| Wylie | e-texts based on the ACIP/ALL Input |
སྤྱོད་པ་བསྡུས་པའི་སྒྲོལ་མ་ཞེས་བྱ་བ་རྒྱ་ཆེར་བཞུགས། །རྒྱ་གར་སྐད་དུ། ཙརྱ་མེ་ལ་པ་ན་པྲ་དཱི་པི་ནཱ་མ་ཏི་ཀཱ་།བོད་སྐད་དུ། སྤྱོད་པ་བསྡུས་པའི་སྒྲོན་མ་ཞེས་བྱ་བ་རྒྱ་ཆེར་བཤད་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ ་ཆེན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སྐྱེ་བོ་མ་རིག་མུན་པས་ཁེབས་ཤིང་རྟག་ཏུ་མིག་ལྡོངས་དགེ་ལ་འདུན་པ་མེད། །དེ་དག་རྗེས་སུ་བཟུང་ཕྱིར་རྒྱལ་བ་རྣམས་ཀྱི་དམ་པ་བསྟོད། །གསང་མཆོག་བླ་མེད་དོན་ཉིད་རྟག་ཏུ་བདེ་བ་དམ ་པ་སྐྱེས། །རྒྱལ་བ་ཡིས་ནི་གསང་བ་བཤད་པ་བཞི་ལ་དགོངས། །དོན་དམ་རིགས་མིན་རིགས་གཞན་རྣམས་ལ་ཉན་ཐོས་ལ་སོགས་གསུངས། །ཐེག་ཆེན་རིགས་ཅན་དམན་དང་མཆོག་ལ་སོགས་པ་ལ། བྱ་བའི་རྒྱུད་དང་སྤྱོད་དང་གཉི ་གའི་རྒྱུད་དང་རྣལ་འབྱོར་བླ་མའི་རྒྱུད། །གསུངས་པར་གང་འགྱུར་དམ་པ་དེ་ལ་སྒོ་གསུམ་དང་པས་ཕྱག་འཚལ་ཏེ། མཛའ་དྲུག་ལ་སོགས་བཤད་པའི་ཚིག་ལ་རབ་བརྟེན་ནས། །ཀུན་ཏུ་བཟང་པོ་རྗེས་དྲན་དེ་ལ་ཕན་པར་བྱ་བའི་ཕྱིར། །རྒྱལ ་བའི་འདུས་པ་བཤད་པའི་རྒྱུད་བཅས་ལ་བརྟེན་ནས། །དེ་ཉིད་སྒྲུབ་པའི་རིམ་ལ་རྟག་ཏུ་དགའ་བ་སྐྱེས། །མི་གཡོ་གསང་བ་མཆོག་གི་དོན་རྟོགས་ཤིང། །རྫོགས་པའི་དོན་ལ་མངའ་རྙེས་སྟོན་པ་ཡིས། །རིམ་པ་ལྔ་དང་དེ་ཡི་སྤྱོད་པ་བརྩམས ་བདེན་ལ་མཁས་གྱུར་རྣལ་འབྱོར་གང་ཞིག་གིས། །མ་ཕྱེད་གྱུར་པ་གང་ཡིན་དེ་ཕྱས་པས། །དེ་ནི་དམ་པའི་ལུང་བསྟན་མཆོག་ཏུ་གྱུར། །བཤད་དང་མཛའ་དྲུག་ལ་སོགས་རྣམ་མང་པོ། །གཞི་དང་འབྲས་བུ་རང་བཞིན་ལེགས་པར་ཕྱེ། ། ་རྒྱལ་པོ་སྟོབས་ཅན་སྙིང་པོ་ཡིས། །སྔོན་འགྲོ་འབྲེལ་པ་ཀུན་བརྗོད་དེ། །དོན་ནི་རྣམ་པ་གསུམ་དུ་འདུས། །རྒྱུ་དང་ཐབས་དང་འབྲས་བུའོ། །རྒྱུ་ནི་ཐེག་ཆེན་རིགས་ཅན་ཏེ། །དགེ་བའི་ཆོས་ཀྱིས་རྣམ་པར་བརྒྱན། །ཐབས་ནི་རྣམ་པ་གཉིས ་ཡིན་ཏེ། །དབང་བསྐུར་དེ་ཉིད་སྤྱོད་དང་བཅས། །འབྲས་བུ་སྐུ་གསུམ་ཐུན་མོང་གྲུབ། །ཡང་ན་སྤོངས་དང་བྱེད་དང་བཅས། །དེ་ཉིད་དོན་རྣམས་ལེགས་བསྡུས་པ། །མར་མེ་བཞིན་དུ་དགྲོལ་བར་བྱ། །གང་ཞིག་བླ་མ་དམ་པ་ལ། །མི་འདུས་དེ་ཡི་ཕྱིར་མ་བྱས། །དེ་ཁོ ་ན་ཉིད་ཀྱི་བསྒྲུབ་པའི་ཐབས་འདི་ཅིའི་ཕྱིར་རྩོམ་ཞེ་ན། འདི་ལྟར་ཐེག་པ་ཆེན་པོའི་རིགས་ཅན་གྱི་གང་ཟག་གིས་འབྲས་བུ་མཆོག་ཐོབ་པར་བྱ་བའི་ཕྱིར་རོ། །འོ་ན་གསང་བ་འདུས་པར་ཞེས་བྱ་བ་ལ་སོགས་པ་རྣལ་འབྱོར་ཆེན་པོའི་རྒྱུད་རྣམས་སུ་གསུངས་པ ་ཅིའི་ཕྱིར་མ་ཡིན་ཞེ་ན། རྩོད་པའི་དུས་སུ་སེམས་ཅན་ཚེ་ཐུང་བ་དང། ལོངས་སྤྱོད་ཞན་པ་དང། ཤེས་རབ་ཆུང་བ་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར་རོ། །ཡང་ན་དེའི་དུས་སུ་རྒྱུད་ཁྱད་པར་ཅན་རྣམས་ལ་འཇུག་པར་ཡང་མི་འགྱུར་རོ། །གསང་བ་དེ་ཁོ་ན ་ལ་འཇུག་པ་ལས་ཀྱང། དུས་བཞི་རྩོད་པ་རྒྱས་པའི་ཚེ། །ཚེ་ཐུང་ཤེས་རབ་ཆུང་བ་དང། །ལོངས་སྤྱོད་ཤིན་ཏུ་ཞན་པ་ཡིས། །གསང་ལ་འཇུག་པའི་སྐལ་མེད་ལ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །སེམས་ཅན་ལུགས་ཀྱི་བསྟན་བཅོས་བྱེད། །རྩོད ་པའི་དུས་ཀྱི་ཕན་འདོགས་འགྱུར། ཞེས་འབྱུང་བ་ལྟ་བུའོ། །འོ་ན་རིམ་པ་རེ་རེས་སམ། །འོན་ཏེ་ཐམས་ཅད་ཀྱི་ཕན་འདོགས་པར་འགྱུར། དེ་ལ་ཕྱོགས་དང་པོ་ལྟར་ན་ནི་སྐས་ཀྱི་རིམ་པ་མ་ཡིན་པར་འགྱུར་རོ། །ཕྱི་མ་ལྟར་ན། རིམ་པ་གཅིག་གིས ་སྔོན་སངས་རྒྱས་ཞེས་པ་མ་ཡིན་པར་འགྱུར་རོ། ཞེས་ན་མ་ཡིན་ཏེ། འདི་ལྟར་དེ་ཉིད་ཀྱི་རྣམ་པ་ཅན་གྱི་གང་ཟག་གི་དབང་དུ་བྱས་ཏེ་རིམ་པ་རེ་རེས་ཀྱང་ཕན་འདོགས་པར་འགྱུར་རོ། །གཞན་ལ་དག་ལས་པ་ནི་གང་ཟག་གི་དབང་དུ་བྱས་ཏེ་རིམ་པ་ལྔ ་པ་སོགས་པའོ། །གཞན་ཡང་རིམ་པ་གཅིག་ལ་ཡང་སྐས་ཀྱི་རིམ་པ་ཞེས་བྱ་སྟེ། ཐོས་པ་ལ་སོགས་པས་འཇུག་སྟེ་སྐས་བཞིན་ནོ། །བསྒོམ་པའི་དབང་དུ་བྱས་པ་ཡང་དང་པོ་ནི་སྐད་ཅིག་མའི་རྣལ་འབྱོར་ལ་འཇུག་གོ་།དེ་ནས་སྐད་ཅིག་མ ་བཅུ་ལ་སོགས་པ་སྟེ། སྐས་ཀྱི་རིམ་པ་བཞིན་ནོ། །ད་ནི་ཡན་ལག་ལ་འཇུག་པར་བྱ་སྟེ། དེ་ལ་དངོས་མེད་རྣམ་དག་ནམ་མཁའ་མཉམ་ཞེས་པ་ལ་སོགས་པས་དང་པོར་སློབ་དཔོན་གྱིས་རང་དད་བའི་ལྷ་ལ་ཕྱག་འཚལ ་བའོ། །དེ་ལ་དངོས་པོ་མེད་པ་ནི། དངོས་པོ་མེད་སྟེ། གང་ལ་གཟུང་བ་དང་འཛིན་པའི་རྣམ་པ་དང་བྲལ་བ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་སྙིང་གར་བྱང་ཆུབ་སེམས་ཀྱི་ཐིག་ལེ་གསལ་བ་དེ་ལ་ཡང་དེ་སྐད་ཅེས་བྱ་སྟེ། འོད་གསལ་བ་དང ་ཤིན་ཏུ་ཉེ་བའི་ཕྱིར་རོ། །མ་ལུས་ཚིག་མེད་ཡི་གེ་བྲལ་ཞེས་པ་ནི་དངོས་པོ་དང་དངོས་པོ་མེད་པ་ཐམས་ཅད་སྒྲའི་བརྗོད་བྱར་མ་གྱུར་ཏེ། ཅིའི་ཕྱིར་ཞེ་ན། ཐམས་ཅད་རང་བཞིན་གྱིས་དག་པའི་ཕྱིར་རོ། །ཡང་ན་ཚིག་དང་ཡི་གེ་ལས་འདས་པ ་སྟེ། རྡོ་རྗེ་བཟླས་པའོ། །འདས་དང་མ་འོངས་ཀུན་ཏུ་སོན་བ་ནི་སྒྱུ་མ་ལྟ་བུ་སྟེ། འདས་པ་ལ་སོགས་པའི་དུས་ཐམས་ཅད་དུ་ཇི་ལྟ་བ་དེ་ལྟར་དོན་བྱེད་དོ། །ཡང་ན་འདས་པ་ལ་སོགས་པ་ནི་སྤྲུལ་པ་ལ་སོགས་པའོ། །དེར་སོན་པ་ནི་ཁྱབ་པ་སྟེ་བདེ་བ ་ཆེན་པོའི་ཁུ་བའོ། །ཀུན་ཏུ་མ་ལུས་ཐམས་ཅད་སྟོང་ཞེས་པ་ནི་འོད་གསལ་བའི་ཡེ་ཤེས་སོ། །དེ་ལ་ཕྱག་འཚལ་བ་ནི་རྟོག་པའི་སྒོ་ནས་སོ། །ཡང་ན་དེའི་འཁོར་ལོ་བཞི་དང་སྦྱར་ཏེ། དངོས་མེད་རྣམ་དག་ནི་བདེ་བ་ཆེན་པོའོ། །ཚིག་མེད་ཡི ་གེ་བྲལ་ཞེས་པ་ནི་ལོངས་སྤྱོད་དོ། །མ་འོངས་ཀུན་ཏུ་སོན་ཞེས་པ་ནི་ཆོས་ཀྱི་འཁོར་ལོའོ། །མ་ལུས་ཐམས་ཅད་སྟོང་ཞེས་པ་ནི་སྤྲུལ་པའོ། །དེ་ལ་དམིགས་པ་ནི་ཕྱག་འཚལ་བའོ། །ད་ནི་བསྒྲུབ་པའི་ཐབས་འདི་རྩོམ་པ་གང་ལ་དགོངས ་ཤེ་ན། རྡོ་རྗེའི་ཐེག་པ་འདི་ལ་སྔགས་ཀྱི་སྒོང་སྤྱོད་པ་ནི་རྣམ་པ་གཉིས་ཏེ་ཞེས་གསུངས་ཏེ། གང་ལ་ཤེས་རབ་དང་ཏིང་ངེ་འཛིན་ཁྱད་པར་ཅན་ཡོད་པ་དེ་ནི་རྡོ་རྗེ་ཐེག་པའོ། །དེའི་སྔགས་ཀྱི་སྒོར་སྤྱོད་པ་ནི་དེ་ཉམས་སུ་ལེན་པའོ། །འདི་ལ ་གཉིས་ཡོད་པས་གཉིས་ཏེ། བསྐྱེད་པ་རྫོགས་པའི་དབང་དག་ཏུ། །གང་ཟག་གཉིས་ནི་ཐུབ་པས་གསུངས་ཤེའོ། །གང་ཡིན་ཞེ་ན། གསང་སྔགས་ལ་མཆོག་ཏུ་གཞོལ་བ་དང། ནང་ལ་མཆོག་ཏུ་གཞོལ་བ་སྟེ། སྔགས་ཟློས་པ་ལ་བརྩོན་པ་དང། བསྒོམ ་པ་ལ་བརྩོན་པའོ། །ཡང་ན་བསྐྱེད་པའི་རིམ་པ་དང། །རྫོགས་པའི་རིམ་པའི་རིགས་ཅན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་དབང་དུ་ཞེས་བྱ་བ་ནི་ཚིག་ལྷག་མའོ། །ཡང་ན་ཐོས་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཐོས་པ་སྔོན་དུ་སོང་བའོ། །གང་གིས ་ཐོས་པ་སྔོན་དུ་སོང་ཞིང་མ་རྨོངས་ལ་ཡང་དག་པའི་ཤེས་རབ་དང་ལྡན་པ་ངེས་བརྩམས་ཤེའོ། །གང་གི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་རྗེས་སུ་གཟུང་པར་བྱ་བའི་ཕྱེད་དུའོ། །སེམས་ཅན་ཐམས་ཅད་ནི་ཚོགས་དང། །སློབ་མ་ཐམས་ཅད ་ནི་ཚོགས་དེ་རྗེས་སུ་གཟུང་བ་ནི་དེ་དག་ཐེག་པ་ཆེན་པོའི་ཆོས་ལ་རབ་ཏུ་གཞུག་པའི་ཕྱེད་དུའོ། །དེ་ནི་རྒྱུད་ཆེན་པོ་ལས་ཀྱང་དེ་ལ་དགོངས་པས་དོན་མེད་དོ་ཞེ་ན། མ་ཡིན་ཏེ། མདོ་དང་རྒྱུད་ལས་གསུངས་པའི་ཚིགས་ཡང་དག་པར་གསལ ་བར་བྱ་བའི་ཕྱིར་ཏེ། མདོ་སྡེ་དང་རྒྱུད་སྡེ་ཐམས་ཅད་ན་དམིགས་གསལ་བ་ཚིག་གསལ་བ་དང། ཟུར་འཛིན་པས་དོན་ལེགས་པར་དགོད་པར་བྱ་བའི་ཕྱིར་རོ། །མི་གསལ་བ་ཡང་གང་ཟག་གཉིས་ཀྱིས་རྟོག་པར་བྱེད་པ་མ་ཡིན་ནམ། དེ་འདིར ་ཅིའི་ཕྱིར་བསྟན་པ་ལ་དེའི་ཕྱིར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཞེས་སྨོས་ཏེ། རྒྱུད་ཀྱི་དོན་དགོངས་པ་ཅན་ལ་སོགས་པ་བློ་མ་བྱང་བའི་གང་ཟག་གིས་རྟོགས་པར་བྱ་བར་མི་ནུས་ཏེ། དེས་རྟོགས་པར་བྱ་བའི ་ཕྱིར་ཡང་འདི་བརྩམས་ཞེས་སོ། །གང་ལ་བརྟེན་ཏེ་བརྩམས་ཤེ་ན། ཚིག་སྙན་ཅིང་ཞེས་པ་ནས་བཏུས་ཏེ་ཞེས་པའི་བར་ཏེ་གོ་སླའོ། །སྒྲུབ་པའི་ཐབས་འདི་ཡང་དུས་གང་ལ་དགོངས་ཤེ་ན། རྩོད་པའི་དུས་སུའོ། །དུས་གཞན་ལ་མ ་དགོངས་པ་ཅིའི་ཕྱིར་ཞེ་ན། མངོན་བྱུང་བར་གྱུར་བ་ནི་མི་རིགས་སོ། ཞེའོ། །དེ་ལ་སྒྲུབ་པའི་ཡན་ལག་ནི་སྒྲུབ་པའི་རིམ་པའོ། །མར་མེ་ནི་དཔེ་སྟེ། གང་གིས་གང་ལ་གསལ་བར་བྱེད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྔོན ་བྱུང་བར་གྱུར་པ་ནི་མི་རིགས་ཤེས་པ་ནི་དུས་གསུམ་དུ་འབྱུང་བ་མི་འཐད་དོ། །དེ་ཞེས་པ་ནི་གོང་མ་དང་འབྲེལ་བའོ། །ཅིའི་ཕྱིར་ཞེས་པ་ནི་འདྲི་བའོ། །ལན་དུ་རྫོགས་ལྡན་ཞེས་པ་ནི་སྦྱིན་པ་ལ་སོགས་པ་རབ་དང་ལྡན་པ་དང། ཚེ་དང ་བསོད་ནམས་དང་ཤེས་རབ་ལ་སོགས་པ་རབ་དང་ལྡན་པ་ནི་རྫོགས་ལྡན་ནོ། །འབྲིང་དང། ཐ་མ་དང། ཐ་མའི་ཡང་ཐ་མ་ཅི་རིགས་སུ་སྦྱར་རོ། །དེ་བཤད་པ་འཇིག་རྟེན་པ་རྣམས་ཚེ་དང། ནད་མེད་པ་ཕུན་སུམ་ཚོགས་པ་ནི་ཚེ ་ཁྱད་པར་ཅན་དང་ལྡན་པ་སྟེ། སྐྱེ་དགུའི་ཚེ་ལོ་བརྒྱད་ཁྲི་པ་ལ་སོགས་པའོ། །སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱིས་ཆོས་བསྡུའོ། །དེ་དག་དང་ལྡན་པ་ནི་དེ་དག་མངའ་བའོ། །དེས་ཅིར་འགྱུར་ཞེ་ན། བསྟན ་བཅོས་ལ་གནས་ཤིང་ཡོངས་སུ་ཚོལ་བ་སྟེ། ཕྱིའི་མདོ་ལ་སོགས་པ་ཡོངས་སུ་ཚོལ་བའོ། །དེ་ཁོ་ན་ཉིད་ཤེས་པ་ལ་ཞུགས་པ་ནི་རྫོགས་པའི་རིམ་པ་ཆོས་ཀྱི་དབྱིངས་ལ་ཞུགས་པ་སྟེ། རྡོ་རྗེ་འཆང་ཆེན་པོའོ། །ཟབ་ཅིང་རྒྱ་ཆེ་བ་ནི་དེའི ་ཞལ་ནས་གསུངས་པའི་ཆོས་ཏེ། རྟོགས་པར་དཀའ་བ་དང། དོན་རྒྱ་ཆེན་པོ་སྟོན་པའོ། །ཇི་ལྟར་སྟོན་ཞེ་ན། སྦས་པའི་སྒྲའི་སྒོ་ནས་ཏེ། མ་བྱིན་པར་ལེན་པས་སངས་རྒྱས་ཞེས་བསྟན་པས་ཀྱང་གོ་བར་འགྱུར་དེ་ཅིའི་ཕྱིར་ཞེ་ན། ཤེས ་རབ་མཆོག་དང་ལྡན་པའི་ཕྱིར་རོ། །ལུང་གཞན་ལས་ཀྱང། གང་ཚེ་སྟོང་གསུམ་དུམ་བུ་ལ། །སེམས་ཅན་ཚེ་དང་བསོད་ནམས་དང། །ལས་དང་ཤེས་རབ་ལ་སོགས་པ། །རབ་ཏུ་གྱུར་པ་རྫོགས་ལྡན་དུས། འབྲིང་ནི་གསུམ ་ལྡན་དུས་ཡིན་ཏེ། ཐ་མ་གཉིས་ལྡན་དུས་སུ་འདོད། །ཐ་མའི་ཐ་མ་ཞེས་བྱ་བ། །བསྐལ་པ་རྩོད་པའི་དུས་སུ་སྦྱོར། །གསུམ་པོའི་བསྟན་པ་འདི་དག་ལ། །རྒྱལ་བའི་བཀའ་ལ་ཡིད་ཆེས་འགྱུར་རོ། །ཕྱིས་ནི་དེ་ལས་བཟློག་པའོ། །ཞེས་འབྱུང་བ ་ལྟ་བུའོ། །འོ་ན་གཞན་ལས། རྫོགས་ལྡན་དང་ནི་གཉིས་ལྡན་དང། རྩོད་པའི་དུས་ཏེ་བཞི་པོ་ལ། །རྒྱལ་བའི་བཀའ་ལ་རྨོངས་གྱུར་པས། །བསྟན་པ་རྗེས་འཇུག་རྣམས་ཀྱི་བྱེད་ཅེས་པ་འདི་ཅིའི་ཕྱིར་ཞེ་ན། ལན་དུ་རྫོགས་ལྡན་ནི་བསྐལ་པ་དང་པོའི་མི་ཕན་ནོ།། ་འོ་ན་གང་ཡིན་ཞེ་ན། རྩོད་པའི་དུས་ལ་རྩོད་པའི་རྫོགས་ལྡན་གྱི་དུས་ལ་སོགས་པ་སྟེ། དང་པོ་ནི་སློབ་དཔོན་གྱིས་བརྩམས་པ་མཐོང་བས་ཤེས་པར་འགྱུར་རོ། །དེ་ནས་བརྡར་རྟོགས་པས་ཤེས་པར་འགྱུར་རོ། །དེ་ནས་ལེགས་པར་བཤད་པས་ཤེས་པར ་འགྱུར་རོ། །དེ་ནས་ཡང་དང་ཡང་དུ་བཤད་པས་ཤེས་པར་འགྱུར་རོ། །དེ་དག་ནི་རྩོད་པའི་དུས་བཞི་དང་སྦྱར་རོ། །དེ་བསྟན་པའི་ཕྱིར། ད་ལྟར་ནི་རྩོད་པའི་དུས་ཏེ་ཞེས་པ་ལ་སོགས་པ་ནི་གོ་སླའོ། །དོན་ལ་སྟོན་པར་བྱ་ཞིང་ཆོས་ཀྱི་རྗེས་སུ་འབྲང་ཞེས་པ་ནི ་དོན་ལ་ཚད་མར་ཞེས་པའོ། །དོན་གྱི་དབང་འདི་མཐོང་ནས་ཞེས་པ་ནི་དོན་དངོས་སུ་རྟོགས་ནས་ཤེས་པའོ། །བསྐྱེད་པའི་གོ་རིམས་ཤེས་པ་ལ་སོགས་པ་ནི་འོག་ནས་སྟོན་ཏོ། །སྔགས་ཀྱི་དེ་ཁོ་ན་ཉིད་ནི་སྔགས་མ་ནོར་བའོ། །ཡང་ན་སྔགས་ཀྱི ་དེ་ཁོ་ན་ཉིད་ནི་རྡོ་རྗེ་བཟླས་པའོ། །ཕྱག་རྒྱའི་དེ་ཁོ་ན་ཉིད་བསྐྱེད་པའི་རིམ་པ་དང། སྒྱུ་མ་ལྟ་བུའོ། །བདག་གི་དེ་ཁོ་ན་ཉིད་ནི་སེམས་ལ་དམིགས་པའོ། །ཆོས་ཀྱི་དེ་ཁོ་ན་ཉིད་ནི་འདི་གསལ་བའོ། །ལྷའི་དེ་ཁོ་ན་ཉིད་ནི་ཟུང་དུ་འཇུག་པའི་སྐུའོ། །དེ ་བཤད་པའམ་དེ་གསལ་བར་བྱ་བའི་ཕྱིར་སློབ་དཔོན་གྱི་མདོ་དང་རྒྱུད་དང་རྟོག་པའི་རྗེས་སུ་འབྲང་ཞེའོ། །དེ་ཁོ་ན་ཉིད་མི་ཤེས་པའི་ཉེས་པ་ལུང་གིས་བསྒྲུབ་པའི་ཕྱིར་རོ། །བཅོམ་ལྡན་འདས་ནཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྐལ་བ་བྱེ་བ་ནི་བསྐལ་པ ་ཆེན་པོ་བྱེ་བའི་བར་དུའོ། །བསྒྲུབ་ཀྱང་ཞེས་པ་ནི་ཚིག་གི་ལྷག་མའོ། །དེ་ཉིད་བྲལ་ན་འགྲུབ་མི་འགྱུར་ཞེས་པ་ནི་དེ་ཁོ་ན་ཉིད་ཀྱི་མན་ངག་ལྔ་དང་བྲལ་ན་འགྲུབ་པར་མི་འགྱུར་ཏེ། བྱ་རོག་གི་སོ་རྟོག་པ་བཞིན་ནོ། །ཞེས་བྱ་བར་དགོངས ་སོ། །ལུང་གཞན་ཡང་བཤད་པའི་ཕྱིར་ལྷ་མོ་བཞིས་ཞུས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐུབ་པ་ཆེན་པོ་ནི་དུས་གསུམ་གྱི་སངས་རྒྱས་ཏེ། རྡོ་རྗེ་འཆང་ཆེན་པོའོ། །དེས་གསུངས་པའི་ཆོས་ནི་ཐུབ་པ་ཆེན་པོས་གསུངས་པའི་ཆོས་ཏེ། དུ་ཞེ ་ན། བརྒྱད་ཁྲི་བཞི་སྟོང་ནི་འདོད་ཆགས་ལ་སོགས་པའི་གཉེན་པོར་རོ། །གང་གིས་དེ་ཉིད་མི་ཤེས་པ་ཞེས་པ་ནི་གང་གི་དེ་ཁོ་ན་ཉིད་བཟླས་པ་ལ་སོགས་པ་མི་ཤེས་ནའོ། །ཐམས་ཅད་འབྲས་བུ་མེད་པ་ནི་གང་བསྒོམས་པ་འབྲས་བུ་མེད་པའོ། །དེ ་ཅིའི་ཕྱིར་ཞེ་ན། སྒྲ་ཙམ་གྱིས་ནི་དངོས་པོའི་རྟོག་པ་གང་ཡང་སྤོང་བར་མི་བྱེད་ཀྱི། རྡོ་རྗེ་བཟླས་པ་ལ་སོགས་པས་ནི་དངོས་པོའི་རྟོགས་པ་སྤོང་བར་བྱེད་པའི་ཕྱིར་རོ། །ཀྱང་ཞེས་པ་ནི་མི་མཐུན་པའི་བརྒྱན་ནོ། །རྡོ་རྗེ་སློབ་དཔོན་མ་ནི་རྡོ་རྗེ་འཆང་གི་སློབ་མ ་དང་འདྲ་བའི་ཕྱིར་ཏེ། དེས་གསོལ་བ་བཏབ་པ། དེ་ཁོ་ན་ཉིད་མི་ཤེས་པར་འཚང་རྒྱ་བར་མི་འགྱུར་ཞེས་པ་ནི་གང་གིས་དེ་ཁོ་ན་ཉིད་མི་ཤེས་ན་བསྒོམ་པར་མི་འགྱུར་ལ། མ་བསྒོམས་ན་ཉོན་མོངས་པ་རྣམ་པར་རྟོག་པ་སྤོང་བར་མི་འགྱུར་རོ། ཞེས ་པའོ། །དེ་བས་ན་གསུང་རབ་ཀྱི་སྒོ་ནས་ཉན་པར་འཚལ་ལོ། ཞེས་པ་ནི་ལུང་གིས་སྒོ་ནས་ཐོས་པར་འདོད་པའོ། །གང་གི་ཕྱིར་ཞེས་པ་ནི་གོང་དང་འབྲེལ་པ་སྟེ། ཐེག་པ་ཆེན་པོ་པ་ནི་ཕྱི་པ་དང་ནང་པའོ། །རྟོག་གེ་པ་ནི་རིགས་པའི་སྒོར་ཞུགས་པའོ། ་གཞན་གོ་སླའོ། །ལན་དུ་ཡང་དག་པ་གང་ཡིན་པ་དེ་ནི་དེ་ཁོ་ན་ཉིད་དོ། ཞེས་པ་ནི་རྡོ་རྗེ་བཟླས་པ་ལ་སོགས་པ་འདི་ནི་ཡང་དག་པ་དང་འདྲ་བའི་ཕྱིར་དེ་སྐད་ཅེས་བྱའོ། །ཡང་ན་ཡང་དག་པའི་དོན་དམ་པའོ་ཞེའོ། །མི་བསླུ་བ་ཡང་དངོས་པོ་དང ་མཐུན་པ་སྟེ། དུང་ལ་སེར་པོར་ཤེས་པ་མ་ཡིན་གྱི་དུང་ལ་དཀར་པོར་ཤེས་པ་བཞིན་ནོ། །མི་བསླུ་བ་གང་ཡིན་ཞེ་ན། ཡང་དག་པའི་ཚུལ་ཅན་གྱི་བདག་ཉིད་ཅན་གྱི་ཏིང་ངེ་འཛིན་ཏེ། དོན་དམ་པ་ཐོབ་པའི་ཐབས་སུ་གྱུར་པའོ། །དེ་ཉིད་དྲིས་པ་དང། ལན ་དུ། གང་བདེན་པ་གཉིས་གཉིས་སུ་མེད་པའི་མཚན་ཉིད་ཅན་ཏེ། བསྐྱེད་པ་ནས་སྒྱུ་མ་ལྟ་བུའི་བར་ཏེ་ཀུན་རྫོབ་ཀྱི་བདེན་པའོ། །འོད་གསལ་བ་ནི་དོན་དམ་པའི་བདེན་པའོ། །གཉིས་སུ་མེད་པ་ནི་རྟོག་པ་དང་མི་རྟོག་པ་དབྱེར་མེད་པའི་རང་བཞིན་ཟུང ་དུ་འཇུག་པའོ། །དེ་ལ་སློབ་པ་ཐམས་ཅད་ནི་ཏིང་ངེ་འཛིན་དང་འབྲེལ་ཏོ། །མི་སློབ་པ་ནི་འབྲས་བུའོ། །འབྲས་བུ་ཞེས་པ་ཡང་གཉིས་ཏེ། རྡོ་རྗེ་བཟླས་པ་ལ་བརྟེན་པ་དང། དེ་དང་འབྲེལ་བའི་དངོས་གྲུབ་ནི་འབྲས་བུ་གནས་སྐབས་པའོ། །ཆོས་ཀྱི་སྐུ ་ནི་མཐར་ཐུག་པའོ། ཞེས་བྱ་བར་དགོངས་སོ། །བདེན་པ་གཉིས་ནི་དྲིས་པའི་ལན་དུ་དང་པོ་ཀུན་རྫོབ་དང་གཉིས་པ་དོན་དམ་ནི་གོང་དུ་བཤད་དོ། །བདེན་པ་གཉིས་ཀྱི་མཚན་ཉིད་ཇི་ལྟ་བུ་ལགས་ཤེས་པ་ནི་བདེན་པ་གཉིས་ཀྱི་རང་བཞིན་གང་ཞེས་པ་དང། ་ལན་དུ་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ལས་གསུངས་ཏེ། ཞེས་པ་ལ་རྡོ་རྗེ་གཙུག་ཏོར་ཁོ་ན་ཞེས་པ་མཛེས་པ་མ་ཡིན་ནོ་ཞེ་ན། འདི་ནི་རྡོ་རྗེ་གཙུག་ཏོར་ཁོ་ནའི་རྗེས་སུ་ཞུགས་པའི་གང་ཟག་གི་དབང་དུ་བྱས་པའོ། །དེ་ལས་དྲིས་པའི ་ལན་དུ་གསང་བའི་བདག་པོ་ཞེས་པ་ནི་བོས་པ་སྟེ། ཆོས་ཐམས་ཅད་ནི་ཆོས་ཐམས་ཅད་དོ། །གང་ཡང་ཞེ་ན་ཕུང་པོ་དང་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །ཡང་དྲིས་པ་བདག་ཅག་ལྟ་བུ་ཞེས་པ་ལ་སོགས་པ་སྨོས་ཏེ། བདག་ཅག་ལྟ་བུ་ནི ་བདག་དང་འདྲ་བ་ཞེས་བྱ་བའི་ཐ་ཚིག་གོ་།ཐོག་མ་མེད་པ་ནས་ཕྱི་རོལ་གྱི་དངོས་པོ་རྣམ་པ་སྣ་ཚོགས་སུ་མངོན་པར་ཞེན་པས་ཤེས་པ་ནི་ཚེ་རབས་ཐོག་མ་མེད་པ་ནས་མ་རིག་པའི་སྟོབས་ཀྱིས་ཡུལ་ལ་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་བསྐྱེད ་ནས་དེའི་བག་ཆགས་ཀུན་གཞི་ལ་ཞེན་པར་ཆགས་པའོ། །དེས་ཅིས་འགྱུར་ཞེ་ན། ཡོད་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་སྟེ། ཕྱི་དང་ནང་གི་གཟུགས་ལ་སོགས་པ་ཡོད་པ་དང། རྟག་པ་དང་ཐེར་ཟུག་པར་གྱུར་ཏེ། དེ་སྤངས་པའི་ཕྱིར ་རོ། །མེད་པ་ནི་ཆད་པར་ལྟའོ། །གཅིག་ནི་གཅིག་སྟེ་མུ་སྟེགས་ཀྱིས་བརྟགས་པའི་བདག་ལྟ་བུའོ། །དུ་མ་ནི་རྡུལ་ཕྲ་རབ་སིལ་བུའོ། །དེ་དག་ཏུ་གྱུར་པ་སྤང་བའི་ཕྱིར། རྫོགས་པའི་རིམ་པའི་གོ་རིམ་གྱི་ཏིང་ངེ་འཛིན་ལ་སློབ་ཅེས་པ་ནི་ཐ་མལ་པའི་རྟོགས ་པ་སྤངས་པའི་ཕྱིར་བསྐྱེད་པའི་རིམ་ལ་སློབ་པར་བྱེད་དོ། །རིམ་པ་གཞན་ལ་ཡང་དེ་བཞིན་ཏེ། གོ་རིམ་ཇི་ལྟ་བ་བཞིན་དུ་སློབ་ཅེས་པ་ནི་རིམ་གྱིས་སླབ་པ་འམ། ཅིག་ཅར་གྱིས་བསླབ་པ་འམ། འོན་ཏེ་རིམ་པ་ཅི་རིགས་སམ་གོ་རིམས་གང་ཞེའོ། །ལན་དུ ་རིམ་གྱིས་འཇུག་པར་བྱའི། ཅིག་ཅར་ནི་མ་ཡིན་ནོ་ཞེས་པ་ནི་རིམ་པ་ལྔ་དང་གཅིག་གི་དབང་གི་དེ་ནི་གཉིས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འཇིག་རྟེན་ན་གང་ཟག་རིགས་ནི་གཉིས་ཏེ། དེ་གཉིས་ཀྱི་རྣམ་པ་ཅན་དང། གཞན་ལ་རག་ལས་པའོ། །དང་པོའི་དབང ་དུ་ལམ་ལྔའོ། །ཕྱི་མ་ལྟར་ན་ནི་ལམ་གཅིག་སྟེ། རིམ་པ་ལྔས་འཇུག་པར་བྱེད་པའི་ཕྱིར་རོ། །འོ་ན་རྡོ་རྗེ་བཟླས་པ་ཁོ་ན་རིམ་གྱིས་འཇུག་པར་ཇི་ལྟར་བྱ་ཞེ་ན། འདི་ལྟར་དང་པོ་ནི་ཐོས་པའི་ཤེས་རབ་ཀྱིས་འཇུག་གོ་།དེ་ནས་བསམ་པ་དང་བསྒོམ་པ་རིམ་པ ་བཞིན་ནོ། །འོ་ན་བསྒོམ་པའི་རིམ་པ་ཡིས་ཇི་ལྟར་འཇུག་ཅེ་ན། འཇུག་པ་རྡོ་རྗེའི་བཟླས་པ་ནི་ཅིག་ཅར་འཇུག་པ་འབྲས་བུ་མེད་པའི་དོན་ནི་དང་པོ་རྗེས་སུ་དྲན་པའི་རྣལ་འབྱོར་ལ་འཇུག་གོ་།དེ་ནས་སྐད་ཅིག་མའི་རྣལ་འབྱོར་ལ་འཇུག་གོ་།དེ་ནས་ཁ་དོག ་ལ་དམིགས་སོ། །དེ་ནས་ཁ་དོག་དང་དབྱིབས་གཉིས་ཀ་ལ་དམིགས་སོ། །དེ་ནས་སྡུད་པ་དང་གནས་པར་བྱེད་དོ། །དེ་ནས་རྡོ་རྗེ་བཟླས་པ་བྱེད་དོ། །དེ་བས་ན་རྡོ་རྗེ་བཟླས་པ་བསྒོམ་པ་ཡང་རིམ་པ་བཞིན་ནོ། །གཞན་ལ་ཡང་དེ་དག་ཤེས་པར་བྱའོ། །དེ་ཡང་གང ་ལས་ཤེས་ཤེ་ན། དེའི་ལུང་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ཁོ་ནས་ལང་ཀར་གཤེགས་པ་ལས་གསུངས་ཀྱི། གཞན་གྱིས་གསུངས་པ་ནི་མ་ཡིན་ནོ། །གང་ལ་གང་གིས་ཞུས་ཏེ་གསུངས་ཤེ ་ན། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐུབ་པ་ཆེན་པོ་བཅོམ་ལྡན་འདས་ཉིད་ལ་བློ་གྲོས་ཆེན་པོས་ཞུས་ཏེ་གསུངས་སོ། །སྡུད་པ་པོ་ཡང་ཡོན་ཏན་ཇི་ལྟ་བུ་དང་ལྡན་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟེ། རང ་བྱང་ཆུབ་པར་བྱ་བ་དང། གཞན་བྱང་ཆུབ་ལ་དགོད་པའི་བསམ་པ་དང་ལྡན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆེན་པོ་ནི་འདིར་ཆོས་དང་དུས་དང་བསམ་པ་ལ་སོགས་པ་རྒྱ་ཆེ་བའི་ཕྱིར་རོ། །ཅིའི་ཕྱིར་ཞུས་ཤེ་ན། རང་གི་སེམས་སྣང་བའི་རྒྱུད་རྣམ་པར་དག ་པར་བྱ་བའི་ཕྱིར་ཏེ། རང་གི་རྒྱུད་དང་གཞན་གྱི་རྒྱུད་ལ་འཁོར་བའི་ས་བོན་ཡོད་པ་དེ་སྦྱང་བའི་ཐབས་ཡོད་པར་བྱ་བའི་ཕྱིར་ཞུས་ཤེའོ། །དེ་ཉིད་ནི་གོ་སླའོ། །ལན་དུ་བློ་གྲོས་ཆེན་པོ་ཞེས་པ་ནི་བོས་པ་སྟེ། ཡང་དག་པའི་དོན་དང་ལྡན་ཞིང་སྤོབས་པ་ཁྱད ་པར་ཅན་དང་ལྡན་པའི་བློ་གྲོས་ཆེན་པོ་ཞུ་བ་ཞུས་པ་ལེགས་སོ། །སེམས་རྩེ་གཅིག་ཏུ་བསྡུས་ལ་གུས་པར་ཉོན་ལ་ཡིད་ལ་ཟུང་ཞིག་དང་ངས་བཤད་དོ་ཞེས་པ་ལྷག་མའོ། །གང་ཞེ་ན་རང་གི་སེམས་སྣང་བའི་རྒྱུད་ནི་སྣང་བས་འཇུག་པས་བདག་གི་ཅིག ་ཅར་ནི་མ་ཡིན་ནོ། ཞེས་པ་ནི་གོང་དུ་བཤད་ཟིན་ཏོ། །དང་པོའི་དཔེ་དགོད་པ་ཤིང་ཨ་མྲའི་འབྲས་བུ་ནི་རིམ་གྱིས་སྨིན་པར་འགྱུར་གྱི་ཅིག་ཅར་མ་ཡིན་ནོ། ཞེས་པ་ནི་ཡུལ་གང་ཞིག་ན་ཤིང་ཨ་མྲ་ཞེས་བྱ་བ་ཡོད་པ་དེ་ལ་དཔེ་དགོད་པ་སྟེ། ཤིང ་ཨ་མྲ་ཡང་དང་པོ་ས་བོན་འབྱུང་བར་བྱེད་དོ། །གང་གི་ཚེ་ས་བོན་རྐྱེན་གཞན་དང་ལྡན་པ་དེའི་ཚེ་མྱུ་གུ་འབྱུང་བར་འགྱུར་རོ། །གང་གི་ཚེ་མྱུ་གུ་རྐྱེན་གཞན་དང་ལྡན་པ་དེའི་ཚེ་སྡོང་པོ་འབྱུང་བར་འགྱུར་རོ། །གང་གི་ཚེ་སྡོང་བུ་རྐྱེན་གཞན་དང་ལྡན་པ ་དེའི་ཚེ། ཡལ་ག་དང་ལོ་མ་དང། མེ་ཏོག་དང། འབྲས་བུ་རིམ་གྱི་འབྱུང་བར་འགྱུར་རོ། །དོན་ནི་གོ་སླའོ། །དཔེ་གཉིས་པ་དགོད་པ། རྫ་མཁན་གྱི་སྣོད་རྣམས་ཀྱང་རིམ་གྱིས་བྱེད་ཀྱིས་ཤེས་པ་ནི་རྫ་མཁན་གྲགས་པའི་ཡུལ་པ་ལ ་དཔེ་དགོད་པ་སྟེ། དཔེར་ན་རྫ་མཁན་མཁས་པ་རྫ་མའི་ལས་དང་བྱ་བའི་གོམས་པ་ཁ་དོག་ནི་དང་པོར་འཇིམ་པ་བརྡུང་པ་དང། བསྲེ་བ་དང་གཡོག་པ་དང། སྲེག་པའི་བར་དུ་བྱད་ཀྱི་ཅིག་ཅར་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་པའི་རྫ་མ ་དེ་ནི་རིམ་གྱིས་འབྱུང་བའི་མཚན་ཉིད་ཡིན་པའི་ཕྱིར་རོ། །གཞན་གོ་སླའོ། །དམ་གྲགས་པའི་གང་ཟག་ཁ་ཅིག་ནི་ལུང་གི་རྗེས་སུ་མི་འཇུག་ལ། རྒྱས་པ་ལ་དགའ་བ་ཁ་ཅིག་ནི་ལུང་དེའི་རྗེས་སུ་ཡང་མི་འཇུག་པས་དེའི་ཕྱིར་དཔའ་བར་འགྲོ་བའི་ཏིང་ངེ ་འཛིན་ཞེས་པ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ཞེས་པ་ནི་བདུད་བཞི་བཅོམ་པ་དང་ཡོན་ཏན་ཐམས་ཅད་དང་ལྡན་པའི་སྟོན་པ་ལ་བས་པའོ། །བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་བ་སྟེ། དེས་བསླབ་ཐམས་ཅད ་ལ་རློམ་སེམས་མ་མཆིས་པ་སྟེ། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལ་སོགས་པ་ལ་ཐོད་རྒལ་མ་ཡིན་པར་འཇུག་པ་གང་ཡིན་པ་དེ་ཇི་ལྟར་བསླབ་ཅེས་པའི་ལན་དུ། བློ་གྲོས་བརྟན་པ་ཞེས་བྱ་བ་ནི་བོས་པའོ། །དཔེར་ན་ཞེས་པ་ནི་དཔེ་དགོད་པ་སྟེ། ་བསླབ་པ་ལ་རིམ་གྱིས་འཇུག་པ་ནི་འཕོང་སློབ་པ་དང་འདྲ་ཞེས་པའི་ཐ་ཚིག་གོ་།ཇི་ལྟར་འདྲ་ཞེས་ན། དེའི་ཕྱིར་འཕང་གི་སློབ་དཔོན་ནམ། འཕོང་གི་སློབ་མ་ཞེས་པ་ལ་སོགས་པ་སྨོས་ཏེ། ཐོག་མར་བ་ལང་གི་ཀོ་བ་ལ་ཕོག་པར་བྱེད་དོ། ཞེས་པ་ནི ་འཕོང་སློབ་པ་གང་ཞིག་གིས་ཤིང་རིང་པོ་ལ་བ་ལང་གི་ཀོ་བ་འཐེན་ཏེ། དེ་ལ་དང་པོར་ནི་འདོན་བདུན་ལ་སློབ་པོ། །དེ་ནས་འོད་མ་དགུ་དང་ཉི་ཤུ་དང། ལྔ་བཅུ་ལ་སོགས་པ་ལ་སློབ་པོ། །དེ་ལ་ཕོག་པར་མ་གྱུར་པ་དེ་སྲིད་དུ་སློབ་པར་བྱེད་དོ། །ཕྱིས ་མིག་བཙུམས་ལ་སོགས་པར་བྱས་པར་ཡང་འཕོག་པར་ནི་དེའི་མཐར་ཕྱིན་པའི་ཚད་དོ། །སྐྱེས་བུ་དེ་དང་པོར་བ་ལང་གི་ཀོ་བ་ལ་སློབ་པ་ཅིའི་ཕྱིར་ཞེ་ན། དེ་ནི་ནུས་པ་ཞེན་པའི་ཕྱིར་ཏེ། བ་ལང་གི་ཀོ་བ་དང་ཀོ་བ་ཙམ་ལས་ཆུད་པ་ནི་ཕོག་པར་མི་འགྱུར་རོ། །?? ་ན་དང་པོར་བ་ལང་གི་ཀོ་བ་ལ་ཕོག་པར་བྱེད་དོ། །གཞན་གོ་སླའོ། །དེའི་དོན་བསྟན་པའི་ཕྱིར། བློ་གྲོས་བརྟན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔའ་བར་འགྲོ་བ་ནི་ཐོགས་པ་མེད་པར་འགྲོ་བ་སྟེ། ཏིང་ངེ་འཛིན་གང་གིས་མི་མཐུན་པའི་ཚོགས་འཇོམས་པ་དེ ་ལ་དེ་སྐད་ཅེས་བྱའོ། །དེ་ལ་གནས་པ་ནི་དེ་མཐར་ཕྱིན་པའོ། །ཕྱིས་ཆོས་གང་ལ་ཡང་མི་སློབ་པ་སྟེ་འོག་མ་ལ་མི་སློབ་པ་སྟེ་གནས་སྐབས་པའོ། །གང་ན་བསླབ་བྱ་ཐམས་ཅད་བྲལ་བས་མི་སློབ་པ་སྟེ། མཐར་ཐུག་པར་བཤད་པའོ། །དེ་ཅིའི་ཕྱིར་ཞེ་ན། ཞེས ་པ་ནི་གོང་དང་འབྲེལ་པའོ། །ཏིང་ངེ་འཛིན་དེ་ལ་ལེགས་པར་བསླབས་པའི་ཕྱིར་ཞེས་པ་ནི་སྐྱོན་ཐམས་ཅད་དང་བྲལ་བས་བསླབས་པའོ། །སྐྱོན་མེད་དེ་ཡང་གང་ཞེ་ན་འདི་ལྟར་ལྟ་བ་དང་ལྡན་པ། སྤྱོད་པ་དང་ལྡན་པ། དབང་ཐོབ་པ། དམ་ཚིག་དང་ལྡན་པ ་གསང་ཐུབ་པ། ཚོད་རིག་པ་གཏོར་མ་དང། སྦྱིན་སྲེག་དང་ལྡན་པ། བདུད་ཀྱི་བསླུ་བ་དང་བྲལ་བ་ཁམས་དང། དུས་དང་ཟས་དང་སྐོམ་གྱི་ཚེད་ཤེས་པ་ཕྱིན་ཅི་ལོག་གི་ཆོས་སྤངས་པ། སའི་ཚད་ཤེས་པ་ལ་སོགས་པ་དང་ལྡན་པའོ། །དེས་ཅིར་འགྱུར་ཞེ་ན། ་བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་གྱི་ཆོས་ཐམས་ཅད་མངོན་གསུམ་དུ་འགྱུར་ཏེ། སྟོབས་དང་མི་འཇིགས་པ་དང་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་དམ་པ་རྣམས་ཀྱིས་དམ་པ་དང་ཁྱད་པར་དུ་བྱས་པ་ཐམས་ཅད་ཐོབ་པར་འགྱུར་ཏེ། གང་གིས་སྐྱོན་སྤངས་པ ་དེས་ཡོན་ཏན་གྱི་ཚོགས་ཐམས་ཅད་ཐོབ་སྟེ། དཔེར་ན་རྟ་རང་བ་བླང་ལྟ་བུའོ། །བཞན་གོ་སླའོ། །ཐོག་མ་ཉིད་དུ་ནི་སངས་རྒྱས་ཀྱི་ཐེག་པའི་བསམ་པ་ལ་སློབ་བོ་ཞེས་པ་ལ་སོགས་པས་ནི་དོན་གྱི་གོ་རིམ་ཇི་ལྟ་བ་བཞིན་དུ་སྟེ། འདི་ནི་རྣམ་པ་གཉིས་ཏེ། སྤྱིའི ་དབང་དུ་བྱས་ཏེ། བཤད་པ་ལ་སངས་རྒྱས་ཀྱི་ཐེག་པའི་བསམ་པ་ནི་རྗེས་སུ་དྲན་པའི་རྣལ་འབྱོར་རོ། །ཐེག་པས་ལ?་དྲན་པ་གཅིག་པ་ནི་སྐད་ཅིག་མའི་ཏིང་ངེ་འཛིན་ནོ། །རྟོག་པའི་རྣལ་འབྱོར་ནི་བསྐྱེད་པ་ལ་སྐད་ཅིག་མ་མང་པོ་བསྒོམ ་པའོ། །ལས་དང་པོ་པའི་ཏིང་ངེ་འཛིན་ལ་གནས་པ་ནི་བསྐྱེད་པ་ལ་བརྟན་པར་གྱུར་པའོ། །རིག་བརྒྱའི་དབྱེ་བ་ལ་སོགས་པ་ནི་བོགས་དབྱུང་བའོ། །སྐུ་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་པ་ནི་རྟེན་གྱི་སྐུ་གསལ་བའོ། །ཱ་ལི་ནི་ཨཱ་ལི་བཅུ་དྲུག་གོ་།ཀཱ་ལི་ནི་གསལ ་བྱེད་སུམ་ཅུ་རྩ་གཉིས་ཏེ། དེས་དག་རྣམ་པར་དབེན་པ་ནི་ཐ་མལ་པའི་བཟླས་པའོ། །རྡོ་རྗེ་བཟླས་པ་ནི་རྡོ་རྗེ་དང་འདྲ་བ་ལ་སོགས་པའི་བཟླས་པའོ། །དེས་ཅིར་འགྱུར་ཞེ་ན། གསུངས་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་པའོ། ཞེས་པ་ནི་གསུང་གང་གིས་ཉོན ་མོངས་པ་འཇོམ་པར་བྱེད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནས་ཅི་བྱེད་ཅེ་ན། རང་བཞིན་སྣང་བའི་རིམ་གྱིས་ཤེས་པ་ནི་ལམ་གྱི་དབང་དུ་བྱས་ཏེ་སྣང་བ་དང། སྣང་བ་མཆེད་པ་དང། སྣང་བ་ཐོབ་པ་ལ་འཇུག་པའོ། །དེས་ཅིར་འགྱུར་ཞེ་ན། སེམས ་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་གྱུར་ཏེ། སེམས་ལ་དམིགས་པ་མཐར་ཕྱིན་པར་འགྱུར་བའོ། །དེ་ནས་ཅི་བྱེད་ཅེ་ན། སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་འཇུག་སྟེ། ཐིག་ལེའི་དང་ལས་བྱུང་བའི་ལྷའི་སྐུ་མང་བ་འམ་ཉུང་བ་གང་རུང་ཞིག་ལ་དམིགས ་པའོ། །དེ་ནས་དེ་ཉིད་སྒྱུ་མ་དང། སྨིག་རྒྱུ་དང། སྤྲུལ་པ་དང། ཆུ་ཟླ་དང། བྲག་ཆ་དང། མིག་ཡོར་ལ་སོགས་པའི་སྐུར་བྱེད་པའོ། །དེས་ཅིར་འགྱུར་ཞེ་ན། སངས་རྒྱས་ཀྱི་དབང་བསྐུར་བ་ཐོབ་སྟེ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་བདག་ལ་ཆོས ་ཀྱི་རྒྱལ་པོ་ལྟ་བུའི་དབང་བསྐུར་བར་འགྱུར་རོ། །དེས་ཅིས་བྱ་ཞེ་ན། སྟོང་པ་ཆེན་པོ་བཅོ་བརྒྱད་རིམ་གྱིས་དོན་དམ་པའི་བདེན་པ་ལ་འཇུག་སྟེ། ཕྱི་སྟོང་པ་ཉིད་ནས་དངོས་པ་མེད་པའི་ངོ་བོ་ཉིད་ཀྱི་བར་གྱིས་ཆོས་ཐམས་ཅད་རྣམ་པར་དག་ཅིང ་རང་བཞིན་གྱིས་འོད་གསལ་བ་ཆོས་ཀྱི་དབྱིངས་རྟོགས་པར་བྱེད་དོ། །འོ་ན་ཡེ་ཤེས་འོད་གསལ་བ་དེ་གང་ལ་བརྟེན་ནས་སྐྱེ་ཞེ་ན། རིལ་པོར་འཛིན་པ་སྟེ། སྤྱི་བོ་ནས་རྐང་པའི་བར་དུ་བསྡུས་པ་ལས་སྐྱེ་ཞེའོ། །དེས་ཅིར་འགྱུར་ཞེ་ན། ཉོན་མོངས་པ་ཐམས་ཅད་རྣམ་པར་དག ་པར་འགྱུར་ཏེ། འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་ལ་སོགས་པ་དང་བྲལ་བར་འགྱུར་རོ། །དེ་དང་བྲལ་བས་སངས་རྒྱས་ཀྱི་དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་ལས་ཅི་འབྱུང་ཞེ་ན། འབྲས་བུའི་སྣང་བ་གསུམ་སྟེ་ཡེ་ཤེས་ཀྱིས་རིམ་གྱིས་དང་པོ་སྣང ་བའོ། །དེ་ནས་སྣང་བ་མཆེད་པ་དང་ཐོབ་པ་འབྱུང་ངོ། །དེ་ཉིད་རང་བཞིན་མེད་པ་འམ་གཉི་གའི་རྣམ་པ་ལ་དམིགས་པ་དེའི་ཚེ་ཟུང་འཇུག་གི་ཡེ་ཤེས་སྐྱེ་བར་འགྱུར་བ་ནི་གཉིས་སུ་མེད་པའི་སྣང་བའོ། །གཞན་གོ་སླའོ། །ཁྱད་པར་གྱིས་དབང་དུ་བྱས་པ་ནི་རྡོ་རྗེ ་བཟླས་པ་ཉིད་ལ་ཡང་དེ་དག་ཡོངས་སུ་ཚད་བར་བྱེད་དོ། །འོ་ན་དང་པོའི་དུས་སུ་སེམས་ལ་དམིགས་པའི་ཅིའི་ཕྱིར་ཞེ་ན། རྡོ་རྗེ་བཟླས་པ་ལ་ཡང་དེ་དག་རིམ་གྱིས་ཚད་སྟེ། རྡོ་རྗེ་བཟླས་པ་ལ་སོགས་རེ་རེ་ལ་ཡང་ལྔ་ལྔ་སྟེ། ཉི་ཤུ་རྩ་ལྔའི་བདག་ཉིད་ཅན་གང ་ཟག་ལྔ་ཡིས་འགྲུབ་པ་ཡིན་ཞེའོ། །དེ་བཤད་པ་གང་ཞིག་ཡི་གེ་གསུམ་ལ་དམིགས། །དང་པོ་ཡིས་ནི་དུས་ཡིན་ཏེ། །དེ་ཉིད་སེམས་ཀྱི་སྣང་བ་དང། །རྒྱུ་འང་སྟོང་ཞིང་གཉིས་སུ་མེད། །གཉིས་པའི་དབང་དུ་བཤད་བྱ་བ། །ཐིག་ལེ་འགྲོ་ལྡོག་རྒྱུ་འདྲ་དང། །རང་བཞིན ་མེད་ཅིང་གཉིས་སུ་མེད། །སེམས་ལ་དམིགས་པ་རྣམ་པ་ལྔའོ། །གསུམ་པའི་དབང་དུ་བཤད་བྱ་བ། །སྒྱུ་འདྲའི་སྐུ་ཉིད་སེམས་སྣང་སྟེ། །སྤྲོ་དང་བསྡུ་དང་རང་བཞིན་མེད། །གཉིས་མེད་གཉིས་ཀྱི་ཚུལ་ཡང་མེད། །བཞི་པ་རི་འཛིན་མན་ངག་ནི། །ཞུ་བ་འགྲོ་འོང ་སེམས་སྣང་ཞིང། །སྒྱུ་མའི་ལུས་ཉིད་རྣམ་པར་དག་།དེ་ཉིད་གཉིས་སུ་མེད་པའོ། །ལྔ་པ་ཡི་ནི་སྦྱོར་བ་ཡང། །སྤྲོ་སྡུ་འབྱུང་འཇུག་དང་པོ་སྟེ། །ཡེ་ཤེས་སྣང་བ་སྒྱུ་འདྲ་ཞིང། །རང་བཞིན་ཀུན་བྲལ་གཉིས་སུ་མེད་ཅེས་འབྱུང་བས་ཁྱད་པར་གྱི་རེ་རེ་ལ་ཡང་གོ་རིམ་རྒྱས ་པ་སྟེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཀྱང། །གང་ཚེ་འབེན་ལ་སློབ་པ་བཞིན། །བསྐྱེད་པ་ལྔ་དག་རིམ་བཞིན་ཏེ། གང་ཟག་རྣམ་པ་ཁ་ཅིག་ལ་།རེ་རེ་ཡང་ནི་འབེན་སློབ་ཞིང་ཞེས་གསུངས་པའི་ཕྱིར་དེ་ལ་དང་པོའི ་དབང་དུ་བྱས་ཏེ་བསླབ་པ། སངས་རྒྱས་ཀྱི་ཐེག་པའི་བསམ་པ་ནི་རྡོ་རྗེ་བཟླས་པ་དང། དེའི་དགེ་བའི་ཆོས་དྲན་པའོ། །དེ་ལས་ཐེག་པ་སར་ལ་དྲན་པ་གཅིག་པ་ནི་རྡོ་རྗེ་བཟླས་པ་རྗེས་སུ་བསྒྲུབ་པ་སྐད་ཅིག་མའོ། །རྟོག་པའི་རྣལ་འབྱོར་ནི་རླུང་དང ་སྔགས་ལ་སེམས་ཡང་དང་ཡང་དུ་གཏོང་པའོ། །ལས་དང་པོ་པའི་ཏིང་ངེ་འཛིན་ལ་གནས་པ་ནི་རྡོ་རྗེ་བཟླས་པའི་གསལ་བའོ། །རིགས་བརྒྱའི་དབྱེ་བ་ནི་རླུང་ཐམས་ཅད་ཀྱི་གནས་དང་ཁ་དོག་དང་དུས་ཀྱི་བྱེ་བྲག་གོ་།སྐུ་རྡོ་རྗེའི་ཏིང་ངེ་འཛིན་ཐོབ ་པས་དེ་ལ་གནས་ཏེ་རྡོ་རྗེ་བཟླས་པའི་རྟེན་ན། །དག་རྣམ་པར་དབེན་པ་ནི་ངག་གིས་དབེན་པ་འམ་ངག་ཁོ་ན་དབེན་པའོ། །གསུང་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་པ་ནི་རྡོ་རྗེའི་གསུང་དང་འདྲ་བའོ། །སེམས་ས་རྣམ་པར་དབེན་པ་ལ་འཇུག་བ་ནི་རླུང་ཉིད ་སེམས་ཀྱི་སྣང་བར་འདོད་པའོ། །སྒྱུ་མའི་ངོ་བོ་ནི་རླུང་དེ་ཉིད་སྒྱུ་མ་ལ་སོགས་པ་དང་འདྲ་བར་གྱུར་བའོ། །དེའི་དུས་སུ་སངས་རྒྱས་ཀྱི་དབང་བསྐུར་བ་ཐོབ་སྟེ། སངས་རྒྱས་ཐམས་ཅད་ཀྱི་ལུང་སྟོན་པར་གྱུར་ཏོ། །སྟོང་པ་བཅོ་བརྒྱད་ལ་སོགས་པ་ནི ་བཤད་ཟིན་ཏེ། དེ་ཉིད་རང་བཞིན་ཡོད་པར་འདོད་པའོ། །དེ་ལས་གཉིས་སུ་མེད་པ་ནི་དང་པོའི་དབང་དུ་བྱས་པའི་ཟུང་འཇུག་གོ། རྡོ་རྗེ་བཟླས་པ་ལ་ཇི་ལྟ་བ་དེ་ལྟར་དམིགས་པ་ལ་ཡང་ཤེས་པར་བྱ་སྟེ། སྒྱུ་མ་ལྟ་བུ་དང་འོད་གསལ་བ་དང། ཟུང་དུ ་འཇུག་པ་ཡང་ངོ། །སློབ་དཔོན་གྱི་གསུངས་པ། སངས་རྒྱས་ཀྱི་ཐེག་པ་ལ་སོགས་པ། རིམ་པ་དུ་མ་བཀོད་པོ་ཡང། །དངོས་སུ་ལྔ་པོ་སྟོན་པ་སྟེ། །རེ་རེ་རིམ་འཇུག་སྦྱོར་བ་ལའང། །ངས་ནི་བསམས་ཏེ་སྨྲས་པ་ཡིན། །འདི་ལ་ཐེ་ཚོམ་བྱ་བ་མེད་ཅེས ་བ་དང། །ཏོག་དཀར་པོ་བརྩེགས་པ་ལས་ཀྱང། རིགས་ཀྱི་བུ་རིམ་གྱིས་འཇུག་པའི་གོ་རིམ་ནི་ཅིག་ཅར་འཇུག་པར་ཤེས་པར་བྱ་སྟེ། ཅིག་ཅར་འཇུག་པས་ནི་རིམ་གྱིས་འཇུག་པ་ལ་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རིམ་གྱི་འཇུག་པའི་གོ་རིམ་ནི་གང་ཟག ་གཉིས་ལ་བསམས་པའི་ཕྱིར་རོ། ཞེས་ལྟ་བུའོ། །སྔོན་གྱི་འཕེན་ཤུགས་ཀྱི་སྟོབས་ཀྱིས་སྔོན་དུ་གྱུར་ཞེས་པ་ནི་ཟུང་དུ་འཇུག་པ་གཉིས་སུ་མེད་པ། བསླབ་པ་ཐམས་ཅད་དང་བྲལ་བ། གཟུང་བ་མི་དམིགས། །འཛིན་པ་མི་དམིགས། རྒྱུ་དང་རྐྱེན་མི་དམིགས། ་རྒྱུ་དང་རྐྱེན་གྱིས་འབྲས་བུ་མི་དམིགས། བདག་དང་སེམས་ཅན་དན་སྲོག་ལ་སོགས་པ་མི་དམིགས་པའོ། །འོན་སྤྲུལ་པའི་སྐུ་ལ་སོགས་པ་ཇི་ལྟར་འགྱུར་ཞེ་ན། སྔོན་གྱི་སྨོན་ལམ་ལ་སོགས་པ་དང་ལས་ཀྱིས་ཇི་ལྟར་ཡང་སྣང་སྟེ། ཟླ་བ་དང་ཆུ་ཟླ ་བཞིན་ནོ། །འོ་ན་དངོས་སུ་འམ། དངོས་སུ་མ་ཡིན་ཡང་སྣང་ཞེ་ན། དང་པོ་ལྟར་ན་ནི་ལོངས་སྤྱོད་རྫོགས་པ་ལ་སོགས་པ་ཐ་དད་པ་དང་དམིགས་པ་མེད་པ་ལ་སོགས་པ་ཉམས་པར་འགྱུར་རོ། །ཕྱི་མ་ལྟར་ན་ནི་རི་བོར་ལ་སོགས་པའི་རྭ་ཡང་ངོ་ཞེ་ན་མ ་ཡིན་ཏེ། ཐུགས་རྗེའི་སྟོབས་ཀྱིས་ཇི་ལྟར་ཡང་སྣང་སྟེ། སྒྱུ་མ་བཞིན་ནོ་ཞེས་བྱ་བར་དགོངས་སོ། །གཞན་གོ་སླའོ། །ལས་དང་པོ་བ་ལ་སོགས་པ་སྔོན་དུ་མ་སོང་ན་ཅིར་འགྱུར་ཞེན་ལུས་རྣམ་པར་དབེན་པ་མེད་པར་དག་རྣམ་པར་དབེན་པ་ལ་འཇུག་མི ་ནུས་ཏེ། ཅིའི་ཕྱིར་ཞེ་ན། ཐ་མལ་པའི་ལུས་ལ་སྤངས་པའི་ཕྱིར་རོ། གང་གི་ཕྱིར་དང་པོ་ཤ་མལ་པའི་ལུས་མ་སྤངས་པར་བྱ་བ་གཞན་ལ་འཇུག་པར་མི་ནུས་པ་དེའི་ཕྱིར་དང་པོ་ལུས་རྣམ་པར་དབེན་པ་ལ་འཇུག་སྟེ། བ་ལང་གི་ཀོ་བ་བཞིན ་ནོ། །གཞན་ལས་ནད་ཀྱིས་ཟིན་པའི་ལུས་ལ་ནི། །ལས་རྣམས་ཀུན་ལ་མཐུ་མེད་པ། །དེ་བཞིན་ཉོན་མོངས་པས་ཟིན་པའོ། །ལས་རྣམས་ཀུན་ལ་མཐུ་མེད་དོ། ཞེས་པ་དང། གཞན་ཡང་བསྐྱེད་པ་ཡི་ནི་སྦྱོང་མེད་པར། །རྫོགས་པ་པ་ལ་དངོས ་གྲུབ་མེད་ཅེས་འབྱུང་བའི་ཕྱིར་རོ། །རིམ་པ་གཞན་ལ་ཡང་དེ་ལྟར་ཤེས་པར་བྱའོ། །བཅོམ་ལྡན་འདས་ཀྱིས་གོ་རིམ་དེས་པ་འདི་ཅིའི་ཕྱིར་མཛད་ཅེ་ན་ལན་དུ་བཅོམ་ལྡན་འདས་ཀྱི་དོན་གྱི་དབང་འདི་གཟིགས་ནས་ཤེས ་པ་ནི། མེད་ན་མི་འབྱུང་བ་འདི་ལ་གཅིག་ནས་ཤེའོ། །གང་མེད་ན་གང་མི་འབྱུང་ཞེ་ན། རྡོ་རྗེ་བཟླས་པ་མེད་ན་སེམས་ལ་དམིགས་པ་མི་འབྱུང་སྟེ། ས་བོན་དང་མྱུ་གུ་ལ་སོགས་པ་ལྟ་བུའོ། །གང་ཡོད་ན་དེ་འབྱུང་སྟེ། དེ་ལ་དག་ལས་པའི་ཕྱིར ་རོ། །དེའི་ཕྱིར་གོ་རིམ་གསུངས་ཤེའོ། །འོ་ན་དོན་གྱི་འབྲས་བུ་ཡང་རིམ་པ་ཞིག་གི། དེ་ལས་གཞན་པ་ཞིག་ཅན། དེའི་ཕྱིར་རིམ་གྱིས་འཇུག་པས་རྫོགས་པའི་རིམ་པ་ལ་བསླབས་པས་ཤེས་པ་གོང་བཞིན་དུ་བསླབ་པའོ། །དེས་ཅིར་འགྱུར ་ཞེ་ན། འབྲས་བུ་ཅིག་ཅར་པ་ཐོབ་སྟེ། དོན་དམ་པའི་བདེན་པ་ཐོབ་པའི་ཕྱིར་རོ། །འོ་ན་གསལ་བ་དང་ཐོབ་པ་ཡང་གང་ཞེ་ན། རྣམ་པར་རྟོགས་པ་ནི་གསལ་བར་བྱ་བ་སྟེ། སྒྲིབ་པར་བྱེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །གང་འོད་གསལ་བ ་ནི་ཐོབ་པར་བྱ་བ་སྟེ། འབྲས་བུ་བདེ་བ་ཆེན་པོ་དང། སྐྱོབ་པ་དང་ཕན་འདོགས་པའི་ཕྱིར་རོ། །དེའི་ཕྱིར་བསལ་བྱ་ནི་རིམ་གིས་སེལ་ཏེ་སྐད་ལྟ་བུའོ། །ཐོབ་བྱ་ནི་གཉིས་ཏེ་གོང་མ་དང་གོང་མ་ཐོབ་པ་དང། དེ་དང་བྲལ་བ་ཐོབ་པ་ནི་འབྲས་བུ་གནས ་སྐབས་པ་སྟེ། སྐས་ལྟ་བུའོ། །འོད་གསལ་བ་ཐོབ་པ་མཐར་ཐུག་པ་སྟེ། ཕ་རོལ་གྱི་འགྲམ་བཞིན་ནོ། ཞེས་བྱ་བར་དགོངས་སོ། །གང་ལས་ཤེས་ཤེ་ན་ལུང་ལས་ཤེས་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཤེས་བྱ་བ་ལ་སོགས་པ་གསུངས་ཏེ། ་བློ་གྲོས་ཆེན་པོ་ཞེས་པ་ནི་བོས་པའོ། །མེ་ལོང་གིས་ཞེས་པའི་དཔེ་དགོད་པའོ། །དཔེར་ན་མེ་ལོང་གི་གཡའ་སེལ་བའི་དུས་སུ་ནི་རིམ་གྱིས་སེལ་ཏེ། བཞིན་མཐོང་བ་ནི་ཅིག་ཅར་རོ། །དེའི་གསལ་བ་དེ་ཡང་གསལ་བ་ཕྱུང་བ་ནི་མ་ཡིན་ཏེ། གཡའ ་བསལ་བ་རིམ་བཞིན་པས་གསལ་བ་ཐོབ་པར་བྱད་དོ། །དེ་བཞིན་དུ་ཞེས་པ་ནི་དཔེ་དང་འབྲེལ་པ་སྟེ། མེ་ལོང་གི་གཟུགས་དང་འདྲ་བར་ཞེའོ། །དོན་བཤད་པ་སེམས་ཅན་ཐམས་ཅད་ཀྱི་རང་བཞིན་གྱིས་སེམས་སྣང་བའི་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །གཞན ་གོ་སླའོ། །འདིར་བཤད་པ་ཞེས་པ་ནི་གནས་སྐབས་འདིར་ལུང་གཞན་གྱིས་བཤད་པའོ། །སེམས་ཅན་དང་པོའི་ལས་ཅན་ནི་ལས་དང་པོ་པའི་རྣལ་འབྱོར་རོ། །དམ་པའི་དོན་ལ་འཇུག་པ་ནི་ཆོས་ཀྱི་སྐུ་ཐོབ་པར་བྱ་བའི་ཕྱིར་ཞེའོ། །ཐབས་འདི་ཞེས་པ་ནི་རིམ་པ ་དྲུག་པའོ། །རྫོགས་པའི་སངས་རྒྱས་ཀྱིས་ཤེས་པ་ནི་རྡོ་རྗེ་འཆང་ལ་སོགས་པས་སོ། །སྐས་ཀྱི་རིམ་པ་ལྟ་བུར་ཞེས་པ་ནི་སྐས་ཀྱི་རིམ་པ་དང་འདྲ་བར་ཏེ། འདིས་ནི་འཇིག་རྟེན་གྱི་གང་ཟག་དང། དེའི་ཁྱད་པར་དང་དགོས་པ་དང། ཐབས་དང། གསུང་བ་པོ་དང། ་དཔེས་ཉན་པ་པོ་རྟོག་པ་སྦྱོན་དུ་གཏོང་བ་ཚིམ་པར་འགྱུར་རོ། །གཞན་གོ་སླའོ། །སྤྱོད་པ་བསྡུས་པ་ནི་སྦྱོད་པ་ཉུང་དུ་བྱས་པ་སྟེ། གཞུང་རྒྱས་པས་འཇིགས་པའོ། །ཐེ་ཚོམ་ཡོངས་སུ་གཅོད་པ་ནི་ངོ་བོ་ལ་ཐེ་ཚོམ་ཟ་བ་དང། ཐམས་ཅད་ཀྱི་གོ་རིམ་དང། ་གཅིག་གི་གོ་རིམ་དང། དགོས་པ་དང་སྐྱོན་དང། ལུང་དང་མི་འགལ་བ་དང། མེད་དང་རིགས་པ་དང་དཔེ་དང་དུས་དང་གྲངས་ལ་སོགས་པ་ལ་ཐེ་ཚོམ་ཟ་བ་ཐམས་ཅད་གསལ་བ་སྟེ། ལེའུ་གང་ལ་ཐེ་ཚོམ་ཡོངས་སུ་གཅོད་པ་ཡོད་པའི་ལེའུ་དེ་ལ་དེ་སྐད ་ཉེས?་བྱའོ། །གླུ་སྒྲུབ་ཀྱིས་གསུངས་པ། གང་ཟག་བློ་ལ་ངོ་བོ་དང། མཛའ་དག་ཕྱོགས་གཅིག་གོ་རིམ་དང། དགོས་པ་དང་ནི་སྐྱོན་དག་དང། རྒྱུད་མདོ་དོགས་པ་དཔེ་དང་དུས། གྲངས་ལ་སོགས་པའི་རང་བཞིན་ལ། །མ་གྲུབ་མ་ངེས་འགལ་བར་འཛིན། ། ་དེ་ཡིས་སོམ་ཉི་བཟློག་པའི་ཕྱིར། །ངོ་བོ་ལ་སོགས་རྣམ་པར་བཤད་ཅེས་པ་དང། སློབ་དཔོན་གྱི་ཞལ་ནས། །གང་ཞིག་ཀླུ་ཡི་དགོངས་མེད་པར། །འདོད་རྒྱལ་འབའ་ཞིག་བཤད་པ་ལ། །སྡུག་བསྔལ་འབའ་ཞིག་དགེ་རྩ་མེད། ཅེས་འབྱུང་བས་བླ ་མའི་དགོངས་པ་བཅལ་བར་བྱའོ། །སྤྱོད་པ་བསྡུས་པའི་སྒྲོལ་མའི་འགྲེལ་པ་ལས་ལེའུ་དང་པོའི་བཤད་པའོ།། །།དེ་ནས་ལེའུ་གཉིས་པ་བཤད་པར་བྱ་སྟེ། དང་པོ་རང་གི་ལུས་རྣམ་པར་དབེན་པ་ལ་ཇི་ལྟར ་བསླབ་པར་བགྱི་ཞེས་པ་ནི་ཐབས་གང་གི་སྒྲོ་ནས་ཞེས་དྲིས་པ་དང། ལན་དུ་ཁམས་བཞི་པོས་ལུས་མངོན་པར་བསྐྱེད་པ་ལས་ཤེས་པ་འདིས་ནི་ལུས་ཀྱི་རྒྱུ་སྟོན་ཏེ། ཚེའི་ཁམས་དང། ཆུ་དང་མེ་དང་རླུང་སྟེ། གྱེན་དུ་རྒྱུ་བ་ལ་སོགས་པས་བསྐྱེད ་པའོ། །སྤུངས་པ་བཞིན་དུ་གནས་ཞེས་པ་ནི་དཔེ་དགོད་པ་སྟེ། འབྲས་ཀྱི་ཕུང་པོ་བཞིན་ནོ། །གང་སྤུངས་ཤེ་ན་ཤའི་ཁམ་ཚང་ཅེས་པ་ལ་སོགས་པ་སྨོས་ཏེ། ཤའི་ཁམ་ཚང་མང་པོ་སྤུངས་པས་ལུས་འདི་ཤེས་ཕུང་པོའོ། །ལུང་བསྟན་པ་ལས་གཅིག ་ཏུ་འཛིན་པའི་ཕུང་པོ་འདི་ཕྱོགས་ལ་སོགས་པའི་ཆས་ཕྱེ་ན་ཤའི་ཁམ་ཚང་འདུས་པ་སྟེ། དཔེར་ན་གཡག་ལྔ་དང་ནེའུ་སིང་གི་ཚུལ་ཞེའོ། །གཞན་གོ་སླའོ། །ཡང་ན་ཕུང་པོ་སྔ་ནི་གཟུགས་ལ་སོགས་པའོ། །དེ་བས་ན་ལུས་འདི་ནི་ཕུང་པོ་ལྔ ་ལ་སོགས་པ་བསྡུས་པའི་ཕྱིར་ཕུང་པོ་སྟེ་འབྲུའི་ཕུང་པོ་བཞིན་ནོ། །དཔེར་ན་ཞེས་བྱ་བ་ནི་དཔེ་དགོད་པའོ། །གཞན་གོ་སླའོ། །དེ་ཉིད་གང་ལས་ཤེས་ཤེ་ན་བཟང་སྐྱོང་གིས་ཞུས་པ་ལས་ཤེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུས་འདི་ལ་རྣམ་པར ་ཤེས་པ་གང་ན་ཡང་མི་གནས་ཤེས་པ་ནི་མི་གནས་ཡིད་ལ་ཐུག་པ་ལ་ལུས་འདི་མ་གྲུབ་བོ། །འོན་ཏེ་གྲུབ་ན་ནི་སེམས་གཟུགས་ཅན་དུ་འགྱུར་རོ། །མ་གྲུབ་ན་ནི་རྣམ་པར་ཤེས་པ་མེད་ན་ལུས་སྐྱེ་བར་མི་འགྱུར་ཏེ། ནམ་མཁའ་བཞིན་ནོ། ཞེས ་བྱ་བར་དགོངས་སོ། །དེའི་ཕྱིར་ཉོན་ཅིག་ཅེས་བྱ་བ་ནི་གོང་དང་འབྲེལ་བའོ། །བདེན་པ་མ་མཐོང་བས་ནི་རྣམ་པར་ཤེས་པ་མི་ཤེས་མི་མཐོང་སྟེ། ཞེས་པ་ནི་སེམས་མཐོང་བའི་དུས་བསྟན་ཏེ། གང་གི་ཚེ་དོན་དམ་པའི་བདེན་པ་མཐོང་བ་དེའི་ཚེ། ་རྣམ་པར་ཤེས་པ་མཐོང་ཞེའོ། །ཇི་ལྟར་མཐོང་ཞེ་ན། ལག་མཐིལ་ཞེས་པའི་དཔེས་བསྟན་ཏེ། བདེན་པ་མཐོང་བའི་དུས་སུ་དངོས་པོ་ཐམས་ཅད་སེམས་ཀྱི་སྣང་བ་ལ་སེམས་ཉིད་གང་དུ་ཡང་མི་སྣང་ངོ། ཞེས་པ་དང། སེམས་ཉིད་གང་དུ་ཡང་མི་མཐོང་བའོ། ། ་ཞེའི་དོན་དམ་པར་གང་དུ་ཡང་མ་གྲུབ་ན་ཀུན་རྫོབ་དུ་ཇི་ལྟར་གྲུབ་ཅན། དེའི་ཕྱིར་ཕུང་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ནི་ཕུང་པོ་དང། ཁམས་དང་སྐྱེ་མཆེད་དེ། ཐོག་མ་མེད་པ་ན་ཐ་མལ?་པའི་རང་བཞིན་དུ་གནས་པ ་ནི་ཉོན་མོངས་པའི་ངོ་བོར་གནས་པའོ། །དེ་ལྟར་ཞེས་པ་ནི་ཉོན་མོངས་པའི་ཕུང་པོ་སྤངས་ནས་ཤེས་པའོ། །ཅིར་འགྱུར་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་རྡུལ་ཕྲ་རབ་ལས་བསྒྲུབ་པའི་ངོ་བོ་ཉིད་དོ། །སྣང་སྟེ་ཞེས་པ་ཕུང་པོ་ལ་སོགས་བའི ་ཞེན་པ་བཟློག་ནས་ཕྱག་རྒྱ་ཆེན་པོའི་སྐུའི་ཚོགས་སུ་བྱེད་དོ། །དེ་ཉིད་གང་ལས་ཤེས་ཤེ་ན། གསང་བ་འདུས་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཤེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཉིད་འོག་ནས་རྒྱས་པར་འཆད་དོ། །དེ་ཡང་དང་པོ ་ཉིད་དུ་རིགས་བརྒྱའི་བར་དབྱེ་བ་བསྟན་པ་ནི་ཐོག་མ་ཉིད་དུ་ཕུང་པོ་གཅིག་ཏུ་འཛིན་པ་དང། རིགས་གཅིག་པ་ལྡར་འཛིན་པ་ལ་སོགས་པའི་གཉེན་པོར་རིགས་བརྒྱའི་དབྱེ་བ་བསྟན་པར་བྱའོ་ཞེའོ། །དེ་ལ་གཟུགས་ཀྱི་ཕུང་པོའི་ཚོགས་ནི་རྣམ་པར་སྣང ་མཛད་ཅེས་པ་ལ་སོགས་པ་ལ། གཟུགས་དང་འདྲ་བའི་ཕྱིར་ཏེ། གང་གིས་མཚན་དང་དཔེ་བྱད་རགས་བས་འཛིན་པ་དང་དེ་དག་པས་དེར་འགྱུར་བའོ། །དེ་ཡང་རྣམ་པར་དབྱེ་བ་ཞེས་པ་ནི་གཟུགས་ལ་དབྱེ་བ་ཡང་པས་རིགས་ལ་ཡང་དབྱེ་བ་བཤད ་པར་བྱའོ། །གཞན་ནི་གཞུང་རྐྱས་པས་འཇིགས་པ་དང། གོ་སླ་བ་ཉིད་ཀྱི་ཕྱིར་མ་བཤད་དོ། །དེ་དག་གི་དོན་ནི་འདི་སྐད་དུ་སྟོན་ཏེ། དང་བོར་བསྐྱེད་པའི་རིམ་པ་སྔོན་དུ་འགྲོ་བ་དང་བཅས་པ་བསྒོམས་ནས་དེའི་གྲོགས་སུ་འགྱུར་བ་བཟླས་བརྗོད་དང་། ་ཚོགས་དང་གཏོར་མ་དང་སྦྱིན་སྲེག་དང། དམ་ཚིག་ཉམས་པ་བཤགས་པ་དང། འབྱུང་པོ་དང་བཟློག་པའི་ཆོ་ག་དང། བགེགས་བརྟག་པ་ལ་སོགས་པ་རྫོགས་པར་བྱས་ནས་གསལ་ཞིང་ཡུན་ཐུང་བ་དང་སྐུ ་གཅིག་ཏུ་བྱའོ། །དེ་ལ་ནི་གསུམ་དང། ལྔ་དང་བརྒྱར་འགྱུར་ཏེ། ལུགས་སུ་འབྱུང་བའོ། །དེ་ལ་ལེགས་པའི་གོམས་པ་དང། སྐུ་ལྔ་དང། གསུམ་དང། གཅིག་ཏུ་འགྱུར་ཏེ། སྐུ་ལ་བསླབ་པའོ། །དེ་ནས་བདག་ཉིད་ཐུགས་ཀའི་རྟགས་ལ་བསྡུ ་ཏེ། དེ་ལས་འཁོར་ལོ་དང། རྡོ་རྗེ་དང་པདྨ་ལ་བསླབ་པར་བྱའོ། །དེ་ལས་ནི་ལྔ་དང་བརྒྱ་ལ་བསླབས་ཏེ། ལུགས་སུ་འབྱུང་བའོ། །དེ་ལས་ལྔ་དང་གསུམ་དང་གཅིག་ཏུ་བྱ་སྟེ། ལུགས་ལ་ལྡོག་པའོ། །དེ་ལྟར་ཐུགས་ཀྱི་རྟགས་ལ་བསླབས ་ནས་ཡི་གེ་ལ་བསྡུས་ཏེ། དང་པོ་གཅིག་དང་དེ་ནས་བརྒྱའི་བར་དང། དེ་ལས་བཟློག་པ་ནི་བསླབ་པ་ལ་ཡང་གོང་བཞིན་ཏེ་འདིས་ནི་ཐ་མལ་པའི་རྟོག་པ་ལྡོག་པར་བྱེད་དོ། །དེ་བས་ན་དང་པོར་ཁ་དོག་ལ་བསླབ་པར་བྱའོ། །དེ་ནས་དབྱིབས་ལ ་བསླབ་པར་བྱའོ། །དེ་ནས་རྟགས་ལ་བསླབ་པར་བྱའོ། །དེས་ཐོགས་པ་མེད་པའི་རྣལ་འབྱོར་ཐོབ་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །རྫོགས་བ་ལ་གནས་པ་རྣམས་ཀྱིས་ནི་དེ་ལ་སྐུར་བྱས་ཏེ། རྟེན་དང་བརྟེན་པའི་ཚུལ་དུ་བདག་ཉིད་ཀྱིས ་བསྒོམས་པར་བྱའོ། །རིགས་བརྒྱའི་དབྱེ་བ་བཤད་ཟིན་ཀྱང་རིགས་ལྔར་འགྱུར་བ་མི་ཤེས་ནས་དྲིས་པ། ཇི་ལྟར་ན་མདོར་བསྡུས་ན་རྣམ་པ་ལྔར་འགྱུར་བ་ལགས་ཞེས་པ་ནི་བརྒྱའི་རིགས་དག་དང་རྟེན་གྱི་ངོས་ནས་འགྱུར་ན་ཇི་ལྟར་ལྔར་འགྱུར ་ཞེས་དགོངས་སོ། །དེའི་ལན་དུ་ཁམས་བཞི་པོ་དག་ལས་གཟུགས་ཀྱི་ཕུང་པོ་མངོན་པར་འགྲུབ་པར་འགྱུར་ཏེ། དེ་ཡང་ཕུང་པོ་འདི་ཤའི་གཟུགས་ཅན་དང། དེ་ལ་བརྟེན་པ་ནི་སས་བྱས་ཏེ་རྫས་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་ཆུས་བྱས་སོ། ། ་སྨིན་པར་བྱེད་བ་ནི་མེས་བྱས་སོ། །ཡང་ཞིང་ཟོ་མདོག་བདེ་བ་ནི་རླུང་གིས་བྱས་སོ། །ཇི་སྲིད་འཕེལ་བ་ནི་ནམ་མཁས་བྱས་སོ། །དེ་བས་ན་དེ་ཉིད་རིགས་ལྔའི་ངོ་བོའོ། །གཟུགས་ཀྱི་ཕུང་པོ་ལ་སོགས་པ་འབྱུང་བ་ལྔ་ལས་གྱུར་པ་ནི་གཟུགས་དང་ཚོར་བ་དང་འདུ ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་ཕུང་པོ་ལྔ་པོ་འདི་ནི་འབྱུང་བ་བཞི་རྒྱུར་གྱུར་བ་དང། ཁ་ཅིག་ནི་དངོས་སུ་རྒྱུ་བའོ། །ཁ་ཅིག་ནི་རྒྱུད་ནོས། །དེ་དག་རྣམ་པར་དག་པ་ནི་སངས་རྒྱས་ལྔ་སྟེ། གོ་སླའོ། །དེ་ཡང་གང་ལས་ཤེས་ཤེ་ན། དེའི ་ཕྱིར་གསང་བ་འདུས་པ་ལས་ཤེས་པ་ལ་སོགས་པ་སྨོས་ཏེ། ནམ་མཁའ་དབྱིངས་ཀྱི་དབུས་གནས་པར་ཤེས་པ་ནི་གྲུ་གསུམ་ཆོས་ཀྱི་འབྱུང་གནས་སོ། །དཀྱིལ་འཁོར་རྡོ་རྗེ་ཀུན་ལས་སྐྱེས་ཤེས་པ་ནི་ཧཱུཾ་ལ་སོགས་པ་ལས་སྐྱེས་པའི་དེ་བཞིན་གཤེགས ་པ་རྣམས་སོ། །ཞི་བ་རྡོ་རྗེ་འཛིན་འདོད་ན་ཞེས་པ་ནི་རྫོགས་པའི་རིམ་པ་བསྒོམ་པར་འདོད་པའོ། །བསྡུ་བ་དག་ཀྱང་རབ་ཏུ་བྱ་ཞེས་པ་ནི་རིགས་གཅིག་ཏུ་གྱུར་པའོ། །ལུང་གཞན་གྱི་དབྱེ་བ་ནི་གོ་སླ་བས་མ་བཤད་དོ། །ལུས་རྣམ་པར་དབེན་པ་བསྡུས་པའི ་ཐེ་ཚོམ་གཅོད་པ་ནི་གཅིག་ཏུ་འཛིན་པ་དང། གསུམ་དུ་འཛིན་པ་དང། ལྔར་འཛིན་པ་དང། བརྒྱར་འཛིན་པ་དང། དེ་ཉིད་བདག་ཏུ་འཛིན་པ་དང། ཕུང་པོ་ལྔར་མི་ཤེས་པ་དང། ལྷ་ཡང་རིགས་བརྒྱ་དང་གཅིག་དང་ལུགས་སུ་འབྱུང་བ་དང། ལུགས་ལས ་ལྡོག་པ་དང། དེ་དག་སྔོན་དུ་འགྲོ་བ་དང། ལུས་དང་རིགས་པ་ལ་ཐེ་ཚོམ་ཟ་བ་སེལ་པ་སྟེ། གང་གིས་གང་གི་ཐེ་ཚོམ་ཟ་བ་ཡོངས་སུ་གཅོད་པའི་ལེའུ་ངོ་ལ་དེ་སྐད་ཅེས་བྱའོ། །སྤྱོད་པ་བསྡུས་པ་སྒྲོན་མ་ཞེས་བྱ་བའི་འགྲེལ་པ་ལས་ལེའུ་གཉིས་པའི ་བཤད་པའོ།། །།ད་ནི་ལེའུ་གསུམ་པ་རྡོ་རྗེ་བཟླས་པ་བཤད་པར་བྱ་སྟེ། དེ་ཡང་ཇི་ལྟ་བུ་ཡིན་པ་མི་ཤེས་ནས་དྲིས་པ། བཅོམ་ལྡན་འདས་དག་རྣམ་པར་དབེན་པ་ལ་ཇི་ལྟར་བསླབ་པར་གྱི་ཞེས་པ་ནི་དག་རྣམ་པར་དབེན་པ། ཐབས་གང་གི་སྒོ ་ནས་ཤེས་པར་བྱ་ཞེས་དྲིས་པ་དང། ལན་དུ་དང་པོའི་གོ་རིམ་བསྟན་པར་བྱ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་བཤད་མ་ཐག་པ་ནི་ལུས་རྣམ་པར་དབེན་པ་སྟེ། ཞེས་པ་སྟེ་ལུས་གཅིག་ཏུ་འཛིན་པ་ལྡོག ་པའི་ཕྱིར་རོ། །དེ་ལ་ལྷ་རྣམ་པར་དགོད་པ་ནི་ཕུང་པོ་དང། ཁམས་དང་སྐྱེ་མཆེད་ལ་ལྷ་དགོད་པའོ། །ཐམས་ཅད་ཀྱི་ཐུན་མོང་ནི་ཐུན་མོང་གི་དངོས་གྲུབ་དང། མཆོག་གི་དངོས་གྲུབ་ཐམས་ཅད་ལ་ཕན་འདོགས་པའོ། །རགས་པའི་རྣལ་འབྱོར་ཞེས ་བྱ་བ་ན་རིགས་པའི་རྟོག་པ་དང་བཟློག་པ་དང། རགས་པ་ལ་དམིགས་པའི་ཕྱིར་རོ། །བསྐྱེད་པའི་རིམ་པ་ལ་མཐར་ཕྱིན་ནས་ཅི་བྱེད་ཅེ་ན། དག་རྣམ་པར་དབེན་པ་ལ་སློབ་སྟེ། རླུང་དང་སྔགས་དང་རྡོ་རྗེ་བཟླས་པ་ལ་དམིགས་པའི་ཏིང་ངེ་འཛིན ་དུ་འགྱུར་བའོ། །དག་གི་སྤྱོད་ཡུལ་ཡིན་ཞེ་ན། རྡོ་རྗེ་ལ་སོགས་པའི་རིགས་ཅན་གྱི་ཡུལ་ཡིན་ཏེ། གཞན་གང་གི་ཡུལ་མ་ཡིན་ནོ། །གང་གི་མ་ཡིན་ཞེ་ན། ཐེག་བ་ཆེན་པོ་པ་རྣམས་ཀྱི་ཡུལ་མ་ཡིན་ཏེ། རྣམ་པར་རིག་པ་པོ་དང། བྱ་བ ་དང་སྤྱོད་པ་དང། གཉི་གའི་རྒྱུད་ལ་གནས་པ་རྣམས་ཀྱི་ཡུལ་མ་ཡིན་ནོ། །རྡོ་རྗེ་ཐེག་པ་ནང་པ་ཡང་ཀུན་གྱི་ཡུལ་མ་ཡིན་ཏེ། བསྐྱེད་པའི་རིམ་པ་ལ་ཡང་རགས་པ་ལ་དམིགས་པའི་ཕྱིར་རོ། །དེ་དག་གི་ཡུལ་མ་ཡིན་པ་ཡང་ཅིའི་ཕྱིར་ཞེ་ན། ་ཤིན་ཏུ་ཕྲ་བའི་ཕྱིར་ཏེ་རྟོག་གེ་པའི་ཡུལ་མ་ཡིན་ཞིང། ལུང་དང་ཞེ་འགྲས་པའི་ཡང་མ་ཡིན་ཏོ། །དེ་བས་ན་དེ་བཤད་པར་བྱའོ། །ཞེས་པའི་དོན་ཏོ། །ངག་རྣམ་པར་དབེན་པ་ཡང་ཐབས་གང་དང་གང་གིས་བྱེད་ཅེ་ན་སྔགས་ཀྱི་དེ་ཁོ་ན་ཉིད་དེ། མ ་ནོར་བའི་བཟླས་པའོ། །དེ་ཡང་གང་གིས་གྲོགས་སུ་འགྱུར་ཞེ་ན། རླུང་གི་དེ་ཁོ་ན་ཉིད་ཀྱི་རིམ་པ་དང་བྲལ་བས་ནི་མ་ཤེས་ཏེ། དེ་བས་ན་རླུང་ཉེ་བའི་གྲོགས་སུ་འགྱུར་རོ། །རླུང་ཞེས་བྱ་བ་ཡང་གང་ཡིན་ཞེ་ན། སྲོག་དང་རྩོལ་བ་སྟེ། གནས་པ་ནི་སྲོག་གོ་། ་འབྱུང་བ་དང་འཇུག་པ་ནི་རྩོལ་བའོ། །ཡང་ན་འབྱུང་བ་ནི་རྩོལ་བའོ། །འཇུག་པ་ནི་སྲོག་གོ་།ཡང་ན་རྩ་བའི་རླུང་ལྔ་ནི་སྲོག་སྟེ། ཡན་ལག་གི་རླུང་ནི་རྩོལ་བའོ། །ཡང་ན་རླུང་དངོས་ནི་སྲོག་སྟེ། དེའི་ལས་ནི་རྩོལ་བའོ། །དེ་ཡང་གང་ལས་ཤེས་ཤེ་ན། གསང་བ ་འདུས་པ་ལས་ཏེ། རིན་ཆེན་ཁ་དོག་སྣ་ལྔ་པ་ནི་རྡོ་རྗེ་རྩེ་ལྔ་པའོ། །ཚད་ཇི་ཙམ་ཞེ་ན། ཡུངས་ཀར་ཙམ་སྟེ། ཡུངས་ཀར་དང་འདྲ་བའི་ཚད་དོ། །གར་བསྒོམས་ཤེ་ན། རང་གི་སྣའི་རྩེ་མོའི་སོར་བཞི་ཙམ་དུ་བསྒོམས་ལ་དེ་ལ་རླུང་བསྡུའོ། །གང་གིས་ཞེ་ན། ་རྣལ་འབྱོར་རིག་པས་ཏེ། ཏིང་ངེ་འཛིན་གྱིས་ཡང་དང་ཡང་དུ་གཏང་དེ་བསྒོམ་པའོ། །དུས་ཇི་ཙམ་དུ་ཞེ་ན། རྟག་ཏུ་སྟེ་ཇི་སྲིད་དུ་འབྲས་བུ་མ་ཐོབ་པ་དེ་སྲིད་ཀྱི་བར་དུ་བསྒོམ་ཞེའོ། །ཡང་ན་རིན་པོ་ཆེ་དང་འདྲ་བས་རིན་པོ་ཆེ་སྟེ། རང་གི་སྣའི་རྩེ་མོ་ལ་ ་ཐིག་ལེ་ཡུངས་ཀར་ཙམ་བསམས་ལ། རང་གི་སྙིང་གར་ཡང་དེ་བཞིན་ཏེ། འདིས་ཡེ་ཤེས་ལྔ་སྐྱེ་བར་གྱུར་པས་ཁ་དོག་ལྔའོ། །ཡུངས་ཀར་ལ་སོགས་པ་ནི་གོང་བཞིན་ནོ། །ཡང་ན་རིན་ཆེན་ཁ་དོག་སྣ་ལྔ་པ་ནི་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཡུངས་ཀར་ཙམ ་པའོ། །གནས་གར་བསྒོམ་ཞེ་ན་སྣའི་རྩེ་མོ་སྟེ། མིག་ལ་སོགས་པ་ལ་ཡེ་ཤེས་ཀྱི་རྩ་ཁ་བྱེ་བ་ལ་བསྒོམ་པར་བྱའོ་ཞེའོ། །ཡང་ན་རང་གི་རྡོ་རྗེ་རྩེ་མོ་ལྔ་པའི་ནོར་བུའི་ཆ་ལ་བདེ་བ་ཆེན་པོའི་འཁོར་ལོའི་དབུས་ཀྱི་མདུད་པའི་ནང་དུ་བྱང་ཆུབ་ཀྱི་སེམས ་ཀྱི་ཐིག་ལེ་ཡུངས་ཀར་ཙམ་པ་ཞིག་བསམས་ལ་རང་གི་ལྟེ་བའི་ཕྱོགས་སུ་ཡང་དེ་བཞིན་ཏེ། དེ་ལ་འབྱུང་བ་དང་འཇུག་པ་ལ་བསླབ་པར་བྱའོ། །ཡང་ན་རིན་ཆེན་ཁ་དོག་སྣ་ལྔ་པ་ཞེས་པ་ནི་སྐུ་གསུང་ཐུགས་ཀྱི་སྣ་རྩེ་རེ་རེ་ལ་གནས་པ་སྟེ། འདིས ་འབྲས་བུ་རིན་ཐང་མེད་པ་ཐོབ་པའི་ཕྱིར་རིན་པོ་ཆེའོ། །ཡུངས་ཀར་གྱི་འབྲུ་ཚོད་ཙམ་པ་ནི་ཚད་འཛིན་པ་སྟེ། གང་གི་གཟུགས་ཡུངས་ཀར་དང་མཉམ་པ་དེ་ལ་ཡུངས་ཀར་ཙམ་ཞེའོ། །རྡོ་རྗེའི་ཚིག་ནི་རྟོགས་པར་དཀའ་བའི་ཕྱིར་ཏེ། དགོངས་པས ་བཤད་པའོ། །ཡང་ན་རྡོ་རྗེས་གཞན་འཇོམས་པར་བྱེད་པ་བཞིན་དུ་ཚིག་འདི་བསྟན་པའི་དོན་ལ་གནས་ན་གཞན་ཉོན་མོངས་པ་འཇོམས་པར་བྱེད་དོ། །ཡང་ན་རྡོ་རྗེ་ནི་རྡོ་རྗེ་སེམས་དཔའ་སྟེ། དེའི་ངག་གི་ཚོགས་འདི་ལ་རྡོ ་རྗེའི་ཚིག་གི་།ངེས་པའི་དོན་དང་དྲང་བའི་དོན་གྱི་དབྱེ་བས་ཤེས་པ་ནི་ངེས་པའི་དོན་དུ་ཕྲ་མོའི་རྣལ་འབྱོར་ལ། དྲང་པའི་དོན་དུ་བསྐྱེད་པའི་རིམ་པའོ། ཞེས་བྱ་བ་དགོངས་སོ། །བསྐྱེད་པའི་རྣལ་འབྱོར་ཡང་གང་ཞེ་ན། དེའི་ཕྱིར་བསྐྱེད་པའི་རིམ་པ་སྒོམ ་པར་བྱེད་པས་ཞེས་བྱ་བ་སྨོས་ཏེ། གང་གི་སེམས་ཅན་སྐྱེ་བ་དང་མཐུན་པར་བྱས་པས་བསྐྱེད་པའི་རིམ་པ་སྟེ། ཁ་ཅིག་ནི་སྒོ་ང་ལས་སྐྱེས་པ་མཐུན་པའོ། །ཁ་ཅིག་ནི་རྫུས་སྟེ་སྐྱེས་པ་དང་མཐུན་པའོ། །ཁ་ཅིག་ནི་དྲོད་གཤེར་ལས་སྐྱེས་པ་དང ་མཐུན་པའོ། །ཁ་ཅིག་ནི་མངལ་ལས་སྐྱེས་པ་དང་མཐུན་པར་བྱས་པའོ། །དེའི་དབང་དུ་བྱས་པ་བཤད་པ། སྣའི་རྩེ་མོར་ཡུངས་ཀར་གྱི་འབྲུ་ཚོད་ཙམ་པའི་རང་གི་ལྷའི་མཚན་མ་རྡོ་རྗེ་ལ་སོགས་པ་ཁ་དོག་དང་དབྱིབས་དང་ཚུལ་དང་ལྡན ་པར་བསྒོམ་པར་བྱའོ། །ཅིག་ཤོས་བཤད་པ། ཨཱ་ལི་དང་ཀཱ་ལི་ནི་ཐབས་དང་ཤེས་རབ་ཀྱི་ཡི་གེའོ། །དེ་ཉིད་ལས་བཏུས་ནས་གསུམ་དུ་འདོད་པ་ནི་ཨོཾ་ཨཱ(རྒྱུད་འགྲེལ་འཇུག་པ་དང་གནས་པ་དང་ལྡང་བ་ནི་དབུགས་ཀྱིས་དབང་དུ་བྱས་པ་སྟེ། ཨོཾ་འཇུག་པའོ། །ཧཱུཾ་ནི་ལྡང་བའོ། །ཱ(རྒྱུད་འགྲེལ་ཡེ་ཤེས་ལྔའི་རང་བཞིན་དབུགས་ཤེས་པ་ནི་ཁ་དོག་ལྔ་དང་ལྡན་པའི་རླུང་ངོ། །འབྱུང་བ་ལྔའི་ངོ་བོ་ཉིད་ཅེས་པ་ནི་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་ཨི་ངོ་བོ་གྱེན་དུ་རྒྱུ་བའི་ལ་སོགས་པའོ། །གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི་ཞེས་པ ་ནི་ཐིག་ལེ་འམ། ཡི་གེ་འམ། སྐུ་དང་མཚན་མ་དང་ཁ་དོག་རིགས་པའི་ངོ་བོར་རོ། །གནས་གང་དུ་ཞེ་ན། སྟེང་གི་སྣའི་རྩེ་མོར་རབ་ཏུ་བརྟག་སྟེ། སྣའི་རྩེ་མོ་ལ་སེམས་གཟུང་པར་བྱ་ཞིང་ཡང་དང་ཡང་དུ་དེ་ལ་གཏང་པར་བྱའོ། །ཞེས་བྱ་བར་དགོངས་སོ། ་དེ་བཀའ་དགོངས་པ་ཅན་གཞན་སྟོན་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་དགོངས་པ་ལུང་སྟོན་པ་ལས་བཤད་དེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཅན་ཞེས་པ་ནི་རིགས་དྲུག་པ་རྡོ་རྗེ་འཆང་ཆེན་པོའོ། །རྡོ་རྗེ་སྙིང་པོ ་མཆོག་འཛིན་པ་ཞེས་པ་ནི་དོན་དམ་པ་སྤྲོས་པ་དང་བྲལ་བ་ཐུགས་སུ་ཆུད་པའོ། །འགྲོ་བའི་དོན་མཛད་གཅིག་པུ་ཞེས་པ་ནི་སེམས་ཅན་གྱི་དོན་མཛའ་དག་བྱེད་པའི་བདག་པོ་རྡོ་རྗེ་འཆང་ཉིད་དོ། །འོ་ན་ཐུབ་པ་སངས་རྒྱས་གཞན་མ་ཡིན་ཞེ་ན། དེ་ཉིད ་ཀྱང་རྡོ་རྗེ་འཆང་ཆེན་པོའི་སྐུ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་ནི་དེ་ལྟར་སྣང་བར་མི་རིགས་ཞེ་ན། མ་ཡིན་ཏེ་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ཆེན་པོས་ཇི་ལྟར་ཡང་སྣང་ངོ། །དེ་ལ་གང་གིས་ཕྱག་འཚལ་ཞེ་ན། སྡུད་པ་པོ་ཐུགས་རྗེ་ཆེན་པོའི ་སྣང་བ་ལས་བྱུང་བ་དེས་ཕྱག་འཚལ་ཞེའོ། །གསོལ་བ་བཏབ་པ་ནི་གོ་སླའོ། །ལན་དུ་ཁྱོད་གསང་དགོངས་པ་མ་རྟོགས་པ་ཞེས་པ་ནི་ལག་ན་རྡོ་རྗེ་ཁྱོད་ཀྱིས་གསང་བ་ཆེན་པོའི་དགོངས་པ་ཅན་མ་རྟོགས་པ་སླར་འདྲི་བར་བྱེད་པ་ལེགས་ཞེས་པའོ། །བྱང ་ཆུབ་སེམས་ནི་རླུང་གྱུར་ཅིང་ཞེས་པ་ནི་རང་གི་ཁུ་བ་བྱང་ཆུབ་སེམས་ཉིད་རླུང་དུ་གྱུར་པའོ། །དེ་ཡང་གཉིས་ཏེ་དེ་ཉིད་རླུང་དུ་གྱུར་པ་དང། དེ་ལས་རླུང་དུ་གྱུར་པ་ལས་དེ་ཉིད་ནི་མ་ཡིན་ཏེ། གཡོ་པ་དང་བརྟན་པ་གཅིག་གིས་གཅིག་སྤངས་པ་དང། དོན ་དམ་པར་ཡང་འགྱུར་རོ། །འདིར་ནི་དེ་ལས་བྱུང་བར་བརྟགས་པར་བྱ་སྟེ། འདིར་དང་པོ་བྱང་ཆུབ་སེམས་ལས་སྲོག་འཛིན་པའི་རླུང་ལ་སོགས་པར་གྱུར་ཏོ། །ནམ་མཁའ་ལ་ནི་རྣམ་གནས་པ་ཞེས་པ་ནི་དོན་དམ་པའི་བདེན་པ་ལ་གནས་པའོ། །དེ་ལ་ཡང ་གཉིས་ཏེ། ངོ་བོར་གནས་པ་དང་ཐོབ་པའི་རྒྱུར་གྱུར་པའོ། །ངོ་བོར་གནས་པ་ནི་བྱང་ཆུབ་སེམས་དང་རླུང་གཉིས་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་པའོ། །ཐོབ་པའི་རྒྱུར་གྱུར་པ་ནི་བྱང་ཆུབ་སེམས་དང ་རླུང་ལས་བདེ་བ་སྐྱེ་བར་འགྱུར་རོ། །གང་གི་ཚེ་བདེ་བ་སྐྱེས་པ་དེའི་ཚེ་རྣམ་པར་རྟོག་པ་འགགས་པར་འགྱུར་རོ། །གང་གི་ཚེ་རྣམ་པར་རྟོག་པ་འགག་པ་དེའི་ཚེ་མི་རྟོག་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །གང་གི་ཚེ་མི་རྟོག་པའི་ཡེ་ཤེས་སྐྱེས་པ་དེའི ་ཚེ་ཆོས་ཀྱི་སྐུ་ཐོབ་པར་འགྱུར་བར་དགོངས་སོ། །ཡང་ན་སྟེང་གི་དོན་གྱི་ནམ་མཁའ་ནི་བདེ་བ་ཆེན་པོའོ། །དེ་ལ་གནས་པ་ནི་མཆོག་གི་ཧོཾ་ངོ། །ཡང་ན་གོ་འབྱེད་པའི་དོན་ཤོང་པས་ནམ་མཁའ་སྟེ། གང་དུ་སྙིང་གི་དབུས་སུ་ཤེས་པའི་བརྟེན་བྱས ་ནས་བག་ཆགས་ལ་སོགས་པ་ཤོད་བར་བྱེད་དོ། །དེའི་དབུས་ན་གནས་པ་ནི་བྱང་ཆུབ་སེམས་ཏེ། རླུང་མི་ཤིགས་པའོ། །ཡང་ན་ནམ་མཁའ་ལ་ནི་སྤྲིན་འབྱུང། དེ་ལས་ཆར་པ་འབབ་སྟེ། དེའི་གནས་སུ་གྱུར་པའོ། །དེ་བཞིན་དུ་མགྲིན་པར་གྱེན་དུ ་རྒྱུ་བ་གནས་པས་ཟས་ཀྱི་རོ་མྱོང་བའི་ཆར་པ་འབབ་པའོ། །ཇི་སྲིད་དུ་ནམ་མཁའ་ཉི་མ་དང། ཟླ་བ་དང། སྐར་མ་དང། སྤྲིན་དང། ན་བུན་དང། རིའི་རྒྱལ་པོ་སྟོང་ལ་སོགས་པ་མང་པོའི་རྟེན་དུ་གྱུར་པ་སྟེ། དེ་བཞིན་དུ་ལྟེ་བའི་འཁོར་ལོ་ལས། ཨཱ་ལི ་དང་ཀཱ་ལི་དང། ཨོཾ་དང། མེ་འབར་བ་ལ་སོགས་པའོ། །སེམས་ཅན་རྣམས་ཀྱི་སྲོག་གྱུར་པ་ཞེས་པ་འདི་ལྟར་སྲོག་ནི་འཕེལ་བ་དང་འགྲིབ་པ་དང་གནས་པ་དང། ངར་བ་ལ་སོགས་པ་བྱེད་དེ། དེ་ཡང་རླུང་གིས་བྱེད་དོ་ཞེའོ། །རླུང་དེ་ཉིད་ཀྱང་དུ ་ཞེ་ན། ལྔའི་བདག་ཉིད་བཅུ་མིང་ཅན་ཞེས་པ་ནི་རྩ་བའི་དབང་དུ་ནི་ལྔ་དང། དབང་པོ་ལས་བརྟེན་པའི་ཡན་ལག་གི་དབང་དུ་ནི་ལྔ་སྟེ་བཅུའོ། །རླུང་བཅུ་པོ་འདི་ཡང་ཚུལ་ལམ་མོ། རྫས་ཀྱིས་ཐ་དད་དུ་གནས་ཤེ་ན། རྫས་ཀྱིས་ཐ་དད་དེ། གནས་དང ་དུས་དང་ལས་དང་དཀྱིལ་འཁོར་སོ་སོ་བ་ཉིད་ཀྱི་ཕྱིར་རོ། ཞེས་འདོད་དོ། །ཡང་ན་ཚུལ་གྱིས་ཐ་དད་པ་ཡང་ཡིན་ཏེ། རླུང་གཅིག་ཡིན་ཡང་རྒྱུ་དང་དུས་ལ་སོགས་པས་ཐ་དད་པ་ཉིད་ཀྱི་ཡང་ཕྱིར་རོ། །ཡང་ན་ཚུལ་འདི་ནི་གཙོ་བོ་དང་གྲོགས་ཀྱི་རྣམ་པའོ། ། ་ཞེས་པ་ལ་ལ་དག་འདོད་དོ། །རྟེན་འབྲེལ་བཅུ་གཉིས་གྲགས་པ་ཞེས་པ་ནི་སྲོག་འཛིན་པ་དང། ཐུར་དུ་སེལ་བ་ལ་སོགས་པ་བླུན་པ་ཉིད་ཀྱི་ཕྱིར་ཡང་ངོ། །དེ་བཞིན་དུ་རླུང་དང་ཤེས་པ་དང་ཡུལ་ལ་སོགས་པ་ལ་བལྟོས་ནས་རྟེན་འབྲེལ་བཅུ་གཉིས་སུ་ ་བཞག་གོ་།དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་རླུང་དང་འདྲེས་པ་ལས་བྱུང་བའི་ཕྱིར་རོ། །ངོ་བོ་ཉིད་ནི་རྣམ་པ་གསུམ་ཞེས་པ་ནི་གཟུགས་ཅན་དང། གཟུགས་མེད་དང། ཤིན་ཏུ་མེད་པའི་བྱེ་བྲག་གིས་རྣམ་པ་གསུམ་མོ། །ཡང་ན་གོ་འབྱེད་པར་བྱེད་པས ་ནམ་མཁའ་ཨོ། །འདིས་འཚོ་བ་དང་ཤིན་ཏུ་གཅེས་པའི་ཕྱིར་སྲོག་གོ་།ཡང་བ་དང་གཡོ་བའི་བྱ་བ་བྱེད་པའི་ཕྱིར་ཡང་ཞིང་གཡོ་བ་སྟེ་འདིར་གསུམ་མོ། །ཡང་ན་འབྱུང་བ་དང། འཇུག་པ་དང། གནས་པའི་བྱེ་བྲག་གི་གསུམ་མོ། །ཡང་ན་བུད་མེད་དང་སྐྱེས་པ ་དང། མ་ནིང་གི་རྟེན་ཅན་གྱིས་གསུམ་མོ། །རླུང་ཞེས་བྱ་བའི་བྱང་ཆུབ་སེམས། །དབང་པོ་ཀུན་གྱི་གཙོ་བོ་ཡིན་ཞེས་པ་ནི་དད་པའི་དབང་པོ་ལ་སོགས་པ་མཆོག་ཏུ་གྱུར་པ་འདིས་བསྐྱེད་པས་ན་དབང་པོའི་གཙོ་བོའོ། །ཡང་ན་དབང་པོ་ཐམས་ཅད་ལ་ཁྱབ་པ ་ཉིད་དང། སྐྱེད་པ་ཉིད་དང་དབང་སྒྱུར་བ་ཉིད་དང། ཡོངས་སུ་སྒྲུབ་པ་ཉིད་དང། རྒྱུ་བ་ཟློག་པ་ཉིད་ཀྱི་ཕྱིར་ཡང་གཙོ་བོའོ། །ཡང་ན་དབང་པོ་རྣམས་འཕེལ་བ་ཉིད་དང། འགྲིབ་པ་ཉིད་དང། གནས་པ་ཉིད་ཀྱི་ཕྱིར་ཡང་གཙོ་བོའོ། །འདི་ལྟར་མི་མངོན་ཕྲ ་པ་ལས། རྟག་ཏུ་གསལ་བ་བརྗོད་པ་ཡིན་ཞེས་པ་ནི་སོ་སོའི་སྐྱེ་བོའི་ཡུལ་མ་ཡིན་ཞིང་རྣལ་འབྱོར་གྱི་མངོན་སུམ་གྱིས་གསལ་བར་གྱུར་པ་ཉིད་ཀྱི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །འགྲོ་བ་ཡུལ་སོགས་ལས་བྱེད་པ། འདི་ན་དེ་ལ་བརྟེན་པ་ཡིན་ཞེས་པ་ནི ་འགྲོ་བ་གང་དག་འགྲོ་བ་དང། འདུག་པ་དང་ཉལ་པ་དང། འགྲེང་པ་དང། འཆག་པ་དང། སྡུད་པ་དང། སྟེག་པ་དང། འཁྱུད་པ་དང། དགོད་པ་དང། ལྟ་བ་དང། ཉན་པ་དང། སྣོམ་པ་དང། སྒྲ་པ་དང། རེ་བ་དང ་ཁྲོ་བ་དང། ང་རྒྱལ་ལ་སོགས་པ་དགེ་པ་དང། མི་དགེ་བ་དང། ལུང་དུ་མ་བསྟན་པ་ཐམས་ཅད་རླུང་གིས་བྱེད་པའོ། །ཞི་བ་དང་ནི་ཞེས་པ་ལ་སོགས་པའི་དོན་ནི་ཞི་བ་དང་རྒྱས་པ་ལ་སོགས་པའི་བྱེ་བྲག་ཐམས་ཅད་རླུང་གིས་བྱེད་པར་འགྱུར་རོ།། ་དེ་ཡང་ཁ་ཅིག་ནི་རླུང་གཅིག་གིས་བྱེད། ཁ་ཅིག་ནི་གཉིས་འདུས་པ་ལ་སོགས་པས་བྱེད་དོ། །དེ་བས་ནི་རླུང་གི་ལས་ནི་བསམ་ལས་འདས། །བསྡུ་བ་རྣམ་པ་གཉིས་སུ་འགྱུར། །གང་ཞིག་ཉོན་མོངས་དབང་གྱུར་དང། དེ་བཞིན་ཏིང་འཛིན ་ལས་བྱུང་བའོ། ཞེས་འབྱུང་བའི་ཕྱིར་རོ། གློག་དང་བསམ་གཏན་རྣམ་པར་སྤངས་ཞེས་པ་ནི་ཀློག་པ་མ་ཡིན། ཁ་ཏོན་བྱེད་བ་མ་ཡིན། ལྟ་བ་མ་ཡིན། སེམས་པའི་བར་དུ་མ་ཡིན། དེ་ལས་གཞན་ལ་རྩེ་གཅིག་པ་མ་ཡིན་ནོ། །དེ་ཅིའི་ཕྱིར ་ཞེ་ན། དེ་ལས་གཞན་པ་དང་དེ་ནི་མི་ཐུན་པར་གྱུར་ཏེ། གང་མི་མཐུན་པ་དེ་ནི་གཅིག་ལ་གཅིག་བསྒྲིབ་པར་འགྱུར་རོ། །གཅིག་ལ་གཅིག་སྒྲིབ་པ་དེ་ནི་གཅིག་གིས་གཅིག་སྤོང་བར་འགྱུར་རོ། །གཅིག་གིས་གཅིག་སྤངས་པ་དེ་ནི་གང་སྤངས ་པ་དེ་ནི་འབྲས་བུ་མངོན་དུ་བྱ་བར་མི་ནུས་སོ། །དེ་བས་ན་རིགས་ཀྱི་བུ་གང་ཞིག་གིས་འབྱུང་བ་དང་འཇུག་པ་དང། གནས་པའི་བཟླས་པའི་དུས་སུ་ཀློག་པ་ལ་སོགས་པ་སྤང་ངོ། །རྡོ་རྗེ་བཟླས་པའི་དུས་སུ་སེམས་ལ་དམིགས་པ་ལ་སོགས ་པའི་བསམ་གཏན་སྤང་བར་བྱའོ། །འབྱུང་བའི་དུས་སུ་འཇུག་པ་སྤོང་འཇུག་པའི་དུས་སུ་ནི་འབྱུང་བ་ཡང་སྤང་ངོ། །གནས་པའི་དུས་སུ་ནི་འབྱུང་བ་དང་འཇུག་པ་སྤང་ངོ། །འབྱུང་བ་དང་འཇུག་པའི་དུས་སུ་གནས་པ་སྤང་ངོ། །ཞེས ་བྱ་བར་དགོངས་སོ། །བདག་པོ་རང་ཉིད་ཟློས་པ་སྟེ་ཞེས་པ་ནི་གཙོ་བོར་བྱ་བ་སྟེ། གང་གི་ཚེ་ནི་སེམས་ལ་དམིགས་པ་དང། བསྐྱེད་པའི་རིམ་པ་དང། ཚོགས་ལ་སོགས་པ་སྟེ། དེ་དག་ཐམས་ཅད་ཀྱང་རྡོ་རྗེ་བཟླས་པའོ། །ཅིའི་ཕྱིར་ཞེ་ན། རྡོ་རྗེ་བཟླས ་པ་ལ་ཕན་པར་བྱེད་པའི་ཕྱིར་ཏེ། དཔེར་ན་ལྷ་སྦྱིན་གྱི་དཔུང་ལ་ལྷ་སྦྱིན་གྱི་ཚོགས་བཞིན་ནོ། །ཉིན་དང་མཚན་མོ་བྱེ་བྲག་གིས། ཉི་ཟླ་རབ་ཏུ་སྦྱོར་བ་ཡིན་ཞེས་པ་ནི་འདི་ལྟར་ཉིན་མོ་ནི་ཐབས་ཀྱི་བཟླས་པའོ། །མཚན་མོ་ནི་ཤེས་རབ་ཀྱི་བཟླས་པའོ། །དེས་ཅི ་བྱེད་ཅེ་ན། དངོས་པོ་མེད་འགྲོ་ཁྱབ་པ་སྟེ། གང་གི་ཆོས་ཀྱི་སྐུ་ཐོབ་པའི་ཐབས་སུ་གྱུར་པ་དེ་ལ་དེ་སྐད་ཅེས་བྱའོ། དེ་ནི་རྣམ་པ་གཉིས་ཏེ། དངོས་སུ་དང་བརྒྱུད་ནས་རྒྱུར་གྱུར་པའོ། །དེ་ལ་དེ་ཉིད་ཀྱི་རྣམ་པ་ཅན་གྱིས་གང་ཟག་གི་དབང་དུ་བྱས་ནས ་རླུང་གནས་པ་ལ་བཟླས་པ་ནི་དངོས་སུ་རྒྱུར་གྱུར་པའོ། །གཞན་ལ་རག་ལས་པའི་གང་ཟག་གི་དབང་དུ་བྱས་ཏེ། རྡོ་རྗེ་བཟླས་པ་ལ་སོགས་པ་འབྲེལ་པ་དང་གོ་རིམ་ངེས་པའི་ཚུལ་ཅན་གྱིས་ཕྱག་རྒྱ་ཆེན་པོའི་མཆོག་ཐོབ་པ་ནི་བརྒྱུད་ནས་རྒྱུར་གྱུར ་པའི་ཕྱིར་རོ། །དེ་རྣམ་པ་ཅན་གྱི་དབང་དུ་བྱས་ནས་གང་གི་ཚེ་ཐོབ་ཅེ་ན། བྱང་ཆུབ་སེམས་ཀྱི་རླུང་གཅིག་པུ་ཞེས་པ་ནི་གནས་པ་ལ་བརྟེན་པའི་རླུང་ངོ། །གཉིས་པ་ལ་སོགས་པ་ནི་མ་ཡིན་ཏེ། བསླབ་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །དགེ་བ་ནི་འཇུག་པའོ། །མི་དགེ ་བ་ནི་འབྱུང་བ་སྟེ། འདི་ནི་ཡུལ་ལ་ཆགས་པ་ཉིད་དང། ཞེན་པ་ཉིད་དང། རང་པ་ཉིད་དང། ཁྲོ་བ་ཉིད་དང། རྟོག་པ་རགས་པ་ལ་འཇུག་པ་ཉིད་ཀྱང་རྟོག་པའི་ས་བོན་ལེན་པ་ཉིད་ཀྱི་ཕྱིར་མི་དགེ་བའོ། །དེ་ལས་ཟློག་པ་ནི་དགེ་བའོ། །གཉི་ག ་སྤངས་བ་ནི་གནས་པའོ། །དེས་ན་ནམ་མཁའ་དང་འདྲ་བར་འདུས་མ་བྱས་པ་ཉིད་དང། ཁ་དོག་མེད་པ་ཉིད་དང། དབྱིབས་མེད་པ་ཉིད་དང། རྣམ་པར་རིག་བྱེད་མེད་པ་ཉིད་དང། དགེ་བ་མེད་པ་ཉིད་དང། མི་དགེ་བ་མེད་པ་ཉིད ་དང། ལུང་དུ་མ་བསྟན་པ་ཉིད་དང། སྒྲ་མེད་པ་ཉིད་དང། སྒྲས་བརྗོད་པ་མེད་པ་ཉིད་དང། བརྗོད་པའི་ཡུལ་མེད་པ་ཉིད་དང། སྣང་བ་མེད་པ་ཉིད་ལ་སོགས་པ་ཐོབ་བོ་ཞེའོ། །འདི་དག་གིས་ཅི་བསྟན་ཅེ་ན། ཀླུ་སྒྲུབ་ཀྱི་ཞལ ་ནས་ངོ་བོ་དང་ནི་རྣམ་དབྱེ་གསུམ། །གཙོ་དང་ཤེས་པའི་ཁྱད་པར་དང། །གང་གིས་རང་བཞིན་རྒྱུར་གྱུར་དང། །དག་པའི་ལས་དང་མ་དག་ལས། །སྤང་བྱ་དང་ནི་སྤོང་བྱེད་དང། །དུས་དང་སྤོང་བའི་ཁྱད་པར་དང། །བསྟན་པའི་དུས་དང་འབྲས་བུའི ་དུས། །དགོངས་པ་ལུང་བསྟན་རྗེས་འབྲང་ནས། །སྐྱེ་བོ་མཆོག་ལ་བསྟན་པ་ཡིན་ཞེས་གསུངས་སོ། །དེ་ཉིད་མི་ཤེས་ནས་རྒྱས་པར་འདོད་ནས་དྲིས་པ་ནི་གོ་སླའོ། །ལན་དུ་དེ་ནས་དེ་བཞིན་གཤེགས་པ་ཀུན་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ་འདིས་ནི་རྒྱུད་འདི་ཉིད་ལས་རྩ་བ་དང་ཡན་ལག་གི་རླུང་གི་དབྱེ་བ་ཞིག་རྒྱས་པར་བསྟན་ཏེ། ལུང་དང་མན་ངག་གིས་ཤིན་ཏུ་རྒྱས་པར་ནི་འོག་ནས་སྟོན་ཏོ། །ཀོ་ཊ་ཁྱ་ཞེས་པ་ལ་སོགས་པས་ནི་རླུང་བཅུ་པོ་འདི་བརྡས་བཤད་དེ། འོག ་ནས་སྲོག་དང་ཞེས་བྱ་བ་ལ་སོགས་པ་གོ་རིམ་བཞིན་ནོ། །བརྡའི་དོན་སྔགས་དང་འདྲ་བའི་བརྡ་ཅན་ནི་རླུང་བཅུ་པོ་ཡིན་ཏེ། བརྡ་བཤད་པ་ལ་དགོས་པ་ཅི་ཞིག་ཡོད་ཅེ་ན། འདི་ལྟར་འདིས་ནི་དམ་པ་ལ་བརྟེན་ནས་རྟོག་པ་དང། དམ་པ ་མ་ཡིན་པའི་ཡུལ་མ་ཡིན་པར་བསྟན་ཏོ། །དེ་ཉིད་ཅིའི་ཕྱིར་ཞེ་ན། འདི་ལྟར་བརྡ་ལ་མ་གོམས་ཤིང་བརྡ་ཡོད་པར་མི་ཤེས་པ་ཐེག་པ་ཆེན་པོའི་རིགས་ཅན་མ་ཡིན་པ། ལོག་པའི་བླ་མ་ལ་བསྟེན་པ། ཡང་དག་པའི་བླ་མ་ལ་འཇུག་པར་མི ་འགྱུར་བ་ལྟ་བ་ལོག་པ་ལ་ཞེན་པ། ཡང་དག་པའི་ལྟ་བ་ལ་རྟོག་པ་སྔོན་དུ་མི་གཏོང་བ་གང་དག་དང་པོར་ནི་བླ་མ་དམ་པ་སྤོང་པར་འགྱུར་རོ། །བླ་མ་དམ་པ་སྤངས་པ་དེའི་ཚེ་བཀའ་དགོངས་པ་ཅན་ལ་འཇུག་པར་འགྱུར་རོ། །གང་གི་ཚ་བཀའ་ ་དགོངས་པ་ཅན་ལ་ཞུགས་པ་དེའི་ཚེ་དེ་ལ་སྒྲ་ཇི་བཞིན་པར་འཛིན་པར་འགྱུར་རོ། །གང་གི་ཚེ་སྒྲ་ཇི་བཞིན་པར་གཟུང་བ་དེའི་ཚེ་ལོག་པའི་ལྟ་བ་དང་སྤྱོད་པ་ལ་འཇུག་པར་འགྱུར་རོ། །གང་གི་ཚེ་ལོག་པའི་ལྟ་བ་དང་སྤྱོད་པ་ལ་ཞུགས་པ་དེའི་ཚེ་གང་ཟག་དེ་ནི ་འཇིག་རྟེན་འདི་རུ་ཚེ་ཐུང་བ་དང། ནད་མད་པ་དང་ལོངས་སྤྱོད་ཞན་པ་ལ་སོགས་པ་སྡུག་བསྔལ་ཐམས་ཅད་སྐྱེད་པར་འགྱུར་རོ། །འདི་ནས་ཤི་འཕོས་ནས་ཀྱང་ངན་འགྲོ་ངན་སོང་ལོག་པར་ལྟུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ལས་ངན་པའི་འབྲས ་བུ་མི་བསླུ་བའི་ཕྱིར་རོ། །དེ་བས་ན་སངས་རྒྱས་ཀྱི་བརྡ་སྒྲ་ཇི་བཞིན་པ་མ་ཡིན་པ་ནི་རྡོ་རྗེའི་ཚིག་ཅེས་བྱ་སྟེ། འདི་ལ་ནི་སུ་ལ་ཡང་རྟོག་པ་སྔོན་དུ་གཏོང་བར་མི་བྱེད་དོ། །གང་གི་ཚེ་རྟོག་པ་དང་བྲལ་བ་དེའི་ཚེ་ཡང་དག་པའི་བླ་མ་ལ་འཇུག་པར་འགྱུར ་རོ། །ཡང་དག་པའི་བླ་མ་ལ་ཞུགས་པ་དེའི་ཚེ་ནི་ཡང་དག་པའི་གདམས་ངག་ཐོབ་པར་འགྱུར་རོ། །ཡང་དག་པའི་གདམས་ངག་ཐོབ་པ་དེའི་ཚེ་ཡང་དག་པའི་སྒྲུབ་པ་ལ་གནས་པར་འགྱུར་རོ། །ཡང་དག་པའི་སྒྲུབ་པ་ལ་གནས་པས་འབྲས་བུ་ཐོབ ་པར་འགྱུར་ཏེ། འཇིག་རྟེན་གྱི་ཡོན་ཏན་དང། འཇིག་རྟེན་ལས་འདས་པའི་ཡོན་ཏན་དཔག་ཏུ་མེད་པ་ཐོབ་པར་འགྱུར་རོ། །བརྡ་ཅན་གྱི་དབྱེ་བ་དེ་ཉིད་མི་ཤེས་ནས་བྲིས་པ་དང། ལན་དུ་རླུང་ལྔ་ནི་ལུས་ཀྱི་ཆ་ལ་གནས་ནས་ལུས་ཀྱི་བྱ་བ་རྣམས ་བྱེད་དོ་ཞེས་པ་ལ། རླུང་ལྔ་ནི་རླུང་ལྔ་སྟེ་རྩ་བའི་རླུང་ངོ། །ལུས་ཀྱི་ཆ་ནི་ལུས་ཀྱི་ཆ་སྟེ། དེ་ལ་གནས་པ་ནི་ལུས་ཀྱི་ཆ་ལ་གནས་པའོ། །དེས་ཅི་བྱེད་ཅེ་ན། ལུས་ཀྱི་བྱ་བ་རྣམས་བྱེད་དེ། ལུས་ཁོ་ནའི་བྱ་བ་བྱེད་པས་ལུས་ཀྱི་བྱ་བ་བྱེད་དོ། །རླུང་ལྔ ་ནི་ཡན་ལག་དག་གི་རླུང་སྟེ། མིག་ལ་སོགས་པ་ནས་ལུས་ཀྱི་བར་དུའོ། །གནས་པ་ནི་དེར་བཞུགས་པར་མཛད་པའོ། །དེ་ཉིད་བཤད་པར་འདོད་ནས་གསུངས་པ། སྲོག་ཅེས་བྱ་བའི་རླུང་ནི་འདིས་འཚོ་བར་བྱེད་པའི་ཕྱིར་རོ། །གནས་གང་ན་གནས ་ཤེ་ན། སྙིང་ག་ན་གནས་པ་སྟེ། དེ་ལ་བརྟེན་ནས་གནས་པའོ། །གང་གི་རིགས་ཡིན་ཞེ་ན། མི་བསྐྱོད་པ་སྟེ་གཡོ་བར་མི་བྱེད་པའི་ཕྱིར་མཐུན་པའོ། །དེས་ཅི་བྱེད་ཅེ་ན། འཕེལ་བ་ཉིད་དང་འགྲིབ་པ་ཉིད་དང་། ་གནས་པ་ཉིད་ལ་སོགས་པ་བྱེད་དོ། །ཐུར་དུ་སེལ་བ་ནི་ཐུར་དུ་སེལ་བ་སྟེ། འདིས་ཐུར་སེལ་གྱི་བྱ་བ་བྱེད་པས་ཐུར་དུ་སེལ་བའོ། །འདི་ཡང་ཡང་བ་ཉིད་དང། གཡོ་བ་ཉིད་དང། གོ་འབྱེད་པ་ཉིད་དང། བཤད་བ་དང་གཅིབ་སེལ་བ་དང། ་སྨིན་པ་ཉིད་དང། བྱང་ཆུབ་ཀྱི་སེམས་འབབ་པ་ཉིད་དང། ཟློག་པ་ཉིད་དང། ས་བོན་ལེན་པ་ཉིད་དང། དབུགས་འབྱུང་བ་ཉིད་དང། ལམ་བསྒྲུབ་བ་ཉིད་ཀྱི་ཕྱིར་རོ། །གྱེན་དུ་རྒྱུ་བ་ནི་གྱེན་དུ་རྒྱུ་བ་སྟེ། འདི་ཡང་དབུགས་འབྱུང་བ་ཉིད་དང། ་འཇུག་པ་ཉིད་དང། སྨྲ་བ་ཉིད་དང། མགྲིན་པ་འདོར་བ་ཉིད་དང། མཆུ་སྦྲུལ་བ་ཉིད་དང། འོ་བྱེད་པ་ཉིད་དང། ཟ་བ་ཉིད་དང། འཐུང་བ་ཉིད་དང། ཟ་བ་དང་འཐུང་བའི་རོ་མྱོང་བ་ཉིད་དང། དངས་སྙིག་འབྱེད་པ་ཉིད་དང། སྟོང་ཀྱི་རྩ ་འབྱེད་པ་ཉིད་དང། འགོག་པ་ཉིད་དང། ལུས་བསྟན་པ་ཉིད་ཀྱི་ཕྱིར་རོ། །མེ་དང་མཉམ་དུ་གནས་པ་ནི་དྲོད་དང་མཉམ་དུ་གནས་པ་སྟེ། འདི་ཡང་ཕོ་བ་འགུལ་བ་ཉིད་དང། ཕུང་པོ་དྲོད་སྙོམས་པ་ཉིད། ཕུང་པོ་ཆགས་པར་བྱེད་པ་ཉིད ་དང། ཕུང་པོའི་བྱ་བ་ལ་ཕན་འདོགས་པ་ཉིད་དང། ཟས་དང་སྐོམ་ལྷག་པ་གནས་སུ་འགྲོ་བ་ཉིད་དང། ཟས་དང་སྐོམ་གྱིས་ཚད་སྙོམས་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཁྱབ་བྱེད་ནི་ཁྱབ་བྱེད་དོ། །འདིས་ཕུང་པོ་ཐམས་ཅད་ལ་ཁྱབ་པར་བྱེད ་བས་ཁྱབ་བྱེད་དོ། །འདི་ཡང་འགྲོ་བ་ཉིད་དང་འདུག་པ་ཉིད་ལ་སོགས་པའི་བྱ་བ་ཡང་ཟོ་མདོག་བདེ་བ་ཐམས་ཅད་བྱེད་དོ། །དེ་དག་གིས་ནི་རྩ་བའི་རླུང་ལྔ་བཤད་དོ། །ཡན་ལག་གི་རླུང་བཤད་པར་འདོད་ནས་གསུངས་པ། རྒྱུ་བའི་རླུང་ནི ་གཟུགས་སོ། ཞེས་བ་ནི་གཟུགས་ཀྱི་ཡུལ་མ་ཡིན་པས་འདི་ནི་གཟུགས་སོ། །བཤད་པ་རྫི་མ་འགུལ་བ་དང། མིག་གི་ཐོ་ཡུལ་གྱི་ཚོར་བ་ཉིད་དང། མིག་ཟློག་པ་ཉིད་དང། འགུལ་བ་ཉིད་དང། དང་བ་ཉིད་དང། ལྟ་བ་ཉིད་དང། སྡུད་པ་ཉིད་དང། མི་འབྲལ་བ ་ཉིད་དང། ཡུལ་ལ་ཆགས་པར་བྱེད་པ་ཉིད་དང། མིག་གི་རྣམ་པར་ཤེས་པ་གོ་འབྱེད་པ་ཉིད་དང། གཟུགས་ཀྱི་འདོད་པ་འབྱུང་བ་ཉིད་དང། ཟློག་པ་ཉིད་ཀྱི་ཡང་ཕྱིར་རོ། །མིག་ལ་ཇི་ལྟ་བར་རྣ་བ་ལ་སོགས་པར་ཡང་དེ་དེ་བཞིན་ནོ། །དཀྱིལ་འཁོར་བཞི་ནི ་ས་དང། ཆུ་དང། མེ་དང། རླུང་དག་གོ་།ལྷ་མོ་བཞི་ནི་གོས་དཀར་མོ་ལ་སོགས་པ་སྟེ། འདི་དག་ཅི་རིགས་སུ་སྦྱར་བར་བྱའོ། །དེ་དག་ཀྱང་སྟེང་གི་སྒོ་ལས་འབྱུང་བའི་དུས་སུ་ཁ་དོག་གང་དུ་འབྱུང་བ་དང། གནས་གང་དུ་འབྱུང་བ་དང། རིགས་གང་གི་ངོ་བོར་འབྱུང ་བ་དང་དུས་ཇི་ཙམ་ནས་འབྱུང་བ་དང་གྲངས་དུར་འགྱུར་བ་མི་ཤེས་ནས་དྲིས་པ་དང། ལན་དུ། དཔལ་དེ་ཁོ་ན་ཉིད་བསྡུས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ལྔ་ཡི་རིགས་གནས་པར་ཞེས་པ་ནི་འབྱུང་ཞེས་སྦྱར་ཏེ། སངས་རྒྱས་ལྔའི་རིགས ་དང་མཐུན་པར་འབྱུང་ཞེའོ། །གནས་གང་ནས་འབྱུང་ཞེ་ན། སྣ་རྩའི་བུ་ག་ལས་ཏེ། རང་གི་སྣའི་བུ་ག་ནས་འབྱུང་ཞེའོ། །དུ་འབྱུང་ཞེ་ན། རླུང་ལྔ་སྟེ། སྲོག་འཛིན་པ་ལ་སོགས་པའོ། །དེ་ཉིད་རྒྱས་པར་བཤད་དོ། གཡས་པ་གནས་ནི་འབྱུང་བའི་ཁམས ་ཞེས་པ་ནི་སྣེ་བུ་ག་གཡས་པ་ནས་འབྱུང་བའི་རླུང་སྟེ། བྱེད་པ་མེད་ཅིང་རང་གི་མཚན་ཉིད་འཛིན་པའི་ཕྱིར་འདི་ནི་ཁམས་སོ། །གང་ཡིན་ཞེ་ན། མེའི་དཀྱིལ་འཁོར་ཏེ། སྨིན་པར་བྱེད་པའི་བྱེ་བྲག་ཡོད་པ་ཉིད་ཀྱི་ཕྱིར་རོ། །ཁ་དོག་ཇི་ལྟར་དུ་ཡོད་ཅེ་ན། དམར ་པོ་སྟེ་དམར་པོ་ཚར་གྱུར་པའི་ཕྱིར་རོ། །ཆུང་བ་ནི་གཞི་དེ་ལ་གནས་པ་དཀར་པོ་དང། སེར་པོ་དང། ལྗང་ཁུ་དང། མཐིང་གའི་བྱེ་བྲག་ཉིད་དང་ཡང་ལྡན་པའི་ཕྱིར་རོ། རིགས་གང་ཡིན་ཞེ་ན། པདྨ་མགོན་པོ་སྟེ། མ་ཆགས་ཤིང་སྐྱོབ་པའི་ཕྱིར་རོ། །ཡང ་ན་མ་ཆགས་པའི་སེམས་དང་ལྡན་པ་ལ་སྐྱོབ་པའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་པདྨ་མགོན་པོ་ནི་ཚེ་དཔག་ཏུ་མེད་པ་སྟེ། དམར་བ་ཉིད་དང་སྨིན་པར་བྱེད་པ་ཉིད་དུ་མཐུན་པ་ཉིད་ཀྱི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །གཞན ་ལ་ཡང་དེ་ལྟར་ཤེས་པར་བྱའོ། །དེ་ལྟར་རླུང་གི་དེ་ཁོ་ན་ཉིད་བསྟན་ནས། ད་ནི་སྔགས་ཀྱི་དེ་ཁོ་ན་ཉིད་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་སློབ་མས་གསོལ་བ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པ་རྩ་བའི་རྒྱུད་ནི་རྩ་བ་ཁོ་ནའི་རྒྱུད་དོ། ། ་རྒྱུད་ཕྱི་མ་ནི་དོན་ཕྱི་མ་རྒྱས་པར་སྟོན་པའོ། །དེ་ལས་ཅི་གསུངས་ཤེ་ན། སྔགས་ཙམ་གསུངས་ཞེས་པ་ནི་གཞན་མ་གསུངས་ཏེ། ལྷག་མ་འགོག་པའོ། །འོ་ན་གང་ལས་གསུངས་ཤེ་ན། བཤད་པའི་རྒྱུད་ལས་ཏེ། འདི་བཤད་པའི་རྒྱུད་ཡིན ་པས་བཤད་པའི་རྒྱུད་དོ། །དེ་ལས་ཅི་གསུངས་ཤེ་ན། སྔགས་བཏུ་བ་ཞེས་པ་ལ་སོགས་པ་གསུངས་སོ། །ཞེས་བྱ་བར་སྦྱར་རོ། །དེ་ནས་བཤད་པའི་རྒྱུད་མ་རྟོགས་པའི་སྐྱོན་བཤད་པ་ནི་དེ་ན་བཤད་པའི་རྒྱུད་མ་རྟོགས་ཤིང་ཞེས་པ་ནི་བཤད་པའི ་རྒྱུད་ཀྱི་ཁོང་དུ་མ་ཆུད་པའོ། །ཕྱི་རོལ་གྱི་སྔགས་ནི་བསམ་གཏན་དང་བྲལ་བའི་སྔགས་ཏེ། དེ་ལ་མངོན་པར་ཞེན་པ་ནི་དེ་ལ་ཆགས་པ་སྟེ། ར་དཀར་གྱི་མར་བཞིན་ནོ། །དེས་ཅི་མི་རྟོགས་ཤེ་ན། དེ་ཁོ་ན་ཉིད་ཀྱི་དོན་མི་རྟོགས་པའོ། །དེ་བས ་ན་གང་དུ་བཤད་བའི་རྒྱུད་མ་རྟོགས་པས་ནི་ཕྱི་རོལ་གྱི་སྔགས་ཙམ་ལ་འཇུག་པར་འགྱུར་རོ། །ཕྱི་རོལ་གྱི་སྔགས་ཙམ་ལ་ཞུགས་པས་ནི་ནང་གི་སྔགས་ལ་འཇུག་པར་མི་ནུས་སོ། །ནང་གི་སྔགས་ལ་ཞུགས་པར་མ་གྱུར་པ་དེའི་ཚེ་ནང་གི་བསམ ་གཏན་དང་བྲལ་བར་འགྱུར་རོ། །ནང་གི་བསམ་གཏན་ལ་ཞུགས་པར་མ་གྱུར་པ་དེའི་ཚེ་རྣམ་པར་རྟོག་པ་སྤོང་བར་མི་འགྱུར་རོ། །རྣམ་པར་རྟོག་པ་མ་སྤངས་པ་དེའི་ཚེ་བདུད་ཀྱི་སླུ་བ་འབྱུང་ཞིང་མི་རྟོག་པའི་ཤེས་པ་མི་སྐྱེ་བར་འགྱུར་རོ། ། ་དེ་བས་ན་དང་པོར་སྔགས་ཀྱི་དེ་ཁོ་ན་ཉིད་ཤེས་པར་བྱའོ། །དེ་ཡང་གང་ལས་འབྱུང་ཞེ་ན། སྤྲུལ་ལ་སོགས་པའི་སྔགས་རྣམས་ནི་ཨཱ་ལི་དང་ཀཱ་ལི་ལས་འབྱུང་ཞེས་པ་ནི་སྤྲུལ་པ་ལ་སོགས་པའི་མཛའ་ཅན་དང། མཛའ་མེད་པ་དང། །བཏུས་པ་དང། སྦྲུལ ་ལྟ་བུ་སྟེ། དེ་དག་ནི་ཨཱ་ལི་དང། ཀཱ་ལི་འདུས་པ་ལས་ཡང་དག་པར་འབྱུང་སྟེ། དཔེར་ན་རི་ལས་གསེར་འབྱུང་ཞེས་པ་བཞིན་ནོ། །འོ་ན་ཡི་གེ་གསུམ་བརྡ་དང་བཅས་པ་གང་ལས་འབྱུང་ཞེ་ན། འདི་ལྟར་མི་ཤིག་པ་སྟེ། རླུང་མི་ཤིག་པ་ལས་བྱུང་བའོ། ། ་དེ་ཡང་ལྟེ་བའི་དབུས་གནས་རྒྱལ་པོ་ཡིས། །སྙིང་གའི་རླུང་ནི་བསྐྱོད་བྱས་ཏེ། །འབད་བ་མར་མེའི་རྩེ་ལྟ་བུས། །བརྡ་ཡི་སྔགས་ཀྱིས་སྐྱེད་པར་བྱེད་ཅེས་པ་ལྟ་བུའོ། །སྔགས་ཀྱི་རྒྱུ་བཤད་ནས། །སྔགས་བཏུ་བ་བཤད་པར་བྱ་སྟེ། སྔགས་པ་ཐམས་ཅད ་ནི་སྤྲུལ་ལ་སོགས་པ་སྟེ། དེ་ཡང་གསུམ་དུ་འགྱུར་རོ། །དཔེ་བསྟན་པ་འཇིག་རྟེན་ན་ཡང་སྐྱེས་པ་དང། བུད་མེད་དང་མ་ནིང་སྟེ་གསུམ་ཡོད་པ་བཞིན་དུ་སྔགས་ཀྱང་རྣམ་པ་གསུམ་མོ། །དེ་ཅིའི་ཕྱིར་ཞེ་ན། ཡི་གེ་གསུམ་ནི་སྔགས་ཐམས་ཅད་ཀྱི་བདག་པོ་སྟེ། འདི ་ལྟར་རིགས་བརྒྱད་དང་ལྔ་དང་རིགས་གསུམ་དང། དེ་ཡང་བདག་པོ་ཡིན་བཞིན་དུའོ། །དེ་ཇི་ལྟར་འགྱུར་ཞེ་ན། རེ་རེ་ཞིང་མི་ཤིག་པ་དང། ལྷན་ཅིག་ཅེས་པ་སྟེ། འབྱུང་བ་དང། འཇུག་པ་དང་གནས་པ་མི་ཤིགས་པའི་རྗེས་སུ་འཇུག་ཅིང་དེ་དང་ལྷན་ཅིག ་ཏུ་འགྱུར་རོ། །དེ་ནས་སྔགས་ཀྱི་ལས་བཤད་པའི་ཕྱིར། ད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་བྱ་བ་ནི་ལས་ཏེ་གང་གི་ཕྱིར་རླུང་གི་ལུས་ཀྱི་བྱ་བ་ལ་སོགས་པ་བྱེད་པ་བཞིན་དུ་སྔགས་ཀྱིས་ཀྱང་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། སྔགས་ནི་ནུས་པའི ་བདག་ཉིད་ཡིན་ཏེ། ནུས་པ་དང་ལྡན་པ་དེས་བྱ་བ་གཞན་ལ་འཇུག་པར་བྱེད་དོ། །དེ་ཡང་བསྐྱེད་པའི་བྱེད་པ་དང་ལྡན་པ་ནི་ཡི་གེ་གསུམ་ལས་ལྷའི་སྐུར་འབྱུང་སྟེ། འདི་ལས་ཨོཾ་ལ་སོགས་པ་འདུས་པ་དང་མ་འདུས་པ་ལས་ལྷའི་སྐུ་གཅིག་དང་དུ་མ ་ལ་སོགས་པ་འབྱུང་བར་འགྱུར་རོ། །འཛིན་པའི་ལས་ནི་ལུས་ཀྱི་མཚན་ཉིད་འཛིན་པ་སྟེ། འཕེལ་བ་དང་འགྲིབ་པ་དང་གནས་པར་བྱེད་དོ། །སེམས་ཅན་བསྐྱེད་ལམ་ནི་དབང་པོ་གཉིས་ནི་རྡོ་རྗེ་དང་པདྨ་སྙོམས་པར་འཇུག་པའི ་དུས་སུའོ། །ཐུར་དུ་བལྟས་པ་ནི་འདོད་ཆགས་ཀྱི་མེས་ཞུ་བར་གྱུར་པའོ། །གསང་བའི་སྣའི་བུ་ག་ནི་རྡོ་རྗེའི་སྤུ་གུ་ནས་འབྱུང་བའོ། །ཅི་བྱེད་ཅེ་ན། སེམས་ཅན་རྣམས་བསྐྱེད་དེ། མེར་མེར་པོ་ལ་སོགས་པ་རིམ་གྱིས་སྐྱེ་བའོ། །དེ་ཉིད་ཀྱིས་མཆོག་འགྲུབ ་པའི་ལས་ནི་སྲོག་དང་རྩོལ་བ་སྟོད་དུ་སོང་སྟེ། སྟེང་གི་སྣའི་བུ་ག་ལས་བྱུང་ནས་དབང་པོའི་སྒོ་སད་པ་ནི་དབང་པོ་ལ་གནས་པའི་རྩ་ཁ་བྱེ་བའོ། །གཡོན་དང་གཡས་ལ་སོགས་པའི་རིམ་པས་ཤེས་པ་ནི་ཐུན་ཕྱེད་པ་དང་པོ་ལ་སོགས་པའི་བྱེ་བྲག་གི ་གྲངས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འཐོན་བའོ། །ལྷུན་གྱིས་གྲུབ་པ་ནི་རྡོ་རྗེ་བཟླས་པ་སྟེ། རྡོ་རྗེ་དང་འདྲ་བར་བྱེད་པའི་ཕྱིར་རོ། །དེས་ནི་མཆོག་གི་དངོས་གྲུབ་འགྲུབ་པར་འགྱུར་རོ། །ཐུན་མོང་གི་དངོས་གྲུབ་སྒྲུབ་པའང་བསྟན་པར་བྱ་སྟེ། ལྕེ་རྩེ་ཤིན་ཏུ་མི ་བསྐྱོད་ཞིང་ཞེས་པ་ནི་གཡོ་བར་མི་འགྱུར་བའོ། །ཞི་བ་ནི་ལྟེ་བའི་རླུང་བརྟེན་པའི་བཟླས་པས་ནི་ཞི་བ་དང་བསྲུང་བ་འགྲུབ་པར་འགྱུར་རོ། །སྙིང་གའི་རླུང་ལ་བརྟེན་པའི་བཟླས་པས་ནི་རྒྱས་པ་སྟེ། ལོ་ཏོག་སྒྲུབ་པ་དང། བུ་ཚ་བསྐྱེད་པ་དང་ནོར་ཕྱུགས ་འཕེལ་བ་དང། བཅུད་དགུག་པ་དང། ཚེ་སྲིང་བ་ལ་སོགས་པ་འགྲུབ་པར་འགྱུར་རོ། །མགྲིན་པའི་རླུང་ལ་བརྟེན་པས་ནི་དབང་སྟེ། ལྷའི་བུ་མོ་དགུག་པ་ལ་སོགས་པ་དང། རྒྱལ་པོ་ལ་སོགས་པ་དབང་དུ་བྱ་བ་དང། །བུགས་སུ་གཞུག་པ་ཡང་ངོ། ། ་གསང་བའི་རླུང་ལ་བརྟེན་པས་ནི་དྲག་པོ་སྟེ། རྨོངས་པ་དང། རེངས་པ་དང། ལྐུགས་པ་དང། སྨྱོ་འབྲོས་པ་དང། བསད་པ་དང། བསྐྲད་པ་དང། དབྱེ་བ་དང། འཐབ་པ་དང། དབྲལ་བ་དང། གཡུལ་བཟློག་པ་དང། རི་རབ་བཤིག་པ་ལ་སོགས་པ ་འགྲུབ་པར་འགྱུར་རོ། །ཟས་སྦྱོང་བ་ལ་སོགས་པའི་ལས་བསྟན་པའི་ཕྱིར། ཡི་གེ་གསུམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡི་གེ་གསུམ་པོ་འདིས་ཟས་སྦྱོང་སྟེ་།ཱ(རྒྱུད་འགྲེལ་ཧཱུཾ་གིས་ནི་སྦྱོང་བར་བྱེད་པའོ། །ཡང་ན་དེ་ལས་བཟློག་བ་སྟེ་ཅི་རིགས་སོ། །ཁ་ཟས་ནི་རྟོག་པ་མེད་བའི་དབང་དུ་བྱས་ཏེ། ཤ་ལྔ་ལ་སོགས་པའོ། །ཡང་ན་ནི་སྤྱི་པོ་དང། མགྲིན་པ་དང། སྙིང་ག་སྦྱོང་བ་སྟེ། །ངེས་སུ་བྱེད་པའི་ལས་ཅན་ནོ། །གཞན་གོ་སླའོ། །དེ་ནས ་ཡི་གེ་བཏུ་བ་སྟོན་ཏོ། །དེ་ལ་ཡི་གེ་བཏུ་བ་འདི་ཡང་གང་ལས་ཤེས་ཤེ་ན། དགོངས་པ་ལུང་སྟོན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་ཚོགས་ཀྱི་འཁོར་ལོའི་དབང་དུ་བྱས་ཏེ། རྣལ་འབྱོར་པ་ལྷའི་དཀྱིལ་འཁོར་དུ་བྱས་པ་དགུ་ནི་གཙོ་བོའོ། །དེའི ་དབུས་ན་རིགས་དང་པོའི་ངོ་བོ་གཅིག་པོ་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །འདི་ཡང་བཅུར་གྱུར་པ་ནི་མེད་དོ། །ཡང་ན་ཤ་དང་བདུད་རྩི་བཅུ་ལ་སྤྱོད་ཀྱང་ངེས་མ་བཅིངས་པ་ནི་དེའི་རྟོག་པ་དང་བྲལ་བའོ། །དེ་ནི་བཅིངས་མེད་ཅེས་བྱ་སྟེ་ཞེས་པ་ནི་ཆགས་བ ་མེད་པ་སྟེ། ཡི་གེ་ལས་བྱུང་བའི་དབང་དུ་བྱས་པའོ། །ཡང་ན་དང་པོ་ནི་ཡི་གེ་དྲུག་སྟེ། དེའི་གཅིག་ནི་ཡི་གེ་ཨའོ། །དགུའི་དབུས་ན་ཞེས་པ་ནི་ཤེས་རབ་ཀྱི་སྡེ་ཚན་རིང་པོ་དང་ཐུང་ངུའི་བྱེ་བྲག་གིས་དགུའི་དབུས་ནའོ། །གང་ཞིག་བཅུ་ཡིས་མ་བཅིངས ་པ་ནི་འདི་ལ་སྡེ་ཚན་བཅུ་པ་ནི་མེད་དོ་ཞེའོ། །དེ་ཤེས་པ་ནི་མཆོག་གི་གནས་ཤེས་པ་ནི་མཆོག་ཐོབ་པའི་རྒྱུའོ། །ཡང་ན་དང་པོ་གཅིག་ནི་བྱང་ཆུབ་ཀྱི་སེམས་ཀྱི་ས་བོན་ཡི་གེ་ཨའི་གཟུགས་ཅན་ནོ། །འདི་ནི་བུ་ག་དགུའི་དབུས་སྙིང་གི་ནང་ན་གནས་པའོ ་འདི་ལ་དྲུག་བཅུའི་བར་གྱུར་པ་ནི་གང་ཡང་མེད་དོ། །དེ་ནི་མཆོག་གི་གནས་ཏེ་སྙིང་གའི་འཁོར་ལོའོ། །ས་བཅིངས་བ་ནི་ཨ་དང་རྗེས་སུ་འཇུག་པའོ། །དེ་ཤེས་བའི་ཁྱད་པར་བསྟན་པ་གང་གིས་དེ་ཤེས་འགྲོ་བའི་བླ་ཞེས་པ་ནི་ཡི་གེའི་དོན་དེ་གང་གིས་གང ་གི་སྒོ་ནས་ཤེས་རབ་གསུམ་མཐར་ཕྱིན་པ་བསླབས་པ་དེ་ནི་འགྲོ་བ་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་བའོ། །འཇིག་རྟེན་ལས་འདས་པའི་ཡོན་ཏན་བསྟན་པའི་ཕྱིར་རོ། །གང་གིས་ཤེས་ནས་ཤེས་པ་ལ་སོགས་པ་སྨོས་ཏེ། གང ་གིས་ཡི་གེ་ཤེས་པ་དེ་ནི་ཉོན་མོངས་པ་དང། ཤེས་བྱའི་སྒྲིབ་པ་ལ་སོགས་པ་རྣམ་པར་གྲོལ་ཞེའོ། །འབྱུང་བའི་མཛའ་ནི་ཀྵ་སྟེ། འདིས་རྣལ་འབྱོར་པའི་གསང་བའི་གཞལ་ཡས་ཁང་དུ་བཞུགས་ནས་ལས་ཐམས་ཅད་བྱེད་དོ། །གཞན་གོ་སླའོ། ། ་ཆ་ལ་སོགས་པ་བཅུ་དྲུག་གནས་ཞེས་པ་ནི་ཧའོ། །ལྔ་པ་ལྔ་ནི་མི་སྟེ་ཧཾ་ངོ། །བཞི་ནི་གསུམ་དུ་ངེས་པར་སྦྱར་ཞེས་པ་ནི་ཧཾ་དང་ཀྵ་ལ་སོགས་པ་ལ་བརྟེན་ནས་འདིར་རྣལ་འབྱོར་བས་དབུགས་དབྱུང་བ་དང་འཇུག་པ་དང་གནས་པ་ལ་བསླབ་པར་བྱའོ། །ཞེའོ། ། ་ཡི་གེ་གསུམ་པོ་གང་ཞེ་ན། ཨཱཾ་ནི་ཨཱཾ་སྟེ་གནས་པའོ། །རིང་པོ་ནི་ཧཱུཾ་ཞེས་པའོ། །ཡོན་ཏན་སྦྱོར་བ་ནི་ཚ་བསྲིང་བ་ལ་སོགས་པ་སྟེ་ཨཾ་ངོ། །ཐུང་ངུ་ནི་ཨ་ཐུང་ངུ་སྟེ། ངག་མ་ལུས་པའི་རྒྱུར་གྱུར་ཞིང་ལྷན་ཅིག་ཏུ་གནས་ཤེས་པའོ། །དོན་དམ་པར་ན་ཡི ་གེ་ཞེས་བྱ་བ་ཇི་ལྟ་བུ་ཡིན་ཞེ་ན། གཅིག་མིན་དུ་མ་མ་ཡིན་ཏེ། གཅིག་དང་དུ་མའི་རྣམ་དང་བྲལ་ཤེའོ། །ཡའི་དོན་གྱིས་ཅི་ཡང་རླུང་ཞེས་པ་ནི་ཡ་ནི་རླུང་སྟེ། གསང་བའི་རླུང་ལ་བརྟེན་པས་ནི་དྲག་པོའི་ལས་ཐམས་ཅད་འགྲུབ་པར་འགྱུར་བའོ། ། ་གཞན་གང་དུ་བཤད་བར་བས་སོ། །སྔགས་ཀྱི་དེ་ཁོ་ན་ཉིད་ནི་སྔགས་མ་ནོར་བ་སྟོན་པས་སྔགས་ཀྱི་དེ་ཁོ་ན་ཉིད་དོ། །དེ་ལ་གོང་དུ་རླུང་དུ་ཞེས་བྱ་བ་དེ་ཉིད་མི་ཤེས་ནས་དྲིས་པ་དང། ལན་དུ་འདི་ན་གསུང་རབ་འཆད་པ་དག་ནི་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། འཇིག་རྟེན་གྱི་ཁམས་འདི་ནི་དེ་བཞིན་གཤེགས་པའི་གསུང་རབ་འཆད་པ་དང། ཉན་པ་དང་ཀློག་པ་དང། ཁ་ཏོན་བྱེད་པ་ལ་སོགས་པའོ། །བྱཱ་ཀ་ར་ཎའི་ཚིག་སྔོན་དུ་བྱས་ནས་ཞེས་པ་ནི་བྱཱ་ཀ་ར་ཎའི་སྒྲ་དངོས་པོ་དང་ལས ་ཀྱི་ས་ལ་སོགས་པ་སྔོན་དུ་བཏང་བའི་སྒྲའི་དོན་འབའ་ཞིག་གི་རྗེས་སུ་འབྲང་གི་ཞེས་པ་ནི་སྒྲ་གང་ལ་འཇུག་པའི་དོན་ལ་མ་ཡིན་ནོ། ཞེའོ། །ཡི་གེའི་དོན་ལ་གང་དུ་འཇུག་ན་སྐབས་འདིར་དོན་ལ་ཐོས་པ་ལ་སོགས་པས་མཛུབ་མོས་ཟླ་བ་བསྟན་པ་ལྟར་ནི ་མ་ཡིན་ཞེའོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཏེ། ཤུགས་ཀྱིས་དམ་པ་མ་ཡིན་པ་རྣམས་ཀྱི་ཡུལ་མ་ཡིན་པར་བསྟན་ཏོ་ཞེའོ། །འོ་ན་སྒྲ་ཡང་གང་གི་རང་བཞིན་ཡིན་ཞེ་ན། དེའི་ཕྱིར་སྒྲ་ནི་ཨཱ་ལི་དང་ཀཱ་ལའི་རྣམས་ཀྱི་རང་བཞིན ་ཞེས་པ་སྟེ། རྗོད་པར་བྱེད་པ་ཐམས་ཅད་ནི་ཨཱ་ལི་དང་ཀཱ་ལའི་ངོ་བོ་ཉིད་དོ་ཞེའོ། །ཱ་ལི་དང་ཀཱ་ལི་ཞེས་པ་ཡང་གང་ཡིན་དུ་ཞིག་ཅེ་ན་དེའི་ཕྱིར། ཨཱ་ལི་ནི་ཨ་ལ་སོགས་པ་སྟེ། འདི་ལ་བཅུ་དྲུག་ཡོད་པས་ན་འདི་ནི་བཅུ་དྲུག་གོ་།ཀཱ་ལི་ནི་ཀ་ལ་སོགས ་པ་སྟེ། སྡེ་ཚན་བདུན་ནོ། འདི་ལ་སུམ་ཅུ་རྩ་གསུམ་ཡོད་པས་ན་འདི་ནི་སུམ་ཅུ་རྩ་གསུམ་མོ་གཞན་གོ་སླའོ། །ཀའི་དོན་དང་དེ་སྟོན་པའི་སྒྲ་ལ་སོགས་པ་ཨ་ལས་འབྱུང་ངོ། ཞེས་པ་དེ་ཡང་གང་ལས་ཤེས་ཤེ་ན། དེའི་ཕྱིར་བཅོམ་ལྡན་འདས ་ཀྱིས་ལངཀར་གཤེགས་པའི་མདོ་ལས་གསུངས་ཞེས་པ་ལ་སོགས་པ་སྨོས་ཏེ། འདིར་ལངཀར་གཤེགས་པ་ཁོ་ན་ལས་གསུངས་ཞེས་པ་ནི་མ་ཡིན་ཏེ། གསུང་བ་ཁོ་ན་ཞེས་སྦྱར་རོ། །དཔེ་དགོད་པའི་ཕྱིར། སྐྱེས་བུ་ལ་ལ་ཞིག་ཅེས་པ་ལ་སོགས ་པ་ནི་གོ་སླའོ། །ཚིག་དང་དག་ལ་སོགས་པ་ནི་མིང་དང་ཡི་གེ་དང་བསྟན་བཅོས་ཏེ། དེའི་བྱེ་བྲག་གམ་ཁྱད་པར་རྣམ་པར་ཤེས་པ་ནི་གང་ཡིན་ཞེ་ན། ལན་དུ་ཨ་ཞེས་བྱ་བ་འདི་ཡིན་ཏེ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཨ་ཞེས ་བྱ་བ་ནི་མི་ཤིགས་པའི་ཐིག་ལེ་སྟེ། སྒྲ་ཐམས་ཅད་ཀྱི་རྒྱུར་གྱུར་པའོ། །དེ་ཉིད་དགོངས་པ་ཅན་ཡིན་ནོ་ཞེ་ན། མ་ཡིན་པའི་ལུང་གཞན་ཡོད་པའི་ཕྱིར། མཚན་ཡང་དག་པར་རྗོད་པ་ལས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །གང་གིས ་གང་གི་མཚན་དང་དཔེ་བྱད་ངེས་པར་བརྗོད་པ་དེ་ལ་དེ་སྐད་ཅེས་བྱའོ། ། ནི་ཡིག་འབྲུ་ཀུན་གྱི་མཆོག་ཅེས་པ་ནི་ཡི་གེ་གང་ལས་མཆོག་ཏུ་གྱུར་པ་དེ་ནི་ཡིག་འབྲུ་ཀུན་གྱི་མཆོག་སྟེ། ཡི་གེ་ཐམས་ཅད་སྐྱེད་པ་དང ་ཁྱབ་པ་ཉིད་དོ། །དེ་ཉིད་བསྟན་པ། དོན་ཆེན་ཡི་གེ་དམ་པ་ཡིན་ཞེས་པ་ནི་དོན་ཁྱད་པར་ཅན་སྟོན་པ་ཉིད་དང། འབྱུང་བ་ཉིད་དང། འཐོབ་པ་ཉིད་ལ་སོགས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །ཁོང་ནས་འབྱུང་བ་སྐྱེ་བ་མེད་ཅེས་པ་ནི་གང་ཁོ་ནས ་འབྱུང་བ་དེ་ནི་ཁོང་ནས་འབྱུང་བ་སྟེ། སྐྱེས་བུ་རྣམས་ཀྱི་སྙིང་གི་ནང་ནས་འབྱུང་བའོ། །ཚིག་དུ་བརྗོད་པ་སྤངས་པ་སྟེ། ཞེས་པ་ནི་དག་གི་བརྗོད་པ་ལས་འདས་ཞེས་པའི་ཐ་ཚིག་གོ་།བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག་ཅེས་པ་ནི་ཨཱ་ལི་དང་ཀཱ་ལི་ཐམས ་ཅད་འབྱུང་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཚིག་ཀུན་རབ་ཏུ་གསལ་བར་བྱེད་ཅེས་པ་ནི་སྒྲ་ཐམས་ཅད་གསལ་ཞིང་ཟུར་ཕྱིན་པར་བྱེད་ཅེའོ། །དེ་སྐད་གསུངས་པ་ནི་ཐུབ་པ་ཆེན་པོས་བཀའ་སྩལ་པའོ། །ལུང་གཞན་ལས་ཀྱང་གསལ ་བར་སྟོན་པ་ཡོད་པས་དེའི་ཕྱིར་སྨྲས་པ། དེ་བས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསམ་གཏན་མ་ལུས་པའི་སྒོ་ནི་ཐབས་ཏེ། གང་གིས་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཐོབ་པའི་ཐབས་སུ་གྱུར་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི ་ཚིག་ནི་དེ་སྟོན་པའི་སྒྲའི་ཚོགས་སོ། །དེའི་རྒྱུར་གྱུར་པ་དང་ཁྱབ་པ་ལ་སོགས་པ་གང་ཡིན་ཞེ་ན། ཨའོ། དེའི་རང་གི་མཚན་ཉིད་ཅི་ལྟ་བུ་ཞེ་ན། སྐྱེ་བ་མེད་པ་སྟེ། གང་ལ་སྐྱེ་བ་དང་བྲལ་བ་དེ་ནི་སྐྱེ་བ་མེད་པའོ། །སྐྱེ་བ་མེད་པ་ཞེས་བྱ་བ་ཡང་ཡོད་པའི ་ཐ་སྙད་འགོག་པ་འབའ་ཞིག་ཏུ་ཟད་ཀྱིས་མེད་པའི་ཐ་སྙད་བསྒྲུབ་པ་ནི་མ་ཡིན་ནོ་ཞེའོ། །དེ་ཅིའི་ཕྱིར་ཞེ་ན། མེད་པར་འགག་པ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ལྷན་ཅིག་སྐྱེས་པའི་ཡི་གེ་ཡིན་པར་ཡང་གསུངས་ཏེ་ཞེས་པ་ནི་གང་སྐྱེ་བ་མེར་མེར ་པོ་ལ་སོགས་པའི་དུས་ན་སྐྱེ་བ་སྟེ། དེ་ཡང་གང་ལས་ཤེས་ཤེ་ན་དེའི་ཕྱིར། རྡོ་རྗེ་དཀྱིལ་འཁོར་བརྒྱན་ཅེས་བྱ་བའི་རྒྱུད་ལས་ཤེས་བྱ་བ་ལ་སོགས་པ་སྨོས་ཏེ། རྡོ་རྗེའི་དཀྱིལ་འཁོར་ནི་རྡོ་རྗེའི་དཀྱིལ་འཁོར་ཏེ། རྡོ་རྗེ་སེམས་དཔས་གཙོ་བོ་བྱས་པའོ། ། ་དེ་ལ་མཛེས་པ་འམ་དེས་མཛེས་པར་བརྒྱན་ཏེ། དེའི་གཞུང་གི་ཚོགས་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལས་ཅི་བསྟན་ཅེ་ན། དེའི་ཕྱིར་སྙིང་གི་དབུས་ན་མི་ཤིགས་པ་ཞེས་པ་ནི་གནས་བསྟན་པ་སྟེ། གང་ན་གནས་ན་སྙིང་གི་དབུས་ཏེ ་སྙིང་གི་དབུས་ན་རྩ་པདྨ་འདབ་བརྒྱད་པའི་ཚུལ་ཅན་གྱི་དབུས་སུའོ། །གང་གནས་ཤེ་ན། མི་ཤིགས་པ་སྟེ་རླུང་མི་ཤིགས་པ་རྒྱལ་པོ་ཨའི་ངོ་བོར་གནས་སོ། །ཇི་ལྟར་གནས་ཤེ་ན། འབར་ཞིང་ཞེས་པའོ། །དཔེ་ཉིད་བཤད་པ། མར ་མེ་དག་ཀྱང་མཚུངས་ཞེས་པ་ནི་གང་ལས་གསལ་ཞིང་མི་གཡོ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་དོན་ཉིད་བཤད་པ་མི་འགྱུར་མཆོག་ཏུ་ཕྲ་བ་སྟེ་ཞེས་པ་ནི་དངོས་པོ་དང་མཚན་མ་གཞན་དུ་མི་འགྱུར་ཞིང་རྟོག་གེ་པས་མི་ཤེས ་པས་དེའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །དེ་བས་ན་ཞེས་བྱ་བ་ནི་དེའི་ཕྱིར་ཏེ། གང་གིས་གང་དུ་བཤད་པ་དེའི་ཕྱིར་ཞེའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཨའི་རིགས་སུ་གྱུར་པ་ནི་མི་གཡོ་བར་གྱུར་པ་སྟེ། གང་རྣམ་པར་རྟོགས་པ ་ཐམས་ཅད་གཡོ་བ་མེད་པ་དེ་ལ་དེ་སྐད་ཅེས་བྱའོ། ། རྒྱུར་གྱུར་པ་ནི་ཨས་ལུས་སྐྱེད་པར་བྱེད་པ་དང། ཨ་ལས་ངེས་པར་བྱུང་བ་ནི་ཡི་གེ་འབྱུང་བར་བྱེད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །བརྗོད་བཞིན་པ་ནི་འགག་པའི་ངོ་བོ་ཉིད ་ཅེས་པ་ནི་ངག་གི་ཚོགས་ཐམས་ཅད་སྐད་ཅིག་མ་སྟེ། གང་ཕྱིས་བརྗོད་པར་འབྱུང་བ་ན་སྔར་བརྗོད་པ་འགགས་ཏེ་དཔེར་ན་ཆུ་བོ་བཞིན་ནོ། །རྣམ་པར་རྟོག་པའི་མཚན་ཉིད་ཅན་ཞེས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་རྟོག་བཅས་ཀྱི་གཟུང ་བའི་ཆོ་གའོ། །དེ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ནས་ཞེས་པ་ནི་དངོས་པོ་དང་མཐུན་པ་སྟེ། ཡིད་ཀྱི་རྣམ་པར་ཤེས་པའི་གཟུང་བའི་ཆ་ཡིན་པ་དང། ཨ་ལས་བྱུང་བར་ཤེས་པའོ། །སྒྲ་དང་སྒྲ་མ་ཡིན་པ་ལ་བལྟོས་པ ་མེད་པ་ཡང་ཨ་ལས་བྱུང་བར་ཤེས་པའོ། །སེམས་ཅན་གྱིས་བསམ་པའི་དབྱེ་བས་ཤེས་པ་ནི་སེམས་ཅན་གྱི་བསམ་པའི་ཚོགས་དཔག་ཏུ་མེད་པ་དང། མཐུན་པར་སྒྲ་སྣ་ཚོགས་ཀྱིས་ཆོས་སྟོན་པའོ། །དེའི་ཅིའི་ཕྱིར་ཞེ་ན། གང་གིས་ངག ་གཅིག་པས་ནི་གང་ཡང་འདུལ་བར་མི་འགྱུར་བར་དགོངས་སོ། །ཡི་གེ་ཡང་དོན་དམ་པར་ཡོངས་སུ་དག་པ་ཡིན་ནོ་ཞེའོ། །དེ་ཡང་གང་ལས་ཤེས་ཤེ་ན། དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་ལ་རྟོན་པ ་ནི་དོན་ལ་བརྟག་པ་སྟེ། རྒྱུད་དང་ལམ་དང་འབྲས་བུ་ལ་དཔྱད་ཅིང་དེ་སྔོན་དུ་བྱའོ། །ཡི་གེ་ལ་རྟོན་པར་མི་བྱ་བ་ནི་ཡི་གེ་ལ་དཔྱད་པ་དང། ཡི་གེ་མངོན་དུ་མི་བྱའོ། །འོ་ན་ཡི་གེ་ལ་མི་རྟོན་པ་ཅིའི་ཕྱིར་ཞེ་ན། དེའི་ལན་དུ་ཡི་གེའི་རྗེས་སུ་འཇུག་པ་ནི་ཡི ་གེ་ལ་གཞོལ་བའོ། །དེས་ཅིར་འགྱུར་ཞེ་ན། དོན་ཉམས་པར་བྱེད་ཅིང་གཞན་ཡང་ཁོང་དུ་ཆུད་པར་མི་བྱེད་དོ། ཞེས་པ་ནི་དོན་བརྗོད་པ་ལས་འདས་ཏེ། ཡི་གེ་ལ་རྟོག་ན་ནི་ཆོས་ཐམས་ཅད་རང་བཞིན་མེད་པ་མི་རྟོགས་པའོ། །དེ་ཅིའི་ཕྱིར ་ཞེ་ན། བརྗོད་པ་དང་བྲལ་བ་ནི་གཅིག་གིས་གཅིག་སྤངས་པ་སྟེ། རྟ་དང་བ་གླང་བཞིན་ནོ། །ཡི་གེ་ལས་གཞན་པ་ནི་དོན་དམ་པ་སྟེ། ཡི་གེ་བརྟེན་པས་ཤེས་པར་མི་འགྱུར་བ་ནི་གོང་བཞིན་ནོ། །དེ་བས་ནི་ཡི་གེ་ནི་དོན་དམ་ཡིན་ནོ། །འོ་ན ་ཡི་གེས་དོན་མི་བརྗོད་པ་མ་ཡིན་ནམ། ཡི་གེ་ཞེས་བྱ་བ་འདིས་ཅི་ཞིག་བྱེད་ཅེ་ན་མ་ཡིན་ཏེ། ཡང་དག་པའི་དོན་བརྗོད་པའི་བརྡར་གྱུར་པའི་ཕྱིར་རོ། །འོ་ན་དེས་བརྗོད་པར་འགྱུར་རོ་ཞེ་ན་འང་མ་ཡིན་ཏེ། བརྗོད་པར་བྱ་བ་མི་འགྲུབ་པའི་ཕྱིར་རོ། ། ་འོ་ན་དེས་ཅི་ཞིག་བྱེད་ཅེ་ན། བརྡ་བྱེད་པའི་ཕྱིར་རོ། །བརྡ་ཞེས་བྱ་བ་ནི་ཅི་ཞིག་བསྟན་བྱའོ། །ཡོད་པ་མ་ཡིན་པས་མི་རུང་ངོ་ཞེ་ན་མ་ཡིན་ཏེ། དངོས་པོ་མེད་པ་ཉིད་བསྟན་བྱའོ། །བསྟན་བྱ་ཞེས་བྱ་བ་ཡང་ཅི་རྫས་སུ་ཡོད་པ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ་། ་རྫས་སུ་མེད་པ་ལ་ཡང་དེ་ལྟར་སྣང་བའི་བློ་སྐྱེ་སྟེ། གང་ལ་ཅི་ལྟར་སྣང་བ་དེ་ནི་བསྟན་བྱའོ། །འོ་ན་དེ་ཉིད་བརྗོད་པར་བྱ་བ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། བརྗོད་པར་བྱ་བ་ཡང་མ་གྲུབ་པའི་ཕྱིར་རོ། །འོ་ན་ཡི་གེར་སྣང་བ་ཉིད་ཡོད་པ་མ་ཡིན་ནམ། ཅིའི་ཕྱིར་དེ ་ལ་མེད་ཅེས་བྱ་ཞེ་ན། མ་ཡིན་ཏེ། ཡི་གེ་ཡང་སྣང་བ་ཙམ་ཉིད་ན་རང་བཞིན་གྱིས་རྣམ་པར་དག་པ་སྟེ། མེ་ལོང་གི་གཟུགས་བརྙན་ཡིན་ནོ། །འོན་ཀྱང་ཀུན་རྫོབ་ཏུ་ནི་དོན་བྱེད་པའི་ངོ་བོར་རྣམ་པར་གནས་སོ། །བརྡ་ཞེས་བྱ་བ་ཡང་ཇི་ལྟ་བུ་ཞིག་ཅེ་ན། ལ ་ལས་སོར་མོའི་རྩེ་མོ་གཅིག་ལ་དངོས་པོ་གཅིག་ཅེས་བྱ་བ་ལ་སོགས་པ་སྨྲོས་ཏེ། སོར་མོའི་རྩེ་མོས་བསྟན་པ་ནི་བྱིས་པ་ལ་སོར་མོ་བསྒྲེངས་ཏེ་དེས་ཟླ་བ་བསྟན་ན་དོན་ལ་རྟོག་པ་ནི་ནམ་མཁའ་ཨི་ཟླ་བ་རྟོག་པ་བཞིན་ནོ། །སྒྲ་ལ་རྟོག་པ་ནི་སོར་མོ་ཟླ་བར་རྟོག་པ ་བཞིན་ནོ། །སོར་མོ་འདིས་ཟླ་བ་སྟོན་པ་ནི་གཞན་ལ་ཤེས་པ་བསྐྱེད་པའི་དོན་དུ་བརྡ་ཕྲད་སླ་བར་བྱེད་དོ། །དངོས་པོ་ལ་ནི་དེ་ལྟ་མ་ཡིན་ནོ། །གཞན་ཡང་སྒྲ་ལ་ནི་དོན་མེད་ཀྱི་སོར་མོ་བཞིན་ནོ། །དོན་ལ་ནི་དོན་ཡོད་པར་འགྱུར་ཏེ་ནམ་མཁའ་ཨི་ཟླ་བ་བཞིན་ནོ། ། ་དོན་མེད་པའི་སྙས?་ཀྱང་དེ་སྟོན་པར་མི་ནུས་ཏེ། མཛུབ་མོས་ཟླ་བ་སྟོན་པ་བཞིན་ནོ། །གཞན་གོ་སླའོ། །ཚིག་ལ་ཡང་དབྱེ་བ་དུ་ཞིག་ཅེ་ན། རྣམ་པ་བཞི་ཡོད་དེ་ཞེས་པ་ནི་འདི་ལ་བཞི་ཡོད་པས་ན་རྣམ་པ་བཞིའོ། །དེ་ཡང་གང་ཞེ་ན། མཚན་ཉིད་ཀྱི་ཚིག ་དང་ཞེས་པ་ལ་སོགས་པའོ། །དེ་ཉིད་མི་ཤེས་ནས་དྲིས་པ། མཚན་ཉིད་ཀྱི་ཚིག་ཀྱང་གང་ཡིན་ཞེ་ན། རང་གི་རྣམ་པར་རྟོག་པ་གཟུགས་ལ་མཚན་མར་མངོན་པར་ཞེན་པ་ལས་བྱུང་ངོ་ཞེས་པ་ནི་གཟུགས་ཀྱི་ཤེས་པ་རྐྱེན་བཞི་ལས་སྐྱེས་པས་ཏེ། དེ ་ལས་ཡི་གེའི་གཟུགས་སྣང་ངོ། །དེ་ལས་སྒྲར་འབྱུང་ངོ། །དེ་བས་ན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལ་རྨི་ལམ་གྱི་ཚིག་གང་ཞེ་ན། མངོན་མྱོང་བའི་ཡུལ་རྗེས་སུ་དྲན་པ་ནི་རྨི་ལམ་ཡིན་པའི་དུས་ན ་མྱོང་བའི་ཡུལ་གྱི་བག་ཆགས་ཤེས་པ་ལ་ཡོད་པའོ། །དེའི་བག་ཆགས་རྨི་ལམ་ནི་མྱོང་སྟེ། དེ་ལས་བྱུང་བའི་ཚིག་དང། རྟོག་པའི་ཡུལ་མེད་པ་ལས་བྱུང་བ་ནི་སྔོན་མ་མཐོང་བའི་ཡུལ་རྨི་ལམ་ན་མཐོང་སྟེ། དེ་ལས་བྱུང་བའི་ཚིག་གོ ་དེ་ལ་རྨི་ལམ་གྱི་ཚིག་ཅེས་ཅིའི་ཕྱིར་ཞེ་ན། རྨི་ལམ་ན་བརྡར་བཏགས་ཀྱང་རུང། སང་ནས་བརྡར་བཏགས་ཀྱང་རུང་སྟེ། རྨི་ལམ་གྱི་ཡུལ་ལས་བྱུང་བའི་ཕྱིར་རྨི་ལམ་གྱི་ཚིག་ཅེས་བྱའོ། །གནས་ངན་ལེན་གྱི་རྣམ་པར་རྟོག་པ་ལ་མངོན་པར ་ཞེན་པའི་ཚིག་གང་ཞེ་ན། སེམས་ཅན་རྣམས་ཀྱི་མངོན་བྱས་པའི་ལས་ནི་ཐོག་མ་མེད་པའི་ལུས་ནས་བསགས་པའི་དགེ་པ་དང། མི་དགེ་བ་དང། ལུང་དུ་མ་བསྟན་པའི་ལས་རྣམས་ཏེ། དེ་དག་རང་གི་རྣམ་པར་རྟོག་པའི་བག་ཆགས ་ཀྱིས་ཡོངས་སུ་བསྒོས་ཤིང་རྗེས་སུ་དྲན་པ་ལས་བྱུང་བའོ། །ཐོག་མ་མེད་པའི་དུས་ཀྱི་ཚིག་གང་ཞེ་ན། ལན་དུ་ཐོག་མ་མེད་པའི་དུས་ནས་སྤྲོས་པ་ལ་མངོན་པར་ཞེན་པ་ནི་ནམ་མཁའ་ནམ་ཡོད་པའི་དུས་ནས་རང་གིས་གཟུགས་ལ་སོགས་པ ་ལ་བཏགས་ཤིང་ཡུལ་དུ་བྱས་ཏེ་དེ་ལ་ཞེན་ཅིང་ཆགས་པའོ། །དེའི་བག་ཆགས་རང་གི་ཤེས་པ་ལ་བཞག་སྟེ། དེའི་ས་བོན་ལངས་ནས་ཕྱི་མ་ཡུལ་དྲན་ཞིང་རང་གི་ཚིག་འབྱུང་བའོ། །རིགས་པ་འདིས་ན་ཞེས་པ་ནི་གཏན་ཚིགས་དེའི ་ཕྱིར་ཞེས་པ་སྟེ། འདི་ནི་ལུང་གི་གཏན་ཚིགས་སོ། །སྒྲ་རྣམས་ནི་སྒྲ་རྣམ་པ་བཞིའོ། །གང་ལས་བྱུང་ཞེ་ན། ཡི་གེ་ཨ་ལས་བྱུང་བ་སྟེ། མི་ཤིགས་པ་ལས་སྐྱེ་ཞེས་པའི་ཐ་ཚིག་གོ་། དེ་ཡང་རྟག་པ་འམ་མི་རྟག་པ་ཞིག་ཅེ་ན། མི ་འགྱུར་བ་ནི་མི་འཇིག་པ་སྟེ་ཞེས་པ་སྟེ། དེ་ཉིད་གཟུང་བ་དང་འཛིན་པ་གཞན་དུ་མི་འགྱུར་བའི་ཚུལ་གྱིས་རྟག་པ་སྟེ། བཏགས་པའོ། །དོན་དམ་པར་ནི་རྟག་པ་དང། མི་རྟག་པ་ཞེས་བྱ་བ་གང་དུ་ཡང་མ་གྲུབ་བོ། །སྒྲ་མི་བདེན་པ་ནི་མི་རྟག་པ་སྟེ། ་སྒྲ་སྐད་ཅིག་པ་ཡིན་པའི་ཕྱིར་མི་རྟག་པ་ཉིད་དོ། །དེས་བསྟན་པའི་དོན་ནི་རྟག་པ་དང་མི་རྟག་པ་གང་དུ་ཡང་མ་གྲུབ་པོ། །དེ་ཅིའི་ཕྱིར་ཞེ་ན། མ་བཅོས་པ་ཐོག་མ་ཐ་མ་མེད་པ་སྟེ། དེ་དག་གིས་དམིགས་པ་ལ་སོགས་པ་དང་བྲལ་ཞེས་པ་ནི ་ལྷག་མའོ་།དེ་ཡང་གང་ལས་ཤེས་ཤེ་ན། ཚུལ་གཅིག་པར་བསྟན་པའི་མདོ་ལས་གསུངས་ཞེས་སྦྱར་ཏེ། ཆོས་འདི་སྒྲ་སྐད་དག་གིས་ལུང་བསྟན་ཏེ་ཞེས་པ་ནི་རྒྱུ་དང་འབྲས་བུ་དང་ལམ་དང་སྤང་བར་བྱ་བ་ཐམས་ཅད་སྒྲའི་ཚོགས་ཀྱིས་བསྟན ་ཅིང་བཤད་ཅེས་པའོ། །སྒྲ་དང་དོན་ཞེས་བྱ་བ་ཡང་ཅི་རྫས་སུ་ཡོད་པ་ཞིག་ཡིན་ནམ། འོན་ཏེ་མ་ཡིན་ཞེ་ན། མ་ཡིན་ཏེ། ཆོས་དང་སྒྲ་དག་འདིར་ནི་སྣང་མི་འགྱུར་ཞེས་པ་ནི་དོན་དམ་པར་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་གཉིས་སུ་མེད་ཅིང ་དབྱེར་མེད་པའོ། །འོ་ན་གཉིས་སུ་མེད་པར་ཤེས་པ་དེས་ཅི་ཞིག་བྱ་ཞེ་ན། ཆོས་ཉིད་ཚུལ་གཅིག་ནི་གཉིས་སུ་མེད་པ་སྟེ། ཤེས་བར་བྱ་བའི་ཡུལ་ལོ། །དེ་ལ་འཇུག་པར་བྱེད་པ་ནི་དེ་རྟེན་པར་བྱེད་པའི་རྣལ་འབྱོར་པའོ། །དེས་ཅིར་འགྱུར་ཞེ་ན། བཟོད ་པའོ། །བླ་ན་མེད་ལ་སོགས་པར་འགྱུར་ཞེས་པ་ནི་བཟོད་པ་གསུམ་དང། ཆོས་ཀྱི་མཆོག་གསུམ་དང། རབ་ཏུ་དགའ་བ་ནས་བཅུ་པ་ནི་བལྟོས་ནས་བླ་ན་མེད་པའོ་།ཀུན་ཏུ་འོད་ཀྱིས་ནི་དངོས་སུ་བླ་ན་མེད་པ་སྟེན་དེ་ལ་རེག་པ་ནི་དེ་ཐོབ་པར་འགྱུར་བའོ། །དེ ་དགོངས་པ་ཅན་མ་ཡིན་ནམ་ཞེ་ན་མ་ཡིན་པའི་ཕྱིར་ལུང་གཞན་བཤད་འདོད་ནས་གསུངས་པ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ཞེས་བྱ་བ་སྤྱོད་པའི་བྱུང་ལས་ཤེས་པ་ལ་སོགས་པ་གསུངས་ཏེ། གསང་བའི་བདག་པོ་ཞེས་པ་ནི་བོད་པ་སྟེ་། ་གང་གིས་ཞུས་པ་དེའི་ལན་གདབ་པའི་ཕྱིར་རོ། །གསང་སྔགས་ཀྱི་མཚན་ཉིད་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུ་བ་དང་བཅས་པའོ། །ཡེ་ཤེས་དེ་ཉིད་གང་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མ་བྱས ་པ་ནི་མ་བཅིངས་པ་སྟེ། བྱ་བ་དང་བྱེད་པ་ལ་སོགས་པ་དང་བྲལ། ཞེའོ། །རྗེས་སུ་ཡི་རང་བ་མ་ཡིན་པ་ནི་ཡིད་རང་བའི་ཡུལ་མེད་པའི་ཕྱིར་རོ། །གཞན་གོ་སླའོ། །དེ་ལྟར་ང་གི་དབྱེ་བ་དང་རྒྱུ་དང་ནུས་པ་ལ་སོགས་པ་བཤད་ནས། དེ་ནས། ་གསུང་རྡོ་རྗེ་བསྟན་ཏེ། དེའི་ཕྱིར་རྫོགས་པ་དང་མ་རྫོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་སྐབས་འདི་ཉིད་ཀྱི་དགོངས་པ་བསྟན་ཏོ། །དེ་ཉིད་བཤད་པ་ལུང་གང་ལས་བཤད་ཤེ་ན། དེའི་ཕྱིར་མི་འམ་ཅིའི་རྒྱལ་པོས་ཞུས་པའི ་མདོ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་འམ་ཅིའི་བདག་པོ་ཞེས་པ་ནི་བོད་པའོ། །སེམས་ཅན་ཐམས་ཅད་ཀྱི་སྒྲ་སྐད་གང་ལས་བྱུང་ཞེས་པ་ནི་སྒྲ་གང་ལས་བྱུང་བ་མི་ཤེས་ནས་དྲིས་པའོ། །དེའི་ལན་དུ། སེམས་ཅན་ཐམས་ཅད་ཀྱི་སྒྲ ་སྐད་ནི་ནམ་མཁའ་ལས་བྱུང་ངོ་ཞེས་པ་སྟེ། སྒྲ་ཐམས་ཅད་ནི་རང་བཞིན་མེད་ཅིང་འདུས་མ་བྱས་པ་ལས་བྱུང་བར་དགོངས་སོ། །དེའི་བཞི་ལས་ཐེ་ཚོམ་དུ་གྱུར་ནས་བྲིས་པ། སྒྲ་སྐད་ཁོད་པའི་ནང་ནས་མི་འབྱུང་ངམ་ཞེས་པ་ནི་ལུས་དང། སེམས ་འདུས་པའི་སྒྲ་ཁོང་བ་ནས་མི་འབྱུང་ངམ་ཞེས་དྲིས་པའོ། །ལན་དུ། ཁོང་པ་ནས་འབྱུང་ངམ། སེམས་ལས་འབྱུང་ཞེས་དྲིས་པ་ནི་ལུས་སེམས་གཉིས་ཀྱི་བརྟག་པ་འདྲི་བའོ། །དེའི་ལན་དུ། ལུས་ལས་ཀྱང་མ་ཡིན། སེམས་ལས ་ཀྱང་མ་ཡིན་ནོ། །ཞེས་པ་ནི་ལུས་དང་སེམས་གཉི་ག་ལས་མི་འབྱུང་བའོ། །དེ་གཉི་ག་ལས་མི་འབྱུང་བ་དེའི་ཕྱིར་ན་ཞེས་དྲིས་པ་དང། ལུས་ལས་མི་འབྱུང་བའི་ལན་གདབ་པ་ལུས་ནི་བེམས་པོ་སྟེ་།རིག་པའི་རེ་བ་མ་ཡིན་པའོ། ་སེམས་དཔའ་མ་ཡིན་པའི་ཕྱིར་གཡོ་བ་མེད་པའོ། །རྒྱུ་དང་རྐྱེན་མ་ཡིན་པས་བྱེད་པ་མེད་པའོ། །དཔེ་བསྟན་པ་རྩ་ལ་སོགས་པ་དང་འདྲའོ། །འོ་ན་སེམས་ནི་དེ་ལས་བཟློག་པར་འགྱུར་རོ་ཞེ་ན། །མ་ཡིན་ཏེ་གང་ལ་འཕེལ་འགྲིབ་དང། ཡུལ་བསྟན ་པ་དང། རེག་བ་ལ་སོགས་པ་མ་ཡིན་པ་གཟུགས་མེད་པའོ། །འདི་ནའོ་ཞེས་མེད་པས་བསྟན་དུ་མེད་པའོ། །གོ་གཅོད་པ་དང་སྒྲིབ་པ་མེད་པས་ཐོགས་པ་མེད་པའོ། །དགེ་བ་དང་མི་དགེ་བ་མེད་བས་རྣམ་པར་རིག་པ་མེད་པའོ། །དེའི་ཕྱིར་སྒྲའི་རྒྱུ ་མ་ཡིན་ནོ། །དེ་ལྟར་ལུས་སེམས་གཉི་ག་རྒྱུ་མ་ཡིན་ན་གང་ལས་འབྱུང་སྙམ་ནས་དྲིས་པ་དང། ལན་དུ་སེམས་ཅན་རྣམས་ཀྱི་སྒྲ་ནི་ནམ་མཁའ་ལས་བྱུང་བར་རྟོགས་སོ། །ཞེས་པ་ནི་སེམས་ཅན་གྱི་ངག་གི་ཚོགས་ཀྱི་སྒྲ་ནི་སྟོང་པ་ལས་བྱུང་ཞེའོ། །གཞན ་ཡང་རྒྱུ་ཡོད་སྙམ་ནས་ནམ་མཁའ་མེད་ན་སྒྲ་གང་ལས་འབྱུང་ཞེས་དྲིས་པ་དང། རྒྱུ་གཞན་མེད་པའི་ཕྱིར་ནམ་མཁའ་མ་གཏོགས་པར་གཞན་ལས་སྒྲ་འབྱུང་བར་འགྱུར་ཏེ་མི་འགྱུར་རོ་ཞེས་པ་ནི་གོ་སླའོ། །ནམ་མཁའ་ལས་སྒྲ་འབྱུང་པ་ཉིད་ཀྱང་ཅིའི་ཕྱིར ་སྙམ་པ་ལ། ནམ་མཁའ་ཨི་ངོ་བོ་ཉིད་ནི་སྒྲ་སྟེ། ནམ་མཁའ་ཨི་རང་བཞིན་ནི་སྒྲའི་རང་བཞིན་ཞེའོ། །དེ་ཉིད་ཅིའི་ཕྱིར་སྙམ་པ་ལ། རྣམ་པར་རིག་པ་མ་ཐག་ཏུ་འགག་སྟེ་མི་རྟག་ཅིང་གཟུང་དུ་མེད་པའི་ཕྱིར་རོ། །འགགས་ནས་ཅིར་འགྱུར་ཞེ་ན། ནམ་མཁའ་ཨི་ངོ་བོ་ཉིད ་དུ་ཡང་དག་པར་གནས་ཏེ། སྟོང་པར་འགྱུར་ཞེའོ། །འོ་ན་ཡི་གེ་ནམ་མཁའ་ཨི་ངོ་བོ་ཉིད་ཡིན་ཡང་གཞན་མ་ཡིན་ནོ་སྙམ་པ་ལ། ཆོས་ཐམས་ཅད་ནི་ནམ་མཁའ་དང་མཉམ་སྟེ་ནམ་མཁའ་ལྟར་རང་བཞིན་མེད་པའོ། །རྣམ་པར་རིག་པ་མེད་པ་ནི་རྣམ་པར་རིག ་པ་དང་བྲལ་བའོ། །རྣམ་པར་ཤེས་པར་བྱ་བ་མ་ཡིན་པ་ནི་གཉིས་སུ་མེད་པའི་ཕྱིར་རོ། །འོ་ན་སྒྲ་ཡང་མི་འབྱུང་བ་ཉིད་དོ་ཞེ་ན། རང་བཞིན་མེད་པ་ཡང་སྒྲའི་བརྡས་བརྗོད་པ་ཉིད་དེ། གང་གིས་གང་བརྗོད་པ་དེས་ནི་སྒྲ་བརྗོད་པ་ཉིད་དོ། །འོ་ན་དེ་ནམ་མཁའ་ ་དང་འདྲ་བ་མ་ཡིན་ནོ་ཞེ་ན། བརྗོད་པ་དེ་ཡང་ཐ་སྙད་དེ། སྒྱུ་མ་ཙམ་ཉིད་དོ། །དེས་ཅིར་འགྱུར་ཞེ་ན། བརྗོད་པ་འདི་འདྲ་བར་རབ་ཏུ་ཤེས་པ་ནི་སྒྲ་ཉིད་ནམ་མཁའ་དང་འདྲ་བར་ཤེས་པའོ། །ཆོས་གང་ལ་ཡང་མངོན་པར ་མི་ཆགས་པ་ནི་ཡུལ་དང་ཡུལ་ཅན་དུ་མ་གྲུབ་ཅིང་དེའི་རྣམ་པ་དང་བྲལ་བའི་ཕྱིར་རོ། །མ་ཆགས་པས་ཅིར་འགྱུར་ཞེ་ན། རྣམ་པར་མི་འགྲོ་སྟེ། ཡུལ་ཐམས་ཅད་ལ་མི་འཛིན་པའོ། །མི་འཕྲོ་བས་ཅིར་འགྱུར་ཞེ་ན་མི་འཁོར་ཏེ། སྐྱེ་རྒན་འཆིའི ་སྡུག་བསྔལ་ལས་གྲོལ་ཞེའོ། །མི་འཁོར་བས་ཅིར་འགྱུར་ཞེ་ན། མི་ཕྱེད་པ་སྟེ། མྱ་ངན་ལས་འདས་པ་དང་དབྱེར་མེད་པའོ། །གཞན་གོ་སླའོ། །སྟོང་པ་དང་གང་ཟག་ཏུ་ཡང་བཟོད་ཅེས་པ་ནི་སྟོང་པ་དང་གང་ཟག་གི་རྣམ་པ་དང་བྲལ་བའོ།། ་འོ་ན་གང་ཟག་ཉིད་དམ་དེ་ལས་གཞན་གནས་མེད་པ་ཞེས་བྱ་བ་ཉིད་ཙམ་ན་སྟོང་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། མཚན་མའི་ངོ་བོ་ཉིད་མཚན་མ་མེད་པ་སྟེ། གདོད་མ་ནས་སྟོང་པའི་ཕྱིར་རོ། །རྨི་ལམ་གྱི་ངོ་བོ་ཉིད་ཀྱིས་སྨོན་པ་མེད་པའོ།། ་ཞེས་པ་ནི་རྨི་ལམ་གྱི་གཟུགས་ལ་སོགས་པ་དང་བྲལ་བ་མེད་པར་ཡེ་ནས་བྲལ་བ་ཉིད་དང་འདྲ་བའི་ཕྱིར་རོ། །གཞན་གོ་སླའོ། །འོ་ན་ཆོས་ཐམས་ཅད་རབ་ཏུ་འབྱུང་བ་རྣམ་པར་དག་པ་ཉིད་ཡིན་ན། དེ་ལྟ་ན་ནི་ཆོས་ཀྱི་སྐུ་ཐོབ་ནས་སེམས་ཅན ་ཐམས་ཅད་ཀྱི་དོན་བྱེད་པ་དང། བདག་ལ་བསྙེན་བཀུར་བྱེད་པ་མེད་པར་འགྱུར་རོ་ཞེ་ན། ཆོས་ཐམས་ཅད་ནི་རང་བཞིན་གྱིས་དག་པ་སྟོན་པ་ཉིད་ཡིན་ཡང་དོན་བྱེད་པ་དང། བཀུར་སྟི་ལ་སོགས་པ་ནི་ཡོད་པར་འགྱུར་ཏེ། དེ་ཡང་གང་ལས་ཤེས་ཤེ ་ན། ཆོས་ཐམས་ཅད་དུ་འཇུག་པ་བསྟན་པའི་མདོ་ལས་གསུངས་ཞེས་སྦྱར་རོ། །ལྷའི་བུ་ཞེས་པ་ནི་ཡོན་ཏན་བརྗོད་པ་སྔོན་དུ་འགྲོ་བས་བོས་པའོ། །སྒྲ་གྲགས་པ་ལ་འཇུག་པས་ཞུགས་པ་ནི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་ཞུགས་པའོ། ། ་གཞན་གོ་སླའོ། །ངག་རྣམ་པར་དབེན་པ་བསྡུས་པ་ལ་ཐེ་ཚོམ་གཅོད་པ་ནི་རླུང་དང་སྔགས་དང་དེའི་རང་བཞིན་དང། འབྲས་བུ་དང། གང་ཟག་གི་ཁྱད་པར་དང། ནུས་བ་དང། ལས་དང། ཡོན་ཏན་དང། དེ་ཉིད་ཀྱི་ལུང་རྒྱུད་དང་མདོ་དང། རིག་པ་ལ་སོགས ་པ་མ་གྲུབ་པ་དང། ཐེ་ཚོམ་ཟ་བར་གྱུར་པ་དེ་རྣམ་པར་བཅད་པའི་ཕྱིར་རོ་།གང་ལ་དེ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྤྱོད་པ་བསྡུས་པའི་སྒྲོན་མའི་འགྲེལ་པ་ལས་ལེའུ་གསུམ་པ་ཤད་པའོ།། །།དེ་ནས་སེམས་རྣམ་པར་དབེན་པ་ལ ་བསླབ་པར་བྱ་སྟེ། དེའི་ཕྱིར་རྡོ་རྗེ་སློབ་མས་གསོལ་བ་ལ་སོགས་པ་སྨོས་ཏེ། སེམས་རྣམ་པར་དབེན་པ་ལ་སློབ་པར་འཚལ་ན་ཞེས་པ་ནི་སེམས་ཡོངས་སུ་དག་པ་དང། དངོས་པོ་སེམས་ཙམ་དུ་བྱེད་པར་འདོད་པའོ། །ཟབ་མོ་ལ་ལྷག་པར་མོས་པ ་ནི་བསྒོམ་པ་ལ་མཆོག་ཏུ་གཞོལ་བའོ། །དེ་ལ་གཉིས་ཏེ། དེ་ཁོ་ན་ཉིད་ལ་གཞོལ་བ་དང། མངོན་པར་གཏོགས་པ་ལ་གཞོལ་བ་ལས་འདིར་ནི་དང་པོའི་དབང་དུ་བྱས་པའོ། །དེ་ལ་ཕན་པར་བྱ་བ་ནི་དེས་མཆོག་གི་དངོས་གྲུབ་ཐོབ་པར་བྱ་བའི ་ཕྱིར་ཞེའོ། །རྡོ་རྗེ་སློབ་དཔོན་སྟོན་པས་བཤད་དུ་གསོལ་ཞེས་པ་ནི་བདག་ཅག་གི་སེམས་ཀྱི་སོམ་ཉི་བསལ་དུ་གསོལ་ཞེའོ། །དེ་སྐད་ཅེས་དྲིས་པ་དང། ལན་བཏབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མན་ང་ནི་ནུས་པ་ཁྱད་པར་ཅན་གང་ལ ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་གང་ཟག་ཐམས་ཅད་ཀྱི་ཐུན་མོང་གི་སྤྱོད་ཡུལ་ཡིན་ནམ་སྙམ་པ་ལ། ཁ་ཕྱིར་བལྟས་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་ཞེས་པ་ནི་ཁ་ཕྱིར་བལྟས་པ་ནི་གཉིས་ཏེ། སྤྱིའི་དབང་དུ་བྱས་པ་དང། བྱེ་བྲ་གི་དབང ་དུ་བྱས་པའོ། །དེ་ལ་སྤྱིའི་དབང་དུ་བྱས་པ་ནི་ཕྱི་རོལ་མུ་སྟེགས་པ་སངས་རྒྱས་ཀྱི་བསྟན་པ་དང་ཞེ་བཀྲས་པ། ལོག་པའི་བདུད་ཀྱིས་བསླུས་པ། དམ་པ་མ་ཡིན་པ་བསྟེན་པ། དམ་པ་ཡང་དག་པར་སྤོང་བ་སྟེ། དེའི་ཡང་ཡུལ་མ་ཡིན་ནོ། །བྱེ་བྲ་གི ་དབང་དུ་བྱས་པ་ནི་འཕགས་པ་ཉན་ཐོས་དང། རང་རྒྱལ་བ་དང། ས་དང་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་ཡང་མ་ཡིན་ནོ། །དེ་བས་ན་གསང་བ་འདུས་པ་སྤངས་པའི་བྱ་བའི་རྒྱུད་དང། སྤྱོད་པའི་རྒྱུད་དང། གཉི་གའི་རྒྱུད་དང། ་བླ་ན་མེད་པའི་རྒྱུད་གཞན་ལ་གནས་པའི་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་འདིའི་རིགས་ཅན་མ་ཡིན་ཏེ། གང་རིགས་ཅན་མ་ཡིན་པ་དེ་ནི་འདི་ལ་འཇུག་པར་མི་བྱེད་དོ། །གང་མ་ཞུགས་པ་དེས་ནི་ཉོན་མོངས་པ་སྤྱོད་བར་མི་འགྱུར ་རོ། །གང་གིས་ཉོན་མོངས་པ་མ་སྤངས་པ་དེས་ནི་འབྲས་བུ་རྣམ་པ་གཉིས་ཐོབ་པར་མི་བྱེད་དོ། །དེ་བས་ན་དེ་དག་ཀྱང་ཕྱིར་བལྟས་པ་ཡིན་ནོ། །འོ་ན་དགེ་སློང་དག་པ་གང་ཞིག་གིས། གསང་བ་མཆོག་གི་སྤྱད་པར་བྱ་ཞེས་བྱ་བ་ཅི་ཞིག་ཅེ་ན། དེ་ནི ་དགེ་སློང་གི་བསླབ་པ་དང་བྲལ་བས་མ་ཡིན་གྱི་དགེ་སློང་གི་བསླབ་པ་ལ་གནས་པ་དེས་འགྲུབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་གཞི་དང་མ་བྲལ་བའི་ཕྱིར་རོ། །འོ་ན་དགེ་སློང་གི་བསླབ་པ་ལ་མི་གནས་པའི་གང་ཟག་གིས་མཆོག་འགྲུབ ་བར་འགྱུར་གྱི། དགེ་སློང་གི་བསླབ་པ་ལ་གནས་པས་ནི་མ་ཡིན་ནོ། །ཞེས་འབྱུང་ངོ་ཞེ་ན་མ་ཡིན་ཏེ། མི་གནས་པ་ཞེས་བྱ་བ་ནི་གཉིས་ཏེ། སྤངས་ནས་མི་གནས་པ་དང་སྐྱེས་ནས་མི་གནས་པའོ། །དེ་ལ་སྤངས་ནས་མི་གནས་པ་ནི་དཔེར ་ན་ལྷ་སྦྱིན་གྲོང་ཁྱེར་དང་བྲལ་ན་གྲོང་ཁྱེར་ན་མི་གནས་པས་ཏེ། དེ་ལྟ་བུ་ནི་མ་ཡིན་ནོ། །འདི་ནི་སྐྱེས་ནས་མི་གནས་པ་སྟེ་སྐྱེས་བུ་བོང་ཚད་ཁྲུ་གང་ལ་གནས་པ་མ་ཡིན་ཞེས་པ་ལྟ་བུའོ། །དེ་བས་ན་འདི་ནི་བོགས་ཕྱུང་བའོ། །མི་གནས་ཞེས་བྱ་བ ་བ་འདི་ཡང་སྒྲ་བྱེ་བྲག་མེད་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ་རིགས་ཀྱི་བུ་མོ་མི་གནས་པ་ཞེས་བྱ་བ་ནི་སྒྲ་བྱེ་བྲག་མེད་པ་སྟེ། གནས་སྐབས་ཀྱིས་ཤེས་པར་བྱའོ། །གནས་སྐབས་ཀྱང་གང་དུ་ཤེས་པར་བྱ་ཞེ་ན། འདི་ལྟར ་དགེ་བའི་གནས་སྐབས་སུ་མི་དགེ་བ་སྤངས་ནས་མི་གནས་།དགེ་བ་བོགས་ཕྱུང་སྟེ་མི་གནས་སོ། །མི་དགེ་བའི་གནས་སྐབས་སུ་དེ་ལས་བཟློག་བའོ། །གང་དེ་ལ་ཕན་པ་ནི་ཐེག་པ་ཆེན་པོ་གསང་བ་འདུས་པ་རྣལ་འབྱོར་རོ། །ཡུལ་མ་ཡིན་པ་ནི་དེ་ལས་གཞན་པའི ་རིགས་སོ། །དེ་བས་ན་གསང་བ་འདུས་པས་ནི་ཐམས་ཅད་གྲོལ་ན་ཐབས་གཞན་ཡང་དོན་མེད་པར་འགྱུར་རོ། །ཤིན་ཏུ་ཟབ་པ་ནི་རྟོགས་པར་དཀའ་བའོ། །སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ནི་སངས་རྒྱས་ཀྱིས་མཁྱེན་པ་ཡུལ་དུ་གྱུར་པའོ། །དེ་གང་ཡིན་ཞེ་ན་སེམས ་ཏེ། དོན་ལ་སེམས་པ་དང། སྣ་ཚོགས་པའི་ཕྱིར་རོ། །སེམས་དེ་ཡང་མཚན་ཉིད་ཇི་ལྟ་བུ་ཞེ་ན། གནས་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོ་སླའོ། །དེ་ཉིད་གང་ལས་གསུངས་ཤེ་ན། རྒྱུད་ཐམས་ཅད་བསྟན་པ་ཞེས་བྱ་བས་བསྟན་ཏོ། །འོ་ན ་སེམས་ཀྱི་མཚན་ཉིད་དེའང་གང་ལ་བརྟེན་ནས་ཤེས་པར་བྱ་ཞེ་ན། རྡོ་རྗེ་ཐེག་པ་ལ་གནས་ནས་སངས་རྒྱས་ཉིད་ཐོབ་པར་འདོད་པ་ཞེས་པ་ལ་རྡོ་རྗེ་ཐེག་པ་ནི་ཤེས་རབ་དང་སྙིང་རྗེ་ཁྱད་པར་ཅན་ཉིད་ལམ་དུ་བཤད་དོ། །དེ་ལ་གནས་པ་ནི་སྒྲུབ་པ་པོ་ཉིད་དོ། ་དེས་ཐོབ་པར་བྱ་བ་གང་ཡིན་ཞེ་ན། འབྲས་བུ་སངས་རྒྱས་ཉིད་དེ། ཟག་བཅས་དང་ཟག་མེད་ཀྱི་ས་བོན་སྤངས་པ་དང། རྒྱས་པའི་སངས་རྒྱས། །ཐོབ་པར་འདོད་པ་ནི་རག་ལས་པ་ནི་རག་ལས་པའི་ཚུལ་གྱིས་འབྲེལ་པའོ། །དེས་གང་ལ་བརྟེན་ཞེ་ན། དགེ་བའི ་བཤེས་གཉེན་པ་བླ་མ་དམ་པ་ལ་བརྟེན་ཅིང་བླ་མ་མཉེས་པར་བྱའོ། །བླ་མ་ལས་ཀྱང་ཅི་བཙལ་ཞེ་ན། རང་གི་སེམས་ཀྱི་ངོ་བོ་ཉིད་དེས། སེམས་ཀྱི་རང་བཞིན་བླ་མ་ལ་བརྟེན་ནས་ཤེས་པར་བྱའོ། །ཞེའོ། །བླ་མས་ཀྱང་གང་ལ་བརྟེན་ཞེ་ན། དེ་བཞིན་གཤེགས ་པའི་རྒྱུད་ལ་བརྟེན་ནས་ཤེས་པར་བྱའོ། ཞེས་བསྟན་པའི་ཕྱིར་ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་ཀྱི་བུ་ཞེས་པ་ནི་བོད་པའོ། །མཉམ་པར་བཞག་པས་རང་གི་སེམས་སོ་སོར་རྟོགས་ཤིག་ཅེས་པ་ནི་ལེགས ་པར་ལུང་བསྟན་པ་སྟེ། མཉམ་པར་བཞག་པ་ནི་བསྒོམས་པའོ། །དེས་རང་གིས་སེམས་སོ་སོར་རྟོགས་ཤིག་ཅེས་པ་ནི་སེམས་ཇི་ལྟ་བུ་ཡིན་པ་ཤེས་པར་གྱིས་ཤིག་པའོ། །དེ་ཉིད་གང་ལ་བརྟེན་ནས་རྟག ་སྙམ་པ་ལ། དཔལ་རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱང་ཆུབ་ཀྱི་དོན་དམ་པའི་བདེན་པའོ། །དེ་ཉིད་གང་ཡིན་སྙམ་པ་ལ། རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་སྟེ། རྒྱུ་དང་འབྲས་བུ་མི་དམིགས་པ་ལ་སོགས ་པའོ། །འོ་ན་སེམས་དེ་ཡང་གཅིག་གམ་དུ་མ་ཞེ་ན། གཅིག་པ་སྟེ་དེ་ཡང་ལས་ཤེས་ཤེ་ན། སྡེ་སྣོད་གསུམ་གྱི་ཚུལ་ལས་ཤེས་པ་ལ་སོགས་པ་སྨོས་ཏེ། གཅིག་པུ་འགྲོ་ཞིང་རིང་དུ་རྒྱུ་ཞེས་པ་ནི་སེམས་ནི་གཅིག་པུ་ཡིན་ཏེ། བགྲང་བའི་རྫས་དང ་བྲལ་པའི་ཕྱིར་རོ། །དེ་སྐད་ཅིག་ཀྱང་གནས་པར་མི་བྱེད་པས་འགྲོ་བའོ། །གང་དུ་ཞེ་ན་རིང་དུ་སྟེ། ཉི་མ་བདུན་གྱི་ལས་ཡང་སྐད་ཅིག་ཙམ་གྱིས་ཕྱིན་པར་བྱེད་པ་སྟེ། དེའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །གང་ན་གནས་ཤེ་ན། ལུས་ཀྱི་ཕུག་ནི་སྙིང ་གི་དབུས་སུའོ། །ལུས་མེད་དབང་པོ་ནི་རང་གི་སེམས་ཏེ། ཐམས་ཅད་ལ་དབང་བྱེད་པ་ཉིད་དང། བསྟན་དུ་མེད་པ་ཉིད་དང། ཐོགས་པ་མེད་པ་ཉིད་ཀྱི་ཕྱིར་ཡང་ངོ། །གདུལ་བར་དཀའ་བའི་སེམས་ཀྱང་དེ་ཉིད་དེ། རི་གཟར་པོའི་ཆུ་བཞིན་ནོ། །དེ་གང ་གིས་འདུ་བ་ཞེ་ན། ཡང་དག་པའི་ཆོས་དགེ་བའི་ཕྱོགས་སུ་གཏོགས་པས་འདུལ་བར་བྱེད་དེ། གཏུལ་ནས་ཅེས་འགྱུར་ཞེ་ན། བདུད་ཀྱི་བཅིངས་ལས་གྲོལ་བར་འགྱུར་ཏེ། ཕུང་པོའི་བདུད་དང་འཆི་བདག་གི་བདུད་ལ་སོགས་པ་ལས་གྲོལ་ཞིང་ཆོས ་ཀྱི་སྐུ་ཡང་མྱུར་དུ་ཐོབ་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །དེ་བས་ན་ཞེས་བྱ་བ་ནི་དེའི་ཕྱིར་རོ། །གོང་མ་དང་འབྲེལ་ཏོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མངོན་སུམ་དུ་བྱེད་པར་འདོད་པ་ཤེས་པ་ནི་ཆོས་ཀྱི་སྐུ་ཐོབ་པར་འདོད་པས་ཤེས་སྦྱར་རོ། ། ་ཅི་བྱེད་ཅེ་ན་གཡེང་བ་དང་སྒྲིབ་པ་ཐམས་ཅད་སྤངས་ཏེ་ཞེས་པ་ནི་འདུ་འཛི་དང། རྟོག་པ་དང། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤངས་པ་སྟེ་ཞེའོ། །དེས་ཀྱང་ཆོག་པ་མི་འགྱུར་བའི་ཕྱིར། རྡོ་རྗེ་སློབ་དཔོན་མཉེས་པར་བྱས་ཏེ། ཞེས་པ ་ནི་རྡོ་རྗེ་སེམས་དཔའ་དང་འདྲ་བའི་སློབ་དཔོན་ཡིན་པའི་ཕྱིར་རམ། ཡང་ན་རྡོ་རྗེ་དང་འདྲ་བར་སློབ་པའི་ཕྱིར་རོ། །དེ་མཆོད་པ་ཅིའི་ཕྱིར་ཞེ་ན། ཤིན་ཏུ་དྲིན་ཆེ་བའི་ཕྱིར་རོ། །དྲིན་ཡང་གང་ཞིག་ཡོད་ཅེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མན་ངག་ཡང ་ངག་པ་ཐོབ་པ་སྟེ། དེ་བཞིན་གཤེགས་པའི་མན་ངག་ནི་དེ་བཞིན་གཤེགས་པ་ཐོབ་པའི་ཐབས་ཀྱི་མན་ངག་གོ་།དེ་ཐོབ་པར་བྱེད་པ་ནི་རྡོ་རྗེ་སློབ་དཔོན་ནོ། །རྡོ་རྗེ་སློབ་དཔོན་གྱིས་ཀྱང་གང་གི་རྗེས་སུ་འབྲངས་ནས་རྟོགས་པར་བྱེད་ཅེ་ན། དཔལ་ཡེ་ཤེས་རྡོ་རྗེ་ཀུན ་ལས་བཏུས་པ་ཞེས་བྱ་བ་ལ་སོགས་པ་སྤྲོས་ཏེ། བཤད་པའི་རྒྱུད་ནི་བཤད་པའི་རྒྱུད་ཅེས་རྩ་བའི་རྒྱུད་ནི་མ་ཡིན་ནོ། །དེའི་རྗེས་སུ་འབྲངས་པ་ནི་དེ་ལས་རྟོགས་པར་བྱེད་པའོ། །གང་རྟོགས་པར་བྱེད་ཅེ་ན། རྣམ་པར་ཤེས་པ་གསུམ་གྱི་རང་བཞིན་ཏེ། སྣང་བའི ་རང་བཞིན་ལ་སོགས་པ་རྟོགས་པར་བྱེད་ཅེའོ། །དེ་ཡང་རྒྱས་པར་མི་ལངཀར་གཤེགས་པ་ལས་བསྟན་པས་དེ་ལས་འཇུག་པར་བྱ་སྟེ། བློ་གྲོས་ཆེན་པོ་ཞེས་པ་ནི་བོད་པའོ། །སེམས་ལ་རྟོགས་པ་པོ་གང་ཞིག་སྙན་པ་ལ། བྱང་ཆུབ་སེམས་དཔའ་ཞེས་སྨོས ་སོ་དེས་ཀྱང་སུའི་སེམས་ལ་བརྟག་པར་བྱ་སྙམ་པ་ལ། རང་གི་སེམས་ཞེས་བྱ་སྟེ། རང་གི་ཇི་ལྟ་བ་བཞིན་ལ་ཡང་དེ་ལྟར་རོ། །ཇི་ལྟར་བརྟགས་ནས་ཤེས་པར་འདོད་ཅེ་ན། གཟུང་བའི་ཡུལ་ལོ། །འཛིན་པའི་སེམས་སོ། །དཀར་པོ་ལ་སོགས་པ་རྟོགས ་པ་འདི་ཡང་སེམས་ཀྱི་ལས་སོ། །ང་ཤེས་པར་འདོད་པ་ནི་ཁོང་དུ་ཆུད་པར་འདོད་པའོ། །ཇི་ལྟར་བྱ་ཞེ་ན། སྤང་བར་བྱ་བ་སྤངས་པས་མཐོན་བར་འགྱུར་རོ། །སྤང་བར་བྱ་བ་འང་གང་ཞིག་ཡིན་ཞེ་ན། འདུ་འཛིའི་ཚོགས་ནི་ཕྱི་རོལ་གྱི་གཡེང་བའོ། ། ་གཉིད་ནི་འཇུག་པ་རང་དབང་མེད་པར་སེམས་སྡུད་པའོ། །སྒྲིབ་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྟེ། ཐར་པ་མྱ་ངན་ལས་འདས་པ་ལ་སྒྲིབ་པའོ། །དེ་མེད་བར་བྱ་བ་ནི་སྤང་བར་བྱ། སེམས་ཞེས་བྱ་བ་ནང ་དུ་ཞིག་ཅེ་ན། རྣམ་པར་ཤེས་པ་གསུམ་སྟེ། སྣང་བ་ལ་སོགས་པའོ། །དེ་ཡང་རྒྱུ་འམ་འབྲས་བུའི་དེ་ཉིད་གང་ཡིན་པ་མི་ཤེས་སོ་ཞེ་ན། མཐོ་རིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ས་འོག་དང་ས་སྟེང་ལ་སོགས་པ་ཡང་སེམས་ཀྱི་སྣང་བ ་ཡིན་པས་རྒྱུར་གྱུར་པའོ། །སེམས་དེ་ཡང་དགེ་བ་དང་མཚུངས་པར་ལྡན་པའི་དུས་ན་མྱ་ངན་ལས་འདས་པར་ཡང་སྣང་ངོ། །མི་དགེ་བ་དང་མཚུངས་པར་ལྡན་པའི་དུས་ན་འཁོར་བར་ཡང་སྣང་སྟེ། དཔེར་ན་མེ་ལོང་གི་གཟུགས་བཞིན་ནོ། །རྒྱུ ་བ་ནི་བཅུད་ཀྱི་འཇིག་རྟེན་ནོ། །མི་རྒྱུ་བ་ནི་སྣོད་ཀྱི་འཇིག་རྟེན་ནོ། །གཟུང་བ་ནི་ཡུལ་ཏེ། གཟུགས་ལ་སོགས་པའོ། །དེ་ལ་འཛིན་པ་ནི་སེམས་ཏེ་མིག་གི་རྣམ་ཤེས་ལ་སོགས་པའོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ནི་མ་རིག ་པ་ནས་རྒ་ཤིའི་བར་ཏེ། ཤིང་རྟའི་འཁོར་ལོ་བཞིན་འཁོར་བའི་ཕྱིར་རོ། །དགེ་བ་ནི་དད་པ་ལ་སོགས་པ་སྟེ། བདེ་བའི་རྒྱུར་གྱུར་བའི་ཕྱིར་རོ། །མི་དགེ་བ་ནི་འདོད་ཆགས་ལ་སོགས་པ་སྟེ། སྡུག་བསྔལ་གྱི་རྒྱུར་གྱུར་པའི་ཕྱིར་རོ། །གཞན་གོ་སླའོ།། ་དེ་དག་ཀྱང་སེམས་ལས་བྱུང་བས་སེམས་རྒྱུར་གྱུར་པའོ། །དེ་ཡང་སེམས་ལས་ཐ་དད་པ་འམ་གཅིག་པ་ཡིན་ཞེ་ན། གཉི་གའི་རྣམ་པ་མ་ཡིན་པའི་ཕྱིར། བཟང་སྐྱོང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཁོར་ནི་མ་རིག་པ་ནས་རྒ་ཤིའི་བར་དུ་སྟེ། ་འཁྲུལ་པའི་སྟོབས་ཀྱིས་འཁོར་བའི་ཕྱིར་རོ། །ལས་དེ་ལས་གཟུགས་ཅན་མ་ཡིན་པ་ནི་བསྟན་དུ་མེད་པའི་ཕྱིར་རོ། །འོ་ན་ས་བོན་གང་ལས་བྱུང་ཞེ་ན། རྣམ་པར་ཤེས་པ་ལས་མངོན་པར་གྲུབ་པ་སྟེ། དེ་ལས་གཞན་བའི་རྒྱུ་ནི་མེད་དོ། །དེ་ནི་སྤྱིར ་བསྟན་པ་སྟེ། ཁྱད་པར་གྱི་དབང་དུ་བྱས་སྟེ་བཤད་པ། ལུས་ཀྱི་འཁྲུལ་འཁོར་ནི་ལུས་ཀྱི་སྐྱེ་བའོ། །རྣམ་པར་ཤེས་པའི་ཁམས་ནི་དམིགས་པ་རྣམ་པར་རིག་པ་དང། བྱེད་པ་མེད་པའི་ཕྱིར་རོ། །ལུས་སྣ་ཚོགས་ལ་འཇུག་པ་ནི་ལུས་ཐམས་ཅད་སྐྱེད་པ་ལ ་བྱེད་པའོ། །འོ་ན་དེ་ཉིད་བྱེད་པ་པོར་འགྱུར་རོ། །ཞེས་མ་ཡིན་ཏེ། རྣམ་པར་ཤེས་པའི་ཁམས་འདི་ནི་ལུས་སྐྱེད་པར་བྱེད་པའི་ཕྱིར་བྱེད་པ་པོ་ཡང་ཡིན་ནོ། །ཞེས་པ་ནི་ལུས་བསྐྱེད་པའི་གཏན་ཚིགས་འདིས་བྱེད་པ་པོ་ཡིན་ཏེ། བདག་དང་འདྲ་བ་ནི་མེད་དོ། །ཅིའི ་ཕྱིར་ཞེ་ན། གཟུགས་ཅན་མ་ཡིན་པ་ཉིད་དང། མི་རྟག་པ་ཉིད་དང་ཐེར་ཟུག་བ་མ་ཡིན་པ་ཉིད་དང་གཅིག་མ་ཡིན་པ་ཉིད་དང། དུ་མ་མ་ཡིན་པ་ཉིད་ཀྱི་འང་ཕྱིར་རོ། །འོ་ན་རྣམ་པར་ཤེས་པ་འདི་གང་ལ་བརྟེན་ཅེ་ན་རྣམ་པར་ཤེས་པའི་ཁམས་འདི་ནི་ཆོས་ཀྱི ་དབྱིངས་ལ་རྟེན་ཏེ། གང་རྣམ་པར་དག་ཅིང་མི་གནས་པའི་ཕྱིར་དང། དེ་ལས་འབྱུང་བ་དང། དེ་ལ་འཇུག་པ་ཉིད་གྱི་ཕྱིར་རོ། །དེའི་ཕྱིར་མི་ཟད་པ་ནི་ཁམས་གཞན་ལས་ཁྱད་པར་དུ་གྱུར་པའི་ཕྱིར་རོ། །རྣམ་པར་ཤེས་པ་ཡང་བློ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། བློ ་ཕུན་སུམ་ཚོགས་པ་སྟེ། བློ་མཆོག་དང་ལྡན་པའོ། །དེ་ཅིའི་ཕྱིར་ཞེ་ན། སྔོན་གྱི་ལུས་ཀྱི་གནས་རྗེས་སུ་དྲན་པའི་ཕྱིར་ཏེ། སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་ཡིན་པའི་ཕྱིར་རོ། །དེའི་དཔེ་བསྟན་པ་རྣམ་པར་ཤེས་པའི་ཁམས་འདི་ནི་ཞེས་བྱ་བ་ལ་སོགས ་པ་སྟེ། གོ་སླའོ། །དེ་ནས་རྣམ་པར་ཤེས་པས་ལུས་ཇི་ལྟར་ལེན་པ་མི་ཤེས་ནས་དྲིས་པ། རྣམ་པར་ཤེས་པ་ལུས་ལས་འཕོ་བ་དེའི་རང་བཞིན་ཇི་ལྟ་བུ་ལགས་ཤེས་པ་ནི་རྣམ་པར་ཤེས་པ་ལུས་ཡང་དང་ཡང་དུ་ལེན་པ་ཇི་ལྟར་ལེན་ཞེས་བྱ་བའི་ཐ་ཚིག་གོ་། ་དེའི་ལན་དུ་མ་རིག་པ་དང་མཚུངས་པར་ལྡན་པས་དམན་པའི་ལུས་ལེན་ཏེ། །ཤེས་རབ་མཆོག་དང་མཚུངས་པར་ལྡན་པས་མཆོག་གི་ལུས་ལེན་ཏོ། ཞེས་བྱ་བ་ནི་ལྷག་མའོ། །འོ་ན་རྣམ་པར་ཤེས་པ་དེ་སུས་བསྟན་པར་ནུས་ཤེ་ན། དེ་བཞིན་གཤེགས་པས ་བསྟན་པར་བྱ་བ་ཡིན་ཏེ། ཞེས་པ་ནི་རྣམ་པར་ཤེས་པ་འདི་ནི་ཤེས་རབ་མཆོག་དང་ལྡན་པའི་ཕྱིར་དེ་བཞིན་གཤེགས་པས་བསྟན་པའོ་ཞེས་པ་དང། རྣམ་པར་ཤེས་པ་འདི་ནི་གཞན་གྱི་ཡུལ་མ་ཡིན་པའི་ཕྱིར་དེ་བཞིན་གཤེགས ་པས་བསྟན་པའོ་ཞེའོ། །དེ་བཞིན་གཤེགས་པས་བསྟན་པ་དགོས་པ་ཅིའི་ཕྱིར་སྙམ་པ་ལ། དེ་བཞིན་གཤེགས་པ་མ་གཏོགས་པ་གཞན་མེད་དོ་ཞེས་པ་ནི་དེ་བཞིན་གཤེགས་པ་མ་གཏོགས་པར་རྣམ་པར་ཤེས་པ་སྟོན་པ་གཞན་གྱིས་ནི་མི་ནུས་སོ། །གང ་གི་ཚེ་རྣམ་པར་ཤེས་པ་མ་བསྟན་པ་དེའི་ཚེ་ནི་རྣམ་པར་ཤེས་པ་ཤེས་པར་མི་འགྱུར་རོ། །རྣམ་པར་ཤེས་པ་མ་ཤེས་པ་དེའི་ཚེ་ནི་ཆོས་ཐམས་ཅད་མི་ཤེས་པར་འགྱུར་རོ། །ཆོས་ཐམས་ཅད་མི་ཤེས་པ་དེའི་ཚེ་ནི་བསྒོམ་པ་ཡང་མེད། སྤོང་བ་ཡང་མེད། ་འབྲས་བུ་ཐོབ་པ་ཡང་མེད་དོ། །གཞན་གོ་སླའོ། །རྒྱལ་པོའི་བུ་གཞོན་ནུ་སྨན་ཆེན་ནི་སྐབས་འདིར་སྡུད་པའོ། །ཚེ་རབས་ལྔ་བརྒྱའི་ཞེས་བྱ་བ་འདིས་ནི་ལོག་པར་རྟོག་པ་བོ་དང། ལོག་པར་རྟོག་པའི་དུས་དང། གང་ལ་ལོག་པར་རྟོག་པ་སྤོང་བ་དང། ་ཇི་ལྟར་རྟོག་པ་དང། སྤོང་བའི་དུས་ལ་སོགས་པ་བསྟན་ཏོ། །དེ་ལ་རྣམ་པར་ཤེས་པ་ཞེས་བྱ་བ་ཡང་མི་ཤེས་ནས་དྲིས་པ་དང། ལན་དུ་ས་བོན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཀྱི་ས་བོན་གྱི་མྱུ་གུ་སྐྱེད་པ་ནི་གོ་སླའོ། །ཅིའི་ཕྱིར་རྣམ ་པར་ཤེས་པ་ཞེས་བྱ་སྙམ་པ་ལ། དགེ་བའི་ལས་ཀྱང་རབ་ཏུ་ཤེས་སོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན་གོ་སླའོ། །དེ་ནས་རྣམ་པར་ཤེས་པའི་དབྱེ་བ་རྒྱས་པར་མི་ཤེས་ནས་དྲིས་པ་དང། ལན་དུ་རྣམ་པར་ཤེས་པ་ནི་འོད་གསལ་བ་ལས ་བྱུང་བའོ་ཞེས་པ་ནི་དོན་དམ་པ་རྒྱུ་ཡིན་པར་བསྟན་ཏོ། །དེ་ཉིད་ནི་སེམས་དང་ཡིད་ཅེས་བྱ་སྟེ་ཞེས་པ་ནི་སེམས་འདིའི་རྣམ་གྲངས་བསྟན་ཏོ། །ཀུན་ནས་ཉོན་མོངས་པ་ནི་འཁོར་བའི་ཆོས་སོ་རྣམ་པར་བྱང་བ་ནི་མྱ་ངན་ལས་འདས་པའི་ཆོས་སོ། ་དེའི་རྩ་བ་ཅན་ནི་དེའི་རྒྱུ་ཅན་ཏེ། འདིས་ནི་ས་བོན་ཐམས་ཅད་ལ་བསྟན་ཏོ། །དེ་བས་ན་རྣམ་པར་ཤེས་པ་འདིས་གཞན་ཐམས་ཅད་སྐྱེད་དོ་ཞེའོ། །དེ་ལས་བདག་དང་གཞན་དུ་རྟོག་པ་རྣམ་པ་གཉིས་འབྱུང་ཞེས་པ་ནི་ས་བོན་བསླང་བའི་སྟོབས་ཀྱིས་བདག་དང་བདག ་གི་བ་ཕྲ་མོ་ཞེས་རྟོག་པར་འགྱུར་རོ། །རྣམ་པར་ཤེས་པ་དེ་ཞེས་པ་ནི་ཞོན་བྱེད་དེ། གང་ལ་ཞོན་ཞེ་ན། རླུང་ལ་ཞོན་ཏེ་དབང་པོའི་ལམ་དུ་ཞུགས་པར་བྱེད་དོ། །རླུང་ལས་ཅིར་འགྱུར་ཞེ་ན། མེ་དི་དྲོད་དུ་འབར་བའོ། །དེ་འདུས་པ་ལས་ཅིར་འགྱུར་ཞེ་ན། འདུ ་བའི་བདག་ཉིད་ཆུའོ། དེ་ལས་ཅིར་འགྱུར་ཞེ་ན། རྟེན་པར་བྱ་བའི་བདག་ཉིད་སའོ། །དེ་ལས་ཅིར་འགྱུར་ཞེ་ན། ཕུང་པོ་ལྔ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནས་སེམས་ལས་བྱུང་བ་ནི་རྣམ་པར་ཤེས་པ་གསུམ་ཞེས་པ་ནི་སྣང་བ་ལ་སོགས་པའོ། ། ་ཡོངས་སུ་གསལ་བར་ཉམས་སུ་མྱོང་བ་ནི་གཟུགས་ལ་སོགས་པའོ། །དེས་ཅིར་འགྱུར་ཞེ་ན། རང་བཞིན་རྣམས་འབྱུང་ཞེས་པ་ནི་འདོད་ཆགས་དང་བྲལ་བ་ལ་སོགས་པ་འབྱུང་བར་འགྱུར་རོ། །དེ་ཉིད་གང་ཡིན་པ་དང། དང་པོར་རྣམ་གྲངས་མི་ཤེས་པས་དེའི ་ལོག་པར་རྟོག་པ་བསལ་བའི་ཕྱིར་དྲིས་པ་དང། ལན་དུ། བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་འདིས་ནི་གསུང་བ་པོ་བསྟན་ཏོ། །ཤེས་རབ་དང་ཐབས་ནི་སྐྱེས་པ་དང་བུད་མེད་དེ་ཤུགས་ཀྱིས་མ་ནིང་ཡང་ཉེ་བར་མཚོན་པ་འམ་བསྟན་པ་ཡིན་ལ། ཉེ་བར ་ཐོབ་པ་ནི་གསལ་བ་མ་ཡིན་ནོ། །གཞན་གོ་སླའོ། །དེ་ལ་སྣང་བ་ལ་སོགས་པ་རྣམ་གྲངས་བསྟན་ནས་དེ་ཉིད་ཀྱི་མཚན་ཉིད་གང་དང་གང་ཞེས་དྲིས་པ་དང། ལན་དུ། བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་གསུངས་ཏེ། སེམས་ནི་སྣང་བ་གསུམ་མོ། ཁ་དོག ་དང་དབྱིབས་དང་བྲལ་བ་ནི་ཁ་དོག་དང་དབྱིབས་མེད་པའོ། །ནམ་མཁའ་ཨི་མཚན་ཉིད་ཅན་ནི་དཔེ་འགོད་པའོ། །ནམ་མཁའ་བཞིན་དུ་རྣམ་པར་རྟོག་པ་དང་བྲལ་བའོ། ཞེས་པ་དང། ཡང་ཞེས་བྱ་བ་ནི་བསྣན་པའོ། །སྣང་བའི་མཚན་ཉིད་ནི་སེམས་གསུམ ་གྱིས་མཚན་ཉིད་དོ། །རྗེས་སུ་མྱོང་བ་ནི་ཕྱིས་མྱོང་བ་སྟེ། རང་བཞིན་ཞེའོ། །སོ་སོར་བརྟག་པར་བྱའོ་ཞེས་པ་ནི་མ་འདྲེས་པར་བརྟག་པའོ། །འདི་ལྟ་སྟེ་ཞེས་པ་ནི་འདི་ལྟ་བུ་ཡིན་ཏེ་ཞེའོ། །དང་པོ་ཀུན་ཏུ་སྣང་བ་ནི་སྣང་བ་གསུམ ་མོ། །ཕྱི་ནས་རང་བཞིན་ཞེས་བ་ནི་འཁྲུལ་པའི་རང་བཞིན་ཏེ་དེ་ལས་འབྱུང་བའོ། །སྣང་བ་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པའི་དབྱེ་བ་བསྟན་ཏོ། །དེ་ལ་སྣང་བའི་མཚན་ཉིད་གང་ཞེ་ན་ཞེས་པ་ནི་སྣང་བའི་མཚན་ཉིད་མི་ཤེས་ནས་འདྲི་བ་སྟེ། མཚན ་ཉིད་ནི་ཅི་དཔེ་གང་དང་འདྲ་ཞེས་བྱ་བའི་ཐ་ཚིག་གོ་།རྣམ་པ་མེད་པའི་རང་བཞིན་ཞེས་པ་ནི་དཀར་པོ་ལ་སོགས་པའི་རྣམ་པ་དང་བྲལ་བའོ། །ལུས་དང་ངག་མེད་པ་ནི་ལུས་དང་ངག་མི་དམིགས་པའོ། །ཇི་ལྟར་ཞེས་པ་ནི་དཔེར་ན་ཞེས་སྦྱར་ཏེ། སྟོན ་གྱི་དུས་ཀྱི་ནམ་མཁའ་ནི་སྟོན་གྱི་དུས་ཀྱི་ནམ་མཁའ་བར་སྣང་ངོ། །དྲི་མ་མེད་པ་ནི་སྤྲིན་མེད་པའོ། །དེ་ལ་ཟླ་བ་ཤར་བ་ནི་མི་གསལ་བའི་རྣམ་པར་ཤེས་པའོ། །དེའི་དོན་ཡང་གང་ཡིན་ཞེ་ན་རང་བཞིན་གྱི་གསལ་བའི་རྣམ་པ་སྟེ། འདི་ལ་བྱེད་པ་པོ་ནི་མེད་དོ། ། ་དངོས་པོ་མ་ལུས་བ་ཐམས་ཅད་ལ་དམིགས་པ་ནི་རྣམ་པ་གཉིས་ཏེ། དངོས་པོའི་དངོས་ལ་དམིགས་པ་དང། དངོས་པོའི་ཆོས་ཉིད་ལ་དམིགས་པའོ། །དངོས་པོའི་དངོས་ལ་དམིགས་པ་ནི་འདིར་དཔེ་སྣང་བའི་དབང་དུ་བྱས་པའོ། །དངོས་པོའི་ཆོས་ཉིད་ལ ་དམིགས་པ་ནི་རྣམ་པ་གཉིས་ཏེ། ཐོབ་པའི་རྒྱུ་ལ་དམིགས་པ་དང། ཆོས་ཉིད་དངོས་ལ་དམིགས་པའོ། །ཐོབ་པའི་རྒྱུ་ལ་དམིགས་པ་ནི་འདིར་ལམ་གྱི་སྣང་བའོ། །ཆོས་ཉིད་དངོས་ལ་དམིགས་པ་ནི་འབྲས་བུའི་སྣང་བའོ། །འདི་ནི་དོན་དམ་པའི་བྱང་ཆུབ ་སེམས་ཤེས་པ་ནི་འབྲས་བུའི་སྣང་བའོ། །ཾ་ཞེས་བྱ་བ་ནི་བརྡར་བཏགས་པ་འབའ་ཞིག་ཏུ་ཟད་དེ། འདི་དག་ཐམས་ཅད་ཀྱང་ལམ་གྱི་སྣང་བའི་དབང་དུ་བྱས་པའོ། །དེ་ནས་སྣང་བ་མཆེད་པའི་མཚན་ཉིད་བཤད་པར་བྱ་སྟེ། གཟུང་བ་དང་འཛིན ་པའི་རྣམ་པ་མེད་པ་ནི་ཡུལ་དང་ཡུལ་ཅན་གྱི་རྣམ་པ་དང་བྲལ་བའོ། །ལུས་དང་ངག་མེད་པ་ནི་གོང་དུ་བཤད་དོ། །སྟོན་གྱི་དུས་ཀྱིས་ཉི་མའི་འོད་ཟེར་གྱིས་ནི་ཐམས་ཅད་འཇུ་ཞིང་གསལ་བའོ། །དེ་དང་འདྲ་བར་ཤིན་ཏུ་གསལ་བ་ནི་དང་པོའི་ངོ་བོ་ཉིད་དུ་གསལ ་བའོ། །དྲི་མ་མེད་པ་ནི་གློ་བུར་གྱི་དྲི་མ་དང་བྲལ་བའོ། །ཀུན་ཏུ་བཟང་པོ་གཉིས་པ་ནི་ཀུན་ཏུ་བཟང་པོ་དང་འདྲ་བའོ། །རིམ་པ་གཉིས་པ་ནི་ཀུན་རྫོབ་སྟེ། གཞན་གོ་སླའོ། །སྣང་བ་ཐོབ་པ་གང་ཞེ་ན་ཞེས་པ་ནི་སྣང་བ་ཐོབ་པའི་དངོས་པོ་མི་ཤེས་ནས་འདྲི ་བའོ། །ནམ་མཁའ་ཨི་མཚན་ཉིད་ནི་ནམ་མཁའ་ཨི་ངོ་བོ་ཉིད་དོ། །ནམ་མཁའ་ལྟར་རྟོག་པ་དང་བྲལ་ཞེའོ། །མཚམས་ཀྱི་སྨག་ལ་བབ་པ་ནི་ནམ་ཕྱེད་ཀྱི་དུས་སུའོ། །གཞན་གོ་སླའོ། །དེ་ལྟར་སངས་རྒྱས་ཐམས་ཅད་ཀྱི་མན་ངག་སྟོང་པ་གསུམ་གྱིས་མཚན་ཉིད་བསྟན ་ཅེས་པ་ནི་སྣང་བ་དང། སྣང་བ་མཆེད་པ་དང། སྣང་བ་ཐོབ་པའི་མཚན་ཉིད་འཁྲུལ་པ་ནི་སྣང་བ་རང་བཞིན་དང་བཅས་པ་འབྱུང་བའོ། །ལམ་ནི་སྐུ་དང་ཐིག་ལེ་ལ་སོགས་པ་ལ་གནས་པའོ། །འབྲས་བུ་ནི་དོན་དམ་པ་དང་ཀུན་རྫོབ་གཉི་ག་ལ་དམིགས་པ ་ཁུགས་ལས་ལྡོག་པའོ། །དཔེའི་སྣང་བ་ནི་ཟླ་བ་དང་ཉི་མ་དང། མུན་པ་ལྟ་བུའོ། །དེ་ལ་འཁྲུལ་པའི་སྣང་བ་གསུམ་བཤད་པར་བྱ་སྟེ། དེ་ལ་ཡང་རྣམ་པ་གསུམ་སྟེ། དུས་ལ་བལྟོས་པ་དང། ཕོ་དང་མོའི་རྟེན་ལ་བལྟོས་པ་དང། དབང་པོའི་རྟེན་ལ་བལྟོས ་པའོ། །དེ་ལ་དུས་ལ་བལྟོས་པ་ནི་མེར་མེར་པོ་ལ་སོགས་པའི་རིམ་གྱིས་འཁྲུལ་པ་ཡང་རིམ་གྱིས་འབྱུང་ངོ། །ཕོ་དང་མོའི་རྟེན་ལ་བལྟོས་པ་ནི་བརྒྱ་དྲུག་ཅུའོ། །མིག་ལ་སོགས་པའི་དབང་པོ་ལ་བལྟོས་པ་ནི་བརྒྱད་ཅུ་ཕྲག་ལྔ་དང་དྲུག་ཏུ་འགྱུར་རོ། །གཞན ་གོ་སླའོ། །དེ་ཡང་ལུང་གང་ལས་ཤེས་ཞེས་སོམ་ཉིར་གྱུར་ནས་དྲིས་པ་དང། ལན་དུ་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་གསུངས་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྐྱེན་ལས་བྱུང་བ་གང་དང་གང་ཞེས་པ་ནི་ཡུལ་དང་རྣམ་པར་རྟོག་པ་དེ་དང་དེ་ཞེས་བྱ ་བའོ། །དབང་པོ་ནི་དབང་པོ་ལྔའོ། །ཡུལ་ནི་གཟུགས་ལ་སོགས་པའོ། །དབང་པོ་དང་ཡུལ་གཉིས་ལས་སྐྱེས་པ་ནི་རྣམ་པར་ཤེས་པའི་ཚོགས་དྲུག་གོ་།སྐྱོབ་པ་ནི་ངན་འགྲོ་སྲིད་པ་ལས་སྐྱོབ་པའོ། །གཞན་ཡང་རང་བཞིན ་གང་ལས་ཉོན་མོངས་པ་གང་འབྱུང། འོན་ཏེ་མི་འབྱུང་ན་ནི་ཅིའི་ཕྱིར་འཁྲུལ་པ་ཞེས་བྱ་ཞེ་ན། རང་བཞིན་རྣམ་པ་བརྒྱད་ཅུ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་རང་བཞིན་བརྒྱད་ཅུ་ནི་རྩ་བ་སྟེ་ས་བོན་ལྟ་བུའོ། །ཉོན་མོངས་པ་དགུ་བཅུ་རྩ ་བརྒྱད་ནི་ཁོང་ཁྲོ་བ་ལ་སོགས་པ་སྟེ། འདི་ནི་དེ་ལས་བྱུང་བས་འབྲས་བུ་ལྟ་བུའོ། །དེ་ལས་གཞན་འབྱུང་བས་ལྟ་བ་དྲུག་ཅུ་རྩ་གཉིས་ནི་འཇིག་ཚོགས་ཀྱི་ལྟ་བའི་དབྱེ་བ་སྟེ། འདི་བསྡུས་ན་ནི་འཇིག་ཚོགས་སུ་ལྟ་བར་འདུ་བར་འགྱུར་རོ། །དེས་ཅིར་འགྱུར ་ཞེ་ན། ལོག་པར་སྤྱང་པའི་སྟོབས་ཀྱིས་ངན་སོང་གསུམ་དུ་སྐྱེ་བར་འགྱུར་རོ། །དེ་ནས་དཔེའི་སྣང་བ་དོན་དང་བཅས་པ་བསྟན་པའི་ཕྱིར། ཤེས་རབ་དང་སྟོང་པའི་ཡེ་ཤེས་ནི་སྣང་བའི་ཡེ་ཤེས་ཏེ། དེ་ཉིད་ཀྱི་དཔེ་བསྟན་པའི་ཕྱིར་ཟླ་བ་ལྟ་བུ་སྟེ། ་གང་གིས་སྙིང་ཀའི་ཐིག་ལེ་ལ་བློ་གཏོད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཐབས་ཀྱི་ཡེ་ཤེས་ནི་སྣང་བ་མཆེད་པའི་ཡེ་ཤེས་སོ། །དེའི་དཔེ་ནི་ཉི་མའི་སྣང་བ་ལྟ་བུ་སྟེ། གང་གི་འོད་ཀྱིས་གང་ལ་ཁྱབ་པ་དེ་ལ་དེ་སྐད་ཅེས་བྱའོ། །སྣང་བ ་ཉེ་བར་ཐོབ་པའི་ཡེ་ཤེས་ནི་ཡུལ་དང་སེམས་ལ་དབང་ཐོབ་པ་སྟེ། མཚམས་ཀྱི་མུན་ནག་གི་དཔེ་འགོད་པ་སྟེ། འདིར་ཐམས་ཅད་ཐིག་ལེ་གཅིག་གི་རྣམ་པར་གྱུར་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནས་འོད་གསལ་བའི་ཡེ་ཤེས ་བཤད་པ་རྣམ་པར་ཤེས་པ་གསུམ་ནི་གོང་དུ་བཤད་པ་ཉིད་དོ། །ཇི་ལྟ་བུའི་རྣམ་པ་ཡིན་ཞེ་ན། ནམ་མཁའ་ཨི་མཚན་ཉིད་ཅན་ནི་ནམ་མཁའ་དང་འདྲ་བའོ། །རྣམ་པ་མེད་པ་ནི་དམིགས་པའི་རྣམ་པ་དང་བྲལ་བའོ། །འགྲོ་བ་དང་འོང་བ་དང་བྲལ་བ ་ནི་འགྲོ་བ་དང་འོང་བ་མེད་པ་སྟེ། གང་ལ་དམིགས་པ་དང་བཅས་པ་དང། དམིགས་པ་དང་བྲལ་བ་དང་རྣམ་པ་དང་བྲལ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟ་བུའི་སེམས་དེ་ནི་སེམས་ཉིད་འོད་གསལ་བ་སྟེ། དེ་ལྟར་སེམས་དོན་དམ་པར་སྐྱེ་བ་མེད ་པ། འགག་པ་མེད་པའི་ངོ་བོ་ཡིན་ན་ཇི་ལྟར་དོན་བྱེད་པར་འགྱུར་ཞེས་འདྲི་བ་བསྟན་པའི་ཕྱིར་ཇི་ལྟར་ན་ཉིན་དང་མཚན་དུ་ལུས་ལ་སྤྲོ་ཞིང་སྡུད་པར་བྱེད་ཅེས་པ་ནི་ཅིའི་ཕྱིར་ཉིན་དང་མཚན་དུ་ཡུལ་ལ་སྤྲོ་ཞིང་སླར་སྡུད་ཅེས་པའི་ཐ་ཚིག་གོ་།གང་ཞིག་འདིར ་མེལ་ཚེ་བྱེད་ཅེས་པ་ནི་སེམས་གང་ཞིག་རྣམ་པར་རྟོག་པ་ལ་སོགས་པའི་འཇིགས་པ་སེལ་བར་བྱེད་པ་མི་རིགས་ཤེས་པའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། སེམས་གཟུང་འཛིན་དང་བྲལ་བའི་ཕྱིར་རོ། །སུ་ཞིག་ནམ་སེམས་དཔའ་མེད་པར་བྱེད་ཅེས་པ་ནི་དོན་ལ ་སེམས་པར་བྱེད་པ་པོ་ཡང་སུ་ཞིག་ཡིན་ཞེས་པ་སྟེ། དེའི་རྣམ་པ་དང་བྲལ་བའི་ཕྱིར་རོ། །འདོད་ཆགས་དང་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ལ་སོགས་པ་འདིས་ནི་འདིར་སེམས་རང་བཞིན་མེད་པ་ཡིན་ན་ཇི་ལྟར་དེ་ལས་རང་བཞིན་དང། ཉོན་མོངས ་པ་རྣམས་དང། ལྟ་བ་རྣམས་འབྱུང་བར་འགྱུར་ཞེས་དྲིས་པ་དང། དེ་དག་ཐམས་ཅད་སེམས་རང་བཞིན་མེད་པ་ཡིན་ཡང་འབྱུང་བའི་ཕྱིར། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ་ཞེས་པ་ནི་ལན་འདེབས་པའོ། །རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་ནི་བཤད ་ཟིན་ཏོ། །ཀྱང་ཞེས་པ་ནི་མི་མཐུན་པའི་རྒྱན་ནོ། སྣང་བ་དང་བཅས་པ་ནི་ཡུལ་དང་བཅས་པ་སྟེ། འདི་ནི་ཀུན་རྫོབ་ཏུ་བཤད་དོ། །རླུང་གི་ཁམས་དང་ལྷན་ཅིག་མེལ་ཚེ་བྱེད་ཅེས་པ་ནི། རླུང་ལ་ཤེས་པ་ཞོན་ནས་དེ་མེལ་ཚེ་བྱེད་པའོ། །རླུང་གི་མཚན་ཉིད ་ཀྱང་ཇི་ལྟ་བུ་ཞེ་ན། གཟུགས་མེད་པ་སྟེ་གཟུགས་རགས་པའི་རྣམ་པ་དང་བྲལ་པའོ། །དེའི་ལས་བསྟན་པའི་ཕྱིར་གཡོ་ཞིང་བསྐྱོད་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྟོན་པ་ནི་ཡང་བ་ཉིད་དང་གཡོ་བ་ཉིད་དང། རང་ལ་ཡོད་པ་ནི་མཚན་ཉིད་དོ། །དེས ་གཞན་ལ་དེ་ལྟ་བུ་བྱེད་པ་ནི་ལས་སོ། །དེ་གང་ལས་ཤེས་ཤེ་ན། རྗེས་སུ་དཔག་པ་ལས་ཏེ་གང་གི་རྟགས་ལ་བརྟེན་ནས་གང་ཤེས་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པའི་གོ་སླའོ། །དེ་སྐད་ཅེས ་བྱ་བ་དེ་ཉིད་ཀྱང་གང་ལ་བརྟེན་ནས་ཤེས་པར་བྱ་བ་དེ་ཉིད་མི་ཤེས་སོ་ཞེ་ན། དེའི་ཕྱིར་རྣམ་པར་ཤེས་པ་འཕོ་བའི་མདོ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རླུང་གི་ཁམས་གཟུགས་ཅན་མ་ཡིན་ཡང་ཞེས་པ་ནི་ཐོགས་པ་དང་བཅས་པའི་གཟུགས ་མེད་ཀྱང་ཞེས་པའི་དོན་ཏོ། །བསྟན་དུ་ཡོད་ཅིང་བཟུང་དུ་ཡོད་པར་སྣང་ངོ། །ཞེས་པ་ནི་ཀུན་རྫོབ་ཏུ་སྣང་བའོ། །གཞན་གོ་སླའོ། །རང་རིག་ཙམ་གྱི་ཡེ་ཤེས་ནི་ཞེས་པ་ནི་རང་སྣང་བ་ཙམ་གྱི་ཡེ་ཤེས་སོ། །ཇི་ལྟ་བུ་ཡིན་ཞེ་ན། ནམ་མཁའ་འདྲ་བར་མཚན་ཉིད ་མེད་ཅེས་པ་ནི་ནམ་མཁའ་བཞིན་དུ་དངོས་པོའི་རྣམ་པ་དང་བྲལ་ཞེའོ། །འོ་ན་དབྱེ་བ་མེད་དམ་ཞེ་ན། འོན་ཀྱང་དེ་ལ་དབྱེ་བ་ཡོད་དེ་ཞེས་པ་ནི་བཟུང་འཛིན་དང་བྲལ་བ་ཡིན་ཡང་དབྱེ་བ་ཡོད་དོ་ཞེའོ། །དུ་ཞེན། འདི་ལ་དབྱེ་བ་ནི་རྣམ་པ་གསུམ་མོ། ། ་ཅིའི་ཕྱིར་ཞེ་ན། ཉིན་མོ་དང། མཚན་མོ་དང། མཚམས་ཀྱི་བྱེ་བྲག་གིས་ཞེས་བསྟན་པའི་ཕྱིར་བར་མཚམས་ཉིན་དང་མཚན་མོའི་བདག་ཅེས་པའོ། །དོན་གང་ཞེ་ན། སྣང་བ་ལ་སོགས་པ་སྟེ་བཤད་ཟིན་ཏོ། །དེའི་གཞི་ཡང་གང་ཡིན་ཞེ་ན ་བཤད་པའི་ཕྱིར། དེའི་གཞི་ཡང་བཤད་པར་བྱ་ཞེས་པ་ནི་རྣམ་པར་ཤེས་པའི་གཞི་བྱེ་བྲག་དང་བཅས་ཏེ་བཤད་དོ་ཞེའོ། །གང་ཡིན་ཞེ་ན། ཕྲ་བའི་གཟུགས་ཅན་ནི་རྣམ་པར་ཤེས་པའོ། །རླུང་དང་ནི་ཞེས་པ་ནི་རླུང་ཉིད་དོ། །ཡེ་ཤེས་དག་ནི་འདྲེས ་གྱུར་པ་ཞེས་པ་ནི་རླུང་དང་ཤེས་པ་འགྲོགས་པའོ། །དབང་པོའི་ལམ་ནས་བྱུང་ནས་ནི་ཞེས་པ་ནི་དབང་པོ་ལ་བརྟེན་པའི་རྩ་ལས་བྱུང་བའོ། །ཡུལ་རྣམས་ལ་ནི་དམིགས་པར་བྱེད་ཅེས་པ་ནི་གཟུགས་ལ་སོགས་པ་ལ་དམིགས་པའོ། །གང་ཚེ་སྣང་བ ་ལྡན་གྱུར་བ་ཞེས་པ་ནི་ཡུལ་གྱི་རྣམ་པ་དང་བཅས་པས་སོ། །ངེས་ཅིར་འགྱུར་ཞེ་ན། རླུང་གི་བཞོན་པ་སྟེ། ཤེས་པ་རླུང་ལ་ཞོན་ཏེ་ངེས་དེ་ལྟར་འགྱུར་རོ་ཞེའོ། །དེ་ལས་ཅི་འབྱུང་ཞེ་ན་དེ་ཚེ་རང་བཞིན་དེ་ཐམས་ཅད་འབྱུང་སྟེ། འཁྲུལ་པའི་རང་བཞིན་དང། ་ཉོན་མོངས་པ་དང་ལྟ་བ་ཐམས་ཅད་འབྱུང་ཞེའོ། །རང་བཞིན་ཡང་གང་དང་གང་དུ་འབྱུང་ཞེ་ན་རླུང་ནི་གང་དང་གནས་པ། རང་བཞིན་དེ་དང་དེ་འབྱུང་འགྱུར་ཞེས་པ་ནི་རླུང་དང་ཤེས་པ་འགྲོགས་ཏེ་ཡུལ་ལ་དམིགས་པ་ལས་འབྱུང་ཞེས་བྱ་བའི་ཐ ་ཚིག་གོ་།དོན་འདི་ཉིད་གསལ་བར་བྱ་བའི་ཕྱིར་ཞེས་པ་ནི་འདི་ཁོ་ན་སྟེ་སྣང་བ་གསུམ་མོ། །ཡེ་ཤེས་དེ་ཡང་ཇི་ལྟ་བུར་འབྱུང་བ་ཡིན་ཞེ་ན། ཡེ་ཤེས་སྐད་ཅིག་མ་སྟེ། རྒྱུན་ནི་མ་ཡིན་ནོ་ཞེའོ། །ཕྱོགས་བཅུར་རབ་ཏུ་ཁྱབ་པ་ནི་ཕྱོགས་བཅུར་རབ་ཏུ་ཁྱབ ་པའོ། །དེ་གང་ལས་གསུངས་ཤེ་ན། དགོངས་པས་བཤད་པ་ལས་གསུངས་ཤེའོ། །དེ་ཉིད་མི་ཤེས་ནས་དྲིས་པ། ཇི་ལྟར་ན་ཡེ་ཤེས་སྐད་ཅིག་མར་འབྱུང་བ་ཡིན་ཞེ་ན་ཞེས་པ་ནི་ཡེ་ཤེས་སྐད་ཅིག་མ་ཡིན་པ་ཅིའི་ཕྱིར་ཞེས་པ་སྙེ། ལན་དུ། སྐད་ཅིག ་ཅེས་བྱ་བའི་བར་དུ་སྟེ་གོ་སླའོ། །ནམ་མཁའ་སྣང་བྱེད་ཅེས་བྱ་བ་ཡང་གང་ཡིན། གང་ལས་ལོག་པ་ཡིན་ཞེ་ན། ནམ་མཁའ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོ་འབྱེད་པའི་དོན་གྱིས་ནི་ནམ་མཁའ་སྟེ་གསལ་བར་བྱེད་པ་ནི་མཐོང་བར་བྱེད་པ་སྟེ། གང་གིས ་སྒྲིབ་པར་མི་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་དང་འདྲ་བ་ཡང་གང་ཡིན་ཞེ་ན། ཤིན་ཏུ་གསལ་བའི་ཡེ་ཤེས་རྟོག་པ་དང་བྲལ་བའོ། །སྲིན་བུ་མོ་ཁྱེར་ནི་མ་ཡིན་ནོ། །ཞེས་པ་ནི་ལྡོག་པ་སྟེ་མར་མེ་ལྟ་བུ་དང། དུ་བ་ཡང་མ་ཡིན་ཞེས་སྦྱར་རོ། །སྣང་བ་གཡོ ་བ་ཡང་གང་ཡིན་ཞེ་ན། ཁམས་ཕྲ་བ་ནི་རླུང་སྟེ། དེ་དང་ཤེས་པ་སྟན་ཅིག་ཏུ་འཇུག་པའོ། །གཞན་གོ་སླའོ། །སེམས་པ་མེད་པ་གང་ཡིན་ཞེ་ན་ཞེས་པ་ནི་སེམས་པ་མེད་པའི་རང་གི་མཚན་ཉིད་མི་ཤེས་ནས་དྲིས་པའོ། །མ་རིག་པ་སྟེ་ཞེས་པ་ནི ་ལན་ཏེ། གང་གིས་གང་གི་རྣམ་པ་མི་ཤེས་པ་དེ་ནི་མ་རིག་པའོ། །དེ་ལས་ཀྱང་ཅི་འབྱུང་ཞེ་ན། དེ་རྣམས་མ་ལུས་པར་འབྱུང་སྟེ། རླུང་ལས་རང་བཞིན་རྣམས་འབྱུང་བར་འགྱུར་ཞེས་པའི་དོན་ཏོ། །གཞན་གོ་སླའོ། །མི ་འམ་ཅིའི་རྒྱལ་པོ་ལྗོན་པས་ཞུས་པའི་མདོ་ལས་ཞེས་པ་ནི་མདོ་དང་མི་འགལ་བར་བྱ་བའི་ཕྱིར་རོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མར་མེ་མཛད་ལ་སོགས་པའོ། །ཐོགས་པ་མེད་པའི་ཡེ་ཤེས་མཐོང་བ་དང་ལྡན་པ་ནི་མངོན་དུ་གྱུར ་པ་མཆོག་གི་ཡེ་ཤེས་དང་ལྡན་པའོ། །དེ་ཅིའི་ཕྱིར་ཞེས་པ་ནི་དེ་ཉིད་ལ་ཐེ་ཚོམ་དུ་གྱུར་ནས་དྲིས་པའོ། །དེའི་ལན་དུ་སེམས་ཅན་ཐམས་ཅད་ཀྱི་འདས་པའི་སེམས་རྒྱུན་ཟད་བ་ནི་ལོག་པའི་སེམས་དང་བྲལ་བའོ། །གཞན་གོ་སླའོ། །སེམས་དང ་སེམས་ལས་བྱུང་བ་དང། སེམས་དང་མི་ལྡན་པ་ལ་སོགས་དེ་དག་ཀྱང་གང་གིས་རབ་ཏུ་ཤེས་ཤེ་ན། དེ་བཞིན་གཤེགས་པས་ཤེས་ཏེ་ཐམས་ཅད་མཁྱེན་པ་ཉིད་གསུམ་དང་ལྡན་པའི་ཕྱིར་རོ། །དེ་ལྟར་ཤེས་པའི་ཕྱིར་ཐོགས་པ་མེད་པའི་ཡེ་ཤེས ་དང་ལྡན་ཞེས་སྦྱར་རོ། །ཐོགས་པ་མེད་པའི་ཡེ་ཤེས་བྱ་བ་ཡང་སེམས་ཅན་ཐམས་ཅད་ཀྱི་སེམས་དང་དེ་ཉིད་སྒྱུ་མ་ཙམ་དང། རང་བཞིན་མེད་པ་དང་ཆོས་ཀྱི་སྐུ་ལ་སོགས་པ་སྐད་ཅིག་དང། ཐང་ཅིག་དང་ཡུལ་ཙམ་དང། མིག་བཙུམས་པ་ལ་སོགས ་པ་ཙམ་གྱིས་ཤེས་པའི་ཕྱིར་རོ། །རིགས་པ་འདིས་ན་ཞེས་པ་ནི་གཏན་ཚིགས་དེའི་ཕྱིར་ཞེས་པའི་ཐ་ཚིག་གོ་།ཐུགས་ཀྱི་ཏིང་འཛིན་ལ་གནས་པ་ནི་སེམས་ལ་དམིགས་པ་ཉིད་དོ། །སྨོན་པ་པོ་ནི་བདག་གོ་།སྨོན་ལམ་ནི་སྨོན་ལམ་ཉིད་དོ། །སྨོན་པར ་བྱ་བ་ནི་འབྲས་བུ་མཆོག་དང་ཐུན་མོང་གི་དངོས་གྲུབ་པའོ། །དེ་སྤོང་བ་ནི་དེ་ཐམས་ཅད་སེམས་ཀྱི་སྣང་བ་ཙམ་ཡིན་པའི་ཕྱིར་རོ། །དེ་ལྟར་སེམས་ལ་དམིགས་པ་ཅིར་འགྱུར་ཞེ་ན། བདག་ལ་བྱིན་གྱིས་བརླབ་པ་ལ་མངོན་པར་ཕྱོགས་པ་སྟེ། སྒྱུ་མ་ལྟ ་བུ་ཐོབ་པ་འམ་མངོན་དུ་བྱ་བ་འམ། བསྒོམ་པར་འདོད་པའོ། །རྩ་བའི་རྒྱུད་ལས་ཤེས་པ་ནི་བཤད་པའི་རྒྱུད་མ་ཡིན་པའི་ངེས་པར་གཟུང་བ་དང་བཅས་པའི། །མཉམ་པར་བཞག་པས་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པས་སོ། །རང་གི་སེམས་ལ་སོ ་སོར་རྟོགས་ཤིག་ཅེས་པ་ནི་རང་གི་སེམས་ལ་ནན་ཏན་དུ་གྱིས་ཤིག་བ་སྟེ། རང་གི་སེམས་དགེ་བ་འམ་མི་དགེ་བ་འམ་ལུང་དུ་མ་བསྟན་པ་འམ། འཁོར་བ་འམ་མྱ་ངན་ལས་འདས་པ་འམ། བླང་བར་བྱ་བའམ་དོར་བར་བྱ་བ་འམ། བཏང་སྙོམས་སུ་བྱ་བ་འམ་རྫས་སུ་ཡོད་པ་འམ ་རྫས་སུ་མེད་པ་འམ་ཞེས་བརྟག་པར་བྱའོ། །དེ་ལྟར་བཤད་པའི་རྒྱུད་ལ་བརྟན་པ་ནི་བཤད་པའི་རྒྱུད་དང་མི་འགལ་བར་བྱེད་པའོ། །སྣང་བའི་རྗེས་སུ་འབྲངས་པ་ནི་སྣང་བ་ལ་མངོན་པར་ཞེན་པའོ། །དེས་ཅིར་འགྱུར་ཞེ་ན། རང་གི་སེམས་ཇི་ལྟ་བ་བཞིན་དུ་མ་རྟོགས ་པ་ནི་སེམས་ཀྱི་ཆོས་ཉིད་མི་ཤེས་པའོ། །ལས་སུ་སྨྲ་བ་ནི་ལས་དང་ལས་ཀྱི་འབྲས་བུ་ཡོད་པར་སྨྲ་བའི་སེམས་ཅན་དག་གོ་།འཁོར་བ་ཐོག་མ་མེད་པའི་རང་གི་རྟོག་པ་ལས་བྱུང་བ་ནི་ཐོག་མ་མེད་པ་ནས་བསགས་པའི་བག་ཆགས་ཀྱིས་བསྒྲིབས་པའོ། །ཅིང་འགྱུར ་ཞེ་ན། དར་གྱི་སྲིན་བུ་བཞིན་དུ་སྟེ། རང་གི་འཆིང་བས་བཅིངས་པ་ནི་བར་གྱི་སྲིན་བུ་ལྟ་བུའོ། །རང་ཉིད་ཀྱི་སྡུག་བསྔལ་གྱིས་ནི་འདིར་གཞན་ལས་བྱུང་བ་མ་ཡིན་པར་བསྟན་ཏོ། །སེམས་ལ་དམིགས་པས་ནི་སྤོང་བར་བྱེད་པ་སྟེ་གོ་སླའོ། །འདི་དག་གིས་ནི་སེམས ་ལ་དམིགས་པ་སྤྲོས་པ་དང་བཅས་པ་སྟེ་བཤད་དོ། །འདི་དག་ཀྱང་དེ་ཉིད་ཀྱི་རྣམ་པ་ཅན་གྱི་གང་ཟག་གི་དབང་དུ་བྱས་ནས་ཟླ་བའི་མན་ངག་བཤད་དོ། །གཞན་ལ་རག་ལས་པའི་དབང་དུ་བྱས་ཏེ། འདིར་ཀུན་རྫོབ་ཀྱི་བདེན་པ་ལ་སླེགས་པར་བྱེད་དོ། །སྤྱོད་པ ་བསྡུས་པའི་སྤྲོ་ན་མའི་དོན་འདི་ཉིད་དུ་སེམས་ལ་དམིགས་པའི་ཐེ་ཚོམ་ཡོངས་སུ་གཅོད་པ་ནི་འདིར་སེམས་ཀྱི་ངོ་བོ་དང་རྒྱུ་དང་ལས་དང་འཁྲུལ་པ་ལ་སོགས་པའི་འོ། །སྤྱོད་པ་བསྡུས་པའི་འགྲེལ་བ་ལས་ལེའུ་བཞི་པའི་བཤད་པའོ།། །།རྡོ་རྗེ་སློབ་མས ་གསོལ་བ་ཞེས་བྱ་བ་ལ་སོགས་པ་འདིས་ནི་སེམས་དང་སེམས་ལས་བྱུང་བ་མཛའ་དག་གི་གདོན་ཤེས་པར་འདོད་པ་སྟེ། རྣམ་པར་ཤེས་པ་སྣ་ཚོགས་ནི་རྣམ་པར་ཤེས་པ་མཛའ་དག་ཅེས་བྱ་བའི་ཐ་ཚིག་གོ་།རྣམ་པར་ཤེས་པ ་གསུམ་གྱི་རང་བཞིན་སྣང་བ་ནི་གཟུགས་མེད་པ་ཞེས་པ་ནི་རྣམ་པར་ཤེས་པ་གསུམ་བསྟན་དུ་མེད་ཅིང་ཐོགས་པ་མེད་པའོ། །འོ་ན་རླུང་གཟུགས་ཅན་ཡིན་ནོ་སྙམ་པ་ལ། རླུང་གི་ཁམས་ཀྱང་གཟུགས་མེད་པ་ཞེས་པ་སྟེ། རླུང་ཡང་ཁ་དོག་དང་དབྱིབས་དང་རྣམ ་པར་རིག་བྱེད་མེད་པའི་ཕྱིར་རོ། །འོ་ན་ལས་གཟུགས་ཅན་ཡིན་ནོ་སྙམ་པ་ལ་ལས་ཀྱང་གཟུགས་མེད་པ་སྟེ། ཞེས་པ་ནི་དགེ་བ་དང་སྡིག་པའི་ལས་ལ་གཟུགས་མེད་དོ། །གང་གཟུགས་མེད་པ་དེ་ལ་རྣམ་པར་རིག་པ་མེད་གང་ལ་རྣམ་པར་རིག་པ་མེད་པ ་དེ་ལ་བསྟན་དུ་མེད་ཅིང་ཐོགས་པ་མེད་དོ་ཞེའོ། །ཕན་ཚུན་ཤེས་པ་མེད་པ་ནི་ཐ་དད་པ་མ་ཡིན་པའི་ཕྱིར་རོ། །ལུང་གི་ཚིག་ལས་སྟོང་པ་ཉིད་དུ་གསུངས་ཤེས་པ་ནི་བཀའ་ལས་རང་བཞིན་མེད་པར་ཡང་བཤད་ཅེས་པའི་དོན་ཏོ། །གཞན་གོ་སླའོ།། ་དེ་ལ་དང་པོ་ཁོ་ནར་ཞེས་པ་ནི་ཐོག་མ་ཉིད་དུའོ། །དགེ་བ་དང་མི་དགེ་བར་ནི་སྤོང་བ་དང་འཇུག་པ་སྟེ། མ་བྱིན་པར་ལེན་པ་དང་འདོད་པར་ལྟ་བ་ཐུག་གི་བར་དུའོ། །དེའི་རང་གི་མཚན་ཉིད་ནི་དེའི་རང་བཞིན་རྣམ་པར་བཞག་པར་བྱ་བའོ། །དེ་ཉིད་ཀྱང ་རྒྱས་པར་བཤད་པ་དགེ་བ་བཅུ་ནི་ཉོན་མོངས་པས་བསྐྱེད་པའི་མི་དགེ་བ་སྤོང་བ་བཅུའོ། །དེ་ལས་བཟློག་པ་ནི་སྤོང་བ་མ་ཡིན་པ་སྟེ། དང་དུ་ལེན་པར་བྱེད་ཅེས་པའི་ཐ་ཚིག་གོ་།འདི་དག་ཀྱང་གང་ལས་འབྱུང་ཞེའོ། །ལུས་དང་ངག་ཡིད་ལས་ཀུན་ཏུ ་འབྱུང་བའོ། ཞེས་པ་སྟེ། འདི་ལྟར་ལུས་ལས་མ་བྱིན་པར་ལེན་པ་འབྱུང་བ་ལ་སོགས་པ་འོག་ནས་སྙོན་པར་འགྱུར་རོ། །དེ་ཡང་གང་ལས་འབྱུང་ཞེ་ན་ལུས་ལས་འབྱུང་བའི་ཕྱིར། བཅོམ་ལྡན་འདས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ ་ལུས་ཀྱི་ཉེས་པར་སྤྱོད་པ་ནི་གསུམ་མོ། །ཞེས་པ་ནི་མ་བྱིན་པར་ལེན་པ་དང། སྲོག་གཅོད་པ་དང། མི་ཚངས་པར་སྤྱོད་པའོ། །ངག་གི་ཉིས་པར་སྤྱོད་པ་བཞི་ནི་ཚིག་འཁྱལ་པ་དང། ངག་རྩུབ་མོ་དང། ཕྲ་མ་དང། བརྫུན་ནོ། །ཡིད་ཀྱི་གསུམ་ནི་ཆགས་སེམས་དང། གནོད་སེམས ་དང། ལོག་པར་ལྟ་བའོ། །བདག་ལ་ཡང་ཅིའི་ཕྱིར་མི་དགེ་བ་ཞེས་བྱ་ཞེ་ན། འབྲས་བུ་སྡུག་བསྔལ་བསྐྱེད་པ་ཉིད་དང། དམ་པས་སྨད་པ་ཉིད་དང། གཡེང་བ་སྣ་ཚོགས་བསྐྱེད་པ་ཉིད་དང། བདེ་བའི་སྐབས་མི་ཕྱེད་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་འདིས་མནར ་མེད་པའི་སྡུག་བསྔལ་ལ་སོགས་པ་བསྐྱེད་པ་དེ་ཡང་མི་དགེ་བ་ལས་བྱུང་ལ་དེ་ཡང་རབ་འབྲིང་གི་བྱེ་བྲག་གིས་སྡུག་བསྔལ་གྱི་བྱེ་བྲག་ཡོད་པའི་ཕྱིར་རོ། །དེ་བས་ན་འདིས་ནི་བདེ་བའི་སྐྱབས་སུ་དབྱེ་བ་མེད་ཅིང་སྡུག་བསྔལ་མྱོང་བའི་རྣམ་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས ་བྱའོ། །དེ་དག་གི་དབྱེ་བ་ཡང་དུ་ཞིག་ཅེ་ན་ཉེས་པར་སྤྱོད་པ་ནི་གཉིས་ཏེ། གང་ཞེ་ན། ཐ་མལ་པ་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་དགེ་བ་དང་བྲལ་བའོ། །ལྕིབ་ནི་གང་གིས་ཚོགས་པའི་ཉོན་མོངས་པ་བྱེད་པའོ། །ལྕིབ་ཞེས་བྱ་བ་དེ་ཡང་གང་ཞེ་ན། ཕ་མ་ནི་རང་གི་ལུས ་བསྐྱེད་པའོ། །བླ་མ་ནི་དབང་བསྐུར་ཞིང་མན་ངག་སྟོན་པ་སྟེ། བླ་མ་ཁྱད་པར་ཅན་ནོ། །དེ་གསོད་པ་ནི་མཚམས་མེད་པའོ། །རྡེག་པ་ནི་ཉེ་བའི་ལས་སོ། །དེ་ལས་གཞན་པའི་སྲོག་གཅོད་པ་དང། མ་བྱིན་པར་ལེན་པ་ལ་སོགས་པ་ནི་སྡུག་བསྔལ་གྱི་རྒྱུར་གྱུར་པ་དང། ་དམ་པ་མ་ཡིན་པའི་ཕྱིར་ཐ་མལ་པའོ། །གཞན་གོ་སླའོ། །དེ་ལྟར་ཉོན་མོངས་པ་དབྱེ་བ་དང་བཅས་པ་བཤད་ནས་ཉོན་མོངས་པའི་རྟེན་གྱི་གང་ཟག་ཀྱང་གང་ཡིན་ཞེན། ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་འདོར་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་དུ་མི་ལེན་ཅིང ་མི་སྦྱོར་བའོ། །ཡིད་ཤིན་ཏུ་རྨོངས་པ་ནི་རྒྱུ་དང་འབྲས་བུ་དང་དེ་ཁོ་ན་ཉིད་མི་ཤེས་པའོ། །དེ་དང་གང་ལྡན་པ་དེ་ལས་ཉོན་མོངས་པ་འབྱུང་བས་འདི་ནི་ཉོན་མོངས་པའི་རྟེན་གྱི་གང་ཟག་གོ་།ཉོན་མོངས་པའི་འབྲས་བུ་ཡང་གང་ཞིག་ཡིན་ཞེན། ངན་འགྲོར ་མཆོག་ཏུ་གཞོལ་པ་ནི་ངན་འགྲོ་ལ་དགའ་བ་སྟེ་ངེས་འབྲས་བུ་མནར་མེད་པ་ལ་སོགས་པ་ཐོབ་པའོ། །དེ་བས་ན་འདིས་ནི་འཁོར་བའི་ཆོས་དང་རྒྱུ་དང་ཐབས་དང་འབྲས་བུ་བསྟན་ཏེ། ཉོན་མོངས་པ་ས་བོན་དང་བཅས་པའི་གང ་ཟག་ནི་རྒྱུའོ། །མ་བྱིན་པར་ལེན་པ་ལ་སོགས་པ་ནི་ཐབས་སོ། །དེས་ངན་སོང་གསུམ་པོར་སྐྱེ་བ་འདི་ནི་འབྲས་བུའོ། །དེས་དགེ་བའི་ཆོས་སྤོང་བ་འདི་ནི་ལས་སུ་དགོངས་ཏེ། དེ་ལྟར་སེམས་མ་རྟོགས་པས་འཁོར་བའི་ཆོས་སུ་འགྱུར་བ་བསྟན་ནས། ད་ནི ་སེམས་དབེན་པ་ཤེས་མྱ་ངན་ལས་འདས་པར་ཤེས་པར་བྱ་བའི་ཕྱིར། རང་བཞིན་སྣང་བའི་རིམ་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་བཞིན་ནི་འཁྲུལ་པའི་རང་བཞིན་ནོ། །འཁྲུལ་པའི་རང་བཞིན་དང་བྲལ་བ་ནི་སྣང་བ་སྟེ། རིམ་གྱིས་ཞེས ་བྱ་བ་ནི་སྣང་བ་ཐོབ་པ་ལ་ཐུག་པའོ། །དེས་ཅིར་འགྱུར་ཞེ་ན། སེམས་རྣམ་པར་དབེན་པ་ནི་སེམས་རྟོག་པ་དང་བྲལ་བ་སྟེ། གང་གིས་ཉོན་མོངས་པ་རྣམས་དང་བྲལ་བའི་སེམས་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །སེམས་དབེན་པ་ཞེས་བྱ་བ ་ཡང་ཇི་ལྟ་བུ་ཡིན། ཅི་དགེ་བ་འམ་མི་དགེ་བ་ལ་དམིགས་པ་འམ། དེའི་རྣམ་པ་ཅན་ཞིག་ཡིན་ནམ་ཞེ་ན། མ་ཡིན་པའི་ཕྱིར་ལུས་དང་ངག་དང་ཡིད་ཀྱི་ལེགས་པར་སྤྱོད་པ་ནི་དགེ་བ་བཅུ་པོ་སྟེ། མ་བྱིན་པར་ལེན་པ་སྤོང་བ་ལ་སོགས་པའོ། །དེ ་ལ་ཡང་མི་དམིགས་ཤིང་དེའི་རྣམ་པ་དང་བྲལ་ཞེའོ། །འོ་ན་ཉེས་པར་སྤྱོད་པ་ལ་རྟོག་གམ་ཞེ་ན། ཉེས་པར་སྤྱོད་པ་ནི་མི་དགེ་བ་བཅུ་སྟེ། མ་བྱིན་པར་ལེན་པ་དང། སྲོག་གཅོད་པ་ལ་སོགས་པ་ལ་མི་སེམས་མི་རྟོག་གོ་།གང་གི་ཕྱིར་ཞེ་ན ་ཞེས་པ་ནི་སེམས་རྣམ་པར་དབེན་པ་དགེ་བ་དང་མི་དགེ་བ་ལ་མི་རྟོག་པ་དེ་ཉིད་ཅིའི་ཕྱིར་ཞེས་པའོ། །དེའི་ལན་དུ་དགེ་བ་དང་མི་དགེ་བའི་རང་བཞིན་ནི་དེའི་མཚན་ཉིད་དོ། །དེ་གང་ལས་འབྱུང་ཞེ་ན་སྟོང་པ་གསུམ་ལས་བྱུང་སྟེ་སྣང་བ་དང་སྣང ་བ་མཆེད་པ་དང། སྣང་བ་ཐོབ་པ་གསུམ་ལས་བྱུང་བའོ། །གང་གི་སྟོབས་ཀྱི་ཇི་ལྟར་བྱུང་ཞེ་ན། རླུང་གིས་བཞོན་པའི་དབང་གིས་ཏེ། ཤེས་པ་རླུང་ལ་ཞོན་ཞིང་རླུང་དང་ལྷན་ཅིག་ཏུ་འབྱུང་བར་བྱེད་པའོ། །དེ་ཡང་དུས་ཅི་ཙམ་དུ་འབྱུང་ཞེ་ན་སྐད་ཅིག་སྡང? ་ཅིག་ལ་སྟེ། མིག་བཙུམས་པ་ལ་སོགས་པའི་བར་དུའོ། །བྱུང་ནས་ཀྱང་ཅི་བྱེད་ཅེ་ན། ཡུལ་རྣམས་རྗེས་སུ་མྱོང་ནས་ཏེ་གཟུགས་ལ་སོགས་པ་དམིགས་ཤིང་ཚོ་བ་ཉམས་སུ་མྱོང་བར་འགྱུར་རོ། །དེ་ནས་གར་འགྲོ་ཞེ་ན། ཡང་དང་ཡང་དུ་འོད་གསལ ་བར་འཇུག་པར་འགྱུར་ཏེ། དུས་ཐམས་ཅད་དུ་འོད་གསལ་བ་རང་བཞིན་གྱིས་དག་པའོ། །ཞེས་པ་འདིས་ཤེས་པ་རང་བཞིན་གྱི་འོད་གསལ་བར་བསྟན་ཏོ། །དེ་ལྟར་ཤེས་ནས་ལམ་གྱི་སྣང་བ་གསུམ་ལ་བློ་གཏད་པས་དྲི་མ་དང་བྲལ་བའི་འོད་གསལ ་བ་ཐོབ་པར་འགྱུར་རོ། །དེ་བས་ན་དགེ་བའི་རྟེན་ཅན་གྱིས་ནི་རྒྱུ་བསྟན་ཏོ། །དེ་ཉིད་ལམ་གྱི་སྣང་བས་ནི་ཐབས་བསྟན་ཏོ། །སྣང་བ་གོད་པ་དང་འོད་གསལ་བས་ནི་འབྲས་བུ་བསྟན་ཏོ། །རང་བཞིན་དང་འཁོར་བའི་ཆོས་ཀྱིས་ནི་འདིའི་སྤང་བར་བྱ་བའི་མི ་མཐུན་པའི་ཕྱོགས་བསྟན་ཏོ། །དེ་ཉིད་ཀྱང་གང་ལས་ཤེས་སྙམ་པ་ལ། དགོངས་པ་བླ་ན་མེད་པ་ལས་ཤེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ཇི་སྐད་དུ་བཤད་པ་དེ་སྐད་དུ། དགོངས་པ་བླ་ན་མེད་པ་ལས་བཤད་ཅེའོ། །ཇི་ལྟར་སྤྲིན་ནི་སྣ་ཚོགས ་ཤིང་ཞེས་པ་ནི་དུས་དང་ཁྱད་པར་གྱི་སྒོ་ནས་སྤྲིན་སྣ་ཚོགས་པ་སྟེ་མང་པོའོ། །དེ་དག་ཀྱང་གང་ཞིག་གི་དང་དུ་གཅིག་པ་འམ་ཐ་དད་ཅེ་ན། ཀུན་རྫོབ་ཏུ་ཐ་དད་པའོ། །གང་གི་ཐ་དད་ཅེ་ན། མདོག་དང་དབྱིབས་ཀྱིས་ཐ་དད་པ་སྟེ། དཀར་པོ་དང་ལྗང་གུའི ་བར་དང། གྲུ་བཞི་དང་ཟླུམ་པོ་ལ་སོགས་པས་ཐ་དད་པའོ། །ཐ་དད་པ་དེ་ཡང་དུས་རྣམ་པ་ཐམས་ཅད་དུ་ཐ་དད་པ་འམ་འོན་ཏེ་མ་ཡིན་ཞེ་ན་མ་ཡིན་ཏེ། ནམ་མཁའ་ཨི་དབྱིངས་སུ་བྱུང་ནས་ནི་ཞེས་པ་ནི་མེད་པ་ལས་བྱུང་བའོ། །དེ་ཉིད་དུ་ནི་ཐིམ་པར་འགྱུར ་ཞེས་པ་ནི་ནམ་མཁའ་ཉིད་ཀྱི་ངང་དུ་གཉིས་དང་གསུམ་གྱི་དབྱེ་བ་མེད་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །དེས་ནི་དཔེ་བསྟན་ཏེ། དེ་ཉིད་ཀྱི་དོན་བསྟན་པའི་ཕྱིར། དེ་བཞིན་རང་བཞིན་ཐམས་ཅད་ནི་རང་བཞིན་བརྒྱད་ཅུ་ངོ་མ་ལུས ་པའོ། །སྣང་བ་གསུམ་གྱི་རྒྱུ་ཅན་ནི་སྣང་བ་གསུམ་པོ་ལས་བྱུང་བས་ཏེ། འདི་ནི་སྲིད་པ་སྐྱེ་བཞིན་པའི་སྣང་བ་ཐོབ་པ་དང། མཆེད་པ་དང་སྣང་བ་འམ། ཡང་ན་དེ་ལས་བཟློག་པའོ། །མ་ལུས་ཡུལ་ལ་ཞུགས་ནས་ནི་ཞེས་པ་ནི་རང་བཞིན་མ་ལུས ་པ་གཟུགས་དང་སྒྲ་ལ་སོགས་པ་ལ་ཞུགས་པའོ། །དེས་ཅིར་འགྱུར་ཞེ་ན། ཡུལ་ཉམས་སུ་མྱོང་སྟེ། ཉོན་མོངས་པ་དང་ལྟ་བ་ཐམས་ཅད་འབྱུང་སྟེ་བཤད་ཟིན་ཏོ། །དེ་ནས་གང་དུ་འགྲོ་ཞེ་ན། འོད་གསལ་བར་ཡང་འཇུག་པར་འགྱུར་ཏེ། རང་བཞིན་ཐམས ་ཅད་ཀྱང་རྣམ་པར་དག་ཅིང་སྤྲོས་པ་དང་བྲལ་བར་འགྱུར་རོ། ཞེས་བྱ་བར་དགོངས་སོ། དེ་ལྟ་བུའི་དོན་མ་ཤེས་པའི་སྐྱོན་བསྟན་པའི་ཕྱིར། དེ་འདྲའི་རང་བཞིན་མ་ཤེས་པས་ཞེས་པ་ནི་གོང་དང་འབྲེལ་ཏེ། འདི་ནི་རྨོངས་པའི་ཕྱིར་འདི་ནི་གཏི་མུག ་གི་རྣམ་གྲངས་སོ། །མི་ཤེས་མུན་པས་ཁེབས་པ་རྣམས་ནི་སེམས་དང་སེམས་ལས་བྱུང་བ་དང། མ་རིག་པའི་དོན་མི་ཤེས་པས་ཤེའོ། །དེའི་སྟོབས་ཀྱི་ཅི་བྱས་ཤེ་ན། དགེ་དང་མི་དགེའི་ལས་བྱས་ནས་ཞེས་པ་ནི་དགེ་བ་བཅུ་དང་མི་དགེ་བ་བཅུ ་ལ་སྤྱད་པའོ། །དེས་ཅིར་འགྱུར་ཞེ་ན། འགྲོ་བ་ལྔར་ནི་འཁོར་བར་འགྱུར་ཏེ། དགེ་བས་ནི་ལྷ་དང་མིར་འགྱུར་རོ། །མི་དགེ་བ་ནི་ངན་སོང་གསུམ་དུ་འགྱུར་རོ། །འོ་ན་སེམས་ཅན་གང་གིས་འགྲོ་ཞེ་ན། མཚམས་མེད་ལ་སོགས་བྱས་ནས་། ་ནི། ཞེས་པ་ནི་ཕ་མ་དང་དགྲ་བཅོམ་པ་ལ་སོགས་པ་གསོད་པའོ། །གང་དུ་སྐྱེ་ཞེ་ན། དམྱལ་བ་ལ་སོགས་པར་འཚེད་པར་འགྱུར་ཏེ། དམྱལ་བ་ཡང་ཡང་སོས་དང། ཐིག་ནག་ནས་མནར་མེད་པའི་བར་དུ་འགྱུར་རོ། །མཐོ་རིས་ཀྱང་གང་གི་འགྲུབ་ཅེ་ན། ་སྦྱིན་སོགས་དགེ་བ་བྱས་ནས་ནི་ཞེས་པ་ནི་སྦྱིན་པ་དང། སྙན་པར་སྨྲ་བ་དང། དོན་སྤྱོད་པ་དང། དོན་མཐུན་པའམ། ཡང་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་བྱས་པས་སོ། །ཅིར་འགྱུར་ཞེ་ན། མཐོ་རིས་ལ་སོགས་དག་ཏུ་མཆོད་དེ། མི་ཡུལ་བཞི་པོ་དང། རྒྱལ་ཆེན་བཞིའི ་རིས་དང། སུམ་ཅུ་རྩ་གསུམ་དང། འཐབ་བྲལ་དང། དགའ་ལྡན་དང། འཕྲུལ་དགའ་དང། གཞན་འཕྲུལ་དབང་བྱེད་དང། བསམ་གཏན་དང་པོ་ལ་སོགས་པར་འགྱུར་རོ། །སྐྱེ་བ་ཇི་ཙམ་གྱི་བར་དུ་འགྲུབ་ཅེ་ན། སྐྱེ་བ་དཔག་མེད་སྟོང་ཕྲག་ནི་སྐེལ་པ་དཔག་ཏུ ་མེད་པ་སྟོང་ཕྲག་གཅིག་དང། གཉིས་དང་གསུམ་ལ་སོགས་པར་སྐྱེ་བ་ལེན་པར་འགྱུར་རོ། །དེ་བས་ན་སྐྱེ་བ་དེ་སྲིད་དུ་ལུས་དེ་སྲིད་ཀྱི་སྡུག་བསྔལ་མྱོང་བར་འགྱུར་རོ། །དེ་མ་རྟོགས་པའི་གང་ཟག་ལ་སོགས་པའི་མྱ་ངན་ཡོད་པ་ནི། འདི་ནི་ཞེས་པ་ལུས་འདི་དང་སྡུག ་བསྔལ། །འདིའོ། །སྔོན་ལས་རྣམ་སྨིན་ནི་དང་པོའི་ལས་ཀྱི་འབྲས་བུ་ཡིན་ནོ་ཞེས་མྱ་ངན་བྱེད་དོ། །སུ་མྱ་ངན་བྱེད་ཅེ་ན། རྨོངས་པ་རྣམས་ནི་མྱ་ངན་བྱེད་ཅེས་པ་ནི་སེམས་དབེན་པ་ལ་རྨོངས་པ་ནི་འདིར་རྨོངས་པའོ། །མྱ་ངན་བྱེད་བ་ནི་སྡུག་བསྔལ་བྱེད་པའོ། །འོ ་ན་དེ་གང་གིས་ཤེས་པ་དེ་ཅིར་འགྱུར་ཞེ་ན། ཤེས་པའི་ཡོན་ཏན་བསྟན་པ་རང་བཞིན་སྣང་བའི་ཚུལ་ཅན་དག་ཅེས་པ་ནི་རང་བཞིན་དང་རྒྱུ་དང་འབྲས་བུའོ། །དེ་ལས་ཅིར་འགྱུར་ཞེ་ན། ཉོན་མོངས་ལྟ་བ་དེ་བཞིན་སྐྱེ་སྟེ་རང་བཞིན་དང། ཉོན་མོངས་པ་དང། ་ལྟ་བ་ལ་སོགས་པ་སྣང་བ་གསུམ་ལས་སྐྱེ་བར་ཤེས་པའོ། །དེའི་མིང་ཅི་ཞེ་ན། གང་ཟག་དེ་ནི་ཡེ་ཤེས་ཅན་ཞེས་པ་ནི་ཡེ་ཤེས་གསུམ་དང་ལྡན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེས་ཅིར་འགྱུར་ཞེ་ན། སྲིད་པའི་གཟབ་ལས་གྲོལ་བར་འགྱུར་ཞེས་པ་ནི་ཁམས ་གསུམ་གྱི་ཉོན་མོངས་པ་ལས་གྲོལ་བར་ཞེས་པའོ། །དེ་ཉིད་ཀྱང་མདོར་བསྡུས་པ་ཡིན་པས། དེ་རྒྱས་པར་གང་ལས་བཤད་ཅེ་ན། མི་འམ་ཅིའི་རྒྱལ་པོ་ལྗོན་པས་ཞུས་པའི་མདོ་ལས་ཞེས་པ་ལ་སོགས་པ་སྨོས་ཏེ། ཁ་ཅིག་མདོ་དང་འགལ་བའི་རྟོག་པ ་བསལ་བའི་ཕྱིར་དེ་སྐད་ཅེས་བྱའོ། །སེམས་ཀྱི་སྤྱོད་པ་ནི་སེམས་ཀྱི་སྣང་བའོ། །འདུས་མ་བྱས་པ་ནི་རྒྱུ་རྐྱེན་དང་བྲལ་བའོ། །གཟུགས་ཅན་མ་ཡིན་པ་ནི་གང་ལ་སྒྲིབ་པ་མེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་བཞོན་པ་རླུང་དང ་གཟུགས་ཅན་མ་ཡིན་ཏེ། ཆགས་པ་དང་ཐོགས་པ་གཉིས་དང་བྲལ་བའི་ཕྱིར་རོ། །སེམས་གཅིག་དེ་དང་འདྲ་བ་ཡང་མ་ཡིན་ཏེ། འཇིག་རྟེན་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་ཤེས་པ་དེ་ནི་འཇིག་རྟེན་ཐམས་ཅད་ཀྱི་སེམས་ཀྱང་འདུས་མ ་བྱས་སུ་ཤེས་པའོ། །དེས་ཅིར་འགྱུར་ཞེ་ན། ཉོན་མོངས་པ་འབྱུང་བར་མི་འགྱུར་ཏེ། ཉོན་མོངས་པ་དང་བྲལ་ཞིང་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བར་དགོངས་སོ། །རིགས་པའི་དོན་ནི་གཏན་ཚིགས་ཀྱི་དོན་ཏོ། །འདི་ནི་ཉེ་བར་བྱེད་པར ་སྟེ་རིགས་པ་འམ་གཏམ་ཚིགས་འདིའི་སྟོབས་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ་།ཅིར་འགྱུར་ཞེ་ན། ཐར་པ་ལ་མངོན་པར་ཕྱོགས་པར་འགྱུར་རོ། ཞེས་སྦྱར་རོ། །གཞན་གོ་སླའོ། །དེ་བས་ན་དགེ་བ་བཅུ་ཡང་འདིར་ནི་སྤང་བར་བྱའོ། །དེ་ཡང ་གང་ལས་ཤེས་ཤེ་ན། རྡོ་རྗེ་གཅོད་པ་ལས་ཤེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ཀྱང་སྤང་བར་བྱ་ན་ཞེས་པ་ནི་དགེ་བ་བཅུ་ཡང་སྤང་བར་བྱ་ན་ཞེས་བྱ་བའི་ཐ་ཚིག་གོ་།ཆོས་མ་ཡིན་པ་ཅི་སྨོས་ཏེ་ཤེས་པ་ནི་སྡིག་པ་བྱེད་པ་ལྟ་ཅི་སྨོས་ཤེས ་པའོ། །དེའི་ལུང་དེ་ཡང་གཞུང་འདི་དག་མི་མཐུན་ནམ་སྙམ་པ་ལ། གསང་བ་འདུས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དགེ་བ་བཅུའི་ལས་ཀྱི་ལམ་ནི་གཞི་མཐུན་པ་ཉིད་དེ་མ་བྱིན་པར་ལེན་པ་སྤོང་བར་བྱེད་པ་བསམ་པ་དང་བཅས་པ ་སྟེ། བདག་ནི་མ་བྱིན་པར་ལེན་པ་སྤོང་བའོ། །ཐབས་ནི་འདི་ཡིས་སྤོང་ངོ། །སྤངས་པའི་འབྲས་བུ་ནི་འདི་ལྟ་བུ་ཞིག་ཐོབ་བོ་ཞེས་བྱ་བའོ། །དེ་མ་སྤངས་པས་ཅིར་འགྱུར་ཞེ་ན། ཡེ་ཤེས་སྤངས་ཏེ་མི་རྟོག་པའི་ཡེ་ཤེས་སྤངས་བའོ། །ཅིའི ་ཕྱིར་ཞེ་ན། གཉིས་ལ་སོགས་པ་ལ་དམིགས་པ་ནི་རྟོག་བཅས་ཀྱི་ཤེས་པ་སྟེ། རྟོག་པ་དང་བཅས་པ་དང། རྟོག་པ་མེད་པའི་ཤེས་པ་ནི་གཅིག་གིས་གཅིག་སྤངས་པ་དང། ལྷན་ཅིག་པར་འགལ་བའི་ཕྱིར་རོ། །སེམས་དེ་ཡང་གང་ཡིན་ཞེ་ན། དགེ་བའི་བཤད ་གཉེན་ཏེ། འབྲས་བུ་མཆོག་གང་གིས་སྟེར་བ་དེ་ལ་དེ་སྐད་ཅེས་བྱའོ། །གཞན་གོ་སླའོ། །ལུང་གཞན་ཡང་བཤད་པ། སེམས་དགེ་བའི་བཤེས་གཉེན་ཡིན་པ་ཉིད་ཀྱང། གང་གིས་ཤེས་ཤེ་ན། དེའི་ཕྱིར་རབ་འབྱོར་གྱིས་གསོལ་པ་ཞེས་པ་ནི་སེམས་དགེ་བའི་བཤད ་གཉེན་ཡིན་པར་ཤེས་པར་འདོད་ནས་དྲིས་པའོ། །ཆོས་ཐམས་ཅད་དབེན་པ་དང་སྟོང་པ་ལ་གསལ་ན་ཞེས་པ་ནི་ཆོས་ཐམས་ཅད་རང་བཞིན་མེད་པ་དང་སྟོང་པ་ཉིད་ལགས་ན་ཞེས་པའོ། །ཇི་ལྟར་སེམས་ཅན་རྣམས་ལ་ཀུན་ནས་ཉོན་མོངས་པ་འབྱུང་བར་འགྱུར། ་ཞེས་པ་ནི་སེམས་ཅན་ཡང་རང་བཞིན་མེད་པ་ཡིན་ན་ཀུན་ནས་ཉོན་མོངས་པ་ལྟ་ཅི་སྨོས་ཞེས་བྱ་བར་དགོངས་སོ། །གལ་ཏེ་ཀུན་ནས་ཉོན་མོངས་པའི་ངོ་བོ་ཉིད་ཡིན་ན་ཇི་ལྟར་རྣམ་པར་བྱང་བར་འགྱུར་ཏེ། གཅིག་གིས་གཅིག་སྤངས་པ་ཡིན་པའི་ཕྱིར་རོ། །མི ་འགྱུར་བ་ཉིད་ཀྱང་ཅིའི་ཕྱིར་སྙམ་པ་ལ། དབེན་པ་ནི་ཀུན་ནས་ཉོན་མོངས་པར་མི་འགྱུར་རྣམ་པར་བྱང་བར་མི་འགྱུར་ཏེ། དབེན་པ་ནི་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་དབེན་པའོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ནི་རྣམ་པར་རྟོག་པ་ཡིན་ཏེ། ་རིགས་ཀྱི་བུ་གཉིས་སུ་རྟོག་པ་འདི་ནི་རྣམ་པར་རྟོག་པའོ། །གཉིས་པོ་འདི་ནི་རེས་འཇོག་ཏུ་རྟོག་ཀྱང་རྣམ་པར་རྟོག་པའོ་ཞེའོ། །འོ་ན་དབེན་པ་དང་སྟོང་པ་ཉིད་དེ་ཡིས་གང་དག་སངས་རྒྱ་འམ། དེ་ལས་གཞན་ཞིག་གིས་སངས་རྒྱས་ཤེ་ན། དབེན་པ་འམ་སྤོང ་བ་ཉིད་ཀྱིས་སངས་མི་རྒྱ་ཞེས་པ་སྟེ་དེ་ཉིད་ཀྱི་རྣམ་པ་དང་བྲལ་བའི་ཕྱིར་རོ། །འོག་མ་ལྟར་ན་ཡང་མི་འགྱུར་ཏེ། སངས་རྒྱས་ཉིད་ཀྱང་ཡོད་པ་མ་ཡིན་ལ། རྒྱུ་དང་རྐྱེན་ཡོད་པ་མ་ཡིན་ནོ། ཞེས་དྲིས་པ་དང་ལན་དུ་རབ་འབྱོར་དེ་ཇི་སྙམ་དུ་སེམས་ཤེས་པ་ནི་བསམ་པ? ་ཅི་ཞིག་ཡོད་ཅེས་པ་སྟེ། བསམ་པ་ནི་ཤིན་ཏུ་རིག་པར་དཀའ་བའི་ཕྱིར་རོ། །སེམས་ཅན་རྣམས་ཡུན་རིང་པོ་ནས་ངར་འཛིན་པ་དང་ང་ཡིར་འཛིན་པ་ལ་སྤྱོད་དམ་ཞེས་པ་ནི་ཐོག་མ་མེད་པ་ནས་ངར་འཛིན་པ་ནི་བདག་ཏུ་འཛིན་པའོ། ་ང་ཡིར་འཛིན་པ་ནི་བདག་གི་ཕའོ། །བདག་གི་མའོ་ཞེས་འཛིན་པའོ། །དེ་བཞིན་ནོ་ཞེས་པ་ནི་དེ་ལྟ་བུ་ཡིན་ནོ་ཞེས་པའོ། །ངར་འཛིན་པ་དང་ང་ཡིར་འཛིན་པ་དེ་ཉིད་འོ་ན་ཡོད་པ་ཞིག་ཡིན་ནམ་ཞེ་ན། འོན་ཀྱང་ངར་འཛིན་པ་དང་ང་ཡིར་འཛིན་པ་སྟོང་པ་ཡིན ་མོད་ཅེས་པ་སྟེ། དོན་དམ་པར་ནི་ཆོས་ཐམས་ཅད་བདག་ཏུ་འཛིན་པ་དང་བདག་གིར་འཛིན་པས་སྟོང་པ་ཉིད་དོ་ཞེའོ། །འོ་ན་འཁོར་བའི་རྒྱུ་ཡང་གང་ཡིན་ཞེ་ན་ངར་འཛིན་པ་དང་ང་ཡིར་འཛིན་པས་སེམས་ཅན་རྣམས་འཁོར་བ་ན་འཁོར་རམ་ཞེས ་པ་ནི་བདག་དང་བདག་གིར་འཛིན་པས་སེམས་ཅན་རྣམས་བཅིངས་ཏེ་འཁོར་བར་འཁྱམ་པ་ནི་འཁོར་རོ་ཞེས་པའོ། །འོ་ན་མྱ་ངན་ལས་འདས་པ་ཞེས་བྱ་བ་འདི་གང་ཞིག་ཡིན་སྙམ་པ་དང། གང་ལས་ཤེས་སྙམ་པ་ལ་ལས་ཀྱི་སྒྲིབ་པ་ཐམས་ཅད ་རྣམ་པར་དག་པའི་མདོ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅི་སྐྱེ་བ་མེད་པ། སྐྱེ་བ་འམ་ཞེས་པ་ནི་སེམས་ཉིད་སྐྱེ་བ་མེད་པར་གནས་པ་དི་ཅི་སྐྱེ་བ་གཞན་དུ་སྐྱེ་བ་འམ་ཞེས་པའི་དོན་ཏོ། །དེ་ནི་མ་ལགས་སོ། །ཞེས་པ་ནི་སྐྱེ་བ་མེད་པ་སྐྱེ་བ་ལ ་སོགས་པར་མི་འགྱུར་བའོ། །མི་འགྱུར་ཀྱང་སེམས་ཅན་དམྱལ་བར་གལ་ཏེ་ན་འགྱུར་རོ་ཞེ་ན། སྐྱེ་བ་མ་མཆིས་པ་ཉིད་ཀྱང་མ་མཆིས་ན་ཞེས་པ་ནི་སྐྱེ་བ་མེད་པ་ཉིད་ཀྱང་རྣམ་པར་དག་ན་ཞེའོ། །ངན་འགྲོར་མཆི་བར་འགྱུར་བ་ལྟ་ག་ལ ་མཆིས་ཞེས་པ་ནི་ངན་འགྲོ་དང་ངན་འགྲོར་འགྲོ་བ་པོ་ཡང་མི་དམིགས་ཞེས་པའི་ཐ་ཚིག་གོ་གཞན་གོ་སླའོ། །ཆོས་ཐམས་ཅད་དགེ་བར་གྱུར་ན་ངན་འགྲོར་འགྲོ་བར་མི་འགྱུར་རམ་ཞེ་ན། མི་འགྱུར་ཏེ། དེ་ཡང་གང་ལས་ཤེས་ཤེ་ན། དེ ་བཞིན་གཤེགས་པའི་མཛོད་ཀྱི་མདོ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ཐམས་ཅད་ལ་མ་དད་པ་མེད་པས་མངོན་བར་དད་ཅིང་ལྷག་པར་མོས་ན་ཞེས་པ་ནི་དགེ་བའི་ཆོས་ཐམས་ཅད་དང། སངས་རྒྱས་དང་ཆོས་དང་དགེ་མདུན་ལ་མ་དད་པ་མེད་ཅིང། ་ལེ་ལོ་དང་ཁོང་ཁྲོ་བ་ལ་སོགས་པ་མེད་པའོ། །དེ་ངན་འགྲོར་འགྲོ་བར་མི་འགྱུར་རམ་ཞེ་ན། སེམས་ཅན་དེ་ཡང་ངན་འགྲོར་འགྲོ་བར་མི་འགྱུར་ཏེ། ངན་འགྲོ་ཐམས་ཅད་ཀྱི་ས་བོན་གཏན་ནས་སྤངས་པའི་ཕྱིར་རོ། །ས་བོན་སྤངས་པ་ཉིད་ཀྱང་ཅིའི་ཕྱིར་ཞེ་ན་། ་དགེ་བའི་ཆོས་དང་ལྡན་པའི་ཕྱིར་ཏེ། འདི་ལྟར་དགེ་བ་གང་ན་ཡོད་པ་དེ་ན་ཉོན་མོངས་པ་མི་འབྱུང་ལ་གང་ལ་ཉོན་མོངས་པ་མེད་ན་དེ་ལ་ངན་འགྲོ་མེད་དེ་སྣང་བ་དང་མུན་པ་བཞིན་ནོ། །དགེ་བས་ཀྱང་ཉོན་མོངས་པ་སྤོང་བ་ཉིད་ཅིའི་ཕྱིར་ཞེ་ན། ཉོན་མོངས ་པ་རྣམས་ལ་ཕུང་པོ་མེད་དེ། གང་ལ་ཕུང་པོ་མེད་པ་དེ་ནི་མི་འགྲོ་བའི་ཆོས་ཅན་ཡིན་པའི་ཕྱིར་རོ། །འོ་ན་ཆོས་ཀྱི་སྐུ་ཉིད་ཀྱང་གང་གིས་ཐོབ་པར་འགྱུར་ཞེ་ན། ཉོན་མོངས་པ་ཐམས་ཅད་རྣམ་པར་དབེན་པ་ནི་ཉོན་མོངས་པ་དང་བྲལ་བའོ། །བྲལ་བ་དེ ་ཉིད་ནི་ཆོས་ཀྱི་སྐུའོ། །འོ་ན་འཁོར་བར་ཇི་ལྟར་སྐྱེ་ཞེ་ན། རྒྱུ་དང་རྐྱེན་ཚོགས་པ་དང་ཕྲད་པ་ལས་སྐྱེ་ཞེས་པ་ནི་རྒྱུ་དང་རྐྱེན་ཚོགས་པ་དང་ཕྲད་པ་ལས་ཤེས་པ་སྐྱེ་ཞེས་པ་སྟེ། མིག་དང་གཟུགས་ལ་སོགས་པ་གོ་རིམ་བཞིན་ནོ། །སྐྱེ་བ་དེ་ཡང་སྐད་ཅིག ་མ་ཡིན་པའི་ཕྱིར་འགག་པར་འགྱུར་ཏེ། སྐད་ཅིག་ལས་མི་གནས་པའི་ཕྱིར་རོ། །དེ་བས་ན་ཉོན་མོངས་པ་རྣམས་འཇིག་པའི་ཆོས་ཅན་ཡིན་པས་འདི་ནི་འཇིག་པའི་ཆོས་ཅན་ནོ། །དེ་ལྟར་ཡང་སྔོན་གྱི་སློབ་དཔོན་རྣམས་ཀྱིས་མ་གསུངས་སོ་ཞེ་ན་མ་ཡིན་ཏེ། ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་གསུངས་ཞེས་སྦྱར་རོ། །ཀླུ་སྒྲུབ་ཉིད་ཚད་མ་མ་ཡིན་ནོ་ཞེ་ན་དེ་བཞིན་གཤེགས་པས་དེ་ལྟར་ལུང་བསྟན་པའི་ཕྱིར་རོ། །དེའི་དོན་ནི་གོ་སླའོ། །དེ་ལྟར་ལས་ཀྱི་མཛའ་རྣམ་པར་འབྱེད་པ་འདི་བསྟོན་པས་ཅི་བྱེད་ཅེ་ན། ་སེམས་ཅན་སྡུག་བསྔལ་གྱི་རྒྱ་མཚོ་ལ་གནས་པ་རྣམས་སྒྲོལ་བར་བྱེད་དོ། །ལུང་དང་རིགས་པ་དག་གིས་ཞེས་པ་ནི་རྒྱུ་དང་མདོ་དང་མི་འགལ་བ་དང། མངོན་སུམ་དང། རྗེས་སུ་དཔག་པ་དང། གྲགས་པ་དང། རང་གི་ཚིག ་དང་མི་འགལ་བ་འདི་ཉིད་ཀྱིས་མི་འགལ་བར་བྱས་པའོ་ཞེའོ། །ལུང་གི་གསུང་བ་པོ་ཡང་གང་ཞིག་ཡིན་ཞེ་ན། ཐུགས་རྗེ་ཆེན་པོའི་བདག་ཉིད་དེ། དེ་བཞིན་ཉིད་ལས་ཐུགས་རྗེའི་སྟོབས་ཀྱིས་གཤེགས་པ་གང་ཡིན་པ་དེས་གསུངས་ཤེའོ། །དེ་ཡང ་གང་ལ་གཟིགས་ཤེ་ན། སེམས་ཅན་སྡུག་བསྔལ་དཔའ་ཀློང་དུ་ལྷུང་བ་ནི་སྡུག་བསྔལ་གྱི་ཆུ་བོས་དེད་ཅིང་གཡེངས་པའོ། །སྐྱབས་དང་དཔུང་ཆེན་པོའི་བདག་ཉིད་དེ། དེ་བཞིན་ཉིད་ལས་ཐུགས་རྗེའི་སྟོབས་ཀྱིས་གཤེགས་པ་གང་ཡིན་པ་དེས་གསུངས ་ཤེའོ། །དེ་ཡང་གང་ལ་གཟིགས་ཤེ་ན། སེམས་ཅན་སྡུག་བསྔལ་གྱི་དཔའ་ཀློང་དུ་ལྷུང་བ་ནི་སྡུག་བསྔལ་གྱི་ཆུ་བོས་དེད་ཅིང་གཡེངས་པའོ། །སྐྱབས་དང་དཔུང་གཉེན་མེད་པ་ནི་མགོན་དང་སྐྱོབ་པར་བྱེད་པ་མ་མཐོང་བ་ལ་གཟིགས་པའོ། །གཟིགས ་ནས་ཅི་བྱེད་ཅེ་ན། ཀུན་རྫོབ་ཀྱི་བདེན་པའི་ཚུལ་གྱིས་ཤེས་པ་ནི་སྒྱུ་མ་ལྟ་བུའི་སྐུ་ཡིས་སོ། །ཉོན་མོངས་པའི་ངོ་བོ་ཉིད་ཡོངས་སུ་ཤེས་པས་ཞེས་པ་ནི་འདོད་ཆགས་ལ་སོགས་པའི་རྣམ་པ་ཡོངས་སུ་ཤེས་པའོ། །འདིས་ནི་གཞན་གྱི་སེམས་ཤེས་པ ་ཉིད་དུ་སྤང་བ་བསྟན་ཏོ། །ཤེས་ནས་ཀྱང་ཅི་ཞིག་མཛད་ཅེ་ན་ཉོན་མོངས་པ་རྣམ་པར་དག་པར་མཛད་པ་ནི་ཉོན་མོངས་པ་སྤོང་བའི་ཐབས་དཔག་ཏུ་མེད་པ་བཀའ་སྩལ་ཞེའོ། །ཀུན་རྫོབ་ཀྱི་བདེན་པ་དེ་ཉིད་ལ་གནས་པ་ཡིན་ནམ་ཞེ་ན། དོན་དམ་པའི ་བདེན་པས་རྣམ་པར་སྦྱངས་ནས་འོད་གསལ་བའི་ངང་ལ་སྙོམ་པར་ཞུགས་ཞེས་སྦྱར་རོ། །ལས་ཀྱི་མཛའ་ནི་ལས་ཀྱི་མཛའ་ཏེ་ལས་ཀྱི་འབྲས་བུའོ། །དེ་རྣམ་པར་འབྱེད་པ་ནི་གསལ་བར་བྱེད་པའོ། །ཐེ་ཚོམ་ཡང་དུ་སྐྱེ་ཞེ་ན། ལས་དགེ་བ་མ་ཡིན ་སྙན་པ་དང་དགེ་བ་མེད་པ་དང། དགེ་བ་ཡང་དུ་ཡོད་སྙམ་དང། དགེ་བ་གང་ལས་འབྱུང་སྙམ་པ་དང། དགེ་བའི་འབྲས་བུ་མེད་སྙམ་པ་དང། མ་ཡིན་སྙམ་པ་དང། འབྲས་བུ་དུ་ཞིག་ཡོད་པ་དང། ལུང་དང་འགལ་བ་དང། མདོ་དང་མན་ངག་དང། རིགས་པ་དང་འགལ? ་བ་དང། སྐྱོན་ལ་སོགས་པ་ལ་ཐེ་ཚོམ་ཟ་བ་དེ་ངེས་པར་གཟུང་བ་མཛའ་ལ་གནས་པ་འདིས་གཅོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དགེ་བ་ལ་ཇི་ལྟ་བར་མི་དགེ་བ་ལ་ཡང་དེ་ལྟར་ཏེ། མི་དགེ་བ་མ་ཡིན་སྙམ་པ་ནས་མང་དུ་བྱས་པའི་སྐྱོན་ལ་ཐུག་པའི་བར་དུ་དེ་ལྟར ་ངེས་བར་གཟུང་བ་དང། སེམས་ཉིད་རང་བཞིན་མེད་པ་ལ་ཐེ་ཚོམ་ཟ་བ་དང། མེད་ན་དགེ་བ་དང་མི་དགེ་བ་གང་ལས་འབྱུང་སྙམ་དུ་ཐེ་ཚོམ་ཟ་པ་དང། འབྱུང་ན་དག་པ་མ་ཡིན་སྙམ་པ་ལ་སོགས་པའི་ཐེ་ཚོམ་ཡང་འདིས་ཡོངས་སུ་གཅོད་པར་བྱེད་དོ། །སྤྱོད་པ ་བསྡུས་པའི་སྒྲོན་མ་ཞེས་བྱ་བའི་བཤད་པ་ལས་ལེའུ་ལྔ་པ་རྒྱས་པར་བཤད་པའོ། །དེ་ནས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གང་ཟག་གང་གི་ཡིན་པ་དང། དངོས་པོ་ཇི་ལྟ་བུ་ཡིན་པ་དང། འབྲས་བུ་གང་ཐོབ་པ་ལ་སོགས་པ་མི་ཤེས་ནས་དྲིས་པ་དང། ལན་དུ་ལྷའི་དེ ་ཁོ་ན་ཉིད་ནི་ལྷའི་དེ་ཁོ་ན་ཉིད་དོ། །བསམ་གྱིས་མི་ཁྱབ་པ་ནི་གཞུང་དང་དེའི་རྣམ་པའོ། །སུས་གསུངས་ཤེ་ན། སངས་རྒྱས་ཐམས་ཅད་ཀྱིས་བཤད་དེ། འགས་བཤད་པ་ནི་མ་ཡིན་ནོ། །བླ་མ་བརྒྱུད་པའི་རིམ་པ་ལས་འོངས་པ་ནི་སངས་རྒྱས་ཀྱི་བཀའ་དེ ་ཉིད་བླ་མ་ལས་འོངས་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །སུའི་ཡུལ་ཡིན་ཞེ་ན། ས་བཅུའི་དབང་ཕྱུག་ནི་ས་བཅུའི་བྱང་ཆུབ་སེམས་དཔའ་སྟེ། དེའི་ཡང་ཡུལ་མ་ཡིན་པ་ནི་ཤིན་ཏུ་ཟབ་པའི་ཕྱིར་རོ། །ས་བཅུ་ཞེས་བྱ་བ་ཡང་གང་ཞིག་ཡིན་ཞེ་ན། ཆོས ་ཀྱི་སྤྲིན་སྤྱིའི་ས་བཅུ་སྟེ། དེས་ནི་ཟུང་དུ་འཇུག་པ་སློབ་པ་ལ་གནས་ཟིན་པས་མ་ཡིན་ནོ། །འོ་ན་གང་ཞིག་ཡིན་ཞེ་ན་ཆོས་ཀྱི་མཆོག་ཆུང་དུ་པ་སྟེ། དེ་ལ་མ་སྦྱངས་པའི་ཕྱིར་དེའི་ཡུལ་མ་ཡིན་ནོ། །འདི་ལ་ཡང་ཅིའི་ཕྱིར་ས་ཞེས་བྱ་ཞེ་ན། བརྟེན་པར ་བྱ་བའི་ཕྱིར་ཏེ། འདི་ལ་བརྟེན་ནས་གོང་མར་བགྲོད་པའི་ཕྱིར་རོ། །བགྲོད་པ་དང་ལོངས་སྤྱོད་པའི་ཕྱིར་ཡང་ས་ཞེས་བཤད་དོ། །དེ་བས་ཁོང་དུ་ཆུད་བར་བྱའོ་ཞེས་པ་ནི་ངས་ཁོང་དུ་ཆུད་བ་ཇི་ལྟ་བ་དེ་ལྟར་ཁྱོད་ཀྱིས་ཀྱང་ཁོང་དུ ་ཆུད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རང་གི་སེམས་ནི་རང་གི་ཤེས་པ་སྟེ། དོན་དང་མཐུན་པ་ནི་ཡང་དག་པའོ། །ཇི་ལྟ་བ་བཞིན་ཞེས་པ་ནི་ཇི་ལྟར་གནས་པའོ། །དེ་ཡོངས་སུ་ཤེས་པ་ནི་རྣམ་པར་མ་རིག་པ་མ་ཡིན་པའོ། །ཕུང་པོ་ཁམས་དང་སྐྱེ་མཆེད ་རྣམས་ལ་ཡང་མེད་པ་ནི་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་རོ། །རང་བཞིན་གྱིས་སྟོང་པས་ནི་བཤིག་ནས་སྟོང་པ་ལ་སོགས་པ་བསལ་བ་ཡང་ཡིན་ནོ། །སེམས་ཙམ་དུ་སྣང་བ་ནི་དགག་པ་སྨོས་པ་སྟེ། མ་ཡིན་པར་དགག་པའོ། །སེམས་དེ་ཡང་ཅིར་སྣང ་ཞེ་ན། མཚན་ཐམས་ཅད་དང་ལྡན་པའི་ལྷའི་སྐུར་སྣང་སྟེ། ཐིག་ལེ་ལ་སོགས་པའི་རྣམ་པ་ལས་དྲན་པ་ཙམ་མམ། རིམ་གྱིས་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུས་བརྒྱན་པའི་ལྷའི་སྐུར་ལངས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས ་བྱའོ། །དེའི་དཔེ་གང་ཞིག་ཡིན་སྙམ་པ་ལ་རྨི་ལམ་ལ་སོགས་པ་སྟེ། སྒྱུ་མ་དང་རྨིག་རྒྱུ་དང། ཆུ་ཟླ་དང། མིག་ཡོར་ལ་སོགས་པའི་རྣམ་པ་འདྲ་བར་ལྟ་བར་བྱའོ། །དེ་ཡང་གང་གི་སྐུ་ཡིན་ཞེ་ན། སངས་རྒྱས་ཀྱི་ཡིད་ཀྱི་རང་བཞིན་གྱི་སྐུ་སྟེ། འདི་ལ ་གཟུང་བ་དང་འཛིན་པའི་རྣམ་པ་གཞན་ནི་མེད་དེ་ཆུ་ཟླ་བཞིན་ནོ། །ཡང་དྲིས་པ་རྟེན་པའི་ལུས་ནི་གཟུགས་ཀྱི་ཕུང་པོ་སྟེ། དེ་མེད་པ་ནི་རྣམ་པར་དག་པ་ཉིད་དོ། །དེ་བས་ན་སེམས་ཀྱང་མེད་དེ་ནམ་མཁའ་ཨི་མེ་ཏོག་བཞིན་ནོ། །སེམས་མེད་ན་ལུས་ཀྱང་མེད ་དེར་ས་བོན་དང་མྱུ་གུ་བཞིན་ནོ་ཞེས་ལུང་གི་ཚིག་ལས་གསུངས་པ་ནི་བཀའ་ལས་བཤད་པའོ། །སེམས་གཅིག་པུས་ལྷའི་སྐུ་ཇི་ལྟར་རྫོགས་པར་འགྱུར་ཞེས་པ་ནི་སེམས་རྫས་སུ་མེད་པ་ལས་ལྷའི་རྫས་རྣམ་པ་གཟུགས་ཅན་ཇི་ལྟར་འབྱུང་བར། ་འགྱུར་ཏེ། མི་འགྱུར་རོ། །འོ་ན་ཏེ་ལུང་དེ་ཚད་མ་མ་ཡིན་ན་དམིགས་པའི་ལྟ་བ་ཅན་རྣམས་ནི་ཡོད་པར་ལྟ་བའོ། །ལུང་དང་རྟོགས་པ་ནི་ལུང་དང་རིག་པའོ། །དེ་མེད་པ་ནི་དེ་དང་བྲལ་བའོ། །དེས་ཅིར་འགྱུར་ཞེ་ན། ཡིད་ཆེས་པར་མི་འགྱུར་རོ་སྟེ། ངེས་པའི་ཤེས་པ ་མི་སྐྱེའོ། །དེ་བས་ན་ཞེས་པ་ནི་དེའི་ཕྱིར་བཤད་དུ་གསོལ་ཞེས་སྦྱར་རོ། །དེའི་ལན་བཏབ་པ། མདོ་སྡེ་ལ་སོགས་པའི་ཚུལ་ལ་ཞུགས་པ་ནི་མདོ་སྡེ་དང་རྒྱུད་དང་རྟོག་པའི་གཞུང་ལ་གནས་པའོ། །བསྐྱེད་པའི་རིམ་པ་ལ་གནས་པའི་སྒོམ་པ་པོ་ནི་ལས་དང ་པོ་བའི་གང་ཟག་གོ་།དེས་ཀྱང་ཤེས་པར་མི་འགྱུར་རོ་ཞེས་སྦྱར་རོ། །གང་ཤེས་པར་མི་འགྱུར་ཞེ་ན། ཡིད་ཀྱི་རང་བཞིན་གྱི་ལྷའི་སྐུ་ནི་གོང་དུ་བཤད་པ་ཉིད་དོ། །གང་ལ་རྟེན་ནས་མི་འགྱུར་ཞེ་ན། སྒྱུ་མ་ལྟ་བུ་ཞེས་བྱ་བ་ལ་སོགས་པའོ། །དེ་བས་ན་ཞེས ་བྱ་བ་ནི་དེའི་ཕྱིར་ཏེ་གོང་དང་འབྲེལ་ཏོ། །ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་གོང་དང་སྦྱར་རོ། །གང་གི་རྗེས་སུ་འབྲང་ཞེ་ན། རྣལ་འབྱོར་གྱི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་ཤེས་པ་ནི་གང་ལ་ཏིང་ངེ་འཛིན་གཙོར་སྟོན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་རྗེས་སུ་འབྲངས ་པ་ནི་དེ་ལ་བརྟེན་པའོ། །ཅི་བྱེད་ཅེ་ན་རྡོ་རྗེ་སེམས་དཔའ་རྫོགས་པར་འགྱུར་བ་ནི་མཚན་དང་དཔེ་བྱད་དུ་ལྡན་པའི་སྐུ་རྫོགས་པར་འགྱུར་བའོ། །དེ་བསྐྱེད་པའི་རྒྱུ་དང་དེ་ལ་ཕན་པའི་རྐྱེན་ནི་རྒྱུ་དང་རྐྱེན་ནོ། །དེ་ཁོང་དུ་ཆུད་པར་བྱ་བ་ནི་དེ་ཤེས་པར་བྱ་ཡིས་ཤེས ་པའོ། །དེ་ལ་སྒྱུ་མ་ལྟ་བུའི་སྐུ་རྒྱུ་དང་རྐྱེན་དུ་བཅས་པ་འདི་ཡང་ཅི་དོན་དམ་པར་ཡོད་པ་ཁོ་ན་འམ་ཞེ་ན། མ་ཡིན་ཏེ་ཡང་དག་པར་ན་ཞེས་པ་ནི་དོན་དམ་པར་ཞེས་པའོ། །སེམས་ནི་སྣང་བའོ། །ཁ་དོག་དང་དབྱིབས་དང་བྲལ་བ་ནི་ཁ་དོག་དང་དབྱིབས་མེད ་པའོ། །ནམ་མཁའ་དང་མཉམ་པ་ནི་ནམ་མཁའ་དང་འདྲ་བའོ། །འོ་ན་སྣང་བ་ཙམ་དུ་ཡང་མེད་པ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། དེ་ལྟ་མོད་ཀྱི་ཞེས་པ་ནི་དེ་ལྟར་རང་བཞིན་མེད་ཀྱང་ཞེས་པའོ། །སྣང་བ་ཙམ་ནི་ཀུན་རྫོབ་དུའོ། །སྣང་བ་གསུམ་པོ་རླུང་ལ་བརྟེན ་པ་ནི་ཤེས་པ་རླུང་དང་ལྷན་ཅིག་ཏུ་གྱུར་པའོ། །དེས་ན་རླུང་གི་རྣམ་པར་ཤེས་པ་བཅིངས་ཞེས་པ་ནི་དོན་ཕྱིར་ཏེ་གོང་དང་འབྲེལ་བའོ། །རླུང་གིས་བཅིངས་ཞེས་པ་ནི་རླུང་གིས་འཁྱམ་དུ་བཅུག་པ་ཉིད་དོ། །གཞན་ནི་བཤད་ཟིན ་ཏོ། །སྨན་ཆེན་གྱིས་དྲིས་པའི་ལན་གསུངས་པ། རྣམ་པར་ཤེས་པའི་རང་བཞིན་ཅི་ལགས་ཞེས་པ་ནི་རྣམ་པར་ཤེས་པའི་སྐུའི་མཚན་ཉིད་ཅི་འདྲ་ཞེའོ། །དེའི་ལན་དུ་སྨན་ཆེན་ཞེས་པ་ནི་བོད་པའོ། །སྒྱུ་མ་མཁན་གྱི་མིའི་རང་བཞིན་ནི་བདག་གིས་ནི ་སྒྱུ་མ་བྱས་པའོ། །འདི་ནི་སྒྱུ་མའི་གཟུགས་ཉིད་དེ། འདི་ལ་ནི་རྟ་དང་བ་ལང་མེད་དོ། །འདི་ལ་དབུང་བུ་ཆུང་གི་ཚོགས་དང། སྟག་དང། སེང་གེ་ལ་སོགས་པ་མེད་དོ། །ཞེས་རྟོག་གི་འདི་ནི་བ་ལང་ངོ། །ཞེས་བྱ་བ་ལ་སོགས་བར་མི་རྟོག་གོ་།མིའི་གྲིབ ་མ་ཆུའི་ནང་དུ་བྱུང་བ་ཡང་བྱིས་པ་ཤེད་མ་བྱེ་བ་དག་ནི་འདི་ནི་མི་ཡིན་ཏེ། རྐང་ལག་དང་མགོ་ལ་སོགས་པ་དང་ལྡན་པའི་ཕྱིར་མ་ཡིན་ནོ་སྙམ་དུ་སེམས་ཀྱི། མཁས་པ་ཤེས་རབ་ཅན་ནི་དེ་ལྟར་མི་སེམས་སོ། །མིག་དང་ནམ་མཁའ་ཨི་རང་བཞིན་ཡང་མིག་འཁྲུལ ་པས་རྣམ་པ་སྣ་ཚོགས་སུ་སྣང་བ་དང། ནམ་མཁའ་འོ་ཇི?་ལས་སྦྲུལ་དུ་སྣང་བ་ལྟ་བུའོ། །དེ་བས་ན་དེ་ཅི་འདྲ་བ་དེ་ལྟར་སྲིད་པའི་རང་བཞིན་ཡང་འཁྲུལ་ནས་སྣང་བ་ཉིད་དོ། །སྐྱེ་བ་མེད་པ་ཉིད་ཀྱིས་ཞེས་བྱ་བ་ནི་སྐྱེ་བ་དང་བྲལ་བའི་རང་བཞིན་ཁོ་ནས ་ཐོག་མར་འཆི་བས་བྱས་པའི་གཟུགས་བལྟ་བར་བྱའོ། །ཞེས་བྱ་བ་ནི་གཟུགས་རང་བཞིན་མེད་ཅིང་སྒྱུ་མའི་རྣམ་པ་ལྟར་བལྟ་བར་བྱའོ། །གཞན་གོ་སླའོ། །རྣམ་བར་ཤེས་པའི་རང་བཞིན་གྱི་གཟུགས་ཀྱི་ཁྱད་པར་གྱི་དཔེ་ཡང་གང་ཞིག་ཡིན་ཞེ་ན། ་རྩིག་པའི་རི་མོ་མེ་ལོང་གི་ནང་དུ་སྣང་བ་དང་འདྲ་སྟེ། དཔེར་ན་སྐྱེས་བུ་ཞིག་གིས་རྩིག་པའི་རས་སམ། འཇག་མ་ལ་སྣང་མཛད་དམ། མི་བསྐྱོད་པ་ལ་སོགས་པ་ཁ་དོག་དང་དབྱིབས་སུ་ལྡན་པ་བྱས་ཏེ། དེའི་གཟུགས་བརྙན་མེ་ལོང་གི་ནང་དུ་བསྟན་ན ་མེ་ལོང་གི་ནང་དུ་བསྟན་པའི་གཟུགས་དེ་ལ་ནི་ཁ་དོག་མེད་དབྱིབས་མེད་རས་དང་རྩིག་པ་དང་འཇག་མ་མེད། མ་དང་ཚོན་གྱི་ཁ་དོག་མེད། ཤ་དང་ཁྲག་དང་རུས་པ་མེད་དེ། འོན་ཀྱང་གཟུགས་དང་མེ་ལོང་གི་སྟོབས་ཀྱིས་ཇི་ལྟར་ཡང་སྣང་ངོ། །དེ་བཞིན་དུ་ཞེས ་པ་ནི་མེ་ལོང་གི་གཟུགས་དེ་དང་འདྲ་བར་ཞེའོ། །རྡོ་རྗེ་སྐུའི་ངོ་བོ་ཉིད་དུ་བདག་ཉིད་སྤྲུལ་ཏེ། ཞེས་པ་ནི་རིམ་གྱིས་སམ་ཅིག་ཅར་གྱིས་རྡོ་རྗེ་སེམས་དཔའ་ཨི་སྐུའི་རང་བཞིན་དུ་བདག་ཉིད་བསྐྱེད་པའོ། །ཇི་ལྟ་བུ་ཞེ་ན། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ནི་རྒྱན ་ཆ་དང་ཁ་དོག་ལ་སོགས་པ་ཐམས་ཅད་དང་ལྡན་པའོ། །སྐུ་ལྟ་བས་ཆོག་མི་ཤེས་པ་སྐྱེས་བུ་ཆེན་པོའི་སྐུ་བལྟ་བས་མི་ངོམས་པའོ། །མཚན་སུམ་ཅུ་རྩ་གཉིས་ནི་ལྕེས་གདོང་ཁེབས་པ་ལ་སོགས་པའོ། །དེ་བཞིན་དུ་དཔེ་བྱད་བཟང་པོ་བརྒྱད་ཅུས་ཀྱང་བརྒྱན་པ་སྟེ། ་བཤད་ཟིན་ཏོ། །དེ་དག་ཀྱང་གང་ལས་ཤེས་ཤེ་ན། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས་ཤེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇའ་ཚན་ལྟ་བུའི་ལུས་ངག་ནི་ཞེས་པ་ནི་འཇའ་ཚོན་ལ་ཁ་དོག་དང་དབྱིབས་ལ་སོགས་པ་དང་ལྡན་ཡང་དེ་ཉིད་སྣང ་བ་ཙམ་ན་རྣམ་པར་རྟོག་པ་དང་བྲལ་བ་བཞིན་དུ་ལྷའི་སྐུ་དེ་ཡང་སྣང་བ་ཙམ་ན་རྣམ་པར་རྟོག་པ་དང་བྲལ་ཞེའོ། །དེ་ཡང་གང་གི་སྒོ་ནས་ཐོབ་པར་འགྱུར་ཞེ་ན། དེ་ཉིད་བསྒོམས་པས་ཐོབ་པར་འགྱུར་ཏེ། སྒྱུ་མའི་སྐུ་ཉིད་བསྒོམས་པས་ཐོབ་པར་འགྱུར་རོ།། ་ཞེས་བྱ་བར་དགོངས་སོ། །དེའི་རིགས་པ་ནི་གོ་སླ་བས་མ་བཤད་དོ། །ཡང་དྲིས་པ། སོམ་ཉི་གྱུར་པ་གཞན་འགའ་ཞིག་ཀྱང་བདག་ལ་མཆིས་ཤེས་པ་ནི་ཡིད་མ་ཆེས་པར་འགྱུར་བ་གཞན་དག་ཀྱང་ཡོད་ཅེས་པའོ། །གང་ཡིན་ཞེ་ན་ཡུན་རིང་པོར་གཉིད་ལོག ་པ་ནི་སྐད་ཅིག་མ་བགྲང་བ་ལས་འདས་པའི་བར་དུ་ལུས་སེམས་ཀྱིས་བོར་བའོ། །རྨི་ལམ་དུ་སུམ་ཅུ་རྩ་གསུམ་གྱི་གནས་སུ་ཕྱེན་བ་རྨིས་པ་ཡིན་གྱི་སྣང་བ་ནི་མ་ཡིན་ནོ། །སུམ་ཅུ་རྩ་གསུམ་གྱི་གནས་ནི་རི་རབ་ཀྱི་སྟེང་གི་ལྷའི་ཁང་པ་དང་རྫིང་བུ་དལ ་གྱིས་འབབ་པ་ལ་སོགས་པར་ཕྱིན་པར་རྨིས་པའོ། །ཡུལ་ཕྱོགས་གཞན་ནི་སུམ་ཅུ་རྩ་གསུམ་གྱི་གནས་མ་ཡིན་པ་སྟེ། གླིང་གཞན་དང་ཡུལ་ཁམས་གཞན་དུ་ཕྱིན་པར་རྨིས་པའོ། །འདོད་པའི་ཡོན་ཏན་ལྔ་ཉམས་སུ་མྱོང་བ་ནི་གཟུགས ་ལ་སོགས་པའི་བདེ་བ་དང་སྡུག་བསྔལ་ཉམས་སུ་མྱོང་སྟེ་ཞེས་པའི་ཐ་ཚིག་གོ་།ཡང་ཡུལ་འདིར་འོངས་ནས་ཞེས་པ་ནི་ད་ལྟར་གྱི་གནས་འདི་ཉིད་དུ་འོངས་པའོ། །ཅིའི་ཕྱིར་རྨི་ལམ་དགེ་བ་དང་མི་དགེ་བའི་འབྲས་བུ་ཐོབ་པར་འགྱུར་ཞེས་པ་ནི་རྨི་ལམ་བཟང ་པོ་རྨིས་པས་ནི་དགེ་ལ། ངན་པར་རྨིས་པས་མི་དགེ་བ་ཅིའི་ཕྱིར་ཞེས་དྲིས་པའོ། །གཞན་གོ་སླའོ། །དེའི་ལན་སྨྲས་པ། ཐོག་མ་མེད་པའི་དུས་ནས་ཡུལ་ལ་དངོས་པོར་བལྟས་པས་ཤེས་པ་ནི་སེམས་དྲན་པ་དང་པོ་པའི་དུས་ནས་ཡུལ་ལ་བདག་དང་དངོས ་པོ་དང་རྟག་པ་ལ་སོགས་པར་བཏགས་པར་བྱའོ། །དེའི་ཐེ་ཚོམ་བསལ་བའི་ཕྱིར་ཞེས་པ་ནི་གཞུང་འདི་ཉིད་ཀྱི་དགོངས་པ་བཤད་པའོ། །གཞན་གོ་སླའོ། །རྨི་ལམ་ཞེས་པ་ནི་ཉོན་ཅིག་ཅེས་པའི་བར་དུ་ནི་ལུང་བསྟན་པར་དམ་འཆའ་བའ་ཨོ། །ཕུང་པོ ་ཁམས་དང་སྐྱེ་མཆེད་དབང་ལ་སོགས་པ་ཞེས་པ་ནི་ཕུང་པོ་ལྔ་དང། ཁམས་བཅོ་བརྒྱད་དང། སྐྱེ་མཆེད་བཅུ་གཉིས་དང། དབང་པོ་ལྔ་པོ་འདི་དག་ནི་འདུ་ཤེས་སྦྱར་རོ། །གར་འདུ་ཤེས་ན་ཤེས་པ་གཉིས་པོ་ནི་གཉིད་ལོག་པ་དང། མ་ལོག་པའི ་ཤེས་པ་འདི་གཉིས་སུ་འདུ་ཤེའོ། །སྟོང་ཆེན་གྱུར་པས་གང་ཞིག་གཉིད་ལོག་བ་ཞེས་པ་ནི་སྣང་བ་ཐོབ་པའི་ངང་དུའོ། །རླུང་གི་ཤུགས་ཀྱིས་རྨི་ལམ་མཐོང་བར་འགྱུར་ཞེས་པ་ནི་ཤེས་པ་རླུང་ལ་ཞོན་ནས་གནས་སུ་ཕྱིན་ཏེ་རྨི་ལམ་མཐོང་ཞེའོ། ། ་རྨི་ལམ་སད་ནས་བྱེ་བྲག་གཞན་མེད་པ་ཞེས་པ་ནི་རྨི་ལམ་སད་ནས་གཉིད་ལོག་པ་དང་བྱེ་བྲག་མེད་དོ་ཞེའོ། །གཞན་གོ་སླའོ། །དེ་ཉིད་ཀྱང་ལུང་གཞན་ལས་རྒྱས་པར་བཤད་པ་གང་ཡོད་ཅེ་ན། ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པའི ་མདོ་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་སློང་ཞེས་པ་ནི་བོད་པའོ། །ཇི་སྙམ་དུ་སེམས་ཞེས་པ་ནི་དྲི་བའོ། །གཉིད་ལོག་པ་རྨི་ལམ་ན་ཀུན་ཏུ་རྟག་པའི་ཚེ་ཞེས་པ་ནི་སད་པའི་དུས་བཞིན་ནོ། །འདོད་ཆགས་སྤྱོད་པ་མྱོང་ངམ་ཞེས་པ་ནི་ཡུལ ་དང་རྫས་དང་ཆུང་མ་ལ་འདོད་ཆགས་སྤྱོད་པ་མྱོང་ངམ་ཞེས་དྲིས་པ་དང། མྱོང་ལགས་སོ་ཞེས་པ་ནི་ལན་བཏབ་པའོ། །ཡང་དྲིས་པ་ནི། ཡང་དྲིས་པ། སེམས་ཀྱི་འདོད་ཆགས་སྤྱད་པ་དེ་ཁྱོད་ཀྱིས་མ་ཤེས་སམ་ཞེས་པ་ལ། འདི་ལུས་ཀྱིས་སྤྱོད་པ་ནི་མ ་ཡིན་ཏེ། ཡུལ་གཞན་དང་མ་ཕྲད་པའི་ཕྱིར་རོ། །དེ་བས་ན་དེ་ནི་སེམས་ཀྱིས་མྱོང་བ་སྟེ། འདོད་ཆགས་དེ་ནི་སེམས་ཙམ་ཞེས་འབྱུང་ངོ། །མྱོང་ལ་གསོ་ཞེས་པ་ནི་དེ་ཉིད་ཀྱི་དོན་རིག་པའི་སྒོ་ནས་ལན་བཏབ་པའོ། །རྨི་ལམ་གྱི་སེམས་དང་གཉིད་མ ་ལོག་པའི་སེམས་ལ་ཐ་དད་པ་མཐོང་ངམ་ཞེས་པ་ནི་རྨི་ལམ་དང་གཉིད་མ་ལོག་པའི་སེམས་ལ་ཐ་དད་པ་མ་ཡིན་པར་ཐུགས་ལ་བཞག་ནས་དྲིས་པའོ། །ལན་དུ་ཐུགས་ཀྱིས་དགོངས་པ་མཁྱེན་ནས་ཐ་དད་དུ་བགྱི་བ་ཅུང་ཟད་ཀྱང་མ་མཐོང་ལགས་སོ ་ཞེས་པ་ནི་གཉིས་སུ་མེད་དོ་ཞེས་པའི་དོན་ཏོ། །ཡང་དྲིས་པ། ཆོས་ཐམས་ཅད་ནི་རྨི་ལམ་ལྟ་བུ་ཞེས་པས་མ་བསྟན་ནམ་ཞེས་པ་ནི་ངས་སྔོན་དེ་ལྷར་བཤད་དོ་ཞེས་པའོ། །དེ་ལྟར་ལགས་སོ་ཞེས་པ་ནི་རྗེས་སུ་དྲན་པའི་སྒོ་ནས་ཁས་བླངས་པའོ། །རྨི་ལམ ་དང་འདྲ་བ་ཞེས་བྱ་བ་ཡང་གང་ཞིག་ཡིན་དེ་ཉིད་མི་ཤེས་སོ་ཞེ་ན། རྨི་ལམ་དང་འདྲ་བ་ནི་རྨི་ལམ་དང་དབྱེར་མེད་པའོ། །དབྱེར་མེད་པ་ཡང་གང་ཡིན་ཞེ་ན། གཉིས་སུ་མེད་པའོ། །གཉིས་སུ་མེད་ལ་གཉིས་སུ་དབྱེར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །དབྱེར ་མེད་པ་ནི་ཤིན་ཏུ་གཅིག་པ་ཉིད་དོ། །གཅིག་པ་ཞེས་བྱ་བ་རྟོགས་པ་ལ་གཅིག་གམ། འཁྲུལ་པའི་ཤེས་པ་ལ་གཅིག་ཅེ་ན། འཁྲུལ་པ་ལ་ནི་གཅིག་པ་མ་ཡིན་ཏེ། གཉིས་སུ་བརྟགས་པའི་ཕྱིར་དང་མ་འབྲེལ་བའི་ཕྱིར་རོ། །རྟོགས་པ་ལ་ཇི ་ལྟར་གཅིག་ཅེ་ན། འདི་ལྟར་གཉི་ག་སེམས་ཀྱི་སྣང་བ་ཡིན་པའི་ཕྱིར་དང། འཁྲུལ་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱང་གཞུང་འདི་པ་མ་ཡིན་ནོ་སྙམ་པ་ལ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གསང་བ་འདུས་པ་ཞེས་བྱ་བ ་ལ་སོགས་པ་སྨོས་ཏེ། ཀྱེ་བཅོམ་ལྡན་འདས་ཞེས་པ་ནི་བོད་པའོ། །འདི་ལྟ་སྟེ་ཞེས་བྱ་བ་ནི་ཉེ་བར་སྨྲ་པའོ། །དཔེར་ན་ཞེས་པ་ནི་དཔེ་དགོད་པའོ། །བྱང་ཆུབ་ཀྱི་སེམས་ནི་གསང་བ་བྱང་ཆུབ་ཀྱི་སེམས་སོ། །དེ་ཅི་བྱེད་ཅེ་ན། དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་ཡེ་ཤེས་འབྱུང་བར་བྱེད་པ་ཞེས་པ་ནི་ཡེ་ཤེས་ཐམས་ཅད་འདི་ལ་བརྟེན་ནས་སྐྱེ་ཞེའོ། །ཡང་ན་བྱང་ཆུབ་ཀྱི་སེམས་ནི་སེམས་ཅན་ལ་ཕན་པར་འདོད་པ་སྟེ། སྨོན་པ་དང་འཇུག་པའོ། །ལུས་ལ་མི་གནས་ངག་ལ་མི་གནས་སེམས ་ལ་མི་གནས་སོ་ཞེས་པ་ནི་གནས་པར་བྱ་བ་དང་གནས་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །འོ་ན་ཁམས་གཞན་ན་གནས་སམ་ཞེ་ན། ཁམས་གསུམ་མི་གནས་ཏེ་འདོད་པའི་ཁམས་དང་གཟུགས་དང། གཟུགས་མེད་པའི་ཁམས་ན་མི་གནས་སོ། ། ་མི་གནས་ཀྱང་སྐྱེ་བ་ཡོད་དོ་ཞེ་ན། སྐྱེ་བ་མེད་དེ་གང་འཕེལ་བ་མེད་པ་དེ་ལ་དེ་སྐད་ཅེས་བྱའོ། །གཞན་གོ་སླའོ། །ལུང་དེ་དགོངས་པ་ཅན་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས ་ཀྱང་གསལ་བར་གསུངས་སོ་ཞེས་བྱ་བར་སྦྱར་རོ། །སེམས་ནི་སྣང་བའོ། །སེམས་ལས་བྱུང་བ་ནི་སྣང་བ་མཆད་པའོ། །དེའི་རྣལ་འབྱོར་ཆེན་པོ་ནི་སྣང་བ་ཐོབ་པའོ། །བདེ་བ་ཆེན་པོའི་ཏིང་ངེ་འཛིན་ནི་སྒྱུ་མ་ལྟ་བུའི་སྐུའོ། །དེ་ཡང་ཅིའི་ཕྱིར ་ཞེ་ན། སྒྱུ་མའི་དཔེས་ཉེ་བར་མཚོན་པའི་ཕྱིར་སྒྱུ་མ་ལྟ་བུའི་སྐུའོ། །སངས་རྒྱས་ཀྱི་ཞིང་གང་གའི་ཀླུང་གི་བྱེ་མ་སྙེད་ནི་སྒྱུ་མ་ལྟ་བུའི་སྐུ་འདི་ཉིད་ཀྱི་གྲངས་བསྟན་ཏོ། །སྒྱུ་མ་ལྟ་བུ་ཞེས་བྱ་བ་ལ་སོགས་པའི་དེ་དག་གིས་ནི་ངེས་པའི་ཚིག་འདི ་ཉིད་རྒྱས་པར་བཤད་དོ། །གཞན་གོ་སླའོ། །ཀུན་རྫོབ་ནི་རྒྱུ་རྐྱེན་དང་ལྡན་པའོ། །དེའི་དབང་དུ་བདེན་པས་ཀུན་རྫོབ་ཀྱི་བདེན་པའོ། །ཐེ་ཚོམ་གཅོད་པ་ནི་ངོ་བོ་དང། དེས་ཚིག་དང། དབྱེ་བ་དང། རྒྱུ་དང། རྣམ་གྲངས་དང། བསྒོམ་པའི་དུས་དང། དཔེ་དང། ལས་དང། ་མཚན་ཉིད་དང། ཁྱད་པར་དང། དབང་དང་མཐར་ཕྱིན་པའི་ཚད་དང། གང་ལ་ཕྱོགས་པ་དང། མདོ་དང། རྒྱུད་འདི་པ་དང། འདི་ཉིད་རྒྱས་པ་དང། རྒྱུད་དང། རྟོག་པ་གཞན་དང། རིགས་པ་ལ་ཐེ་ཚོམ་ཟ་བ་འདིས་གཅོད་པར་བྱེད་པས་དེ་སྐད་ཅེས་བྱའོ། །སྤྱོད ་པ་བསྡུས་པའི་སྒྲོན་མའི་འགྲེལ་པ་ལས་ལེའུ་དྲུག་པའི་བཤད་པའོ།། །།དེ་ནས་འོད་གསལ་བ་དོན་དམ་པའི་བདེན་པ་ལ་གང་ཞིག་ཐེ་ཚོམ་དུ་གྱུར་ནས་འདྲི་བ་ཀུན་རྫོབ་ཀྱི་བདེན་པ་ལ་ནི་སོམ་ཉི་མ་མཆིས་ན་ཞེས་པ་ནི་གོང་དུ་བཤད་ཟིན་ཏོ། །ད ་ནི་ཞེས་པ་ནི་སྐབས་སུ་བབ་པའི་ཐ་ཚིག་གོ་།རྣམ་པར་དག་པ་ནི་གཟུང་འཛིན་དང་བྲལ་བའོ། །དོན་དམ་པར་བདེན་པས་དོན་དམ་པའི་བདེན་པ་སྟེ་མ་ནོར་བའི་བདེན་པའོ། །བླ་མའི་ཞལ་སྔ་ནས་ཀྱི་དྲིན་གྱིས་ཤེས་པར་འཚལ་ལོ། །ཞེས་པ་ནི་བླ་མ་ལ་མ ་བརྟེན་པར་ནི་གང་ཡང་ཤེས་པར་མི་འགྱུར་རོ། ཞེས་བྱ་བའི་ཐ་ཚིག་གོ་།དེའི་ལན་དུ་ཀུན་རྫོབ་ནི་གོང་དུ་བཤད་དོ། །དོན་དམ་པའི་བདེན་པ་ཡང་གང་ཡིན་ཞེ་ན། ལུས་མེད་པ་ནི་ལུས་དང་བྲལ་བ་སྟེ། ལུས་ཉིད་ཀྱང་རྣམ་པར་དག་པའོ། །དཔེ་མེད་པ་ནི ་དཔེ་དང་བྲལ་བའོ། །གང་ལ་ཚད་ཡོད་པ་དེ་ལ་ནི་དཔེ་ཡང་ཡོད་ན་འདི་ལ་ནི་ཚད་མེད་པས་དཔེ་ཡང་མེད་དོ། །རྩོམ་པ་ཐམས་ཅད་དང་བྲལ་བ་ནི་རྩོམ་པའི་བྱ་བ་ལས་འདས་པའོ། །རང་གིས་རིགས་པ་ནི་གཞན་གྱིས་རིག་པར་བྱ་བ་ནི་མ་ཡིན་ནོ། །དེ་ཡང ་གང་ལས་ཤེས་ཤེ་ན། བླ་མའི་ཁ་ལས་ཤེས་ཤེའོ། །གཞན་ལས་ཤེས་པར་མི་འགྱུར་རམ་སྙམ་པ་ལ་བླ་མའི་ཁ་ལས་བསྟན་པ་མེད་པར་ཤེས་པར་མི་འགྱུར་ཏེ་གོ་སླའོ། །དེ་ཡང་དཔེ་ལས་ཤེས་པའི་ཕྱིར། ཇི་ལྟར་མར་མེ་ཞེས་པ་ལ་སོགས་པ་སྟེ་གོ ་སླའོ། །རིགས་པ་འདིས་ཤེས་པ་ནི་གཏན་ཚིགས་འདིས་ཤེས་པ་སྟེ། གང་གཏན་ཚིགས་དང་བྲལ་བ་དེས་ནི་ནམ་ཡང་དངོས་པོ་གཏན་ལ་ཕེབས་པར་མི་འགྱུར་རོ། །དེ་བས་ན་གང་ཞིག་གང་གིས་གཏན་ལ་ཕེབས་པ་དེ་ནི་དེའི་གཏན་ཚིགས ་ཡིན་ནོ། །སྒྲའི་རྣམ་པ་ལས་བྱུང་བ་ཡིན་པས་ཤེས་པ་ནི་གང་གིས་དོན་དམ་པ་རྟོགས་པར་འདོད་པ་དེས་ནི་སྒྲ་ལས་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྒྲ་ནི་དོན་བརྗོད་པར་བྱེད་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །འོ་ན་དེ་ལྟ་ན་ནི་སྒྲའི་བརྗོད་བྱར་འགྱུར་རོ་ཞེ་ན ་མ་ཡིན་ཏེ། བརྡ་ཙམ་གྱིས་དོན་ཤེས་པར་བྱེད་ཀྱི། འདི་ལ་དོན་ལ་བརྗོད་པ་ནི་ཅུང་ཟད་ཀྱང་མེད་དོ། །དེ་བས་ན་སྒྲ་དང་དོན་རང་གི་མཚན་ཉིད་ལ་འབྲེལ་པ་ཡང་ཅུང་ཟད་ཀྱང་མེད་དོ། །འོན་ཀྱང་འདིས་དོན་སྟོན་པའི་བརྡ་བྱེད་པ་ལས་དང་པོ་པས་ཉམས་སུ་བླང ་བར་བྱའོ་ཞེའོ། །དེ་བས་ན་སྒྲ་ཡང་བླ་མའི་ཁ་ལ་རག་ལུས་པས་དང་པོར་བླ་མ་མཉེས་པར་བྱའོ། །སྒྲས་ཀྱང་གང་སྟོན་ཞེ་ན། ཐོག་མ་དང་ཐ་མ་མེད་ཅིང་ཞེས་པ་ནི་ཐོག་མ་དང་ཐ་མ་དང་བྲལ་བ་སྟེ། ཐོག་མ་མ་གྲུབ་ཐ་མ་མ་གྲུབ་ཅེའོ། །དངོས་པོ་མེད་པའི ་ཞེས་པ་ནི་དངོས་པོ་ནི་གཟུང་བ་དང་འཛིན་པ་སྟེ། དེ་དང་བྲལ་བ་ནི་དངོས་པོ་མེད་པའོ། །དེ་བས་ནི་གང་ལ་དངོས་པོ་དང་མཚན་མ་མེད་པ་དེ་ནི་དངོས་པོ་དང་བྲལ་བ་སྟེ། སྟོང་པ་ཉིད་ཀྱི་རང་བཞིན་ནོ། །དེ་གང་གི་སྒོ་ནས་གང་གིས་སྟོན་ཅེ་ན། ཀུན་རྫོབ་ཀྱི་བདེན་པའི ་མཚན་ཉིད་ཅན་གྱི་སྒྲ་གང་ཡིན་པའི་སྟོན་ཏེ། གང་རྒྱུ་རྐྱེན་གྱིས་བསྐྱེད་པའི་སྒྲ་དེ་ལ་བརྟེན་ཅིང་དེའི་སྒོ་ནས་སྟོན་ལ་དེ་ཉིད་ཀྱང་སྒྱུ་མ་ལྟ་བུའོ་ཞེ་ན། །དོན་དམ་པའི་བདེན་པ་དེ་ཡང་ཇི་ལྟ་བུའི་རྣམ་པ་ཡིན་ཞེ་ན། ནམ་མཁའ་དང་མཉམ་པ་ནི་ནམ་མཁའ་དང་འདྲ ་བའོ། །མ་བཅོས་པ་ནི་རྒྱུ་རྐྱེན་དང་བྲལ་ཞིང་བྱེད་པ་པོ་མེད་པའོ། །དྲི་མ་མེད་པ་ནི་རྟོག་པའི་དྲི་མ་དང་བྲལ་བའོ། །དེ་ལྟ་བུ་འདི་ཡང་གང་ལས་ཤེས་ཤེ་ན། ཚུལ་གཅིག་པར་བསྟན་པའི་མདོ་ལས་ཤེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་ནི་གོང་དུ་བཤད་ཟིན ་ཏོ། དེ་ཡང་དབང་གང་དང་འབྲེལ་པ་དེ་ཉིད་བསྟན་བར་བྱ་སྟེ། རྒྱུ་དང་འབྲས་བུ་གཉིས་སུ་མེད་པ་ནི་རྒྱུ་དང་འབྲས་བུ་གཉིས་དང་བྲལ་བའོ། །དེ་ཁོང་དུ་ཆུད་པའི་སློབ་མས་ཡང་ཇི་ལྟར་བྱ་ཞེ་ན། བླ་མས་བསྟན་པའི་ལུང་ཐོབ་ནས་ཤེས་པ་ནི་འདི་ཉིད་ཀྱི་དུས་བསྟན་ཏོ། །རྒྱུས ་ལས་བཤད་པའི་ཆོ་ག་ནི་ཡོ་བྱད་དང་རྫས་དང་འཁོར་ལོ་སོགས་པས་སོ། །དེས་ཅི་བྱེད་ཅེ་ན། ཚོགས་ཀྱི་དཀྱིལ་འཁོར་བྱས་ལ་ཞེས་པ་ནི་ཚོགས་ཀྱི་འཁོར་ལོའི་བྱ་ཞེའོ། །དེ་ནས་ནམ་ཕྱེད་ནི་དུས་ཁྱད་པར་ཅན་ནོ། །ལེགས་པར་བསླབས་པའི་ཕྱག་རྒྱ་མ་ནི་སྔགས་སྐྱེས ་ལ་སོགས་པའོ། །ལུས་དྲི་ཞིམ་པོས་བྱུགས་པ་སྟེ། སྤྲོས་ལ་སོགས་པས་བྱུགས་པའོ། །རྒྱན་གང་གིས་བརྒྱན་ཅེ་ན། རྒྱན་ཐམས་ཅད་ཀྱིས་ཏེ། རྐང་གདུབ་ལ་སོགས་པའོ། །དེ་གང་ལ་དབུལ་ཞེ་ན། བླ་མ་ལ་ཕུལ་ཏེ་ཞེས་པ་ནི་རང་གི་སློབ་དཔོན་ལ་དབུལ་བའོ། །གསང ་བ་ནི་གསང་བའི་མཆོད་པའོ། །དེ་ལས་གཞན་པའི་མཆོད་པ་ནི་སྤོས་དང་མེ་ཏོག་ལ་སོགས་པའི་མཆོད་པས་མཆོད་པའོ། །སློབ་མས་ཀྱང་ལུས་ཀྱི་བྱ་བ་ཇི་ལྟར་བྱ་ཞེ་ན། པུས་མོ་གམས་པའི་ལྷ་ང་ས་ལ་བཙུགས་པ་ནི་གོ་སླའོ། །བསམ་པ་ཡང་ཇི་ལྟར་བྱ་ཞེ་ན། ་འཁོར་བ་ལས་སྐྱོབ་པའི་ཡིད་ཀྱིས་ཤེས་པ་ནི་འདི་ལ་བརྟེན་ནས་དང་དང་གཞན་ཐམས་ཅད་ངན་འགྲོ་དང་སྲིད་པ་ལས་གྲོལ་བར་བྱའོ་སྙམ་དུ་བསམས་པའོ། །མོས་པའམ་བསམ་གཏན་ཇི་ལྟར་བྱ་ཞེ་ན། སློབ་དཔོན་ལ་དེ་བཞིན་གཤེགས་པ་མངོན་སུམ་བཞིན་དུ ་བསམ་པ་ནི་དེའི་གཟུགས་ཀྱི་ཕུང་པོ་ལ། དེ་བཞིན་གཤེགས་པ་རྣམ་སྣང་བཞུགས་ཤེས་པ་ལ་སོགས་པས་བསྟན་ཏོ། །དེའི་དུས་སུ་ངག་གིས་ཀྱང་ཇི་སྐད་དུ་བརྗོད་པར་བྱ་ཞེ་ན། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད་ཅེས་བྱ་བ་ལ་སོགས་བསྟན་ཏེ། དེ་ལ་མཆོག ་སྦྱིན་རྡོ་རྗེ་ནི་གང་གིས་བྱང་ཆུབ་ཀྱི་སེམས་བདུད་རྩི་བླ་ན་མེད་པ་སྟེར་བ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་དག་པའི་མཛའ་ནི་འོད་གསལ་བ་སྟེ། དེའི་ངང་དུ་གྱུར་པ་དེ་ལ་དེ་སྐད་ཅེས་བྱའོ། །སྟོང་ཉིད་ལས་བྱུང་ཞེས་པ་ནི་སྤྲུལ་པའི་སྐུའི་རང་བཞིན་དང། ལོངས་སྤྱོད་རྫོགས ་པའི་སྐུའི་རང་བཞིན་དུ་གྱུར་པའོ། །སངས་རྒྱས་བྱང་ཆུབ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྟེ། འདིར་ཚོགས་དང་སློབ་མའོ། །དེ་འདུད་པ་ནི་ཕྱག་འཚལ་བ་སྟེ། དེས་ནི་ཀུན་གྱིས་བཀུར་བར་བསྟན་ཏོ། །དེ་ལྟར་?་ནས ་ཀྱང་ཅི་བྱེད་ཅེ་ན། མངོན་པར་བྱང་ཆུབ་མཐོང་བ་ནི་འོད་གསལ་བ་སྟེ། དེ་ཐོབ་པར་འདོད་པའོ། །སངས་རྒྱས་ཀུན་གྱིས་ཡེ་ཤེས་ཞེས་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་ལ་ན་མེད་པའོ། །དེ་ཡང་གང་ཡིན་ཞེ་ན། ཐམས་ཅད་སྟོང་པ་སྟེ་གཟུང་བ་དང་འཛིན་པ ་ཐམས་ཅད་ལས་གྲོལ་བའོ་ཞེའོ། །རང་བཞིན་མཚན་ཉིད་གཅིག་པ་ཉིད་ཅེས་པ་ནི་སྟོང་པ་ཉིད་ཀྱི་རང་བཞིན་དུ་དངོས་པོ་ཐམས་ཅད་ཀྱི་མཚན་ཉིད་གཅིག་པའོ། །སེམས་དཔའ་ཆེན་པོ་ཞེས་པ་ནི་སློབ་དཔོན་ལ་བོད་པའོ། །སྩལ་དུ་གསོལ་བ་ཞེས་པ་ནི ་དེ་བདག་གིས་ཐོབ་པར་མཛད་དུ་གསོལ་ཞེས་པའོ། །འོ་ན་དེས་ཅི་བྱེད། ཡོན་ཏན་ཅི་ཞིག་ཡོད་ཅེ་ན། ལས་དང་སྐྱེ་བ་ལས་རྣམ་གྲོལ་བའི་ཞེས་པ་ནི་ལས་ཀྱི་སྒྲིབ་པ་ལས་གྲོལ་བའོ། །དེ་ཡང་ཡུན་རིང་མོ་ཞིག་ན་མ་ཡིན་ནམ་ཞེ་ན། ཚེ་འདིར་བྱང་ཆུབ་ཐོབ་པ ་ཞེས་པ་ནི་མཐོང་བའི་ཆོས་འདི་ལ་ཐོབ་པའོ། །དེ་ཡང་ཉན་ཐོས་ལ་སོགས་པའི་གནས་སུ་ཡང་རྙེད་པར་མི་འགྱུར་རམ་ཞེ་ན། ཁྱོད་ཞབས་པདྨ་སྤངས་ནས་ནི། གཙོ་བོ་གཞན་ན་སྐྱབས་མ་མཆིས་ཤེས་པ་ནི་ཉན་ཐོས་ལ་སོགས་པའི་གནས་ནས་སུ་ཡང་བདག ་གི་སྐྱབས་མི་བྱེད་ཅེའོ། །དེ་བས་ན་འགྲོ་བའི་དབང་པོ་ཐོབ་ཆེན་པོ་ཞེས་པ་ནི་སེམས་ཅན་གྱི་དོན་ལེགས་པར་སྤྱོད་པའོ། །དེ་བས་སློབ་དཔོན་གནང་བར་མཛོད་ཅེས་པ་ནི་གཉིས་ཏེ། བདག་སྨིན་པར་འདོད་པ་དང། གཞན་སྨིན་པར་འདོད་པའོ། །བདག་སྨིན་པར ་འདོད་པའི་སྐབས་སུ་ཁྱོད་ཀྱིས་བདག་གི་སློབ་དཔོན་གྱིས་ལ་བདག་སྨིན་པར་གྱིས་ཤིག་ཅེའོ། །གཞན་སྨིན་པར་འདོད་པའི་སྐབས་སུ་གཞན་གྱི་སློབ་དཔོན་དུ་རུང་བར་མཛད་དུ་གསོལ། དུས་དང་ནས་བཟང་ནས་བདག་སེམས་ཅན་རྣམས་ཀྱི་དོན་བྱེད་པར་འགྱུར་རོ། ་དེ་ཅིའི་ཕྱིར་ཞེ་ན། གསང་སྔགས་ཀྱི་སྤྱོད་པ་རྨད་དུ་བྱུང་བ་མི་གནས་པའི་མྱ་ངན་ལས་འདས་པ་མྱུར་དུ་ཐོབ་པར་བྱ་བའི་ཐབས་འདི་ནི་བདག་གཞན་ཐམས་ཅད་ཀྱི་བྱ་བ་རྫོགས་པར་བྱེད་ཀྱི་བདག་གཅིག་པུའི་ནི་མ་ཡིན་ནོ། །འོ་ན་གཞན་ཁོ་ནས་འབྱུ་རོ་ཨང་ཆེན་ཡང ་མ་ཡིན་ཏེ། དང་པོར་བདག་གི་ཆོ་ག་ཡོངས་སུ་རྫོགས་པར་མ་བྱས་པར་གཞན་གྱི་དོན་རྫོགས་པར་མི་འགྱུར་རོ། །དེ་ལྟར་གསོལ་བ་ནི་གསོལ་བ་བཏབ་པའོ། །དམ་པར་དེས་ནི་ཞེས་པ་ནི་གསོལ་བ་བཏབ་པ་དེ་གསན་པའོ། །བླ་མ་དབང་ལྡན་ཡོན་ཏན་ཚེ་ཞེས་པ་ནི ་སློབ་དཔོན་ཡོན་ཏན་མང་པོ་དང་ལྡན་པའོ། །སྙིང་རྗེ་སློབ་མ་ལ་བསྐྱེད་དེ་ཞེས་པ་ནི་སློབ་མ་སྙིང་རྗེས་ཉེ་བར་གཟུང་བའོ། །དེ་བཞིན་རབ་ཏུ་དང་བ་ནི་བཞིན་མཛེས་པའོ། །རང་གི་རྩེ་བས་རང་དགའ་བ་ནི་རང་བུ་མོ་ལ་ལུགས་ཀྱི་བསྟན་བཅོས་ཀྱི་སྦྱོར་བ་རྩོམ་པའོ། །དམ ་ཚིག་བཟང་པོ་བསྟན་པ་ནི་སྡོམ་པ་དཔོག་པའོ། །ཡང་ན་གཉིས་སུ་མེད་པའི་སྦྱོར་བ་བྱེད་པའོ། །མཉམ་པར་བཞག་པ་ཡང་དེའི་དུས་སུ་ཡེ་ཤེས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་སྙོམས་པར་འཇུག་པའི་སྦྲས་བསྐུལ་ནས། དེའི་བྱང་ཆུབ་ཀྱི་སེམས་ཀྱང་འབེབས ་པར་བྱེད་དོ། །དེ་ནས་བྱང་ཆུབ་ཀྱི་སེམས་གནས་གང་དུ་དབབ་ཅེ་ན། བུམ་པ་འམ་ཡང་ན་དུང་ཆོས་སུ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །འདི་དག་རྒྱས་པ་ནི་འདིར་མི་བྲི་སྟེ་ཡོངས་སུ་རྫོགས་པ་གཞན་དུ་ཤེས་པར་བྱའོ། །དེའི་མན་ངག་བསྟན་པ། མངོན་པར་བྱང་ཆུབ ་པ་ནི་གོང་དུ་བཤད་དོ། །འདི་ལ་གཉིས་ཡོད་པས་ན་འདི་ནི་རྣམ་པ་གཉིས་སོ། །གང་ཞེ་ན། ཕྱི་དང་ནང་གི་སྟེ། གང་བ་བསྟན་དུ་ཡོད་པ་དེ་ཡི་ཕྱིའོ། །གང་བསྟན་དུ་མེད་པ་དེ་ནི་ནང་ངོ། །དེ་ལ་དང་པོར་ཕྱི་བསྟན་པར་བྱ་སྟེ། རྟོགས་པར་ཟླ་བ་ཉིད་ཀྱི་ཕྱིར་རོ། །ཐོ་རང་གི་ཞེས ་ས་ལ་སོགས་པ་ནི་གོ་སླའོ། །ནང་གི་མངོན་པར་བྱང་ཆུབ་པ་ནི་གང་དང་གང་ཡིན་ཞེ་ན། སོ་སོར་རང་གི་དགོས་པ་ནི་སེམས་ཉིད་འོད་གསལ་བའོ། །དེའི་རྟག་བསྟན་པ་དང་པོ་སྨིག་རྒྱུ་ལྟ་བུ་ནི་སྨིག་རྒྱུ་བ་ནི་བཞིན་ཏེ་དེ་དང་འདྲ་བའོ། །དེ་དང་འདྲ་བ་མཐོང་བ་ཡང་དེའི་རྟགས་ཏེ་དེའི ་རྣམ་པ་ཅན་གྱི་ཤེས་པའོ། །འདི་དག་གིས་ནི་སློབ་པའི་དབང་དུ་བྱས་པའི་འོད་གསལ་བ་བསྟན་ཏོ། །སྐད་ཅིག་ལ་འོད་གསལ་བ་ནི་སྐད་ཅིག་གམ་ཐང་ཅིག་ལ་སོགས་པས་འོད་གསལ་བ་མངོན་དུ་འགྱུར་ཏེ། དུས་ཇི་སྲིད་མཉམ་པར་བཞག་གི་བར་དུ་ཆོས་ཐམས་ཅད ་རང་བཞིན་མེད་པ་མངོན་སུམ་དུ་འགྱུར་རོ། ཞེའོ། །དེ་ཡང་གན་གིས་མཐོང་ཞེ་ན། ཡེ་ཤེས་ཀྱི་མིག་གིས་མཐོང་ངོ་ཞེའོ། །དེ་ཉིད་ཐོབ་པའི་ཐབས་རྒྱས་པར་བཤད་པ། བསམ་གཏན་རྣམ་པ་གཉིས་ལ་དམིགས་པར་བྱེད་དོ། །ཞེས་པ་ནི་འོག་ནས་བསྟན་ཏོ། །དེའི་དཔེ་བསྟན་པ། ཆུ་བོ་འམ ་ལྟེང་ཀའི་ཆུ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་དག་གི་དོན་ཡང་འདུས་ཏེ། རང་བཞིན་མེད་པར་བྱེད་པ་ཉིད་དོ། །དེའི་མིང་ཅི་ཞེ་ན། རིལ་པོར་འཛིན་པ་ཞེས་བྱ་བའོ། །མིང་གི་རྣམ་གྲངས་ནི་གཞུང་རྒྱས་པས་འཇིག་པ་ཉིད་ཀྱི་ཕྱིར་མ་བཤད་དོ། །དེ་ཡང་རང་བཞིན་མེད་པ་གང་ལས ་ཤེས་སྙམ་པ་ལ། གསང་བ་འདུས་པ་ཞེས་བྱང་ལ་སོགས་པ་སྨོས་སོ། །དེ་ཡང་དགོངས་པ་ཅན་ཡིན་སྙམ་པ་ལ་རྣལ་འབྱོར་ཆེན་པོའི་རྒྱུད་གཞན་དག་ལས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡན་ལག་ཀུན་ལས་རྣམ་འདས་ཤིང་ཞེས་པ་ནི་གང་གིས་ལུས་ཀྱི་ཡན་ལག་དག་ཆོ ་གའི་ཡན་ལག་ཐམས་ཅད་དང་བྲལ་བའོ། །རྟོག་པའི་ཚོགས་རྣམས་སྤངས་ནས་ཀྱང་ཞེས་པ་ནི་གཟུང་བ་དང་འཛིན་པའི་རྟོག་པ་སྤངས་པའོ། །གུག་སྐྱེད་ཐིག་ལེ་ལས་འདས་པ་ཞེས་པ་ནི་དེ་དག་གི་རྣམ་པ་དང་བྲལ་བའོ། །འདི་ནི་དཀྱིལ་འཁོར་མཆོག་ཡིན་ནོ། །ཞེས་པ་ནི་དཀྱིལ ་འཁོར་གྱི་རྒྱལ་པོ་ཡིན་ནོ་ཞེའོ། །གཟུགས་དང་གཟུགས་མེད་དྲི་མེད་ལ་ཞེས་པ་ནི་བཤད་ཟིན་ཏོ། །གཞན་གོ་སླའོ། །ེ་མ་ཧོ་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་གསོལ་བ་འདེབས་ཤིང་བསྟོད་བའོ། །དེས་གསོལ་བ་བཏབ་པས་སློབ ་དཔོན་གྱི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་རོ། །གཞན་གོ་སླའོ། །འོད་གསལ་བ་འདི་ཡང་གང་གི་ངོ་བོ་ནི་རྟོག་པ་ཐམས་ཅད་དང་བྲལ་བའོ། །རང་བཞིན་གྱིས་འོད་གསལ་བའི་ཕྱིར་དང་རྟོག་པའི་དྲི་མ་སེལ་བ་འདི་ནི་གཏན་ཚིགས་སོ། །སློབ་པ་དང་མི་སློབ་པ་དང། སེམས་ཉིད་དང་དངོས་པོའི ་འོད་གསལ་བ་ནི་དབྱེ་བའོ། །རྣམ་གྲངས་ནི་འདིར་སྨོས་པ་སྟེ། དེ་ལ་སོགས་པའི་རིམ་པ་འདིར་སྨོས་པ་རྣམས་ཀྱི་ཐེ་ཚོམ་ཟ་བ་ཡོངས་སུ་གཅོད་པ་གང་ཡིན་པ་འདི་ནི་ཐེ་ཚོམ་ཡོངས་སུ་གཅོད་པའོ། །སྤྱོད་པའི་བསྡུས་པའི་སྒྲོན་མ་ཞེས་བྱ་བའི་འགྲེལ་པ་ལས་ལེའུ་བདུན་པའི་བཤད ་པའོ།། །།དེ་ལྟར་ལེའུ་བདུན་པར་དོན་དམ་པའི་བདེན་པ་རྒྱས་པར་བསྟན་ནས། ད་ནི་ཟུང་དུ་འཇུག་པའི་རིམ་པ་བཤད་པར་བྱ་སྟེ། དེ་ཤེས་པར་འདོད་ནས་དྲིས་པ། དོན་དམ་པའི་བདེན་པ་རྟོགས་པ་ལ་ནི་སོམ་ཉི་མ་མཆིས་ན་ཞེས་པ་ནི་དེའི་དོན་ཁོང་དུ་ཆུད་པའོ། ། ་དོན་དམ་པའི་བདེན་པ་ལ་ཞུགས་ནས་ཞེས་པ་ནི་དེ་དོན་དམ་པའི་བདེན་པའི་ཏིང་ངེ་འཛིན་ལ་རབ་ཏུ་གནས་པ་འམ། དེ་ལ་སེམས་རྩེ་གཅིག་པའོ། །དེ་ལས་ལྡང་བར་བགྱིད་ཅེས་པ་ནི་གང་གི་སྟོབས་ཀྱིས་སྟོང་པ་ཉིད་ལས་ལྷའི་སྐུ་སྡང་ཞེས་པའོ། །འདིར་མངོན་དུ་ཕྱོགས་པ་ནི་གང ་ཞིག་ལགས་ཞེས་པ་ལ་སོགས་པས་རང་གི་ཐེ་ཚོམ་དུ་གྱུར་པ་ཐམས་ཅད་དྲིས་པ་དང། དེའི་ལན་དུ་འོད་གསལ་བ་ལས་ལྡང་བའི་རིམ་པ་ནི་ལྷའི་སྐུ་འབྱུང་བ་རྟོགས་པར་བྱ་ཡིས་ཤེས་པའི་དོན་ཏོ། །གང་ལ་རྟེན་ཅེ་ན། གསང་བ་འདུས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་། ་བསྐྱེད་པའི་རིམ་པ་ནི་དང་པོ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྫོགས་པའི་རིམ་པ་ཡིན་པའི་ཕྱིར་རོ། །འོན་དང་པོ་ཞེས་བྱ་བ་འདི་གང་ཞིག་ཡིན་ཞེ་ན། རྡོ་རྗེ་བཟླས་པ་སྟེ། རྟེན་དང་བསྐྱེད་པ་དང་བཅས་པའོ། །དེས་ས་གང་ཐོབ་ཅེ་ན། ས་བརྒྱད་པ་སྟེ་བཟོད་པ་འབྲིང་པོའི་སའོ། །རྡོ་རྗེ་དོན་ཅེས ་བྱ་བ་ལས་ཀྱང། རྡོ་རྗེ་བཟླས་པའི་སར་གནས་ནས། བཟོད་པ་འབྲིང་པོ་ཐོབ་པར་བྱེད་ཅེས་གསུངས་པ་ལྟ་བུའོ། །སྐུ་གསུང་ཐུགས་མངོན་པར་རྟོག་པ་ནི་སྐུ་གསུང་ཐུགས་སེམས་ཉིད་ཀྱི་ངོ་བོར་ཤེས་པའོ། །དེས་ས་གང་ཐོབ་ཅེས་ན་ས་བཅུ་སྟེ། སེམས་ལ་དམིགས་འདིས་ནི་ཆོས ་ཀྱི་མཆོག་ཆུང་དུ་འམ་ཡང་ན་འབྲིང་པོ་ལ་རེག་པའོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་ནི་ཆོས་ཀྱི་མཆོག་ཆེན་པོ་ལ་གནས་པར་འགྱུར་ཏེ། གཞན་ལས་བཟོད་ཆེན་པོ་ནས་ཆོས་མཆོག་པར་གང་དེས་སེམས་ལ་དམིགས་པ་དང། སྒྱུ་མ་ལྟ་བུས་ཐོབ་པར་འགྱུར། །འོག་གི་ས་ལ ་རྨོངས་པ་ཡིས། །རབ་ཏུ་དགའ་སོགས་ས་ལ་འཛེག་།འགྲུབ་པར་མི་འགྱུར་དུད་འགྲོ་བཞིན་ཞེས་བ་ལྟ་བུའོ། །འོ་ན་འོད་གསལ་བས་ས་གང་ཐོབ་ཅེ་ན། རབ་ཏུ་དགའ་བ་སྟེ་ས་བཅུའི་དང་པོའོ། །འོ་ན་འོད་གསལ་བའི་སྦྱོར་བ་ཡིས། །བཅུ་གསུམ་ས་ལ ་ཡང་དག་གནས་ཞེས་འབྱུང་བ་དང་མི་འགལ་ལམ་ཞེ་ན་འགལ་བ་མ་ཡིན་ཏེ། དེ་ནི་དྲོད་ལ་སོགས་པའི་དབང་དུ་བྱས་པ་སྟེ། གང་ཚེ་ཐ་མའི་དྲོད་གྱུར་ནས། བཟོད་པ་ཆོས་མཆོག་དབང་དུ་ནི། རབ་འབྲིང་སྦྱོར་བས་བཅུ་གཉིས་ཏེ། རབ་ཏུ་དགའ་བ་བཅུ་གསུམ་མོ་ཞེའོ། །ཟུང་དུ ་འཇུག་པ་ཞེས་བྱ་བ་འདིས་སའི་ཁྱད་པར་དུ་ཐོབ་ཅེ་ན། རབ་ཏུ་དགའ་ནས་ཆོས་ཀྱི་སྤྲིན། །གང་གི་རྗེས་ལ་ཐོབ་པ་རྣམས། །ཟུང་འཇུག་གི་ནི་སྦྱོར་བར་བྱེད། །གཞན་པའི་ཡུལ་དུ་འགྱུར་མ་ཡིན། །ཞེས་འབྱུང་བ་ལྟ་བུའོ། །དེ་ཡང་གང་ལས་གསུངས་ཞེ་ན། ལངཀར་གཤེགས ་པའི་མདོ་ལས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྙིང་རྗེ་ནི་སེམས་ཅན་སྡུག་བསྔལ་དང་བྲལ་བར་འདོད་པའོ། །ཐབས་མཁས་པ་ནི་བྱང་ཆུབ་ཀྱི་སེམས་སོ། །སེམས་ཅན་གྱི་ཁམས་ཐམས་ཅད་སྒྱུ་མར་སྣང་བ་ལ་སོགས་པ་འདི་ནི་གོ་སླ་བ་ཉིད་ཀྱི་ཉི་མ་བཤད་དོ། །སྒྱུ་མ་ལྟ ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ནི་དེ་ལ་གནས་པར་མཛད་པའོ། །དོན་དམ་པའི་བདེན་པ་ནི་འོད་གསལ་བའོ། །དེ་མ་ཐོབ་པ་ནི་མངོན་དུ་མ་གྱུར་པའོ། །དེས་ཅིར་འགྱུར་ཞེ་ན། ཕྱིན་ཅི་ལོག་ཡིན་ཏེ་ཡང་དག་པ་མ་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཞེས་པ ་ནི་དེ་ཉིད་ལ་ཐེ་ཚོམ་དུ་གྱུར་ནས་འདྲི་བའོ། །དེའི་ལན་དུ་སྣང་བ་གསུམ་རྣམ་པར་དག་པར་མ་གྱུར་པ་ནི་དེའི་རྟོག་པ་མ་སྤངས་པའོ། །དེས་ཅིར་འགྱུར་ཞེ་ན། རྣམ་པར་ཤེས་པའི་ཀུན་ཏུ་རྟོག་པ་ནི་ཤེས་པ་འཁོར་བ་ལ་སོགས་པར་རྟོག་པའོ། །ཉོན་མོངས་པ་ཞེས་བྱ ་པ་ལ་སོགས་པ་གོ་སླའོ། །དོན་ནི་འདི་ཡིན་ཏེ། གང་དུ་དངོས་པོའི་རྟོག་པ་དང་མ་བྲལ་བ་དེ་སྲིད་ཀྱི་བར་དུ་སྡུག་བསྔལ་གྱི་རྒྱུ་ལ་ཞུགས་ཤིང་དེའི་འབྲས་བུ་དང་ལྡན་པ་ཡིན་ནོ། །ཞེས་བྱ་བར་དགོངས་སོ། །དེ་ཡང་གང་ལས་གསུངས་ཤེ་ན། དཔལ་མཆོག་དང་པོ་ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་ཆགས་རྣམ་པར་དག་པ་ནི་འདོད་ཆགས་ས་བོན་དང་བཅས་པ་སྤངས་པའོ། །བྱང་ཆུབ་སེམས་དཔའ་ཨི་གནས་སོ་ཞེས་པ་ནི་བྱང་ཆུབ་སེམས་དཔའ་ཨི་སེམས་བཞུགས་པར་བྱ་བ་སྟེ། གཙོ་བོ་གང་ན་འདུག་འགྱུར་བ། །དེ་ཡི་ཁྱིམ་ནི ་ནམ་མཁའ་ཉིད་ཅེས་པ་ལྟ་བུའོ། །སློབ་དཔོན་གཞན་དག་འདི་མི་འདོད་དོ་སྙམ་པ་ལ། སློབ་དཔོན་ཀམ་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནང་གི་བདག་ཉིད་ཀྱི། སྒྲུབས་ཐབས་ནི་ཞེས་པ་འདི་ནི་ནང་ལ་མཆོག་ཏུ་གཞོལ་བའི་གང་ཟག་གི་དབང་དུ་བྱས་པའོ། ་སྒྲ་ཇི་བཞིན་ནི་སྤོམ་པོར་བཤད་ཅེས་པ་ནི་རགས་པའི་རྣམ་པར་བཤད་པའོ། །སེམས་ཀྱི་རང་བཞིན་ནི་ཕྲ་པ་སྟེ། ཞེས་པ་ནི་གཏིང་དཔག་དཀའ་བའི་ཕྱིར་རོ། །རྣལ་འབྱོར་པ་རྣམས་ཀྱི་མཆོག་གི་གནས་སོ། །ཞེས་པ་ནི་མཆོག་སྒྲུབ་པའི་རྒྱུའོ། །གཞན་གོ་སླའོ། །འདི་དག ་ཀྱང་རྒྱས་པར་ནི་བསྡུས་པ་ལ་དགའ་བའི་ཕྱིར་མ་སྤྲོས་སོ། །འོ་ན་གཉིས་སུ་མེད་པའི་དོན་དེ་ཉིད་ཀྱང་གང་ཞིག་ཡིན་ཞེ་ན། རྣམ་པར་ཤེས་པ་གསུམ་རྣམ་པར་དག་པ་ནི་འོད་གསལ་བའོ། །དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་ཉིད་དོ། །འདིས་འཁོར་པའི་ཆུ་བོ་ལས་སྒྲོལ ་བར་བྱེད་པའི་ཕྱིར་རོ། །དེ་ཡང་མཚན་ཉིད་ཇི་ལྟ་བུ་ཞེ་ན། སེམས་དཔའ་མེད་པ་ནི་བསམ་པར་བྱ་བ་དང་བྱེད་བ་མེད་པའི་ཕྱིར་རོ། །མི་སྨྲ་བ་ནི་བརྗོད་པ་ལས་འདས་པའོ། །དེའི་མིང་ཅི་ཞེ་ན། མི་གནས་པའི་མྱ་ངན་ལས་འདས་པ་ཁམས་ཤེས་ཏེ། གང་ཤེས་པས་སྲིད་པ་ལ་མི ་གནས་པ་དང་སྙིང་རྗེས་ཞི་བ་ལ་མི་གནས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །གཟུགས་མེད་པ་ནི་གཟུགས་ཡོངས་སུ་དག་པའོ། །རེགས་པར་དཀའ་བ་ནི་མཐོང་བར་དཀའ་བའོ། །ལས་དང་སྐྱེ་བ་ལས་གྲོལ་པ་ནི་སྒྲིབ་པ་གཉིས་སྤངས་པའོ། །དེ་དག་གིས་ནི་རྟོག་པ་ལ་མི ་གནས་པའི་སྟོང་པ་ཉིད་འོད་གསལ་བའི་རིམ་པ་བསྟན་ནས། ད་ནི་ལྡངས་པའི་རིམ་པ་དཔེ་དང་བཅས་པ་བསྟན་པར་བྱས་ཏེ། ཉི་མ་དང་ཟླ་བའི་ཚུལ་ནི་སྣང་བ་མཆེད་པ་དང་སྣང་བའི་དཔེའོ། །དེ་ཤིན་ཏུ་སྣང་བ་ནི་རྟོག་པ་མེད་ལ་སྣང་བས་སྣང་བ་ཐོབ་པར་འབྱུང་སྟེ་གང ་གིས་བདག་གིས་འོད་གསལ་ལ་མངོན་དུ་བྱས་སོ་སྙམ་པའི་ཤེས་པ་རགས་པའི་རྟོག་པ་དང་བྲལ་བ་འབྱུང་ངོ། །དེ་ལ་ཉི་མའི་འོད་ཀྱིས་གསལ་བ་ནི་དོན་དམ་པ་ཤེས་པ་དང་བྲལ་ནས་ཀུན་རྫོབ་ཀྱི་དམིགས་པའི་སྣང་བ་མཆེད་པ་འབྱུང་བར་འགྱུར་རོ། ། ་དེ་ལས་བསལ་བ་ནི་གོང་མ་བས་གསལ་བ་སྟེ་ཟླ་བའི་འོད་ཟེར་ལྟ་བུ་བསིལ་བ་ནི་ཟླ་བའི་འོད་དང་འདྲ་བར་གང་ཞིག་རིགས་པའོ། །ཡང་ན་འདི་དག་ནི་དོན་དམ་པའི་ཤེས་པ་གསུམ་པོ་དག་རིམ་གྱིས་སྟེ། རོ་མྱོང་བའི་རྣམ་པ་དང། གཞན་སྤོང་བ་དང། དེ་རིག་པའི ་ངོ་བོ་ཉིད་དོ་ཞེས་པ་ལ་ངག་འདོད་དོ། །དེ་ཡང་གང་ལས་འབྱུང་ཞེ་ན། དཔལ་མཆོག་དང་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནམ་མཁའ་ལས་ནི་ནམ་མཁའ་འབྱུང་ཞེས་པ་ནི་དོན་ཆོས་ཀྱི་དབྱིངས་ནམ་མཁའ་དང་འདྲ་བ་ལས་ཡེ་ཤེས་ནམ་མཁའ་དང་འདྲ་བ་འབྱུང ་ཞེའོ། །དེ་ཉིད་ཀྱིས་ཇི་ལྟར་རྟོག་ཅེ་ན། ཐམས་ཅད་སྟོང་པ་ཉིད་འདུས་བྱས་དང་འདུས་མ་བྱས་ཐམས་ཅད་སྟོང་པ་ཉིད་དུ་རྟོག་པའོ། །གཞན་གོ་སླའོ། །འདི་དག་གི་དོན་ནི་འོད་གསལ་བའི་རྗེས་ལས་སྐྱེས་པའི་རྟོག་པ་ཐམས་ཅད་སློབ་པའི་དབང་དུ་བྱས ་པའི་ཟུང་དུ་འཇུག་པས་བསླབས་ཏེ། དེ་ཉིད་གཉིས་སུ་མེད་པའི་ཡེ་ཤེས་ཀུན་ཏུ་འོད་ཀྱིས་ལ་སངས་རྒྱས་ནས་ཐུགས་རྗེ་ཆེན་པོ་དང་སྨོན་ལམ་གྱི་ཤུགས་ཀྱིས་སྐུ་སྣ་ཚོགས་པ་འབྱུང་བར་འགྱུར་རོ། །དེ་ལྟར་འབྱུང་ཡང་སྐུ་དེ་ལ་རྣམ་པར་རྟོག་པ་ནི་གང་ཡང་ཡོད ་པ་མ་ཡིན་ནོ་སྙམ་དུ་དགོངས་སོ། །དེ་ལྟ་བུའི་དོན་འདི་ཉིད་གསལ་བར་བྱ་བའི་ཕྱིར་ཞེས་པ་ནི་དེ་ཁོང་དུ་ལེགས་པར་ཆུད་པར་བྱ་བའི་ཕྱིར་རོ་ཞེའོ། །དཔལ་གསང་བ་གྲུབ་པ་ནི་མཚན་བསྟན་པའོ། །རང་གིས་རིགས་པ་ནི་རང་གི་ཡེ་ཤེས་སོ། །གཞན་གྱི་བརྗོད་ལས་མི ་འབྱུང་སྟེ་ཞེས་པ་ནི་གཞན་གྱི་ཚོགས་ལས་མི་འབྱུང་བའོ། །འོ་ན་གང་ལས་འབྱུང་ཞེ་ན། མོས་དང་བསྒོམས་པས་རྟོགས་འགྱུར་ཏེ། ཞེས་པ་ལ་མོས་པ་ནི་ཉན་པ་དང་བསམས་པའོ། །གང་ཏིང་ངེ་འཛིན་རྩེ་གཅིག་པ་འདི་ནི་བསྒོམ་པའོ། །དེས་རྟོགས་པར་འགྱུར ་པ་ནི་ངེས་ཤེས་པར་འགྱུར་བར་དགོངས་པའོ། །འདིས་མི་འདའ་བར་ཐོབ་པས་དམ་ཚིག་གོ་།དེ་ཡང་འདི་ལས་མ་གཏོགས་པ་ཐབས་གཞན་ནི་མེད་དོ། །དེ་ཉིད་དེ་ཉིད་མིན་སྤངས་ཏེ་ཞེས་པ་ནི་ཐ་མལ་པའི་སྤྱོད་པ་སྣ་ཚོགས་པ་སྤངས་པའོ། །མོས་པའི་བསམ་པས་ཉིད་མཚན ་དུ་ཞེས་པ་ནི་གང་གིས་གཅེས་སྤྲས་སུ་བྱེད་པའི་བསམ་པས་ཉིན་དང་མཚན་དུ་དེ་ཁོ་ན་ཉིད་བསྒོམ་ཞེས། དེས་ཅིར་འགྱུར་ཞེ་ན། ཞི་བའི་གོ་འཕང་བླ་ན་མེད་ཅེས་པ་ནི་རྟོག་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་སྐུ་ཐོབ་པའོ། །མཆོག་ཏུ་མྱ་ངན་ལས་འདས་པ་ཞེས་པ ་ནི་ཁྱད་པར་དུ་འཁོར་བའི་སྡུག་བསྔལ་དང་བྲལ་བའོ། །དེ་ཡང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་འབྱུང་བ་རྐྱེན་གང་གིས་བྱས་ཤེ་ན། དེ་དང་དེ་ལས་སྨོན་ལམ་མཐུས་ཞེས་པ་ནི་ཆོས་ཀྱི་སྐུ་དེ་ལས་སྨོན་ལམ་དང་སྙིང་རྗེའི་སྟོབས་ཀྱིས་ལོངས་སྤྱོད་རྫོགས་པ་ལ་སོགས ་པ་སྣ་ཚོགས་སུ་སྣང་ཞེའོ། །གཞན་གོ་སླའོ། །དུས་ཇི་ཙམ་གྱིས་འབྱུང་ཞེ་ན། སྐད་ཅིག་ཐང་ཅིག་ཙམ་གྱིས་བྱུང་བ་སྟེ་ཞེས་པ་ནི་སྐད་ཅིག་ཐང་ཅིག་ཙམ་གྱིས་འབྱུང་ངོ། །བྱུང་ནས་ཅི་བྱེད་ཅེ་ན། སྤྲོ་དང་སྡུད་པར་བྱེད་པ་སྟེ་ཞེས་པ་ནི་སྐུའི་འོད་ཟེར་ལ་སོགས་པའི་སྟོབས ་ཀྱིས་སོ། །གང་ལ་སྣང་ཞེ་ན། ཁམས་གསུམ་འདི་དག་ཐམས་ཅད་ལ་སྣང་ཞེའོ། །འདི་དག་གི་དོན་བཤད་ཟིན་ཏོ། །གཞན་གོ་སླའོ། །དེ་ལྟ་བུ་དེ་ཡང་གཞུང་འདི་པ་མ་ཡིན་ནམ་སྙམ་པ་ལ། གསང་བ་འདུས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨེ་མའོ་རྡོ་རྗེ ་ནི་ཆོས་ཀྱི་སྐུའོ། །ེ་མའོ་རྡོ་རྗེ་ནི་ལོངས་སྤྱོད་རྫོགས་པའོ། །ེ་མའོ་རྡོ་རྗེ་བསྟན་པ་སྤྲུལ་པའི་སྐུའོ། །གང་དུ་ལུས་ངག་སེམས་མེད་པ་ཞེས་པ་ནི་གང་ལ་ཇི་ལྟར་སྣང་བ་དེ་ལ་ལུས་མི་དམིགས་ངག་མི་དམིགས་སེམས་མི་དམིགས་སོ་ཞེའོ། །སྤྲུལ་པ་དང་ལོངས་སྤྱོད ་རྫོགས་པ་སྟོན་པའི་བཀའ་དེ་དགོངས་པ་ཅན་ཡིན་ནོ་ཞེའོ། །མ་ཡིན་པའི་ཕྱིར་རྗེ་བཙུན་གྱི་ཞལ་སྔ་ནས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁོང་སྟོང་ཁྱོད་ཀྱི་ལུས་ལ་མེད་ཅེས་བྱ་བ་ལ་སོགས་པའི་དོན་ནི་སྤྲུལ་པའི་སྐུ་ནི་ཆུའི་ཟླ་བ་དང་འདྲ་བར་དགོངས་པའོ། ། ་དགའ་བའི་སེམས་ནི་བཟུང་གྱུར་ནས་ཞེས་པ་ནི་སེམས་ཅན་གྱི་དོན་ལ་དགའ་བའོ། །རྡོ་རྗེའི་ལུས་ནི་རྡོ་རྗེའི་སྐུའོ། །དེ་བསྒོམས་པ་རྩེ་གཅིག་པར་བྱེད་ཅེའོ། །དེས་ཅིར་འགྱུར་ཞེ་ན། བརྟན་ལུས་ཁོང་སྟོང་མ་ཡིན་པ་ཞེས་པ་ནི་གཞན་གྱིས་མི ་ཤིགས་པའི་སྐུ་ཐོབ་པའོ། །གཞན་ཡང་ནམ་མཁའ་འདྲ་ཞིང་ཞེས་བྱ་བ་ལ་སོགས་པའི་དོན་ནི་གོང་དང་འདྲའོ། །གཞན་གོ་སླའོ། །དཔའ་བར་འགྲོ་པའི་མོད་ནི་དཔའ་བར་འགྲོ་བའི་དོན་སྟོན་པའི་མདོ་སྟེ། དེ་ལས་ཀྱང་རྒྱས་པར་གསུངས་སོ། །གང་གིས་དཔའ་བར་འགྲོ ་པའི་ཏིང་ངེ་འཛིན་འདི་ཐོབ་པ་ནི་སྐྱེས་བུ་གང་ཞིག་གིས་ཆོས་ཀྱི་སྐུ་ཐོབ་པ་ཉིད་དོ། །དེའི་ཡོན་ཏན་གྱི་ཁྱད་པར་ཡང་ཇི་ལྟ་བུ་ཞིག་དང་ལྡན་ཞེ་ན། སངས་རྒྱས་ཐམས་ཅད་ཀྱི་ཡུལ་དུ་མཆིས་པ་ལགས་སོ། །ཞེས་པ་ནི་མར་མེ་མཛད་ལ་སོགས་པ་ནི་སངས་རྒྱས་ཐམས ་ཅད་དེ། དེའི་ཡུལ་ནི་ཆོས་ཀྱི་སྐུའོ། །ཅིའི་ཕྱིར་ཞེ་ན། གཤེགས་པར་བྱ་བ་ཡིན་པ་ཉིད་ཀྱི་ཕྱིར་རོ། །རང་དབང་གི་ཡེ་ཤེས་ནི་མི་རྟོག་པའི་ཡེ་ཤེས་ཏེ། དེ་ལ་དབང་བགྱིད་པ་ནི་དེ་ལ་སྤྱོད་པའོ། །གཞན་གོ་སླའོ། །མི་གནས་པའི་མྱ་ངན་ལས་འདས་པ་ནི་བཤད་ཟིན ་ཏོ། །ཐེ་ཚོམ་གཅོད་པ་ནི་ངོ་བོ་དང་དུས་ལ་སོགས་པ་ལ་ཐེ་ཚོམ་ཟད་ཡོངས་སུ་གཅོད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །སྤྱོད་པ་བསྡུས་པའི་སྒྲོན་མ་ཞེས་བྱ་བའི་འགྲེལ་པ་ལས་ལེའུ་བརྒྱད་པའི་བཤད་པའོ།། །།དེ་ལྟར་གཉིས་སུ་མེད་པའི ་རིམ་པ་ལ་སོགས་པ་བརྒྱས་པར་བསྟན་ནས། དེ་ནས་སྤྱོད་པ་རྣམ་པ་གསུམ་ལ་སོགས་པ་ནི་གོ་སླ་བ་ཉིད་དང། གཞུང་རྒྱས་པས་འཇིགས་པ་དང། སློབ་དཔོན་གཞན་གྱིས་ཀྱང་རྒྱས་པར་བཤད་པ་ཉིད་ཀྱི་ཕྱིར་བདག་གིས་ནི་མ་བཤད་དོ། །གང་དུ་ཉི་མའི ་འོད་ཟེར་མུན་པ་བཞིན། །ཤེས་རབ་ཀྱིས་ནི་གཏི་མུག་རང་བསལ་ནས། །དགའ་བའི་སྟོབས་སི་དཀའ་འགྲེལ་རིམ་པ་བརྩམས། །འདི་ལ་ཉེས་གྱུར་ཅི་མཆིས་བཟོད་པར་གསོལ། །འདོད་རྒྱལ་ཞགས་པ་ཀུན་བཀྲོལ་གཞུང་འདི་ལས། གང་གིས་དགེ་བའི་རྩ ་བ་ཅི་ཐོབ་པ། །དེས་ན་ཁམས་གསུམ་སེམས་ཅན་བདག་དང་བཅས། །རྡོ་རྗེ་འཆང་གི་ཞིང་དུ་སྐྱེ་བར་ཤོག་།སྤྱོད་པ་བསྡུས་པའི་སྒྲོན་མའི་བཤད་པ་ཤེས་རབ་མཆོག་དང་ལྡན་པའི་སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། །། ་