CLOSE WINDOW

N1499: rdo rje sems dpa'i sgrub pa'i thabs kyi bshad pa
Wyliee-texts based on the ACIP/ALL Input

རྡོ་རྗེ་སེམས་དཔའ་ཨི་སྒྲུབ་ཐབས་བཞུགས། །རྒྱ་གར་སྐད་དུ། བཛྲས་ཏྭ་སཱ་དྷ་ནོཾ་བྷཱ་ཥྱཱ། བོད་སྐད་དུ། རྡོ་རྗེ་སེམས་དཔའ་ཨི་སྒྲུབ་པའི་ཐབས་ཀྱི་བཤད་པ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །མདུན་གནས་རྒྱལ་དང་རྒྱལ་སྲས་ཀླུ་སྒྲུབ་དག་ལ་ནི། །དང་ཞིང ་གུས་པ་ཆེན་པོའི་སྤྱི་བོས་ཕྱག་འཚལ་ནས། །དཔལ་ལྡན་ཟླ་བ་གྲགས་པས་མེད་ནི་བསྡུས་མཛད་པའི། །རྟོགས་དཀའ་ཨི་ཚིག་ནི་འབད་པས་རྣམ་པར་བཤད་པར་བྱ། །སངས་རྒྱས་ཀྱི་ཐེག་པ་མངོན་པར་རྟོགས་པའི་རིགས་ཅན་ཞེས་བྱ་བ་ལ། སངས་རྒྱས་ཀྱི་ཐིག་པ་ནི་ཕ་རོལ་ཏུ་ཕྱིན ་པའི་ཐེག་པ་སྟེ། དེའི་མངོན་པར་རྟོགས་པ་སྒྲུབ་པ་རིགས་ཀྱི་བསམ་པའི་བྱེ་བྲག་གང་ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །གསུང་རབ་པ་ཞེས་བྱ་བ་ནི་གསུང་རབ་ནི་ལུང་ངོ། །དེས་སྤྱོད་པས་ནི་གསུང་རབ་པའོ། །རྟོག་པའི་རྣལ་འབྱོར་གྱི་ཏིང་ངེ་འཛིན་ལ་སྙོམས ་བར་འཇུག་ཅིང། ཞེས་བྱ་བ་ནི་འོད་གསལ་བ་བསྒོམ་པའི་རིམ་པ་དང་བྲལ་བས་བསྐྱེད་པའི་རིམ་པ་ལྷའི་རྣལ་འབྱོར་གྱི་མཚན་ཉིད་བསྒོམ་པ་ལ་མཁས་པའོ། །མཛའ་དྲུག་གི་བཤད་པ་ལས་ཁ་ཕྱིར་བལྟས་པ་ཞེས་བྱ་བ་ནི་ངེས་པའི ་དོན་དང་དྲང་བའི་དོན་ལ་སོགས་པའི་བཤད་པ་ལས་ཁ་ཕྱིར་བལྟས་པའོ། །སྒྲ་ཇི་བཞིན་པའི་དོན་གྱི་སྒོ་ནས། །ཞེས་བྱ་བ་ནི་ཟབ་མོའི་དོན། ཡོངས་སུ་མི་ཤེས་པས་ཇི་ལྟར་རབ་ཏུ་གྲགས་པའི་སྒོ་ནས། །ཞེས་བྱ་བར་དགོངས་སོ། །ཟླ་བ་དང་རྡོ་རྗེ ་དག་གིས་བསྐྱེད་པའི་སྒོ་ནས་སོ། །སྲིད་པ་སྐྱེ་བའི་རིམ་པས་ཞེས་བྱ་བ་ནི་མངལ་ནས་སྐྱེས་པའི་རིམ་པས་སོ། །མངོན་པར་བྱང་ཆུབ་པ་ལྔའི་རིམ་པས་ཞེས་བྱ་བ་ནི་ཟླ་བ་དང་ཉི་མ་དང་ས་བོན་སྤྲོ་བ་དང་སྡུད་པའི་རིམ་པས་སོ། །སྐད་ཅིག་བཞི་ཞེས་པ ་ནི། །ས་བོན་དང་ཕྱག་མཚན་ལ་མི་བལྟོས་པས་སོ། །བཅུ་གསུམ་དུ་འདོད་དོ། །ཞེས་པ་ནི་སྙིང་པོའི་དཀྱིལ་འཁོར་དུ་སྤྱན་མ་ལ་སོགས་པའི་ལྷ་མོ་བཞི་དང་བཅས་པའི་མི་སྐྱོང་པ་ལ་སོགས་པ་དེ་བཞིན་གཤེགས་པ་ལ་སྟེ། གྱུར? ་འགྱུར་ལ། ཕྱི་རོལ་གྱི་སྒོ་བཞིའི་གཤིན་རྗེ་མཐར་བྱེད་ལ་སོགས་པ་ཁྲོ་བོ་བཞི་དང་བཅུ་གསུམ་མོ། །བཅུ་དགུར་འདོད་དོ་ཞེས་བྱ་བ་ནི་སྒྱུ་འཕྲུལ་དྲ་བ་ལས་འབྱུང་བ་ལ་སོགས་པའི་རིམ་པས་སོ། ལྷ་ཉི་ཤུ་རྩ་ལྔར་འདོད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་སྙིང ་པོའི་དཀྱིལ་འཁོར་ལ་དགུ་དང། གཟུགས་རྡོ་རྗེ་མ་ལ་སོགས་པའི་ཕྱི་རོལ་ཏུ་རྣལ་འབྱོར་མ་དྲུག་དང། དེའི་ཕྱི་རོལ་ཏུ་ཕྱོགས་མཚམས་སུ་ཁྲོ་བོ་གཤིན་རྗེ་མཐར་བྱེད་ལ་སོགས་པ་བཅུ་དང་ཉི་ཤུ་རྩ་ལྔ་ཡིན་ནོ་ཞེས་བྱའོ། །རིམ་པ་གཉིས་རྟོགས་ནས་ཞེས་བྱ་བ ་ནི་ཐོས་པའི་སྒོ་ནས་རིམ་པ་གཉིས་ཀྱི་དོན་རབ་ཏུ་ཤེས་ནས་སོ། །སྔགས་ཀྱི་ངེས་པ་དང་པོ་སྟེ་ཞེས་བྱ་བ་ནི་ལྷག་པར་མོས་པའི་དཀྱིལ་འཁོར་དང། ལུས་ཀྱི་དཀྱིལ་འཁོར་དང། འོད་གསལ་བར་འཇུག་པ་དག་གི་དེ་མ་ཐག་ཏུ་སྐྱེས ་པའི་སྔགས་ཀྱི་ངོ་བོ་ཉིད་ཀྱི་རྡོ་རྗེ་སེམས་དཔའ་ཨི་རང་བཞིན་དུ་ངེས་པའོ། །དགོད་པ་བསྟན་པ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཨི་སྐུ་ལ་ཨོཾ་ལ་སོགས་པའི་ས་བོན་མཉམ་པར་བཀོད་ལ་གསལ་བར་བྱེད་པའོ། །རྣམ་པར་བཞག་ལ ་ཞེས་བྱ་བ་ནི་འདིའི་འོག་ཏུ་འདི་བསྒོམ་པར་བྱའོ། །ཞེས་རྣམ་པར་བཞག་པའི་དགོངས་པ་ངེས་པའོ། །དེ་ཉིད་བསྟན་པ་ཞེས་བྱ་བ་ནི་གནས་སྐབས་ཇི་ལྟར་འོད་གསལ་ལ་འཇུག་པའོ། །སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི ་སེམས་བསྐྱེད་ལ་ཞེས་བྱ་བ་ནི་དང་པོ་གདམས་ངག་ཇི་ལྟ་བ་བཞིན་དུ་བཅོམ་ལྡན་འདས་ལ་མངོན་པར་མཆོད་ནས། དེའི་མདུན་དུ་སྡིག་པ་བཤགས་པ་ལ་སོགས་པ་བྱས་ཏེ། སྡུག་བསྔལ་བའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བསྒོམ ་པར་བྱའོ། །ཞེས་བྱ་བའི་དོན་ཏོ། །དགོན་པ་ཆེན་པོའི་ས་ཕྱོགས་ཞེས་བྱ་བ་ནི་ཕྱོགས་རྣམས་ལས་དགོན་པ་ཆེན་པོའི་ཁྱད་པར་དུ་འཕགས་པ་ཡིད་དུ་འོང་བའི་རིའི་ཕྱོགས་གཅིག་དབེན་པ་དང། དབེན་པ་ལ་གཞན་ལ་ཡང་ངོ། །དངོས་གྲུབ ་ཐམས་ཅད་བསྡུས་པ་བསྒྲུབ་ཅེས་བྱ་བ་ནི་དངོས་གྲུབ་ཐམས་ཅད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་སྟེ། དེ་དག་བསྡུས་པ་ནི་གང་ལ་ཡང་དག་བསྡུས་པ་དེ་རྡོ་རྗེ་སེམས་དཔའ་ཨི་སྐུའོ། །ཁ་དོག་དཀར་པོར་ལྷག་པར་མོས་པ་ཞེས་བྱ ་པ་ནི་འདི་ལ་འཁོར་ལོ་རྩིབས་བཅུ་པའི་ལྟེ་བའི་དབུས་སུ་གནས་ལ་ཞེས་བྱ་བ་ནི་ལྷག་མའོ། །ནམ་མཁའ་ཨི་ཁམས་ཀྱི་དབུས་གནས་པར་ཞེས་བྱ་བ་ལ་སོགས་པ་ལ་ནམ་མཁའ་ཨི་ཁམས་ཀྱི་དབུས་གནས་ཞེས་བྱ་བ་ནི་སྐད་ཅིག ་གིས་འོད་གསལ་བ་ལས་ལངས་ནས་དེའི་དབུས་སུ་གནས་པའོ། །སངས་རྒྱས་དཀྱིལ་འཁོར་ནི་རྡོ་རྗེ་སེམས་དཔའ་ཨོ། །འོད་ཟེར་སྤྲིན་གྱི་ཚོགས་ནི་འོད་ཀྱི་ཕུང་པོའོ། །སངས་རྒྱས་འབར་བའི་འོད་མཉམ་པ་ཞེས་བྱ་བ་ནི་འཇའ་ཚོན ་ལྟ་བུ་ལྔས་བརྒྱན་པའོ། །ལེའུ་དང་པོ་ལས་གསུངས་པའི་ཡེ་ཤེས་རྡོ་རྗེའི་ཏིང་ངེ་འཛིན་ཞེས་བྱ་བ་ནི་ཡེ་ཤེས་སྒྲོན་མ་མི་བསྐྱོད་པ་དེ་ཉིད་དབྱེར་མི་ཕྱེད་བས་རྡོ་རྗེ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་སེམས་ནི་རྩེ་གཅིག་པ་མངོན་དུ་བྱེད་པའི ་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རིག་པའི་སྐྱེས་བུ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་སྐུ་གསུང་ཐུགས་ཀྱི་བདག་པོ་ཉིད་རྡོ་རྗེ་འཆང་ཆེན་པོ་སྟེ། རིག་པའི་སྐྱེས་བུ་ནི་གཉིས་སུ ་མེད་པའི་བདག་ཉིད་དོ། །མི་བསྐྱོད་པའི་ཕྱག་རྒྱ་ཆེན་པོའི་སྦྱོར་བའི་གོ་འཕངས་ཞེས་བྱ་བ་ནི་མི་བསྐྱོད་པའི་སྐུའི་རྣམ་པས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལ་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་ཆེན་པོ་ལའོ། ། ་ཧཱུཾ་རིང་པོ་བརྗོད་པར་བྱ་ཞེས་བྱ་བ་ནི་རིག་པའི་པདྨར་ལྷུང་བའི་བྱང་ཆུབ་ཀྱི་སེམས་གྱུར་པ་ལམ་ཧཱུཾ་བཅུར་མ་མིགས་ནས་སོ། །ཕྱོགས་བཅུར་རྣམ་པར་གནས་པ་ཞེས་བྱ་བ་ནི་ཕྱོགས་བཅུར་རྣམ་པར་གནས་པའི་རྩེ་མོ ་ལ་གནས་སོ་ཞེས་བྱ་བའི་དོན་ཏོ། །ཁྲོ་བོ་ཞེས་བྱ་བ་ལ་སོགས་པ་ལ་ཞེ་སྡང་གནས་ལས་སྐྱེ་ཞེས་བྱ་བ་ནི་ཞེ་སྡང་ནི་མི་བསྐྱོད་པ་དེའི་གནས་ནི་བསྐྱེད་པའི་ས་བོན་ཡི་གེ་ཧཱུཾ་ངོ། །དེ་ལས་སྐྱེས་པ་ནི་ད་ནས་སྐྱེས་པའོ། །གསོད་དོན་གཉེར ་བ་ཞེས་བྱ་བ་ནི་དེ་རྣམས་གསོད་པའི་ངོ་བོ་ཉིད་དགོས་པ་སྟེ། བསྒོམ་པའི་སྒོ་ནས་སོ། །རྡོ་རྗེ་ཁྲོ་བོ་བདུད་རྩི་ཆེ་ཞེས་བྱ་བ་ནི་བདུད་རྩི་འཁྱིལ་བའོ། །རྡོ་རྗེ་ཕུར་བུ་ཞེས་བྱ་བ་ནི་ཕུར་བུ་བཅུའི་རྣམ་པར་རོ། །ཕྱོགས་བཅུའི་རྩེ་མོར་ཞེས་བྱ་བ་ནི ་ཕྱོགས་བཅུ་ལའོ། །ཤིན་ཏུ་འབར་ཞིང་ལེགས་པའི་འོད་ཅེས་བྱ་བ་ནི་འོད་འབར་པ་རྣམས་ཀྱིས་གསལ་བཞིན་པའོ། །དེ་ནས་འདོད་པའི་རྒྱལ་པོའི་སྔགས་ཀྱིས་ཞེས་བྱ་བ་ནི་ཕྱོགས་བཞིར་གནས་པའོ། །བསམ་གཏན་གང་གིས ་ཞེས་བྱ་བ་ལ་སོགས་པ་ནི་བསམ་གཏན་གང་གིས་གདུགས་པ་ཅན་རྣམས་ཕུར་བུས་གདབ་པས་སོ། །ཡི་དམ་ནི་དུས་བཞིར་བྱིན་གྱིས་བརླབས་པའོ། །གནས་གང་དུ་ནི་མཉམ་སྤྱོད་པ་ཞེས་བྱ་བ་ནི་གང་དེར་ཡང་དག་པར་བརྩམ་མོ།། ་བསམ་གཏན་སྦྱོར་བ་འདི་ཡིས་ནི་ཞེས་བྱ་བ་ནི་བསྲུང་བའི་ཆོ་ག་འདིའི་བསྒོམ་པས་སོ། །གནས་ནས་སངས་རྒྱས་བྱིན་གྱིས་བརླབ་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཨི་རྣལ་འབྱོར་གོམས་པས་སངས་རྒྱས་ཏེ་རང་གི་ལྷ་རྣམས་ཀྱིས་བྱིན་གྱིས ་བརླབས་ཏེ་མཉམ་པ་ཉིད་དུ་སྒྲུབ་པའོ། །དངོས་པོ་མེད་པ་བསྒོམ་དུ་མེད་ཅེས་བྱ་བ་ལ་སོགས་པ་འདི་ནི་མོ་དང་བྱས་པའི་དཀའ་འགྲེལ་ལེགས་པར་བྱས་སོ། །ནམ་མཁའ་ཨི་རྡོ་རྗེ་དབུས་གནས་པ་ཞེས་བྱ་བ་ནི་ནམ་མཁའ་ཨི་རྡོ་རྗེ་ནི་དེའི་དབུས ་སུ་གནས་པ་ནི་དེའི་ནང་དུ་གཏོགས་པའོ། །དཀྱིལ་འཁོར་རྡོ་རྗེ་ཀུན་ལས་སྐྱེས་ཞེས་བྱ་བ་ནི་རླུང་ལ་སོགས་པའི་དཀྱིལ་འཁོར་ཐམས་ཅད་གྱུར་བའོ། །དེར་ནི་བྷྲུཾ་ཡིག་བསྒོམ་པར་བྱ་ཞེས་བྱ་བ་ནི་དེ་ལ་སའི་ཆའི་སྟེང་དུ་ཡི་གེ་བྷྲུཾ་གཞལ་ཡས་ཁང ་བསྐྱེད་པའི་རྒྱུར་གྱུར་པའོ། །རྡོ་རྗེ་སྤྲིན་ནི་མཉམ་པ་ཞེས་བྱ་བ་ནི་ཕྱོགས་བཅུར་སྤྲོས་བའི་དེ་བཞིན་གཤེགས་པ་སྐྱེད་པར་བྱེད་པའོ། །དཔག་ཚད་བརྒྱའི་ཁྱོན་ཚད་དུ་ཞེས་བྱ་བ་ལ་སོགས་པ་ནི་དཔག་ཚད་བརྒྱའི་ཁྱོན་ཙམ་ནི་ཕྱོགས་རེ་རེ་ལ་དཔག་ཚད ་ཉི་ཤུའི་ཚད་ཙམ་ཡིན་ནོ། །གྲུ་བཞི་ནི་མཚམས་བཞི་དང་ལྡན་པའི་ཕྱིར་རོ། །རབ་བརྒྱན་པ་ནི་ལྷ་དང་མི་ལ་སོགས་པ་ལས་འཕགས་པའོ། །རིན་ཆེན་བཞིའི་རང་བཞིན་ནི་ཁ་དོག་བཞི་དང་ལྡན་པའི་ཕྱིར་རོ། །མཆོད་རྟེན་ནི་མཆོད་རྟེན་ལྟར་མཆོད་པར་བྱ ་བ་ཡིན་པའི་ཕྱིར་རོ། །གསལ་བ་ནི་ཤེལ་ལྟ་བུའོ། །རང་བཞིན་དྲི་མ་མེད་པ་ནི་སྐྱོན་མ་ལུས་པ་དང་བྲལ་བའི་ཕྱིར་རོ། །གསལ་བ་དེའི་ངོ་བོ་ཉིད་ཅེས་བྱ་བ་ལ་སོགས་པ་ལ། གསལ་བ་དེའི་ངོ་བོ་ཉིད་ཅེས་བྱ་བ་ནི་གསལ་བ་ནི་ཤེལ་ཏེ། དེའི་རང་གི་ངོ་བོ་གཞལ ་ཡས་ཁང་ཡིན་ཏེ། ཕྱི་རོལ་ན་གནས་པ་རྣམས་ཀྱིས་ཀྱང་དཀྱིལ་འཁོར་པའི་ལྷ་རྣམས་ཀྱི་གཟུགས་མཐོང་བའི་ཕྱིར་རོ། ཀུན་ནས་སྣ་ཚོགས་གཟུགས་ལྡན་ཞེས་བྱ་བ་ནི་ཨིནྡྲ་ནཱི་ལ་སོགས་པའི་ཁ་དོག་དང་ལྡན་པའི་ཕྱིར་རོ། །སངས་རྒྱས་སྤྲིན་དང་ཡང་དག་ལྡན་ཞེས་བྱ ་བ་ནི་སྤྲོས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་མངོན་པར་ཁྱབ་པའོ། །འོད་ཟེར་འབར་ཞིང་འཁྲུགས་པ་ཞེས་བྱ་བ་ནི་ཕྱོགས་བཅུ་ནམ་མཁའ་ཨི་དཀྱིལ་འཁོར་དུ་ཁྲོ་བོའི་འོད་འབར་བའོ། །གསལ་བ་ལ་སོགས་དཀྱིལ་འཁོར་ལྡན་ཞེས་བྱ་བ་ནི་ཟླ་བ་དང་ཉི་མའི་གདན ་དང་ལྡན་པའོ། །དེ་བཞིན་གཤེགས་པ་ཀུན་གྱི་གནས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གནས་གཞལ་ཡས་ཁང་ཞེས་བྱ་བའི་དོན་ཏོ། །ཁམས་ཀྱི་རང་བཞིན་རིག་པའི་ལྷ་མོ་རྣམས་དང་ཞེས་བྱ་བ་ནི་དེའི་རྗེས་སུ་ཡུལ་གཟུགས་ལ་སོགས་པའི་རང་ ་བཞིན་གཟུགས་རྡོ་རྗེ་མ་ལ་སོགས་པ་ཞེས་བྱ་བར་རིག་པར་བྱའོ། །ལུགས་མ་ལ་སོགས་པ་ཞེས་བྱ་བ་ནི་ཤིང་ལ་སོགས་པས་སྤྲས་ཤིང་བྱས་པའོ། །དམ་ཚིག་ལས་བྱུང་ཁུ་བ་ནི་ཞེས་བྱ་བ་ལ་སོགས་པ་ལ་དམ་ཚིག་ལས་བྱུང་ཁུ་བ ་ནི་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་སྙོམས་པར་འཇུག་པས་བསྐྱེད་པའི་རང་བཞིན་གྱི་དཀྱིལ་འཁོར་གྱི་ལྷ་རྣམས་སྐད་ཅིག་གིས་གནས་ཇི་ལྟ་བར་དགོད་པར་བྱའོ། །འབྲས་བུ་འདོད་པས་ཆོ་ག་བཞིན། བཏུང་ཞེས་བྱ་བ་ནི་གཟུགས་ཕུང་གཏོགས་ལ་མེ་ལོང ་དང་ཞེས་བྱ་བ་ལ་སོགས་པའི་ཆོ་གས་སངས་རྒྱས་ཀྱི་འབྲས་བུ་དོན་དུ་གཉེར་བས་དེ་རྣམས་རང་གི་ལུས་ལ་གནས་ཇི་ལྟ་བར་ནང་དུ་གཞུག་པར་བྱའོ། །དེ་བཞིན་གཤེགས་པའི་ཚོགས་བསད་ནས་ཞེས་བྱ་བ་ནི་རང་གི་ལུས་ལ་དེ་བཞིན་གཤེགས་པས་ཡོངས་སུ ་ཞུགས་པའི་ངོ་བོ་རིམ་གྱིས་སྟོང་པ་ཉིད་དུ་ཞུགས་པར་བྱའོ། ཞེས་བྱ་བའི་དོན་ཏོ། །དོན་དམ་པའི་བདེན་པ་ཞེས་བྱ་བ་ལ་སོགས་པ་ནི་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་དང། ཡི་གེ་ཨོཾ་ལས་སྐྱེས་པའི་ཟླ་བའི་དཀྱིལ ་འཁོར་དང་ཡི་གེ་ཨཱ(རྒྱུད་འགྲེལ་བྱ་བའི་དོན་ཏོ། །རྡོ་རྗེ་གསུམ་ཡིག་སྔགས་མཆོག་གི་ཞེས་བྱ་བ་ནི་སྔགས་ཐམས་ཅད་ཀྱི་གཙོ་བོར་གྱུར་པའི་ཡི་གེ་གསུམ་གྱིས་སོ། །ཕྱག་རྒྱ་ཆེན་པོ་བསྒོམ་པ་ནི་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཨི་སྐུ་བསྒོམ་པའོ། །སྲིད་པ་ཐ་མ་པའི་སེམས ་ཅན་གྱི་དོན་གྱི་ཕྱིར་ཞེས་བྱ་བ་ནི་སྲིད་པ་གང་གི་དེ་མ་ཐག་ཏུ་བྱང་ཆུབ་ཐོབ་པར་འགྱུར་བས་ན་དེ་མཐར་གྱུར་པས་ན་ཐ་མ་ཞེས་བརྗོད་དོ། །དེ་ལ་གནས་པའི་ས་བཅུའི་དབང་ཕྱུག་རྣམས་ལ་ཉེ་བའི་གནས་སྐབས་བྱང་ཆུབ་སེམས་དཔའ་འམ ་སོ་སོ་སྐྱེ་བོ་གང་རུང་སྔགས་ཀྱི་ཚུལ་གྱི་བསྒོམས་པས་བདག་ཉིད་ཆེན་པོ་ཐོབ་པ་གང་ཡིན་པ་དེ་སྲིད་པ་ཐ་མ་སྟེ། དེ་རྣམས་ཀྱི་རྒྱུ་མཚན་ཞེས་བྱ་བའི་དོན་ཏོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྗེས་སུ་ཞུགས་པ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་རང་བཞིན ་ལུས་བསྒྱུར་ནས་འབྱུང་བར་འགྱུར་བའི་ལུས་འཛིན་པའོ། །གཡོ་བ་ཉིད་རབ་ཏུ་བསམ་པར་བྱ་ཞེས་བྱ་བ་ནི་འདིའི་དེ་མ་ཐག་ཏུ་ཛ(རྒྱུད་འགྲེལ་ལུས་ལ་གནས་པའི་གཟུགས་ལ་སོགས་པའི་ཡུལ་རྣམས་སུ་འགོད་དོ། །ཞེས་བྱ་བར་རྟོགས་པར་བྱའོ། །རིག་པའི་སྐྱེས་བུ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། རིག་པའི་སྐྱེས་བུ་ཆེན་པོ་ནི་རྡོ་རྗེ་འཛིན་པའོ། །དེ་བཞིན་གཤེགས ་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ཞེས་བྱ་བ་ནི་བདག་ཉིད་དེ་བཞིན་གཤེགས་པ་ལ་སོགས་པའི་ས་བོན་དགོད་པར་བྱས་པ་དང་ལྡན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ ་པ་སྟེ། རིན་པོ་ཆེའི་རིགས་གང་ཞེས་བྱ་བའི་དོན་ཏོ། །དཔལ་ལྡན་རྡོ་རྗེ་སྐུ་འཆང་པ་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་དེའི་བདག་ཉིད་དུ་འཛིན་པར་བྱེད་པ་ཞེས་བྱ་བ་ནི་སངས་རྒྱས་སྐུ་འཆང ་བའོ། །དཔལ་ལྡན་ཞེས་བྱ་བ་ནི་སྤྱན་མ་དང་བཅས་པའོ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམ་པས་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་དང་དབྱེར་མེད་པར་བསྒོམས་པའོ། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུར་ནི་མཛད་དུ ་གསོལ། ཅེས་བྱ་བ་ལ། དེང་བདག་ནི་བདག་ཉིད་ཀྱི་ལུས་སོ། །བྱིན་གྱིས་བརླབས་ནས་ནི་རབ་ཏུ་གནས་པའི་གནས་སུ་གྱིས་ཤིག་པའོ། །རྡོ་རྗེ་སྐུ་རྣམས་ཀྱི་ཞེས་བྱ་བ་ནི་རྡོ་རྗེ་སྐུ་ཡིས་ཞེས་གཅིག་གི་ཚིག་དུ་འཐོབ་པོ། །དེ་ལྟར་བདག་པོ་ལ ་གསོལ་བ་བཏབ་ནས་དེའི་འཁོར་ལ་གསོལ་བ་འདེབས་པ་ནི་ཕྱོགས་བཅུ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྐུ་གང་ཡིན་ཞེས་བྱ་བ་ལ་སོགས་པ་ལ་སྐུ་གང་ཡིན་ཞེས་བྱ་བ་ནི་ལུས་གང་ཡིན་པའོ། །ཕུང་པོ་ལྔ་ནི་རབ ་ཏུ་དག་ཅེས་བྱ་བ་ནི་ཕུང་པོ་ལྔའི་བདག་ཉིད་དོ། །དེ་དང་འདྲ་བ་ཞེས་བྱ་བ་ནི་དེའི་ངོ་བོ་ཉིད་ཀྱི་སྐུར་གྱུར་ཅིག་པའོ། །ཆོས་ཞེས་བྱ་བ་ལ་སོགས་པ་ལ། །ཆོས་འོད་དཔག་ཏུ་མེད་པ་ལའོ། །གསུང་ལམ་ནི་ངག་གི་རང་བཞིན་ཉིད་ཡིན་པས་སོ། །དཔལ ་ལྡན་ཞེས་བྱ་བ་ནི་གོས་དཀར་མོ་དང་ལྡན་པའོ། །རྡོ་རྗེ་མི་ཕྱེད་གསུམ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །འདོད་ཆགས་ཆེན་པོའི་མེར་ཚོགས་གཉིས་ཞུ་བ་ལས་ཞེས་བྱ་བ་ནི་འདོད་ཆགས་ཆེན་པོའི་ཚུལ་དང་ལྡན་པའི་འོད་དཔག་མེད་དང་གོས་དཀར་མོའི ་ཚོགས་གཉིས་སོ། །གང་ཞིག་ཅེས་བྱ་བ་ལ་སོགས་པ་ནི་གང་དག་ཁོ་ནའོ། །ངེས་པའི་ཚིག་ནི་ཕུན་སུམ་ཚོགས་ཞེས་བྱ་བ་ནི་སྒྲ་མ་ལུས་པ་བརྗོད་པ་ཕུན་སུམ་ཚོགས་པ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །ཆོས་འཛིན་པ་དང་འདྲ་བར་ཤོག་ཅེས་བྱ་བ་ནི་འོད་དཔག་མེད ་དང་འདྲ་བར་གྱུར་ཅིག་ཅེས་དགོངས་པའོ། །དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཐུགས་འཆང་བ་ཞེས་བྱ་བ་རྡོ་རྗེའི་ངོ་བོ་ཉིད་ཀྱི་ཐུགས་འཆང་བའོ། །མཱ་མ་ཀཱི་དང་ལྡན་པས་དཔལ་དང་ལྡན་ནོ། །རྡོ་རྗེ་གསུམ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན ་ནོ། །ཀུན་ཏུ་བཟང་པོ་ཞེས་བྱ་བ་ནི་སེམས་ཅན་ཀུན་ལ་བཟང་ཞིང་ཕན་པར་བྱེད་པའི་ཕྱིར་ཀུན་ཏུ་བཟང་པོ་སྟེ། མི་སྐྱོད་པའོ། །གསང་བའི་དཔའ་བོ་ཞེས་བྱ་བ་ནི་གསང་བ་ནི་སྦས་པའོ། །སྟོན་པར་བྱེད་པས་གསང་བའོ། །རང་གི་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཡིན ་ལ་དེ་དག་གི་དཔའ་བོ་ནི་གཙོ་བོའོ། །དེའི་བློ་ལྡན་པ་ཞེས་བྱ་བ་ནི་མཱ་མ་ཀཱི་དང་བཅས་པའོ། །རྡོ་རྗེ་འཛིན་དང་འདྲ་བར་ཤོག་ཅེས་བྱ་བ་ལ། རྡོ་རྗེ་འཛིན་དང་འདྲ་བ་ནི་མི་བསྐྱོད་པ་འདྲ་བ་ཞེས་བྱ་བའི་དོན་ཏོ། །ལེའུ་དང་པོ་ལས་གསུངས་པའི་དམ་ཚིག་ལས་བྱུང་བ་རྡོ་རྗེ ་ཏིང་ངེ་འཛིན་གྱི་ཚུལ་གྱིས་ཞེས་བྱ་བ་ལ། དམ་ཚིག་ནི་ཡི་གེ་གསུམ་མོ། །དེ་ལས་སྐྱེ་བའི་ཕྱིར་དམ་ཚིག་ལས་བྱུང་བ་ནི་རྡོ་རྗེ་འཆང་ཆེན་པོ་ཡིན་ཏེ། ཏིང་ངེ་འཛིན་གྱིས་དམིགས་པས་ཞེས་བྱ་བའི་དོན་ཏོ། །རང་གི་ཅོད་པན་ལ་བདག་པོ།? ་དམ་པ་ཞེས་བྱ་བ་ནི་དབང་བསྐུར་ནས་སྤྱི་བོར་མི་བསྐྱོད་པ་བསམ་པར་བྱའོ། །ཡེ་ཤེས་དམ་ཚིག་ནི་ཡེ་ཤེས་སེམས་པའོ། །ཡི་གེ་ཧཱུཾ་ཞེས་བྱ་བ་ནི་ཁ་དོག་ནག་པོའོ། །སངས་རྒྱས་དཀྱིལ་འཁོར་དབུས་གནས་པ་ཞེས་བྱ་བ་ལ ་སོགས་པ་ལ། དེའི་དབུས་གནས་པ་ནི་དེའི་སྙིང་གར་གནས་པའོ། །མི་བསྐྱོད་པ་ནི་རྡོ་རྗེ་སེམས་དཔའ་ཨོ། །ཧཱུཾ་ཡིག་ཅེས་བྱ་བ་ནི་ཏིང་ངེ་འཛིན་སེམས་དཔའ་ཞེས་བརྗོད་པའོ། །ཐམས་ཅད་མཛད་ཅེས་བྱ་བ་ནི་དང་པོ་འོག་མིན་གྱི་གནས་སུ་ཆོས་ཀྱི་སྐུ་མངོན་དུ ་མཛད་ནས་དེ་ལ་སྤྲུལ་པའི་སྐུ་བྱོན་ཏེ། དགའ་ལྡན་ན་གནས་པ་རྣམས་ཀྱི་དོན་དུ་བསམ་པ་ཇི་ལྟར་བཞིན་དུ་ཆོས་བསྟན་པར་མཛད་དོ། །དགའ་ལྡན་གྱི་གནས་མཆོག་ནས་བྱོན་ཏེ། ཐམས་ཅད་མཛད་ནས་ཞེས་བྱ་བ་ནི་དེ་ལས་ཀྱང་བྱོན་ཏེ། སའི་དཀྱིལ་འཁོར་དུ་སྐྱེ་བ་དང་བྱང ་ཆུབ་ལ་སོགས་པ་ཐབས་ལ་བསྟན་ཏོ་ཞེས་བྱ་བའི་ཐ་ཚིག་གོ་།འདོད་ཆགས་ལས་སྐྱེས་པའི་བྱང་ཆུབ་བསྟན་པའི་དོན་དུ་ཞེས་བྱ་བ་ནི་འདི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྡོ་རྗེ་སེམས་དཔར་སྤྲུལ་པའོ། །ཞེས་བྱ་བར་དགོངས་པའོ། །འདོད་ཆགས་ཆེན་པོའི་ཚུལ་གྱི་ཏིང་ངེ་འཛིན ་ལ་སྙོམས་པར་འཇུག་པ་ཞེས་བྱ་བ་ལ། འདོད་ཆགས་ཆེན་པོ་ནི་འདོད་ཆགས་ཆའི་སེམས་ཅན་རྣམས་སྨིན་ཅིང་གྲོལ་བའི་ཡུལ་ལ་ཆགས་པའོ། །དེ་ཉིད་ཀྱི་ཚུལ་ནི་ལུགས་ཏེ་རྣམ་པར་བཞག་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་མངོན་དུ་བྱེད་པའོ། །དང་པོ་རྣལ་འབྱོར་བྱས་ནས ་ཞེས་བྱ་བ་ནི་བདག་ཉིད་སེམས་དཔའ་གསུམ་གྱི་བདག་ཉིད་དུ་སྐྱེད་པའོ། །གནས་པར་བྱ་ཞེས་པ་ནི་སྤྱོད་པ་བྱེད་པ་ལ་བསྟན་པ་ཡིན་ནོ། །གང་ཡང་སྤྱོད་པ་བྱེད་པར་མ་གྱུར་པ་དེ་ལ་ཕྱོགས་གཞན་བསྟན་པ་ནི་ཡང་ཞེས་བྱ་བ་ལ་སོགས་པ་ལ། སྔགས་གཅིག་སྤྲུལ་པས ་སེམས་ཅན་གྱི་དོན་དུ་བྱའོ། །ཞེས་བྱ་བ་ནི་བྱང་ཆུབ་སེམས་རང་གི་སྙིང་ག་ན་གནས་པའི་སྔགས་ལས་དཀྱིལ་འཁོར་སྤྲུལ་ནས་སེམས་ཅན་གྱི་དོན་བྱ་ཞིང་གནས་ཇི་ལྟ་བར་དགོད་དོ་ཞེས་བྱ་བའི་དོན་ཏོ། །བྱིན་རླབས་གོ ་འཕང་གསུམ་གྱིས་ནི་ཞེས་བྱ་བ་ཡུལ་ལ་བྱིན་གྱིས་བརླབས་པ་ཡིན་པའི་ཕྱིར་འདོད་ཆགས་ལ་སོགས་པའི་རང་བཞིན་གསུམ་བྱིན་གྱིས་བརླབས་པའོ། །དེའི་གོ་འཕང་ཞེས་བྱ་བ་ནི་ཡིད་དུ་འོང་བ་ལ་སོགས་པའི་ཡུལ་ཡིན་ལ། བྱིན་རླབས་གོ་འཕང་དེ ་གསུམ་དང་ལུགས་གཞན་གྱི་ཞེས་བྱ་བའི་དོན་ཏོ། །མིག་ལ་སོགས་པའི་སྐྱེ་མཆེད་ཀྱི་རང་བཞིན་གཟུགས་རྡོ་རྗེ་མ་ལ་སོགས་པ་དགོད་དོ་ཞེས་བྱ་བའི་རྣལ་འབྱོར་མ་གཟུགས་རྡོ་རྗེ་མ་ལ་སོགས་པ་བཞི་དང། སའི་སྙིང་པོ་ལ་སོགས་པ་བཞི ་ཡིས་སྙོམས་པར་འཇུག་པ་བཀོད་ལ། གཞན་ཡང་བྱང་ཆུབ་སེམས་དཔའ་བཞི་གནས་ཇི་ལྟ་བ་བཞིན་དུ་དགོད་བར་བྱ་ཞེས་བྱ་བའི་དོན་ཏོ། །ནུ་མ་གཉིས་ཀྱི་བར་ཞེས་བྱ་བ་ལ་སོགས་པ་ལ། ནུ་མ་གཉིས་ཀྱི་བར་ནི་ཐུགས་ཀ་སྟེ། དེ་ལ་ཡི་གེ་ཧཱུཾ། སྤྱི ་པོའི་པར་ནི་ཞེས་བྱ་བ་དེ་ནི་སྤྱི་བོར་ཡི་གེ་ཨོཾ་མོ། །བར་དུ་ཞེས་པ་ནི་མགྲིན་པའི་ཕྱོགས་དེ་ལ་ཨའོ། །རྐང་པར་ཐུག་པའི་བར་དུ་ཞེས་བྱ་བ་ནི་རྐང་པ་གཉིས་ལ་ཡི་གེ་ཧཱའོ། །རྐེད་པ་ལྟེ་བ་གསང་བར་ཞེས་བྱ་བ་ནི་ལྟེ་བ་དང་རྐེད་པ་དང་གསང་བའི་ཕྱོགས ་སུ་སྟེ། བརླ་གཉིས་ལ་ཡི་གེ་སཱའོ། །རྒྱལ་བའི་སྲས་པོ་ནི་རིགས་ལྔ་རྣམས་ནི་དགོད་པར་རབ་ཏུ་བྱ་ཞེས་བྱ་བ་ནི་གཞན་དག་ཀྱང་རིགས་ལྔར་བསྡུས་པའི་བྱང་ཆུབ་སེམས་དཔའ་གནས་ཇི་ལྟ་བར་དགོད་པར་བྱ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །ཡི་གེ་ནི ་ཕཊ་རྣམས་བརྟགས་ཏེ་ཞེས་བྱ་བ་ནི་རྡོ་རྗེ་དང་པད་མ་གཉིས་ཀྱི་ཁར་ཡི་གེ་ཕཊ་བསྒོམ་པར་བྱའོ། །ཏིང་ངེ་འཛིན་དང་དབང་བསྐུར་བ་ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའ་རབ་ཏུ་བཅུག་པའི་ཏིང་ངེ་འཛིན་གྱི་དེ་མ་ཐོག་ཏུ་དབང་བསྐུར་བ་ནི་ཏིང་ངེ་འཛིན་དང ་དབང་བསྐུར་བའོ། །མཆོད་པའི་མཐར་ཐུག་བ་ཞེས་བྱ་བ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པའི་མཆོད་པ་བྱས་ནས་སོ། །སྙིང་པོའི་ལས་ཐམས་ཅད་ཅེས་བྱ་བ་ནི་དེ་ལ་མི་བསྐྱོད་པའི་ཏིང་ངེ་འཛིན་ལ་སོགས་པ་འོག་ནས་འཆད་པར་འགྱུར་བའི་རིམ་པས ་སེམས་ཅན་རྣམས་ཀྱིས་ཞེ་སྡང་རྣམ་པར་དག་པ་ལ་སོགས་པའི་དགོས་པ་བྱས་ནས་ཞེས་བྱ་བའི་ཐ་ཚིག་གོ་།ཕྱི་དང་ནང་གི་བདག་ཉིད་ཅན་གྱི་བཟླས་པ་ཞེས་བྱ་བ་ནི་ངག་གི་བཟླས་བ་དང་རྡོ་རྗེའི་བཟླས་པའོ། །སྔར་བཞིན་དུ་རང་གི་ལུས་ཀྱི་དཀྱིལ ་འཁོར་ལ་བཅུག་ནས་ཞེས་བྱ་བ་ནི་མཉམ་པར་བཞག་པའི་རྣལ་འབྱོར་གྱི་དོན་དུ་རིམ་པས་བདག་ཉིད་ལ་གནས་ཇི་ལྟ་བ་བཞིན་དུ་བཞུགས་པར་བྱ་བའོ། །ནམ་མཁའ་ཨི་ཁམས་ཀྱི་དབུས་གནས་པར། བཀོད་པའི་དཀྱིལ་འཁོར་བསྒོམ་པར་བྱ་ཞེས ་བྱ་བ་ནི་འཇིག་རྟེན་གསུམ་གྱི་དབུས་སུ་གནས་པའི་བདག་ཉིད་ལྷའི་ཚོགས་དང་ལྡན་པར་བསྒོམ་པར་བྱའོ། །དེ་བྱས་ནས་ནི་ཅི་ཞིག་བྱ་ཞེས་ཟེར་བ་ལ་ཧཱུཾ་ནི་དེའི་དབུས་སུ་གནས་པར། རང་གི་གཟུགས་བརྙན་ངག་ཏུ་རྟགས། ཅེས་བྱ་བའི་ནི་ཡི་གེ་ཧཱུཾ ་སྙིང་གར་གནས་པར་བལྟས་ནས་དེས་ཀྱང་བརྟན་པ་དང་གཡོ་བ་ཐམས་ཅད་རྡོ་རྗེ་སེམས་དཔའ་ཨི་གཟུགས་བརྙན་གྱི་རྣམ་པར་བལྟ་བར་བྱས་ཞེས་བྱ་བའི་ཐ་ཚིག་གོ་།ཕྱི་དང་ནང་གི་བདག་ཉིད་ཅན་གྱི་སྦྱིན་སྲེག་ཅེས་བྱ་བ་ནི་ཕྱི་རོལ་གྱི་མེ་ལ་མར་ལ་སོགས་པ་དང། ་གིས་སྦྱིན་སྲེག་བྱེད་པའོ། །ནང་གི་བདག་ཉིད་ནི་ལྷ་རྣམས་ལ་བཟའ་ལ་སོགས་པས་ཚིམ་པར་བྱས་ཏེ། ཞི་བ་ལ་སོགས་པ་ལ་བལྟོས་ནས་བྱས་པས་སོ། །ཡི་གེ་གསུམ་གྱི་ཞེས་པ་ནི་རྡོ་རྗེ་བཟླས་པའི་སྒོ་ནས་སོ། །འཕྲེང་བའི་སྔགས་སམ་ཞེས་བྱ་བ་ནི་རྒྱུད་ནས ་གསུངས་པའི་ཁྲོ་བོ་ལ་སོགས་པའི་སྔགས་རྒྱས་པས་སོ། །སྔགས་དང་སྨན་གྱི་སྦྱོར་བས་ཀྱང་ཞེས་བྱ་བ་ནི་མངོན་པར་བསྔགས་པའི་སྨན་བྱིན་པས་སོ། །རྡོ་རྗེ་དང་པད་མ་མཉམ་པར་སྦྱར་བ་ཞེས་བྱ་བ་ནི་ཡོངས་སུ་རྫོགས་པ་ལ་གནས་ཏེ་ཁ་སྦྱར་བ་ལ་གནས་པ་སྒྱུ ་མའི་ལུས་མངོན་དུ་བྱའོ། །དྲན་པའི་དོན་དུ་འགྲེལ་བྱས་གང། །བསོད་ནམས་ཡང་དག་གང་བསགས་པ། །དེ་ཡིས་མྱུར་དུ་སྐྱེ་འགྲོ་ཀུན། །ཡང་དག་བྱང་ཆུབ་དོན་གཉེར་ཤོག་།རྡོ་རྗེ་སེམས་དཔའ་ཨི་བསྒྲུབ་ཐབས་ཀྱི་བཤད་པ། སློབ ་དཔོན་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ་རྫོགས་སོ།། །།ཐོ་ལིང་དཔལ་དཔེ་མེད་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་རྒྱ་གར་གྱི་མཁན་པོ་མཁས་པ་ཆེན་པོ་དཱི་པཾ་ཀ་ར་རཀྵི་ཏ་དང་ཁམས་པ་རི་ལོ་ཙཱ་བས་བསྒྱུར་བའོ།། ་