ་བའི་ཚིག་དང་ལྡན་པར་བརྒྱ་རྩ་བརྒྱད་མངོན་པར་བཟླས་ལ། རས་དེ་མ་མོའི་གནས་ལ་སོགས་པར་བརྐོས་ལ་སྦ་བར་བྱའོ། །དེ་ལྟར་ན་སངས ་རྒྱས་ཀྱི་དཔུང་དག་ཀྱང་སྐྲོད་པར་འགྱུར་རོ། །འདི་ཡང་སྔོན་དུ་བསྙེན་པ་ལ་ཕྲེང་བའི་སྔགས་སྒྲ་ཇི་ལྟ་བ་བཞིན་དུ་བཟླ་བར་བྱའོ། །ལས་ཀྱིས་ཆེ་ནི་མ་ཧཱ་ག་ཎ་པ་ཏི། ཛཱི?་བི་ཏཱནྟ?་ཀ་རཱ་ཡ་ཞེས་བྱ་བ་བཏོན་ལ། དེའི་གནས་སུ་བསྒྲུབ ་པར་བྱ་བའི་མིང་དང་སྤེལ་པར་བྱའོ། །སྭཱཧཱའི་གནས་དང་བསྐྲད་པའི་གནས་སྐབས་སུ་ཡི་གེ་ཧཱུཾ་དཾ་ཕཊ་དམ་གཉི་ག་དང་སྦྱར་བར་བྱའོ། །དེ་བཞིན་དུ་གཞན་དག་ལ་ཡང་ལས་དང་རྗེས་སུ་མཐུན་པར་ས་བོན་གཞན་དག་ཡིན་པར་བལྟ་བར་བྱའོ། །དེ་ཡང ་ཞི་དང་རྒྱས་དང་དབང་དང་དགུག་།སྡང་དང་བསྐྲད་དང་མངོན་སྦྱོད་ལ། ཨོཾ་སྭཱཧཱ་ཧེ་ཇི(རྒྱུད་འགྲེལ་ཐ་མར་བསྐུལ་བར་བྱ་བ་འདི་བྱའོ་ཞེས་བྱ་བ་ནི་རྣམ་པ་གཞན་ཡིན་ནོ། །སྔགས་ཀྱི་ཚིག་རེ་རེ་ཞིང་མིང་དང་སྤེལ་བར་བྱའོ་ཞེས་བྱ་བ་འདི་ཡང་རྣམ་པ་གཞན་པ་གཅིག་ཡིན་ནོ། །གཞན་གྱིས་མི་ཐུབ་པའི་སྔགས་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ ་སོགས་པ་སྟེ། ཆོ་ག་བཞིན་དུ་ཞེས་བྱ་བ་ལ་དེ་ལ་ཆོ་ག་ནི་འདི་ཡིན་ཏེ། ཁྲོ་བོ་གཞན་གྱིས་མི་ཐུབ་པའི་རྣལ་འབྱོར་པར་སྲིན་པོ་ལ་སོགས་པས་ཟིལ་གྱིས་མནན་པའི་བསྒྲུབ་པར་བྱ་བའི་ལུས་ལས་སྲིན་པོ་ལ་སོགས་པ་ཡིད་ཀྱིས་བཀུག་སྟེ། ་རྐང་པ་གཉིས་ཐབས་དང་ཤེས་རབ་ཏུ་གྱུར་པས། མི་བསྐྱོད་པས་ཀུན་ཏུ་གཙིང་ལ་མཉེ་བར་བྱ་ཞིང། ཆེ་གེ་མོ་རཀྵ་སིདྡྷི་བྷོ་མོ་ཙ་ཡ་ཞེས་བྱ་བའི་བསྐུལ་བའི་ཚིག་དང་ལྡན་པའི་སྔགས་གྱི་ཚིག་དང་ལྡན་པར་སྔགས་ཀྱི་ཚིག་གདོན་པར་བྱའོ། ། ་དེ་ནས་དུ་ཞིང་ཡན་ལག་གཅོག་པ་ལ་སོགས་པ་ཡིད་ཆེས་པ་སྟོན་པ་སྔོན་དུ་འགྲོ་བས་གཏོང་བར་འགྱུར་རོ། །འདི་ཉིད་ནི་སྦྲུལ་ལ་སོགས་པའི་དུག་ལ་ཡང་སྦྱར་བར་བྱའོ། །ཡང་ན་དེས་འཛིན་པ་ཉིད་དུ་འདོད་ན། དེའི་ཚེ་དེའི་སྦྱོར་བ་ཉིད་ཀྱིས ་མར་གྱི་དོའི་ཚེས་བརྐྱད་དམ། བཅུ་བཞི་ལ་དུར་ཁྲོད་ཀྱི་སོལ་བས་བགེགས་ཏེ་ཤི་བ་འམ། མཚོན་གྱིས་བསད་པ་གང་ཡང་རུང་བའི་ཐོད་པ་ལ་ཡི་གེ་ཧཱུཾ་ལས་བྱུང་བ། འཇིགས་སུ་རུང་བའི་མཆེ་བ་གཅིགས་པ། སྐྲ་གྱེན་དུ་བརྫེས་པ། ལག་པ་གཡས་བར ་རོ་ལངས་ཀྱི་ཆུ་གྲི་ཐོགས་པ། གཡོན་པ་སྡིགས་མཛུབ་བྱེད་བའི་སྲིན་པོ་བྲིས་ལ། དེའི་སྙིང་ཁར་དུག་དང་རུས་བའི་ཕྱེ་མ་དང། མཐེའུ་ཆུང་གི་ཁྲག་གིས་ཆེ་གེ་མོ་གྲི་གཎ་ཧཱུཾ་ཕཊ་ཞེས་བྱ་བའི་ཚིག་དང་ལྡན་པའི་སྔགས་བྲི་བར་བྱའོ། །ཐོད་པ་གཉིས་པར ་བསྒྲུབ་པར་བྱ་བའི་དང་རྗེས་ཀྱི་ས་དང། རོ་བསྲེགས་པའི་ས་དང། ཐལ་བ་དང། སོལ་བ་རྡོ་རྗེ་ཆུ་དང་བསྣོས་པས་བསྒྲུབ་པར་བྱ་བའི་གཟུགས་བརྙན་བྱས་ལ། དེའི་སྙིང་ཁར་དུག་དང་རུས་པའི་ཕྱེ་མ་དང། མཛུབ་མོའི་ཁྲག་དང། མིང་དང ་སྡུགས་སུ་བཅས་པ་བྲིས་པའི་ཏཱ་ལའི་ལོ་མ་བཅུག་ལ། གཉིག་ཡང་བཀུག་སྟེ། བསྒྲུབ་པར་བྱ་བའི་གཟུགས་བརྙན་དེའི་འོག་ཏུ་བཞག་པ་བྱས་ལ། དེས་མནན་ཅིང་བཟུང་བར་བསམས་ལ། བསྒྱིངས་པ་དང་བཅས་བས་སྔགས་དུར་ཁྲོད་དུ་ནམ ་ཕྱེད་ན་བཟླས་བརྗོད་བྱའོ། །དེས་ན་འདི་དེས་བཟུང་བར་འགྱུར་རོ། །བྲི་བའི་འདི་ཉིད་ཀྱིས་ནི་སྦྲུལ་ལ་སོགས་པས་ཀྱང་འཛིན་པ་ཡིན་ནོ། །རྟ་མགྲིན་གྱི་སྔགས་བཤད་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་དུག་བསལ་པའི་ཆོ་ག་ནི་འདི ་ཡིན་ཏེ། རྟ་མགྲིན་སྐུ་མདོག་དཀར་པོའི་རྣལ་འབྱོར་པས་སྙིང་ཁར་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཧཱུཾ་དཀར་པོ་བཀོད་དེ། དེའི་འོད་ཟེར་རྣམས་ཀྱིས་ཡན་ལག་ཐམས་ཅད་ལ་གནས་པའི་དུག་རབ་ཏུ་སྦར་ལ། ལག་པ་གཡས་པར་ཡི་གེ་ཧཱུཾ་ལས་བྱུང ་བའི་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཧཱུཾ་དཀར་པོ་འོད་ཟེར་རྣམ་པར་འཕྲོ་བ། བདུད་རྩི་འབབ་པར་བསམས་ལ། དེས་མིང་གི་ཡི་གེ་དང་པོ་ལས་བྱུང་བ་བསྒྲུབ་པར་བྱ་བའི་ལུས་ལས་དུག་ནག་པོས་ཁྱབ་པ་གཞན་དུ་བླངས་ལ། བདུད་རྩི་དཀར་པོའི ་འོད་ཟེར་བསྡུས་པས་བསྒྲུབ་པར་བྱ་བ་དུག་དང་བྲལ་བར་བསྒོམ་པར་བྱའོ། །མིང་དང་བཅས་པའི་ཕྲེང་བའི་སྔགས་ཟློས་ཤིང་བྱ་བ་པར་ཡང་བྱ་སྟེ། དེ་ནས་དུག་དང་བྲལ་བར་འགྱུར་རོ། །ཁྲོ་བོ་དབྱུག་སྔོན་གྱི་སྔགས་བསྟན་པའི ་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིར་ནི་ཆོ་ག་ནི་འདི་ཡིན་ཏེ། དབྱུག་སྔོན་གྱི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་བྱས་ལ་ཤ་ཆེན་པོ་དང། དུར་ཁྲོད་ཀྱི་སོལ་བ་དང། གྲོག་མཁར་གྱི་ས་དང། ཕུབ་མ་དང། བསྒྲུབ་པར་བྱ་བའི་རྐང ་རྗེས་ཀྱི་ས་ལས་གཟུགས་བརྙན་བྱས་ལ། དུར་ཁྲོད་ཀྱི་རས་ལ་དུག་དང་ཁྲག་དང་རམས་ཀྱིས་རྡོ་རྗེ་བརྒྱ་གྲམ་ལ་གནས་པའི་མེའི་དཀྱིལ་འཁོར་གྱི་དབུས་སུ་བསྒྲུབ་པར་བྱ་བའི་མིང་དང་སྤེལ་ཏེ། མངོན་སྤྱོད་ཀྱི་གནས་སྐབས་སུ་སྭཱཧཱའི་གནས་སུ་ཡི་གེ་ཧཱུཾ ་བཀོད་ལ་སྔགས་བྲིས་ཏེ་དེའི་སྙིང་ཁར་བཅུག་ནས་བཀུག་སྟེ། ཐོད་པ་གཉིས་ཀྱི་ནང་དུ་གཞུག་པ་བྱས་ལ། ཤིན་ཏུ་ཁྲོས་པ་དང། རྐང་པ་གཡོན་པས་མནན་ཏེ། རྡོ་དང་རུས་པ་དང། ནི་མ་པའི་འོད་བ་མའི་སྦྱིན་སྲེག་ཉི་མའི་གུང་དམ་ནམ ་ཕྱེད་ན་བྱ་ཞིང་བཟླས་བརྗོད་བརྒྱ་རྩ་བརྒྱད་བྱ་བ་ཉིན་ཞག་བདུན་གྱི་བར་དུ་བྱས་ན་འཆི་བར་འགྱུར་རོ། །དེ་ལྟར་ན་ཡང་གྲུབ་པར་མ་གྱུར་ན། དུར་ཁྲོད་དུ་སྔོན་ལ་མཚན་བྱེད་ཀྱི་དུས་སུ་རོ་བསྲེགས་པའི་ཐལ་བ་ལས་མེ་ཐབ་གྲུ་གསུམ་བྱས་ལ། ་ན་མི་པའི་ཤིང་གིས་མེ་སྤར་ནས་བཀུག་སྟེ། དེའི་དབུས་སུ་ཤིན་ཏུ་ཞལ་རྣམ་པར་འགྱུར་བའི་ཁྲོ་བོའི་རྒྱལ་པོ་བསམས་ལ། གཟུགས་བརྙན་གྱི་རྐང་པ་གཡོན་པ་ནས་བརྩམས་ཏེ། མཚོན་རྣོན་པོས་བཅད་ལ། ཁྲོ་བས་ནོན་པས་ཆེ་གེ ་མོ་མཱ་ར་ཡ་ཞེས་བྱ་བའི་བསྐུལ་བའི་ཚིག་དང་བཅས་པའི་སྔགས་ཁྲོ་བོའི་ཚིག་གིས་བཟླས་བརྗོད་བྱ་ཞིང་དེའི་ཞལ་དུ་སྦྱིན་སྲེགས་བྱའོ། །དེ་ནས་མཚན་མོ་ད་ཉིད་ལ་དེ་འཆི་བར་འགྱུར་རོ། ཁྲོ་བོ་སྟོབས་པོ་ཆེའི་སྔགས་བཤད་པའི་ཕྱིར། དེ་ནས ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་རྣམས་ཐམས་ཅད་ཅེས་བྱ་བ་ནི་སྔར་བཤད་པའི་ཆོ་གས་བཟླས་བརྗོད་འབུམ་བྱས་ལ། ཇི་སྐད་དུ་གསུངས་པའི་སྦྱོར་བས་ཞི་བ་ལ་སོགས་པའི་ལྷ་ཐམས་ཅད་ཀྱིས་ལས་རྣམས་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། ་ཆུའི་དཀྱིལ་འཁོར་འབེབས་པར་བྱེད་ཅེས་བྱ་བ་ལ་འདིར་ཆོག་ནི་འདི་ཡིན་ཏེ། ཆར་པ་འབེབས་པའི་གནས་སྐབས་སུ་།སྟོབས་པོ་ཆེའི་རྣལ་འབྱོར་ཐམས་ཅད་དམར་པོར་བསམས་ལ། བཟླས་བརྗོད་འབུམ་བྱས་ནས། ཁམ་པོར་སོམ་བཏང་བ་ལ་རལ་གྲིའི ་འཁོར་ལོ་རྩིབས་བརྒྱད་ལ་གནས་པའི་པདྨ་འདབ་མ་བརྒྱད་པ་རམས་ཀྱི་ཁུ་བས་མདུང་ཅན་མའི་སྔགས་ཨོཾ་ཤཱུ་ལིདྷི?་ནཾ་སྭཱཧཱ། ཞེས་བྱ་བ་ཀླུ་ཐམས་ཅད་གྱི་སྙིང་ངོ་ཡི་གེ་ནཱཾ་དང་སྤེལ་བ་བྲེས་ལ། སོ་མ་བཏད་པའི་ཁམ་པོར་གཉིས་པས་ཁ་སྦྱར་བྱས་ཏེ། སྲང་བུ ་སྔོན་པོས་ཀུན་ཏུ་དཀྲིས་ལ། མདུང་ཅན་མས་ཀླུ་བཀུག་སྟེ། ལེགས་པར་མཆོད་ལ། ཀླུ་གནས་པའི་མཆོལ་སོགས་པར་ཁ་སྦྱར་གྱི་ཁ་བོར་དེ་གཞུག་པར་བྱའོ། །གཞན་དུ་ན་སྐྱེ་བོ་མེད་པའི་ས་ཕྱོགས་སུ་མེའི་དཀྱིལ་འཁོར་ལ་རླུང། དེའི་སྟེང་དུ་ཆུ། ་དེར་པདྨ་འདབ་མ་བརྒྱད་པ་བྲིས་ལ། དེའི་ལྟེ་བ་ལ་ཆུ་ལྔ་སྐྱེས་བུའི་གདོད་དང་ལྡན་པ། གདེངས་ཀ་བདུན་པ་ལག་ན་ཀླུའི་ཞགས་པ་ཐོགས་པ་བྲི་པར་བྱའོ། །ཤར་ཕྱོགས་གྱི་འདབ་མ་ལ་ནི་མཛའ་ཡས་ཏེ། ལྗང་གུའོ། ལྷོར་ནི་ནོར་རྒྱས་ཏེ། དཀར་པོའོ ་ནུབ་ཏུ་ནི་འཇོག་པོ་སྟེ། དམར་པོའོ། །བྱད་དུ་ནི་ཀར་ཀོ་ཊ་སྟེ་ནག་པོའོ། །མེའི་ཕྱོགས་དང་བདེན་བྲལ་གྱི་ཕྱོགས་གཉིས་སུ་ནི་པདྨ་དང། པདྨ་ཆེན་པོ་སྟེ་སྐྱ་བོའོ། །རླུང་གི་ཕྱོགས་སུ་ནི་དུང་སྐྱོད་སྟེ་སེར་པོའོ། །དབང་ལྡན་གྱི་ཕྱོགས་སུ་ནི་རིགས་ལྡན་ཏེ། ་སྣ་ཚོགས་པའི་མདོག་ཅན་ནོ། །དེ་ལྟར་ཀླུའི་དཀྱིལ་འཁོར་བྲིས་ནས། ཡི་གེ་ནཱ་གྱིས་ཀླུ་ཐམས་ཅད་བསམ་སལ་།སྔོ་ཞིང་བསྐ་བ་དང། འོ་མ་དང། བུ་རམ་ལ་སོགས་པ་ཀླུ་ལ་འོས་པའི་བཤོས་སྦྱིན་པར་བྱ་སྟེ། ཛ(རྒྱུད་འགྲེལ་ཡི་གེ་ནཾ་གྱིས་བཀུག་ལ། རང་རང་གི་གནས་སུ་ཞུགས་པར་བསམས་ནས་ལེགས་པར་མཆོད་དེ་འདི་སྐད་དུ། ཀླུ་ཆེན་པོ་བྱེད་རྣམས་ཀྱིས་བདག་ལ་དགའ་བ་དང། བཅོམ་ལྡན་འདས་ཀྱི་བཀས་ཆར་ཕོ་བ་ཅིག་ཅེས་བརྗོད་པར ་བྱའོ། །དེ་ནས་ཀླུ་རྣམས་ཆར་གྱི་རྒྱུན་རབ་ཏུ་འབེབས་པར་བསམས་ཤིང། བཟླས་བརྗོད་བྱས་ན་དེ་ནས་ཀླུ་དེ་རྣམས་བཅོམ་ལྡན་འདས་ཀྱི་བཀས་ཆར་འབེབས་པར་འགྱུར་རོ། །དེ་ལྟར་ན་ཡང་ཆར་མི་འབེབས་ན། མེ་ཐབ་ཟླུམ་པོས་སྟོབས་པོ་ཆེ་དེ ་བཞིན་དུ་དཀྱིལ་འཁོར་བྲིས་ཏེ། སྤྱན་དྲང་བ་ནས་སྔོན་དུ་འགྲོ་བས་འོག་ནས་བཤད་པའི་སྦྱིན་སྲེག་གི་བྲབ་ཀྱི་ཆོ་གས་ཀླུ་ཐམས་ཅད་ཀྱི་ལྕེའི་དབུས་སུ་ཡི་གེ་ནཱཾ་བཀོད་ལ་མཆོད་ཡོན་ལ་སོགས་པ་སྔོན་དུ་འབྲོ་བས་བུར་མ་དང། འོ་མ་དང། མར་གྱིས ་དགང་བླུགས་གསུམ་བྱིན་ཏེ། བུ་རམ་ལ་སོགས་པ་ཅི་འདོད་པར་སྦྱིན་སྲེག་བྱའོ། དེ་ནས་ཆེམ་པས་ཆར་འབེབས་པར་འགྱུར་རོ། །དེ་ལྟ་ན་ཡང་ཆར་འབེབས་པར་མི་བྱེད་ན་མདོ་ན་སྦྱོད་བྱ་སྟེ། རྣམ་པ་ཐམས་ཅད་དུ་ནག་པོའི་སྟོབས་པོ་ཆེའི་རྣལ ་འབྱོར་པས་གྲོག་མཁར་དང། ཆུ་བོའི་དོགས་གཉིས་ཀྱིས་བཤད་པ་དང། གཅི་བ་དང། བསྣོས་པ་ལས་ཀླུའི་གཟུགས་བརྙན་བྱས་ཏེ། དུབ་བྲོད་ཀྱི་རས་ལ་དུག་དང་ཁྲག་དང། སྐེ་ཚེ་དང་ལན་ཚྭ་དང། ཡུངས་མར་གྱིས་རལ་གྲིའི་འཁོར ་ལོ་རྩིབས་བརྒྱད་པ་བྲིས་ལ། དེའི་སྟེང་དུ་པདྨ་འདབ་མ་བརྒྱད་པ་བྲིས་ཏེ། འདབ་མ་བརྒྱད་དུ་ཀླུ་བརྒྱད་ཁྱད་པར་གྱི་སྙིང་པོ་འམ། ཡི་གེ་ནཾ་གྱིས་སོ་སོའི་སྔགས་སྤེལ་ཏེ། དེའི་ལྟེ་བ་ལ་ཆུ་ལྷའི་བཾ་ཉིད་ཇི་ལྟ་བ་བཞིན་དུ་བྲིས་ལ། བཀུག་ནས ་གཟུགས་བརྙན་དེའི་ཁར་བཅུག་ལ། ཡན་ལག་ཐམས་ཅད་ཚ་བ་གསུམ་དང། སྐེ་ཚེ་ལ་སོགས་པས་བྱུགས་ཏེ། མེ་ལ་གདུངས་ནས་སྡིགས་བརྗོད་ན་ངེས་པར་ཆར་འབེབས་སོ། །དེ་ལྟར་ན་ཡ་འཆར་མི་འབེབས་ན་དེ་བཞིན་དུ་ཡངས་ལ ་ཀླུའི་དཀྱིལ་འཁོར་བྲིས་ཏེ། སྟོད་གཡོགས་དང། སྨད་གཡོགས་དང། བྲེའུ་ཀ་སྔོན་པོ་བགོ་བའམ་གོས་དམར་པོ་ཅིག་བགོ་བའམ། གཅེར་བུས་ཉི་མའི་དཀྱིལ་འཁོར་འབར་བ་ལ་གནས་པའི་རྡོ་རྗེས་བྱིན་གྱིས་བརླབས་པའི་རྐང་པ་གཡོན་པས་དཀྱིལ ་འཁོར་དེ་ན་གནས་པའི་ཀླུ་གན་རྒྱལ་དུ་འདུག་པ་མནན་པ་དང། སྐྲག་སྟེ། གདེངས་ཀ་བསྒྱིངས་པ་ཁ་གྱེན་དུ་བསྟས་པས་ཡི་གེ་ཕུ(རྒྱུད་འགྲེལ་ཚིག་རེ་རེའི་མཐར་ནཱཾ་དང་སྤེལ་བའི་ཕྲེང་པའི་སྔགས་བཟླས་པར་བྱ་སྟེ། དེས་ན་དེ་རྣམས་ཆར་འབེབས་པར་འགྱུར་རོ། །དེས་ཀྱང་ཆར་འབེབས་པར་མ་གྱུར་པ། མེ་ཐབ་གྲུ་གསུམ་བྱས་ལ། དེའི་དབུས་སུ་སྟོབས་པོ་ཆེ་བསམས་ནས། སྨེ་ཤ་ཅན་ལས ་མོ་བླངས་ཏེ། ཡི་གེ་ཕུ(རྒྱུད་འགྲེལ་སྦྱིན་སྲེག་བྱ་སྟེ། བཤད་བ་དང་གཅི་བས་ལུས་ལ་བྱུགས་ཤིང། སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན་།ཆར་འབབས་པར་འགྱུར་རོ། །དེ་ལྟ་བུས་ཀྱང་ཆར་འབེབས་པར་མ་གྱུར་ན་ཉེས་པ་འདི་ནི་སྟོབས་པོ་ཆ་ཉིད་ཀྱི་ཡིན་ནོ་ཞེས་པ་སྟེ། ལྔར་བཤད་པའི ་རྫས་རྣམས་ཀྱི་སྟོབས་པོ་ཆེའི་གཟུགས་བརྙན་བྱས་ལ། དཔལ་གནོད་མཛེས་ཀྱི་སྦྱར་བ་དང་ལྡན་པས་དགུག་པ་སྔོན་དུ་འགྲོ་བ་དང། རྐང་པ་གཡོན་པས་དེ་བཞིན་དུ་མནན་ཏེ། མ་ཧཱ་བ་ལ་བར་པ་ཡ་ཤཱི་གྷྲཾ་ཞེས་བྱ་བའི་བསྐུལ་ཚིག་དང་ལྡན་པར ་ཧཱུཾ་བཞི་དང་ལྡན་པའི་གནོད་མཛེས་རྒྱལ་པོའི་སྔགས་བཟླས་བརྗོད་བྱའོ། །དེ་ནས་ཁྲོ་བོ་དཔལ་གནོན་མཛེས་མངོན་སྦྱོད་ཀྱི་ཐབ་ཁུང་ལ་བཞུགས་པ་ཞལ་གདངས་པའི་ལྗགས་ལ་ཡི་གེ་ཧཱུཾ་བསམས་ཏེ། གཟུགས་བརྙན་གཏུབ་ཅིང་དོའི་ཞལ ་དུ་སྦྱིན་སྲེག་ཁྲི་བྱའོ། །དེ་ནས་སྟོབས་པོ་ཆེ་ཆར་འབེབས་པར་མཛད་པར་རྗེས་སུ་མྱོང་སྟེ། རྣལ་འབྱོར་པ་ཐམས་ཅད་ཀྱི་རབ་ཏུ་གྲགས་པ་ཡིན་ནོ། །དེ་ནས་ཀླུ་ཐམས་ཅད་དང། སྟོབས་པོ་ཆེ་ལ་ཞི་བྱ་བའི་ཕྱིར། མེ་ཐབ་ཟླུམ་པོ ་ལ་གནས་པའི་སྦྱན་དཀར་པོ་ཞི་བའི་ཞལ་དུ་དེའི་སྔགས་དང། ཞི་བའི་ཆོ་གས་མར་དང་འོ་མ་ལ་སོགས་པའི་སྲེག་བླུགས་ཁྲི་དབུལ་བར་བྱའོ། །དེ་བས་ན་བཅོམ་ལྡན་འདས་ཡུལ་འདི་ནི་སངས་རྒྱས་རྣམས་ཀྱི་ཞི་བ་བསྐྱེད་པ་ཡིན་ནོ། །འདོད ་པའི་རྒྱལ་པོའི་སྔགས་བཤད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའ་ཨི་སྦྱོར་བ་ཡིས་ཞེས་བྱ་བ་ནི་ཊཀྐིའི་རྣལ་འབྱོར་པས་ཆོ་ག་ཇི་ལྟ་བ་བཞིན་དུ་བྱས་ལ་བསྒྲུབ་པར་བྱ་བའི་གཟུགས་བརྙན་གཤིན ་རྗེ་གཤེད་ཀྱི་སྦྱོར་བར་གསུངས་པའི་ཆོ་གས་ཐོད་པར་གཞག་སྟེ་བཀུག་ལ་ཐོད་པ་དེ་གཡོན་བརྐྱང་བའི་གཡས་པའི་རྐང་པས་མནན་ནས་ཊཀྐིའི་སྔགས་སྤེལ་བ་དང་བཅས་པར་བཟླས་བརྗོད་བྱའོ། །སྟ་མ་བཞིན་དུ་རྡོ་རྗེ་ལྕགས་ཀྱུང་གུག ་པར་ཡང་བྱའོ། །མི་གཡོ་བའི་སྔགས་བཤད་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁ་སྦྱར་ལུས་སུ་ཞེས་བྱ་བ་ནི་ཆུང་མ་དང་བཅས་པའོ། །དེ་ཡང་མི་གཡོ་བའི་རྣལ་འབྱོར་བས་སྐྱེས་པའི་ཐོད་པ་སྐྱོན་མེད་བླངས་ལ་དེར ་རྐང་པ་གཡས་པའི་སོར་མོའི་ཁྲག་དང། ལན་ཚྭ་དང་ཡུངས་མར་དང། སྐེ་ཚེ་ལ་སོགས་པས་ལྷ་ཆེན་པོ་ལ་སོགས་པའི་གཟུགས་བརྙན་རང་གི་ཆུང་མ་དང་བཅས་པ་སྔ་མ་བཞིན་དུ་བྲིས་ལ་བཀུག་སྟེ། ཐོད་པ་དེ་རྐང་པ་གཡས་པས ་མནན་ནས། སྔ་མ་བཞིན་དུ་ལྕགས་ཀྱུས་བསྒྲུབ་པར་བྱ་བ་དགུག་བཞིན་པར་བསམས་ལ་བསྐུལ་བ་དང་བཅས་པར་སྔགས་བརྗོད་པར་བྱའོ། །དེ་ནས་ཆུང་མ་དང་བཅས་པ་ཉིད་དུ་ཁུགས་པར་འགྱུར་རོ། །གནོད་མཛེས་ཀྱི་སྔགས་བཤད ་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནོད་མཛེས་ཀྱིས་རྣལ་འབྱོར་པས་མཚན་ཉིད་དང་ལྡན་པའི་བུད་མེད་གྱི་ཐོད་པ་བསྒྲུབ་པར་བྱ་བའི་བུ་མོ་རྐང་པ་གཡོན་པའི་སྲིན་ལག་གི་ཁྲག་གིས་བྲིས་པ་དེའི་བྷ་གར་རྐང་བ་གཡོན་བས་མནན ་ཏེ། སྔ་མ་བཞིན་དུ་ལག་པ་གཡས་པར་གནས་པའི་ལྕགས་ཀྱུས་སྙིང་ཁར་ཕུག་སྟེ། ཞགས་པས་བཅིངས་ལ་ཕྲེང་བའི་སྔགས་ཚིག་རེ་རེ་ཞིང་དམ། སྔགས་བསྐུལ་བའི་ཚིག་དང་བཅས་པར་བཟླ་ཞིང་དགུག་པར་བྱའོ། །དགུག་པར ་བྱ་བར་གཏོགས་པ་ནི་བསྒྲུབ་པར་བྱ་བའི་སེམས་འགག་ཅིང་རྣམ་པར་འཇིག་པར་བསྒྲུབ་པར་བྱ་བའི་ལས་རྣམས་ཀྱང་མངོན་སྦྱོང་ཉིད་དུ་གཏོགས་པ་ཡིན་ནོ། །དེ་ནས་ཕཊ་ཅེས་བྱ་བ་འདི་ཡང་གལ་ཏེ་མ་བོར་དུ་ཟིན་ཀྱང་ཉེས་པ་མེད་དོ། །དེ་ལྟར ་།སྔགས་ཀྱི་རྒྱུད་དང་ལྡན་པའི་ལས་གསུངས་ནས་བསམ་གཏན་ལས་སྐྱེས་པ་ཉིད་ཀྱི་དགུག་པ་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དམ་ཚིག་ཆེན་པོའི་སེམས་དཔའ་ཨི་ནི་ཐུགས་རྡོ་རྗེ་སྟེ། དེ་འབྱུང་བ་དཔེར་མེད ་པར་གང་ལས་གྱུར་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། རྡོ་རྗེ་འཛིན་པ་ལྟ་བུའི་ཏིང་ངེ་འཛིན་ཏོ། །དམ་ཚིག་ཆེན་པོ་ནི་དཔལ་རྡོ་རྗེ་སེམས་དཔའ་སྟེ། དེའི་སྐུ་ལ་སོགས་པ་ལས་སོ། །གསུང་ཉིད་ནི་འདའ་བར་བྱ་བ་མ་ཡིན་པས་ན་དམ་ཚིག་གོ་།དེ་ཉིད ་ནི་དེ་ཁོ་ན་ཉིད་ཀྱི་ཚིག་དེ་གསུང་དེ་ཉིད་ཕྱུང་ཞེས་བྱ་བའི་ངོན་ཏོ། །སངས་རྒྱས་རྡོ་རྗེ་ནི་མི་བསྐྱོད་པ་སྟེ། འདིའི་སྐུ་གསུམ་ལ་རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ་ཞིང་ལྷག་པར་མོས་པར་བྱའོ། །དེ་བྱས་ནས་རང་གི་སྙིང་ཁ་ནས་རྡོ་རྗེ་ལྕགས ་ཀྱུ་དང་ཞགས་པ་ལ་སོགས་པ་དང་ལྡན་པའི་ལྷ་རྣམས་སྤྲོས་པས་སངས་རྒྱས་རྣམས་ཀྱི་བར་དུ་ཡང་དགུག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་སྐུན་རྣམ་པར་སྣང་མཛད་དོ། །གསུང་ནི་འོད་དཔག་ཏུ་མེད་པ་སྟེ། དེ་དག་ལས ་གང་ཡང་རུང་བའི་སྦྱོར་བས་འཁོར་ལོའི་ཞེས་བྱ་བ་ལྷའི་དཀྱིལ་འཁོར་གྱིས་རབ་ཏུ་སྦྱོར་བ་ཡིས་ཞེས་འཁོར་ལོའི་ལྕགས་ཀྱུ་དང་པདྨའི་ལྕགས་ཀྱུས་གོ་རིམས་ཇི་ལྟ་བ་བཞིན་དུ་རྡོ་རྗེ་སེམས་དཔའ་ཡང་དགུག་པར ་འགྱུར་རོ། །གང་གིས་ཞེན་ཅི་རིགས་པར་རྡོ་རྗེ་གསུམ་དང་འབྲེལ་པའི་འཁོར་ལོ་དང། པདྨ་དང་རྡོ་རྗེ་ཆེན་པོ་རྡོ་རྗེ་ལྕགས་ཀྱུ་ཉིད་དུ་ལྷག་པར་མོས་པས་སྔགས་རྣམས་ཐམས་ཅད་དེ། ལྟ་ཐམས་ཅད་དགུག་པར་བྱའོ། །མི་བསྐྱོད་པ་ལ་སོགས ་པ་རྣལ་འབྱོར་པ་གསུམ་གྱིས་དགུག་པའི་ཆོ་ག་གསུངས་ནས། གཞན་རྣམས་ཀྱིས་ཀྱང་གསུངས་པ་ནི་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྟེ། རང་གི་སྔགས་ཀྱི་སྐྱེས་བུ་སྟེ། རང་གི་འདོད་པའི་ལྷ་འཁོར་ལོ་དང་ལྡན་པར་བསྒོམས་ལ། ་རང་གི་སྙིང་ཁ་ནས་འདོད་པའི་རྒྱལ་པོའི་བཀའ་དང། རྡོ་རྗེ་ལྕགས་ཀྱུ་དང་ལྡན་པའི་ལྷའི་སྤྲོས་པའི་སྦྱོར་བས་བུ་མོ་དགུག་པར་བྱའོ། །དགུག་པར་བྱ་བ་རླུང་གི་དཀྱིལ་འཁོར་ལ་གནས་པའི་དགུག་པ་འདི་དག་ཐམས་ཅད་ལ་ཡང་སྦྱར་བར ་བྱའོ། །རླུང་གི་དཀྱིལ་འཁོར་དེར་ཟླ་བའི་དཀྱིལ་འཁོར་རྣམ་པར་སྣང་མཛད་ཀྱི་རང་བཞིན་བསྒོམས་ལ། ཤ་ཅི་ཞེས་བྱ་བ་སྦྱན་དང། མཱ་མ་ཀཱི་སྔར་བཤད་པའི་བསྲུང་བ་ལ་སོགས་པའི་ཆོ་གས་བཀུག་བཞིན་པ། བདུད་རྩིའི ་རྒྱུད་འཛད་པར་བསམ་པར་བྱའོ། །དགུག་པའི་སྔགས་ཀྱང་ལན་ལྔ་བཅུའི་བར་དུ་བརྗོད་ན་དེས་པར་དགུག་པར་འགྱུར་རོ། །འདོད་པའི་རྒྱལ་པོའི་སྦྱོར་བས་དགུག་པ་གསུངས་པ་ནི་རྡོ་རྗེ་ཀྱོ་བ་ཞེས་བྱ་བ་ལ་སོགས་པ་སྟེ། མི ་ཕྱེད་པའི་ལྕགས་ཀྱུ་ནི་འདོད་པའི་རྒྱལ་པོའི་མཚན་མའོ། །དེས་ཉེ་བར་མཚོན་པའི་གཟུགས་ཆེན་པོ་ནས་བྱ་བ་འདོད་པའི་རྒྱལ་པོའི་ཕྱག་རྒྱ་ཆེན་པོ་བསམས་ལ། ནམ་མཁའ་ཨི་བུ་མོ་ཞེས་བྱ་བ་ལྷ་ལ་སོགས་པའི་བུ་མོ ་དགུག་པར་བྱའོ། །རྡོ་རྗེ་དཀྱིལ་འཁོར་ཞེས་བྱ་བ་ནི་རླུང་གི་དཀྱིལ་འཁོར་ལ་གནས་པར་བསྒྲུབ་པར་བྱ་བ་དགུག་པར་བྱའོ་ཞེས་བསྟན་ཏོ། །གནོད་མཛེས་ཀྱི་སྦྱོར་བས་ཀྱང་དགུག་པ་གསུངས་པ་ནི་རང་གི་ཞེས་བྱ་བ་ལ་སོགས་པ་སྟེ། རང་གི་ཁྲོ ་པོ་ནི་རྡོ་རྗེར་གྱུར་ཅིང་འདའ་བར་བྱ་བ་མ་ཡིན་པ་དང། རྡོ་རྗེ་ས་འོག་གནས་པ་དག་ཅེས་བྱ་བ། གནོད་མཛེས་རྒྱལ་པོ་བསམས་ལ། ཤུ་ལུ་དང་རྡོ་རྗེ་ཀྱོ་བ་ལ་སོགས་པ་དང་ལྡན་པའི་ལྷ་རྣམས་སྤྲོས་པས་ལྷ་མ་ཡིན་ལ་སོགས་པའི་བུ་མོ་དགུག་པར ་བྱའོ་ཞེས་བྱ་བའི་དོན་ཏོ། །མཚན་མཐོབ་པས་ལྷ་གང་ཡང་རུང་བའི་སྦྱོར་བ་དང་ལྡན་པའི་རྣལ་འབྱོར་པས་བཙག་གམ། རྡོ་རྒྱུས་ཟླ་བ་གཟས་ཟིན་པའི་ཚེ་ཁར་བཅུག་ནས་དེར་ཡང་རྡོ་རྗེ་ལྕགས་ཀྱུ་དང་ལྡན་པའི་ལྷ་མོའི་གཟུགས་སུ་བསྐྱེད་པ་དེ་ཁོ་ན ་ཉིད་གསུམ་གྱིས་བྱིན་གྱིས་བརླབས་ཏེ། དེ་ལས་བྱུང་བའི་ལྷ་རྣམས་སྤྲོས་པས་ནམ་མཁའ་ཨི་ཁམས་བཀང་ལ། ཡང་དག་པར་བསྡུས་ནས། གནས་སུ་བརྟན་པར་གྱུར་ཅིང་རྗེས་སུ་མཉེས་པར་བྱས་པ། ཇི་སྲིད་ཟླ་བ་གཏང་བར་གྱུར་པ་དེ་སྲིད་ཀྱི་བར་དུ ་བསྒོམ་པར་བྱ་སྟེ། དེས་ན་འགྲུབ་པར་འགྱུར་རོ། །དེ་ནས་ཚངས་པ་ལ་སོགས་པ་རང་གི་མིང་བྲིས་པ་ཙམ་གྱིས་འོད་བར་འགྱུར་རོ། །རྣམ་པའི་མཆོག་ནི་ཀུན་ལྡན་པ་ཞེས་བྱ་བ་ཇི་སྐྲད་བཤད་པའི་མཚན་ཉིད་དང་ལྡན་པའི་འཇམ་པའི་རྡོ་རྗེར་བདག ་ཉིད་ལྷག་པར་མོས་པའི་དབང་གིས་བསྒོམས་ནས་གནོད་སྦྱིན་མོ་དགུག་པར་བྱ་སྟེ། སྤྱི་བོར་གཤིན་རྗེ་གཤེད་དང། རྡོ་རྗེ་ལྕགས་ཀྱུ་སྨོ་བླའི་བདག་ཉིད་ཅན་བསྐལ་པ་བསྲེགས་པའི་འཁོར་ལོ་ཆེན་པོའི་གཟུགས་ཅན་བསྒོམས་ནས། གནོད་སྦྱིན་མོ ་དེ་བཀུག་ལ་ཉེ་བར་སྤྱད་པར་བྱ་སྟེ། གནོད་སྦྱིན་མོའི་སྔགས་དང། རྒྱུད་ཅེས་བྱ་བ་ལ་སོགས་པ་འོག་ནས་བཤད་པ་ཡིན་ནོ། །སྔགས་ཀྱི་ཕྱད་པར་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་དབྱེ་བ་སྟེ། དེ་ལྟར་ན་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་དུ ་རང་རང་གི་སྔགས་ཀྱི་དབྱེ་བ་གང་ཡིན་པ་དེས་དགུག་པར་བྱའི། ལྷ་གཞན་དག་གི་སྔགས་ལ། ལྷ་གཞན་པའི་རྣལ་འབྱོར་གྱིས་དགུག་པར་མི་བྱ་ཞིང། དེ་བཞིན་དུ་ལས་གཞན་དག་ཀྱང་མི་བྱའོ་ཞེས་ཁོང་དུ་ཆུད་པར ་བྱའོ། །གལ་ཏེ་དེ་ལྟར་མི་བྱེད་ན། དེའི་ཚེ་སྦྱོར་བ་མཚང་བས་ན། དངོས་གྲུབ་དེ་འམ་བདག་ཉིད་འཇིག་པར་འགྱུར་བ་ཐོབ་པར་འགྱུར་རོ། །སྦྱོར་བ་འདི་དག་ཐམས་ཅད་ལ་ཡང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ངེས་པར་བསྐུལ་བར་མཛད ་པ་བསྒོམ་པར་བྱའོ། །གང་གི་ཕྱིར་དེ་ཉིད་ནི་སྔགས་རྣམས་ཐམས་ཅད་དེ་ལྷ་རྣམས་ཀྱི་རྒྱལ་པོ་སྟེ་གསལ་བར་མཛད་པ་རང་གི་རིག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་དང། དེ་རྣམ་པར་དག་པ་ཡང་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་ཡིན་པའི་ཕྱིར་རོ། ་དེ་མདོན་དུ་ཕྱོགས་པ་མེད་པར་ནི་ཐམས་ཅད་རྣམ་པར་མ་དག་པར་འགྱུར་བ་ཡིན་པས་ཐམས་ཅད་དུ་ཡང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཚུལ་གྱིས་བསྒོམ་པར་བྱའོ་ཞེས་བྱ་བའི་བར་དུའོ། །ལྷ་མོ་སྒྲོལ་མའི་དབྱེ་བ་རལ་བ་གཅིག་མ་ཞེས་བྱ་བ ་བཤད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་ཏུ་རྣམ་པར་འཕྲུལ་པའི་ཡེ་ཤེས་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་ཏེ། དེ་ཉིད་ནི་མི་ཕྱེད་པའི་བདག་ཉིད་ཅན་དུ་ཏིང་ངེ་འཛིན་གང་ལས་གྱུར་པ་དེ་ནི་གདོན་མི་ཟ་བ་ལྟ་བུ་ཞེས ་བྱ་བའི་དོན་ཏོ། །དམ་ཚིག་ཆེན་པོའི་རྒྱས་པའི་རྡོ་རྗེ་གདོན་མི་ཟ་བར་གྲུབ་པ་སྟེ། དེའི་མཆོག་གང་ཡིན་པ་དེ་ནི་མདུང་ཅན་མ་སྟེ། སྐུ་དང་དབུས་མའི་ཞལ་སྔོ་བ། གཡས་པ་དཀར་བ། གཡོན་པ་དམར་བ། ཕྱག་གཡས་པ་གཉིས ་ཀྱིས་གྲི་དང་རལ་གྲི་བསྣམས་པ། གཡོན་པ་གཉིས་ན་ཐོད་པ་དང་རིན་པོ་ཆེ་བསྣམས་བ། ཕྱག་གཉིས་ཀྱིས་ཐབས་ལ་འཁྱུད་པ། ཞལ་གྱི་མཆེ་བ་ཅུང་ཟད་གཅིགས་པ་ཕྱུང་ངོ། །འདིར་དགུག་པའི་ཆོ་ག་ནི་འདི་ཡིན་ནོ། །རྡོ་རྗེ་འཛིན་པ ་ཡོངས་སུ་གྱུར་པ་ལ། རལ་པ་གཅིག་མའི་རྣལ་འབྱོར་ཆོ་ག་བཞིན་དུ་བྱས་ལ། རྐང་པ་གཡོན་པའི་སྲིན་ལག་གི་ཁྲག་དང། ནཱ་ག་གེ་སར་དུ་བཅས་པས་བུད་མེད་ཀྱི་ཐོད་པ་ལ་རླུང་གི་དཀྱིལ་འཁོར་ལ་གནས་པའི་ཀླུའི་བུ་མོ་སྙིང་ཁར་སྔགས་དང་སྤེལ་པ་དང། ་བཅས་པ་སྔ་མ་བཞིན་དུ་བྲིས་ལ་བཀུག་སྟེ། གཡས་བརྐྱང་བའི་རྐང་པ་གཡོན་པས་མནན་ལ་བསྐུལ་བ་དང་བཅས་པའི་སྔགས་བརྗོད་ན་ཁུགས་པར་འགྱུར་རོ། །ཁྲོ་གཉེར་མའི་སྔགས་བཤད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ ་མཁའ་ཨི་དམ་ཚིག་སོ་སོར་རྟོགས་པ་གང་ལས་བྱུང་བ་རྡོ་རྗེའི་བདག་ཉིད་ཅན་གང་ཡིན་པ་དེ་ནི་འོད་དཔག་ཏུ་མེད་པ་ལྟ་བུའོ་ཞེས་བྱ་བའི་དོན་ཏོ། །ཁྲོ་གཉེར་མའི་ཕྱག་མཚན་ལ་སོགས་པ་ནི་གོས་དཀར་མོ་དང་འདྲ་བ་ལས། དམར་སྐྱའི་མདོག་ཅན་ཐོད་པའི ་ཕྲེང་བ་དང་ལྡན་བ་ཅུང་ཟད་མཆེ་བ་དང་ལྡན་པ་ཕྱུང་ངོ། །དམ་ཚིག་ལ་སོགས་པས་ཞེས་བྱ་བ་ནི་སྔ་མ་བཞིན་དུ་སྦྱོར་བའི་དམ་ཚིག་ལ་སོགས་པས་དགུག་པར་བྱའོ་ཞེས་བྱ་བར་ཤེས་པར་བྱའོ། །བསམ་གཏན་འབའ་ཞིག་གིས་དགུག་པ་གསུངས ་པ་ནི་འགོག་ཞེས་བྱ་བ་ལ་སོགས་པ་སྟེ། འགོག་པ་ནི་སེམས་ཀྱི་ཀུན་ཏུ་རྒྱུ་བ་དང་བྲལ་བའོ། །དེ་ཉིད་ཀྱིས་མི་ཕྱེད་པའི་བཟླས་པ་རྩེ་གཅིག་པར་རྫོགས་པར་གྱུར་པས་མི་གཡོ་བར་བསྒྲུབ་པར་བྱ་བ་ཙམ་དུ་གྱུར་པའི་རྩེ་གཅིག་པ་གཉིས་སུ་མེད ་པའི་སེམས་སུ་བྱས་ལ། སྔགས་དང་རྒྱུད་ལ་སོགས་པས་ལུས་ལ་སོགས་པ་དང་མི་ལྡན་པའི་བསྒྲུབ་པ་བྱ་བའང་འགུགས་སོ་ཞེས་བྱ་བའི་དོན་ཏེ། །སྔགས་བཟླས་བས་ཀྱང་སྔགས་པ་ལས་རྣམས་བྱེད་དོ། ཞེས་ཕྱོགས་གཞན་དག་གསུངས་པ ་ནི་ཡང་ན་ཞེས་བྱ་བ་ལ་སོགས་པའོ། །བསྒྲུབ་པར་བྱ་བའི་ཁྱད་པར་གསུངས་པ་ནི་རྡོ་རྗེ་སློབ་དཔོན་ཞེས་བྱ་བ་ལ་སོགས་པའོ། ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པས་ནི་ཁ་སྦྱར་དབྱེ་བ་གསུངས་པ་ཡིན་ཏེ། དེ་ནི ་བདག་གི་མ་བཤད་དོ། །ཁྲག་དང་ཆུ་ཡིས་གཤེར་བ་འམ་ཞེས་བྱ་བས་ནི་འདི་སྐད་སྟོན་ཏེ་སྔ་མ་ལས་ཁྲོ་བོ་གང་ཡང་རུང་བའི་སྦྱོར་བ་དང་ལྡན་པས་མ་མོའི་གནས་དང། དུར་ཁྲོད་ལ་སོགས་པར་སྐྲའི་རྩེ་མོ་ཐུར་དུ ་བཀྲོལ་བས་ཁྲོ་བོའི་སྤྲིན་སྤྲོས་ལ། ཁྲག་ལ་སོགས་པས་ཐམས་ཅད་གཤེར་བར་བྱས་པའི་གོས་བགོས་ནས། སྔར་བཤད་པའི་ཆོ་གས་བསྒྲུབ་པར་བྱ་བའི་མཚན་མ་མནན་ནས། བཟླས་བརྗོད་བརྒྱ་རྩ་བརྒྱད་བྱས་པས་འཆི་བར་འགྱུར་རོ། །ཁྲོ་བོ ་རྣམས་ནི་གདུག་པའི་ལས་བསྒྲུབ་པའི་ཕྱིར་དང། ལས་ཐམས་ཅད་མཛད་པའི་ཕྱིར་ཁྲོ་བོའི་རྒྱལ་པོས་སྦྱར་བར་བྱ་ཞེས་གསུངས་པ་ཡིན་ནོ། །ཁྲོ་བོའི་མཆོག་གིས་བཅིངས་པ་ཡིས་ཞེས་བྱ་བ་ནི་ཁྲོ་བོའི་མཆོག་གི་རྣལ་འབྱོར་པས་བདག་ཉིད་ཇི་སྐད་དུ ་བཤད་པའི་གོས་བགོས་ལ་ཞེས་བྱ་བའི་དོན་ཏོ། །ཕུར་བུའི་ཆོ་ག་གསུངས་པ་ནི་མིའི་རུས་པ་ཞེས་བྱ་བ་ལ་སོགས་པའོ། །དོན་ནི་འདི་ཡིན་ཏེ། ཁྲོ་བོའི་རྣལ་འབྱོར་བས་སྐེ་ཚེ་དང། དུག་དང། ལན་ཚ་དང། ཡུངས་མར་གྱིས་དུར་ཁྲོད་ཀྱིས་རས ་ལ་ཁྲོ་བོའི་རྡོ་རྗེ་རྩེ་མོ་ལྔ་པ་རྣོན་པོ་བྲིས་ལ། དེའི་ལྟེ་བར་སྔགས་དང་སྦེལ་བའི་བསྒྲུབ་པར་བྱ་བའི་མིང་བྲིས་ཏེ། རོ་བསྲེགས་པའི་ཐལ་བ་དང། སོལ་བ་དང། ཆུ་བོའི་དོགས་གཉིས་ཀྱིས་དང། ཕུབ་མ་དང། བསྒྲུབ་པར་བྱ་བའི་རྐང་རྗེས་ཀྱི ་ས་བསྡུས་ལ། བཤད་བ་དང་གཅི་བས་སྤྲུས་ཏེ། གཟུགས་བརྙན་བྱས་པའི་སྙིང་ཁར་རས་དེ་བཅུག་ལ་བཀུག་སྟེ་ཁ་སྦྱར་དབྱེ་བ་བྱས་ནས་དགྲའི་སྒོར་སྦས་ནས་མིའི་རུས་པ་ལས་བྱས་པའི་ཕུར་བུ་སོར་བརྒྱད་པའི་ཚད་དག་ལ་སྔགས ་བརྒྱ་རྩ་བརྒྱད་བཟླས་པ་བྱས་ཏེ། ཕུར་བུས་བཏབ་ན། དེ་ནས་ཇི་སྐད་དུ་གསུངས་པ་བཞིན་དུ་འགྲུབ་པར་འགྱུར་རོ། །བསད་པའི་ཆོ་གར་བསྟན་པ་བཤད་ནས། གནས་ནས་སྦོ་བའི་ཆོ་ག་གསུངས་པ་ནི་ཡང་ན་ཐོད་པ་ཞེས་བྱ་བ་ལ་སོགས་པ ་སྟེ། ཁྱད་པར་དུ་ཞེས་བྱ་བ་ནི་སྐྱེས་པ་དང་བུད་མེད་བསྐྲད་པ་ལ་དེ་དང་རྗེས་སུ་མཐུན་པའོ། །དོན་ནི་འདི་ཡིན་ཏེ། ཁྲོ་བོའི་སྦྱོར་བ་གང་ཡང་རུང་བ་དང་ལྡན་པས་ཇི་སྐད་དུ་བཤད་པའི་ཐོད་པ་ལ་བབ་པ་དང། ཨ་རིཥྚའི་འདབ་མའི་ཁུ་བ་དང། རྐང་པ་གཡོན ་པའི་སྲིན་ལག་གི་ཁྲག་གིས་མཚན་པའི་རླུང་གི་དཀྱིལ་འཁོར་བྲིས་ལ་དེའི་སྟེང་དུ་སྒྲུབ་པར་བྱ་བའི་གཟུགས་བརྙན་བྲིས་ལ་དེའི་སྙིང་ཁར་དེའི་མིང་དང་སྤེལ་བའི་སྔགས་བྲིས་ནས་བཀུག་སྟེ། བརྒྱ་རྩ་བརྒྱད་བཟླས་པའི་སྔགས་ཀྱིས་མངོན་པར་བཟླ ་ཞིང། རྡོ་རྗེའི་ཚིག་གིས་སྔགས་བཟླས་བརྗོད་བྱས་ལ། དགྲའི་སྒོ་ལ་སོགས་པས་སྦས་ན། དེ་ནས་སྐྲོད་པར་འགྱུར་རོ། །ཏཱ་ལའི་ལོ་མ་ལ་སོགས་པ་ལ་ཡང་ཆོ་ག་འདི་ཉིད་ཀྱིས་གཟུགས་བརྙན་བྱས་ལ། སྒོ་འམ། གཞན་དག་ཏུ་སྦས་ན་ངེས་པར ་སྐྲོད་པར་འགྱུར་རོ། །སྐུ་དང་གསུང་དང་ཐུགས་ཀྱི་ཕུར་བུར་མངོན་སྦྱོར་བྱ་བ་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། སྐུ་དང་གསུང་དང་ཐུགས་གང་གིས་འཆིང་བ་དེ་ནི་དེས་པར་འཆིང་བ་སྟེ། ཕུར་བུའི་སྡགས་སོ། །དེ་གང་ལས་མི་ཕྱེད་པར ་གྱུར་པ་མི་བསྐྱོད་པ་ལྟ་བུའི་ཏིང་ངེ་འཛིན་དེ་བྱས་ནས། བདུད་རྩི་ཐབ་སྦྱོར་གྱི་ཕུར་བུའི་སྔགས་འདི་ཕྱུང་ངོ། །འདིར་ཡང་སརྦབ་དུཥྚཱ་ཞེས་བྱ་བ་དང། སརྦབ་པཱ་པཾ་ཞེས་བྱ་བའི་ཚིག་གཉིས་སྟོན་ལ། བསྒྲུབ་པར་བྱ་བའི་མིང་དང་སྤེལ་བར་བྱའོ། །ཆེ ་གེ་མོའི་ཀཱ་ཡ་བ་ཀྩིཏྟ་ཞེས་བྱ་བ་འདི་ལྟར་ཡང་སྦིལ་བར་བྱའོ། །དེ་ལྟ་བུའི་སྦྱོར་བ་ནི་བགེགས་མཐར་བྱེད་དམ་གཞན་དག་གི་སྦྱོར་བ་བྱས་ལ། མིའི་རུས་པའམ། སེང་ལྡེད་དམ་ལྕགས་ལས་བྱས་པའི་ཕུང་བུ་སྟོད་བགེགས་ཀྱི་དཀྲའི ་གཟུགས་ཅན་སྨད་རྩེ་མོ་ཅན་གྱི་གཟུགས་སུ་བསམས་ལ། སྔགས་འདི་བསྒྲུབ་པར་བྱ་བའི་མིང་དང་སྦེལ་བ་མངོན་པར་བཟླས་ཏེ། དེ་ནས་དེས་བསྒྲུབ་པར་བྱ་བའི་གཟུགས་བརྙན་སྔ་མ་བཞིན་དུ་བྱས་པ་ལ། ཕུར་པུས་གདབ་པར་བྱའོ། །ཡང་ན ་མིའི་རུས་པ་ལ་སོགས་པ་ཕྱིའི་ཕུར་བུ་དང་སྔགས་སྤངས་ལ། བསམ་གཏན་ཙམ་གྱིས་ཐམས་ཅད་བསྐྱེད་ནས་ཕུར་བུས་གདབ་པར་བྱའོ། །ཁམས་གསུམ་པའི་འམ་བདག་ཉིད་ཀྱི་ལུས་ལ་སོགས་པ་ལེའུ་བཅུ་བ ་གསུངས་པའི་དྲག་ཤུལ་བསྒྲུབ་པ་ལ་སོགས་པའི་དུས་སུ་ཕུར་བུའི་ཚོག་གསུངས་པ་ནི་འོད་འཕྲོ་འཁྲུག་ཅིང་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་མི་བསྐྱོད་པའི་རིགས་ལས་བྱུང་བ་ཤེས་རབ་མཐར་བྱེད་དམ། ཁྲོ་བོའི ་རྒྱལ་པོ་གཞན་གང་ཡང་རུང་བ་སྐུ་སྟོད་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན། སྐུ་སྨད་རྩེ་མོ་ཅན་དུ་མཉམ་པར་བཞག་ལ་བསྒྲུབ་པར་བྱ་བའི་མིང་དང་སྤེལ་བའི་འོག་ནས་བཤད་པའི་སྔགས་དང་ལྡན་པ་བསམས་ལ། དེས་ཐུགས་ཀྱི ་ཕུར་བུས་ཕུར་བུ་གདབ་པོ། །དེ་བཞིན་དུ་རྣམ་པར་སྣང་མཛད་རྒྱ་ཆེན་ནམ་ཞེས་བྱ་བ་སྐུ་ལ་གཤིན་རྗེ་གཤེད་ཀྱི་ཕུར་བུས་གདབ་པོ། །དེ་བཞིན་དུ་འདོད་ཆགས་རྡོ་རྗེ་ཅན་ནི་གསུང་གི་རྡོ་རྗེ་སྟེ། པདྨ་མཐར་བྱེད་ཀྱི་ཕུར་བུ་གདབ་པར ་བྱའོ། །ཐུགས་རྡོ་རྗེ་ལ་སོགས་པ་ལ། རིགས་དེ་དང་འབྲེལ་བའི་ཕུར་བུས་གདབ་པ་ཡིན་པར་ཇི་ལྟར་ཤེས་ཤེ་ན། ལེའུ་བཅོ་བརྒྱད་པ་ལས་རིགས་ཀྱི་དབྱེ་བའི་སྦྱོར་བ་ཡིས། །རྡོ་རྗེ་ཕུར་བུས་ཕུར་བུ་གདབ་ཅེས་གསུངས་པའི ་ཕྱིར་རོ། །འདི་དག་གིས་ནི་རེ་ཞིག་ལ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ལྟ་འཇིག་རྟེན་ལས་འདས་པའི་ཕུར་བུས་གདབ་པར་བྱ་བ་ཡིན་ལ། བགེགས་མཐར་བྱེད་ཀྱིས་ནི་སྔར་བཤད་པའི་རིམ་གྱིས་གདུག་པ་ཅན་ཐམས་ཅད་ཕུར་བུས ་གདབ་པའི་འཇིག་རྟེན་པ་དེ་བྱའོ་ཞེས་གསུངས་པ་ནི་རྡོ་རྗེ་བདུད་རྩི་འཁྱིལ་བ་ཡིས་ཞེས་བྱ་བ་ལ་སོགས་པའོ། །ཕུར་བུ་རྣམས་ཀྱི་རང་གི་ངོ་བོ་གསུངས་པ་ནི་སྙིང་ཁ་ནས་ནི་ཞེས་བྱ་བ་ལ་སོགས་པའོ། །བཤད་མ་ཐག་པའི་རྣམ་པར་སྣང་མཛད ་ལ་སོགས་པའི་ཕུར་བུའི་སྔགས་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། རྣམ་པར་སྣང་མཛད་ཀྱི་སྔགས་ཕྱུང་བའི་དུས་སུ། གང་གི་ཕྱིར་སྐུའི་རྣམ་པར་འཕྲུལ་པ་ལ། ཁྱད་པར་མེད་པ་ཡིན་པས། རྡོ་རྗེ་འཛིན་པ་ཉིད་ལ་རྣམ་པར་སྣང་མཛད་དུ ་གསུངས་པ་ཡིན་ཏེ། དེ་ཡང་རྣམ་པར་སྣང་མཛད་ལྟ་བུ་ཉིད་ཀྱི་ཏིང་ངེ་འཛིན་ཞེས་བྱ་བའི་དོན་ཏོ། །སྐུའི་དམ་ཚིག་ཆེམ་དམ་དུ་བྱ་ཞིང་དྲངས་ལ་གནོན་ཅིང་མི་གཡོ་བར་བྱས་ལ། རླུང་དང་མི་ཕྱེད་པར་བྱས་པའི་ཕུར་བུའི་སྔགས་ཀྱིས་བྱས་པ་གང་ཡིན་པ་དེ ་བྱུང་བའོ། །དེ་བཞིན་དུ་འདིའི་འོག་མ་རྣམས་ལ་ཡང་སྦྱར་བར་བྱའོ། །སྐུ་ལ་སོགས་པའི་ཕུར་བུའི་ཆོ་ག་འདི་ནི་བདག་གིས་གསལ་བར་མ་བཤད་དོ། །ལེའུ་བཅུ་བཞི་པའི་འགྲེལ་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ལེའུ་བཅོ་ལྔ་པ ་གསུངས་པ་ཡིན་ཏེ། དབང་བསྐུར་བ་ཐམས་ཅད་ཤེས་པ་ན། ཀུན་མཁྱེན་པའོ་ཞེས་བྱ་བར་སྦྱོར་རོ། །ལས་ཀྱི་ཚོགས་གསུངས་ནས། རིགས་རེ་རེ་ཞིང་དངོས་གྲུབ་ཆེན་པོ་བཤད་པ་ལས། རེ་ཞིག་མི་བསྐྱོད་པའི་རིགས་ཀྱི་ཆོ་ག་གསུངས་པ་ནི་སྨ་ཤ་ཅན ་ཞེས་བྱ་བ་ལ་སོགས་པ་སྟེ། ན་ཚོད་ཀྱི་ཁྱད་པར་སྨོས་པ་ནི་ཉེ་བར་མཚོན་པ་ཙམ་དུ་ཟད་ཀྱི་ཇི་སྲིད་ཤུ་ཀྲ་ཡོད་པ་དེ་སྲིད་ཀྱི་བར་དུ་བཟུང་བ་ལ་འགལ་བ་མེད་དོ། །དེ་དཀྱིལ་འཁོར་གྲུ་བཞི་ལྷམ་པར་བྱ་ཞེས་བྱ་བ་ནི་བཤད་པ་དང་གཅི་བ་ལ་སོགས ་ལ་ཐེ་ཚོམ་རྣམ་པར་བསལ་བར་བྱ་བའི་ཕྱིར་རེ་སྟེ། དེ་ལྟར་བྱས་པའི་དཀྱིལ་འཁོར་དུ་གཞལ་ཡས་ཁང་དུ་མོས་པར་བྱའོ། །དམ་ཚིག་གི་དཀྱིལ་འཁོར་ལ་སོགས་པ་འདི་དག་ནི་རིགས་གསུམ་ཆར་ལ་ཡང་སྦྱར་བར་བྱའོ། །འཁོར་ལོའི་རིགས་སུ་ཕྱག་ས་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ཆོ་ག་གསུངས་པ་ནི་སྐུ་གསུངས་ཐུགས་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ། གསམ་གཏན་སྔགས་ཀྱི་སྦྱོར་བ་ཡིས་ཞེས་བྱ་བ་ནི་བསམ་གཏན་གྱིས་བདག་ཉིད་ཅན་གྱི་སྔགས་བཟླས་པས་སོ། །སངས་རྒྱས་ཀྱི་ནི ་འོད་འདྲར་འགྱུར་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དང་གཅིག་པར་འགྱུར་བའོ། །རྡོ་རྗེ་སེམས་དཔའ་ཨི་སྦྱོར་བ་ཡིས་ཞེས་བྱ་བ་ནི་མི་བསྐྱོད་པ་ལ་སྨེ་ཤ་ཅན་གྱི་བུ་མོ་དང་སྦྱར་བར་བྱའོ། །བཅོ་བླག་མཁན་གྱི་བུ་མོ་ནི་མདོག་དཀར་བས་འཁོར ་ལོའི་རིགས་ལ་སྦྱར་བར་བྱའོ། །ུཏཔལ་མཐིང་ཁའི་མདོག་འདྲ་བ་ཞེས་བྱ་བ་ནི་རྡོ་རྗེ་རིགས་ལ་སྨེ་ཤ་ཅན་གྱི་བུ་མོ་དང་སྦྱོར་རོ། །སྦྱོར་བའི་ཆོ་ག་ཞེས་བྱ་བ་ནི་བཙོ་བླག་མཁན་གྱི་བུ་མོ་ཕང་པར་བཞག་པ་ལ་སོགས་པའོ། །རྡོ་རྗེ་སེམས་དཔའ་དང་མི ་བསྐྱོད་པ་སྦྱོར་བ་ཅིག་པ་དེ་ནི་མི་བསྐྱོད་པའི་རྣལ་འབྱོར་པར་འགྱུར་རོ། །པདྨའི་རིགས་ལ་ཡང་དངོས་གྲུབ་གསུངས་པ་ནི་རྒྱལ་པོ་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་རྣམས་ཐམས་ཅད་འཛིན་པ་ནི་འོད་དཔག་ཏུ་མེད་པའི་རྣལ་འབྱོར་པ་སྟེ། ཆོ་ག་བཞིན་དུ ་གར་མཁན་གྱི་བུ་མོ་སྔ་མ་བཞིན་དུ་ཕང་པར་བཞག་ན་རྡོ་རྗེ་ཆོས་དང་འདྲ་བར་འགྱུར་རོ། །དེ་ཇི་ལྟ་བུ་ཞེ་ན། ས་བཅུ་ལ་གནས་པར་འགྱུར་ཞེས་བྱ་བ་གསུངས་ཏེ། གཟུགས་རྡོ་རྗེ་ལ་སོགས་པ་ལྷ་མོ་བཅུ་འབྲས་བུར་གྱུར་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ ་སོགས་པའི་ངོ་བོ་ཉིད་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་རྣམ་པར་དག་པའི་ཚུལ་ལ་ནི་ས་བཅུ་ཞེས་བྱ་བ་སྟེ། དེ་རྣམས་ལ་རབ་ཏུ་གནས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྨེ་ཤ་ཅན་གྱི་བུ་མོ་ལ་སོགས་པ་མེད་དུ་ཟིན་ཀྱང་གཞན་དག ་བཟུང་བ་ལ་འགལ་བ་མེད་པར་གསུངས་པ་ནི་བྲམ་ཟེ་རྒྱལ་རིགས་ཞེས་བྱ་བ་ལ་སོགས་པའོ། །དེ་ཡང་སེམས་ཅན་བསམ་པ་ལ་བརྟེན་ནས། ཚད་ལ་སོགས་པ་ངེས་བྱས་ཡིན། །ཐབས་ཤེས་ལས་བྱུང་དངོས་གྲུབ་ལ། རིགས་སོགས་ངེས་པས ་ཅི་ཞིག་བྱ་ཞེས་བཤད་པ་ཡིན། །ད་ལྟ་བུའི་མཆོག་གི་སེམས་ཀྱིས་ཉི་མ་མ་ནུབ་པ་ནས་བསྒྲུབ་པ་ཀུན་ཏུ་བརྩམས་ན། ཉི་མ་འཆར་བའི་དུས་སུ་སྐྱེས་བུ་དམ་པ་འགྲུབ་པར་འགྱུར་རོ། །ཇི་སྐད་དུ་བཤད་པའི་བུ་མོ་བདག་གིར་བྱ་ཞིང། གནོན་པའི ་ཆོ་ག་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དམ་ཚིག་ཆེན་པོ་ནི་མེ་ལོང་ལྟ་བུའོ། །དེ་ཉིད་ནི་རྡོ་རྗེ་ཁྲོ་བོའི་རྒྱུར་གྱུར་པས་ན། རྡོ་རྗེ་ཁྲོ་བོ་སྟེ། དེ་ཏིང་ངེ་འཛིན་དུ་མཛད་ནས་གཤིན་རྗེ་གཤེད་ཀྱི་སྔགས་ཕྱུང་བའོ། །དུག་ནི་ཞེས་བྱ་བ་ལ ་སོགས་པ་ལ་ཆོ་ག་ནི་འདི་ཡིན་ཏེ། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པས་སྔོན་དུ་བསྙེན་པ་ཇི་ལྟ་བ་བཞིན་དུ་བྱས་ནས། ཁྲོས་པས་མངོན་སྤྱོད་ཀྱི་ཐབ་གྲུ་གསུམ་དུ་ཚེར་མའི་མེ་ལ། ཡི་གེ་ཧཱུཾ་དང་ལྡན་པའི་ལྗགས་མངའ་བའི་གཤིན་རྗེ་གཤེད་ཀྱི་ཞལ་དུ ་བསྲེག་ཅིང་དབབ་པར་བྱ་སྟེ། ཨོཾ་ཧྲཱི(རྒྱུད་འགྲེལ་ཞེས་བྱ་བ་ལ་སོགས་པ་ལ། ཆོ་ག་ནི་འདི་ཡིན་ཏེ། མར་གྱི་ངོའི་ཉིན་ཞག་གང་ཡང་རུང་བ་ལ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པས་དུར་ཁྲོད་ཀྱི་སོལ་བ་ལ་བཟླས་བརྗོད་སྟོང་རྩ་བརྒྱད་བྱས་པས་བདག་ཆེ་གེ་མོ་སྩོལ་ཅིག་ཅེས་བྱ་བའི་བསྐུལ་བའི་ཆོ་ག་དང ་བཅས་པའི་སྔགས་སྲིན་པོ་ལ་སོགས་པའི་མིང་དང་བཅས་པ་བྲིས་ནས། དེ་ཉིད་ཀྱིས་ཁྱེར་ཏེ་འོངས་ནས་སྟེར་བར་འགྱུར་རོ། །སྦྱོར་བའི་ཁྱད་པར་གཞན་དག་བཤད་པ་ནི་དགྲ་བོའི་གཟུགས་བརྙན་བཤད་མ་ཐག་པའི་རིམ་པས་མངོན་པར་བཟླས་པའི་དུར ་ཁྲོད་ཀྱི་སོལ་བས་དུར་ཁྲོད་ཀྱི་ས་གཞི་ལ་བྲིས་ཏེ། བཀུག་ནས་དེའི་མིད་པ་བཅད་པ་རྣམ་པར་བསྒོམས་ལ། དེ་ཡང་མཚོན་ཆ་ལྟ་བུར་བསམས་ཏེ། མགུལ་བར་རི་མོ་བྲིས་ན། དེས་མགོ་འཆད་པར་འགྱུར་རོ། །ཐོང་བ་ལ་ཡང་སྔ་མ་བཞིན་དུ་གཤིན་རྗེ ་གཤེད་ཀྱི་རྣལ་འབྱོར་པས་དེའི་ངོ་བོ་ཉིད་དུ་ལག་པར་བསམས་ལ། མདུན་དུ་ལྷག་པར་མོས་པའི་བསྒྲུབ་པར་བྱ་བའི་ལུས་ལ་བསྣུན་ན་ངེས་པར་བཅོམ་པར་འགྱུར་རོ། །ཧཱུཾ་ཞེས་བྱ་བ་ལ་སོགས་པ་ལ་ཁྲོ་བོའི་རྣལ་འབྱོར་པས་རང་གི་ལག་པར་འོད་ཟེར་གྱི ་ཚོགས་འཕྲོ་བའི་རྡོ་རྗེ་ཧཱུཾ་ལས་བྱུང་བ། ཧཱུཾ་དང་བཅས་པ་རྩེ་མོ་ལྔ་པ་རྡོ་རྗེ་འབར་བ་བསྒོམས་ལ། དེ་བཞིན་དུ་བསྒྲུབ་པར་བྱ་བའི་ལུས་ལ་དབབ་པར་བྱའོ། །དེ་ནས་གདུག་པ་རྣམས་འཇིག་པར་འགྱུར་རོ། །རྡོ་རྒྱུས་ཞེས་བྱ་བ་ལ་སོགས ་པ་ལ་སྔར་བཤད་པའི་སྦྱོར་བས་མངོན་པར་བཟླས་པའི་རྡོ་རྒྱུས་ལ་སོགས་པས་བསྒྲུབ་པར་བྱ་བའི་གཟུགས་བྲིས་ལ། ཧཱུཾ་ལས་བྱུང་བའི་སྟ་རེ་བསམས་ནས། དེས་མིད་པ་བཅད་པར་འགྱུར་རོ། །ཆར་ཆེས་པ་བཅད་པར་གསུངས་པ་ནི་ལས་རྡོ་རྗེ་ཞེས ་བྱ་བ་ལ་སོགས་པ་སྟེ། ཁ་དོག་སེར་པོའི་རྡོ་རྗེ་འཛིན་པའི་སྦྱོར་བས་ཆར་དབང་བའི་སྟེང་དུ་ཡི་གེ་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་སེར་པོ་འབར་བ་མངོན་པར་འདོད་པའི་ཕྱོགས་ཁེབས་ནས་གནས་པར་བསམས་ནས། དེའི་དབུས་སུ་ཧཱུཾ་ལས་བྱུང་བའི ་བསྐལ་པའི་མེ་ལྟ་བུ་མགོ་སྟེང་དུ་བལྟས་པ་རྣམ་པར་བསམས་ནས། དེའི་ལྟེ་བར་དེ་ཉིད་ཀྱི་སྦྱོར་བ་འདུག་སྟེ། རང་ཉིད་ཀྱི་བ་སྤུའི་བུ་ག་ལས་བྱུང་བའི་འོད་ཟེར་སེར་པོ་རྣམས་ཀྱིས་ཕྱོགས་ཐམས་ཅད་ཁྱབ་པར་བསམས་ན། དེ་ལྟ་བུས་ནི་མངོན ་པར་འདོད་པའི་གནས་ལས་ཕྱི་རོལ་ཏུ་འབབ་པར་འགྱུར་རོ། །གལ་ཏེ་ཐམས་ཅད་དུ་བཟློག་པར་འདོད་ན། འདི་ཉིད་ཀྱིས་ཐམས་ཅད་དུ་ཁྱབ་པར་རྣམ་པར་བསམས་ལ། འོད་ཟེར་འབར་བའི་ཚོགས་ཀྱིས་ཀླུ་ཐམས་ཅད་ཡོངས་སུ་བསྐམས་པར ་བསམ་པར་བྱའོ་ཞེས་བྱ་བ་ནི་མན་ངག་ཡིན་ནོ། །རྩེ་གཅིག་པ་ཉམས་སུ་མྱོང་བ་དང་བཅས་པར་བསྒོམ་པར་མི་ནུས་པ་དགལ། བྱ་བའི་ཆོ་ག་བཤད་པར་བྱ་སྟེ། སྔར་བཤད་པའི་བྲི་བའི་རྫས་ཀྱིས་དུར་ཁྲོད་ཀྱི་རས་ལ་པདྨ་འདབ་མ་བརྒྱད་པ ་ཀླུ་བརྒྱད་རང་གི་ས་བོན་གྱིས་དེའི་ལྟེ་བ་ལ་ཡི་གེ་ཕཊ་གཉིས་དང་སྤེལ་བའི་ལྷ་བྲིས་ལ། བཀུག་སྟེ་རས་གཉིས་པ་ལ་འབར་བ་དང་བཅས་པའི་རྡོ་རྗེ་རྒྱ་གྲམ་སེར་པོའི་ལྟེ་བར་རྡོ་རྗེ་རྩེ་ལྔ་པ་བསྒྲེང་བ། ཡི་གེ་ཧཱུཾ་གིས་བྱིན་གྱིས་བརླབས་པ་བྲིས་ལ། ་དང་པོའི་རས་བཀན་ཏེ། བཏིང་བའི་སྟེང་དུ། དེ་ཁ་སྦུབ་སྟེ། །བ་སྦྱར་དུ་བྱས་ནས། རྡོ་ལེབ་ཀྱིས་མནན་ལ་བཞག་པར་བྱ་སྟེ། དེ་ནས་ཆར་འཆད་པར་འགྱུར་རོ། །ཉེ་བར་འཚེ་བ་ཐམས་ཅད་ཞི་བར་བྱ་བའི་ཕྱིར། བགེགས་མཐར་བྱེད་ཀྱི་སྦྱོར་བ་གསུངས་པ་ནི་དཀྱིལ་འཁོར ་དག་ནི་ཞེས་བྱ་བ་ལ་སོགས་པ་སྟེ། མཆེ་བའི་ཕྱག་རྒྱ་ནི་བགེགས་མཐར་བྱེད་ཀྱི་ཕྱག་རྒྱ་ཆེན་པོ་སྟེ། དེ་བཅིངས་ནས་དགུག་པའི་དགྲ་སྟེ། དེའི་སྔགས་སྔར་གསུངས་པ་ལས། མཧཱ་ག་ཎ་པ་ཏི་ཛཱི་བི་ཏཱནྟ་ཀ་རཱ་ཡ་ཞེས་བྱ་བ་བྱོར་པ། བསྒྲུབ་པར་བྱ་བའི་མིང ་གཞུག་པ་དང་སྤེལ་ཏེ་སྔ་མ་བཞིན་དུ་རྗེས་སུ་དྲན་པར་བྱ་ཞིང་བསྒོམ་པར་བྱའོ། །དེས་ན་རླུང་ལ་སོགས་པ་བཟློག་པར་འགྱུའོ། །ཕན་ཡོན་གསུངས་པ་ནི་སངས་རྒྱས་ཞེས་བྱ་བ་ལ་སོགས་པའོ། །སྔགས་དེ་ཉིད་དམ་གཞན་དག་ལ་སྭཱཧཱ་ཞེས་བྱ་བ་བོར་ལ ་ལས་དང་རྗེས་སུ་མཐུན་པར་ཕཊ་ཅེས་བྱ་བ་གཞུག་པར་བྱའོ་ཞེས་གསུངས་པ་ནི་དེ་ལ་ཞེས་བྱ་བ་ལ་སོགས་པའོ། །མངོན་པར་རྟོག་པ་དང་ཉེ་བར་འཚམ་པའི་དོན་གསུངས་པ་ནི་ཡེ་ཤེས་སེམས་དཔའ་ཨི་སྦྱོར་བ་ཡིས་ཞེས་བྱ་བ་ལ་སོགས་པ་སྟེ། ཡེ ་ཤེས་སེམས་དཔའ་ནི་སྲིད་པ་བར་མདོའི་སེམས་སྔོན་དུ་འགྲོ་བའི་ཟླ་བ་ཞུ་བ་སྟེ། དེའི་མཐུས་དཀྱིལ་འཁོར་གྱི་དབུས་སུ་མངོན་པར་འདོད་པའི་ལྷའི་གཟུགས་གནས་བཞིར་གཞག་པའི་སྤྱན་ལ་སོགས་པའི་ལྷ་མོ་རྣམས་ཀླུས་སློང་པའི་ཆོ་ག་བཞིན་དུ ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་སྐད་དུ་དེ་ལྟའི་གླུའི་ངོ་པོ་རུ་བྱས་ནས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །པདྨ་དང་རྡོ་རྗེ་ངག་གི་རྣམ་པར་དག་པ་གསུངས་པ་ནི་པདྨ་ཞེས་བྱ་བ་ལ་སོགས་པ་སྟེ། སྨེ་ཤ་ཅན་ལ་སོགས་པའི་བུ་མོ་འམ ་རང་གིས་རིགས་གང་ཡང་རུང་བ་ལ་པདྨར་རྡོ་རྗེ་ཞུགས་པས་རབ་ཏུ་རྒྱས་པར་བྱས་ལ། བསྐྱོད་པའི་ལས་ལ་གནས་པ་དེ་ནི་པདྨའོ། །རྡོ་རྗེ་ཅན་གྱི་སྦྱོར་བ་ཞེས་བྱ་བ་ནི་རྡོ་རྗེ་ཡང་ཇི་སྐད་དུ་བཤད་པའི་འོད་དང་ལྡན་པའི་ཧཱུཾ་ལས་བསྐྱེད་དེ། རབ་ཏུ ་བསྒོམ་པར་བྱའོ། །དེ་སྐད་དུ་ཧཱུཾ་གིས་པདྨ་འདབ་བརྒྱད་རྣམ་པར་སྤྲུལ་ཅེས་བྱ་པ་དང། ཧཱུཾ་གིས་རྡོ་རྗེ་ལས་བྱུང་དྲི་མེད་པའི་ཞེས་བྱ་བ་སྨོས་པ་ཡིན་ནོ། །དེ་ནས་སྐུ་ལ་སོགས་པའི་ངོ་བོ་གྲུ་གསུམ་དང་ལྡན་པའི་ཆོས་འབྱུང་བར ་ཟླ་བ་ཞུ་བའི་གཟུགས་སུ་ཆོ་ག་བཞིན་ཕབ་ན། ཇི་སྐད་དུ་བཤད་པའི་ཕན་ཡོན་འཐོབ་པར་འགྱུར་རོ་ཞེས་གསུངས་པ་ནི་རང་ལུས་ཞེས་བྱ་བ་ལ་སོགས་པའོ། །འདི་ཉིད་དུ་གསང་བའི་དབང་བསྐུར་བའི་དབང་བསྐུར་བའི་དམ་ཚིག་གསུངས་པ་ནི་བཞིན་བཟངས་ཞེས་བྱ ་པ་ལ་སོགས་པ་སྟེ། ཆོ་ག་བཞིན་ཞེས་བྱ་བ་ནི་བསྐྱེད་པ་ལ་སོགས་པའི་རིམ་གྱིས་སྦྱངས་པའི་རང་གི་རིགས་ཀྱི་བུ་མོ་མཚན་ཉིད་དང་ལྡན་པ་རྙེད་ན། ཤིན་ཏུ་དབེན་པར་ཇི་སྐད་དུ་བཤད་པའི་མཆོད་པའི་ཆོ་ག་བྱས་ལ། དེ་ལས་བྱུང་བའི ་གསང་བ་ཟླ་བ་ཞུ་བ་ཞེས་བྱ་བ་འབར་བ་ལ་སོགས་པའི་ཆོ་ག་སྔོན་དུ་འགྲོ་བས་བཟའ་བར་བྱའོ། །དེ་ནས་ཇི་སྐད་དུ་བཤད་པའི་ཕན་ཡོན་ཐོབ་པར་འགྱུར་རོ། །མི་སྣང་བའི་དངོས་གྲུབ་ཀྱི་ཆོ་ག་གསུང་བ་ནི་བཤད་པའམ་ཞེས་བྱ་བ་ལ ་སོགས་པ་སྟེ། རང་གི་རིགས་ཀྱི་བུ་མོ་དང་སྙོམས་པར་ཞུགས་པའི་འཁོར་ལོ་ཅན་ཏེ། མི་སྣང་བའི་དངོས་གྲུབ་འཐོབ་པའི་ཕྱིར། མཚན་མ་ཐོབ་པས་བཤད་པ་སོགས་པའམ། བཟའ་བ་སྟེ། འབྲས་ཅན་ལ་སོགས་པའི་བཟའ་བ ་རྣམས་ཁམ་ཕོར་ཁ་སྦྱར་གྱི་ནང་དུ་བཅུག་ལ་ཡི་གེ་གསུམ་མམ། རང་གི་སྔགས་ཀྱིས་བརྒྱ་རྩ་བརྒྱད་མངོན་པར་བཟླས་ལ་འབར་བ་ལ་སོགས་པ་སྔོན་དུ་འགྲོ་བས་ཟོས་ན། སངས་རྒྱས་ཉི་མ་དག་གིས་ཀྱང་མཐོང་བར་མི་འགྱུར ་ཞེས་བྱ་བའི་དོན་ཏོ། །འདི་ནི་འབར་བའི་ཨོཾ་གྱིས་བྱིན་བརླབས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །སྔར་བཤད་པའི་རིལ་བུའི་དངོས་གྲུབ་ཀྱི་སྦྱོར་བ་ལ། ཅི་འདོད་པའི་རིལ་བུ་དགྲི་པའི་རྫས་གཞུག་པ་གསུངས་པ་ནི་བ་ལང་ཞེས་བྱ་བ་ལ་སོགས་པ ་གསུངས་པའོ། །འདིར་བསྡུས་པའི་དོན་ནི་འདི་ཡིན་ཏེ་ལྷའི་ཁྱད་པར་གང་ཡང་རུང་བའི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ལ། དཀྱིལ་འཁོར་གྱི་འཁོར་ལོ་དང་ལྡན་པའི་སྔོན་དུ་བསྙེན་པ་བྱས་ནས་མཚན་མ་ཐོབ་པ་དང། བཤད་པ་ལ་སོགས ་པའི་རྫས་ཐམས་ཅད་ཀྱིས་སམ། ཇི་སྙེད་པ་དང་ལྡན་པའི་ལྕགས་གསུམ་གྱིས་རིལ་བུ་བྱས་ལ། སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་བྱའོ། །དེ་ནས་ཇི་སྐད་དུ་གསུངས་པའི་ཕན་ཡོན་འཐོབ་པར་འགྱུར་རོ། །ད་ནི་དབང་བསྐུར་བའི་ངེས་པའི་དོན་གསུངས་པ་ནི ་དེ་ནས་སྟོན་པ་རྡོ་རྗེ་འཛིན་ཞེས་བྱ་བ་ལ་སོགས་པ་སྟེ། སེམས་དཔའ་ནི་རྡོ་རྗེ་སེམས་དཔའ་ཨོ། །རྡོ་རྗེ་ནི་མི་བསྐྱོད་པ་སྟེ། དེ་གཉིས་ཀྱི་སྦྱོར་བས་མཉེས་པར་འགྱུར་བ་ནི་དགའ་བར་འགྱུར་བ་སྟེ། དབང་བསྐུར་བ་ཞེས་བྱ་བའི་བར་དུའོ། །སངས་རྒྱས་རྡོ་རྗེ་ཅན ་ཞེས་བྱ་བ་ནི་མི་བསྐྱོད་པ་དང། རྡོ་རྗེ་སེམས་དཔའ་ནི་གོ་རིམ་ཇི་ལྟ་བ་བཞིན་སྦྱར་ཏེ། ཇི་སྐད་དུ་འབྲས་བུས་རྒྱུ་ནི་རྒྱས་བཏབ་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སངས་རྒྱས་བྱང་ཆུབ་རབ་དབྱེ་བས་ཞེས་བྱ་བ་ནི་མི་བསྐྱོད་པས་སོ། །རྡོ་རྗེ་ཅན ་ཞེས་བྱ་བ་ནི་སངས་རྒྱས་བཞི་པོ་རྣམས་མཉེས་པའོ། །རྡོ་རྗེ་ཅན་ལ་སོགས་པ་བཅུའི་དབུ་རྒྱན་ལ་ནི་གཙུག་ཏོར་ཏེ། རང་རང་གི་རིགས་ཀྱི་བདག་པོ་རྣམས་བཞག་པར་བྱའོ། །ཁྲོ་བོ་བཅུ་པོ་རྣམས་ལ་རང་རང་གི་བདག་པོ་དེ་ཉིད་བཞག་པར་བྱའོ། །རིག་པའི་རྒྱལ ་པོ་ཆོས་མཆོག་རྣམས་ཞེས་བྱ་བ་ནི་རིག་པའི་རྒྱལ་པོ་རྣམས་ལ་དཀོན་མཆོག་དཔལ་གྱིས་དབང་བསྐུར་བར་བྱའོ། །རིག་པའི་རྒྱལ་མོ་ནི་རིག་འཛིན་མ་སྟེ། དེ་རྣམས་ལ་ཚེ་དཔག་ཏུ་མེད་པ་རབ་ཏུ་བསྒོམས་པར་བྱའོ། །ལས་ཐམས་ཅད་བྱེད་པ་ནི་ཅི་བགྱི་སྟེ། དེ ་རྣམས་ལ་གདོན་མི་ཟ་བར་གྲུབ་པ་བསྒོམ་པར་བྱའོ། །སྔགས་རྣམས་ནི་ལྷ་ཆེན་པོ་དང། ཁྱབ་འཇུག་ལ་སོགས་པ་སྟེ། དེ་རྣམས་ཀྱི་སྤྱི་བོར་རྡོ་རྗེ་འཇིན་པ་བསྒོམ་པར་བྱའོ། །གནོད་སྦྱིན་མ་རྣམས་ལ་ནི་གཤིན་རྗེ་གཤེད་ཀྱིས་དབང་བསྐུར་པར་བྱའོ། །རྒྱུད ་གཞན་དག་ལས་གསུངས་པའི་གང་དེ་བཞིན་གཤེགས་པའི་ཅོད་པན་ཉི་སྩལ་ཀྱར?་བྱ་བའི་ཕྱིར་གསུངས་པ་ནི་སྔགས་རྣམས་ཞིས་བྱ་བ་ལ་སོགས་པ་སྟེ། ལྷའི་རྣལ་འབྱོར་པ་ཐམས་ཅད་ལ་དཀྱིལ་འཁོར་གྱི་ལྷ་སྤྱི་བར ་བསྒོམ་པར་བྱའི། ཇི་ལྟ་བ་བཞིན་དུ་ནི་མ་ཡིན་ནོ། །དཀྱིལ་འཁོར་དུ་ཞུགས་པའི་སློབ་མ་ལ་དབབ་པར་བྱ་བའི་ཕྱིར་དང། སྦྱིར་སྦྱོར་བ་ཤེས་པར་བྱ་བའི་ཕྱིར། སྦྱོར་བ་སྤྱད་པ་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། སྔགས་དང་བཟླས ་པའི་སྦྱོར་བ་ཡིས་ཞེས་བྱ་བ་ནི་འོག་ནས་བཤད་པའི་ཧཱུཾ་ལ་སོགས་པ་དང། བསྐུལ་བའི་སྦྱོར་བས་སོ། །དེ་ལྟར་གྱུར་པའི་རྣལ་འབྱོར་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྔགས་དང་བསམ་གཏན་གྱིས་བསྐུར་བས་ལས་སྣ་ཚོགས་བྱེད་དོ་ཞེས་གསུངས ་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་ཀུན་ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་ཆོས་ཀྱི་གཟུགས་ཆེན་པོ་ཞེས་བྱ་བ་ནི་ཇི་ལྟར་ལྷག་པར་མོས་པས་ཨ(རྒྱུད་འགྲེལ་དབང་ཆེན་དང། ཆུ་དང་རླུང་གི་དཀྱིལ་འཁོར་ལ་ཧཱུཾ་ཧ་ཨ་ཞེས་བྱ་བར་རིགས་རྣམས་ཀྱི་རྟག་པ་དེ་རྣམས་ཀྱིས་སློབ་མའི་སེམས་དང་དག་བྱིན་གྱིས་བརླབས་པར་བསམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བྱས་ནས་དེའི་རྐང་པའི་འོག་ཏུ་མེའི ་དཀྱིལ་འཁོར་ལ་གནས་པའི་ཛཧེ(རྒྱུད་འགྲེལ་གྱི་ཡི་གེའི་བདག་བདག་ཉིད་ཅན་དང་བསྐུལ་བར་བྱ་སྟེ། ཨཱ་པ་ཤ་ཡ་སྙཾ་བྷ་ཡ་ར་ར་ར་ར་ཞེས་བྱ་བ་ལ་སོགས་པའི་སྔགས་རྡོ་རྗེ་དང། རྡོ་རྗེ་དྲིལ་བུ་དང་བཅས་པས་བརྗོད་པར་བྱའོ། །དབབ་པའི་ཆོ་ག་འདི་རྒྱུན་དུ་བྱ་སྟེ། དེ་ནས་བཅོམ་ལྡན་འདས་དེར་འབབ་པར ་མཛད་དོ། །དེ་ནས་བབས་པའི་རང་གི་ལྕེ་ལ་ཡི་གེ་ཨ(རྒྱུད་འགྲེལ་ཏོག་འཁོར་ལོར་དོར་བར་བྱའོ། །འདི་དག་ཀྱང་དཀྱིལ་འཁོར་གྱི་ཆོ་ག་ལས་དེ་ནས་སློབ་མ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཤིག་ཅེས་བྱ་བ་ཡིན་པར་བལྟ་བར་བྱའོ། །བསྐུལ་དང་ཞེས་བྱ་བ་ལ་སོགས ་པ་ལ། སྙིང་ཁ་དང། ལྐོག་མ་དང། སྤྱི་བོར་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་གསུམ་པོ་ནི་ལྷ་ཆེན་པོ་སྟེ། འཕགས་པའི་ངོ་བོ་བསྐུལ་བ་སོགས་པ་བྱ་བའི་ཕྱིར། མེའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཛཧཻ(རྒྱུད་འགྲེལ་པའོ། །རྡོ་རྗེ་གྲུབ་པ་ཞེས་བྱ་བ་ནི་བརྟན་པའི་སེམས་ཀྱིས་སོ། །རྟག་པ་ཞེས་བྱ་བ་ནི་བདེ་ཆེན་པོའོ། །ད་ནི་ཅུང་ཟད་ཡེ་ཤེས་བབས་པས་བུ་མོ་དང་ཁྱེའུ་ལོ་བཅུ་གཉིས་པ་དཀྱིལ་འཁོར་གྱི་ཁང་པར་བཅུག་ནས། ཆོ་ག་བཞིན་དུ་དབབ་པར་བྱ་སྟེ། སྒོ་བཅད་ནས་དེ་གཉིས ་དད་དཀྱིལ་འཁྲོ་བྲི་བར་བྱའོ་ཞེས་གསུངས་པ་ནི་བུ་མོ་ལོ་གྲངས་བཅུ་གཉིས་མ་འམ། ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཆོ་གས་ཞེས་བྱ་བ་ནི་སྲད་བུ་བྲི་བ་དང། ཚོན་དགྱེ་བ་ལ་སོགས་པའོ། །སྔར་བཤད་པའི་སྔགས་ཀྱི་ཡི་གེ་བསྟན་པའི་ཕྱིར། དེ་ལ་སྙིག་པོ ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ས་བོན་རྣམས་ལྷའི་བདག་ཉིད་ཅན་དུ་གསུངས་པ་ནི་ཧཱུཾ་ནི་རྡོ་རྗེ་སེམས་དཔའ་ཨི་བདག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། སློབ་མ་གཞུག་པ་ལ་སོགས་པ་ནི་འདིར་ཡང་ལས་དང་པོ་པའི་རྣལ་འབྱོར་པ ་བཞིན་དུ་བྱའོ་ཞེས་གསུངས་པ་ནི་སྔར་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ད་ནི་བདུད་རྩི་ཐབ་སྦྱོར་གྱི་རྟོག་པས་གདུག་པ་རྣམས་ཚར་བཅད་པ་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་ཡང་བྱ་བའི་ཆོ་ག་ནི་སྔར་བཤད་པ་ཉིད་ཡིན ་པ་ལས་དེ་ལ་ཡང་ཁ་བསྐང་བར་བྱ་བའི་ཕྱིར་འདི་ཉེ་བར་བཀོད་པ་ཡིན་ཏེ། འདི་རྣམས་དང་ལྷན་ཅིག་པ་ཉིད་ཀྱིས་ཅི་རིགས་པར་དེར་སྦྱོར་བ་རེ་རེ་དང་རིམས་བཞིན་དུ་བྱའོ་ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་གྲུ་གསུམ་ཞེས་བྱ་བ་ནི་བདུད?་རྩི ་ཐབ་སྦྱོར་གྱི་རྣལ་འབྱོར་པས་ཆོ་ག་ཇི་ལྟ་བ་བཞིན་དུ་མེའི་ཐབ་བྱས་ལ། རྫས་འདི་རྣམས་ཀྱིས་བསྐུས་ནས་དེར་མེའི་ལྷ་བསམས་ཏེ། དེའི་ཞལ་དུ་ཇི་སྐད་དུ་བཤད་པའི་རྫས་ལས་བྱས་པའི་གཟུགས་བརྙན་ལ། མེ་ཐབ་དེའི་དབུས་སུ་བསྒོམ་པའི་བདུད་རྩི་ཐབ་སྦྱོར ་གཉིས་པའི་ཞལ་དུ་མིང་སྤེལ་བ་དང་བཅས་པར་ཡང་དང་ཡང་དུ་སྔ་མ་བཞིན་དུ་སྦྱིན་སྲེག་བྱའོ་ཞེས་དེ་ལྟར་སྦྱར་བར་བྱའོ། །ཁྲོས་ནས་བསྲེག་ཅེས་བྱ་བ་ནི་བཤད་མ་ཐག་པའི་ཐབ་དང་འདྲ་བར་སྦྱིན་སྲེག་བྱ་བའོ། །ཆུ་བ་འབབ་པའི་འགྲམ་གཉིས ་ས་ཞེས་བྱ་བ་ནི་ཆུ་བའི་འགྲམ་གཉི་གའི་དོགས་ཀྱི་ས་ལ་སོགས་པ་ལས་གཟུགས་བརྙན་བྱས་ལ། མགོ་བྱང་ཕྱོགས་སུ་བསྟན་ཏེ། གན་རྒྱལ་དུ་བཞག་ལ། སྦྲུལ་དང་སྡིག་པ་ལ་སོགས་པའི་ཚོར་མའི་དུག་གིས་སྨིན་པ་རྣམས་ཀྱིས་བར་མཚམས་མེད་པར ་དབུག་པར་བྱ་ཞིང་བསྒྲུབ་པར་བྱ་བའི་མིན་དང་བསྐུལ་བའི་ཚིག་དང་བས་པའི་གསང་སྔགས་བསྟོད་པ་དང་བཅས་པར་བརྗོད་ཅིང། ཏིལ་གྱི་འབྲས་བུ་ཙམ་དུ་དགང་བར་བྱའོ། །སྐེ་ཚེ་ལ་སོགས་པ་ཐམས་ཅད་དུ་གཟུགས་བརྟམ་ལ་སོགས་པ་ལ ་གཞུག་པར་བྱའོ། །ལིཾ་ག་ཞེས་བྱ་བ་ནི་རུས་པའི་ཕྱེ་མ་ལ་སོགས་པ་ལ་བྱས་ནས་སྔ་མ་བཞིན་དུ་རྐང་པས་མནན་ལ། ཆེ་གེ་མོ་རཀྵ་ས་གྲ་ཧ་ཡ་ཞེས་བྱ་བའི་བསྐུལ་ཚིག་དང་བཅས་པར་སྔགས་བཟླས་པར་བྱའོ། །ཚ་བ་ཆེན་པོས་བཏབ་པར་འགྱུར ་བ་ཞེས་བྱ་བ་ནི་སྐུལ་བའི་དབང་གིས་སོ། །འདིར་ལས་ཀྱི་ཚོགས་ཀྱི་ཕྱིར། བདུད་རྩི་ཐབ་སྦྱོར་གྱི་སྔགས་བཤད་པ་གསུངས་པ་ནི་དེ་ལ་ཞེས་བྱ་བ་ལ་སོགས་པའོ། །སྦྱིན་སྲེག་ཡང་ན་བསམ་གཏན་དག་ཅེས་བྱ་བ་ནི་བཤད་མ་ཐག་པ་དང་འག? ་ནས་འཆད་པའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་དགུག་པ་རྣམ་པར་འཇིག་པར་མཛད་པ། །ཁྲོ་བོ་བསྐྱེད་པའི་རྒྱུར་གྱུར་པ་བསམས་ལ། གདུག་པ་འཇིག་པར་བྱེད་པའི་བསམས་གཏན་ཆོ་ག་བཞིན་དུ་རྟག་པར་བྱའོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས ་པའི་ཚིགས་སུ་བཅད་པ་གསུམ་ནི་བདག་གིས་མ་བཤད་དོ། །སྲིན་པོ་ཞེས་བྱ་བ་ལ་སོགས་པ་ལ་འདི་རྣམས་ཀྱིས་གདུག་པ་ལ་རྣམ་པར་གཙོས་པར་ཆོ་ག་བཞིན་དུབ་སམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། འདི་དག་ཀྱང་སྔ་མའི་སྦྲུལ་ལ་སོགས་པའི་སྦྱོར་བ ་ལ་སྦྱར་བར་བྱའོ། །དེ་ལྟར་ཉམས་སུ་ལེན་པའི་རྣལ་འབྱོར་པས་གལ་ཏེ་བསྒྲུབ་པར་བྱ་བ་སྔགས་ཀྱི་ལྟ་ལ་སོགས་པས་བསྲུང་བ་མཛད་པ་དག་ཀྱང་སྲིད་པས་ངེའི་ཕུར་བུ་གདབ་པར་བྱའོ་ཞེས་གསུངས་པ་ནི་བསྲུང་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས ་པ་ཡིན་ཏེ། སྲུང་བར་བྱེད་པའི་ལྷ་སོགས་པ་བཀུག་ལ། ཁ་སྦྱར་དབྱེ་བ་བྱ་སྟེ། སྔ་མ་བཞིན་དུ་བདུད་རྩི་ཐབ་སྦྱོར་གྱི་ཕུར་བུས་ཆོ་ག་བཞིན་དུ་ཨོཾ་གྷཱ(རྒྱུད་འགྲེལ་བྱ་བ་ནི་བསྲུང་བ་ལ་སོགས་པའི་ཁ་སྦྱར་བྱེ་བ་མེད་པ་ནི་དམ་ཚིག་ཤིན་ཏུ་འདའ་བར་བཀའ་བའ་ཨོ། །རྡོ་རྗེ་ཕུང་པོ་ཞེས་བྱ་བ་ལ་སོགས་པ་ནི་བདག་གིས་མ་བཤད་དོ། །བསམ་གཏན་ཉིད་ཀྱི་ནུས་པ་གསུངས་པ་ནི་སྟོན་པ་སངས་རྒྱས་རྡོ་རྗེ་འཛིན་ཞེས་བྱ ་བ་ལ་སོགས་པ་ཡིན་ཏེ། གཉིས་སུ་མེད་པའི་ཕྱིན་ཅི་མ་ལོག་པ་དངོས་པོའི་སྟོབས་ཀྱིས་གནས་པ་ནི་གང་ལ་ཇི་ལྟར་མོས་པ་དེ་བཞིན་དུ་འབྱུང་བར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །དངོས་པོ་རྣམས་ངོ་བོ་ཉིད་ཀྱིས་དག་པ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། ་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་བ་སྟེ་མ་སྐྱེས་བའི་ཞེས་བྱ་བ་ནི་རྟོག་པའི་བདག་ཉིད་བསད་པ་ལ་སོགས་པའི་ཚུལ་གྱིས་ནི། ངོ་བོ་ཉིད་ལས་གཉིས་སུ་མེད་པའི་ཚུལ་དུ་བྱུང་བར་བསྟན་ཏོ་ཨུཞེས་དབྱ་བ་སྟེ། མདོར་བསྟན་པའོ། ང་ནི་སྔར་བཤད་པའི་སྤྲུལ་ལ་སོགས ་པའི་སྦྱོར་པ་རྣམས་ཀྱི་ཕྱོགས་སུ་གཏོགས་པའི་ལས་ཕྲན་ཆོགས་རབ་ཏུ་བསྒྲུབ་པར་བྱ་བའི་ཕྱིར་གསུངས་པ་ནི་དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྟེ། བྲི་བ་ལ་སོགས་པའི་བྱ་བ་གཙོ་བོ་ཡིན་པས་ལས་ཕྲན་ཚོགས་ཀྱི་རྡོ་རྗེ་གསང ་བ་སྟེ། བཾ་ཞེས་བྱ་བས་རྡོ་རྒྱུས་ལ་སོགས་པ་དང། རོ་བསྲེགས་པའི་སོལ་བ་སྔགས་བརྒྱ་རྩ་བརྒྱད་བཟླས་པ་ཙམ་གྱིས་མི་སྡུག་པ་ལ་སོགས་བའི་གཟུགས་ཅན་གྱི་སྤྲུལ་བྲིས་ལ། དེའི་ཁར་ཁེ་ཞེས་བྱ་བ་མེའི་མདོག་དང་ལྡན་པ་དུག་གི་བདག་ཉིད་ཅན ་བསྲེག་པ་རང་གི་སྦྱོར་བ་ལ་གནས་ནས་བསྒོམ་པར་བྱའོ། །དེས་ན་སྦྲུལ་དེ་གནས་ལས་བསྐྱོད་པར་འགྱུར་རོ། །ཧཱི་ཞེས་བྱ་བ་ཡང་དེའི་ཁར་བསམས་ལ་དེ་ལས་བྱུང་བའི་འོད་ཟེར་གྱི་ལྕགས་ཀྱུ་རྣམས་ཀྱི་ཁམས་གསུམ་ན་གནས་པའི་དུག་རྣམས་བཀུག་ལ ་སྤྲུལ་གྱི་ཁར་གཞུག་པར་བྱའོ། །དེ་ནས་ཡི་གེ་ཁེ་གྱིས་སྤྲུལ་དེ་བསྐུལ་ལ། གང་གཟུང་བར་བྱ་བ་དེ་ཉིད་གཟུང་བར་བསམས་ན་འཇིགས་པར་འགྱུར། །སྡིག་པ་དང་ཞེས་བྱ་བ་ལ་སོགས་པ་ལ། སྦྱོར་བ་འབྱུང་བའི་མཚན་ཉིད་ཀྱིས་ཞེས་བྱ་བ་ནི་སྔ་མ་བཞིན ་དེ་ལས་ཐམས་ཅད་ཁ་ལ་སོགས་པ་བྱས་ལ། དེ་ཉིད་ཀྱིས་ཀྱང་འཛིན་དུ་བཅུག་ན་གདུག་པ་འཇིག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པར་སྣང་མཛད་ཀྱི་སྦྱོར་བ་དང་ལྡན་པས་ཡི་གེ་ཨོཾ་ལས་བྱུང་པའི་འོད ་ཟོར་གྱི་ཚོགས་དང་ལྡན་པའི་འཁོར་ལོ་རྩིབས་བརྒྱད་བ་དཀར་པོ་ལ། ལྟ་བར་ཡི་གེ་ཨོཾ་འོད་ཟེར་གྱི་ཚོགས་ཀྱིས་ཁྱབ་པར་བསམས་ལ། དེས་དུག་ཉིད་ནག་པོར་བྱུང་བར་དྲངས་ཏེ། གནས་གཞན་དུ་བརྩལ་ནས། དུག་སྤངས་ཏེ། དཀར་པོ་འཇུག་པས་ཁྱབ ་ཅིང་ནམ་མཁའ་ལ་སོགས་པར་དུག་སྤྲོ་བར་བྱའོ། །དུག་གསོ་བ་གསུངས་པ་ནི་དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཆོ་ག་ཇི་ལྟ་བ་བཞིན་དུ་འཁོར་ལོའི་དབུས་སུ་གནས་པའི་མི་བསྐྱོད་པའི་སྦྱོར་བ་དང་ལྡན་པས་བསྒྲུབ་པར་བྱ་བའི་སྙིང་ཁར ་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་དཀར་པོ་ལས་སྐྱེས་པའི་འོད་དཀར་པོའི་སྤྲིན་གྱི་ཚོགས་བསིལ་བས་དེའི་ལུས་ཁྱབ་པར་བྱས་ལ། དེ་ཉིད་ཀྱི་སྙིང་ཁ་དང། ལྐོག་མ་དང། དཔྲལ་བ་དང། མགོའི་གནས་སུ་དུག་ཡང་དག་པར་བསྡུས་པར་གྱུར་པར་ལན་གཉིས་ལན་གསུམ་གྱི་བར་དུ་བསམས ་ལ། ཡང་ཐམས་ཅད་སྙིང་ཁར་བསྡུས་ཏེ་སྐྱུགས་པའི་ཚུལ་དུ་ཁ་དོག་ནག་པོར་བྱུང་བར་བསམ་མོ། །འབྲས་ལ་སོགས་བ་དུག་དང་ཉེ་བའི་དུག་གཞིག་པར་བྱ་བའི་ཕྱིར་དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། གང་གཞན་ཞེས་བྱ་བ་ནི་གཡན་པ་དང། ཤ ་བཀྲ་ལ་སོགས་པའོ། །བསམས་པ་ཙམ་གྱིས་ཞེས་བྱ་བ་ནི་བཤད་མ་ཐག་པ་བཞིན་དུ་འོད་དཔག་ཏུ་མེད་པའི་རྣལ་འབྱོར་བྱ་བ་སྟེ། ལག་པ་གཡས་པར་ཡི་གེ་ཨ(རྒྱུད་འགྲེལ་བསམས་ལ། དེས་བྱས་པར་བྱའོ། །སྡུད་པ་ནི་དམ་ཚིག་གནག་ཅེས་བྱ་བ་ལ་སོགས་པ་ལ་ཨ(རྒྱུད་འགྲེལ་ཕྱིར། དཀར་པོའི་མདོག་དུ་གྱུར་པ་ཡིན་ནོ། །འདི་དག་ནི་འདིའི་སྔ་མ་རྣམས་ལ་ཡང་ཤེས་པར་བྱའོ། །གདོན་པའི་སྔགས་ཀྱིས་ཀྱང་ནད་ལ་སོགས་པ་བསལ་བར་བྱའོ་ཞེས་གསུངས་པ་ནི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། གལ་ཏེ་འདི་ལྟ་བུའི་སྔགས་ཀྱི ་ཡི་གེའི་ཚིག་ནི་མོས་པའི་དབང་དུ་གསུངས་པ་ཡིན་ཏེ། དེའི་རྣལ་འབྱོར་ཉིད་ཀྱིས་ལས་བྱའོ་ཞེས་བྱ་བའི་དོན་ཏོ། །ནད་ཀྱི་རྡོ་རྗེ་བསྐུལ་བ་ཡིས་ཞེས་བྱ་བ་ནི་ཇི་ལྟར་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་བས་ནི་ཨོཾ་ཨ(རྒྱུད་འགྲེལ་ན་ཡ་ཧཱུཾ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་བྱ་བ་སྟེ། དེ་ལ་སོགས་པའི་རྣམ་པ་ཇི་ལྟ་བ་དེ་བཞིན་སྦྱར་བར་བྱའོ། །ནད་ཡང་སྤྲེའུ་ལ་སོགས་པ་དང་འདྲ་བར་བསྒྲུབ་པར་བྱ་བའི་ལུས་ལ་སོགས་པ་ལས་བྱུང་བར་བསམས་ལ། རང་གི་ལག་པ ་ན་འདུག་པའི་འཁོར་ལོ་ལ་སོགས་པས་སྤེའུ་ལ་སོགས་པ་དེ་རྣམས་ཀྱི་ལུས་ལ་སོགས་པ་ཕྱེ་མར་བརླག་པར་རྡོ་རྗེ་གོ་འཕང་རང་གི་རྣལ་འབྱོར་ལ་གནས་པའི་རྣལ་འབྱོར་བས་བསྒོམ་པར་བྱའོ། །རང་གི་ལུས་ཞེས་བྱ་བ ་སོགས་པ་ལ་རྣམ་པར་སྣང་མཛད་ལ་སོགས་པའི་སྐུ། སྐུ་མདོག་ནག་པོར་ཆོ་ག་བཞིན་དུ་བསྒོམས་ལ། དེ་སྤྲོས་པའི་ཁྲོ་བོ་རྣམས་ཀྱིས་ཕྱོགས་བཅུ་ཁྱབ་པར་བྱས་ལ། སྤྲེའུ་ལ་སོགས་པའི་ནད་དེ་རྣམས་ཀྱི་ལུས་རང་གི་ལག་ན་གནས་པའི་ཕྱག ་མཚན་གྱིས་ཕྱེ་མར་བརླག་བར་བྱ་ཞིང་སྔགས་བརྒྱ་རྩ་བརྒྱད་ཐུན་མཚམས་བཞིར་བཟླས་བརྗོད་བྱའོ། །དེ་ནས་ཡང་བདག་ཉིད་ཁ་དོག་དཀར་པོར་བསྒོམས་ལ། སྤྲོ་བ་ལ་སོགས་པ་བྱེད་བཞིན་དུ་སྔ་མ་བཞིན་དུ་ནད་པ་ལ་དབང་བསྐུར་བ་ལ་སོགས ་པ་བཞིན་དུ་བྱ་ཞིང་ཞི་བ་བྱའོ། དེ་ནས་ངེས་པར་ལས་ལས་བྱུང་བའི་ནད་ཀྱང་ཉིན་ཞག་བདུན་གྱིས་མེད་པར་འགྱུར་རོ། །ཡང་ན་བདག་གི་སྔགས་རྒྱལ་གྱིས་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་ལ་སོགས་པའི་སྦྱོར་བས་གྱང་ཅི་རིགས་པར་ནད་རྣམས་བསལ་བར ་བྱའོ། །ད་ནི་རྨི་ལམ་གྱི་མཚན་མ་བཤད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་རྨི་ལམ་ཆེན་པོའི་དམ་ཚིག་ཅེས་བྱ་བ་ལ་སོགས་པ་གང་མངོན་པར་འདོད་པའི་འབྲས་བུ་འཐོབ་པའི་ལྟས་སོ། །རྨི་ལམ་གྱི་མཚན་མ་བསྟན་ནས ་མཚན་མ་དེ་ལ་མངོན་པར་ཞེན་པ་བཙལ་བར་བྱ་བའི་ཕྱིར་གསུངས་པ་ནི་དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དམ་ཚིག་གི་སྙིང་པོ་ཞེས་བྱ་བ་ནི་འདའ་བར་བྱ་བ་མ་ཡིན་པའི་ངེས་པའི་ཡེ་ཤེས་སོ། །སེམས་ལ་དམིགས་པ་ནི་སེམས་ལ་ངེས ་པར་བརྟགས་པ་སྟེ། ཁམས་གསུམ་པ་འདེ་དག་ནི་རྣམ་པར་ཤེས་པ་འདི་ཉིད་དོ་ཞེས་བྱ་བའོ། །རྣམ་པ་དེ་ལྟ་བུ་ཡིན་པས་དེ་སེམས་ནི་ཆོས་ཐམས་ཅད་དེ་རྨི་ལམ་དུ་དམིགས་པའི་སངས་རྒྱས་ཐོབ་པ་ལྟ་བུ་སྟེ། ཁམས་གསུམ་པའི་ཚུལ ་ཡང་དེའི་བདག་ཉིད་དུ་རབ་ཏུ་གནས་པ་ཡིན་ནོ། །དེ་དག་ཀྱང་ནམ་མཁའ་ཨི་མཚན་ཉིད་ཅན་གྱིས་སེམས་ལ་གནས་པར་འགྱུར་རོ། ཞེས་གསུངས་པ་ནི་ནམ་མཁའ་རྡོ་རྗེ་ལ་གནས་སེམས་ཞེས་གསུངས་པ་ཡིན་ནོ། །དེ་བས་ན་བཏགས་པའི་འོ་བོ་ཉིད་གྱི་ཆོས་མེད་ལ། དེ་མེད ་པས་ན་ཆོས་ཉིད་ཀྱང་མེད་པའོ། །དེ་ནི་འདི་དག་གསན་པ་དང་སངས་རྒྱས་ངོ་མཚར་དུ་གྱུར་ཅིང་རྨད་དུ་གྱུར་པ་ཐོབ་པར་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཆོས་རྣམས་ངོ་བོ་མེད་བ་ལ་ཞེས་བྱ་བ་ནི་བཏགས་པའི་ཚུལ་དང་བྲལ་བའི་ཆོས ་རྣམས་ལ། ཆོས་ཀྱི་དེ་ཁོ་ན་ཉིད་གཉིས་སུ་མེད་པ་ཞེས་བྱ་བ་འདི་བཤད་པ་ཡིན་ནོ། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ་ཞེས་བྱ་བ་ནི་དམིགས་སུ་མེད་པའི་ཡེ་ཤེས་ནི་རང་གི་ངོ་བོ་ཉིད་ཀྱིས་བསྒོམ་པའོ། །དེ་སྐད་དུ་འཕགས་པ་བྱམས་པས་ཀྱང། འདི་ནི་བཏགས་པ ་དགགས་པ་སྟེ། རང་གི་ངོ་བོ་བཟློག་པ་མིན་ཞེས་གསུངས་པ་ཡིན་ནོ། །ཆོས་གང་གིས་ཞེ་ན། བེམས་པོའི་ཚུལ་གྱི་ནམ་མཁའ་དང་ཡེ་ཤེས་གཅིག་པ་ཉིད་ཀྱིས་ཕྱིར་རོ། །མི་ལྡན་པ་ཡང་མ་ཡིན་ཞེས་བྱ་བ་ནི་ནམ་མཁའ་ནི་ཆོས་ཐམས་ཅད་ཀྱི་བདག་ཉིད་ཅན་ཡིན་པའི ་ཕྱིར་རོ། །ནམ་མཁའ་ལ་ཡང་ང་ནི་ཐམས་ཅད་དུ་སོང་བའོ་ཞེས་བྱ་བ་ལས་གོས་པ་བཟུང་བ་ལ་སོགས་པའི་རྣམ་པར་རྟོག་པ་ཡོད་པ་མ་ཡིན་ནོ། །ནམ་མཁའ་ལ་བརྟག་ཏུ་མེད་ཅེས་བྱ་བ་ལ་སོགས་པ་ནི་གཟུང་བ་དང་འཛིན་པ་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བར ་དགོང་ཡོ་དེའི་སྐྱེ་བ་མེད་དེ་ཞེས་བྱ་བ་ནི་སེམས་ཀྱིས་ངོ་བོ་ཉིད་དེ་ལ་བརྟག་པའི་བདག་ཉིད་ཅན་གྱི་སྐྱེ་བ་མེད་པ་སྟེ། དངོས་སུ་ན་གཉིས་སུ་མེད་པར་འབྱུང་བ་ཉིད་ཡིན་ནོ། །ངོ་བོ་ཉིད་མེད་པ་ཞེས་བྱ་བ་ལ། ངོ་བོ་ཉིད་ནི་གཟུང་བ་ལ་སོགས་པའི་བས་པའི་ཚུལ ་ཏེ་ད་དང་བྲལ་བའོ། །ཡང་ན་མཛའ་ནི། གཟུང་བ་དང་འཛིན་པའི་རྣམ་པ་ནི། ཕྱི་ཡིས་མཚན་ཉིད་ཡོད་མིན་ཏེ། །དེ་བས་མཚན་ཉིད་སྟོང་པའི་ཕྱིར། །དངོས་པོ་མེད་པར་བཤད་པ་ཡིན་ཞེས་འབྱུང་བ་ཡིན་ནོ། །རྨི་ལམ་དེ་ནི་ཞེས་བྱ་བ་ལ་སོགས་པས་ནི་རྨི་ལམ ་དང་གཉིད་མ་ལོག་པའི་གནས་སྐབས་དངོས་སུ་ནི་ཁྱད་པར་མེད་པར་གསུངས་པ་ཡིན་ནོ། །ནམ་མཁའ་ཨི་ཁམས་ཀྱི་རྗེས་འབྲང་བའི་ཞེས་བྱ་བ་ནི་ནམ་མཁའ་ཁྱབ་པ་རྣམས་ལའོ། །རྗེས་སུ་འབྲང་བ་ཞེས་བྱ་བ་ནི་མངོན་པར་འཕེལ་བར་གྱུར་པའོ། །སེམས ་ནམ་མཁའ་ལ་གནས་སོ་ཞེས་བྱ་བ་ནི་དེའི་བདག་ཉིད་ཀྱིས་སོ། །ནམ་མཁའ་ནི་གང་ལ་ཡང་མི་གནས་སོ་ཞེས་བྱ་བ་ནི་དམིགས་སུ་མེད་པ་ཉིད་དུ་གྱུར་པས་ན། རྟེན་དང་བརྟེན་པར་གྱུར་པ་ནི་བཏགས་པ་ཙམ་ཡིན་པའི་ཕྱིར་རོ། །རང་གི་སེམས་ཀྱི་ཆོས་ཉིད་ལ་གནས་བ་ཞེས་བྱ་བ་ནི ་རང་གིས་སེམས་ཀྱིས་ཆོས་ཉིད་ནི་སྡོང་བ་ཉིད་དེ། གཟུང་བ་ལ་སོགས་པ་དང་བྲལ་བའོ། །གང་འཕགས་པ་བྱམས་པས། གང་ཟག་དང་ནི་ཆོས་རྣམས་ཀྱི། དངོས་པོ་མེད་འདིར་སྟོང་པ་ཉིད་ཅེས་བཤད་པ་ཡིན་ནོ། །དེས་གནས་པ་ནི་སྟོང་པ་ཉིད་དུ་རོ ་གཅིག་པ་སྟེ། དེ་སེམས་ཤིང་ཅང་མི་སྨྲ་བར་འཁོད་པར་འགྱུར་རོ། ལེའུ་བཅོ་ལྔ་པའི་འགེལ་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ལེའུ་བཅུ་དྲུག་པ་གསུངས་པ་ཡིན་ཏེ། ཏིང་འཛིན་ཅེས་བྱ་བ་ནི་རྣམ་པར་དགོད་པ་མེ་ལོང་ལྟ་བུའོ། ། ་ཆོ་ག་རྡོ་རྗེ་ཞེས་བྱ་བ་ནི་མི་ཕྱེད་པའི་ཆོ་གས་དཀྱིལ་འཁོ་རྫོགས་པའི་དབུས་མའི་གདན་ལ་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་འཁོར་ལོའི་གཟུགས་སུ་བྲི་བར་བྱའོ། །མི་བསྐྱོད་ལ་སོགས་ཞེས་བྱ་བ་ནི་སྔར་གྱི་རྣམ་པར་སྣང་མཛད་ཀྱི་དབུས་སུ་མི་བསྐྱོད་པའི་རྡོ་རྗེ ་བྲིས་ལ། ལྷག་མ་རྣམས་གནས་ཇི་ལྟ་བ་བཞེན་དུ་བྲི་བར་བྱའོ། །བཤད་གཅི་ལ་སོགས་ཞེས་བྱ་བ་ལ། ཚོན་དང་ཐིག་ལ་སོགས་པ་དང། བཟའ་བ་ལ་སོགས་པ་ལ། ཆོ་ག་ཇི་ལྟ་བ་བཞིན་དུ་སྦྱར་བར་བྱའོ། །གསུང་གི་དཀྱིལ་འཁོར་བཤད་པའི ་ཕྱིར་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། ཏིང་འཛིན་ཅེས་བྱ་བ་ནི་སོ་སོར་རྟོག་པའི་རྣམ་པའོ། །རྡོ་རྗེ་བསྒོམ་པས་ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པ་ལ་སོགས་པ་སློབ་དཔོན་དང་སློབ་མ་གཉིས་ཀྱིས་བཟུང་བའི་སྲད་བུ་སྔར་བཤད་པས ་ཐིག་བཏབ་ལ་བྲི་བར་བྱའོ། །རང་གི་སྐུའི་དཀྱིལ་འཁོར་གནས་ཞེས་བྱ་བ་ནི་གཟུགས་དང་ལྡན་པའི་སྐུའི་དཀྱིལ་འཁོར་ཉིད་ཡིན་དུ་ཟིན་ཀྱང། འདོད་ཆགས་རྣམ་པར་དག་པའི་དབང་གིས་གསུང་གི་རྡོ་རྗེའི་ཡོན་ཏན་འཐོབ་པ་ཡིན་ནོ། །ནུབ་ཕྱོགས་ཀྱི་འོད་དཔག་ཏུ་མེད ་བའི་གནས་སུ་ནི་མི་བསྐྱེད་པའི་ཕྱག་རྒྱ་བྲིས་ལ། ལྷག་མ་རྣམས་ཇི་ལྟ་བ་བཞིན་དུ་བྲི་བར་བྱའོ། །ཞེས་གསུངས་པ་ནི་དེ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གསང་བའི་མཆོད་བ་ཞེས་བྱ་བ་ནི་གར་མཁན་གྱི་བུ་མོ་བླངས་ལ་ཇི་སྐད་དུ་བཤད་པའི་མཆེད ་པ་བྱའོ་ཞེས་ཤེས་པར་བྱའོ། །དེ་ལྟར་ན་སྐུ་དང་གསུང་གི་དཀྱིལ་འཁོར་དེ་དག་བཤད་པ་ཡིན་ནོ། །ཐུགས་ཀྱི་དཀྱིལ་འཁོར་ནི་ལེའུ་བཞི་པར་བཤད་པ་ཡིན་ནོ། །ད་ནི་ལྷ་གཞན་དག་གི་དཀྱིལ་འཁོར་དག་ཀྱང་བསྒྲེས་ནས་བསྟན་པའི་ཕྱིར་གསུངས་པ་ནི་དེ་ནས ་ཞེས་བྱ་བ་ལ་སོགས་པ་སྟེ། དཀྱིལ་འཁོར་གྱི་དབུས་སུ་གང་གི་གཟུགས་བྲིས་པ་དཀྱིལ་འཁོར་དེ་ཉིད་ཀྱི་ཡིན་པར་འགྱུར་རོ། །དེ་སྐད་དུ་གང་ཞིག་དབུས་སུ་གནས་པར་གྱུར་པའི། འཁོར་ལོ་དེ་ཡང་དེའི་ཡིན་པར་འགྱུར་ཞེས་བཤད་པ་ཡིན་ནོ། །དཀྱིལ་འཁོར ་ཐམས་ཅད་བསྐྱེད་པ་ལ་སོགས་པ་ལ་ཐུན་མོང་དུ་གྱུར་པའི་ཐུགས་ལ་སོགས་པ་ངོ་བོ་ཉིད་ཀྱི་ཡི་གེ་གསུམ་བཤད་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་ལ་སོགས་པའི་དཀྱིལ་འཁོར་དེའི་སྔགས་ནི་སྙིང་པོ་རྣམས་ཏེ། ་དེའི་ཐིག་གདབ་པའི་ཕྱིར། ཡི་གེའི་གནས་ཡིན་ནོ་ཞེས་མཚམས་སྦྱར་བར་བྱའོ། །ཡེ་ཤེས་བབས་པའི་ཐོབ་པའི་རྣལ་འབྱོར་བའི་བྲི་བའི་དཀྱིལ་འཁོར་གྱི་ཆོ་ག་གསུངས་བ་ནི་ཚོན་རྩི་ཞེས་བྱ་བ་ལ་སོགས་པ་སྟེ། སྔགས་ཀྱི་སེམས་དཔས་ཞེས་བྱ་བ ་ནི་སྔགས་ཀྱིས་བྱིན་གྱིས་བརླབས་པའི་སེམས་ཀྱིས་མཐུ་ཐོབ་པས་ཚོན་དགྱེ་བ་དང། ཐིག་གདབ་པ་ལ་སོགས་པ་བདག་ཉིད་ཀྱིས་མི་བྱ་སྟེ། བྱས་ན་བྱང་ཆུབ་རྙེ་པར་དཀའ་བར་འགྱུར་རོ། །དེ་ལྟ་ན་གོ་དཀྱིལ་འཁོར་ཇི་ལྟར་བྲི་བར་བྱ་ཞེ་ན། དེ་བས་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། ཁྱེའུ་དང་བུ་མོ་ལ་སྔགས་ཀྱི་ལྷ་རྣམ་པར་སྣང་མཛད་དང། སྤྱན་ཕབ་སྟེ། མིག་ལ་སོགས་པ་བྱིན་གྱིས་བརླབས་པའི་གནས་བསམ་ལ། བླ་མ་དང་སློབ་མའི་ཚུལ་ཅན་དེ་གཉིས་ཀྱིས་སྐུའི་དཀྱིལ ་འཁོར་བྲི་བར་བྱའོ། །དེ་ཉིད་ཀྱིས་གསུང་གི་དཀྱིལ་འཁོར་བྲི་བའི་ཆོ་ག་གསུངས་པ་ནི་རྡོ་རྗེ་ཆོས་ཞེས་བྱ་བ་ལ་སོགས་པའོ། །ཐུགས་ཀྱི་དཀྱིལ་འཁོར་གྱི་ཡང་ཆོ་ག་གསུངས་པ་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་སྐད་དུ་ཡི ་ཤེས་དབབ་པ་ལེགས་ཐོབ་པས་ཞེས་བྱ་བ་ནས་བརྩམས་ཏེ། ཐུགས་ལའང་མི་བསྐྱོད་མཱ་མ་ཀཱི་ཞེས་བྱ་བ་ལ་སོགས་པས་བཤད་པ་ཡིན་ནོ། ཡུལ་དང་དུས་གཞན་དག་ཏུ་རྣམ་པར་བསྒོམ་བཞིན་དུ་འཁོར་ལོ་བཀུག་ནས་འདི་ཉིད་ཀྱི་ནང་དུ་ཆུད ་པར་བྱ་བ་གསུངས་པ་ནི་བཀུག་ནས་ཞེས་བྱ་བ་ལ་སོགས་པའོ། །ཁྲོ་བོའི་རྒྱལ་པོས་ཞེས་བྱ་བ་ནི་གཤིན་རྗེ་གཤེད་ཀྱིས་སོ། །འདི་ནི་ཉེ་བར་མཚོན་པ་ཙམ་དུ་ཟད་དེ། སྒོ་སྲུངས་གསུམ་པོ་གཞན་དག་གིས་ཀྱང་གཞུག་པ་དང། བཅིང་བ་དང ་མ་ཉི་བར་བྱ་བ་བྱས་ལ། དུས་གསུམ་གྱི་སངས་རྒྱས་ནང་དུ་ཆུང་བའི་བདག་ཉིད་ཅན་གྱི་འཁོར་ལོ་མཆོད་པར་བྱའོ། །དེ་ནི་རང་གི་འཁོར་ལོ་གསལ་བསྒོམས་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། གཤིན་རྗེ་གཤེད་ལ་སོགས་པས་དགུག་ཅེས ་བྱ་བའི་བར་གྱིས་བཤད་པ་ཡིན་ནོ། །གཏོར་མའི་ཆོ་ག་གསུངས་པ་ནི་སྔགས་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྟེ། འདི་དག་ནི་བདག་གིས་མ་བཤད་དོ། །ལས་དང་པོ་པའི་རྣལ་འབྱོར་པའི་ཐིག་གདབ་པའི་ཆོ་ག་གསུངས་པ་ནི ་ཐིག་གི་ཞེས་བྱ་བ་ལ་སོགས་པ་སྟེ། སྐུའི་དཀྱིལ་འཁོར་བྲི་བའི་དུས་སུ། སློབ་དཔོན་བདག་ཉིད་སྲད་བུའི་མཛའ་གཅིག་འཛིན་པའི་རྣམ་པར་སྣང་མཛད་དུ་བསམས་ལ། སློབ་མ་སྲད་བུ་མཛའ་གཉིས་པ་འཛིན་པའི་རྡོ་རྗེ་སེམས་དཔའ་འམ། ་བདུད་རྩི་ཐབ་སྦྱོར་དུ་བསམ་པར་བྱའོ། །ལས་ཀྱི་གནས་ཞེས་བྱ་བ་ནི་ཐིག་མངོན་པར་སྦྱར་བ་ལ་སོགས་པའོ། །དེ་དག་ཀྱང་དཀྱིལ་འཁོར་གྱི་ཆོ་ག་ལས་གསལ་བ་ཉིད་དུ་ཤེས་བར་བྱའོ། །སྲད་བུ་དེ་དང་ཚོན་ལ་སངས་རྒྱས་ལྔའི་བདག་ཉིད་ཅན་ལྟ་ཉི་ཤུ ་རྩ་ལྔའི་གཟུགས་སུ་དབྱེ་བར་བྱའོ་ཞེས་གསུངས་བ་ནི་སངས་རྒྱས་རྒྱལ་ཆེན་ལྔ་རྣམས་ནི་ཞེས་བྱ་བ་ལ་སོགས་པའོ། །དེ་བསན་དེའི་མདོག་ས་བོན་ལས་བྱུང་བའི་མི་བསྐྱོད་པ་ལ་སོགས་པར་སྣང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ད་ནི་སྔར་བཤད ་བའི་གཏོར་མ་ཕུལ་ནས་རྡོ་རྗེ་ཧཱུཾ་མཛད་ཀྱི་གཟུགས་ཀྱིས་དཀྱིལ་འཁོར་དུ་ཞུགས་ལ་བསྐོར་བར་བྱའོ་ཞེས་གསུངས་པ་ནི་སྔགས་རྣམས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། རྡོ་རྗེ་ཧཱུཾ་མཛད་ནི་ཁམས་གསུམ་རྣམ་པར་རྒྱལ་བ་སྟེ། གནོད་མཇོས་ཡིན་པར། ་བཤད་དོ། །དེ་ཉིད་ཀྱིས་ན་ཕྱོགས་སྐྱོང་རང་རང་སྦྱོར་གནས་པ་ཞེས་བྱ་བ་ནས་བརྩམས་ཏེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་གྱུར་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ཞི་བའི་སྒྲུབ་པས་སྤྱན་རས་ཀྱིས་མི་འཚོ་བའི། སངས་རྒྱས་རྣམས ་ཀྱིས་སྤྱན་རས་ཀྱིས་བཅལ་པའི་ཕྱིར་སྐུ་གསུང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སྐུ་གསུང་ཐུགས་ཞེས་བྱ་བ་ནི་གནོང་མཇོས་རྒྱལ་པོ་སྟེ། སངས་རྒྱས་ལྟའི་དབུ་རྒྱན་ལ་བདག་པོ་གཉིས་པ་བསྒོམ་པར་བྱའོ། །ཡང་ན་སྐུ་གསུང་ཐུགས་ཀྱི་དམ ་ཚིག་ཅེས་བྱ་བ་ནི་རྡོ་རྗེ་འཛིན་པ་སྟེ་སངས་རྒྱས་རྣམས་ཀྱི་གནས་ལྔ་པོ་མགོ་བོ་དང། ལྐོག་མ་དང། སྙིང་ཁ་དང། ལྟོ་བ་དང། རྐེད་པའི་གསད་བར་བསྒོམ་པའོ། །རྡོ་རྗེ་སེམས་དཔའ་ཨི་ཞེས་བྱ་བ་ནི་རྣལ་འབྱོར་པ་རྣམས་ཀྱིའོ། །བུམ་པ་དགོད་པའི་ཆོ་ག ་གསུངས་པ་ནི་རྡོ་རྗེ་བུམ་པ་བཞག་བ་ཞེས་བྱ་བ་ལ་སོགས་པ་སྟེ། རྣམ་པར་རྒྱལ་པའི་བུམ་པ་ལ་སོགས་པ་ལ་དཀྱིལ་འཁོར་གྱི་ལྟ་རྣམས་དང། འབྲེལ་པའི་སྔགས་དཀྱིལ་འཁོར་པའི་ལྷ་སོ་སོའི་བཟླས་པ་བྱས་པའི་རང་བཞིན་ནོ། །རྒྱུད་ནི་འདབ་མ ་ལ་སོགས་པའོ། །བདག་པོ་ནི་དཀྱིལ་འཁོར་བ་སོ་སོ་སྟེ། དེ་རྣམས་ཀྱི་རྗེས་སུ་འབྲང་བའི་ཡི་གེ་རྣམས་ཀྱིས་སོ། །རང་བྲིས་པ་ནི་རང་རང་གི་མཚན་མས་མཚན་པ་དང། བདུད་རྩི་ལྔ་དང། འབྲུ་དང་གོས་ལ་སོགས་པ་དང་ལྡན་པ ་བཟླས་ཤིང་རང་གི་སྦྱོར་བ་དང་ལྡན་པ་ཇི་སྐད་དུ་བཤད་པའི་གནས་རྣམས་སུ་དགོད་པར་བྱའོ། །དེ་བས་ན་མགྲིན་པ་བཟང་པོ་གོས་ཀྱིས་དཀྲིས། ཨ་མ་ལ་སོགས་འདབ་མར་ལྡན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །སྤྱིན་སྲེག་གི་ཆོ་ག ་གསུངས་པ་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་སྟེ། དབུས་སུ་རང་གི་ལྷའི་གཟུགས་ཞེས་བྱ་བ་ནི་དང་པོ་མེ་ལྟ་ལ་ཇི་སྐད་བཤད་པའི་སྦྱིན་བླུགས་ཕུལ་ལ་དེའི་འོག་ཏུ་དེའི་དབུས་སུ་རང་གི་ལྷའི་སྐུ་བསམས་ཏེ། དེའི་ཞལ་དུ་སྲེག་རྫས་བསྟ་བ ་པར་བྱའོ། །དེ་པས་ན་ཀུན་ནས་སོར་བཞི་དོར་ནས་ནི། ཁ་ཁྱེར་དེའི་ཚད་པདྨ་ཁ་བྱེ་བའི་ཁ་ཁྱེར་ལས་ཁྲུ་ཟབས་སུ་ཁྲུ་ཕྱེད་པ། འཁོར་ལོ་ལྟ་བུ་ལས་ཀུན་བྱེད་ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །སློབ་མ་གཞུག་པའི་ཆོ་ག་གསུངས་པ་ནི་རྣམ་པར་སྣང ་མཛད་ཅེས་བྱ་བ་ལ་སོགས་པ་སྟེ། ཇི་ལྟར་ལྷག་པར་མོས་པས་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པའི་སློབ་མ་ལ་གནས་ཇི་ལྟ་བ་བཞིན་དུ། རྡོ་རྗེ་གསུམ་གྱིས་བྱིན་གྱིས་བརླབས་པར་བསམ་པར་བྱ་སྟེ། ཨ་ཞེས་སྨོས་པ་ནི་དེ་ཉི་བར་མཚོན་པའི་དོན་དུ ་གསུངས་པ་ཡིན་ནོ་།རྡོ་རྗེ་གཟུང་བར་བྱ་ཞེས་བྱ་བ་ནི་རྡོ་རྗེ་གསུམ་གྱིས་བྱིན་གྱིས་བརླབས་པའོ། །འདི་ཉིད་གསུངས་པ་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པའོ། །འདིར་འོད་དཔག་ཏུ་མེད་པ་མ་བཤད་པ་ནི་སྔར་ཨ་ཞེས་བྱ་བ་ཉིད་ཀྱིས་དེ་སྡོན་པ་ཡིན ་པའི་ཕྱིར་རོ། །དེ་ཡང་སློབ་མའི་སྤྱིའི་སྡོམ་པ་དང་ཞེས་བྱ་བ་ནས་བརྩམས་ཏེ། སྒོར་ནི་ཕྲེང་ཐོགས་ཡང་དག་མཆོད། །དེ་བཞིན་ཡོན་ནི་ཕུལ་བ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །སློབ་མ་གཞུག་པས་ཡི་གེ་ལྔ་གསུངས་པ་ནི་ཨཱ་ཁཾ་པཱི་ར་ཧཱུཾ་ཞེས ་བྱ་བའོ། །གཤིན་རྗེ་གཤེད་ལ་སོགས་པའི་སྔགས་དང། འདི་ཉིད་ཀྱིས་སློབ་མ་དགུག་པ་ལ་སོགས་པ་བྱའོ། །དེ་བས་ན་གཤིན་རྗེ་གཤེད་སོགས་རང་སྔགས་ནི། དམ་པས་དགུག་ཅིང་གཞུག་པར་བྱ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །སློབ་མ་དབང་བསྐུར ་གསུངས་པ་ནི་དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སངས་རྒྱས་ཐམས་ཅད་ཇི་སྐད་དུ་བཤད་པའི་བུམ་པ་གང་བ་བསྣམས་པ་ནམ་མཁའ་ཨི་ཁམས་ཡོངས་སུ་གང་བར་རབ་ཏུ་བསྒོམས་ལ། སངས་རྒྱས་དེ་རྣམས་ཡུངས་ཀར་ལྟ་བུའི་རྡོ་རྗེ་གསུམ་གྱིས་འོད་ཟེར་གྱིས ་བསྐུལ་བར་བྱའོ། །དེ་ནས་དེ་ལ་དབང་བསྐུར་བ་སྩོལ་བར་འགྱུར་རོ། །སྦྱན་ལ་སོགས་པ་བུམ་པ་ཐོགས་པས་འདི་ལ་དབང་བསྐུར་བ་སྦྱིན་པར་བྱའོ་ཞེས་གསུངས་པ་ནི་ཡང་ན་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་སེམས་དཔའ་ཨི་ཏིང་ངེ་འཛིན་གྱིས་ཞེས་བྱ་བ་ནི་ཇི་ལྟར་ལྷག་པར ་མོས་པར་བྱས་པའི་ཏིང་ངེ་འཛིན་གྱིས་སོ། །དམ་ཚིག་གི་མཆོག་རྣམས་ནི་ཞེས་བྱ་བ་ནི་སྤྱན་ལ་སོགས་པས་སོ། །སློབ་མ་དཀྱིལ་འཁོར་དུ་གཞུག་པ་ལ་ཇི་ལྟ་བའི་ལྷག་པར་མོས་པས་རྣམ་པར་སྣང་མཛད་ལྟ་བུར་བསམ་མོ་ཞེས་བྱ་བ་ལ་སོགས་པ་སྔར་བཤད་པ་དེ ་དྲན་པར་བྱ་བའི་ཕྱིར་གསུངས་པ་ནི་རྡོ་རྗེ་རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་ཡིན་ཏེ། དགོད་པར་བྱ་ཞེས་བྱ་བ་ནི་ཡི་གེ་གསུམ་མོ། །དབང་བསྐུར་བའི་དུས་སུ་སློབ་དཔོན་གྱིས་བརྗོད་པར་བྱ་བའི་ཚིགས་སུ་བཅད་པ་གསུངས་པ་ནི་དེ་ལ་འདི་ནི་དབང་བསྐུར་བ ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དབང་བསྐུར་བ་ལེན་པའི་སྔོན་རོལ་དུ་སློབ་མའི་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་གསུངས་པ་ནི་དེ་ལ་འདི་ནི་སློབ་མ་ཐམས་ཅད་ཀྱིས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཚིགས་བཅད་པས་གསོལ་བ ་བཏབ་པའི་རྗེས་ཐོགས་ལ། སློབ་དཔོན་གྱིས་དབང་བསྐུར་བར་བྱའོ་ཞེས་གསུངས་པ་ནི་དེའི་ཚེ་དེ་ལ་དབང་བསྐུར་བ་ཞེས་བྱ་བ་ལ་སོགས་པའོ། །ལྷའི་གཟུགས་ཀྱིས་སྦྱོར་བས་སློབ་མའི་སྙིང་ཁར་བདག་པོ་བཞག་པར་བྱ་ཞིང་དེ་ནས་སྔགས་ཀྱིས་ཡི་གེའི་ཚིག ་དང། དམ་ཚིག་ཇི་ལྟ་བ་བཞིན་དུ་སྦྱིན་པར་བྱའོ་ཞེས་གསུངས་པ་ནི་ལྷའི་གཟུགས་ཀྱི་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དབང་བསྐུར་བ་ནི་མང་ལ་སོགས་པ་དཀྱིལ་འཁོར་ཆོ་ག་ལས་ཤེས་པར་བྱའོ། །དཀྱིལ་འཁོར་དག་ནི་བསྟན་པར་བྱ ་ཞེས་བྱ་བ་ནི་མིག་དབྱེ་བ་བྱས་པ་ཡིན་ཏེ། དེ་ཉིད་ཀྱིས་ན་མིག་ཏུ་འབར་བཅས་ཨོཾ་བསམས་ལ་ཞེས་བྱ་བ་ནས་བརྩམས་ཏེ། འཁོར་ལོའི་བདག་པོ་ནས་བརྩམས་ཏེ། བདུད་རྩི་ཐབ་སྦྱོར་བར་དུའོ་ཞེས་བྱ་བའི་བར་དུ་བཤད་པ་ཡིན་ནོ། །དེ་ནས་དམ་ཚིག་གསང་བ ་བསྒྲག་པར་བྱ་ཞེས་བྱ་བ་ལ་སོགས་པ་ནི་བདག་གིས་གསལ་བར་མ་བཤད་དོ། །སློབ་མ་ལ་སྔགས་འདོད་པའི་ལྷའི་ཏིང་ངེ་འཛིན་ཆོ་ག་བཞིན་དུ་སྦྱིན་པར་བྱའོ་ཞེས་གསུངས་པ་ནི་སྔགས་ཀྱི་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །གསང་བ་སྦྱིན་ལ་ཞེས་བྱ ་བ་ཡང། གསང་བའི་དབང་བསྐུར་བའི་དམ་ཚིག་གི་ཆོ་ག་ཡིན་ཏེ། འདི་དག་ནི་བདག་གིས་མ་བཤད་དོ། །སྲོག་གཅོད་པ་ལ་སོགས་པ་བཞི་པོ་འདི་དག་ནི་རྣལ་འབྱོར་པ་ཐམས་ཅད་ཀྱིས་འདའ་བར་བྱ་བ་མ་ཡིན་ཞིང། རྡོ་རྗེ་གསུམ་གྱི་ངོ་བོ་ཉིད་འགྲོ ་བའི་དོན་གྱི་སྤྱོད་པ་དང་མཚམ་པ་ཡིན་ནོ། །གླང་པོའི་ཤ་ལ་སོགས་པ་ནི་སྔགས་མཉེས་པར་བྱེད་པ་རྣམས་ཀྱིས་བསྟེན་པར་བྱའོ། །བཟའ་བ་ལ་སོགས་པའི་ཁྱད་པར་དེ་ཉིད་འབར་བ་ལ་སོགས་པ་མངོན་སུམ་དུ་གྱུར་བར་བྱ་བས་སློབ་མ་ལ ་ཡིད་ཆེས་པར་བྱ་བ་བསྟན་པར་བྱ་སྟེ། འབར་བར་བྱ་བ་ལ་སོགས་པ་ལ་དགོས་པའི་ཡི་གེ་ཨོཾ་གསུངས་པ་ཡིན་ནོ། །དེ་ཡང་རང་གི་སྦྱོར་བ་ལ་གནས་ཏེ། ཡི་གེ་ཡཾ?་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་ལ་གནས་ཤིང། ཡི་གེ་རཾ་ལས་བྱུང་བའི ་མེའི་དཀྱིལ་འཁོར་གྲུ་གསུམ་ལ་གནས་པ་ལ་ཡི་གེ་ཨ་ལས་བྱུང་བའི་ཐོད་པར་ཤ་དང་བདུད་རྩི་འདི་དག་ཐམས་ཅད་སངས་རྒྱས་ཀྱི་འཁོར་ལོ་དང་ལྡན་པར་བསམས་ལ་དེའི་སྟེང་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་བར་སྣང་ལ་བསྒོམས་ཏེ། དེ ་ལས་བདུད་རྩིའི་རྒྱུན་འཛག་པ་ཐོབ་པར་གནས་པར་བྱས་ལ། རྡོ་རྗེ་ཡང་ཐོད་པར་བྱས་ལ། དེ་ཐམས་ཅད་བྱིན་གྱིས་བརླབས་ལ། ཆོག་བཞིན་དུ་སྦར་བར་བྱ་སྟེ། ཡེ་ཤེས་ཀྱི་བདུད་རྩིའི་ངོ་བོ་ཉིད་དེ་ཁོ་ན་གསུམ་གྱིས་མངོན་པར་བཟླས་པ་བྱས་ལ་ལྷ་རྣམས ་དང་ལྷན་ཅིག་ཉེ་བར་ཁོངས་སྤྱད་པར་བྱའོ། །དེ་བསན་འབར་བའི་ཨོཾ་གྱིས་བྱིན་བརླབས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །དེའི་ཕན་ཡོན་གསུངས་བ་ནི་དངོས་གྲུབ་ཅེས་བྱ་བ་ལ་སོགས་པའོ། །བཾ་ཕོར་ཁ་སྦྱར་ཞེས་བྱ་བ་ནི་ཐོད་པ་སྟེ། བཟའ་བ་ལ་སོགས ་པ་འདི་དག་ཀྱང་མངག་གཞུག་བའི་སྦྱོར་བ་ལ་ཡང་བརྗོད་པར་བྱའོ། །དེ་ཉིད་གསུངས་པ་ནི་དེ་ལ་འདི་ནི་ཞེས་བྱའོ། །དེ་ཉིད་གསུངས་པ་ནི་དེ་ལས་འདི་ནི་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེའི་དོན་ནི་འདི་ཡིན་ཏེ། མངོན་པར་འདོད་པའི་ལྷའི་རྣལ་འབྱོར་དང་ལྡན ་པས་མདུན་དུ་ནམ་མཁའ་ཨི་དབུས་སུ་ཧྲཱི(རྒྱུད་འགྲེལ་ཀྱིས་ཨཱ་ཁཾ་དྷི(རྒྱུད་འགྲེལ་ལ་སོགས་པ་སྟེ་ཞེས་བྱ་བ་ནི་བགེགས་མཐར་བྱེད་དོ། །ལྷག་མ་གཉིས་པོ་ནི་པདྨ་མཐར་བྱེད་དང། གཤིན་རྗེ་མཐར་བྱེད་ཡིན་ནོ། །དེ་དག་ལས་གང་ཡང་རུང་བའི་གཟུགས་སུ་མདག་གཞུག་པ་བསམས་ལ། དེ་ཉིད་ལ་ཨཱ་ཁཾ་དྷཱི(རྒྱུད་འགྲེལ་ཇི་ལྟ་བ་བཞིན་དུ་དེའི་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ལ། འོག་ནས་བཤད་པའི་གསང་བའི་གནས་དེའི་སྙིང་ཁའི་ཕྱོགས་སུ་བཞག་པར་བྱའོ། །གསང་བའི་གནས་དེ་གང་ཡིན་ཞེ་ན། དེ་ལ་འང་ནི་ཞེས་བྱ་བ་ལ་སོགས་པ་སྟེ། ཉི་མའི་དཀྱིལ་འཁོར ་ལ་གནས་པའི་མི་བསྐྱོད་པ་དང། འོད་དཔག་ཏུ་མེད་པ་དང། རྣམ་པར་སྣང་མཛད་ཟླ་བ་ལ་གནས་པ། རིམ་པ་ཇི་ལྟ་བ་བཞིན་དུ་བགེགས་མཐར་བྱེད་ལ་སོགས་པའི་གཟུགས་ཅན་གྱི་མངག་གཞུག་པའི་སྙིང་ཁར་བཞག་པར ་བྱའོ། །དེ་ནས་ཡི་གེ་ཨཱ(རྒྱུད་འགྲེལ་བསྐུལ་བར་བྱའོ། །དེ་ནས་རིམ་གྱིས་སངས་རྒྱས་ཀྱི་བྱང་ཆུབ་རབ་ཏུ་འགྲུབ་པར་འགྱུར་རོ། །དེ་ནས་གྲུབ་པའི་མངག་གཞུག་བདེས་སྒྲུབ་པ་པོ་དེ་སངས་རྒྱས་ཀྱི་ཞིང་ལ་སོགས་པར་ཁྱེར་ནས་ཆོས་ཐོས་པར་བྱེད་ཅིང། སངས་རྒྱས་ཉིད་ཐོབ་པའི་རྒྱུར་འགྱུར་རོ། །མི་བསྐྱོད་པ ་ལ་སོགས་བའི་རིགས་དང་མཐུན་པའི་རྣལ་འབྱོར་པ་གང་ཡང་རུང་བས་མངག་གཞུག་པ་འདི་བསྒྲུབ་པར་བྱའོ་ཞེས་གསུངས་བ་ནི་དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དམ་ཚིག་བཞི་པོ་ཡང་ཐུན་མོང་ཡིན་ནོ། །ཞེས་གསུངས་པ་ནི་དམ་ཚིག ་བསྐུལ་བ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། འདིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་བྱིན་གྱིས་བརླབས་པ་ནི་སྔགས་དེ་བྱིན་གྱིས་བརླབས་པས་བསྐུལ་བ་ཡིན་ནོ། །དམ་ཚིག་གཏོང་བ་ནི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས ་སྤྱན་དྲང་བའི་ཕྱིར་མདུད་རྩེ་ལ་སོགས་པ་ཕྱག་ན་བསྣམས་པའི་དེ་བཞིན་གཤེགས་པ་ལ་སོགས་པ་ཁྲོས་པ་རྣམས་སྤྲོས་པའོ། །དམ་ཚིག་སྨྲ་བ་ནི་སྤྲོས་པའི་དེ་བཞིན་གཤེགས་པ་དེ་རྣམས་ཉིད་ཀྱི་ཡང་དག་པར་གསུངས་པའོ། །དམ་ཚིག ་འཆིང་བ་ནི་འོད་ཟེར་རྣམས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་བསྡུས་ཏེ་ས་བོན་དེར་གཞུག་པའོ། །ད་ནི་མངག་གཞུག་པ་དེའི་མཐུ་གསུངས་པ་ནི་ནམ་མཁའ་ཨི་དབྱིངས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ནམ་མཁའ་ལ་འགྲོ ་བ་ལ་སོགས་པའི་གཟུགས་རྨད་དུ་བྱུང་བར་ཡང་མངག་གཞུག་པ་དེས་བྱེད་པ་ཡིན་ནོ། །འངར།?་པའི་རྡོ་རྗེའི་སྦྱོར་བས་ཡང་དབང་དུ་བྱ་བའི་སྦྱོར་བ་གསུངས་པ་ནི་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་སྟེ། ??་པའི་རྡོ་རྗེ་རྣལ་འབྱོར་ཆོ་ག་ཇི་ལྟ་བ་བཞིན་དུ ་བྱས་ལ། མདའ་ལྔ་དབུ་རྒྱན་གྱིས་རྩེ་མོར་ཞུགས་པའི་ཁུ་ཚུར་གཟུང་ལ། མདའ་དམར་དེ་རྣམས་ཀྱི་མགོ་དང། དཔྲལ་བ་དང། ཁ་དང། སྙིང་དང། ལྟེ་བ་རྣམས་བསྒྲུབ་པར་བྱ་བ་བསྐུལ་བར་བྱའོ། །དེ་ནས་དེ་བརྒྱལ་བར་གྱུར་བ་བཞིན་དུ་རྐང་པ་གཉིས་ཀྱི ་དྲུང་དུ་འགྱེལ་བར་བསམ་པར་བྱའོ། །དེ་ལྟ་བུ་འདི་ནི་མཚན་མ་ཐོབ་པར་ཟླ་བ་ཕྱེད་ཅིག་བྱ་བ་ཡིན་ནོ། །སློབ་མ་དཀྱིལ་འཁོར་དུ་གཞུག་པའི་གདོང་གཡོགས་དགྲོལ་བའི་ཆོ་ག་གསུངས་པ་ནི་ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། སློབ་མ་ཁང་པ ་བརྩེགས་མའི་ནང་དུ་ཆུང་པར་ཆོ་ག་ཇི་ལྟ་བ་བཞིན་དུ་བསམས་ལ། ཧཱུཾ་ཨ(རྒྱུད་འགྲེལ་དཀྱིལ་འཁོར་དེ་བསྟན་པར་བྱའོ། །དེ་བས་ན། མིག་རབ་ཏུ་འབར་བཅས་ཨོཾ་བསམས་ལ། ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་སྨོས་པ་ཡིན་ནོ། །བཀྲེས་པ་ལ་སོགས་པ་སེལ་བའི་སྦྱོར་བ་གསུངས་པ་ནི་དཀྲེས་སྐོམ་ལ་སོགས་ཞེས་བྱ་བ་ལ ་སོགས་པ་སྟེ། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་བས། དེའི་ཁར་ཡི་གེ་བཟའ་བར་བྱ་བའི་རྫས་རྣམས་ཀྱི་གནས་སུ་གྱུར་པ། བུམ་པ་ལྟ་བུ་བསམས་ལ། དེའི་ལྕེ་ལ་ཡི་གེ་ཨོཾ་བསམས་ཏེ། བཟའ་བས་གང་བའི་ཡི་གེ་བ་ཁ་ཐུར་དུ་བལྟས་པའི་ནང ་དུ་ཆུད་པ་ལས་བདུད་རྩིའི་རྒྱུན་གྱིས་ཚིམ་པར་བྱེད་ཅིང། སྡུག་བསྔལ་ཐམས་ཅད་སེལ་བར་བྱེད་པར་བསྒོམ་པར་བྱའོ། །དེ་བཞིན་གཤེགས་པ་དཔའ་བོ་རྡོ་རྗེའི་ས་བོན་ལ་སོགས་པ་བཤད་པའི་ཕྱིར་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ ་སྟེ། དཔའ་བོ་རྡོ་རྗེ་བསྐྱེད་པའི་རྒྱུའི་ཕྱིར་ཏེ། དཔའ་བོ་རྡོ་རྗེ་ཞེས་བྱ་བའི་སྒྲས་ནི་མི་བསྐྱོད་པ་ལ་བྱ་བར་བཤད་ལ། དེ་དང་པོར་རྡོ་རྗེ་འཛིན་པར་གྱུར་པས། ཡི་གེ་དྷཱི(རྒྱུད་འགྲེལ་དང་ལྡན་པ་ཟླ་བའི་གདན་ལ་བཞུགས་པ། རལ་པ་དང་ཐོར་ཚུགས་དང་བཅས་པ། མི་བསྐྱོད་པས་དབང་བསྐུར་བ། ཕྱག་མཚན་གྱི་གཙོ་བོ་རྡོ་རྗེ་སེར་པོ་མངའ་བ་དང། རལ་གྲི་བསྣམས་བ། ཕྱག་གཡོན་པ་གཉིས་ན། པདྨ་དང་ནོར་བུ་བསྣམས ་པ། ཕྱག་ལྷག་མ་བ?་རང་རིགས་པའི་རིག་མ་ལ་འཁྱུད་པ། སྐུ་མདོག་སེར་པོ་ཇི་ལྟ་བ་བཞིན་དུ་བསྒོམས་ལ། མངོན་པར་འདོད་པའི་ལས་བརྩམས་པར་བྱའོ། །སྐུལ་བྱེད་མ་བསྐྱེད་པའི་ཆོ་ག་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དང་པོ་རྒྱུ་རྡོ་རྗེ ་འཛིན་པར་གྱུར་པས་ཡི་གེ་ཧཱུཾ་ཙམ་ལས་བྱུང་ཞིང་པདྨ་དཀར་པོ་ལས་སྐྱེས་པ། པདྨ་དང་རལ་གྲི་དང། ནོར་བུ་དང། འཁོར་ལོ་བསྣམས་པ་རིན་པོ་ཆེའི་ཅོད་པན་ཅན་རང་སྣང་བའི་ཐབས་ལ་ཡང་དག་པར་འཁྱུད་པ། སྤྲོ་བ་ལ་སོགས ་པ་དང་ཡང་དག་པར་ལྡན་པ། ཕྱག་རྒྱ་བཞི་དང་ལྡན་པའི་སྐུལ་བྱེད་མ་བསྒོམས་པར་བྱའོ། །བཅོམ་ལྡན་འདས་ཡུམ་འདི་ནི་བྱང་ཆུབ་སེམས་དཔའ་ཨི་གཟུགས་ཅན་ཡིན་པས་ན། ཟླ་བའི་དཀྱིལ་འཁོར་ཉིད་ལ་བཞུགས་པར་བསྒོམ་པར་བྱ་སྟེ། གང ་འདིར་ཉི་མའི་དཀྱིལ་འཁོར་ཞེས་འབྱུང་བ་ནི་གལ་ཏེ་མ་དག་པ་ཡིན་པར་བལྟ་བར་བྱའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་མི་བསྐྱོད་པ་དབུ་རྒྱན་ལ་བསྒོམས་ལ། ལས་ཀྱི་ཁྱད་པར་ཀྱི་ཕྱིར་སྔགས་ཀྱི་ཚིག་དགོད་པར་བྱའོ། །གནོད་མཛེས་བསྐྱེད་པའི ་ཆོ་ག་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དང་པོ་རྡོ་རྗེ་འཛིན་པར་གྱུར་པས་ཛི་ལས་བྱུང་བའི་བི་ཛ་པུ་ར་ལས་བྱུང་བ་གསེར་གྱི་མདོག་ཅན་པི་ཛ་བུ་དང་།རལ་གྲི་དང། རིན་པོ་ཆེ་དང། པདྨ་བསྣམས་པ། རང་སྣང་བའི་རིག་མ་ལ་འཁྱུད ་པ། ཕྱག་རྒྱ་བཞི་དང་ལྡན་པ། ཟླ་བའི་གདན་ལ་བཞུགས་པ། མི་བསྐྱོད་པའི་ཅོད་པན་ཅན་བསམ་པར་བྱའོ། །རྡོ་རྗེ་བསྒོམས་པས་ཞེས་བྱ་བ་ནི་གཉིས་སུ་མེད་པའི་བསྒོམ་པས་སོ། །གནོད་སྦྱིན་གཟུགས་འཛིན་པ་ཞེས་བྱ་བ་ནི་རྣམ་པ་སྣ་ཚོགས་པའི་ནོར་གྱིས་འགེངས ་པ་ཡིན་གྱི། མཆེ་བ་ལ་སོགས་པ་དང་ལྡན་པ་ནི་མ་ཡིན་ནོ། །སངས་རྒྱས་ལྔ་ཞེས་བྱ་བ་ནི་མི་བསྐྱོད་པ་དང། རིན་ཆེན་དཔལ་དང་འོད་དཔག་ཏུ་མེད་པ་དང། རྣམ་པར་སྣང་མཛད་དང། གདོན་མི་ཟ་བར་གྲུབ་པ། མགོ་པོ་དང། དབྲལ་བ་དང། ཁ་དང་སྙིང་ཀ་དང། ལྟེ་བ་རྣམས་སུ ་གོ་རིམས་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱའོ། །རྡོ་རྗེ་བདུད་རྩིའི་ཆུ་ཞེས་བྱ་བ་ལ་མན་ངག་ནི་འདི་ཡིན་ཏེ། མངོན་པར་འདོད་པའི་ལྷའི་རྣལ་འབྱོར་པས། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཞུགས་པ་སྔོན་དུ་འགྲོ་བའི་བྱང་ཆུབ་ཀྱི་སེམས་ལས་བྱུང་བའི་དཀྱིལ ་འཁོར་རང་གི་རིག་མའི་པདྨ་སྤྲུལ་ལ། དེའི་དབུས་མའི་གདན་ལ་ལྷ་ཐམས་ཅད་དང་ལྡན་པའི་གནོད་མཛེས་བསམས་ཏེ། ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཞུགས་པ་སྔོན་དུ་འགྲོ་བའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འཆུ་གནོད་མཛེས་དེའི་ཁའི་ལྕེ་དེ་ལ། ཡི་གེ་ཛཾ་བསམས ་ལ། ལྷའི་བསམ་གཏན་གྱི་གནས་ལ་གནས་ཏེ། ཨོཾ་ཨཱ(རྒྱུད་འགྲེལ་སོགས་པ་ཡིན་ཏེ། ཁང་བརྩེགས་མའི་ནང་དུ་ཆུད་པའི་མངོན་པར་འདོད་པའི་འཇམ་པའི་རྡོ་རྗེའི་རྣལ་འབྱོར་པས་གནོད་སྦྱིན་མོ་ཐམས་ཅད་ཀྱིས་ནམ་མཁའ་ཨི་དབྱིངས་ཐམས་ཅད་གང་བར་བསམས་ལ། ཡི་གེ་ཀྵཾ་ལས་རྡོ་རྗེ་གསུམ་གྱི་ངོ་བོ་ཉིད་ཀྱི་གནོད ་སྦྱིན་མོ་ཅིག་དཔལ་འབྱུང་པོ་འདུལ་བ་ལ་སོགས་པའི་ལུང་ལས་བཤད་པའི་གཟུགས་དང་ལྡན་པ་གཤིན་རྗེ་གཤེད་ཀྱི་ཅོད་པན་མདུན་དུ་བསམས་ལ། དེར་ཡེ་ཤེས་སེམས་དཔའ་དགུག་གོ། ལས་གསུམ་རྡོ་རྗེའི་བྱེ་བྲག་གིས་ཞེས་བྱ་བ་ནི་བཞམས ་ཏེ་བསྒོ་བ་དང། དབྱེ་བ་དང། སྦྱིན་པའི་ལས་ཀྱི་དབྱེ་བ་བཞིན་དུ་བསྒྲུབ་པར་བྱའོ། །དེ་ལྟ་ན་ཡང་གྲུབ་པར་མ་གྱུར་ན། ཚར་གཅད་པར་བྱའོ། །དེ་ཡང་དེའི་སྙིང་ཁར་ཁྲོ་བོའི་སྔགས་བསྒོམས་ལ། དེ་ཡང་འཁྱུད་ནས་རྡོ་རྗེའི་སྦྱོར་བ་དྲག་ཤུལ་ཅན ་གྱིས་བརྩམ་པར་བྱ་ཞིང། དྲག་ཤུལ་བསྒྲུབ་པའི་ཆོ་ག་བཞིན་དུ་སྦྱར་བར་བྱའོ། །ཡང་ན་ལས་གསུམ་རྡོ་རྗེའི་བྱེ་བྲག་གིས་ཞེས་བྱ་བ་ནི་འཇམ་པའི་རྡོ་རྗེ་ཉིད་སྐུ་རྡོ་རྗེ་ལ་སོགས་པས་བྱིན་གྱིས་བརླབ་པར་བསྒོམ་པར་བྱའོ། །ཞེས་བྱ་བར་སྦྱར་བར་བྱའོ། །ད་ནི ་དངོས་གྲུབ་དམན་པ་གྲུབ་པ་རྣམས་ཀྱི་ཆེ་བའི་ངོ་བོ་བཤད་པའི་ཕྱིར་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། གང་དངོས་གྲུབ་དམན་པ་ཐོབ་པ་རྣམས་ལ། དེ་ཉིད་ཡོངས་སུ་སྨིན་པའི་དབང་གིས་སྐུ་དང་གསུང་དང་ཐུགས་ཀུན་ཏུ་གྲུབ་པའི་སངས ་རྒྱས་འཛམ་བུ་ཆུ་བོའི་གསེར་གྱི་འོད་དང་འདྲ་བར་འགྱུར་རོ། །དེ་ཉིད་གསུངས་པ་ནི་མི་སྣང་བའི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། གནོད་སྦྱིན་གྱི་རྒྱལ་པོ་ལ་སོགས་པའི་དངོས་གྲུབ་ཡོང་པ་ལ་ནི་ནོར་ལ་དབང་བའི་བདག་པོར་གྱུར་པའི་དབང་གིས་རིག་པ་འཛིན ་པ་དག་གིས་དབང་པོར་འགྱུར་རོ། །ཕན་ཡོན་གསུངས་པ་ནི་དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རང་སྣང་བའི་རིག་པ་དང་ལྷན་ཅིག་བརྟུལ་ཞུགས་ཀྱི་སྦྱོད་པའི་ཆོ་ག་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། རང་གི་རིག ་པའི་ཚུལ་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་སྐུ་ལ་སོགས་པ་རང་གི་ངོ་བོས་མངོན་སུམ་ཉིད་དུ་བྱ་བ་ཡིན་ནོ། །དེ་ལ་ཉེ་བར་མཚོན་པའི་དོན་དུ་རྣམ་པར་སྣང་མཛད་གསུངས་པ་ནི་དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྟེ། ཆོ་ག་བཞིན་དུ་ཐམས་ཅད་བྱ་ཞེས ་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོཊ་པའི་ཚུལ་གྱི་རྣལ་འབྱོར་ཏེ། རྣལ་འབྱོར་དེ་བྱས་ལ་ཆོ་ག་གང་ཡིན་དེ་གསུངས་པ་ནི་ལོ་གྲངས་བཅུ་དྲུག་ཅེས་བྱ་བ་ལ་སོགས་པ་ཡིན་ནོ། །སྤྱན་ནི་རང་སྣང་བའི་རིག་མ་སྟེ། དེའི་གོ་འཕང ་ནི་གསང་བའི་པདྨ་ཡིན་པས། དེ་དང་ཡང་དག་པར་ལྡན་པའི་རང་གི་གསང་བའི་རྡོ་རྗེས་བསྒོམ་པར་བྱའོ། །རིག་པ་དེ་ཡང་མངོན་པར་སྤྱངས་བྱ་དང་ལྡན་པ་ཉིད་དུ་བྱའོ་ཞེས་གསུངས་པ་ནི་ཕྱག་རྒྱ་སྔགས་ཀྱི་ཆོ་ག་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དུས ་བཞིར་ཞེས་བྱ་བ་ནི་བསམས་པའི་ཁྱད་པར་ཀྱི་དབང་དུ་མཛད་ནས་གསུངས་པ་ཡིན་ཏེ། མངོན་པར་བརྩོན་པས་ནི་ཉིན་དང་མཚན་དུ་བྱ་བ་ཡིན་ནོ། །བསྲུང་བར་བྱ་བའི་དམ་ཚིག་གསུངས་པ་ནི་རྟག་ཏུ་གཞན་གྱིས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །རྣམ ་པར་སྣང་མཛད་ཀྱི་རྣལ་འབྱོར་པའི་ཆོག་གསུངས་ནས། འོད་དཔག་ཏུ་མེད་པ་དང། མི་བསྐྱོད་པ་དག་གིས་རྣལ་འབྱོར་པའི་ཡང་གསུངས་པ་ནི་འདོད་ཆགས་རྡོ་རྗེའི་ཀྱོ་བ་མོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །འཇམ་པའི་རྡོ་རྗེ་ལ་སོགས་པའི་རྣལ་འབྱོར ་པས་ཀྱང་ཇི་ལྟར་མོས་པ་བཞིན་དུ་རིག་པའི་བརྟུལ་ཞུགས་འདི་བྱའོ་ཞེས་གསུངས་པ་ནི་རྡོ་རྗེ་ཅན་གྱི་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །རྡོ་རྗེ་ཅན་གྱི་ཡི་གེ་གསུམ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་གསུམ་གྱི་བྱིན་གྱིས་བརླབས་པ་ལ་སོགས་པའི་ཆོ་གས་སོ། །ལྷག ་མ་རྣམས་ནི་གོ་སླའོ། །ལེའུ་བཅུ་དྲུག་པའི་འགྲེལ་པའོ།། །།ཇི་སྐད་གསུངས་པའི་དམ་ཚིག་བསྲུངས་པ་ལས་མངོན་པར་འདོད་པའི་དངོས་གྲུབ་དུ་འགྱུར་རོ་ཞེས་བསྟན་པའི་ཕྱིར་ལེའུ་བཅུ་བདུན་པ་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས ་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་བསྲུང་བར་བྱ་བའི་ཕྱིར། གསོལ་བ་བཏབ་པ་ཡིན་ལ། ཐོབ་མ་དང་ཐ་མ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཡིན་པས་ན་ཡེ་ཤེས་ཆེའོ། །སྐུ་རྡོ་རྗེ་ལ་སོགས་པ་བསྐྱེད་པའི་རྒྱུར་གྱུར་པས་ན ་རྡོ་རྗེ་དབྱིངས་སོ། །ཆོས་ཐམས་ཅད་དྲི་མ་མེད་པར་ཐུགས་སུ་ཆུད་པས་ནམ་མཁས་པ་ཆེན་པོའོ། །སྐུ་གསུམ་ལ་སོགས་པའི་མཆོག་ཏུ་གྱུར་པས་ན་རྡོ་རྗེ་གསུམ་མཆོག་གོ་དཀྱིལ་འཁོར་གསུམ་གྱི་བདག་ཉིད་ཅན་ཡིན་པས་ན། དཀྱིལ་འཁོར་གསུམ་མོ། །རྡོ་རྗེ་དབྱངས ་ཞེས་བྱ་བ་ནི་དམ་ཚིག་ལ་སོགས་པ་གསུངས་ཤིག་ཅེས་བརྗོད་དེ་ཕྱག་འཚལ་ལོ། །འདིས་ནི་རྡོ་རྗེ་སེམས་དཔའ་ལ་མི་བསྐྱོད་པའི་བདག་ཉིད་ཀྱི་བསྟོད་པ་ཡིན་ནོ། །མེ་ལོང་ལྟ་བུ་ལ་སོགས་པའི་ཚུལ་གྱིས་ཚིགས་སུ་བཅད་པ ་གསུངས་པ་ནི་རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པའོ། །རྣམ་པར་དག་པའི་འདོད་ཆགས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཤེས་རབ་བརྙེས་པས་ན། འདོད་ཆགས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་ལྟར་ཚིགས་སུ་བཅད་པ་རེ་རེས་དེ་བཞིན་གཤེགས ་པ་ལྔའི་བདག་ཉིད་བསྟན་ནས་འདི་དག་ནི་སྟོན་པའི་སྤྲོས་པ་མེད་པས་སྐབས་སུ་གསུངས་པ་ཡིན་ནོ། །ཆོས་ཀྱི་དབྱིངས་ཉིད་ནི་ཡི་གེ་ཆེན་པོ་ཡིན་ལ། དེ་ཡང་སངས་རྒྱས་ཐམས་ཅད་དང་འབྲེལ་པའོ། །དེ་ཉིད་ནི་སྐུ་རྡོ་རྗེ་ལ་སོགས་པའི་དབྱེ་བས་བཤད་པའི་ཕྱིར། ་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དམ་ཚིག་བཞི་ནི་སྲོག་གཅོད་པ་ལོགས་པ་བསྲུང་བར་བྱའོ། །ཤ་ལྔ་ལ་སོགས་པ་ནི་བཟའ་བར་བྱ་བའི་དམ་ཚིག་གོ། །སྐུ་རྡོ་རྗེའི་དམ་ཚིག་གསུངས་ནས། གསུང་རྡོ་རྗེ་དང་ཐུགས་རྡོ་རྗེ་དག་གི་ཡང ་སོ་སོའི་དམ་ཚིག་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དམ་ཚིག་བཞི་ལ་སོགས་པ་ནི་སྔ་མ་བཞིན་དུ་བཤད་པར་བྱའོ། །དམ་ཚིག་འདི་དག་བསྲུང་བ་ནི་དེ་ཉིད་འགྲུབ་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་པའོ། །ཇི་ལྟར་ཞེ་ན། ཉེ་བར་བསྡུ་བ ་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །རང་སངས་རྒྱས་ཀྱི་དམ་ཚིག་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ནི་རང་སངས་རྒྱས་ཀྱི་རང་གི་ངོ་བོ་ཙམ་ཞིག་བཤད་པ་ཡིན་ནོ། །དེ་ཐོབ་པའི་རྒྱུའི་ཚོགས་པ་དག་ཀྱང ་རིག་པ་འཛིན་པ་ལ་སོགས་པའི་དངོས་གྲུབ་ཀྱི་ཚོགས་པ་བཞིན་དུ་ཤེས་པར་བྱའོ། །འདིར་ཕྱག་རྒྱ་ཆེན་པོ་གྲུབ་པའི་རྒྱུའི་ཚོགས་པ་ཉིད་དུ་སྦྱར་བ་ནི་མ་ཡིན་ནོ། །དེའི་ཚུལ་དུ་རྟོགས་པ་མ་ཡིན་པས་རང་སངས་རྒྱས་ཀྱི་དངོས་གྲུབ་ཡིན་ནོ། །ཉན་ཐོས་ལ ་སོགས་པ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །ཡེ་ཤེས་སྤངས་པ་རྣམས་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་དང་བྲལ་བའི་ཉན་ཐོས་རྣམས་སོ། །གཏི་མུག་ལམ་གྱིས་ཞེས་བྱ་བ་ལ་གཏི་མུག་ནི་བདག་དང་གཞན་གྱི་ཆར་རྟོག་པ་དང་བྲལ་བ་སྟེ། དེའི་ལམ་གྱི་ལས ་གང་བསྒོམ་པའོ། །ཉན་ཐོས་ལ་སོགས་པ་རྣམས་ལ་འཇིགས་པ་བསྐྱེད་པར་བྱེད་པ་ཡིན་པས་ན་འཇིགས་ཤིང་མི་སྡུག་བསྟེ། དེས་ཕན་ཚུན་དུ་སངས་རྒྱས་ཉིད་དུ་འགྱུར་བའོ། །དེ་ལ་ཆོ་ག་ནི་འདི་ཡིན་ཏེ། ཇི་ལྟ་བ་བཞིན་དུ་ཡི་གེ་ཨོཾ་ལས་བྱུང་བའི ་ཚངས་པ་དེའི་ལུང་དང་རྗེས་སུ་མཐུན་པར་གདོང་བཞི་ལ་སོགས་པ་དང་ལྡན་པ། རྡོ་རྗེ་འཛིན་པས་དབང་བསྐུར་བ་བསྒྲུབས་ལ། ཇི་སྲིད་མངོན་པར་འདོད་པའི་དུས་ཀྱི་པར་དུ་འདུག་ནས། དེའི་འོག་དུ་སྐུ་རྡོ་རྗེ་ལ་སོགས་པར་མོས་པ་ལས་དེའི་དོན་སྒྲུབ་པར ་གྱུང་བའི་སྐུ་རྡོ་རྗེ་ཉིད་ཀྱི་ཕྱག་རྒྱ་ཆེན་པོའི་བདག་ཉིད་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་དྲག་པོའི་དམ་ཚིག་ལ་ཡང་ཡི་གེ་ཨ་ལས་བྱུང་བར་ཆོ་ག་བཞིན་དུ་སྦྱར་བར་བྱའོ། །དེ་བཞིན་དུ་ཁྱབ་འཇུག་གི་དམ་ཚིག་ལ་ཡང་ཞེ་སྡང་གི་རིགས་ཀྱི ་བརྒྱུད་དང་ལྡན་པ་ཡི་གེ་ཧཱུཾ་ལས་བྱུང་བར་བལྟ་བར་བྱའོ། །འདི་རྣམས་ཉེ་བར་བསྡུ་བའི་རིགས་ཀྱི་དབྱེ་བ་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པའོ། །གནོད་སྦྱིན་མོ་རྣམས་ཀྱི་ངོ་བོ་ཉིད་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། ཤ ་དང་ཁྲག་བྱ་བའི་རང་བཞིན་ཅན་ནི་ཕལ་ཆེར་གནོད་སྦྱིན་མོ་ཡིན་ཏེ། དེ་ནས་དེ་དེ་བཞིན་དུ་མཆོད་ལ། ཆོ་ག་བཞིན་དུ་བསྒྲུབ་པར་བྱའོ་ཞེས་དགོངས་སོ། །དེ་བཞིན་དུ་ཀླུའི་དབང་པོ་ལ་སོགས་པ་རྣམས་ཀྱི་བུ་མོའི་རང་གི་ངོ་བོ་བསྒྲུབ་པར་བྱ་བའི་ཕྱིར་གསུངས་པ ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པར་འདོད་པས་ཀྱང་དམ་ཚིག་འདི་དག་ཐམས་ཅད་ཆོ་ག་བཞིན་དུ་སྤྱད་པར་བྱའོ། །ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་ཀྱི་རྣམ ་གསུམ་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པའོ། །ཚིག་གི་ལས་ཞེས་བྱ་བ་ནི། རྫུན་དུ་སྨྲ་བ་ལ་སོགས་པ་རྣམ་པ་བཞིའོ། །ཡིད་ཀྱི་རྡོ་རྗེའི་རང་བཞིན་ཀུན་ཞེས་བྱ་བ་ནི་གནོད་སེམས་ལ་སོགས་པ་རྣམ་པ་གསུམ་དུ་བཤད་པའོ། །དེ ་ལྟར་ཐམས་ཅད་བསྙེན་པའི་རྣལ་འབྱོར་པ་ཉིད་འགྲུབ་པར་འགྱུར། དེ་བས་ན་འདི་ནི་ཀུན་ནས་སྤྱད་པ་ལ་སྤྱོད་པས་ན། ཀུན་ཏུ་མཛེས་དགའ་སྟེ། བཅོམ་ལྡན་འདས་ཕྱོགས་མེད་པར་འཇུག་པའོ། །ད་ནི་རྣལ་འབྱོར་པ་ཐམས་ཅད་ཀྱི་སྙིང་པོ་བསྡུས་པ་གསུངས ་བ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཁ་ཕྱི་རོལ་དུ་བལྟས་པས་སངས་རྒྱས་ལ་སོགས་པ་ལ་ཕྱག་བྱས་པ་ལ་སོགས་པ་དང། རྣལ་འབྱོར་པས་བྱང་ཆུབ་ཡང་དག་པར་འཐོབ་པར་མི་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །འོ་ན་ཇི་ལྟར་ཕྱག་བྱ་ཞེ་ན། ་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའ་དང་འབྲེལ་བའི་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་དུ་རང་ཉིད་རྡོ་རྗེ་གསུམ་གསུམ་བསྒོམས་ལ། སྔགས་ལས་ཐ་དད་པའི་བློ་དང་བྲལ་བས་ཕྱག་བྱའོ། །འདི་ཉིད་བཤད ་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་གྱི་ཁམས་རྡོ་རྗེ་གསུམ་གྱི་ངོ་བོ་ཉིད་རྡོ་རྗེ་འཛིན་པར་བྱས་ལ་ཕྱག་བྱ་བའི་བདག་ཉིད་ཅན་དུ་བསམས་ལ། བདག་ཉིད་ཀྱང་དེའི་ངོ་བོ་ཉིད་དུ་གྱུར་པ་དང། བསམ་གཏན ་གྱི་ཕྱག་བྱའོ་ཞེས་བྱ་བ་ནི་དམ་ཚིག་གོ་།ད་ནི་ཆེན་པོའི་ཡན་ལག་བཞི་བྱས་ནས། བདུད་རྩི་མྱང་བར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དུས་གསུམ་སངས་རྒྱས་དག་ཞེས་བྱ་བ་ནི་དཀྱིལ་འཁོར་རམ། ་ཆོས་འབྱུང་གི་ནང་དུ་ཆུད་པ་རྣམས་ལ་འབར་བ་ལ་སོགས་པའི་ཚོགས་བསྒྲུབས་པའི་བདུད་རྩི་དབུལ་བར་བྱའོ། །དེ་ཡང་ཇི་སྐད་དུ་འབར་བའི་ཨོཾ་གྱིས་བྱིན་བརླབས་བྱ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །རྣལ་འབྱོར་བས་དུས ་བཞིར་བྱ་བ་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། རྡོ་རྗེ་ཐམས་ཅད་ནི་རྣམ་པར་འཁྲུལ་པ་སྟེ། དེ་རྣམས་ཀྱི་མི་སྣང་བ་ནི་རྣམ་པར་འཇིག་པ་རྣམ་པར་དག་པའི་ངོ་བོ་སྟེ། དེ་ཉིད་ནི་དམ་ཚིག་ཡིན་ཏེ་དེ་ཕྱུང་བའོ། །སྤྱད་ཅེས་བྱ་བ་ནི་ཕྱ་འབུད་མེད་རང ་སྣང་བའི་རིག་མའི་བདག་ཉིད་དུ་བྱས་ལ་གསལ་བར་སྣང་བའི་བདག་ཉིད་ཐུན་བཞིར་སྤྱད་པར་བྱའོ། །རྫས་ཞེས་བྱ་བ་ནི་དེ་ལས་བྱུང་བའི་དམ་ཚིག་རྡོ་རྗེས་ཆེ་ག་བཞིན་དུ་བླང་བར་བྱའོ། །ཡང་ན་རྫས་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་སྤང་བར ་བྱའོ། རིག་པ་འཛིན་པའི་དམ་ཚིག་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དབུ་རྒྱན་དག་ལ་བསམ་གཏན་བསམ་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་རིག་པ་འཛིན་པ་གྲུབ་པ་མགོ་ལ་བསམ་པར་བྱའོ། །ལས་དང་པོ་པ་རྣམས་ཀྱི་དམ་ཚིག ་བཤད་པའི་ཕྱིར་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། སྐུའི་རྡོ་རྗེ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཙམ་དུ་ཟད་དེ་ཐུགས་རྡོ་རྗེ་ལ་སོགས་པ་གང་ཡང་རུང་བའི་སྦྱོར་བ་དང་ལྡན་པའོ། །ཕྱི་རོལ་རྡོ་རྗེ་ནི་རྡོ་རྗེ་འཛིན་པ་ལྟ་བུར་རང་གི་ཁ་ཟས ་ལ་བསམ་པར་བྱའོ། །རྡོ་རྗེ་ཆོས་ཞེས་བྱ་བ་ནི་ཧཱུཾ་དགོད་པའི་རྡོ་རྗེའི་ལྕེ་དམ་པར་རྣལ་འབྱོར་པ་བདག་ཉིད་བྱ་བ་སྟེ་དེ་ནས་དེ་བཟའ་བྱའོ། །འདི་དག་ཀྱང། མདོར་བསྟན་ཆོ་ག་སྤྱད་པར་བྱ་ཞེས་བྱ་བ་སྟེ། མདོ་ཙམ་དུ་བྱས་པའི་བྱ་བ་ཞེས་བྱ་བའི་དོན་ཏོ། ། ་འདི་དག་ཐམས་ཅད་ནི་ལྷ་རྣམས་ཀྱི་འཁོར་ལོ་ལ་སོགས་པར་བསམ་པར་བྱའོ། །དེ་ཡང་ཇི་སྐད་དུ། ཀུན་ཏུ་མཉམ་ཞིང་རྣམ་པར་དག་པའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ད་ནི་བཅོམ་ལྡན་འདས་ཡིད་ཀྱིས་མཛད་པ་གསུངས་པ ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་རྡོ་རྗེ་འཛིན་པ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཉིད་ནི་མི་ཕྱེད་པས་ནི་རྡོ་རྗེ་སྟེ། དེ་ཉིད་ནི་སྙིང་པོ་སྟེ། དེ་ཁོ་ན་ཉིད་དོ། །དེའི་ངོ་བོ་ཉིད་ཀྱིས་རྡོ་རྗེ ་མཉམ་པ་ཉིད་ལ་རྣམ་པར་དགོངས་ནས་ཅད་མི་གསུང་བར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཞུས་པའི་རྗེས་ཐོགས་ལ། དེ་བཞིན་གཤེགས་པ་རྣམས་ཀྱིས་བཀའ་སྩལ་བ། སྐུ་དང་གསུང་དང་ཐུགས་རྡོ་རྗེའི ་དམིགས་སུ་མེད་པ་སྟེ་དེ་བཞིན་ཉིད་དེ་དེའི་ངོ་བོ་ཉིད་དོ། །རང་གི་རང་བཞིན་ལས་མི་འགྱུར་བས་ན་མ་འགྱུར་བའི་གནས་སོ། །དེ་བས་ན་རྟོག་པའི་བདག་ཉིད་ཅན་དེ་ཉིད་ནི་ངོ་བོ་ཉིད་མེད་པའི་མི་འགྱུར་བའི་གནས་ཏེ། ཚིག་ལ་སོགས་པའི་ཚུལ་དང་བྲལ་བར་རྣམ ་པར་བརྟགས་ནས་ཅང་མི་གསུང་བར་བཞུགས་སོ། །བཅོམ་ལྡན་འདས་འདི་ནི་ཐུགས་དེ་ལྟ་བུར་གྱུར་པ་ཡིན་ལ་སྐུ་ཉིད་མི་འགྱུར་བ་ཡིན་ཏེ། འདི་ཉིད་ནི་ཕྱིན་ཅི་ལོག་གི་ཚུལ་གྱིས་མ་སྐྱེས་པའོ། །གསུང་དང་ཐུགས་ཀྱང་དེ་བཞིན་དུ་ཤེས་པར་བྱའོ། །དེ་ལྟར་ན ་གསུང་དང་ཐུགས་ཀྱི་བྱ་བ་རྫས་ཅན་གྱིས་མཚན་ཉིད་དང་བྲལ་བ་ཡིན་ཏེ། སྐུ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །སྐུ་ལ་སོགས་པའི་དེ་ཡང་དམིགས་སུ་མེད་པར་རྟོག་པ་ལས་ཡང་དག་པར་འབྱུང་བའོ། །དེ་པས་ན་ཁམས་གསུམ་པོ་འདི་ནི་ཕྱིན་ཅི་ལོགས་པ་སྟད་ལྟར ་གྱུར་པས་ཡང་དག་པར་ཤེས་པས། ཡང་དག་པར་བསྡུས་ཤིང་བསྡེམས་པ་ཡིན་ནོ། །འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟོགས་པའི་རྗེས་ཐོགས་ལ། དེ་བཞིན་གཤེགས་པ་རྣམས་ཀྱིས་བཀའ་སྩལ་པ་ཡིན་ནོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱའོ། །བྱང ་ཆུབ་སེམས་དཔའ་རྣམས་ཀྱིས་སྨྲས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་ཕ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་འདི་ལྟར། རྡོ་རྗེ་དབྱིངས་ཀྱི་ངོ་བོ་ཉིད་དེ། དེ་རྣམས་ཀྱི་སྤྱོད་པས་འགྲོ་བའི་དོན་གྱིས་རྗེས་སུ་འགྲོ་བ་ཡིན་པས་ན་སེམས་ཅན་གྱི ་དོན་གྱི་རྗེས་སུ་འགྲོ་བའོ། །འདི་སྐད་སྟོན་ཏེ། གང་དེ་བཞིན་གཤེགས་པ་གཞན་རྣམས་ཀྱིས་འཇིག་རྟེན་གྱི་བརྩོན་པའི་དབང་དུ་མཛད་ནས། ཕྱི་རོལ་ལ་བརྟེན་པས་ཆོས་ཉིད་སྟོན་པ་ཡིན་ལ། དེ་བས་ན་རྡོ་རྗེ་འཛིན་པས་ཀྱང། དེ་བཞིན་དུ་སྟོན་པར་མཛད་པར ་རིགས་ཏེ། ཕྱིན་ཅི་ལོག་གིས་ཀུན་འབྱུང་བས། ཅིའི་ཕྱིར་དེ་ལ་རྟོག་པ་མཛད་ཅེས་བྱའོ། །དེ་ཡང་དེ་བཞིན་གཤེགས་པ་རྣམས་ཀྱིས་བཀའ་སྩལ་པ། དེ་ཅིའི་ཕྱིར་ཞེ་ན་བྱ་བའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསོལ་བ་ཚངས་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྟེ། ་གང་གི་ཕྱིར་ཚངས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ནི་འཇིག་རྟེན་པའི་མངོན་པར་ཤེས་པའི་ཡེ་ཤེས་ཙམ་ཡོད་པར་གྱུར་པས་ཀྱང། ཆོས་ཀྱི་དེ་ཁོ་ན་ཉིད་མ་ལུས་པར་མི་ཤེས་པ་རྣམས་འདི་ལྟར་རྣམ་པར་རྟོག་སྟེ། །རྡོ་རྗེའི་བདག་ཉིད་ཅེས་བྱ་བ་ལ ་སོགས་པ་ལ། ཆོས་ཀྱི་དེ་ཁོ་ན་ཉིད་མི་མཁྱེན་པར་ཅིའི་ཕྱིར་བཅོམ་ལྡན་འདས་ནི་ཆོས་རྣམས་སྟོན་པར་མཛད་ཅེས་དེ་རྣམས་བློ་ལ་སེམས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། ་ཚངས་བ་ལ་སོགས་པ་སྐད་ཅིག་མ་དེ་ལ་འཁྲུལ་པ་འདིར་འགྱུར་མོད་ཀྱི། དེ་ལྟར་ན་ཡང་ཆོས་ཉིད་ཇི་ལྟར་གནས་པ་བཞིན་དུ་བསྟན་པར་བྱའི། སེམས་ཅན་རྣམས་བསླུ་བར་ནི་མི་བྱ་སྟེ། དེས་ན་ཚངས་པ་ལ་སོགས་པས་ཀྱང་རྣམ་པར་དཔྱོད་ན་ཤེས་བྱ་བར་འགྱུར་རོ། །དེད ་ཀྱིས་མི་ཤེས་སོ་ཞེས་བྱ་བ་ནི་ཆོས་ཉིད་ཟབ་པ་ཉིད་དུ་བཤད་པ་ཡིན་ནོ། །སྐུ་གསུམ་ཀྱི་རྡོ་རྗེ་ཆོས་ཉིད་ཉེ་བར་གཟུང་ནས་ཞེས་བྱ་བ་ནི་དེ་ལྟ་བུའི་ཆོས་ཉིད་ཉེ་བར་གཟུང་ན། དེ་ལྟ་བུ་ཉིད་ཀྱི་བྱ་བ་འབྱུང་བར་འགྱུར་ལ། ཆོས་ཉིད་དེ་ཡང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ ་གནས་པ་ཡིན་ནོ། །དེ་བས་ན་ཞི་བ་དང་ནི་སྲིད་པའི་ངོ་བོ་འདིར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །སྨྲ་བར་བྱེད་པ་ཞེས་བྱ་བ་ནི་དམིགས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་རྟོག་པས་ཀུན་རྫོབ་ཏུ་བཤད་པའོ། །སྨྲ་མ་ཡིན་ཞེས་བྱ་བ་ནི་དངོས་སུ་ན་ཚིག་ལ ་སོགས་པའི་ཚུལ་དང་བྲལ་བ་ཡིན་པའི་ཕྱིར་རོ། །འདི་བདག་ཉིད་གསལ་བར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞུས་པའི་རྗེས་ཐོགས་ལ། རྡོ་རྗེ་འཛིན་པས་གསུངས་པ་ནི་རང་གི་སྐུ་དང་གསུང་དང་ཐུགས་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར ་ཞུས་པ་དང། ལན་གྱི་རིམ་གྱིས་ཆོས་ཉིད་དམིགས་སུ་མེད་པའི་ཚུལ་ཉིད་དུ་གསུངས་པ་ཡིན་ནོ། ཞེས་བྱ་བ་ནི་མདོར་བསྡུས་པའོ། །གང་དུ་སྐུ་དང་གསུང་དང་ཐུགས་མེད་ཅེས་བྱ་བ་ནི་སྐུ་ལ་སོགས་པ་ནམ་མཁའ་དང་འདྲ་བ་ཉིད་ཡིན་པའི་ཕྱིར་རོ། དེང་གཟུཊ ་སུ་རྣམ་པར་བསྒོམས་ཞེས་བྱ་བ་ནི། །དེའི་ཚུལ་གྱིས་དེ་ཉིད་ལ་རང་ཉིད་སོ་སོར་སྣང་བའི་རིག་པ་འབྱུང་བའི་ཕྱིར་རོ། །ད་ནི་དབང་བསྐུར་བ་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། སངས་རྒྱས་དཀྱིལ་འཁོར་ཞེས་བྱ་བ་ནི་རྣམ་པར་སྣང ་མཛད་ཡོངས་སུ་གྱུར་པའི་རྡོ་རྗེའོ། །སྤྱི་བོར་རྡོ་རྗེ་ཞེས་བྱ་བ་ནི་སྐུ་རྡོ་རྗེའི་སྤྱི་བོར་མི་བསྐྱོད་པ་བསྒོམས་པའོ། །རྡོ་རྗེ་འཁོར་ལོ་འཛིན་པ་ཞེས་བྱ་བ་ལ། དབུ་ལ་རང་གི་རྡོ་རྗེ་མི་བསྐྱོད་པ་འཛིན་པ་སྟེ། དེའི་རྟེན་སྐུའི་རྡོ་རྗེ་འཁོར་ལོ་འཛིན་པ་བསམ་པར་བྱའོ་ཞེས་སྦྱར ་བར་སྦྱར་རོ། །དེ་བཞིན་དུ་རིག་པའི་སྐྱེས་བུའི་གཟུགས་གཞན་དག་ལ་ཡང་རིགས་དབྱེ་བས་དབང་བསྐུར་བའི་ངེས་པ་བསམ་པར་བྱའོ། ཞེས་གསུངས་པ་ནི་ཐམས་ཅད་རིགས་ཀྱིས་བྱེ་བྲག་གིས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །མཆོག་འགྱུར་ཞེས་བྱ་བ་ནི ་དེ་ལྟ་བུས་འགྲུབ་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བསྒྲུབ་པར་བྱ་བ་འགྲུབ་པ་ན་བསྲུང་བར་བྱ་ཞིང་ཏིང་ངེ་འཛིན་གྱིས་ཀྱང་ཚིམ་པར་བྱས་ལ། སྤྱན་བསམ་པར་བྱའོ། ཞེས་བྱ་བ་གསལ་བར་བྱ་བའི་ཕྱིར། གསང་བའི་དབྱིངས་ལས་ཞེས་བྱ་བ་ལ་སོཊ ་པ་གསུངས་ཏེ། དེ་ནི་སྤྱན་དང་མཱ་མ་ཀཱི་དག་ཀྱང་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །རྡོ་རྗེ་གསུམ་གྱིས་མཚན་མའི་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོ། །ཞེས་བྱ་བ་དེ་དྲན་པར་བྱ་བའི་ཕྱིར་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། སྐུ་དང་གསུང ་དང་ཐུགས་ཉིད་ནི་དམ་ཚིག་སྟེ། ཕྱག་རྒྱ་ཆེན་པོ་ལ་འདའ་མི་བྱ་བ་ཡིན་ནོ། །ཆོ་ག་བཞིན་དུ་ཐམས་ཅད་ཅེས་བྱ་བ་ནི་ཇི་སྐད་བཤད་པའི་བསྐྱེད་པ་ལ་སོགས་པའི་ཆོ་གས་ཕྱག་རྒྱ་ཆེན་པོའི་དོན་ཐམས་ཅད་བརྟག་པར་བྱའོ། །ལག་པ་ཕྱག་རྒྱ་མི་བཅིང ་ངོ་ཞེས་བྱ་བ་ནི་དེ་ཡང་རྣམ་པར་གཡེང་བའི་ཚུལ་ཡིན་པའི་ཕྱིར་ཏེ། དགུག་པ་ལ་སོགས་པ་ཡིད་ཉིད་ཀྱིས་བྱའོ། །ཆོག་བཞིན་ཞེས་བྱ་བ་ནི་འབར་བ་ལ་སོགས་པ་བྱས་ནས་སོ། །བཟའ་ཞེས་བྱ་བ་ནི་བཤད་གཅི་ལ་སོགས་པ་ཉིད་དོ། །བདུད་རྩི་ལྔ་ལ་སོགས་པའི་སྐྱོར ་བ་རྣམས་ངེས་པར་བྱ་བ་ཉིད་དུ་བསྟན་པར་བྱ་བའི་ཕྱིར་ཡང་ཉེ་བར་དགོད་པ་སྨོས་པ་ཡིན་ཏེ། དེ་བཞིན་དུ་འདིའི་འོག་མ་རྣམས་ཡང་ཅི་རིགས་པར་ཁོང་དུ་ཆུད་པར་བྱའོ། །ཕུང་པོ་ལ་སོགས་པའི་རྣམ་པར་དག་པ་གསུངས་པ་ནི་མདོར་ན་ཞེས་བྱ་བ་ལ་སོགས་པ ་སྟེ། རྡོ་རྗེའི་སྐྱེ་མཆེད་རྣམ་ཉིད་ནི་ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་སྟོན་ཏེ། མིག་ལ་སོགས་པའི་གནས་རྣམས་ཉིད་དུ་སའི་སྙིང་པོ་ལ་སོགས་པ་བཞག་པར་བྱའི་གཟུགས་རྡོ་རྗེ་ལ་སོགས་པ་ལྟར་དཀྱིལ་འཁོར་པ་ནི་མ་ཡིན་ནོ། །རྡོ་རྗེ་འཛིན་པ་དེ་ཉིད ་ཡིན་ཞེས་བྱ་བ་ལ། རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་འཛིན་པས་ན་རྡོ་རྗེ་འཛིན་པ་སྟེ། ནམ་མཁའ་ཨི་དབྱིངས་ཡིན་གྱི་སྟོན་པ་པོ་ནི་མ་ཡིན་ནོ། །སློབ་དཔོན་གྱི་བ་སྤུའི་བུ་ག་གཅིག་ཁྱད་པར་དུ་འབགས་སོ། །ཞེས་བྱ་བ་ནི་གསང་བ་འདུས་པའི་བྱང་ཆུབ་ཀྱི ་སེམས་བསྒོམས་པ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་ནི་ས་འོག་མ་པའི་ཕ་རོལ་ཏུ་ཕྱིན་པའི་སངས་རྒྱས་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །དེ་ཡང་གང་གིས་ཕྱིར་གསང་བ་འདུས་པའི་སློབ་དཔོན་ནི ་ཚེ་འདི་ཉིད་ལ་སངས་རྒྱས་ཞེས་བྱ་བའི་གྲངས་སུ་འགྲོ་བ་ཡིན་ནོ། །ད་ནི་དེ་ལྟ་བུའི་སློབ་དཔོན་ལ་བརྙས་པ་བྱས་པའི་སེམས་ཅན་རྨོངས་པ་ནི་དམྱལ་བར་འགྲོ་བར་འགྱུར་རོ། །ཞེས་སེམས་ཤིང་བྱམས་པ་ལ་སོགས་པ་ཅང་མི་སྨྲ་བར་གྱུར་པ་ཡིན་ནོ། །དེ་ནས ་ཞེས་བྱ་བ་ལ་སོགས་པ་ནས་བརྩམས་ཏེ། ཁྱེད་རྣམས་ཉོན་ཅིག་ཅེས་བྱ་བ་ལ་སོགས་པ་ནས་བསམ་གཏན་དཀྱིལ་འཁོར་རོ། །ཞེས་བྱ་བའི་བར་ནི་གསང་བའི་དབང་བསྐུར་བ་དང་འབྲེལ་པ་ཡིན་ཏེ། བདག་གིས་མ་བཤད་དོ། །ཁྲོ་བོ་རྡོ་རྗེ་མཁའ་འགྲོའི ་རྣལ་འབྱོར་བཤད་པའི་ཕྱིར་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། འདིར་རིམ་པ་ནི་འདི་ཡིན་ནོ། །ཆོ་ག་བཞིན་དུ་རྡོ་རྗེ་འཛིན་པ་ཡོངས་སུ་གྱུར་པ་ལས། ཡི་གེ་ཧྲཱི(རྒྱུད་འགྲེལ་བྱུང་བ། ཉི་མའི་གདན་ཅན་ཁ་དོག་ནག་པོ་ཞལ་གསུམ་པ་ཕྱག་གཡས་པ་གཉིས་ན། རྡོ་རྗེ་དང་རྩེ་གསུམ་བསྣམས་པ། གཡོན་པ་གཉིས་ན་ཐོད་པ་དང་ནོར་བུ་བསྣམས་པ་ཕྱག་གཙོ་བོ་གཉིས་ཀྱི་རྡོ་རྗེ་མཁའ་འགྲོ་ལ་འཁྱུད་པ། རྡོ་རྗེ་གསུམ་ལ ་སོགས་པས་བྱིན་གྱིས་བརླབ་པའི་རྡོ་རྗེ་མཁའ་འགྲོ་བསམས་ལ་བསྒྲུབ་པར་བྱ་བའི་ཤ་ལ་སོགས་པས་ནམ་མཁའ་ཨི་ཁམས་གང་བར་བསམས་ཏེ། འོད་ཟེར་ལྔའི་འོད་དང་ལྡན་པའི་རང་གིས་ལྕེ་རྣམ་པར་འགྱུར་བ་བསྒོམས་ལ་བསྒྲུབ་པར་བྱ ་བའི་ཁྲག་ལ་སོགས་པ་ཧཱུཾ་ཧྲཱི་ཁཾ་ཞེས་བྱ་བའི་སྔགས་ཀྱིས་ཕབ་ལ་ཐོད་པ་ལས་བཏུང་བར་བྱའོ། །སྦྱོར་བ་འདི་ཉིད་ཀྱིས་བསྒྲུབ་པར་བྱ་བ་ཕུར་བུས་གདབ་པར་ཡང་བྱའོ། །ཞེས་གསུངས་པ་ནི་རྩེ་གསུམ་ཞེས་བྱ་བ་ལ་སོགས་པ་སྟེ། དེས་ན ་སྒྲུབ་པར་བྱ་བའི་ཁྲག་ལ་སོགས་པ་དྲངས་པར་འགྱུར་རོ། །དམ་ཚིག་བཟའ་བའི་རྫས་གསལ་བར་བྱ་བ་ནི་བཟའ་བའམ་ཞེས་བྱ་བ་ལ་སོགས་པ་སྟེ། ཆོ་ག་བཞིན་དུ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་བསྒོམ་པས་སོ། ། ་མཆོད་པའི་ཡོ་བྱད་མཆོག་ལྔ་ཡིས། མཆོད་པས་ཞེས་བྱ་བ་ནི་དཔའ་བོ་ལྔ་ལ་སོགས་པས་ལྷ་རྣམས་ལ་མཆོད་པར་བྱའོ། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས་ཞེས་བྱ་བ་ལ་སོགས་པ་ནི་ལས་ལ་གནས་པར་གྱུར་ནས་བྱང་ཆུབ་ཀྱི ་སེམས་རྒྱས་པས་ནམ་མཁའ་ཨི་ཁམས་བཀང་ལ། དེའི་ཚེ་བྱང་ཆུབ་ཀྱི་སེམས་ཀྱི་ཕྲ་རབ་ཀྱི་ཚོགས་དེ་བཞིན་གཤེགས་པའི་བཀོད་པར་བསྐྱེད་ནས་ལྷ་མོའི་པདྨར་བཅུག་སྟེ། ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་གྱུར་པར་བསམས་ལ། ་རང་གི་ཁར་དྲངས་ཏེ་སྤྱད་ལ། དེས་རང་གི་ལུས་ལ་གནས་པའི་ལྷའི་འཁོར་ལོ་དང། དཀྱིལ་འཁོར་པ་རྣམས་ཚིམ་པར་བྱའོ། །སེམས་ཅན་ཁམས་རྣམས་མཛའ་ཡས་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་བདག་གིས་མི་བཤད་དོ། །དམ་ཚིག་འཛིན་པ་ཞེས་བྱ། ་བ་ནི་རྒྱུད་ལས་གསུངས་པའི་དམ་ཚིག་གི་སྤྱོད་པ་དང་དེ་ཁོ་ན་ཉིད་ཤེས་པར་བྱས་པའོ། །དམ་ཚིག་གསུམ་གྱི་རྡོ་རྗེས་སྤྱད་ཅེས་བྱ་བ་ནི་སྐུ་ལ་སོགས་པ་བྱིན་གྱིས་བརླབས་པའི་རྗེས་ཐོགས་ལ་ཆོ་ག་བཞིན་དུ་སྤྱད་པར་བྱའོ། །སྐུ་གསུང་ཐུགས་ཀྱི ་ལོངས་སྤྱོད་ཅེས་བྱ་བ་ནི་རྡོ་རྗེ་གསུམ་མི་ཕྱེད་པའི་ཟླ་བ་ཞུ་བའི་གཟུགས་སོ། །དེར་གསང་གནས་གསུམ་ནི་ཆོས་འབྱུང་བའོ། །རྡོ་རྗེ་ནི་རྡོ་རྗེ་སྟེ། དེ་གཉིས་ལས་བྱུང་བའི་བདེ་བ་ཆེན་པོ་སྐྱེས་པ་དེ་དག་གིས་བསྒྲུབ་པར་བྱ་ཞིང་བཟའ་ཞིང་དགེ་བ་ཡིན་ནོ། ་ཞེས་བྱ་བ་དེ་ལྟ་བུའི་བསམ་པ་དང་ལྷག་པར་མོས་པས་བསྒོམ་པར་བྱ་སྟེ། མངོན་པར་ཞེན་པ་བརྟན་པོར་བྱ་བའི་དོན་ཏོ། །རྣལ་འབྱོར་པ་བསྒོམ་པས་དུབ་པ་ལ། སྐྱོ་བ་བསལ་བའི་ཆོ་ག་གསུངས་པ་ནི། མཐོ་གང་ཙམ་གྱིས་ཞེས་བྱ་བ་ལ་སོགས་པ་སྟེ། སྤྱི ་བོའི་སྟེང་དུ་མཐོ་གང་ཙམ་གྱིས་སྤགས་པར་བདུད་རྩི་ལྔའི་དཀྱིལ་འཁོར་མཐོ་གང་ཙམ་པ་ཉིད་གདུགས་དཀར་པོ་ལྟ་བུ་ཡོངས་སུ་བརྟགས་ལ། དེའི་དབུས་སུ་ནི་གནས་པའི་ཁ་དོག་ལྔ་པའི་ཨོཾ་གྱི་འོད་ཀྱིས་ཞུ་བར་གྱུར་ནས་ཟླ་བ་ལྟ་བུའི་བདུད ་རྩིའི་རྒྱུན་ཉིད་རྐན་གྱི་ཕྱོགས་སུ་བཟས་པས་སྐུ་རྡོ་རྗེ་ལ་སོགས་པ་རྩ་སྦུབས་མ་ལུས་པའི་རྒྱུ་བ་ནས་ཆོ་ག་བཞིན་དུ་ཚིམ་པར་བྱའོ། །འདི་དག་ཀྱང་རང་གི་སྙིང་པོའི་དེ་ཉིད་དེས་རྟོགས་པས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་དང ་སྦྱར་བར་བྱའོ། །ཕྱི་རོལ་ཏུ་ལྟ་བ་ལ་ཞེན་པའི་མཆོད་རྟེན་གྱི་ལས་ལ་སོགས་པ་དགག་པ་གསུངས་པ་ནི། མཆོད་རྟེན་དག་གིས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། གང་ཞིག་ཕྱི་རོལ་ལ་ཞེན་པའི་བློས་མཆོད་རྟེན་ལ་སོགས་པ་བྱེད་པ་དེ་ལ་ནི ་བསོད་ནམས་ཅུང་ཟད་དུ་འགྱུར་མང་ཀྱི། དེ་ལ་དམིགས་པས་མངོན་པར་ཞེན་པས་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་ནི་མ་ཡིན་ནོ་ཞེས་ཤེས་པར་བྱའོ། །དུག་བསལ་བའི་ཆོ་ག་གསལ་བར་བྱ་བའི་ཕྱིར་གསུངས་པ་ནི་བྷཾ་ཞེས་བྱ ་བ་ལ་སོགས་པའོ། །འདིར་ཆོ་ག་ནི་འདི་ཡིན་ཏེ། ཡི་གེ་བྷཱུཾ་ལས་གཙུག་ཏོར་འཁོར་ལོ་སྒྱུར་བ་དཀར་པོའི་རྣལ་འབྱོར་རམ། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་བྱས་ལ་ལག་པ་གཡས་པར་ཡི་གེ་བྷྲུཾ་ཉིད་ལ་འཁོར་ལོ་རྩིབས་བརྒྱད་པ་དཀར་པོ་ལ ་དེའི་ལྟེ་བར་ཡི་གེ་བྷྲུཾ་འོད་ཟེར་དཀར་པོ་དང་ལྡན་པ་རྣམ་པར་བསམས་ལ། དུག་གིས་ཁྱབ་པའི་ལུས་ལ་གནས་པའི་དུག་ལ་འོད་ཟེར་གཞུག་ཅིང་འབྱིན་པས་བྱ་བ་ཅིང་བསལ་བར་བྱའོ། །དོན་འདི་ཉིད་ལྷག་པར་བཅུག་ལ། རྟ་མགྲིན་ལ་བཤད ་པའི་ཆོ་གས་དུག་དྲང་བར་བྱའོ་ཞེས་སྦྱར་བར་བྱའོ། །དེ་བཞིན་དུ་གནོན་པ་ལ་ཡང་ཁ་དོག་སེར་པོའི་རྣལ་འབྱོར་ལ་སོགས་པ་བྱ་སྟེ། སྟམ་བཞིན་དུ་ལས་རྣམ་ཅི་རིགས་པར་བྱའོ། །གྲོ་གལ་སོགས་པ་ལ་བྲི་བར་བྱ་བ་འམ། བསྒོམ་པར་བྱ་བའི ་སྲུང་བའི་འཁོར་ལོའི་ཆོ་ག་བཤད་པའི་ཕྱིར་གསུངས་པ་དེ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ཡང་བདག་གིས་མ་བཤད་དོ། །ཉྫ་ནའི་ཁྱད་པར་བཤད་པའི་ཕྱིར་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། འདི་དག་ལ ་དམིགས་ནས་ཆོ་ག་བཞིན་དུ་བཟླས་བརྗོད་འབུམ་བྱས་ཏེ། སྙོམས་པར་ཞུགས་པ་དང་ལྡན་པའི་རང་གི་ལྷའི་རྣལ་འབྱོར་དང་ལྡན་པས། ལམ་གྱི་བཞི་མདོ་ལ་སོགས་པར་མར་གྱི་ངོའི་ཚེས་བཅུ་བཞི་ལ་མཚན་ཕྱེད་ཀྱི་དུས་སུ་ཐོད་པའི་སྟེང ་དུ་འདུག་སྟེ་ཐོད་པ་དེ་ལས་གཞན་པ་གཉིས་རྐང་པ་གཉིས་ཀྱི་འོག་ཏུ་བཞག་ནས་དཀྱིལ་འཁོར་བྲིས་ལ། ཁ་སྤུབ་པའི་ཐོད་པ་གསུམ་གྱི་སྟེང་དུ་གནས་ཏེ། བདུད་རྩི་ལྔ་ལ་སོགས་པ་དང་བཅས་པའི་ཏིལ་མར་ཆེན་པོས་གང་བའི ་ཁྲག་དང་བཤད་བ་ལ་སོགས་པས་སྒོས་པའི་ཨ་རྐའི་ཤིང་བ་ལ་གྱི་སྡོང་བུ་པདྨའི་སྣལ་མས་དཀྲིས་པས་མེ་མར་སྦར་ནས་ཐོད་པ་གཉིས་པར་རང་གི་སྔགས་བཟླས་པའི་དུད་པ་བཅུག་ལ། དེ་ཉིད་དུ་བཤད་མ་ཐག་པའི་ཕྲེང་བའི་སྔགས་ཀྱི་བརྒྱ ་རྩ་བརྒྱད་མངོན་པར་བཟླས་པ་བྱས་ཏེ། མིག་ཏུ་བྱུག་པར་བྱའོ། །དེ་ནས་སྐུ་ལ་སོགས་པའི་དངོས་གྲུབ་གསུམ་དུ་འགྱུར་རོ། །ཆོས་ཀྱི་རྣམ་གྲངས་འདིའི་ཆེ་བའི་བདག་ཉིད་ཤེས་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས ་ཞུས་པ་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟོན་ཏོ། །ལན་གསུངས་པ་ནི་དེ་ནས་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟོན་ཏོ། །ངས་མ་གསུངས་སོ་ཞེས་བྱ་བ་ནི་མར་མེ་མཛད་ལ་སོགས་པའི་བདག་ཉིད་མཛད་ནས་མ་གསུངས་པ ་སྟེ། སྤྲོས་པ་མེད་པའི་རྡོ་རྗེ་འཛིན་པའི་བདག་ཉིད་ཀྱིས་ན། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང། མར་མེ་མཛད་ལ་སོགས་པ་ནི་ཐ་མི་དད་པ་ཉིད་ཡིན་ལ། སྤྲོས་པའི་ཚུལ་གྱིས་ནི་ཁྱད་པར་ཡོད་དོ་ཞེས་བྱ་བར་དགོངས་སོ། །སྡུག་བསྔལ་གསུམ ་ཞེས་བྱ་བ་ནི་ལུས་ལ་སོགས་པའི་སྡུག་བསྔལ་ལོ། །དེའི་ཚེ་འབྱུང་བའི་སེམས་ཅན་འདི་ལྟ་སྟེ། སེམས་ཅན་རྣམ་པ་གཉིས་དང། འབྱུང་པོ་རྣམས་སྡུག་བསྔལ་གསུམ་དང་ལྡན་པར་ཤེས་ནས་བྱང་ཆུབ་སེམས་དཔའ་རྣམས་ང?་ཡིན་ནོ། །དེ་ནས་དེ་རྣམས ་བཟློག་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ཀྱིས་བཀའ་སྩལ་བ་ནི་ཡི་གེ་ནི་ཐུན་མོང་སྟེ། ཞེས་བྱ་བ་ལ་སོགས་པའོ། །ཡི་གེའི་ཚིག་འདི་ནི་ཐུན་མོང་ཉིད་ཡིན་ཏེ། ཇི་ལྟར་བྱང་ཆུབ་སེམས་དཔའ་ཁྱེད་རྣམས་ཀྱིས་དེའི་ཚེ་གསང་བའི་ཡི་གེ་དེ་མི ་ཤེས་བ་དེ་བཞིན་དུ། བདག་ཅག་རྣམས་ཀྱིས་ཀྱང་མངོན་པར་རྫོགས་པར་སངས་རྒྱས་པ་ན། ཐུན་མོང་དུ་གྱུར་པའི་ཕོངས་པ་དེལ་ཅིའི་ཕྱིར་མྱ་ངན་བྱེད་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསོལ་པ། ཁྱེད་རྣམས་ཀྱིས་ཅིའི་ཕྱིར་གསང་བའི་ཡི་གེ་དེ་རྣམས ་མཁྱེན་པར་མ་གྱུར་དེ་བཞིན་གཤེགས་པ་རྣམས་ཀྱིས་བཀའ་སྩལ་པ། གསང་བའི་ཡི་གེ་གསུམ་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་སྟེ། ཡི་གེ་དེ་རྣམས་ནི་སྐུ་ལ་སོགས་པ་རྣམ་པར་དག་པའི་ངོ་བོ་ཉིད་ཡིན་ཞིང་དེ་ཁོ་ན ་ཉིད་དུ་གྱུར་པ་ཐམས་ཅད་མཁྱེན་པའི་རྒྱུ་ཡིན་ལ། བདག་ཅག་རྣམས་ནི་དེའི་ཚེ་མངོན་པར་རྫོགས་པར་སངས་མ་རྒྱས་པ་ཡིན་ཏེ། དེས་ན་བདག་ཅག་རྣམས་ཀྱིས་མི་ཤེས་པ་ཡིན་ནོ། །རྡོ་རྗེ་གསུམ་ཡི་གེ་སྔགས་ཀྱི་མཆོག་ཕྱག་རྒྱ་ཆེན་པོ་ལ་སོགས་དྲ: ་བསྒོམས་པར་བྱའོ། །ཡེ་ཤེས་རྡོ་རྗེ་ཞེས་བྱ་བ་ནི་བར་སྐབས་འདིར་ཀཱ་ལིར་གྱུར་པའི་རྡོ་རྗེ་འཛིན་པ་ལ། ལྷ་མོ་རྣམས་ཀྱིས་བླངས་པའི་ཚིགས་སུ་བཅད་པ་བཤད་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བས་ན་སྤྱན་ལ་སོགས་པའི་ལྷ་མོ་རྣམས ་ཀྱིས་ནི་གླུའི་སྒྲ་ཡིས་བསྐུལ་བར་བྱས་པར་བསམ་ཞེས་སྨོས་པ་ཡིན་ནོ། །རིག་མའི་པདྨའི་ནང་དུ་སྤྲུལ་པའི་དཀྱིལ་འཁོར་དུ་ཞུགས་པའི་སེམས་ཅན་གྱི་ཁམས་སྣོད་དུ་རུང་བར་བྱ་བའི་ཕྱིར། དབང་བསྐུར་བ་སྦྱིན་པ་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས ་པ་ཡིན་ཏེ། དམ་ཚིག་གི་འཁོར་ལོས་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པའི་རྡོ་རྗེ་འཛིན་པའི་བདག་ཉིད་ཀྱིས་ནམ་མཁའ་ཨི་ཁམས་ཐམས་ཅད་ཅེས་བྱ་བ་ནི་ཆོས་འབྱུང་བར་ཁང་པ་རྩེགས་མ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཡོངས་སུ་གྱུར ་པའི་ཚུལ་གྱིས་དབང་བསྐུར་བ་སྦྱིན་པའི་དོན་དང། རབ་ཏུ་ལྡན་པས་ཟླ་བ་ཞུ་བས་གང་བར་གྱུར་པའོ། །འདི་ནི་སེམས་ཅན་ཐམས་ཅད་ཀྱི་དབང་བསྐུར་བའོ། དེ་ཡང་ཟླ་བཞུ་བའི་གཟུགས་སུ་གྱུར་པ་དང། དེས་ནི་དེ་རྣམས་དེ་འོག་དབང་བསྐུར་བྱ་ཞེས ་སྨོས་པ་ཡིན་ནོ། །དེ་ནས་སེམས་ཅན་དེ་རྣམས་རྡོ་རྗེའི་ཡེ་ཤེས་ཅན་དུ་གྱུར་ཏོ། །དེ་ཡང་ཇི་སྐད་དུ་སའི་སྙིང་པོ་ཕྱག་ན་རྡོ་རྗེ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །འདོད་པའི་ཁམས་ན་མ་ཡིན་ཞེས་བྱ་བ་ལ་སོགས་པས་ནི་རྟོགས་པར་བྱ་བའི་ངོ ་བོ་ཉིད་ལས་ཐ་དད་པར་གྱུར་པའི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་དགག་པ་ཡིན་ཏེ། ཆོས་ཐམས་ཅད་དམིགས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱིས་གཉིས་སུ་མེད་པ་ཡིན་པའི་ཕྱིར་རོ། །དེ་ཡང་ཇི་སྐད་དུ་ཞི་བ་དང་ནི་སྲིད་པའི་ངོ་བོ་འདིར་ཞེས་བྱ་བ་ལ ་སོགས་པ་སྨོས་པ་ཡིན་ནོ། །ཁམས་གསུམ་པོ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཞེས་བྱ་བ་ནི་བརྟན་པ་དང། གཡོ་བའི་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་སྐུའི་དཀྱིལ་འཁོར་དུ་རང་རང་གི་ངོ་བོ་ཐ་མི་དད་པར་གནས་ཞེས་བྱ་བའི་དོན་ཏོ། །ལུས་དང་བྲལ་བས ་ངག་དང་སེམས་ཉེ་བར་དགོད་པ་སྟེ། དེ་ཉིད་ཀྱིས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །དེ་བཞིན་དུ་འདིའི་འོག་མ་རྣམས་ལ་ཡང་ཤེས་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་ནས་ཞེས་བྱ་བའི་མཐར་ཐུག་པའི་ལེའུ ་བཅུ་བདུན་གྱིས་ནི་རྩ་བའི་རྒྱུད་རྫོགས་པ་ཡིན་ནོ། །ལེའུ་བཅུ་བདུན་པའི་འགྲེལ་པའོ།། །།དཔལ་གསང་བ་འདུས་པ་ཞེས་བྱ་བའི་རྩ་བའི་རྒྱུད་ཀྱི་འགྲེལ་པ་རྫོགས་སོ།། །།འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ད་ནི་དེ་ནས་ཞེས ་བྱ་བ་ལ་སོགས་པས་རྩ་བའི་རྒྱུད་ཀྱི་བཤད་པའི་ངོ་བོར་གྱུར་པ་རྒྱུད་ཕྱི་མ་ལེའུ་བཅོ་བརྒྱད་པ་གསུངས་པ་ཡིན་ཏེ། ཇི་སྐད་དུ་བཤད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བ་དང་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་དེ་དག་བསྟན ་པའི་ལེའུ་བཅུ་བདུན་པ་ལས་བཤད་པའོ། །དངོས་པོ་ཐམས་ཅད་ཀྱིས་ཞེས་བྱ་བ་ནི་རང་གི་ལུས་ལ་སོགས་པ་རྩེ་གཅིག་པ་སྟེ། འདི་ནི་བྱེད་པ་པོའི་ཁྱད་པར་རོ། །ཇི་ལྟ་བ་དང་ཞེས་བྱ་བ་ནི་ལུས་ལ་སོགས་པ་ལྷའི་བདག་ཉིད་ཅན་ཏེ། འདི་ནི་ལས་ཀྱིས་ཁྱད ་པར་པོ། དུས་ཇི་བཞིན་པར་ཞེས་བྱ་བ་ནི་གླེང་གཞིའི་ལེའུ་ལ་སོགས་པ་ལས་གསུངས་པའི་རིམ་གྱིས་ཏེ། འདི་ནི་བྱ་བའི་ཁྱད་པར་རོ། །མཐོང་བ་ནི་སྐུའི་རྣམ་པས་སོ། །ཐོས་པ་ནི་གསུང་གི་རྣམ་པས་སོ། །ཁོང་དུ་ཆུད་པ་ནི་ཐུགས་ཀྱི་རྣམ་པས་ཏེ། སོ ་སོ་རང་རིག་པའི་ཚུལ་གྱིས་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བར་སྦྱར་རོ། །རྡོ་རྗེ་གསུམ་གྱི་ཞེས་བྱ་བ་ནི། སྐུ་རྡོ་རྗེ་ལ་སོགས་པ་ལ་གོ་རིམ་ཇི་ལྟ་བ་བཞིན་དུ་བཞུགས་པ་འདི་ནི་སྐུ་གསུངས་ཐུགས་ཀྱི་ངེས་པ་སྟེ། དེ་ནི་ངོ་མཚར་ཆེའོ། ། ་དེའི་དོན་ནི་འདི་ཡིན་ཏེ། རྣལ་འབྱོར་པ་རྣམས་ཀྱི་སྐུ་རྡོ་རྗེའི་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་ནི་སྐུ་རྡོ་རྗེ་ཉིད་ལ་རྣམ་པར་གནས་ལ་སྡུད་པ་ན་ཡང་རང་གི་སྐུ་རྡོ་རྗེ་ཉིད་ལ་རབ་ཏུ་འཇུག་གི་གཞན་དུ་ནི་མ་ཡིན་ཏེ། དེ་བཞིན་དུ་གཞན་དག་ལ་ཡང་སྦྱན ་བར་བྱའོ། །དེ་བས་ན་འདིས་ནི་དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཁམས་གསུམ་པ་ཐམས་ཅད་ཀྱི་ལས་ཞེས་བྱ་བ་ལ་སོགས་པ་འདི་ཉིད་ཀྱི་ལེའུ་བཅུ་བདུན་པ་ལས་གསུངས་པའི་འདས་མ་ཐག་པའི་དོན་སྟོན་པ་ཡིན་ནོ། ། ་དུས་གསུམ་རྡོ་རྗེའི་ངོ་བོ་ཉིད་ཅེས་བྱ་བ་ནི་དུས་གསུམ་གྱི་སངས་རྒྱས་ཀྱི་ངོ་བོ་ཉིད་དུ་སེམས་ཅན་ཐམས་ཅད་ཡང་དག་པར་འབྱུང་བ་ཡིན་ལ་དེ་བས་དེ་རྣམས་ནི་དོན་དམ་པར་སངས་རྒྱས་ཉིད་ཡིན་པར་གསུངས་སོ། །བྱང་ཆུབ་རྡོ་རྗེའི ་གནས་ཐོབ་པ་ཞེས་བྱ་བ་ནི་དེ་ཉིད་ཀྱིས་ན་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། ཞེས་གསུངས་པ་དང། དེ་བཞིན་དུ་སྲིད་དང་ཞི་བའི་ངོ་བོའི་ཆོས་ཉིད་དག་།འདིར་ནི་དབྱེ་བ་འགའ་ཡང་ཡོད་མིན་ཏེ། གཟུང་བྱ ་ལ་སོགས་རྣམས་བྲལ་བས། །དེ་ཕྱིར་ཐམས་ཅད་དུ་ནི་རྟག་ཏུ་འགྲུབ་ཅེས་བཤད་པས་སོ། །ེ་མའོ་འཁོར་བ་དག་གི་རྒྱུན། །ེ་མའོ་མཆོག་ཏུ་མྱ་ངན་འདས། ཞེས་བྱ་བ་ནི་འཁོར་བའི་རྒྱུན་ཉིད་ནི་དེ་ཁོ་ན་ཉིད་ཞེས་བྱ་བ་ནི་མྱ་ངན ་འདས་པའོ། ཞེས་བྱ་བ་ནི་ངོ་མཚར་ཆེའོ། །དེ་ཡང་འཁོར་བ་དང་ནི་མྱ་ངན་འདས། །འདི་གཉིས་ཡོད་པ་མ་ཡིན་ཏེ། །འཁོར་བ་ཡོངས་སུ་ཤེས་པ་ནི། །མྱ་ངན་འདས་ཞེས་བཤད་པ་ཡིན་ཞེས་འབྱུང་བའོ། །གསང་བ་ཞེས་འདིར་གང ་ལ་བགྱི་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་ལ་ཞུས་པ་ཡིན་ཏེ། ཞུས་པ་འདི་རྣམས་ཀྱི་དོན་ནི་འོག་ནས་བཤད་པ་ལས་འདི་ཉིད་གསལ་བར་སྟོན་པར་འགྱུར་རོ། །སྐུ་གསུང་ཤུགས་ཀྱི་རྡོ་རྗེ་ཡིས་ཞེས་བྱ ་བ་ལ་སོགས་པ་ནི་རང་རང་གི་ལུས་དང་ངག་ཡིད་རྡོ་རྗེ་རྣམས་ཀྱིས་སོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལ་ཞེས་བྱ་བ་ནི་ཡང་དག་པར་རྟོགས་པའི་བདག་ཉིད་ཅན་གྱི་རྡོ་རྗེ་ཅན་སྐུ་ལ་སོགས་པའི་ལྷའི་བདག་ཉིད་ཅན་དུ་ཡང་དག་པར་གཟུང་ཞིང་ཡང་དག་པར ་རྟོགས་པ་ལ་རྩེ་གཅིག་ཏུ་བྱས་ནས་ཉོན་ཅིག་ཅེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པའི་གསུང་དང་རྗེས་སུ་མཐུན་པར་དེ་ཉིད་ལ་བྱང་ཆུབ་སེམས་དཔའ་དེ་རྣམས་རྗེས་སུ་འཇུག་པར་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་བྱང་ཆུབ་པའི་བདག་ཉིད་ཅན་རྡོ་རྗེ་འཆང་ཆེན་པོའི་སྐུ་རྡོ་རྗེ་ལ་སོགས་པ་རང་རང་གི་ལུས་རྡོ་རྗེ་ལ་སོགས་པས་དམིགས་ན། ལུས་ལ་སོགས་པའི་ངོ་བོ་ཉིད་རྡོ་རྗེ་འཆང་གི་བདག་ཉིད་ཡིན་པར་རྟོགས་ཤིང ་མངོན་དུ་བྱས་ནས་ཅད་མི་སྨྲ་བར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །བྱིན་གྱིས་བརླབས་ནས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེ་རྣམས་ཉན་པ་པོའི་སློབ་མ་ཉིད་དུ་གྱུར་པར་མཛད་ཅེས་བྱ་བའི་དོན་ཏོ། །འདི་ཉིད་ནི་ཆོས་སྟོན་པར་མཛད་པའི་དུས ་ཡིན་ནོ། །ད་ནི་ཞུས་པ་རྣམས་ཀྱི་ལན་བསྟན་པའི་ཕྱིར། སྐུ་གསུང་ཐུགས་ནི་རྣམ་པ་གསུམ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུད་ཀྱི་འབྲེལ་པ་ཇི་ལྟ་བ་ཞེས་བྱ་བའི་ལན་བསྟན་པར་བྱ་བའི་ཕྱིར་ལྔ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ལྔ་པ ་ལས་ནི་སྒྲུབ་པོ་གསུངས་ལ། དགུ་པ་ལས་ནི་དམ་ཚིག་བཞི་གསུངས་སོ། །བཅུ་བདུན་པ་ཞེས་པ་ནི་བཅུ་བདུན་པ་ལས་ནི་བསྲུང་བར་བྱ་བའི་དམ་ཚིག་གོ་།བཅུ་གསུམ་པ་ལས་ནི་གསང་སྔགས་ཀྱི་བཟླས་བརྗོད་ལ་སོགས་པ་གསུངས་སོ། །དེའི་དོན་ནི་འདི་ཡིན་ཏེ། ་ལྔ་པ་ལས་བཤད་པའི་སྒྲུབ་པ་པོ་ནི་ལེའུ་དགུ་པ་ལ་སོགས་པ་ལས་གསུངས་པའི་དོན་དང་འབྲེལ་ཏེ། དེ་བསན་འདི་ནི་བཅོམ་ལྡན་འདས་ཀྱིས་གང་བསྟན་པར་མཛད་པ་དེ་ཉིད་ནི་སྒྲུབ་པ་ཆེན་པོའོ། །བཞི་པར་ནི་དཀྱིལ་འཁོར་གྱི་ཆོག ་གསུངས་ལ། སློབ་དཔོན་གྱིས་ལས་དེ་ཡང་བཅུ་དྲུག་པ་ལས་བརྟུལ་ཞུགས་དང་དཀྱིལ་འཁོར་གསུངས་སོ། །བརྒྱད་པ་ལས་ནི་དེ་ཁོ་ན་ཉིད་དང་རྗེས་སུ་འབྲེལ་བའི་མཆོད་པ་གསུངས་ཏེ་དེ་ཉིད་ནི་སྡོམ་པའོ། །བཅུ་གཉིས་པ་ལས་ནི་ཐུན་མོང་གི་དངོས ་གྲུབ་གསུངས་སོ། །བརྒྱད་པ་ཞེས་བྱ་བ་ལ་སོགས་པ་ལ་སྔར་བརྒྱད་པའི་སྒྲ་སེམས་པའི་ཕྱིར་གཞུང་ལྷག་པ་ཡིན་པས་ན་དྲུག་པ་ཡིན་པར་བཤད་ལ། དེ་ལ་དྲུག་པ་ལས་ནི་རྗེས་སུ་གཉིས་པ་དང་ཉེ་བར་སྒྲུབ་པ་གསུངས་སོ། །གཉིས་པ་ལས་ནི་དམ ་ཚིག་ཅེས་བྱ་བ་བྱང་ཆུབ་ཀྱི་སེམས་གསུངས་སོ། །བཅུ་པ་དང་བཅུ་བཞི་པ་ལས་ནི་དྲག་པོའི་སྦྱོར་པ་གསུངས་སོ། །བདུན་པ་ལས་ནི་སྒྲུབ་པའི་སྡོམ་པ་རྗེས་སུ་དྲན་པའི་ངོ་བོ་ཉིད་གསུངས་སོ། །གསུམ་པ་ལས་ནི་བསྙེན་པའོ། །བཅུ་གཅིག་པ་ལས་ནི ་དངོས་གྲུབ་ཀྱི་ཞིང་རི་བོ་ལ་ལ་སོགས་པའོ། །དེ་ཉིད་དུ་བཅུ་ཞེས་བྱ་བའི་སྒྲ་ནི་མི་མངོན་པར་བྱས་ནས་ལེའུ་དང་པོ་བཟུང་སྟེ། དེར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ལྷ་རྣམས་འབྱིན་པ་ལ་སོགས་པ་གསུངས་པ་ཡིན་ནོ། ། ་བཅོ་ལྔ་པ་ལས་ནི་བསྐྱེད་པའི་རིམ་པ་དང་འབྲེལ་བའི་ལྷའི་དཀྱིལ་འཁོར་བསྐྱེད་པའི་བསྒྲུབ་པའི་གོ་རིམས་གྱི་སྦྱོར་བ་གསུངས་སོ། །བསྙེན་པ་རྡོ་རྗེའི་ཆོ་ག་བཞི་ཞེས་བྱ་བ་ནི་རྡོ་རྗེ་བཞིས་བསྙེན་པ་བྱའོ་ཞེས་སྟོན་ཏོ། །མཆོག་ཏུ་གྱུར་པ་གཞུང ་ཉིད་དོ། །ཞེས་བྱ་བ་ནི་དངོས་གྲུབ་མཆོག་དང་འབྲེལ་བའི་གཞུང། །སློབ་མ་བཟང་པོ་ལ་སངས་རྒྱས་ལ་སོགས་པ་དང་འབྲེལ་པར་སྟོན་པ་ཉིད་ནི་དེའི་འཁོར་བ་ལས་ཡོངས་སུ་གྲོལ་བ་ཞེས་བྱ་སྟེ། དེ་དག་ཐམས་ཅད་ནི་ལེའུ་དེ་དང་དེ་དག ་ལས་ཅི་རིགས་པར་གསུངས་སོ་ཞེས་བྱ་བ་ནི་རྒྱུད་ཀྱི་འབྲེལ་པ་ཡིན་ནོ། །རྣལ་འབྱོར་ཞེས་འདིར་ཅི་ལ་བགྱི་ཞེས་བགྱི་བའི་ལན་བསྟན་པར་བྱ་བའི་ཕྱིར་ཤེས་རབ་ཐབས་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་དང་པོ་རྒྱུད་ཀྱི་འབྲེལ་པ་གསུངས་ནས། ད་ནི་རྒྱུད ་ཅེས་བྱ་བའི་སྒྲ་ཉིད་ཀྱི་དོན་བསྟན་པར་བྱ་བའི་ཕྱིར་རྒྱུད་ནི་རྒྱན་ཞེས་བྱ་བར་གྲགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཞི་དང་རང་བཞིན་རྒྱུ་ཡིན་ཞེས་བྱ་ལ་རང་བཞིན་ནི་རྣམ་པའམ་འགྱུར་གནས་ཏེ། ཁྱད་པར་གྱི་རྒྱུ་ལ་རང་བཞིན་ཞེས་བྱའོ། ། ་ཞེས་བྱ་བའི་དོན་ཏོ། །རང་བཞིན་དེ་ཉིད་ཀྱི་འབྲས་བུ་ནི་མི་འཕྲོག་པ་སྟེ་མྱ་ངན་ལས་འདས་པ་ཞེས་བྱ་བ་ཡིན་ཏེ། རྒྱུ་དང་འབྲས་དུ་དབྱེར་མེད་པས་སོ། །བཞིའི་དོན་རྣམ་པར་དབྱེ་བ་ནི་ཐབས་ཞེས་བཤད་པ་སྟེ་ཞེས་བྱ་བ་ཡིན་ཏེ་ཆོས་འགྱུར་བའི ་གཞལ་ཡས་ཁང་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་རྒྱུན་གསུམ་པོ་དེ་དག་ལ་ནི་རྒྱུན་ཅེས་བྱའོ། །རྒྱུན་ལས་རབ་ཏུ་སྟོན་པའི་ཕྱིར་རོ། །གལ་ཏེ་རྒྱུད་འདི་ལས་གཞན་དག་ཀྱང་སྟོན་པ་དེ་དག་གསུམ་པོ་འདི་དག་གི་ནང་དུ་འདུས་པ་ཡིན་ནོ་ཞེས་བསྟན་པར ་བྱ་བའི་ཕྱིར་རིགས་གསུམ་ཞེས་བསྟན་པ་གསུངས་ཏེ། དངོས་པོ་གང་ཡིན་པ་དེ་དག་ནི་སེམས་སུ་རིགས་གཅིག་ལ་དེ་རྣམ་པར་སྤྲོས་པ་རྣམས་སྐུ་ལ་སོགས་པའི་དབྱེ་བ་ལས་ནི་རིགས་གསུམ་དུ་འགྱུར་ལ་རིགས་ལྔའི་སངས་རྒྱས་ཀྱི་དབྱེ་བ ་ལས་ནི་རིགས་ལྔར་འགྱུར་རོ། །དེ་རྣམས་ཉིད་རྣམ་པར་ཕྱེ་བའི་དབྱེ་བ་ལས་ནི་རིགས་བརྒྱར་འགྱུར་བ་འདི་ནི་ཉེ་བར་མཚོན་པ་ཙམ་སྟེ། རྣམ་པ་འདི་ཉིད་ཀྱིས་ན་རིགས་རྣམས་ཀྱི་དབྱེ་བ་ནི་མཛའ་ཡས་སོ། །དེ་བས་ན་རིགས་འདི་དག་དང་འདི་ལྟ ་བུ་གཞན་དག་ཀྱང་རྒྱུ་དང་འབྲས་བུ་དང་བཞི་སྟེ། གསུམ་དུ་ཇི་ལྟར་རིགས་པར་འདིའི་ཁོངས་སུ་གཏོགས་པ་ཡིན་ནོ། ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྩ་བའི་རྒྱུད་བཤད་ནས་རྒྱུད་ཕྱི་མའི་ལེའུ་བཅོ་བརྒྱད་པར་བཤད་པའི་དོན་བསྟན་པའི་ཕྱིར། ་བྱང་ཆུབ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ལེའུ་བཅུ་བདུན་པར་གསུངས་པའི་བཀའ་དང་བཅས་པར་ལྷན་ཅིག་དུ་དེ་བཞིན་གཤེགས་པ་རྣམས་ཀྱིས་གང་གསུངས་པ་དེ་ཉིད་ནི་རྒྱུད་ཕྱི་མ ་ཡིན་པར་འདོད་དེ་སྟོན་པ་པོས་དོན་ཇི་ལྟ་བུ་གསུངས་པ་དེ་དང་འདྲ་བར་བཤད་པའི་ཚུལ་ཉིད་ནི་རྒྱུད་ཕྱི་མ་ཞེས་བྱའོ། ཞེས་བྱ་བའི་དོན་ཏོ། །དེ་ཉིད་རྣམ་པ་དུ་རུ་བཤད་ཅེས་བྱ་བ་ལ་སོགས་པ་བྲིས་པ་བཞི་ལ་ལན་བཞི་བསྟན་པར་བྱ་བའི་ཕྱིར་དེ་ཉིད་རྣམ་པ ་ལྔ་རུ་བཤད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གསང་བ་རྣམ་པ་གསུམ་ཞེས་བྱ་བ་ནི། སྐུ་དང་གསུང་དང་ཐུགས་ཉིད་ལ་བྱ་སྟེ། དོན་འདི་ནི་སྔར་སྐུ་གསུང་ཐུགས་ནི་རྣམ་པ་གསུམ། གསང་བ་ཞེས་བྱ་བ་བསྟན་པ་ཡིན་ཞེས་འདི་ཉིད་ཀྱི་ནང་ནས ་བཤད་ཟིན་མོད་ཀྱི་འོན་ཀྱང་ཡང་དྲིས་པའི་རིམ་པའི་སྒོ་ནས་རིགས་ལྔའི་དབྱེ་བས་དེ་ཁོ་ན་ཉིད་ལ་སོགས་པའི་ཆོས་ཀྱི་མཚོན་པ་མཛད་པ་ནི་དེ་ཉིད་དྲན་པའི་ཕྱིར་གསུངས་པ་ཡིན་པས་ན་འདི་ལ་ཟློས་པའི་ཉེས་པ་ཡོད་པ་མ་ཡིན་ཏེ་བཅོམ་ལྡན་འདས་ནི་སེམས ་ཅན་གྱི་བསམ་པའི་དབང་གིས་བསྟན་པར་མཛད་ཟིན་པའི་དོན་ལ་ཡང་མིང་གི་རྣམ་པ་གསུངས་པ་ནི་སྲིད་པ་ཡིན་ནོ། །ཆེ་བའི་ལྷ་ནི་བདག་པོར་གྱུར་པའི་ལྷ་སྟེ་ཐུགས་རྣམ་པར་དག་པའི་རང་བཞིན་དོན་དམ་པར་རིགས་གཅིག་པའི་ངོ་བོ་ཉིད་དོ། །གསང་བ་ཞེས ་བྱ་བ་ནི་བརྔ་ལ་བྱའོ། །བྱང་ཆུབ་སེམས་ཞེས་གང་ལ་བགྱི། ཞེས་འདིར་སྨྲས་པའི་ལན་བསྟན་པའི་ཕྱིར་ཐོག་མ་ཐ་མ་མེད་ཞི་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་དང་དངོས་མེད་མི་ཟད་ཅེས་བྱ་བ་ནི་དངོས་པོ་དང་དངོས་མེད་པའི་རྫས་དང་བྲལ་བའོ། ་སེམས་གཙོ་བོ་ཞེས་བྱ་བ་ནི་མི་གཡོར་གྱི་ཚུལ་གྱིས་ཁྱབ་པའོ། །སྟོང་ཉིད་སྙིང་རྗེ་མི་ཕྱེད་པ་ཞེས་བྱ་བ་ནི་ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་བདག་ཉིད་ཅན་ནོ། །དེ་བཞིན་རིགས་པའི་སྐྱེས་བུ་ཅི་ཞེས་བྱ་བའི་ལན་བསྟན་པར་བྱ་བའི་ཕྱིར་སྐུ་གསུངས་ཐུགས་ཀྱི་རྡོ་རྗེ ་ཡི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་བྱེད་པས་ནི་ཞེས་བྱ་བ་ལས་ཐབས་དང་ཤེས་རབ་ནི་སྐུ་གསུང་ཐུགས་རྡོ་རྗེ་ཉིད་ཀྱི་གཉིས་སུ་མེད་པའི་ཚུལ་དུ་ངོ་བོ་ཉིད་གཅིག་པས་མི་ཕྱེད་བསོ། །ཕྱེ་བའི་དངོས་ཞེས་བྱ་བ་དེ་དག་ཉིད་རྣམ་པར་དབྱེ་བའི་དབྱེ་བས་ཕྱེགས? ་སོ། བཛྲ་དྷྲི་ཀ་ཅེས་གང་ལ་བགྱི་ཞེས་བྱ་བ་ལ་སོགས་པ་དྲིས་པ་ལྔ་ལ་ལ་རྡ་ལྔའི་ཚིགས་སུ་བཅད་པ་བསྟན་པ་ནི་རྒྱུ་ལྔ་དང་ནི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། རྒྱུ་ལྔ་ནི་རྒྱུར་གྱུར་པའོ། །འབྲས་བུ་ལྔ་ནི་འབྲས་བུར་གྱུར་པ་སྟེ། རྡོ་རྗེའི་རྩེ་ལྔ་ནི་སངས་རྒྱས་ལྔའི ་བདག་ཉིད་ཆེན་ཡིན་ལ། དེ་ཉིད་སྟེང་དང་འོག་གི་ཆས་རྒྱུ་དང་འབྲས་བུ་རྣམ་པར་དག་པའི་གཟུགས་ཅན་ནི་རྡོ་རྗེ་ཞེས་བྱ་ལ་དེ་འཆང་བར་མཛད་པས་ནི་རྡོ་རྗེ་འཛིན་པའོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནི་རྣམ་པར་ཤེས་པ་སྟེ། དེ་ཉིད་ནི་ཡིན་ཅེས ་བྱང་བྱའོ། །ཡོད་དང་མེད་དང་དབུས་ལས་འདས་ཞེས་བྱ་བ་ནི་ཡོད་པ་དང་མེད་པའོ་ཞེས་བྱ་བའི་རྣམ་པར་རྟོགས་པ་དང་བྲལ་ཞིང་འབྱུང་བ་དང། འབྱུང་བ་ལས་གྱུར་བའི་མེ་ལོང་རྣམ་པར་དག་པའི་གཟུགས་ཅན་ཡིན་ལ། དེ་ཉིད་ནི་སེམས་ཅན་ཀུན་གྱི ་ལུས་ཡིན་ཏེ། ཀུན་གཞིའི་རྣམ་པར་ཤེས་པའོ། །དེ་ནི་འདི་ལྟར་ཛིན་ཛི་ཀ་ཅེས་བྱའོ། །ཛིན་ན་ཞེས་བྱ་བའི་སྒྲ་ཉིད་ཀྱི་དོན་བསྟན་པར་བྱ་བའི་ཕྱིར། སྐྱེས་ལས་རྒྱལ་བ་ཞེས་བྱ་བར་གསུངས་ཏེ། ཛི་ནའི་སྒྲ་ན་སྐྱེ་བ་ལ་བྱ་བ་དེ་ལས་རྒྱལ་བར་མཛད་པས་ནི་ཛི་ན ་ཛི་ཀ་ཅེས་བྱ་སྟེ། བརྟགས་པའི་བདག་ཉིད་དུ་མི་སྐྱེའོ། ཞེས་བྱ་བའི་དོན་ནོ། །ངོན་རྣམས་ཐམས་ཅད་ཅེས་བྱ་བའི་དོན་ཐམས་ཅད་ཀྱི་གང་མཉམ་པ་ཉིད་དེ་ལས་ཀུན་དུ་འབྱུང་བ་ནི་དེ་རྣམ་པར་དག་པའི་སེམས་ཉིད་ནི་རིན་པོ་ཆེ་དེ་ཡིན། དེ་ཡང་ཚོར་བ་པོས་རང ་རིག་པས་བེས་པར་ཚོར་བ་ཡིན་པས་ན། ཚོར་བ་རྣམས་པར་དག་པའི་ཡིད་ལ་རིན་ཆེན་འཛིན་ཞེས་བྱ་བའོ། །མཚན་གཞི་མཚན་ཉིད་དངོས་པོས་ནི་ཞེས་བྱ་ལ། མཚན་གཞི་ནི་སྔོན་པོ་དང་སེར་པོ་ལ་སོགས་པའོ། །མཚན་ཉིད་ནི་དེའི་བརྟག་པའོ། །དངོས་པོ་ནི ་རྣམ་པར་རྟོག་པའི་ངོ་བོ་དྲུག་པ་ཡིད་དེ། དེས་རྣམ་པ་ཐམས་ཅད་དུ་གང་རྟོག་ཅིང་སེམས་ཅན་གྱི་དོན་ལ་སོ་སོར་རྟོག་པ་སྟེ། དེ་རྣམ་པར་དག་པ་ཉིད་ཀྱི་མཚན་མར་མཚོན་པར་བཤད་མ་ཐག་པ་གང་ཡིན་པ་དེབ་ཨ?་རོ ་ལི་ཀ་ཅེས་བྱའོ། །རྣམ་པར་ཤེས་རབ་མཐར་ཕྱིན་བྱེད་ཅེས་བྱ་བ་ནི་བྱམས་པ་དང་སྙིང་རྗེ་ལ་སོགས་པ་ལ་རབ་ཀྱི་མཐར་ཕྱིན་པར་སློབ་པར་བྱེད་པའི་རྣམ་པར་ཤེས་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི་ཤེས་རབ་ཅེས་བྱ ་ལ། དེ་འཛིན་པར་བྱེད་པས་འདུ་བྱེད་སེམས་པ་རྣམ་པར་དག་པའི་ཡིད་ནི་ཤེས་རབ་འཛིན་ཅེས་བྱ་བར་བཤད་དོ། །ད་ནི་དེ་བཞིན་གཤེགས་པ་ནི་འདིར་གང་ལགས་ཞེས་བྱ་བའི་ལན་འདིར་བསྟན་པའི་ཕྱིར། རིགས་ནི་རྒྱུད་ཅེས་བྱ་བར་བཤད ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་འཇིགས་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་གཉིས་སུ་མེད་པའི་ངོ་བོ་ཉིད་ལ་ནི་རྣམ་པར་འཇིག་པ་མེད། སྐྱེ་བ་མེད་པ་གང་ཡིན་ཞེས་པ་ནི་སྐུ་དང་གསུང་དང་ཐུགས་ཀྱི་ཆོས་རྣམས ་ནི་གཅིག་དུ་མའི་སྦྱོར་བར་སྐྱེ་བ་མེད་པ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི། རྣམ་པར་དག་པ་ཉིད་ཀྱི་སྐྱེ་བ་མེད་པའི་ཕྱིར་རོ། །རིགས་ནི་ལྔ་པོ་འདི་དག་སྟེ་ཞེས་བཤད་པའོ། །སྔགས་ཀྱི་སྒོ་ནས་སངས་རྒྱས་རྣམས་ཀྱི་རྣམ་པར་དག་པ་སྔར ་བཤད་ནས། ད་ནི་རྒྱ་དང་འབྲས་བུ་ཞེས་བྱ་བ་ལ་སོགས་པས་ཕུང་པོའི་སྒོ་ནས་རྣམ་པར་དག་པར་གསུངས་པ་ཡིན་ཏེ། རྒྱུ་དང་འབྲས་བུ་དག་རྒྱུ་ལ་རྒྱུ་ཉིད་དང། འབྲས་བུ་ཉིད་དུ་གང་མངོན་པར་ཞེན་པ་སྟེ། ཕ་རོལ་ཏུ་ཕྱིན་པའི་གཞུང་ལུཊ ་གསུངས་པའོ། །གཉིས་པོ་དེ་དག་གི་འཇིག་པའི་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་ཕུང་པོའི་ངོ་བོ་དེ་ནི་ཞེ་སྡང་ཡིན་པར་བཤད་དེ་རྒྱུ་དང་འབྲས་བུ་དག་ཐ་མི་དད་པར་མངོན་པར་ཞུགས་པའི་ཡེ་ཤེས་ལ་ནི་ཞེ་སྡང་ཞེས་བྱ་བའི ་དོན་ཏོ། །བམ་པོས་བཅིངས་པ་ཡིས་ཞེས་བྱ་བ་ལ་སོགས་པ་ལ་གཟུགས་ཀྱི་ཕུང་པོ་དེ་ཉིད་སེམས་མེད་པས་བཅིངས་པའི་རང་བཞིན་ཡིན་ལ། དེ་རྣམ་པར་དག་པའི་ངོ་བོ་ཉིད་ནི་གཏི་མུག་ཅེས་བྱ་བར་བཤད་དེ། ཐམས་ཅད་དུ་རང་རིག་པའི་ང་རྒྱལ་གྱི་རལ ་སུ་འཇུག་པ་ནི་གཏི་མུག་ཆེན་པོ་ཞེས་བྱ་བའི་དོན་ནོ་ཚོར་བ་ཞེས་བྱ་བ་ནི་ཚོར་བའི་ཕུང་པོ་སྟེ། དྲེགས་པ་དང་ང་རྒྱལ་ལ་སོགས་པ་རྗེས་སུ་མྱོང་བའི་ངོ་བོའོ། །དེ་རྣམ་པར་དག་པས་ཐམས་ཅད་བདག་མཉམ་མོ་ཞེས་བྱ་བའི་ང་རྒྱལ་གྱི་ངོ་བོ་ཉིད་ཀྱིས་མཉམ་པའི ་བདག་ཉིད་ཅན་ནི་རིན་ཆེན་འབྱུང་ལྡན་ནོ། །འདུ་ཤེས་ནི་འདུ་ཤེས་ཀྱི་ཕུང་པོའོ། །དངོས་ལ་ཆགས་པའི་མཚན་ཉིད་ཅན་ཞེས་བྱ་བའི་མཚན་མར་ཉེ་བར་འཛིན་པའི་བདག་ཉིད་ཅན་ཏེ། དེ་རྣམ་པར་དག་པའི་སོ་སོ་རང་རིག་པའི་ངོ་བོ་ཉིད་ཀྱི་འདོད་ཆགས་ཀྱི་བདག ་ཉིད་ཅན་ནི་འོད་དེ་དཔག་ཏུ་མེད་པའོ། །འདུ་བྱེད་ཅེས་བྱ་བ་ནི་འདུ་བྱེད་ཀྱི་ཕུང་པོ་སྟེ། དེ་རྣམ་པར་དག་པ་འདའ་བའ་ཨི་ངོ་བོ་ཉིད་ནི་དོན་ཡོད་གྲུབ་པའོ། །རྐྱེན་གྱིས་དྲངས་པའི་བདག་ཉིད་ཅན་ཞེས་བྱ་བའི་བདག་ཉིད་ཀྱི་སེམས་ཅན་རྣམས་ཀྱི་དོན་བྱའོ། གཞན་དག ་གིས་ནི་མ་ཡིན་ཞེས་ནན་ཏན་བྱེད་པས་འདས་པའི་བདག་ཉིད་ཅན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། བྱ་བ་སྒྲུབ་པའི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་ཀྱི་སེམས་ནི་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་ཡིན་ནོ། ཞེས་བསྟན་པར་བྱ་བའི་ཕྱིར་བྱང་ཆུབ་ཀྱི ་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་ཀྱི་སེམས་ནི་གཅིག་ཏུ་མཉམ་པའི་ངོ་བོ་ཉིད་ཡིན་པས་སེམས་ཡང་དག་པར་བཟློག་པར་བྱ་བའི་ཕྱིར། སྲིད་པ་ཀུན་འབྱུང་ཞེས་བྱ་བ་གསུངས་ཏེ། དེ་ནི་སྲིད་པ་དང་མཉམ་པའི་ངོ་བོ་ཉིད་དོ་ཞེས་བྱ ་བར་དགོངས་སོ། །ད་ནི་འདི་ལས་འདོད་དད་ཐར་པ་རབ་བསྒྲུབ་པ་ཞེས་གསུངས་པའི་འདོད་པའི་སྒྲའི་དོན་བསྟན་པར་བྱ་བའི་ཕྱིར་འདོད་ཆགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་ཚིག་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཨི་བདག་ཉིད་ཅན་ནོ། །སྣ་ཚོགས་འདྲ ་བ་ཡིན་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་དང་མཉམ་པ་ཉིད་ཀྱི་རང་བཞིན་ནོ། །མངོན་ཕྱོགས་ཞེས་བྱ་བ་ནི་རང་རིག་བ་ལ་མངོན་པར་ཕྱོགས་བའོ། །ལས་ལས་སྐྱེས་ཞེས་བྱ་བ་ནི་བྱམས་པ་དང་སྙིང་རྗེ་ལ་སོགས་པ་བསྒོམས་པ ་ལས་ཡང་དག་པར་བྱུང་བའོ། །ད་ནི་མོ་ཧ་ཞེས་ནི་གང་ལ་བགྱི་ཞེས་བྱ་བ་ལ་སོགས་པ་དྲིས་པའི་ལྔའི་ལན་བསྟན་པའི་ཕྱིར་གཉིས་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཉིད་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་དངོས་པོ་རྣམས ་གད་རང་གི་ངོ་བོ་ཉིད་ལྷག་པར་མོས་པའི་ང་རྒྱལ་དེ་ལ་ནི་རྨོངས་པ་ཞེས་བྱ་བའོ་ཞེས་བཤད་དོ། །གང་ཕྱོགས་ངེས་པ་མེད་པའི་ངོ་བོས་ཕན་ཚུན་འཐུག་ཅིང་འཛེར་པའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་དེ་ཉིད་ནི་ཞེ་སྡང་ངོ། །གང་གི་མཚན་ཉིད ་ངོ་བོ་ཉིད་གཉིས་སུ་མེད་པ་ལ་ཞེན་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་དེ་ཉིད་ནི་འདོད་ཆགས་སོ། །གང་འདི་ལྟར་མི་ཆོད་ཅིང་མི་ཤིགས་བའི་ངོ་བོ་ཉིད་ཀྱི་ཡེ་ཤེས་དེ་ནི་རྡོ་རྗེ་ཞེས་བཤེད། བཞི་པོ་དེ་དག་ནི་དགའ་བ་རྫོགས་པའི་ལོངས་སྤྱོད་མཆོག་ནི ་གཅིག་ཏུ་གྱུར་པ་སྟེ། འདི་དག་ནི་མོ་ཧ་ར་ཏི་ཞེས་བྱ་བ་ལ་སོགས་པ་ལྷ་མོ་བཞིའི་སྔགས་ཀྱི་དོན་གསུངས་པ་ཡིན་ནོ། །བཙུན་མོའི་མཆོག་ཕུན་སུམ་ཚོགས་པའོ། ཞེས་གསུངས་པའི་སྒྲའི་དོན་ཕུན་སུམ་ཆོགས་པ་ཇི་ལྟར་ལགས་ཞེས་བྱས་པ ་འདིའི་ལན་བསྟན་པར་བྱ་བའི་ཕྱིར་བུད་མེད་བདེ་མཆོག་ཕུན་སུམ་ཚོགས་པའི་ཞེས་བྱ་བ་གསུངས་ཏེ། མོ་ཧ་ར་ཏི་ལ་སོགས་པ་འདི་དག་ནི་བདེ་མཆོག་གི་རྒྱུར་གྱུར་པས་ན་བདེ་མཆོག་སྟེ། དེ་ཉིད་ལ་ཕུན་སུམ་ཚོགས་པའོ་ཞེས་བྱ ་བའི་དོན་ཏོ། །གཏི་མུག་ལ་སོགས་པ་གསུམ་ལ་རྡོ་རྗེ་དགའ་བ་ཁོང་སུ་གཏོགས་པར་བསྟན་པར་བྱ་བའི་ཕྱིར་གཏི་མུག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་དགའ་བ་ནི་ཐམས་ཅད་ཀྱིས་རྗེས་སུ ་འགྲོ་བ་སྟེ། རྒྱུ་དེས་ན་གཏི་མུག་ལ་སོགས་བའི་ཐབས་སངས་རྒྱས་རྣམས་ཀྱི་རྡོ་རྗེ་ཐེག་པའོ། །ཞེས་བཤད་ཅིང་གསུངས་བར་གྱུར་པ་ཡིན་ནོ། །ད་ནི་ཡ་མཱནྟ?་ཀྲི་ཏ་དོན་ནི་གང་ཞེས་བྱ་བ་ལ་སོགས་པ་ཁྲོ་བོའི་སྔགས་བཞིའི་དོན་ཞུས་པའི་ལན་བསྟན་པར་བྱ་བའི ་ཕྱིར། མི་འཇིགས་པ་དག་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་དང་དག་དང་ཡིད་ཀྱི་ཆོས་རྣམས་ནི་གཅིག་དང་དུ་མ་ལ་སོགས་པའི་ཕྱིན་ཅི་ལོག་གི་ཚུལ་གྱིས་མ་སྐྱེས་པའི་ངོ་བོ་ཉིད་ཡིན་པས་ན་མི་འཇིགས་པའི་བདག་ཉིད་ཅན་གྱི་ཆོས་རྣམས ་ཏེ། བཏགས་པའི་བདག་ཉིད་ཅན་ཉིད་ནི་འཇིགས་བ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་ལུས་ལ་སོགས་པའི་དངོས་པོ་འདི་དག་ཐམས་ཅད་ཀྱི་མི་འཇིགས་པའི་ངོ་བོ་ནི་དམ་ཚིག་སྟེ། ལུས་ལ་སོགས་པར་གཏོགས་པའི་གཅིག་དང་དུ་མ་ལ་སོགས་པ་དང་བྲལ ་བའི་ཡུལ་ལ་དང་པོ་རྣམ་པར་དག་པའི་ངོ་བོ་ཉིད་ནི་གཤིན་རྗེ་མཐར་བྱེད་ཅེས་བྱ་སྟེ། གང་གི་ཕྱིར་ཕྱིན་ཅི་ལོ་ག་ནི་གཤིན་རྗེ་ཞེས་བྱ་ལ་དེའི་མཛའ་རྣམ་པར་འཇིག་པར་བྱེད་པའོ་ཞེས་བྱ་བར་དགོངས་སོ། །རྣམ་ཤེས་མིན་བདག་ཅེས་བྱ་བ་ནི་དོན་དམ་པར་མི ་འགྱུར་བའི་ཚུལ་གྱིས་དག་པར་གྱུར་པ་འཛིན་པ་པོའི་ངོ་བོ་ཉིད་དུ་མི་འགྱུར་བའི་ཆོས་རྣམས་ནི་བྱང་ཆུབ་པའི་བདག་ཉིད་དོ། །དེ་ལྟ་བུའི་སེམས་ཅན་ཐམས་ཅད་ཀྱི་དམ་ཚིག་གང་ཡིན་པ་དེའི་ཚུལ་གྱིས་ན་ཤེས་རབ་མཐར་བྱེད་ཅེས་བྱ་སྟེ། ཉེས་བ་སྐྱེས ་པ་རྣམས་སྒོང་བའི་ཕྱིར་དང། མ་སྐྱེས་པ་རྣམས་ནི་མི་བསྐྱེད་པ་དང། དེ་བཞིན་དུ་ཡང་དག་པར་བྱང་ཆུབ་མ་སྐྱེས་པ་རྣམས་བསྐྱེད་བར་བྱ་བའི་ཕྱིར་དང། སྐྱེས་པ་རྣམས་གནས་བར་བྱ་བའི་ཕྱིར་དང། དད་པ་དང་ལྡན་པའི་བརྩོན་འགྲུས་རྣམ་པ་བཞི ་པོ་དེ་རྣམ་པར་དག་པའི་རང་བཞིན་རྒྱལ་བ་ཉིད་ནི་ཤེས་རབ་མཐར་བྱེད་ཅེས་བྱ་སྟེ། འདི་ལྟ་བུའི་ཤེས་རབ་ཀྱི་ཉིས་པ་རྣམས་མཐར་བྱེད་པའི་ཞེས་དགོངས་སོ། །བརྗོད་མེད་བདག་ཉིད་ཅེས་བྱ་བ་ནི་དངོས་པོ་རྣམས་ཀྱི་དེ་ཉིད་ནི་བརྟག་པར་མི་ནུས་བས་ན? ་བརྗོད་དུ་མེད་པའི་བདག་ཉིད་ཅན་གྱི་ཆོས་རྣམས་ཏེ། དེ་བས་ན་འདི་ལྟར་མིང་དང་གཟུགས་བློ་དངོས་བོ་མེད་ཅེས་བྱ་བ་སྟེ། གཟུགས་ལ་སོགས་པར་སོ་སོར་སྣང་བའི་བློ་དངོས་པོ་མེད་པ་སྟེ། མེད་པར་གྱུར་པའི་དངོས་པོ་ལ ་ནི་ཡུལ་མེ་ངོ་ཞེས་བྱ་བའི་བར་དུའོ། །དེ་ལྟ་བུར་གྱུར་པའི་ཆོས་ཐམས་ཅད་ཀྱི་དམ་ཚིག་གང་ཡིན་པ་དེས་ན། པདྨ་མཐར་བྱེད་ཅེས་བྱ་སྟེ། བརྗོད་དུ་མེད་པའི་བདག་ཉིད་ཅན་གྱི་ཕུང་པོའི་ཡུལ་རྣམས་ལ་འདུན་པ་དང། བརྩོན་འགྲུས་ལ་སོགས་པས ་དེ་རྣམས་ལ་སྐྱེས་བུ་དྲན་པ་དང། བརྩོན་འགྲུས་རྩོམ་པར་གྱུར་པ་སྟེ། འདི་ནི་དངོས་པོའི་ཆོས་རྣམས་དང་བྲལ་བར་བྱུང་བའི་འདུན་པ་ལ་སོགས་པའི་ཡུལ་རྣམས་དྲན་པའི་པདྨ་ཞེས་བྱ་ལ། དེ་ཉིད་འདུན་པ་མེད་པ་ལ་སོགས་པའི་ཉེས་པ་མཐར ་བྱེད་པས་ན། བཅོམ་ལྡན་འདས་པདྨ་མཐར་བྱེད་ཅེས་བྱའོ། །མི་རྟོག་བདག་ཉིད་ཅེས་བྱ་བ་ནི་རང་བཞིན་གྱིས་འདི་ལྟར་ཞི་བ་ཉིད་ཡིན་པས་འཛིན་པ་པོ་ལ་སོགས་པའི་སྤྲོས་པ་དང་བྲལ་བའི་ཕུང་པོ་ལྔ་རྣམས་ཡིན་ལ་དེ་ཉིད་འདིར་རྡོ་རྗེ་ཀུན་གྱི ་དམ་ཚིག་སྟེ། རྗེས་སུ་འདའ་བར་མི་བྱ་བའི་ངོ་བོ་ཉིད་ཡིན་ལ། ཚུལ་དེས་ན་བགེགས་མཐར་བྱེད་ཅེས་བྱ་སྟེ་སྔར་བཤད་པའི་མི་རྟོག་པའི་ཆོས་རྣམས་ལ་རྣལ་འབྱོར་པ་དྲན་པ་དང་ལྡན་པས་སེམས་རྩེ་གཅིག་པའི་ངོ་བོ་ཉིད་དངོས་པོའི་དེ་ཁོ ་ན་ཉིད་ལ་དམིགས་པའི་ཏིང་ངེ་འཛིན་ནི་ཤེས་རབ་ཀྱི། རིགས་ལས་བྱུང་བ་རྫོགས་པར་གྱུར་པ་སྟེ། དེ་རྣམ་བར་དག་པའི་ངོ་བོ་ཉིད་ནི་ཁྱབ་བདག་བགེགས་མཐར་བྱེད་པ་ཡིན་ཏེ། མ་དད་པ་ལ་སོགས་པའི་བགེགས་རྣམས་མཐར་བྱེད་པའོ་ཞེས ་བྱ་བའི་དོན་ཏོ། །ད་ནི་ངེས་བར་བཤད་པ་བཞི་པོ་རྣམས་ཀྱིས་དོན་ཉིད་ཀྱིས་ཀྱང་དེ་དག་སངས་རྒྱས་ཀྱིས་བྱང་ཆུབ་ཀྱི་ངོ་བོ་ཉིད་ཡིན་པས་དེ་དག་ཤེས་པ་ལས་བདེ་བ་ཆེན་པོ་ཐོབ་པར་འགྱུར་རོ། ཞེས་བསྟན་པར་བྱ་བའི་ཕྱིར་མི་འཇིགས ་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །གཤིན་རྗེ་གཤེད་ཀྱི་བྱ་བ་གསལ་བར་བསྟན་པར་བྱ་བའི་ཕྱིར། གཏི་མུག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གཏི་མུག་ཅེས་བྱ་བ་ནི་ཐམས་ཅད་དུ་སོང་བའི་ང་རྒྱལ་གྱི་བདག་ཉིད་ཅན་གྱི་གཏི་མུག་ཆེན་པོའོ། །དེ་ཡང ་གཏི་མུག་ལ་ཉེ་བར་ལོངས་སྤྱོད་བར་འགྱུར་ཏེ། གཏི་མུག་ཆེན་པོའི་བདག་ཉིད་རྣམ་པར་སྣང་མཛད་ཀྱི་རྣམ་པར་དག་པའི་གཏི་མུག་ལ་བསླབས་པ་ལས་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གཏི་མུག་ཟད་ཕྱིར་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དེའི་ཕྱིན་ཅི་ལོག ་གི་རབ་ཏུ་འཇུག་པ་འབྱུང་བ་ཟད་པར་བྱེད་པའི་སྒོའི་དབང་དུ་མཛད་པ་ནི་གཤིན་རྗེ་མཐར་བྱེད་ཅེས་བཤད་དོ། །དེ་ཉིད་ཀྱིས་ན་ལུས་མཐར་བྱེད་ཅེས་བྱ་སྟེ། འཇིག་ཚོགས་ལ་ལྟ་བ་མཐར་བྱེད་ཅིང། རྣམ་པར་འཇིགས་པར་མཛད་པ་དང། འཛིན་པ་པོ་དང ་བྲལ་བ་ཉིད་ཀྱི་ནི། ཤེས་རབ་མཐར་བྱེད་ཅེས་བྱ་བ་ཡང་དེ་ཉིད་དོ། །ཤེས་རབ་མཐར་བྱེད་ཀྱི་བྱ་བ་བསྟན་པའི་ཕྱིར། ཉེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཉེས་པ་ཞེས་བྱ་བ་ནི་ཞེ་སྡང་ཆེན་པོ་སྟེ། བདག་དང་གཞན་དུ་རྣམ་པར་འབྱེད ་པ་དང་བྲལ་བའོ། །ཉེས་པ་དེ་ཉིད་ལ་ཉེ་བར་སྤྱོད་པར་གྱུར་པ་ནི་ཞེ་སྡང་ཆེན་པོའི་བདག་ཉིད་མི་བསྐྱོད་པ་ཡོངས་སུ་དག་པའི་བདག་ཉིད་ལ་བསླབས་པ་ལས་སྐྱེ་ཞེས་བྱ་བའི་དོན་ཏོ། །ཉེས་པ་ཟད་ཕྱིར་ཞེས་བྱ་བ་མི་བསྐྱོད་པ་དེ་ལས་ཞེ་སྡང་ཁ་ཕྱིར་བལྟས་པའི ་ཞེ་སྡང་གི་རབ་ཏུ་འདུག་པ་འབྱུང་བ་བྲད་བར་མཛད་པའི་སྒོའི་དབང་དུ་མཛད་ནས་ཤེས་རབ་མཐར་བྱེད་ཅེས་གསུངས་སོ། །དེ་ཉིད་ཀྱིས་ནི་སེམས་ནི་མཐར་བྱེད་ཅིང་ཞེས་པ་སྟེ། དེ་ཉིད་ཀྱིས་ནི་སེམས་ནི་ཞེས་བྱ་བ་ནི་འཛིན་པའི་བདག་ཉིད་ཅན་གྱི་སེམས་ཏེ། དེ་མཐར་བྱེད ་པའོ། །དེ་ཉིད་ཀྱིས་ན་ཉོན་མོངས་མཐར་བྱེད་དེ། འཛིན་པ་པོའི་བདག་ཉིད་ཀྱི་རྒྱུར་གྱུར་པའི་ཉོན་མོངས་པ་གཞན་གྱིས་མི་ཐུབ་པས་ན་དེ་འགོག་པར་མཛད་པའི་ཕྱིར་རོ། །དེ་བཞིན་དུ་པདྨ་མཐར་བྱེད་ཀྱི་དགོས་པ་བསྟན་པར་བྱ་བའི་ཕྱིར་འདོད་ཆགས་ཞེས་བྱ་བ་ལ་སོཌ ་པ་གསུངས་ཏེ། འདོད་ཆགས་ནི་འོད་དཔག་ཏུ་མེད་པའི་བདག་ཉིད་ཅན་གྱི་འདོད་ཆགས་ཆེན་པོའོ། །དེ་ཡང་རྣམ་པར་དག་པའི་ཆགས་པ་ལ་བསླབས་བ་ལས་སྐྱེ་བར་གྱུར་བསྟེ། དེ་ཡང་འོད་དཔག་ཏུ་མེད་པ་དེ་ནི་ཕྱིན་ཅི་ལོག་གི་ཆགས ་པ་དང་འདྲེས་པའི་དོགས་པ་སེལ་པའི་མཆོག་ཡིན་པས། འདི་ནི་པདྨ་མཐར་བྱེད་ཅེས་བྱའོ། །ངག་མཐར་བྱེད་ཅེས་བྱ་བ་ནི། ངག་གི་ངོ་བོ་འགོག་པར་མཛད་པའོ། །དེ་ཉིད་ཀྱིས་ན་སྙོམས་པར་འཇུག་པ་མཐར་བྱེད་པར་གྱུར་པ་ནི་རྟ་མགྲིན་ཏེ། སྨྲ་བ་པོ་དང ་བརྗོད་པར་བྱ་བ་གང་ཡིན་པའི་སྙོམས་པར་འཇུག་པ་ནི་ཡུལ་དང་ཡུལ་ཅན་གྱི་མཚན་ཉིད་དུ་འདུས་པ་སྟེ། དེ་རབ་ཏུ་འཇིག་པར་བྱེད་ཅེས་བྱ་བའི་དོན་ཏོ། །བགེགས་མཐར་བྱེད་ཀྱི་ཡང་སྦྱོར་བ་བསྟན་པའི་ཕྱིག་ཉོན་མོངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་ཉོན་མོངས་པ་དང་ལས་ཀྱི་སྒྲིབ་པ་མ་ལུས་པ་ཟད་པར་བྱེད་ནུས་པའི་ཡེ་ཤེས་ཉིང་བྱ་བ་ཐམས་ཅད་བྱེད་པས་བགེགས་མཐར་བྱེད་ཅེས་བྱ་བའི་དོན་ཏོ། །ཉོན་མོངས་རྡོ་རྗེ་ཉིད་སྒྲིབ་པ་ཡིན་ལ་དེ་རྣམ་པར་དག་པ་ནི་གཉིས་སུ་མེད་པར་ལྷག་པར་མོས་པ་ལས་ཐམས ་ཅད་རྣམ་པར་དག་པར་གྱུར་ལ་དེ་ནས་ལས་ལས་སྐྱེས་པའི་ཡང། འབྲས་བུ་རྣམ་པར་དག་པར་འགྱུར་ཏེ། ཇི་སྐད་དུ། རྣམ་པ་དེ་འདྲའི་སེམས་ལྡན་ལུས་དང་ནི། ངག་གིས་ལས་རྣམས་ཅི་ཡང་རུང་བདག། ཕྱག་རྒྱ་དང་ནི་སྔགས་ཀྱི་རྣམ་པ་རུ། །རྫོགས་པའི་སངས ་རྒྱས་ཀུན་གྱི་དེ་གསུངས་སོ། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །རྡོ་རྗེའི་བདག་ཉིད་ཅན་དེ་དག་ཇི་ལྟར་འབྱུང་བ་དེ་ཡང་བསྟན་པར་བྱ་བའི་ཕྱིར་གཟུངས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུང་བ་ནི་དེའི་རྣམ་པར་སོ་སོར་ཤེས་པའོ། ཆགས ་པ་ནི་དེ་ལ་རྗེས་སུ་ཕྱོགས་པའོ། །རྣམ་པ་ནི་འདྲ་བར་བསྐྱེད་པའོ། །མི་གཡོ་བ་ནི་དྲན་པའི་ཚུལ་མི་གཡོ་བདེ་ཉིད་དུ་བརྟན་པར་གྱུར་པའོ། །རྒྱུ་ཉིད་ནི་དེ་ཉིད་ཀྱི་གཉིས་སུ་མེད་པའི་རང་བཞིན་གྱིས་འབྲས་བུ་དང་མི་ཕྱེད་བར་སློབ་པའོ། འབྲས་བུ་ཉིད་ནི་དེ་ཉིད་ཀྱི ་རྒྱུའི་རྣམ་པ་དང། གཉིས་སུ་མེད་པའི་བདག་ཉིད་གསལ་པར་གྱུར་པ་སྟེ། དེ་ནི་འདིར་རྡོ་རྗེ་རྣམས་ཀྱིས་བསྐྱེད་པའོ། །ད་ནི་ཁྲོ་བོའི་གནས་སྐབས་བཤད་པ་ཡིན་པས་ན། འདོད་པའི་རྒྱལ་པོ་ལ་སོགས་པ་ཡང་བཤད་པར་བྱ་བའི་ཕྱིར། འདོད་པའི་རྒྱལ་པོ་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། འབྱིན་པའི་སྔགས་ཀྱི་སྐབས་ན་མེད་པས་འདི་དག་དཀྱིལ་འཁོར་བ་མ་ཡིན་པར་དགོངས་སོ། །སའི་སྙིང་པོ་དང། ས་རྡོ་རྗེ་ལ་སོགས་པ་རྣམས་ཞུས་པ་མེད་ཀྱང་ཐེ་ཚོམ་མེད་པའི་དོན་དུ། མིང་ལ་སོགས་པ་བསྟན་པར་བྱ་བའི་ཕྱིར། དམ ་ཚིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་ཚིག་རྡོ་རྗེ་ནི་སའི་སྙིང་པོའོ། །དེ་ལ་སོགས་པ་དྲུག་ནི་མིག་ལ་སོགས་པ་རྣམ་པར་དག་པའི་ངོ་བོ་ཉིད་དོ། །དེ་དག་ཀྱང་གཟུགས་ཡོངས་སུ་དག་པ་ཉིད་ཡིན་པས་འབྱུང་བ་ལས་གྱུར་པ་ཉིད་དུ་རྣམ་པར་གྲགས་སོ། །རིག་པའི ་རྒྱལ་པོ་ཞེས་བཤད་དོ། ཞེས་བྱ་བ་ལ་སོགས་པ་ལ་རིགས་པའི་རྒྱལ་པོའི་སྒྲ་དང་དེ་ཉིད་ཡིན་པར་བཤད་དོ། །ས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ལས་རྡོ་རྗེ་ལ་སོགས་པ་ནི་སྤྱན་ལ་སོགས་པའི་ངོ་བོ་ཉིད་ཡིན་ལ་ནམ་མཁའ་རྡོ་རྗེ་དང་བཅས་པ་ནི་འབྱུང་བ་རྣམ ་པ་ལྔ་ཉིད་དུ་རྣམ་པར་གྲགས་སོ། །གཟུགས་རྡོ་རྗེ་ལ་སོགས་པའི་ཡང་མིང་ལ་སོགས་པ་བསྟན་པར་བྱ་བའི་ཕྱིར། གཟུགས་རྡོ་རྗེ་ལ་སོགས་པ་དྲུག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེའི་བདག་པོ་ཐམས་ཅད་ནི། འདོད་ཆགས་དེ་ཉིད་དོན་སེམས་པ་ཞེས་བྱ་བ ་ལ་སོགས་པ་ལ། རྡོ་རྗེའི་བདག་པོའི་སྒྲས་ནི་གཟུགས་རྡོ་རྗེ་ལ་སོགས་པ་འབྱུང་བ་ལས་གྱུར་པའི་ལྷ་མོ་དྲུག་ཡིན་པར་རྣམ་པར་བཤད་དེ། འབྱུང་བ་ལས་གྱུར་པ་རྣམ་པར་དག་པའི་ངོ་བོ་ཉིད་ཀྱི་སྐབས་ཀྱི་དང?་དུ་མཛད་ནས་གསུངས་པ་ཡིན་ནོ། །གཟུགས་རྡོ་རྗེ་ལ་སོགས ་པ་ལྷ་མོ་དྲུག་པ་དེ་དག་ཉིད་ཀྱི་འབྱིན་པའི་སྔགས་བསྟན་པར་བྱ་བའི་ཕྱིར། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ཉིད་ཆེན་པོ་ཞེས་བྱ་བ་ནི་གཟུགས་རྡོ་རྗེ་ལ་སོགས་པ་རྣམས་ཏེ་སྐུ་ལ་སོགས་པའི་ངོ་བོ་ཉིད་ཀྱི་ཡི ་གེ་གསུམ་ལས་དབྱུང་བར་བྱ་སྟེ། དེ་བས་ན་འདི་དག་ནི་དཀྱིལ་འཁོར་པ་ཉིད་ཡིན་གྱི། འདོད་པའི་རྒྱལ་པོ་ལ་སོགས་པ་ནི་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ད་ནི་ཀུན་ཏུ་སྤྱོད་པ་གང་ཞིག་ལགས་ཞེས་བྱ་བ་འདིའི་ལན་བསྟན་པར་བྱ་བའི་ཕྱིར ་ཐབས་དང་ཤེས་ར་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་སྐད་དུ་བཤད་པའི་ཐབས་དང་ཤེས་རབ་ལས་བྱུང་ཞིང་སྐྱེས་པ་ནི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་ཐམས་ཅད་དག་པར་ལྷག་པར་མོས་པས་ཕུང་པོ་ལ་སོགས་པ་གཉིས་སུ་མེད་པའི་སྦྱོར་བ་ངེས ་པར་བྱས་ལ་སྔགས་པས་འཇིགས་པ་ཐམས་ཅད་དང་བྲལ་ཞིང་མི་འགྱུར་པའི་སེམས་ཀྱིས་སེང་གེ་དང་འདྲ་བར་གནས་པར་བྱའོ། །རྣལ་འབྱོར་པ་དེ་ལ་གནས་པས་ནི་མི་བྱ་བ་ལ་སོགས་པ་ཙ་ཡང་མེད་དེ། སྔགས་པས་འདི་དག་ཐམས་ཅད་བྱའོ་ཞེས་བྱ་བའི་དོན་ཏོ། ། ་དེ་བས་ན་འདི་ཉིད་ནི་མཉམ་པར་མ་བཞག་པ་སྟེ། སྨྱོན་པ་ལ་སོགས་པའི་ཚུལ་གྱི་སྦྱོར་བ་ལ་ཀུན་ཏུ་སྦྱོད་བ་ཞེས་བཤད་དོ། །དེ་བས་ན་སྦྱོར་བ་འདིས་གང་སྤྱོད་པ་དེ་ནི་རྟག་ཏུ་མཉམ་པར་བཞག་པ་ཡིན་པས་ཀུན་ཏུ་སྤྱང་པ་ལ་སྒྱོད་པ་ཞེས་བཤད་དོ། །དེ་སྐད་དུ། ་ཕྱིན་ཅི་ལོག་རྟོག་རྣམ་གྲོལ་ན། བྱ་བ་མ་ལུས་པ་ནི་རྫོགས་པར་བྱ་ཞེས་པ་ཤད་པས་སོ། །དེ་བཞིན་དུ་སྔགས་ཀྱི་སྤྱོད་པ་ཅི་ཞེས་བྱ་བ་འདིའི་ལན་བསྟན་པར་བྱ་བའི་ཕྱིར། རྐྱེན་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡུལ་དང་དབང་པོ་ལ་བརྟེན ་ནས་རྣམ་པར་ཤེས་པ་གང་འབྱུང་བར་འགྱུར་བ་དེ་ནི་ཡིད་ཀྱི་སྒྲང་བཤད་ལ། དེ་ཉིད་རྣམ་པར་དག་པས་འཁོར་བ་ལས་སྐྱོབ་བས་ན་མནཊ་སྟེ་སྔགས་སོ། །དེས་འཇིག་རྟེན་གྱི་སྤྱོད་པ་ལས་རྣམ་པར་གྲོལ་པའི་དམ་ཚིག་དང། སྡོམ་པ་ཡོངས་སུ་བསྲུང་པའི་ངོ་བོ་ཉིད ་གང་ཡིན་པ་དེ་ནི་སྔགས་ཀྱི་སྤྱོད་པ་ཞེས་བྱ་བའི་དོན་ཏོ། །འདིར་ནི་བཟླས་པ་གང་ཞིག་ལགས་ཞེས་བྱ་བ་འདིའི་ལན་བསྟན་པར་བྱ་པའི་ཕྱིར་རང་རང་གི་ངོ་བོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་རྡོ་རྗེ་ལ་སོགས་པའི་ངོ་བོ་ཉིད་ཀྱི་གསང་སྔགས ་བཟླས་པའི་ཆོ་གར་བཤད་པས། རྣམ་པར་བརྟགས་པའི་དབྱེ་བས་སྔགས་བརྗོད་ལ། སྦྲོ་བ་ལ་སོགས་པ་ཆོ་ག་བཞིན་དུ་བྱའོ། །ཡེ་ཤེས་ས་བོན་ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའ་ཨི་ས་བོན་སྟེ། བྱང་ཆུབ་བདག་མེད་པའི་ངོ་བོ་ཉིད་ཀྱིས་སོ། །བདག་མེས་བཟུང་ཞེས་བྱ་བ་ནི ་འཛིན་པ་བོའི་རང་བཞིན་དང་བྲལ་བ་སྟེ། དེ་ལྟ་བུའི་སངས་རྒྱས་ལྔ་པོ་སྣ་ཚོགས་རྡོ་རྗེའི་བདག་ཉིད་ཅན་ཅིག་ཅར་སྤྲོ་ཞིང་བསྡུའོ། །གཟུངས་ཞེས་བྱ་བ་ནི་གནས་པ་བརྟན་པར་བསྒོམ་པར་བྱའོ། །སྣ་ཚོགས་བཞིན་ཞེས་བྱ་བ་ནི། རང་ཉིད་དངོས་པོ་ཐམས་ཅད་ངོ་བོ་ཉིད་དུ ་མོས་པ་སྟེ། ཇི་སྐད་དུ་ཡང་ན་བཟླས་ལ། སེམས་ཉིད་ནི་དངོས་ཀུན་བདག་ཉིད་རང་གི་སེམས་དབང་པོ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །སྣ་ཚོགས་ཞེས་བྱ་བ་ནི་སྣ་ཚོགས་པའི་ངོ་བོ་ཡེ་ཤེས་ཀྱི་ས་བོན་སྟེ། དུས་གསུམ་ལ་ནི་ཡི་གེ་གསུམ་དང་ལྷན་ཅིག་ཏུ ་ཡང་བཟླས་པའོ། །དེ་ནས་ཡང་སྤྲོ་བ་ལ་སོགས་པ་བྱ་བ་ནི་སྔགས་བཟླས་པའི་ཆོ་གའོ། །བཟླས་པ་ཞེས་བྱ་བའི་སྒྲ་ནི་ཡིན་པར་བཤད་པས་ངག་འདི་དག་ཐམས་ཅད་ཀྱང་སྔགས་ཀྱི་སྒྲར་བཤད་དེ། དེ་ཁོ་ན་ཉིད་བསྐུར་བའི་ངོ་བོ་ཉིད་དུ་གྱུར་བས་སྔགས ་དང་རྣལ་འབྱོར་པའི་ཐམས་ཅད་དུ་དེ་ཁོ་ན་ཉིད་ལ་མངོན་པར་ཞུགས་པ་ཡིན་པའི་ཕྱིར་རོ། །དམ་ཚིག་སེམས་དཔའ་དང་འདྲ་བར་ཡེ་ཤེས་སེམས་དཔའ་ཡང་བསྒོམ་པར་བྱའོ། །ཞེས་བསྟན་པར་བྱ་བའི་ཕྱིར། ཇི་ལྟར་ཐུགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། ། ་སངས་རྒྱས་རྣམས་ཀྱི་སྦྲོ་བས་ཀྱང་དབང་བསྐུར་བ་ལ་སོགས་པ་དེ་བཞིན་དུ་བྱའི་ཞིས་བསྟན་པར་བྱ་བའི་ཕྱིར། དེ་རྣམས་སྦྱི་བོར་ཞེས་བྱ་བ་ལ་སྒོས་ཕ་གསུངས་ཏེ་སྤྱི་བོ་ན་ཡང་གང་གི་རིག་པ་གང་དང་གང་ཡིན་པ་ལྟན་ཅིག་ཏུ་སྦྱོར་བར་འགྱུར་བ་ནི་རྡོ ་རྗེ་འཆང་བཞིན་དུ་དེ་ཐམས་ཅད་ཀྱི་ཡང་ལོངས་སྤྱོད་རྣམ་བཞིར་ཤེས་པར་བྱའོ། །དེ་བསྟན་པའི་ཕྱིར་བདག་བྱིན་བརླབ་ལ་སོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ལ་བྱིན་གྱིས་བརླབ་པ་ཞེས་བྱ་བ་ནི་དེ་ལ། ཨོཾ་དྷ་རྨ་དྷ་ཏུ་སྦ་བྷུ་བ་ཨཱ་ཏམ་ཀོ ་ཧཾ་ཞེས་བྱ་བ་ནི་བདག་ལ་བྱིན་གྱིས་བརླབ་པའོ། །སོགས་པའི་སྒྲས་ནི་ཐུགས་ལ་སོགས་པའི་བྱིན་གྱིས་བརླབ་པའོ། །དེ་བས་ན་འདིས་ནི་བསྙེན་པ་ལ་སོགས་པའི་ཡན་ལག་བཞི་གསུངས་པ་ཡིན་ནོ། །འདི་དག་ཀྱང་ཉེ་བར་མཚོན་པ་ཙམ་དུ ་ཟད་དེ། ཐམས་ཅད་ལ་ཡང་དཀྱིལ་འཁོར་གྱི་བདག་པོ་གཙོ་བོ་རྣམས་ཀྱི་བཞིན་དུ་བསྟན་པར་བྱའོ། །ཕྱག་རྒྱ་གང་ལ་བགྱི་ཞེས་བྱ་བ་འདིའི་ལན་བསྟན་པར་བྱ་བའི་ཕྱིར། དཔའ་བོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྙིང་པོ་ཕྱག་རྒྱ་ཞེས་བྱ་བ་ནི་ཡེ་ཤེས ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་སྟེ། རྗེས་སུ་མཐུན་པས་རིགས་ཀྱི་བདག་པོས་རྒྱས་གདབ་པོ། །འབྲས་བུ་ཞེས་བྱ་བ་ནི་མི་བསྐྱོད་པས་སོ། །རྒྱུ་ནི་རྡོ་རྗེ་འཆང་བ་སྟེ། འབྲས་བུ་མི་བསྐྱོད་པ་རྡོ་རྗེ་འཆང་བས་གདབ་པོ། །ཆོས་འབྱུང་བ་ནི་ཇི་ལྟར་བསྒོམ་ཞེས་པ ་འདིའི་ལན་བསྟན་པར་བྱ་བའི་ཕྱིར། ལངས་སྤྱོད་བཞི་དང་ཡང་དག་ལྡན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལོངས་སྤྱོད་བཞི་ནི་བསྙེན་པ་ལ་སོགས་པ་སྟེ། དེ་དང་ལྡན་པའི་རྡོ་རྗེ་ཅན་ལྷ་ཐམས་ཅད་དང་ལྡན་པ་སྐུ་ལ་སོགས་པའི་ངོ་བོ་ཉིད་ཀྱི་ཟུར ་གསུམ་དང་ལྡན་པའི་ཆོས་འབྱུང་བར་བསྒོམ་མོ། །དེ་དབུས་ཞེས་བྱ་བ་ནི་ཆོས་འབྱུང་བ་བསྒོམས་པས་མཚོན་པའི་ཞིང་རྣམ་པར་དག་པར་བྱ་བའི་ཕྱིར་དང་པོ་ཉིད་དུ་འཁོར་ལོ་རྩི་བས་བཅུ་པ། ཁྲོ་བོ་བཅུ་དང་ལྡན་པ་བསྲུང་བའི་ཕྱིར་བསྒོམ་པར་བྱའི། ཆོས ་འབྱུང་བའི་ནད་དུ་བསྲུང་བའི་འཁོར་ལོ་བསྒོམ་པར་བྱ་བ་ནི་མ་ཡིན་ཏེ། ཇི་སྐད་དུ་དེ་འོག་ཧཱུཾ་གིས་རྡོ་རྗེར་བྱས་པའི་ས་ཞེས་བྱ་བ་ལ་སོགས་པ་སྨོས་པ་དང། དེ་བཞིན་དུ་ཧཱུཾ་མཛད་དང་ཡང་ན་གཙུག་ཏོར་རམ་ཞེས་བྱ་བ་ལ་སོགས་པ་བཤད་པས། འདིར ་དབུས་སུ་ཞེས་བྱ་བའི་སྒྲའི་དོགས་པ་ནི་མ་བཤད་དོ། །ཡེ་ཤེས་བདག་ཉིད་བཅུ་ལས་བྱུང། ཞེས་བྱ་བ་ནི་དད་པ་ལ་སོགས་པ་རྣམ་པར་དག་པའི་ངོ་བོ་ཉིད་དོ། །འགོག་པའི་རྡོ་རྗེས་ཞེས་བྱ་བ་ནི། སེམས་མ་འཕྲོས་པའི་མཚན་ཉིད་དོ། །མི་གཡོ་བ་དང ་མཚུངས་པ་འཁོར་ཞེས་བྱ་བ་ནི་མྱུར་དུ་འཁོར་བས་མི་འགུལ་པ་དང་མཚུངས་པར་འཁོར་བར་བལྟ་བར་བྱའོ། །དེ་བཞིན་སྡོམ་པ་ཇི་ལྟ་བུ་ཞེས་བྱ་བ་འདིའི་ལན་བསྟན་པར་བྱ་བའི་ཕྱིར་རྡོ་རྗེ་ཅན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲུབ་པ་ཞེས་བྱ་བ་ནི་དིམ་པ་འདི ་གཉིས་ཀྱི་སྒྲུབ་པའི་རྒྱུའོ། །ནན་ཏན་ཞེས་བྱ་བ་ནི་ཉམས་སུ་བླང་བའོ། །དམ་ཚིག་ནི་བསྲུང་བར་བྱ་བ་ལ་སོགས་པ་སྟེ། འདི་དག་ཐམས་ཅད་ནི་རྩ་བའི་རྒྱུད་དུ་རྒྱ་ཆེར་གསུངས་སོ། །སྡོམ་པ་ཡང་སྔར་བཤད་པ་ཉིད་དོ། །འདི་ཉིད་ནི་རིམ་པའི་དབྱེ་བས་ཕྱེ་བ་ཡིན་ཞེས་བྱ་སྟེ། ་དབྱེ་བའི་ཁྱད་པར་གྱི་གསུངས་སོ་ཞེས་བྱ་བའི་དོན་ཏོ། །གཟུགས་དང་སྒྲ་སོགས་འདོད་པ་ནི་ཞེས་བྱ་བ་ལ་སོགས་པས་ནི་དེ་ཉིད་སྟོན་པ་ཡིན་ཏེ། གཟུགས་ལ་སོགས་པ་རྣམས་ལས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྐྱེ་བར་འགྱུར་ལ། དེ་ལ་འདོད ་ཆགས་ལ་དེའི་རང་བཞིན་འོད་དཔག་ཏུ་མེད་པའི་ངོ་བོ་ཉིད་བསམ་མོ། །དེ་བཞིན་དུ་རིན་ཆེན་འབྱུང་ལྡན་ནི་མཉམ་པའི་བདག་ཉིད་ཅན་ཡིན་ལ། མཉམ་པའི་རང་བཞིན་ཉིད་ནི་དམ་ཚིག་སྟེ། རྡོ་རྗེ་འཆང་ཡིན་པས་གཟུགས་ལ་སོགས་པའི་འདོད་པ་དེ་རྣམས་རྡོ ་རྗེ་འཆང་བའི་བདག་ཉིད་ཅན་ཡིན་པར་བསྒོམ་པར་བྱའོ། །དེ་ལྟར་གཟུགས་ལ་སོགས་པའི་གཉིས་སུ་མེད་པར་གྱུར་པ་དེ་ཉིད་བསྡེན་པ་ནི་སྡོམ་པ་ཞེས་བྱ་བ་ཡིན་པར་དགོངས་སོ། །རྣམ་པ་ཞེས་བྱ་བ་ལ་སོགས་པས་ནི་ཞེ་སྡང་གཏི་མུག་ཅེས་བྱ་བ་ལ་སོཌ ་པའི་ལན་གསུངས་པ་ནི་རྣམ་པ་དང་ནི་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་ནོ། །རྣམ་པ་མེད་པ་ནི་གཉིས་སུ་མེད་པའི་ངོ་བོ་ཉིད་ཀྱིས་ཏེ། ཀུན་ཏུ་འགྲོ་བའི་ཡི་གེ་གསུམ་གྱི་བདག་ཉིད་ཅན་དུ་རྣམ་པར་བསམས་ནས། བཟླས་བརྗོད་སྤྲོ་བ་ལ་ཨེ་སོགས་པའི་བྱ་བས་སེམས་ཅན་གྱི་དོན་བྱའོ། །བྱ་བ་ཞེས་བྱ་བ་ནི་གསོད་པའོ། །འཕྲོག་པ་ནི་རྫས་དབྲོག་པ་སྟེ། དེ་དག་ལ་སོགས་པའི་ལས་རྣམས་བྱའོ། །དེ་ལྟར་ཞེས་བྱ་བ་ནི་བཤང་མ་ཐག་པའི་ལྷའི་གཟུགས་ལས་དང་རྗེས་སུ་མཐུན་པར་ཞེ་སྡང་ལ ་སོགས་པའི་ངོ་བོ་ཉིད་དུ་ཐམས་ཅད་བསྐྱེད་ལ། གསང་བ་རྣམ་པར་དག་པའི་ཆོ་ག་བཞིན་དུ་ཕྱག་རྒྱས་བཏབ་ན། རྣལ་འབྱོར་པ་རྣམས་ཀྱི་དོན་བྱེད་དོ། །དེས་དེ་ལྟར་ཐུན་མོང་གི་བཤད་ནས། རེ་རེའི་ཞེ་སྡང་ལ་སོགས་པའི་ལས་བསྟན་པར ་བྱ་བའི་ཕྱིར། ཞེ་སྡང་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞེ་སྡང་གཙོ་བོར་གྱུར་པའི་འཁོར་ལོར་བསྐྱེད་ལ། ཐམས་ཅད་ཞེ་སྡང་གི་རང་བཞིན་དུ་བསམས་ཏེ་སྤྲོ་བ་ལ་སོགས་པ་རྣམས་བྱེད་པར་བསྒྲུབ་པར་བྱ་བ་གཞིག་པ་ལ་སོགས་པར ་བྱའོ། །འདིའི་ཕན་ཡོན་བསྟན་པའི་ཕྱིར། འདི་ལྟའི་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཞེ་སྡང་གི་རྣལ་འབྱོར་པའི་ལས་བསྟན་ནས། གཏི་མུག་གི་རྣལ་འབྱོར་པའི་ལས་བསྟན་པར་བྱ་བའི་ཕྱིར། གཏི་མུག་སྦྱོར་བས་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། སྔ་མ་བཞིན་དུ་གཏི་མུག་གི་འཁོར་ལོ་ཐམས་ཅད་བསྐྱེད་ལ་བཟླས་པ་ལ་སོགས་པ་བྱ་སྟེ། རྫས་དབྲོག་པ་ལ་སོགས་པ་བྱའོ་ཞེས་བྱ་བ་ནི་མདོར་བསྡུས་པའོ། །འདོད་ཆགས་ཅན་གྱི་རྣལ་འབྱོར་པའི་ཡང་ལས་བསྟན་པར་བྱ་བའི་ཕྱིར། ་འདོད་ཆགས་སྦྱོར་བའི་རྣལ་འབྱོར་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཡང་སྔ་མ་བཞིན་དུ་འདོད་ཆགས་ཀྱི་ངོ་བོ་ཉིད་དུ་བལྟས་ལ། བཟླས་པ་དང་སྤྲོ་བའི་ལས་ལ་སོགས་པ་བྱས་ནས། ལྷ་མོའི་རྣམ་པ་ལ་སོགས་པ་བྱའོ་ཞེས་བྱ་བའི་དོན་ཏོ། ། ་ཞེ་སྡང་ལ་སོགས་པའི་རྣལ་འབྱོར་པའི་ལས་ཀྱང་རིམ་པ་འདི་ནི་ལེའུ་དགུ་པ་ལས་རྒྱ་ཆེར་གསུངས་པས་དེ་ཉིད་དུ་ཤེས་པར་བྱའོ། །ཡང་འདི་ལ་ནུས་པ་འདི་ལྟ་བུ་ཡོད་པ་ཇི་ལྟར་ཤེས་ཞེ་ན། དེའི་ཕྱིར་དཀྱིལ་འཁོར་དང་ནི་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། དཀྱིལ་འཁོར་ལ་སོགས་པའི་འདོད་པ་ཙམ་གྱིས་བྱེད་ལ། དེ་བས་ན་གྲུབ་པ་པོ་རྣམས་ཀྱི་དགོད་པ་ནི་བསམ་གྱིས་མི་ཁྱབ་པོ་ཞེས་བྱ་བ་དགོངས་སོ། །དཀྱིལ་འཁོར་ཞེས་ནི་གང་ལ་བགྱི། ཞེས་བྱ་བ་འདིའི་ལ་ན་བསྟན་པར་བྱ་བའི ་ཕྱིར། བྷ་ག་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསུམ་པོ་དཀྱིལ་འཁོར་ཡིན་པར་གསུངས་ཞེས་བྱ་བ་ནི་ཆོས་འབྱུང་བའི་དཀྱིལ་འཁོར་དང་པདྨལ་བྱང་ཆུབ་ཀྱི་སེམས་ཡོངས་སུ་གྱུར་པའི་དཀྱིལ་འཁོར་དང། ལུས་ལ་ཕྱག་རྒྱ་བཞིའི་འཁོར ་རོ། །ཕྱག་རྒྱ་དགོང་པ་ཇི་ལྟར་ལགས་ཞེས་བྱ་བའི་ཆོ་ག་འདིའི་ལན་དང། དཀྱིལ་འཁོར་གྱི་དོན་འདི་བསལ་བར་བྱ་བའི་ཕྱིར་ཕུང་པོ་སྐྱེ་མཆེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕུང་པོ་ལ་སོགས་པ་ཀུན་ནས་རྒྱས་བཏབ་པ་ཉིད་ལྟ་ཐམས ་ཅད་ཀྱི་འཁོར་ལོ་ལ་སོགས་པའི་དཀྱིལ་འཁོར་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཁྲོ་བོ་རྣམས་ཀྱི་ཕྱག་རྒྱ་དགོད་པ་བསྟན་པར་བྱ་བའི་ཕྱིར། ལྕགས་ཀྱུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་ལོ་རྩིབས་བཅུ་པའི་ཤར་ལྟོ་ལ་སོགས་པའི་མཚམས་རྣམས་སུ་འདོད་པའི ་རྒྱལ་པོ་དང་དབྱུག་སྔོན་དང། སྟོབས་པོ་ཆེ་དང། མི་གཡོ་མགོན་པོའི་ཕྱག་མཚན་དང་ལྕགས་ཀྱུ་ལ་སོགས་པ་རྣམ་པ་བཞི་རིམ་པ་བཞིན་དུ་དགོད་པར་བྱའོ། །སྟེང་དུ་བལྟས་པའི་རྩིབས་ལ་གཙུག་ཏོར་གྱི་འཁོར་ལོའི་མཚན་མ་དག་གོ་།འོག་ཏུ་བལྟས་པའི་རྩིབས་ལ་གནོད ་མཛེས་ཀྱི་རྡོ་རྗེ་དགོད་པར་བལྟ་བར་བྱའོ། །རིགས་རྒྱལ་རྡོ་རྗེ་ཅན་རྣམས་ཀྱི་ཞེས་བྱ་བ་ནི་སའི་སྙིང་པོ་ལ་སོགས་པ་རྣམས་ཀྱི་ཕྱག་རྒྱ་ནི་འཁོར་ལོས་བསྒྱུར་ཞེས་བྱ་བདེ་བཞིན་གཤེགས་པ་རྣམས་ཡིན་པས་དེ་དང་རྗེས་སུ་འབྲེལ་པའི་སྐུ་མདོག་དང་ཕྱག་མཚན་ལ་སོགས ་པའི་ཚུལ་ནི་ཅི་རིགས་པར་སྦྱར་རོ། དེ་བས་ན་ཀུན་ཏུ་བཟང་པོ་ནི་རྡོ་རྗེ་འཛིན་པ་ལྟ་བུའོ། །ས་ལ་སོགས་པའི་ཞེས་བྱ་བ་ནི་སྤྱན་ལ་སོགས་པ་སྟེ། སྤྱན་ལ་སོགས་པའི་ཕྱག་རྒྱ་མི་རང་གི་དཀྱིལ་འཁོར་དུ་གསུངས་སོ། །གཟུགས་རྡོ་རྗེ་ལ་སོགས་པའི་ཕྱག་མཚན་རིམ་པ་ཇི་ལྟ་བ་བཞིན ་དུ་བསྟན་པར་བྱ་བའི་ཕྱིར་རོ། མེ་ལོང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སངས་རྒྱས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དྲུག་པོ་རྣམས་སོ། །བྱང་ཆུབ་སེམས་དཔའ་རྣམས་དང། །ཁྲོ་བོའི་རྒྱལ་པོ་ཐམས་ཅད་མངོན་པར་རྒྱས་བཏབ་པའི་དེ་རྣམས་ཀྱི་ཕྱག་རྒྱ་ནི་བཤད ་ཟིན་པ་ཉིད་དོ། །དཔའ་བོ་གཅིག་ཅེས་བྱ་བ་ནི་རྡོ་རྗེ་དཔའ་པོ་ལ་སོགས་པའི། །པདྨ་རྣམ་པ་ལྡར་ཤེས་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་པདྨ་ལ་སོགས་པ་མེ་ཏོག་གི་དོན་ཞུས་པ་དེའི་སྣ་བསྟན་པར་བྱ་བའི་ཕྱིར་ལྟ་མེ་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། ལྷ་མོ་བཅུ་ནི་མེ་ཏོག་གི་སྒྲར་བཤད་དེ། འདི་དག་ནི་དེ་ཉིད་དུ་གསལ་བར་བྱས་པ་ཡིན་ནོ། །གཟུགས་རྡོ་རྗེ་ལ་སོགས་པ་དྲུག་ཀྱང། ཡི་གེ་གསུམ་གྱིས་འབྱིན་པ་ཡིན་པར་བསྟན་པའི་ཕྱིར། སྐུ་གསུང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་ཀྱི་རིམ་གྱི་ཞེས་བྱ ་པ་ནི་རང་གི་རིགས་ཀྱི་ཕྱག་རྒྱས་བཏབ་པའི་འབྱིན་པར་བསྟན་ཏོ། །མཆོད་རྟེན་ཞེས་ནི་ག་ལ་བགྱི་ཞེས་བྱ་བ་འདིའི་ལན་བསྟན་པར་བྱ་བའི་ཕྱིར་མཆོད་རྟེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞལ་ཡས་ཁང་ལ་མཆོད་རྟེན་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ། །ཡེ ་ཤེས་འཁོར་ལོ་ཇི་ལྟ་བུ་ཞེས་བྱ་བ་འདིའི་ལན་བསྟན་པར་བྱ་བའི་ཕྱིར་ཡེ་ཤེས་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་སེམས་དཔའ་གང་རེག་པ་ཞེས་བྱ་བ་ནི། ཡེ་ཤེས་སེམས་དཔའ་ཨི་འོད་ཟེར་རྣམས་ཀྱི་གང་ཡང་དག་པར་བསྐུལ་པའི ་སངས་རྒྱས་ཀྱི་འཁོར་ལོ་གཞན་པལ་ནི་ཡེ་ཤེས་ཀྱི་འཁོར་ལོ་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ། །འདིར་ནི་གནས་ཀྱང་གང་ཞིག་ལགས་ཞེས་བྱ་བ་འདིའི་ལན་བསྟན་པར་བྱ་བའི་ཕྱིར་མི་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ས་བོན་གྱི་ཡི་གེ་ནི་སྔགས ་ཏེ། དེའི་ངོ་བོ་ཉིད་གནས་ཞེས་བྱའོ། །མགོན་པོ་ཇི་ལྟར་བསྐུལ་བར་བགྱི་ཞེས་བྱ་བ་ལ་སོགས་པ་དྲིས་པ་བཞིའི་ལན་བསྟན་པར་བྱ་བའི་ཕྱིར། བསྐུལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཐམས་ཅད་ཀྱི་སྐུ་ལ་སོགས་པའི་དེ་ཁོ་ན་ཉིད ་ཀྱི་ཚུལ་གྱིས་ཇི་ལྟར་མོས་པའི་རྣམ་པར་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར། སད་པར་བྱ་བ་ནི་བསྐུལ་ཞེས་བཤད་དོ། །ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་སྦྱན་དྲང་བར་བྱ་བའི་ཕྱིར། འོད་ཟེར་སྤྲོ་བ་ནི་སྟོང་པ་ཞེས་བཤད་དོ། །རྡོ་རྗེ ་ཅན་ཐམས་ཅད་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཐམས་ཅད་སྤྲོས་པས་གང་དེ་བཞིན་གཤེགས་པ་རྣམས་སྤྱན་དྲང་པས་མངོན་དུ་བྱེད་པ་དེ་ནི་སྤྱན་འདྲེན་པ་ཞེས་བྱ་སྟེ། དེ་དག་གཉིས་ཀ་ལ་ཡང་བསྐུལ་བ་སྔོན་དུ་འགྲོ་བ་ཡིན་པར་ལྟ་བར་བྱའོ། །རྡོ་རྗེ་ཅན་གྱི་ངོ་བོ ་ཉིད་ཀྱི་འོད་ཟེར་གྱིས་རྡོ་རྗེ་ཐམས་ཅད་ཡང་དག་པར་བསྡུས་ནས་དེའི་གནས་ཏེ། སྙིང་ཀའི་ས་བོན་གྱི་བདག་ཉིད་ཅན་ལ་གོང་བུའི་ཚུལ་གྱིས་གཞུག་པ་ནི་བྱིན་གྱིས་བརླབ་པ་སྟེ། བཅིང་པ་ཞེས་བྱ་བ་ཡིན་པར་བཤད་དོ། །དབང་བསྐུར་བ་ནི་ཇི་ལྟར་སྩལ་ཞེས་བྱ་བ་འདིའི་ལན ་བསྟན་པར་བྱ་བའི་ཕྱིར། སྐུ་གསུང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡུལ་ཚོན་ནམ་ཡིད་ཀྱིས་དཀྱིལ་འཁོར་བྲིས་ལ་དབང་བསྐུར་བ་སྦྱིན་པར་བྱ་སྟེ། དབང་བསྐུར་བའི་ཆོ་ག་དེ་ནི་བདག་གིས་མ་བཤད་དོ། །དེ་བཞིན་རིག་པའི་བརྟུལ་ཞུགས་གང་ཞེས་བྱ་བ་འདིའི་ལན ་བསྟན་པར་བྱ་བའི་ཕྱིར། ཆོས་ཀུན་གཉིས་སུ་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་པོ་གཉིས་སུ་མེད་པ་ཞེས་བྱ་བ་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དུའོ། །རྣམ་བྲལ་བར་ཞེས་བྱ་བ་ནི་ཤེས་རབ་དང་ལྷན་གཅིག་པ་དང་བྲལ་བར་བྱ་བར་མི་བྱའོ་ཞེས་བྱ་བ་སྟེ། ་འདི་ནི་རིག་པའི་བརྟུལ་ཞུགས་ཞེས་བྱའོ། །བདུད་རྩི་ལྔ་རྣམས་ཇི་ལྟར་བཟའ་། ཞེས་བྱ་བ་འདིའི་ལན་བསྟན་པར་བྱ་བའི་ཕྱིར། ལུས་ཀྱི་ཆོས་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དཀྱིལ་འཁོར་གྱི་འཁོར་ལོར་གྱུར་པས་པར་སྣང་ལ་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་བསམས་ལ། ་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་སུ་ཞུ་བའི་བདག་ཉིད་ཅན་དུ་ཡི་གེ་ཨ་ལས་བྱུང་བའི་ཐོད་པར་བདུད་རྩི་ལྔ་པོ་ཨོཾ་གྱིས་མཚན་པར་དབབ་པོ། །མཚོན་ཆའི་མཆོག་ཅེས་བྱ་བ་ནི་ཡེ་ཤེས་ཀྱི་ས་བོན་གྱི་འོད་ཟེར་གྱིས་དྲངས་པའོ། །བཟའ་བའི་སྦྱོར་བ ་ཞེས་བྱ་བ་ནི་བཟའ་བའི་ཆོ་གས་ཏེ། དེ་སྐད་དུ་འབར་བའི་ཨོཾ་གྱིས་བྱིན་གྱིས་བརླབས་རླུང་དང་མེའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །དེ་བཞིན་དཔའ་བོ་ལྔ་གང་ལགས་ཞེས་བྱ་བ་འདིའི་ལན་བསྟན་པར་བྱ་བའི་ཕྱིར། བསྒྲུབ་བྱའི་དངོས་གྲུབ་ཅེས་བྱ་བ་ལ ་སོགས་པ་གསུངས་ཏེ་བཤད་མ་ཐག་པའི་ཆོ་གས་དཔའ་བོ་ལྔ་ཞེས་པ་ཤ་ལྔའི་ངོ་བོར་བསྒྲུབ་པར་བྱ་བའི་དངོས་གྲུབ་ཀྱི་ཆོ་གའི་དོན་དུ་སྦྱར་བར་བྱའོ། །དངོས་གྲུབ་ཐུན་མོང་ཇི་ལྟ་བུ་ཞེས་བྱ་བ་ལ་སོགས་པ་འདིའི་ལན་བསྟན་པར་བྱ ་པའི་ཕྱིར། མི་སྣང་ལ་སོགས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སངས་རྒྱས་ཉིད་དུ་སྒྲུབ་པ་ནི་ཞེས་བྱ་བ་ནི་སངས་རྒྱས་ཉིད་དུ་སྒྲུབ་པ་ནི་དངོས་གྲུབ་མཆོག་ཡིན་པར་སངས་རྒྱས་ཀྱིས་གསུངས་སོ། །དེ་ལ་ཐབས་ནི་རྣམ་པ་དུ་ཞེས་བྱ་བའི་འདི་ལན་བསྟན ་པར་བྱ་བའི་ཕྱིར། ཐབས་ནི་རྣམ་པ་བཞི་པོ་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྙེན་པ་ལ་སོགས་པའི་ཡན་ལག་བཞི་ནི་ཐབས་རྣམ་པ་བཞིའོ། །དེ་ལ་བསྙེན་པ་ལ་སོགས་པའི་དབྱེ་བ་བསྟན་པར་བྱ་བའི་ཕྱིར་ཐུན་མོང་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། ཐུན་མོང་གི་བསྙེན་པ་རྣམ་པ་གཉིས་དང། མཆོག་གི་བསྙེན་པ་རྣམ་པ་གཉིས་ཏེ། བསྙེན་པ་རྣམ་པ་བཞི་ནི་བསྙེན་པའོ། །དེ་ལ་ཐུན་མོང་གི་བསྙེན་པ་གཅིག་ནི་རྡོ་རྗེ་རྣམ་པ་བཞིའོ། །མཆོག་གི་བསྙེན་པ་གཅིག་ཀྱང་ཡེ་ཤེས་བདུད་རྩི ་དང་སྲིད་པ་བར་མ་པ་གཅིག་ཏུ་གྱུར་ཅིང་མེར་པོར་གྱུར་ཕ་ལ་སོགས་པའི་རིམ་གྱིས་བདག་པོའི་ལྟ་འབྱུང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་ཡང་ལྷ་གཙོ་བོའི་ཡན་ལག་ཏུ་གྱུར་པས་མཆོག་གི་བསྙེན་པ་ཞེས་བཤད་དོ། །མཆོག་གི་བསྙེན་པ ་གཉིས་པ་འོག་ནས་བཤད་དོ། །ད་ནི་ཐུན་མོང་གི་བསྙེན་པ་དང་འབྲེལ་པ་རྡོ་རྗེ་བཞི་བསྟན་པར་བྱ་བའི་ཕྱིར། དང་པོར་ཞེས་བྱ་བ་ལ་སོགས་བ་གསུངས་ཏེ། འདི་དག་ཀྱང་ལེའུ་བཅུ་གཉིས་པ་ལས་བཤད་པས་དེ་ཉིད་དུ་ཤེས་པར་བྱའོ། །མཆོག་གི་ཡེ ་ཤེས་བདུད་རྩི་ཉིད་ཅེས་བྱ་བ་ནི་ཡེ་ཤེས་ཀྱི་བདུད་རྩིས་མཆོག་གི་བསྙེན་པ་འདི་བྱས་ནས་ཐུན་མོང་གི་བསྙེན་པ་བྱའོ་ཞེས་བྱ་བའི་དོན་ཏོ། །ཐུན་མོང་གི་སྒྲུབ་པ་གཉིས་པ་བསྟན་པར་བྱ་བའི་ཕྱིར་སྦྱོར་བ་དྲུག་གི་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། སྒྲུབ་པ་ཞེས་བྱ་བ་ནི་དངོས་གྲུབ་མཆོག་གི་ཡན་ལག་དྲུག་གི་སྦྱོར་བ་བྱས་ནས་སྒྲུབ་པ་པོ་ཞེས་བྱ་བའི་དོན་ཏོ། །ཡན་ལག་དྲུག་གི་སྦྱོར་བ་དེ་གང་ཡིན་ཞེ་ན། སོ་སོར་སྡུད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལས་སོ་སོར་བསྡུད? ་པ་བསྟན་པར་བྱ་བའི་ཕྱིར། དབང་པོ་བཅུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མིག་ལ་སོགས་པ་རྣམས་དང། གཟུགས་ལ་སོགས་པ་རྣམས་ནི་རང་རང་གི་བྱ་བ་ལ་དབང་བྱེད་པས་འདི་དག་བཅུ་ཆང་ཡང་དབང་པོ་ཞེས་བཤད་དེ། དེ་རྣམས་ཀྱི་རང་གི་ངོ ་པོ་ཉིད་ཙམ་དུ་གནས་པ་ལས་གང་འདོད་པ་ལས་བསྡུད་པའི་ངོ་བོ་ཉིད་དེ་ནི་སོ་སོར་སྡུད་པའོ། །བསམ་གཏན་གྱི་ངོ་བོ་ཉིད་བསྟན་པར་བྱ་བའི་ཕྱིར་འདོད་པ་ལྔ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་པ་ལྔ་རྣམས་སངས་རྒྱས་ལྔའི་བདག་ཉིད ་དུ་བརྟག་པ་དེ་ནི་བསམ་གཏན་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ། །བསམ་གཏན་དེ་ཡང་རྟོག་པ་ལ་སོགས་པའི་ཚུལ་གྱིས་རྣམ་པ་ལྔར་འགྱུར་རོ། རྟོག་པ་ལ་སོགས་པ་དེ་རྣམས་ཀྱི་རང་གི་ངོ་བོ་ཉིད་བསྟན་པར་བྱ་བའི་ཕྱིར། གསང་བ་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། སྐུ་དང་གསུང་དང་ཐུགས་ཀྱི་ཚུལ་གྱིས་བྱུང་བའི་གསང་བ་གང་ཡིན་པ་དེ་ནི་རྟོག་པ་ཞེས་བཤད་ལ། གསང་བ་དེ་ཉིད་ཀྱི་རབ་ཏུ་སྦྱོར་བ་ལ་ཀུན་ནས་ལོངས་སྤྱོད་པ་ནི་དཔྱོད་པའོ། །དེ་ཉིད་གསལ་པའི་ངོ་བོ་ཉིད་དགའ་བའི་བདག་ཉིད་ཅན ་ཡིན་པས་དགའ་བའོ། །འདྲ་བ་ཞེས་བྱ་བ་ནི་དེ་ཉིད་རབ་ཏུ་སྟོན་པའི་ངོ་བོ་ཉིད། དགའ་བ་དེའི་འོག་ཏུ་རྗེས་སུ་གཟུང་བར་བྱ་བའི་ཁྱད་པར་ནི་བདེ་བའོ། །དེ་ཉིད་རང་གི་སེམས་ཏེ་ཡེ་ཤེས་དང་ཤེས་བྱའི་རྣམ་པར་དབྱེ་བ་ཟང་བའི་ངོ་བོ་ཉིད་ནི། སེམས་རྩེ་གཅིག ་པ། ཞེས་བྱ་སྟེ། བསམ་གཏན་ལྔ་པའི་རབ་ཏུ་དབྱེ་བའོ། །སྲོག་དང་རྩོལ་བའི་ངོ་བོ་ཉིད་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་ཀུན་དངོས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྲ་མོའི་རྣལ་འབྱོར་ལ་གནས་པ་ན་དེར་གལ་ཏེ་སྐྱོ་བར་གྱུར་ན། སངས་རྒྱས ་ཐམས་ཅད་ལ་སོགས་པའི་ངོ་བོ་ཉིད་ཀྱི་དབུགས་ཏེ། རང་གི་མཚན་མའི་གཟུགས་ཀྱིས་ཤེས་པ་ལྷའི་རང་བཞིན་གྱིས་གོང་བུའི་ཚུལ་གྱིས་རང་གི་རྡོ་རྗེ་ལས་བྱུང་སྟེ། ལྷ་མོའི་སྣ་རྩེ་བསྒོམ་པར་བྱའོ། །དེ་ལས་ཉེ་བར་མཚོན་བ་ཙམ་གྱི་དོན་དུ ་མཚན་མ་གཅིག་བསྟན་པར་བྱ་བའི་ཕྱིར། རིན་ཆེན་ཁ་དོག་སྣ་ལྔ་བ་ཞེས་བྱ་བ་གསུངས་ཏེ། དེ་ལ་ནི་འདིར་སྲོག་དང་རྩོལ་བ་ཞེས་བྱ་བར་བཤད་དོ། །འཛིན་པའི་ངོ་བོ་བསྟན་པར་བྱ་བའི་ཕྱིར། རང་སྔགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ ་ཕྲ་མོའི་རྣལ་འབྱོར་ལ་རང་གི་ས་བོན་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀ་ན་གནས་པའི་མཚན་མའི་ལྟེ་བ་བསམས་ལ། ས་བོན་དེ་ལ་ཐིག་ལེ་ཡོད་པར་སྲོག་གི་ངོ་བོ་ཉིད་ལ་སེམས་བཞག་པར་བྱའོ། །རང་གི་དབང་པོ་ཞེས་བྱ་བ་ནི་སྲོག་དེ་ཉིད ་མཆོག་ཏུ་ཡང་དག་པར་གཟུང་བར་བྱ་སྟེ། དེ་ལ་འདི་ནི་གཟུང་བ་ཞེས་བྱ་བ་ཡིན་པར་བཤད་དོ། །འགོག་པས་སེམས་བསྟན་པར་གྱུར་ན་མཚན་མ་རྣམ་པ་ལྔ་སྟེ། དེ་ལས་འོད་ཟེར་གོང་ནས་གོང་དུ་འཕགས་པའི་མཚན་ཉིད་ཅན་སྨིག་རྒྱུ་ལྟ་བུ་ལ ་སོགས་པ་འབྱུང་བར་འགྱུར་རོ། རྗེས་སུ་དྲན་པའི་ངོ་བོ་ཉིད་བསྟན་པར་བྱ་བའི་ཕྱིར། བརྟན་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྲ་མོའི་སྦྱོར་བ་ལ་གནས་པའི་རྣལ་འབྱོར་པས་བརྟན་པར་གྱུར་པའི་མཚན་ཉིད་དེའི་ལམ་ནས་ནམ་མཁའ་ཨི་ཁམས ་རྣམས་སུ་ཇི་སྐད་བཤད་པའི་ཆོགས་སྤྲོ་བར་བྱའོ། །དེར་སྤྲོ་བ་ནི་རྗེས་སུ་བན་པ་གང་རྣམས་བསྒོམ་པ་དེ་དང་འདྲ་བར་སྤྲོ་བར་བྱ་བ་དེ་ནི་རྗེས་སུ་ངན་པ་ཞེས་བཤད་དེ། སོ་སོར་སྣད་པ་དེ་ལ་སྐྱེ་ཞེས་བྱ་བ་ནི་མཚན་མ་རྣམ་པ་ལྔ་འབྱུང་བའི་འོག་ཏུ་རྒྱས་པར ་འཕྲོ་བ་སྤྲོ་བ་སོ་སོར་སྣང་བ་དེ་ལ་སྐྱེ་བར་འགྱུར་ཏེ། རྗེས་སུ་དྲན་པ་འདིའི་ངོ་བོ་ཉིད་ནི་ལེའུ་བདུན་པ་ལས་རྒྱས་པར་ཤེས་པར་བྱའོ། །ཏིང་ངེ་འཛིན་གྱི་རང་གི་ངོ་བོ་ཉིད་ནི་བསྟན་པར་བྱ་བའི་ཕྱིར། ཐབས་དང་ཤེས་རབ་ཅེས་བྱ་བ་ལ་སོགས་པ་གསུངས ་ཏེ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་སྙོམས་པར་འཇུག་པས་དངོས་པོ་ཐམས་ཅད་གོང་བུའི་ཚུལ་དུ་བསྡུད་ནས། གཟུགས་གཅིག་ལ་དཀྱིལ་འཁོར་པའི་ལྷ་རྣམས་ཀྱི་འཁོར་ལོའི་དབུས་སུ་རྣམ་པར་བསྒོམ་ལ། དེར་ལྷ་རྣམས་ཀྱི་འཁོར་ལོའི་བདག་ཉིད་དུ ་བསྒོམ་པར་གྱུར་པ་ནས་གང་སྐད་ཅིག་ཡུད་ཙམ་གྱིས་ཡེ་ཤེས་རྫོགས་པ་དེ་ནི་ཏིང་ངེ་འཛིན་ཅེས་བཤད། །སོ་སོར་སྡུད་པ་ལ་སོགས་པ་དྲུག་པོ་རྣམས་ཀྱི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། སོ་སོར་སྡུད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་གིས ་ནི་སྦྱོར་བའི་ཡན་ལག་དྲུག་གི་རང་བཞིན་ཐུན་མོང་གི་བསྙེན་པའི་ཡན་ལག་གཉིས་པ་བསྟན་པ་ཡིན་ནོ། །ད་ནི་ཉེ་བར་སྒྲུབ་པའི་གནས་སྐབས་སུ། །སྒྲུབ་པའི་དོན་བསྟན་པར་བྱ་བའི་ཕྱིར། སྙིང་ངོ་དེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐུགས་རྡོ་རྗེ་ལ་སོགས ་པའི་ཐུགས་ཀའི་ཕྱག་མཚན་གྱིས་ལྟེ་བར་སྙིང་པོ་དེ་ཞེས་པ་སྔགས་ཀྱི་རང་བཞིན་དུ་གནས་པའོ། །ཟླ་བ་རྡོ་རྗེའི་སྦྱོར་བ་བལྟ་ཞེས་བྱ་བ་ནི་མི་ཕྱེད་པའི་ཟླ་བའི་དཀྱིལ་འཁོར་ལ་གནས་པར་བལྟ་བའོ། །མཚོན་ཆ་མཆོག་གི་ཞེས་བྱ་བ་ནི་དེའི་འོད་ཟེར ་རྣམས་ཀྱིས་སོ། །སྔགས་ཀྱི་གཟུགས་ཀྱི་ཚུལ་གྱིས་ནི་ཞེས་བྱ་བ་ནི་ཤེས་རབ་དང་ལྡན་པ་རྣམས་ཀྱིས་རང་གི་དཀྱིལ་འཁོར་ལ་ཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཚོགས་ཆོ་ག་བཞིན་དུ་ཤེས་རབ་དང་སྦྱོར་བ་དང་འདྲ་བར་རང་གི་ཐུགས ་སྔགས་ཀྱི་རང་བཞིན་དུ་བྱས་ན། དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་བྱིན་གྱིས་བརླབ་པོ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ་སྙིང་པོ་དེའི་འོད་ཟེར་གྱི་ཚོགས་ཀྱིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །དེ་ནས་བྱང་ཆུབ་པའི་ཚིགས་སུ་བཅད་པ། ་དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ་ཞེས་བྱ་བ་ལ་སོགས་པ་བརྗོད་དེ། དེ་ནས་ཐུགས་དེ་སྟེ་ཐུགས་རྡོ་རྗེ་ལ་སོགས་པ་དེས་དྲངས་པས་རྒྱལ་བ་ཐམས་ཅད་ཀྱི་བདག་ཉིད་ཅན་ཡེ་ཤེས་ཀྱི་གཟུགས་ཀྱིས་གཅིག་ཏུ་གྱུར་པར་བསྒོམ་པ་ནི་ཉེ་བར ་སྒྲུབ་པ་ཞེས་བྱ་སྟེ། འདིས་བསྒྲུབ་པར་བྱ་བ་ཡིན་པས་ན་སྒྲུབ་པ་སྟེ་སངས་རྒྱས་ཀྱིས་ཆོགས་སོ། །དེའི་རྒྱུར་གྱུར་པར་ཉེ་བར་གནས་པས་ན་ཉེ་བར་བསྒྲུབ་པའོ། །འདིར་ཐུགས་ལ་སོགས་པ་བྱིན་གྱིས་བརླབ་པ་ནི་ཉེ་བར་སྒྲུ་བར་ཡིན་པར་བཤད་ནུབ།?་དེ་བཞིན ་གཤེགས་པ་རྣམས་ཀྱི་སྒྲུབ་པའི་རྣམ་པར་དབྱེ་བ་ཉིད་བསྟན་པར་བྱ་བའི་ཕྱིར་ཇི་སྲིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མཐོང་བ་ཞེས་བྱ་བ་ནི་བྱིན་གྱིས་བརླབས་པའི་མཚན་ཉིད་དོ། །སྒྲུབ་པ་རྣམ་པ་གཉིས་ནི་ཞི་བའི་སྦྱོར་བ་དང་དྲག་པོའི་སྦྱོར་བའོ། །དེ་ལ་དང་པོར ་ནི་ཞི་བའི་སྦྱོར་བ་ཉིད་ཀྱིས་འདོད་པ་ཐམས་ཅད་ལ་ཉེ་བར་ལོངས་སྤྱོད་པས་ཟླ་བ་དྲུག་གི་བར་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་སྒྲུབ་པ་ལ་འབད་པར་བྱའོ། །དེ་ལྟར་ན་ཡང་འགྲུབ་པར་མའི་གྱུར་ན། དེའི་ཚེ་ཇི་སྐད་དུ་བཤད་པའི་ཆོ་གས་ལེན་གསུམ་གྱི་བར་དུ ་བརྩམས?་པར་བྱའོ། །གལ་ཏེ་འདི་ཙམ་གྱིས་ཀྱང་སྒྲུབ་པ་པོ་ལ་ཞལ་སྟོན་པར་མི་མཛད་ཅིང། བྱང་ཆུབ་ཀྱང་མི་འགྲུབ་ན་དེ་འི་ཚེ་ལེའུ་བཅུ་པ་ལ་སོགས་པ་ལས་གསུངས་པའི་དྲག་པོའི་སྦྱོར་བའི་ཆོ་གས་བསྒྲུབ་པར་བྱའོ། །དྲག་པོའི་ཆོ་ག་གཉིས་ནི་ལེའུ་བཅུ་བཞི ་པ་ལས་གསུངས་ཏེ། དེར་ཐུགས་རྡོ་རྗེ་ལ་སོགས་པ་ནི་རིགས་དེ་དང་འབྲེལ་བ་ཤེས་རབ་མཐར་བྱེད་ལ་སོགས་པ་ངར་ཕུར་བུས་གདབ་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། རིགས་ཀྱི་དབྱེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཕུར་བུས་ཞེས་བྱ་བ་ནི ་འོག་ཏུ་མདུང་རྩེ་གཅིག་པ་ལ་སྟེང་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་གྱི་གཟུགས་ཀྱིས་སོ། །དེ་ནས་ཞེས་བྱ་བ་ནི་དྲག་པོའི་སྦྱོར་བའི་འོག་ཏུ་དབང་དུ་བྱ་བ་ལ་སོགས་པའི་སྦྱོར་བ་དག་ཀྱང་བྱའོ་ཞེས་བའོ། །ལེའུ་དང་བོ་ལས་འདོད་ཆགས་ཆེན་པོའི ་ཚུལ་ཞེས་བྱ་བའི་ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པར་དེ་བཞིན་གཤེགས་པ་ཐམས་ཅད་བུད་མེད་ཀྱི་གཟུགས་སུ་བཅོམ་ལྡན་འདས་ཀྱི་སྐུ་ལས་མངོན་པར་བྱུང་བར་གྱུར་ཏོ་ཞེས་གསུངས་པ་དེའི་འོག་ཏུ་དེ་རྣམས་ཀྱི་བུད་མེད་ཀྱི་གཟུགས་ཉིད་ཀྱིས ་ལེའུ་དང་པོར་རིག་པ་ལ་རབ་ཏུ་ནུགས་པར་ཡང་ཤེས་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར་འདོད་ཆགས་ཆེན་པོའི་ཚུལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་ཆགས་ཆེན་པོའི་ཚུལ་ཞིས་བྱ་བའི་ཏིང་ངེ་འཛིན་གྱིས་ཡེ་ཤེས་ཀྱི་འཁོར་ལོ་ཅན་ཏེ། སངས་རྒྱས་རྣམས ་ཡང་དག་པར་བསྡུས་ནས་དེ་ཡོངས་སུ་བསྡུས་པའི་ངོ་བོ་ཉིད་སྤྱན་ལ་སོགས་པ་ལྷ་མོ་དགུའི་གཟུགས་སུ་སྤྲོས་ནས། བསྒྲུབ་པར་བྱ་བ་ཞེས་བྱ་བ་རང་རིག་པའི་ནང་དུ་ཆུང་པར་བསྒོམ་ཞེས་བྱ་བ་སྟེ། ཇི་སྐད་དུ་དུམ་ཆོག་ཏུ་རྗེས་ཆགས་ཕུན་ཚོགས་དཔག་མེད་ཀྱིས་ཞེས་བྱ་བ་ལ ་སོགས་པ་སྨོས་པ་ཡིན་ནོ། །ད་ནི་ཡེ་ཤེས་ཀྱིས་བདུད་རྩིར་གྱུར་པ་ལས་སྤྱན་ལ་སོགས་པ་རྣམས་ཀྱིས་བསྐུལ་བའི་གླུ་དང། བཅོམ་ལྡན་འདས་ཡང་དག་པར་བླང་བའི་མཆོག་གིས་བསྙེན་པ་བསྟན་པར་བྱ་བའི་ཕྱིར་ཡོངས་སུ་གྱུར་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་ཡོངས་སུ་གྱུར་པ་ཞེས་བྱ་བ་ནི་ཟུར་བཞིར་འཁོར་བའི་ཚུལ་དུ་གནས་པའོ། །ཕྱག་རྒྱ་བཞིའི་དཀྱིལ་འཁོར་ཞེས་བྱ་བ་ནི་སྤྱན་ལ་སོགས་པ་ལྷ་མོ་བཞི་སྟེ། གནས་དེར་བསྟན་པར་བྱའོ། །བདག་ཉིད་དབུས་སུ་གནས་བྱས་ལ་ཞེས་བྱ་བ་ནི་བདག་ཉིད་ཟླ་བཞུ་བའི་གཟུགས་སུ་ལྷ ་མོ་རྣམས་ཀྱི་དབུས་ན་འདུག་པར་བྱས་པའོ། །འཁོར་ལོ་ཅན་ཀུན་ཞེས་བྱ་བ་ནི་སངས་རྒྱས་རྣམས་སོ། །བསྡུ་བར་བྱ་ཞེས་བྱ་བ་ནི་བདག་ཉིད་ཀྱི་ནང་དུ་བསྒོམ་པར་བྱའོ། །དེ་ནས་ཐམས་ཅད་རྡོ་རྗེའི་དངོས་པོར་བདག་ཉིད་བྱས་ལ། བྱང་ཆུབ་པའི་བདག་ཉིད་ཅན་དུ་བསྒོམས ་ནས་ལྷ་མོ་དེ་རྣམས་ཀྱིས་འདི་ལྟར་བསྐུལ་བའི་གླུ་དབྱངས་ཀྱིས་བསྐུལ་བར་གྱུར་པར་བསམ་མོ། །དུས་གསུམ་རྡོ་རྗེའི་རང་བཞིན་སེམས་ཞེས་བྱ་བ་ལ་འདས་པ་ལ་སོགས་པའི་རྡོ་རྗེའི་ངོ་བོ་ཉིད་ཀྱི་སེམས་ཡེ་ཤེས་ལ་བུ་སྟེ། ཡེ་ཤེས་དང་འདྲ་བ་ལུས་ཀྱིས་བདག ་ཉིད་ཅན་ཏེ། ཐབས་དང་ཤེས་རབ་ཀྱིས་ངོ་བོ་ཉིད་ཀྱི་ལུས་སུ་བགོམ?་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ལས་དང་རྗེས་སུ་མཐུན་པར་ཁ་དོག་ལ་སོགས་པའི་རྣམ་པར་དབྱེ་བར་འགྱུར་རོ་ཞེས་བསྟན་གཔར་བྱ་བའི་ཕྱིར་རོ། །དྲེགས་པར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐུཧ ་མདོག་དེ་ཉིད་ཅུང་ཟད་ཙམ་གྱི་ཁྱད་པར་ཡོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཉམས་ཀྱིས་ཞེས་བྱ་བ་ནི་ཁྲོ་བོ་ལ་སོགས་པའི་ཉམས་ཀྱིས་ཐུགས་ཕྱེ་བ་སྟེ། ནང་དང་ཕྱི་རོལ་དུ་ཁྲོ་བོ་ལ་སོགས་པར་གསལ་བར་མངོན་པར་སྣང་བར་འགྱུར་ཞེས་བྱ ་བའི་དོན་ཏེ། དེ་ལྟ་མོད་ཀྱི་ནང་དུ་བསལ་ལ་ཕྱི་རོལ་འབར་བའི་བདག་ཉིད་ཡིན་པར་བལྟ་བར་བྱའོ། །དབང་བསྐུར་བས་ནི་རང་གི་རྒྱུ་ཞེས་བྱ་བ་ནི་དབང་བསྐུར་བས་རང་གི་རྒྱུ་སྟེ། རིགས་ཀྱི་བདག་པོ་འབྱེད་པར་འགྱུར་ཞེས་པ་སྟེ། མགོ་བོ་ན་གནས་པས་རྒྱུ་ཕྱེ་བར ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འབྲས་བུ་ཆེ་བ་ཡིན་ཞེས་བྱ་བ་ནི་འབྲས་བུ་ཡང་བཞིའི་ཚུལ་གྱིས་འབྲས་བུ་ཕྱེ་བར་གྱུར་པ་ཡིན་ཏེ། དེ་དག་གི་རྒྱུ་དང་འབྲས་བུ་དག་གི་ཆ་རྣམ་པར་བཞག་གོ་ཞེས་བྱ་བའི་བར་དུའོ། །སྔགས་ཀྱིས་ཆོས་ནི་འབྱེད་འགྱུར་ལ ་ཞེས་བྱ་བ་ནི་རང་གི་སྔགས་ཀྱིས་ཆོས་ཞེས་བྱ་བ་རང་གི་ཤེས་རབ་བསྐྱེད་པ་སྟེ། དེ་བཞིན་རང་གི་ལྟ་འདྲ་རང་སྙིང་པོས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །རིག་པ་ཡང་ཆོས་ཀྱི་ཕྱག་རྒྱས་སོ་ཞེས་བྱ་བ་ནི། ཆོས་ཀྱི་ཕྱག་རྒྱ་ནི་ཡེ་ཤེས་ཀྱི་ལྷ་མོ་སྟེ། ་དེས་རིག་པ་འབྱེད་དེ། ཤེས་རབ་ཀྱི་སྙིང་ཁར་ཡེ་ཤེས་སེམས་དཔའ་བུད་མེད་ཀྱི་གཟུགས་སུ་འཛིན་པ་སྟེ། དེ་ལྟ་མོད་ཀྱི་སྐྱེས་པའི་གཟུགས་ཀྱིས་གནས་པ་གསལ་བ་སྟེ། དེས་ན་འདི་ལྟར་ཐབས་ཀྱི་ཆ་ལས་ཤེས་རབ་བྱེ་བྲག་ཏུ་འགྱུར་རོ་ཞེས་བྱ་བའི ་དོན་ཏོ། །གཙུག་ཏོར་མཉེས་པར་བྱ་བར་གྲགས་ཞེས་བྱ་བ་ལ། གཙུག་ཏོར་ལ་སོགས་པའི་སྒྲའི་དོན་བསྟན་པར་བྱ་བའི་ཕྱིར། འཁོར་ལོ་སྒྱུར་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་ལོ་སྒྱུར་བའི་དེ་བཞིན་གཤེགས་པ་དྲུག་པོ་དེ་ཉིད ་ནི་གཙུག་ཏོར་ཞེས་བྱ་བའི་སྒྲས་བཤད་དོ། །རྒྱལ་པོ་ཞེས་བྱ་བ་ནི་ཤིན་ཏུ་རྣམ་པར་མཛེས་པས་ན་དེ་ཉིད་ལ་རྒྱལ་པོ་ཞེས་བྱ་བའི་དོན་ཏོ། །ལོངས་སྤྱོད་བཞི་ཞེས་བྱ་བ་ནི་སྤྱན་ལ་སོགས་པ་བཞི་སྟེ། དེ་ནི་རིག་པའི་རྒྱལ་མོ་ཞེས་བྱ་བར ་བཤད་དོ། །རྡོ་རྗེའི་བདག་བོ་རྣམས་ནི་གཟུགས་རྡོ་རྗེ་ལ་སོགས་པ་སྟེ། དེ་ནི་འདོད་པ་ཐམས་ཅད་ཅེས་བྱ་བའི་སྒྲས་བརྗོད་པ་ཡིན་པར་ཤེས་པར་བྱའོ། །ད་ནི་སྐུ་ལ་སོགས་པའི་དབང་བསྐུར་བ་ཐམས་ཅད་ནི་བསམ་གཏན་ཉིད་ཀྱིས་བྱ་བ་མཆོག ་ཡིན་གྱི། ཕྱིའི་ཚུལ་གྱིས་ནི་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། ཐམས་ཅད་བསམ་གཏན་འཁོར་ལོ་ཡིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབང་བསྐུར་བའི་མཐར་ཐུགས་པའི་མཆོག་གི་སྦྱོར་བ་འདིས་ཇི་ལྟར་མངོན་པར་འདོད ་པའི་སྐུ་ལ་སོགས་པའི་ལྟའི་གཟུགས་རྣམ་པར་བསྒོམས་ལ། ཤེས་རབ་དང་ལྷན་ཅིག་གཉིས་སུ་མེད་པར་བྱའོ་ཞེས་སྟོན་ཏེ། ཆོ་གའི་སྦྱོར་བ་འདི་ཡིས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་ཀྱིས་ཞེས་བྱ་བ་ནི་རིག་པ་དང་དོ། །དེ་ལྟར་སྔར ་བཤད་པའི་ཚུལ་གྱིས་རིག་པ་དང་བདག་དུ་ལྡན་པར་བསྐྱེད་ལ། དཀྱིལ་འཁོར་དབྱུད་བར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། སྔར་བཤད་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིག་པ་དང་ལྡན་པའི་སྐྱེས་བུས་རྡོ་རྗེ་གསུམ་བྱིན་གྱིས་བརླབ ་པ་ནས་རྗེས་སུ་ཆགས་པའི་མཐར་ཐུག་པས་བདག་ཉིད་རབ་ཏུ་བསྒྲུབས་ལ། བདག་དང་འདྲ་བར་དཀྱིལ་འཁོར་གྱི་ལྷ་རྣམས་དབྱུང་བར་བྱ་སྟེ། སྒྲུབ་པ་ཆེན་པོའི་མཐར་ཐུག་པའི་བར་དུའོ། །བདག་ཉིད་བསྟན་པར་བྱ་བའི་ཕྱིར་བསྙེན་པའི་དུས་སུ་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། མཆོག་གི་བསྙེན་པའི་དུས་སུ་གཙུག་ཏོར་ཆེན་པོ་ཞེས་བྱ་བར་སངས་རྒྱས་གང་ཡང་རུང་བའི་གཟུགས་སུ་དམིགས་སོ། །སྦྱོར་བཞེས་བྱ་བ་ནི་ཆུང་དུ་དང་འབྲིང་དང་ཏིང་ངེ་འཛིན་རྒྱུ་ཐུན་པ་ལ་སོགས་པའི་རིམ་གྱིས་རྗེས་སུ ་ཆགས་པའི་མཐར་ཐུག་པའི་དབང་པོའི་སྦྱོར་བ་བྱས་པ་དང། ཐུན་མོང་གི་བསྙེན་པའི་རྒྱུ་མཆོག་གིས་བྱེད་པས་རྒྱུ་ཐུན་གྱིས་འབྲས་བུ་བྱས་པའོ། །ཉེ་བར་སྒྲུབ་པ་ནི་བདུད་རྩི་འཁྱིལ་བའི་བར་གྱི་ལྷ་ཐམས་ཅད་ཀྱི་མིག་ལ་སོགས་པ་བྱིན་གྱིས་བརླབ ་བའི་མཚན་ཉིད་ཅན་རྣམ་པར་སྨིན་པའི་འབྲས་བུ་བྱའོ། །དེ་ལྟར་སྒྲུབ་པ་ཡང་སྐྱེས་བུ་བྱེད་པའི་འབྲས་བུ་ལ། དཀྱིལ་འཁོར་བའི་ལྷ་རྣམས་ཀྱི་བདུད་རྩི་འཁྱིལ་བའི་བར་ཐམས་ཅད་ལ་ཆོ་ག་ཤེས་པའི་སྔགས་པས་རང ་གི་ལྷའི་སྦྱོར་བ་སྟེ། ཐུགས་བྱིན་གྱིས་བརླབ་པ་ལ་སོགས་པ་བྱའོ། །དེ་ནས་དབང་གི་འབྲས་བུ་ནི་སྒྲུབ་པ་ཆེན་པོའི་དུས་སུ་བདུད་རྩི་འཁྱིལ་བ་ཉིད་ཀྱི་བར་གྱི་ལྷ་ཐམས་ཅད་ཀྱི་དབུ་རྒྱན་ལ་རང་རང་གི་བདག་པོའི་སངས་རྒྱས་ཀྱི་སྐུ་ཆོ་ག་བཞིན་དུ ་སྔགས་པས་བཞག་པར་བྱའོ། །དེ་ལྟར་ཉེ་བར་སྒྲུབ་པ་ལ་སོགས་པའི་བདག་ཉིད་ཅན་གྱི་རབ་ཏུ་དབྱེ་བ་གསུངས་ནས། ཕན་ཡོན་བསྟན་པར་བྱ་བའི་ཕྱིར། འདི་ནི་རྡོ་རྗེ་ཅན་ཀུན་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟ་བུའི་ཐབས་ཀྱི ་རྣམ་པར་དབྱེ་བ་རྣལ་འབྱོར་བས་ཤེས་པར་བྱས་ལ། དངོས་གྲུབ་མཆོག་བསྒྲུབ་པར་བྱའོ་ཞེས་པའོ། །སངས་རྒྱས་སྐྱོབ་པ་རྣམས་ཀྱི་ཡང་ཞེས་བྱ་བར་ཤེས་པར་བྱའོ། །ད་ནི་མཆོག་གི་བསྙེན་པ་གཉིས་བསྟན་པར་བྱ་བའི་ཕྱིར། ་བསྒྲུབ་བྱ་སྒྲུབ་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྒྲུབ་པར་བྱ་བ་དང། སྒྲུབ་པ་དག་ནི་པདྨ་དང། །རྡོ་རྗེ་དག་ཡང་དག་པར་འདུས་པ་གང་ཡིན་པ་དེ་ནི་བསྙེན་པ་ཞེས་བྱ་བར་བཤད་དེ། །དངོས་གྲུབ་མཆོག་གི་རྒྱུར་གྱུར ་བའི་ཕྱིར་རོ། །དེ་བཞིན་དུ་ཉེ་བར་སྒྲུབ་པ་ལ་སོགས་པའི་ཡང་དབྱེ་བ་གཞན་དག་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་པདྨ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །རྡོ་རྗེ་པདྨ་དང་ལྷན་ཅིག་ཡང་དག་པར་ཞུགས་པའི་འོག་ཏུ་ཡང་དག་པར ་རེག་པ་གང་ཡིན་པ་དེ་ནི་ཉེ་བར་སྒྲུབ་པ་ཞེས་བྱ་བ་སྟེ། འོག་ནས་བཤད་པའི་སྒྲུབ་པ་དང་ཉེ་བའི་ཕྱིར་རོ། །ཡང་དེ་དག་ཉིད་གང་ཡིན་པ་ཡི་གེ་ཧཱུཾ་ལས་བསྐྱེད་བ་དག་རྣམ་པར་འབྱིན་པའི་ཡི་གེ་ཕཊ་ཁ་དོག་སེར་པོས་བཀག་ལ། ་ལས་ཀྱི་ཁྱད་པར་གྱི་ངོ་བོ་བསྐྱེད་པ་དེ་ནི་སྒྲུབ་པ་ཞེས་བྱ་བར་བཤད་དེ། འདིས་བདེ་བ་ཆེན་པོ་བསྒྲུབ་པ་ཡིན་པའི་ཕྱིར་རོ། །དེའི་འོག་ཏུ་ངོ་བོ་ཉིད་ཀྱིས་གཉིས་སུ་མེད་པའི་བདག་ཉིད་ཅན་དུ་གྱུར་པ་སྤྲོས་བ་རྣམས་དང་བྲལ་བས་ཞེ་བའི་བདེ་བ་ཆེན་པོ ་གང་སྐྱེ་བར་འགྱུར་བ་དེ་ནི་བསྒྲུབ་པ་ཆེན་པོ་ཞེས་བཤད་དེ། །དངོས་གྲུབ་ཆེན་པོའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་ཐབས་ཀྱི་བསྙེན་པ་ལ་སོགས་པ་བཞི་བཤད་ནས། ད་ནི་ཐབས་ལས་བྱུང་བ་ཇི་ལྟ་བུ་ཞེས་བྱ་བ་འདིའི་ལན་བསྟན་པར་བྱ ་བའི་ཕྱིར། དཔལ་ལྡན་སངས་རྒྱས་ཀུན་གྱི་བདག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པའི་རྡོ་རྗེ་འཛིན་པ་ཆེན་པོ་དེ་ཉིད་ནི་སངས་རྒྱས་ཀྱི་ཐབས་ལས་བྱུང་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ཉིད་ནི་ཆོས་རྣམས་ཀྱིས་ཆོས་ཉིད་གཉིས་སུ ་མེད་བ་ཐུགས་སུ་ཆུད་པའི་ངོ་བོ་ཉིད་གང་ཡིན་པ་དེ་ཉིད་ལ་རྡོ་རྗེ་འཛིན་པ་ཞེས་བཤད་དོ། །དེ་བས་ན་དེ་ཉིད་ནི་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བཀའ་ནི་ཇི་ལྟར་བསྒོ་པར་བགྱི་ཞེས་བྱ་བའི་ལན་བསྟན་པར་བྱ་བའི་ཕྱིར། ལས་དང་རྗེས་སུ་མཐུན་གང་གིས་ཞེས་བྱ་བ ་ལ་སོགས་པ་གསུངས་སོ། །ལས་ཀྱི་མཆོག་གིས་ཚོགས་རྣམས་ནི། སྣ་ཚོགས་ཇི་ལྟར་བྱེད་པར་འགྱུར་ཞེས་བྱ་བ་འདིའི་ལན་བསྟན་པར་བྱ་བའི་ཕྱིར་བསྒྲུབ་བྱའི་ལས་གང་ཡིན་པ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དག་གཉི་ག་ཡང་བདག་གིས་མ་བཤད་དོ། ་དེ་ལྟར་ཞུས་པ་ཐམས་ཅད་ཀྱི་ལན་འདི་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེ་ཚོམ་རྣམས་བཅད་ནས། དེ་བཞིན་གཤེགས་པ་ཐམས་ཅད་རང་གི་སྐུ་ལ་སོགས་པ་དང། ངོ་བོ་ཉིད་གཅིག་པས་བཞུགས་པའི་རྡོ་རྗེ་འཛིན་པ་ལ། རང་གི་སྐུ་ལ་སོགས ་པ་ལ་དམིགས་ནས་ཅང་མི་གསུང་བར་གྱུར་ཏོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་འཛིན་པའི་མཐུས་དེ་རྣམས་ཀྱི་ཡེ་ཤེས་ཕུལ་དུ་བྱུང་བ་ཡིན་ལ། དེ་བས་ན་འདི་ལྟར་དེ་ཉིད་ལ་དམིགས་ནས་བཞུགས ་སོ་ཞེས་བྱ་བར་དགོངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་དགའ་བར་གྱུར་ནས། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཇི་ལྟ་བ་བཞིན་དུ་བཞུགས་པ་ལ་ཞུགས་པའི་སྐུ་ལ་སོགས་པའི་དེ་ཟོའི?་སྟན་པའི་མཛད ་པ་ལ། བསྟོད་པར་བྱེད་པར་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་མཛད་ཅེས་བྱ་བ་ནི་སྔར་བཤད་པའི་སྲོག་གཅོད་པ་ལ་སོགས་པའི་ལས་བྱེད་པའི་རྣལ་འབྱོར་བ་རྣམས་ཀྱིས་སྐུ་ལ་སོགས་བའི་མི་བྱེད་པའི་ངོ་བོ་ཉིད་ཀྱིས ་ལས་སྣ་ཚོགས་པ་བྱེད་དེ། སྐུ་ལ་སོགས་པའི་ངོ་བོ་ཉིད་དེ་བཞིན་གཤེགས་པ་རྣམས་ཡིན་ཏེ། དེ་བས་ན་འདི་ལྟར་ལས་ཐམས་ཅད་བྱེད་པར་གྱུར་པ་ཡིན་ནོ། །དེའི་ཕྱིར་སྐུ་གསུང་ཐུགས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་ཐམས་ཅད་ཀྱི་ལུས་ལ་སོགས ་པ་རྣམ་པར་དག་པ་ཡིན་པས་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཉིད་ཐོབ་པས་སེམས་ཅན་ཐམས་ཅད་ཉིད་མི་མཉམ་བ་སྟེ། ཐུན་མོང་མ་ཡིན་པའི་སངས་རྒྱས་ཉིད་དང་མཉམ་པ་ཡིན་ཏེ། ཇི་སྐད་དུ་སོ་སོའི་སྐྱེ་བོ་རྣམ ་པར་དག་པ་དང། དེ་བཞིན་གཤེགས་པའི་རྣམ་པར་དག་པ་འདི་ནི་གཉིས་སུ་མེད་དོ་ཞེས་གསུངས་སོ། །གཉིས་སུ་མེད་པའི་དགོངས་པ་ཉིད་བསྟན་པར་བྱ་བའི་ཕྱིར། བསྒྲུབ་བྱ་གང་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་དོན་ནི་འདི་ཡིན་ཏེ། བསྒྲུབ་པར ་བྱ་བ་དང་སྒྲུབ་པ་པོ་ཉིད་ནི་འགའ་ཡང་མེད་མོད་ཀྱི། འོན་ཀྱང་གནས་སྐབས་ཙམ་ལས་དེ་འཁྲུལ་པ་ཙམ་དུ་བཞག་པ་ཡིན་གྱིས། དངོས་སུ་སེམས་ཅན་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཡིན་ཏེ ་དེ་ལྟ་བུའི་ཚུལ་གྱིས་གནས་ན། སྒྲུབ་པ་པོ་གང་སྲོག་གཅོད་པ་ལ་སོགས་པའི་ལས་རྣམས་བྱེད་པ་དེ་ནི་སངས་རྒྱས་ཐམས་ཅད་ཉིད་ཀྱང་བཅོམ་པར་བྱས་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་རྣམ་པར་བཅོམ་པ་དེས་གཏི་མུག་ཅན་འདི་སྡིག་པས ་གོས་བར་ཇི་ལྟར་མི་འགྱུར། གལ་ཏེ་སྡིག་པས་གོས་པར་གྱུར་ན། དེའི་ཚེ་འབྲས་བུ་མདོན་པར་བྱང་ཆུབ་པའི་མཚན་ཉིད་དུ་གྱུར་པར་ཡང་གང་ཞིག་ཡིན་ཞེས་དྲིས་པ་དང། ད་ནི་དེ་བཞིན་གཤེགས་པ་དེ་རྣམས་གྱིས་ལེགས་སོ་ཞེས་བྱ་བ་སྔོན་དུ་འགྲོ་བའི་རྗེས་སུ་དགྱེས་པར ་གྱུར་ནས། དེ་ནས་ཞེས་བྱ་བ་ལ་སོགས་པས་འདིའི་ལན་གསུངས་ཏེ། བསྒྲུབ་པ་པོ་དེ་ཉིད་ནི་སློབ་དཔོན་ཏེ། སངས་རྒྱས་ཀུན་ནི་དཀྱིལ་འཁོར་དུ་གཏོགས་པ་སྟེ། དེའི་བདག་པོའོ། །དེ་བས་ན་དཔལ་ལྡན་ནོ། །དེ་ལྟ་བུའི་བྱང་ཆུབ་ཀྱིས་རྡོ་རྗེ་ཅན་གྱི་དངོས་བོ་ཐམས་ཅད་སྒྱུ་མ་ལྟ ་བུའི་ཚུལ་གྱིས་འབྱིན་པ་དང། སྡུད་པས་ན་ཐ་དད་པའི་བློས་ནི་མ་ཡིན་པའི་ཕྱིར་རོ། །བསྐྱེད་དང་བསྡུད་པར་མཛད་པ་པོའི། །དེ་བས་ན་རྨི་ལམ་དང་འདྲ་བའི་ཚུལ་གྱིས་ལས་ཐམས་ཅད་བྱེད་དོ། །རྒྱུ་དེས་ན་སློབ་དཔོན་དེའི་སྡིག་པར་མི་འགྱུར་ཏེ། དེ་དང་འདྲ་བར་བསོད་ནམས ་སུ་?་མི་འགྱུར་རོ། །དེ་བས་ན་འདི་ལྟར་བསོད་ནམས་དང་སྡིག་པས་མི་གོས་ཏེ། དེའི་ཕྱིར་འབྲས་བུ་ཡང་བྱང་ཆུབ་པའི་མཚན་ཉིད་ཅན་དུ་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར། གང་ལ་སྡིགས་དང་བསོད་ནམས་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱི་རོལ ་གྱི་ལྟ?་བ་དང་བྲལ་བས་སྡིག་པ་དང། བསོད་ནམས་སུ་མངོན་པར་རློམ་པ་མེད་པས་དེའི་བྱང་ཆུབ་རྫོགས་པར་འགྱུར་བ་ཉིད་ཡིན་ནོ་ཞེས་བྱ་བར་དཀོད་སོ། །དེ་བས་ན་འདི་ལྟར་མགོན་པོ་དེའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མགོན་པོ་དེའི་ཞེས་བྱ་བ་ནི་སློབ ་དཔོན་དེས་ལུས་ཅན་ཐམས་ཅད་ཐ་མི་དང་པའི་བློས་བསླུ་བ་ནི་འདུལ་བར་མཛད་པ་སྟེ། གཞན་ཡང་ལས་གང་ཡང་རུང་བ་ཞིག་བྱེད་པར་འགྱུར་ལ། དེས་བསླུ་བ་ལ་སོགས་པས་མགོན་པོ་རྣལ་འབྱོར་བ་དེ་ངན་འགྲོར་སྐྱེ་བར་མི་འགྱུར་ཞིང་སྡིག་པར་མི་འགྱུར་གྱི། ་བླར་ཞིད་དེ་བཞིན་ཉིད་ཀྱི་སྦྱོར་བ་ལ་བསླབས་པས་བྱང་ཆུབ་ཉིད་རྙེད་སླ་བར་འགྱུར་རོ། །ལུས་ཅན་མ་རིག་པས་ལྡོངས་པ་དེ་རྣམས་ཀྱང་རྣལ་འབྱོར་པ་དེས་ཇི་སྐད་དུ་བཤད་པའི་འབྲས་བུ་ཆེན་པོའི་མཆོག་འཐོབ་པར་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར། ་སྔོན་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔོན་ཤིན་ཏུ་མི་བཟད་པའི་སྡིག་ཅན་གྱི་ལས་བྱས་པས་སྐྱེ་བོ་རྣམས་དམྱལ་བའི་སྡུག་བསྔལ་དུ་སྐྱེས་པ་དེའི་ཚོལ། དམྱལ་བ་དེ་རྣམས་ཀྱི་དམྱལ་བ་དང། མཚམས་མེད་པ་རྣམས་ཀྱི ་ཡང་འབྲས་བུ་ཆེན་པོར་འགྱུར་རོ་ཞེ་ན་དེ་ནི་མ་ཡིན་ཏེ། དེ་བཞིན་དུ་གྱུར་པས་སྒྲུབ་པ་པོའི་སྙིང་རྗེ་ཆེན་པོ་དང་ལྡན་པ་ཇི་ལྟ་ཇི་ལྟར་གསུངས་པའི་ཆོ་གས་རྣམ་པར་འཇིག་པར་བྱེད་པའི་འབྲས་བུ་ཆེན་པོའི་སྡིག་པ་དང་བྲལ་བ་ལ་སོགས་པའི་མཚན ་ཉིད་ཅན་འབྱུང་བར་འགྱུར་ཏེ། ཇི་སྐད་དུ་ལེའུ་དགུ་པ་ལས་ཀྱང་མི་བསྐྱོད་སངས་རྒྱས་ཞིང་དག་ཏུ། །རྒྱལ་བའི་སྲས་དེ་སྐྱེ་བར་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོ་ག་གང་གིས་ཡུས་ཅན་རྣམས་བསྒྲུབ་པར་བྱ་བ་དེ་ཉིད་བསྟན་པར་བྱ་བའི་ཕྱིར། ་བྱང་ཆུབ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་རྡོ་རྗེ་ཞེས་བྱ་བ་སློབ་དཔོན་གྱིས་སྔགས་ལ་སོགས་པ་དང་ལྡན་པའི་གཉིས་སུ་མེད་པའི་བདག་ཉིད་ཅན་གྱི་ཡེ་ཤེས་ཀྱིས་ཕྱག་རྒྱས་བཏབ་ཅིང། ཡང་དག་པར་སྦྱར་ནས་སྒྲུབ་ཏུ་རུང ་བར་འགྱུར་རོ། །དེ་ལྟར་བསྒྲུབ་པར་བྱ་བའི་ཡན་ལག་གི་ངོ་བོ་ཉིད་བསྟན་ནས། སྒྲུབ་པ་པོའི་ཡན་ལག་ཀྱང་བསྟན་པར་བྱ་བའི་ཕྱིར། ཚར་གཅོད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྱོར་བ་ངེས་སེམས་ཅན་དེ་རྣམས་ལ་མཆོག་ཏུ་ཕན ་བཏགས་པ་ཤེས་པར་བྱ་སྟེ། སྦྱོར་བ་འདི་ལྟ་བུས་ལུས་ཅན་འདི་རྣམས་ཀྱི་དགོས་བའི་མཆོག་ཏུ་འགྱུར་རོ། ཞེས་ཤེས་པར་བྱས་ལ་ཅི་རིགས་པར་ལས་རྣམས་བྱེད་པའི་རྣལ་འབྱོར་བ་རྣམས་ནི་སྙིང་རྗེ་ཆེན་པོ་དང་ལྡན་པ་ཡིན་ནོ་ཞེས་བྱ་བར ་དགོངས་ཏེ། ཇི་སྐད་དུ་གང་གིས་སྙིང་རྗེ་མཉམས་པ། དེ་ཡིས་ལས་འདི་བྱ་བར་འོས་ཞེས་གསུངས་བས་སོ། །དེ་བས་ན་དེ་ལྟར་ཤེས་པར་བྱས་ནས་བདག་ཉིད་ཆེན་པོ་དེས་གཅོད་པ་དང་རྗེས་སུ་གཟུང་བའི་ལས་རྣམས་བྱའོ། །རྣལ་འབྱོར ་པ་དེ་ཐམས་ཅད་རྩོམ་པ་ནི་ཅི་ཞིག་བྱ་ཞེ་ན། སྒྲུབ་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྙིང་རྗེའི་སེམས་བསྐྱེད་པ་ནས་བརྩམས་ཏེ། མཆོག་གི་སྒྲུབ་པ་ཆེན་པོའི་མཐར་ཐུག་པའི་བར་གྱི་ལས་རྣམས་བྱས་ལ། སྒྲུབ་པ་ཆེན་པོ་དཀྱིལ་འཁོར་རྫོཌ ་བར་གྱུར་ནས། དེའི་འོག་ཏུ་ལས་ཀྱི་མཆོག་གི་ཏིང་ངེ་འཛིན་གྱིས་ཇི་ལྟར་མངོན་པར་འདོད་པའི་ལས་རྣམས་བྱའོ་ཞེས་བྱ་བར་དགོངས་སོ། །ད་ནི་དེ་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྗེ་ཆེན་པོའི་ཚུལ་དང་ལྡན་པའི་ཆོས་ཐོས་པས། བྱང་ཆུབ་སེམས ་དཔའ་རྣམས་ལེགས་སོ། ཞེས་བྱ་བ་ལ་སོགས་པ་སྔོན་དུ་འགྲོ་བས་ཇི་ལྟར་གསུངས་པའི་དོན་གྱི་རྗེས་སུ་སྨྲ་བར་བྱེད་པས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཉིད་ཀྱི་འབྲས་བུ་སྩོལ་ཞེས་བྱ་བ་ནི་ཇི་སྐད་དུ་བཤད ་བའི་ཆོ་ག་ཕུན་སུམ་ཚོགས་པའི་ནུས?་པའོ། །ད་ནི་བྱང་ཆུབ་སེམས་དཔའ་རྣམས་ཇི་སྐད་དུ་བཤད་པའི་དངོས་པོ་ལ་ཞུགས་པ་དེ་ཉིད་དུ་མཁྱེན་ནས། དེ་བཞིན་གཤེགས་པ་རྣམས་དེ་ཉིད་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། བྱང་ཆུབ་རྡོ་རྗེ་ལས་བྱུང་བ་ཞེས་བྱ་བ་ནི། རང་རིག་པ་ཙམ་གྱི་ངོ་བོ་ཉིད་རྡོ་རྗེ་འཛིན་པ་སྔར་གྱུར་པ་ནི་ཞེས་སྡང་རྡོ་རྗེ་ལ་སོགས་པ་བདག་ཉིད་ཆེན་པོ་རྣམས་ཏེ། དེ་ནས་སྔགས་ཀྱི་རྒྱུན་སྡུད་པ་སྤང་ཞིང་དོར་བར་མི་བྱ་སྟེ། ཞེ་སྡང་གི་ལས ་ལ་སོགས་པ་འདི་དག་ཐམས་ཅད་ཀྱང་སོ་སོ་རང་རིག་པ་ཉིད་ཀྱིས་རྣམ་པར་དག་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ད་ནི་རྒྱུད་ཀྱི་དོན་ཐམས་ཅད་བསྟན་པའི་སྒོ་ནས། དེ་བཞིན་གཤེགས་པ་རྣམས་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྟོད ་པར་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དུས་གསུམ་རྡོ་རྗེ་ཐུགས་ཡིན་ཞེས་བྱ་བ་ནི་འདས་པ་ལ་སོགས་པའི་སངས་རྒྱས་རྣམས་ཀྱི་ཐུགས་ཡིན་པའོ། །སྲིད་དང་ཐར་གྱུར་ཞེས་བྱ་བ་ནི་མི་གནས་པའི་མྱ་ངན་ལས ་འདས་པའི་བདག་ཉིད་ཅན་ནོ། །ནམ་མཁའ་དག་པའི་ངོ་བོ་ཉིད་ཅེས་བྱ་བ་ནི་དམིགས་སུ་མེད་པའི་ནམ་མཁའ་བཞིན་ནོ། །ཅིའི་ཕྱིར་ཞེ་ན། སངས་རྒྱས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་ནི་བཅོམ་ལྡན་འདས ་རྡོ་རྗེ་འཛིན་པ་སྤྲོས་པ་མེད་པའི་ཚུལ་གྱིས་ཉིད་ཀྱི་དོན་ཕུན་སུམ་ཚོགས་པ་ལ་ཕྱག་བྱས་པའོ། །སྤྲོས་པའི་བདག་ཉིད་ལས་གཞན་གྱི་དོན་གྱི་སྒོ་ནས་ཀྱང་ཕྱག་བྱ་བ་བསྟན་པའི་ཕྱིར། གང་ཞིག་གཟུགས་དང་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། འདིར་རྣམ་པར་ཤེས་པའི་བར་གྱིས་ནི་ཕུང་པོ་ལྔ་བསྟན་ལ། སྐྱེ་མཆེད་དྲུག་ནི་ཆོས་ཀྱི་སྐྱེ་མཆེད་ཀྱི་བར་དུའོ། །དབང་པོ་དྲུག་ནི་ཡིད་ཀྱི་དབང་པོའི་མཐར་ཐུག་པ་སྟེ། དེ་དག་གིས་ནི་སྐྱེ་མཆེད་བཅུ་གཉིས་གསུངས་པ་ཡིན་ནོ། །ས་ཆུ་ལ ་ཞེས་བྱ་བ་ལ་སོགས་པས་ནི་འབྱུང་བ་ལྔ་སྟོན་ཏོ། །དེའི་དོན་ནི་འདི་ཡིན་ཏེ། གཟུགས་ཀྱི་ཕུང་པོ་ལ་སོགས་པ་ལྔ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོ་ཉིད་དོ། །གཟུགས་ཀྱི་སྐྱེ་མཆེད་ལ་སོགས་པ་བཅུ་གཉིས་གཟུགས་རྡོ ་རྗེ་ལ་སོགས་པའི་ངོ་བོ་ཉིད་དོ། །ས་ལ་སོགས་པ་རྣམས་ནི་སྤྱན་ལ་སོགས་པ་ཉིད་རྣམ་པར་དག་པ་སྟེ། དེ་དག་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་འདྲ་བ་ཉིད་དུ་རྒྱ་ཆེ་ཞིང་ཡངས་པ་སྟེ། སྦྲོས་བའོ་ཞེས་བྱ་བའི་བར་དུའོ། །དེ ་པས་ན་དེ་དག་ཐམས་ཅད་ལ་ལུས་དང་དག་ཡིད་ཀྱི་བདག་ཉིད་ཅན་གྱི་བྱ་བ་རྣམ་པ་གསུམ་གྱིས་རྟག་ཏུ་ཕྱག་འཚལ་ལོ་ཞེས་བྱའོ། །གཏི་མུག་ལ་སོགས་པ་རྣམ་པར་དག་པའི་ཚུལ་གྱིས་ཀྱང་ཕྱག་བྱ་བར་བསྟན་པའི་ཕྱིར། གཏི ་མུག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉེས་པ་ཞེས་བྱ་བའི་སྒྲས་ནི་ཞེས་སྔར་གསུངས་སོ། །རྡོ་རྗེ་ཆོས་ཅན་ཞེས་བྱ་བ་ནི་འདོད་ཆགས་རྣམ་པར་དག་པའི་ངོ་བོ་རྡོ་རྗེ་ཆོས་ལ་བྱ་བར་མངོན་པར་འདོད་དོ་ཞེས་ཟར་རོ། །འདིར་ཁྲོ་བོའི་སྒོ་ནས ་ཀྱང་ཕྱག་བྱས་པ་ཡིན་པར་བལྟ་བར་བྱའོ། སྦྲོ་བ་ལ་སོགས་པའི་སྒོ་ནས་ཀྱང་བསྟན་པའི་ཕྱིར། སྤྲོས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྲོས་དང་ཞེས་བྱ་བ་ནི་སྤྲོས་པའོ། །དགའ་བ་ནི་སྔད་པའོ། །རྣམ་པ་ནི་རང་གི་ལྷའི་རྣམ་པའོ། ་མི་འགྱུར་བ་ནི་བསྟན་པར་བྱའོ། །རྒྱུ་ནི་རྣམ་པ་བྱེ་བྲག་ལ་སློབ་པའོ། །འབྲས་བུ་སྟེ་དེ་ཉིད་བསལ་བར་གྱུར་པ་དང། རང་བཞིན་དུ་གཏོགས་པའི་ཆོས་གང་ཡིན་པ་ཅི་ཡང་རུང་བ་དང། སེམས་སུ་གཏོགས་པའི་ཆོས་གང་ཡང་རུང་བ་དང། དེ་བཞིན་དུ ་གཏི་མུག་དང། ཞེས་སྡང་དང། འདོད་ཆགས་དང། སྒྲིབ་པ་སྟེ། ཉོན་མོངས་པ་མ་ལུས་པའི་ངོ་བོ་ཉིད་ཡིན་ལ། དེ་དག་ཐམས་ཅད་རྣམ་པར་དག་པས་ནི་རྡོ་རྗེ་སྟེ། དེ་བས་ན་རྡོ་རྗེ་འཛིན་བ་དང་འདྲ་བ་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་ངོན་ཏོ། །འདི་ལ་སྔར ་ཤེས་རབ་དང་ཐབས་ལས་བྱུང་བའི་ངོ་བོ་ཉིད་དུ་གསུངས་པ་གསང་བའི་དབང་བསྐུར་བ་དང་ལྡན་པར་བསྒོམ་པ་དེ་ཡང་རྡོ་རྗེ་འཛིན་པ་དང་འདྲ་བར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། གང་ཞིག་ཐོག་མ་མེད་དངོས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། ། ་ཡན་ལག་བཞིའི་སྦྱོར་བ་ཉིད་ཀྱིས་བསྒོམ་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། གང་ཞིག་དངོས་གྲུབ་མཆོག་གི་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ཐུན་བཞིར་བསྒྲུབ་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། གང་ཞིག་ཐུན་བཞེ་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། མི་སྣང་བ་ལ་སོགས་པ་ནི་ལྷ་ལ་སོགས་པའོ། །མཆོག་དང་དམན་བསྒྲུབ་ཅེས་བྱ་བ་ནི་དངོས་གྲུབ་མཆོག་དང་ཐ་མ་གྲུབ་སྟེ། འདིས་ནི་རིག་པ་འཛིན་པ་ལ་སོགས་པ་གྲུབ་པའི་སྒྲུབ་པ་པོས་ཀྱང་རིམ་གྱིས ་སངས་རྒྱས་ཉིད་ལ་སོགས་བའི་དངོས་གྲུབ་ཀྱི་རྒྱུར་འགྱུར་རོ། ཞེས་སྟོན་པ་ཡིན་ནོ། །གསང་བ་འདུས་པའི་རྒྱུད་ཉན་པ་ལ་སོགས་པ་དང་ལྡན་པ་རྣམས་ཀྱང་སངས་རྒྱས་ཀྱི་ས་བོན་ལེགས་པར་ཐོབ་པ་ཡིན་པས་ཕྱག་བྱ་བར་འོས་པར་བསྟན ་པའི་ཕྱིར། གང་ཞིག་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་ཡང་འཁྲུལ་འཁོར་དང་སྔགས་ལ་སོགས་པ་དང་ལྡན་པས་ཞི་བ་ལ་སོགས་པའི་ལས་རྣམས་གྲུབ་པར་བྱེད་པའི་སྐྱེ་བོ་རྣལ་འབྱོར་གྱི་དབང་ཕྱུག་དེ་ཡང ་དགེ་བའི་བཤེས་གཉེན་གྱི་མཐུས་སྡིག་པའི་ལས་རྣམས་དང་བྲལ་བར་གྱུར་པས་ཕྱག་བྱ་བར་འོས་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། གང་ཞིག་བསྒྲུབ་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁྲུལ་འཁོར་ནི་ལེའུ་བཅུ་བཞི་པ་ལས ་གསུངས་པས་སོ། །སྔགས་བཤད་པས་ཞེས་བྱ་བ་ནི་ཇི་ལྟར་རང་གི་སྔགས་ལ་སོགས་པས་བྱིན་གྱིས་བརླབས་ཏེ། ཁྱད་པར་དེ་རྣམས་ཀྱིས་ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་ཀྱི་ཕྱོགས་སྟོན་པ་ཡིན་ནོ། །གང་ཡང་དེ་ལྟ་བུར་གྱུར ་པའི་སློབ་དཔོན་མཐོང་བ་དང། མིང་ཐོས་པ་ལ་སོགས་པར་ཡང་མངོན་པར་དགའ་བ་དེ་རྣམས་ཀྱང་དད་པའི་ཁྱད་པར་གྱིས། མི་དགེ་བའི་ལས་རྣམ་པར་འཇིག་པས། ཕྱག་བྱ་བར་འོས་བ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། གང་གིས་གཙོ་བོ་སྒྲུབ ་པ་མཐོང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲུབ་པ་པོ་གཙོ་བོ་ཞེས་བྱ་བ་ནི་གཉིས་སུ་མེད་པའི་སྦྱོར་བ་དང་ལྡན་པའི་སློབ་དཔོན་གྱིས་ཏེ། ཇི་སྐད་དུ་གང་ཞིག་མཐོང་དད་ལྡན་པ་དང། །ཐམས་ཅད་དུ་ནི་མཆོད་གྱུར་ན། །སངས་རྒྱས་ཐམས་ཅད ་མཐོང་བ་དང། །མཆོད་པ་ཉིད་དུ་གྱུར་པ་ཡིན། ཞེས་གསུངས་པས་སོ། །དེ་ལྟར་ཚིགས་སུ་བཅད་པ་བཅུ་པོ་དེ་དག་གིས་ནི་བསྟོད་པའི་སྒོ་ནས། རྒྱུད་ཀྱི་དོན་རྗེས་སུ་བཤད་པ་བསྟན་ནས། ད་ནི་ཚིགས་སུ་བཅད་པ་འདི་དག ་ཉིད་ཀྱི་དོན་ཆེན་པོ་སྟོན་པའི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། བསྟོད་པའི་ཚིག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གསང་བ་འདུས་པའི་རྒྱུད་འདི་ཐམས་ཅད་ནི་རྒྱུད་གཞན་རྣམས་ལས་མཆོག་ཏུ་གྱུར་པ་ཡིན་ནོ་ཞེས་བསྟན ་པར་བྱ་བའི་ཕྱིར། འདུས་པ་གསང་བ་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་གཤེགས་པ་དེ་རྣམས་ལ་སོགས་པ་ཇི་ལྟར་གསུངས་པའི་དེ་ཉིད་ཀྱི་དོན་མངོན་དུ་བྱ་བའི་ཕྱིར་ཅང་མི་གསུང་བར་གྱུར་ཏེ། ཞེས་བསྟན ་པར་བྱ་བའི་ཕྱིར། དེ་སྐད་ཅེས་བཀའ་སྩལ་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེའི་དོན་འདི་ཡིན་ཏེ། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པའི་སྐུ9་རྡོ་རྗེ་ལ་སོགས་པ་སྟེ། དེ་བཞིན་གཤེགས ་པ་རྣམས་ཀྱི་ཉིད་ཀྱི་སྐུ་དང། གསུང་དང། ཐུགས་ལ་རང་རིག་པ་ཙམ་ཉིད་ཀྱི་དེ་དང། ཐ་མི་དད་པར་བཞུགས་ཏེ། དེ་བཞིན་གཤེགས་པ་ལ་སོགས་པ་དེ་རྣམས་ཉིད་ལ་དམིགས་སོ། ཞེས་བྱ་བ ་སྟེ། དེ་བཞིན་ཉིད་དུ་དེ་དང་གཅིག་པའི་ངོ་བོ་ཉིད་དུ་བསྐྱེད་ནས་ཅང་མི་གསུང་བར་གྱུར་བའོ། །འདིར་ཡང་སྐུ་ལ་སོགས་པ་མང་པོ་ཉིད་ཀྱང། ཚིག་གཅིག་པར་བྱས་པ་ནི་འདི་རྣམས་ཀྱང་ཕན་ཚུན་དབྱེར་མེད ་པར་བྱ་བའི་ཕྱིར་ཡིན་ཏེ། །ལུས་ལ་སོགས་པ་འདི་དག་རང་རིག་པ་ཙམ་དུ་གཉིས་སུ་མེད་པའི་ངོ་བོ་དེ་བཞིན་ཉིད་གང་ཡིན་པ་དེ་སྤྲོས་ནས་གསུངས་པ་ནི་དེ་ཉིད་ངེས་པར་བྱས་པ་ཡིན་ནོ། །དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་སྐུ་དང། གསུང་དང་ཐུགས་དེའི་བདག་ཉིད་ཅན་གང་ཡིན་པ་དེ་ཉིད་ནི་གསང་བའི། །དེ་བས་ན་གསང་བ་འདུས་པའི་རྒྱུད་དུ་གསང་བ་ཐམས་ཅ་སྟོན་པའི་རྡོ་རྗེའི་ཡེ་ཤེས་ཀྱིས་བྱིན་གྱིས ་བརླབས་ཤིང་སོ་སོར་ཤེས་པ་གང་ངེ་ཡིན་པ་འདི་ནི་ལེའུ་བཅོ་བརྒྱད་པ་སྟེ་དེ་རྫོགས་སོ།། །།དད་ལྡན་རྣམས་ཀྱིས་དྲན་པའི་རྒྱུད་ནི་འདུས་པ་འདིའི། །ཉུང་ཟད ་ཙམ་གྱིས་ཚིག་གང་ཡིན་པ་བཤད་བྱས་པས། །བདག་གི་དགེ་བ་ཟླ་བ་ལྟར་སྣང་གང་ཐོབ་པ། །དེས་ནི་འགྲོ་བ ་རྒྱལ་བའི་ལམ་མཆོག་ལ་གནས་ཤོག་།དཔལ་གསང་བ་འདུས་པའི་འགྲེལ་བ་སློབ་དཔོན་ཐ་ག་ནའི་ཞལ་སྔ་ནས་མཛད་པའོ།། །། ་རྒྱ་གར་གྱི་མཁན་པོ་ཨ་ཙཨཱརྱ་ཤྲདྡྷ་ཀ་ར་ཝ་རྨམ་དང། དྷཱརྨ་ཤྲཱི་བྷ་དྲ་དང། ཞུས་ཆེན་གྱི་ལོ་ཙཱ་བ་བནདེ་རིན་ཆེན་བཟང་པོས་བཅས་ཤིང་བསྒྱུར་ཏེ་གཏན་ལ་ཕབ་པའོ། །མངྒ་ལཾ། །། ་