| Wylie | e-texts based on the ACIP/ALL Input |
ཤར་ཕྱོགས་ཛ་ག་ཏ་ལའི་པཎྜི་ཏ་བི་བྷུ་ཏི་ཙནྡྲས་བསྒྱུར་བའོ།། །།སྒྲུབ་ཐབས་མདོར་བྱས་ཀྱི་དཀའ་འགྲེལ་བཞུགས། །!། །རྒྱ་གར་སྐད་དུ། པིཎྚི་ཀྲི་ཏ་སཱ་དྷ་ན་པཉྩི་ཀཱ། བོད་སྐད་དུ། སྒྲུབ་ཐབས་མདོར་བྱས་ཀྱི་དཀའ་ ་འགྲེལ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གསུམ་གྱི་སྤྱོད་པ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ལ། དཔལ་ལྡན་ཙིནདྷ་ཀཱ་ཡ་ཡི་ཞབས་ཀྱི་མན་ངག་བྲི་བར་བྱ་སྟེ། མདོར་བྱས་ཅན་གྱི་རིམ་པའི་སྒྲུབ་པར་བྱ་བ་ལ། འདིར་ཕྱག ་བྱས་སོ། །དེ་བཞིན་དུ་ཡང་རྡོ་རྗེ་བཟླས་པ་ལ། དང་པོར་རྡོ་རྗེ་བཟླས་པའི་སྒྲུབ་པར་བྱ་བ་ལ་ཕྱག་བྱེད་པ་གསལ་བར་གསུངས་སོ། །དེ་བཞིན་དུ་རང་བྱིན་གྱིས་བརླབ་པར་རང་བྱིན་གྱིས་བརླབ་པའི་སྒྲུབ་པར་བྱ་བ་ཡིའོ། །དེ་བཞིན་དུ་འོད་གསལ་དང་ཟུང་དུ་འཇུག ་ལ་ཡང། དེ་དང་དེ་ཡི་བསྒྲུབ་པར་བྱ་བ་ཡིའོ། །དེ་ལ་ཕྱག་འཚལ་བ་ནི་འདུད་པར་བྱེད་པའོ། །ཅི་ལ་ཞེན་སྐུ་ལ་སྟེ། མདོར་བྱས་ཀྱི་རིམ་པ་སྒོམ་པར་བྱེད་པ་རྣམས་ཀྱི་བསྒྲུབ་པར་བྱ་བ་སྟེ་སྦྲུལ་པའི་སྐུའོ། །རྒྱལ་བ་རྣམས་ཀྱི་ནི་མི་བསྐྱོད་པ་ལ་སོགས ་བ་རྣམས་ཀྱིའོ། །དེ་ཅི་ལྟ་བུ་ཞེ་ན། འཇིག་རྟེན་གསུམ་གྱི་སྤྱོད་པ་ལས་གྲོལ་ཏེ། འཇིག་རྟེན་གསུམ་གྱི་སྤྱོད་པ་འཇིག་རྟེན་གྱི་ཆོས་བརྒྱད་རྣམས་ཏེ་དེ་རྣམས་ལས་གྲོལ་བའོ། །སླར་ནམ་མཁའ་མཉམ་པར་གྱུར་པ་སྟེ། ནམ་མཁའ་ ་ནི་འོད་གསལ་།དེས་མཉམ་པར་གྱུར་པ་ནི་ཡེ་ཤེས་གང་ཡིན་པ་དེའོ། །དེ་ལྟར་ཡང། ཤཱུ་ནྱ་ཏཱ་ཛྙཱ་ནཱ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ། ཞེས་བྱ་བ་ལ་སོགས་པ་འདིར་གསུངས་པའི་ཕྱིར་རོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་རང་བཞིན་ནི་ཉིད་ཀྱི་ཕྱིར་དངོས ་པོ་ཀུན་གྱི་ངོ་བོ་ཉིད་དོ། །དེ་ལྟར་ཡོད། ཕུང་པ་རྣམས་དང་ཁམས་རྣམས་དང། ཞེས་བྱ་བ་ལ་སོགས་པ་སྤྱོད་བསྡུས་སུ་གསུངས་སོ། །འདོད་པའི་ཡོན་ཏན་ལྔ་དག་པའི་སྦྱོར་བ་དང་ཨརཤ་ལ་སོགས་པའི་ཉིད་ལ་ལས་དག་པའོ། །ཞི་བ་ལ་སོགས་པའི་ལས་ཀྱི ་སྦྱོར་བ་ལས་ཞི་བ་ལ་སྟོང་བ་ཉིད་ཀྱི་བདག་ཉིད་ཅན་།ཉིད་ཀྱི་ཡོངས་སུ་བྱང་བ་ཉིད་ཀྱི་ཕྱིར་རྣམ་པར་དབེན་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྐྱེད་པ་པོ་ཉིད་ཀྱི་ཕྱིར་མཆོག་ཏུ་ཞི་བའི་རང་བཞིན་ནོ། །མཆོག་ཏུ་གྱུར་པའི་བསྐྱེད་པའི་རིམ་པ་བསྒོམ་པ་པོ་རྣམས་ཁོ ་ནའི་རྟོགས་པ་ཉིད་ཀྱི་ཕྱིར་རྣལ་འབྱོར་བ་ཉིད་ཀྱིས་རྟོགས་བྱའོ། །བྱིས་བའི་རྣལ་འབྱོར་བརྟོག་གེ་བ་ལ་སོགས་བ་རྣམས་ཀྱིས་རྟོགས་བྱ་མ་ཡིན་པ་ཉིད་ཀྱི་ཕྱིར་རྟོགས་པར་དཀའ་བའོ། །གཅིག་དང་གཅིག་མ་ཡིན་རང་བཞིན་གྱིས་དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ལས་ཡོངས་སུ་བསྒྲུབས་པའི་གཟུགས་རྣམ་པར་དཔྱད་པའི་ཕྱིར་བརྟགས་པར་དཀའ་བའོ། །རང་བཞིན་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པའོ། །ཉིད་ཀྱི་ཕྱིར་རང་དང་གཞན་ལ་ཕན་པའི་མཆོག་གོ་།བྱ་བའི་དབྱེ་བས་སྣ་ཚོགས ་པའི་སྐུལ་བ་བྱེད་པ་ཉིད་ཀྱི་ཕྱིར་ཁྱབ་པའོ། །རྣལ་འབྱོར་བཞི་ལ་སོགས་པ་སྒོམ་པར་བྱེད་པ་ལ་ཐེ་ཚོམ་གྱི་མཚན་མ་མེད་པ་ཉིད་ཀྱི་ཕྱིར་མཚན་མ་མེད་པའོ། །བདེ་བ་ཆེན་པོའི་རྒྱུ་ཉིད་ཀྱི་ཕྱིར་བདེ་བའོ། །སྔ་མ་བཞིན་དུ་འདི་ཀུན་མོད་མ་ཡིན་པའི་ངོ ་བོ་ཉིད་དུ་མཚུངས་པའི་ཕྱིར་མཉམ་མེད་མཉམ་པའོ། །སྐྱེ་བ་ལ་སོགས་པའི་རྣམ་པར་རྟོག་པ་དང་ལྡན་བའི་སྐུ་རྣམ་པར་རྟོག་པ་དང་རྣམ་པར་མི་རྟོག་པ་གཅིག་པའི་སྐུའོ། །དེ་ལྟ་བུའི་རང་བཞིན་གྱི་བསྟོད་པ་སྔོན་དུ་འགྲོ་བས་ཕྱག་འཚལ་ནས། འཇུག་པའི་ཡན་ལག་གི་? ་བརྗོད་པར་བྱ་བ་ལ་སོགས་པ་བཤད་པ་ཉེ་བར་རྩོམ་པ་ནི། དཔལ་ལྡན་ཞེས་བྱ་བ་ལ་སོགས་པས་སོ། །ཞེ་སྡང་ཞེས་པ་ནི། སྒྲ་གཅན་བཟང་པོས་སློབ་དཔོན་གྱི་མཆོག་ཏུ་བྲིས་པ་བརྗོད་པར་བྱ་སྟེ། སྔགས་ཀྱི་ངེས་བ་དང་པོ་སྟེ་ཞེས་བྱ་བ་ལ་སོགས་པའི་རིམ་པས། སྒྲུབ་པའི། ་ཐབས་ཐོས་ཤིང་བླ་མ་ལས་གནང་བ་ཐོབ་ནས་དགོན་པ་ལ་སོགས་པར་ཤད་དུ་ཕྱོགས་ཏེ་སེམས་དཔའ་ཨི་སྐྱིལ་ཀྲུང་ཅན་གྱི་སྙིང་རྗེ་བསྐྱེད་དེ་མདུན་དུ་སངས་རྒྱས་ལ་སོགས་པ་རྣམས་བལྟས་ནས། །དེ་ལ་གསུངས་པའི་ཆོ་གས་མཆོད་པ་རྣམ་པ་བདུན་དང་བདག་དངུལ་བ་དང། ་དམ་པ་བདག་གིས་བསྐྱེད་པར་བགྱི་ཞེས་བྱ་བ་ལ་སོགས་པ་ཡང་བྱས་ནས། སྟོང་པ་ཉིད་དུ་ལྷག་པར་མོས་པས་ཐ་མལ་པ་ཉིད་བསམ་ལ་སྐད་ཅིག་གིས་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་གཟུགས་ཁ་དོག་དཀར་པོ་ཕྱག་གཉིས་པ་ཞལ་གཅིག་པ། སྣ་ཚོགས་པདྨའི་གདན ་ལ་བཞུགས་པ། འོད་ཀྱི་དཀྱིལ་འཁོར་རྣམ་པར་མཛེས་པ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་འཆང་བ། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་བ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་འཁྱུད་པ། སྒྱུ་མ་ལྟ་བུའི་ལུས་སུ་བསམ་པར་བྱའོ། །དེ་ནས་ཡེ་ཤེས་སྒྲོན་མ་རྡོ་རྗེའི་ཏིང་ངེ ་འཛིན་གྱིས་ཚུལ་གྱིས་བཛྲ་དྷྲིཀ་ཅེས་པའི་སྔགས་ཀྱིས་ཕྱུང་བ་དེས་མི་བསྐྱོད་པའི་གཟུགས། ཁ་དོག་ནག་པོ་ཞལ་གསུམ་པ་ཕྱག་དྲུག་པ་བདག་གི་མདུན་དུ་བལྟས་ནས། སླར་ཡང་དེ་རང་གི་ལུས་སུ་ཆུ་དང་འོ་མའི་ཚུལ་གྱིས་ཞུགས་པས་བདག་ཨིནྡྲ་ནཱི་ལའི་ཁ ་དོག་ལྟ་བུ་མཆི་བ་གཙིགས་ཤིང་འཇིགས་པ་ལ། རང་སྣང་གི་རེག་བྱ་རྡོ་རྗེ་མས་འཁྱུད་པ་སྒྱུ་མའི་ལུས་ཉི་མའི་གདན་ལ་གཡས་སུ་རྡོ་རྗེ་དང་འཁོར་ལོ་དང་པདྨ་འཛིན་ལ་གཡོན་དྲིལ་བུ་དང་ཡིད་བཞིན་གྱི་ནོར་བུ་དང་རལ་གྲི་འཆང་བ་ཞེ་སྡང་རྡོ་རྗེའི་གཟུགས་སེམས་དཔའ་གསུམ་གྱི་བདུག ་ཉིད་ཅན་དུ་བསམ་པར་བྱའོ། །དེའི་ཏིང་ངེ་འཛིན་ལ་གནས་པས། ཧཱུཾ་ཡིག་རིང་པོ་དབྱུང་སྟེ། དེ་ལས་སྐྱེས་པའི་གཤིན་རྗེ་མཐར་བྱེད་ལ་སོགས་པའི་ཁྲོ་བོ་བཅུ་ཞལ་གསུམ་ཕྱག་དྲུག་པ་རྣམས་སོ། །ཤཱཀྱ་ཐུབ་པ་ཐམས་ཅད་མཛད་ནས་དགའ་ ་ལྡན་ལས་བབས་ཏེ། འདོད་ཆགས་དང་བྲལ་བ་ཉིད་ཀྱིས་ཉན་ཐོས་རྣམས་དེའི་ལམ་ལ་སོ་སོར་བཞག་ནས་ཐེག་པ་ཆེན་པོ་པ་རྣམས་ལ་རྣམ་ཤེས་བརྒྱད་ལ་སོགས་པ། ཆོས་ལ་བདག་མེད་པར་རྟོགས་པ། ས་དང་ཕ་རོལ་ཏུ་ཕྱིན་པའི་ལམ་སྤྱད་པ་ལས། ཟབ་མོ་ལ་ལྷག་པ ་མོས་པ་རྣམས་ཀྱིས་བདེན་པ་གཉིས་རྟོགས་པར་བྱའི་ཕྱིར། འདོད་ཆགས་ཀྱིས་བྱང་ཆུབ་པ་རབ་ཏུ་སྟོན་པའི་ཕྱེད་དུ། དཔལ་གསང་བ་འདུས་བར་ལེའུ་དང་པོ་ལས་གསུངས་པ་འདོད་ཆགས་ཆེན་པོའི་ཚུལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་བཞིན་དུ་བསྐྱེད་བཞིན ་པའི་རྣལ་འབྱོར་པས་ཀྱང་དང་པོ་སྦྱོར་བ་བྱས་ནས་དེའི་འོག་ཏུ་འདོད་པ་ལ་སྤྱོད་པ་རྣམས་ཀྱི་ཐར་པ་རབ་ཏུ་སྟོན་པའི་ཆེད་དུ་ལེའུ་བཅུ་བདུན་པ་ལས་གསུངས་པའི་འདོད་པ་ཐམས་ཅད་ལ་ཉེ་བར་ལོངས་སྤྱོད་པའི་ཏིང་ངེ་འཛིན་གྱིས་གནས་པར་བྱ་སྟེ། བུ་མོ་རྙེད་ནས་ཞེས་བྱ་བ་ལ་སོགས ་པ་རྣམས་ཀྱིས་སོ། །དེ་ལ་ཞི་བའི་ལས་ནི་ཆུའི་དཀྱིལ་འཁོར་བསྒོམས་ནས་ཏིང་ངེ་འཛིན་གསུམ་རྫོགས་པའི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་རང་གི་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀའི་དབུས་སུ་སོན་པའི་འཁོར་ལོ་ལ་གནས་པའི་ཨོཾ་ཡིག་བསྒོམས་ནས་དེའི ་འོད་ཟེར་གྱི་ཚོགས་ཀྱི་བཀུག་པའི་ནད་པ་དེ་ཉིད་དུ་གཞག་པར་བྱའོ། །དེའི་རྗེས་སུ་ཨོཾ་ཡིག་ལས་འཕྲོས་པའི་སྤྱན་མ་དང་སྙོམས་པར་འཇུག་པའི་རྣམ་པར་སྣང་མཛད་ཀྱི་ཚོགས་ཀྱིས་ནམ་མཁའ་ཨི་ཁོངས་ཁྱབ་པར་བསྒོམ་པར་བྱའོ། །དེ་ནས་ཐམས་ཅད་སྙོམས་པར ་ཞུགས་པས་གཅིག་པ་ཅན་དུ་བྱས་ནས་འོད་ཀྱི་གོང་བུ་བདུད་རྩིའི་ཚོགས་དེ་ནང་པའི་སྤྱི་བོར་ཕབ་ནས་སྡིག་པ་ཐམས་ཅད་གཞོམ་པར་བྱའོ། །དེ་ནས་རང་གི་ཐུགས་ཀ་ནས་ཕྱུང་བའི་ནད་པ་སྡིག་པ་དང་བྲལ་བར་གྱུར་པ་མདུན་དུ་ཟླ་བའི་དཀྱིལ་འཁོར་ལ ་གཞགས་ནས་རྣམ་པར་སྣང་མཛད་ཀྱི་སྤྲིན་ལས་སྔར་གྱི་འོད་ཟེར་གྱི་གཟུགས་ཀྱིས་རྣལ་འབྱོར་པ་རང་གི་སྤྱི་བོའི་བུ་ག་ནས་རབ་ཏུ་བཅུག་སྟེ། རང་གི་རྡོ་རྗེ་བུ་ག་ནས་དབྱུང་བར་བྱའོ། །ཅི་ལྟར་བྱས་ནས་ཤེ་ན་རྣམ་པར་སྣང་མཛད་ཀྱི་ཚོགས་དེ་རྣམས་ཀྱིས། སླར་ཡང་ནམ་མཁའ་ ་ཁེབས་ཤིང་གཡོག་པར་བྱའོ། །དེ་ལ་དེའི་དུས་སུ་དེའི་མདུན་ན་འདུག་པ་ལ། སྔར་བཞིན་རང་གི་ཕྱག་རྒྱ་དང་སྙོམས་པར་ཞུགས་པའི་སངས་རྒྱས་ཀྱི་སྤྲིན་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་རྣམས་ཀྱིས། མངོན་པར་དབང་བསྐུར་བ་སྦྱིན་པར་བྱའོ། །འདི་ཡིས་ནད་པ་རིང་པོར་མི་ཐོགས ་པར་དགེ་བའི་ཡན་ལག་ལུས་རྒྱས་པ་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ། གྲོང་ཁྱེར་ལ་སོགས་པ་རྣམས་སུ་བདུད་ལ་སོགས་པའི་ཉེ་བར་འཚོ་བ་རྣམས་ཞི་བར་བྱེད་པ་བརྩམས་པར་བྱ་སྟེ། དང་པོར་སྒྲུབ་པ་པོས་སེམས་ཅན་རྣམས ་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྐྱེད་ནས་གྲོང་ཁྱེར་ལ་སོགས་པའི་སྟེང་བར་སྣང་གི་ཕྱོགས་སུ། ཤིང་ཏཱ་ལའི་སྡོང་པོའི་ཚད་ཀྱི་རྡོ་རྗེ་ཆེན་པོ་འོད་ཟེར་ལྔ་དང་ལྡན་པ་རང་གི་གནས་སུ་བསྒོམ་པར་བྱའོ། །དེའི་འོག་ཏུ་དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་དུས་ཀྱི་མཛའ་ཨི་མེ ་ལྟ་བུ་སེམས་ཅན་རྣམས་ཀྱི་སྡིག་པ་ཐམས་ཅད་སྲེག་པ་པོར་བསམ་ནས། སེམས་ཅན་དེ་རྣམས་རྡོ་རྗེ་ཆེན་པོར་རབ་ཏུ་གཞུག་པར་བྱའོ། །དེ་ལས་དབྱུང་བར་བྱའོ། །ཇི་ལྟར་ན་པདྨ་རཱ་ག་དང། ཡིད་བཞིན་གྱི་ནོར་བུ་དང་རྡོ་རྗེར་སྣང་བ་དང། ནོར་བུ་ཤེལ་ལྟར་དང་བའི ་ལུས་ཀྱི་ཁ་དོག་དང་མཚུངས་པའི་སེམས་ཅན་རྣམས་རང་གི་གནས་གནས་སུ་གཞུག་པར་བྱའོ། །ཕྱིས་ནམ་མཁའ་ཨི་སྟེང་དུ་རྣམ་པར་སྣང་མཛད་ཀྱི་ཚོགས་རང་གི་ཕྱག་རྒྱ་དང་སྙོམས་པར་འཇུག་པ་བསམས་ནས། དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་རབ་ཏུ ་འབབ་པ་རྣམས་ཀྱིས་བཤད་མ་ཐག་པའི་རིམ་པས་སྦྱངས་པའི་སེམས་ཅན་རྣམས་ལ་དབང་བསྐུར་བར་བྱའོ། །ཞེས་པ་ནི་མན་ངག་གོ་།དེ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་རིམས་ལ་སོགས་པ་ཞི་བའི་དོན་དུ། སྤྱན་མའི་ཆོ་ག་ཡང་བྱ་སྟེ། འདིར ་སྔགས་ཀྱི་ཡི་གེ་རྣམས་དང་མེ་ཏོག་དང་དྲིལ་སོགས་པ་ཁ་དོག་དཀར་པོ་ཉིད་དུ་བསམ་པར་བྱའོ། །དེ་ལ་འདི་ནི་སྤྱན་མའི་སྔགས་ཏེ། ཨོཾ་རུ་རུ་ས་ཕུ་རུ་ཛཝ་ལ་ཏིཥྛ་སིདྷ་ལ་ཙ་ནི་སརྦ་ཡརྠ་སཱ་བྷ་ནི་སྭཱཧཱ། འདིར་ཞི་བ་གཟི་བསྐྱེད་པའི་དོན་དུ་སྔགས་དཔེ་ལ ་བར་བྱ་སྟེ། ཇི་ལྟར་བྱས་ནས་ཤེ་ན། སྭཱཧཱ་དེའི་མངོན་དུ་ཆེ་གེ་མོ་ཤཱནྟིཾ་ཀུ་རུ་སྭ་ཏེ་ཞེས་སོ། །དེ་བཞིན་དུ་དབང་ཆེན་གྱི་དཀྱིལ་འཁོར་རྣམ་པར་བསྒོམས་ནས་རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་པ། རང་གི་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀར་རིན་པོ་ཆེའི་སྟེང་དུ་ཏིང་ངེ་འཛིན ་ཞེས་བརྗོད་བ། སྭཱ་ཡིག་རྣམ་པར་བསམས་ནས། དེ་ལ་འོད་ཟེར་སེར་པོ་ལྕགས་ཀྱུའོ་རྣམ་པའི་ཚོགས་ཀྱིས་བསྒྲུབ་བྱ་བཀུག་ལ་དེ་ཉིད་དུ་གཞགས་པར་བྱ་སྟེ། དེའི་རྗེས་སུ་ཏིང་ངེ་འཛིན་སེམས་དཔའ་ལས་བྱུང་བའི་མཱ་མ་ཀཱི་དང་སྙོམས་པར་འཇུག་པའི་རིན་ཆེན་འབྱུང་ལྡན ་གྱི་ཚོགས་ཀྱིས་ནམ་མཁའ་ཁེབས་ཤིང་ཁྱབ་པར་བསྒོམ་པར་བྱའོ། །དེ་ནས་ཐམས་ཅད་སྙོམས་པར་ཞུགས་པས་འོད་ཟེར་སེར་པོ་སྙིང་པོར་གྱུར་པས་གཅིག་པ་ཅན་དུ་བྱས་ནས་ཡང་དག་པར་བསྡུས་པའི་བྱང་ཆུབ་ཀྱི་སེམས་འདི་བསྒྲུབ་པར་བྱ་བའི་ལུས་ལ་དབབ་པར་བྱའོ།། ་དེ་ནས་ཏིང་འཛིན་སེམས་དཔའ་ལས་ཕྱུང་བའི་བསྒྲུབ་པར་བྱ་བ་སྡིག་པ་དང་བྲལ་བ་མདུན་དུ་རིན་པོ་ཆེའི་དཀྱིལ་འཁོར་ལ་བཞག་ནས་རིན་ཆེན་འབྱུང་ལྡན་གྱི་སྤྲིན་རྣམས་སྔར་གྱི་འོད་ཟེར་གྱི་གཟུགས་ཀྱི་རྣལ་འབྱོར་བ་རང་གི་སྤྱི་བོའི་བུ་གར་རབ་ཏུ་བཅུག་ནས་རང ་གི་རྡོ་རྗེ་བུ་ག་ནས་འབྱུང་བར་བྱའོ། །ཇི་ལྟར་ཞེ་ན་རིན་ཆེན་འབྱུང་ལྡན་གྱི་ཚོགས་དེ་རྣམས་ཀྱིས་སླར་ཡང་ནམ་མཁའ་གཡོག་པར་བྱའོ། །དེའི་དུས་སུ་དེའི་མདུན་དུ་འདུག་བ་ལ་རང་གི་ཕྱག་རྒྱ་དང་སྙོམས་པར་ཞུགས་པའི་རིན་པོ་ཆེའི་སྤྲིན་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན ་རྣམས་ཀྱིས་སྔར་བཞིན་དུ་དབང་བསྐུར་བ་སྦྱིན་པར་བྱའོ། །འདིས་དགང་དཀའ་བ་རྒྱས་པར་འགྱུར་རོ། །དེ་བཞིན་དུ་མེའི་དཀྱིལ་འཁོར་ལ་སྣང་བ་མཛའ་ཡས་སུ་ལྷག་པར་མོས་པའི་རྣལ་འབྱོར་བ་རང་གི་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀར་པདྨ་དམར་པོའི་སྟེང་དུ་ཏིང་ངེ་འཛིན ་སེམས་དཔའ་ཨ(རྒྱུད་འགྲེལ་ཡས་ཀྱི་ཚོགས་རྣམས་ཀྱི་ནམ་མཁའ་ཁེབས་ཤིང་ཁྱབ་བ་བསྒོམ་པར་བྱའོ། །དེ་ནས་ཐམས་ཅད་སྙམས་པར་ཞུགས་པ་ལས་འོད་ཟེར་དམར་པོའི་སྙིང་པོར་གྱུར་བས་གཅིག་པ་ཅན་དུ་བྱས་ནས་ཡང་དག་པར་བསྡུས་པའི་བྱང་ཆུབ་ཀྱི་སེམས་འདི་བསྒྲུབ་པར་བྱ་བའི ་ལུས་ལ་དབབ་པར་བྱའོ། །དེ་ནས་ཏིང་འཛིན་སེམས་དཔའ་ལས་ཕྱུང་བའི་བསྒྲུབ་བྱ་སྡིག་པ་མེད་པ་མདུན་དུ་པདྨའི་དཀྱིལ་འཁོར་ལ་གཞག་ནས་སྣང་བ་མཛའ་ཡས་ཀྱི་སྤྲིན་རྣམས་སྔར་གྱི་འོད་ཟེར་གྱི་གཟུགས་ཀྱི་རྣལ་འབྱོར་བ་རང་གི་སྤྱི་བོར་རབ་ཏུ་བཅུག་ནས་རང་གི ་རྡོ་རྗེའི་བུ་ག་ནས་དབྱུང་བར་བྱའོ། །སྣང་བ་མཛའ་ཡས་ཀྱིས་ཚོགས་ཀྱིས་ནམ་མཁའ་ཁྱབ་པར་གཡོག་པར་བྱའོ། །དེའི་དུས་སུ་དེའི་མདུན་དུ་འདུག་པ་ལ། རང་གི་ཕྱག་རྒྱ་དང་སྙོམས་པར་བཞུགས་པའི་སྣང་བ་མཛའ་ཡས་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་གྱིས་སྔར་བཞིན ་དུ་དབང་བསྐུར་བ་སྦྱིན་པར་བྱའོ། །དབང་དུ་བྱ་བའི་དོན་གྱི་ཚིག་གོ། དེ་བཞིན་དུ་དོན་ཡོད་གྲུབ་པའི་ཕྱག་རྒྱ་ཆེན་པོ་བསམས་ནས་དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་རྣམ་པར་བསམ་ཞིང། དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་ཀྱི་ནོར་དང་དབང་དུ་བྱ་བར ་འདོད་པའི་སྐྱེ་བོ་ཐམས་ཅད་བཀུག་ནས་དེ་ཉིད་དུ་གཞུག་པར་བྱའོ། །དེའི་རྗེས་སུ་ཏིང་ངེ་འཛིན་སེམས་དཔའ་ལས་འཕྲོས་པའི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་དང་བྱམས་པ་ལ་སོགས་པ་རྣམས་ཀྱིས། རང་གི་ཕྱག་རྒྱ་དང་ལྷན་ཅིག་པ་རྣམས་ཀྱིས་ནམ ་མཁའ་བཀང་བར་བསམས་ནས་དེ་བཞིན་གཤེགས་པ་ལྔ་པོ་དེ་རྣམས་ཁ་དོག་གི་དབྱེ་བས་རྣམ་པ་ལྔའི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་ཞུགས་པ་རྣམས་བསྒྲུབ་པར་བྱ་བའི་ལུས་ལ་དབབ་བར་བྱའོ། །སྔར་བཞིན་དུ་མདུན་ན་འདུག་པ་ལ་དགའ་བའི་ཐུགས ་ཅན་གྱི་སངས་རྒྱས་ལྔ་དང་བྱང་ཆུབ་སེམས་དཔའ་རྣམས་རང་གི་ཕྱག་རྒྱ་དང་སྙོམས་པར་ཞུགས་པས་དབང་བསྐུར་བ་རབ་ཏུ་རྩེལ་བར་བྱེད་དོ། །རྣམ་པ་དེ་ལྟ་བུས་བསྒྲུབ་པར་བྱ་བ་རིང་པོར་མི་ཐོགས་པ་ཉིད་དུ་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་ཡིད་དུ་འོང་ཞིང་འཇམ་དཔལ་དང་མཚུངས་པར་འགྱུར་རོ། །དེ་ནས་ཅིར་འགྱུར་ཞེ་ན། འགྲོ་བ་ཐམས་ཅད་བལྟས་པ་དང། སྐྱེད་པ་རབ་ཐོབ་པ་སྟེ་བལྟས་ཙམ་ཉིད་ཀྱིས་དབང་དུ་བྱེད་པར་འགྱུར་རོ། །འདི་ནི་སྐྱེ་བོ་ཐམས་ཅད་དབང་དུ་བྱ་བའི་དོན་གྱི ་ཚིག་གོ་།འདིར་ནི་གཞུང་རྒྱས་པས་འཇིགས་པའི་ཕྱིར་དང། བྱེད་དཀའ་བ་ཉིད་ཀྱི་ཕྱིར་རྒྱུད་ལས་ཕྱུང་ནས་མ་བརྗོད་དོ། །མངོན་སྤྱོད་ཀྱི་ལས་ལ་སོགས་པ་ཅན་ནི། ཞི་བར་བྱེད་ལ་སོགས་པ་དེ་ཉིད་ཀྱི་དབང་དུ་བྱས་པའོ། །ཕྱིར་བཟློག་གི་དེ་ཉིད་བརྗོད་པར་བྱ་སྟེ་གཙུག ་ཏོར་འཁོར་ལོས་སྒྱུར་བའི་རྣལ་འབྱོར་དང་ལྡན་པས། གནོད་མཛེས་ལ་བཀའ་བསྒོ་བར་བྱས་པས་འཁྲུལ་འཁོར་དང་གསང་སྔགས་ལ་སོགས་པ་རབ་ཏུ་སྦྱོར་བར་བྱེད་པ་རྣམས་བཀུག་ནས་ཕུར་བུས་གདབ་པར་བྱའོ། །ཞེས་པ་བསྒོམས་པས་ཕྱིར་བཟློག་པའོ། ། ་འཁོར་ལོ་བསྐོར་བ་ནི་ཕྲེང་བའི་སྔགས་ཐུན་གསུམ་དུ་ལན་བདུན་རྣམས་བཟླས་པར་བྱའོ། །ཁྲོ་བོ་ལྡན་ཞེས་པ་བཟླས་ཏེ་ཕྱིར་བཟློག་པའོ། །གཞན་ཡང་དེའི་ཕྲེང་བའི་སྔགས་སྐྱེས་ཀྱི་འདབ་མ་ལ་སོགས་པ་ལ། གི་ཧ་གིས་ཡང་དག་པར་བྲིས་ཏེ། ་ལུས་ལ་བཅངས་པར་བྱའོ། །ཞེས་པ་བྲིས་ཏེ་ཕྱིར་བཟློག་པའོ། །དེ་ལ་འདི་ནི་གཙུག་ཏོར་འཁོར་ལོས་སྒྱུར་བའི་ཕྲེང་བའི་སྔགས་སོ། །ོཾ་ཨུཥིཎཱི་ཥཱ་ཙཀྲ་ཝིརྟ་བྷྲུཾ་བྷྲུཾ་བྷྲུཾ་སརྦ་ལོ་ཀི་ཀ་ལོ་ཀོཏྟ་རཱ་ཎི་ཡནྟ་མནྟ། ཏནྟ། བིཙུརྣཎ་པྲ་ཡོ་ག་ཨཱ་དཱི་ནཱི། ཡེ་ན་ཀེ་ན། ཅིན་མ་མ་ཀྲི ་ཏེ་ཀྲཱི་ཏཱ་ནི། ཀཱ་རི་ཏཱ་མེ་ཝཱ་སྭ་ཡི་མེ་ཝ། བྷུ་ཏཱ་ནཱི་བཱ། ཝ་ཏ་ཏོ། ཝ་པིཏྟ་ཏ?་ཝ། ཤལཥྨ་ཏོ། །ཝ་སིནྣ་པ་ཏ་ཏོ་བཱ་ཏ་ནི། སརྦ་ཎི། ཙྪིནད་ཙྪིནད། བྷིནད་བྷིནད། ཀམཔ་ཀམཔ། དྷུ་ན་དྷུ་ན། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། མ་ཐ་མ་ཐ། བིདྷཝཾ་ས་ཨ་བི་དྷཝཾ་ས་ཡ། སརྦབ ་དུཥྚཾ་ནེ་ཀ་ཤ་ཏ་ས་ཧ་སྲ་དྷེ། བི་ཙཱུརྞྞཱ་ཡ་བི་ཙཱུཎྞཱ་ཡ། བྷྲུཾ་བྷྲུཾ་བྷྲུཾ། ཨོཾ་ཨུཥྞཱི་ཥ་ཙཀྲ། ཝརྟི་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། དེ་ལྟ་བུ་ནི་བྱས་པ་དེའི་འབྲས་བུ་ཕྱིན་ཅི་ལོག་ཁོ་ནར་འགྱུར་རོ། །དོན་ཕྱིར་ལོག་པ་ཅན་ནོ་ཞེས་པས་ཕྱིར་བཟློག་གི་དེ་ཁོ་ན་ཉིད་ཀྱི་དབང་དུ་བྱས་པའོ། །དེ་ནས་འདི ་དག་དེ་ཁོ་ན་ཉིད་དང་བྲལ་བས་བསྒྲུབ་པར་བྱ་བ་མ་ཡིན་པས། དེའི་འོག་ཏུ་དེ་ལ་འཇུག་པར་བྱ་སྟེ། དེ་ཁོ་ན་ཉིད་ནི་བྱང་ཆུབ་ཀྱི་སེམས་གདོད་མ་ནས་མ་སྐྱེས་པའི་ཞི་བ་སྟེ། གསང་བ་འདུས་པའི་རྒྱུད་ཕྱི་མར་ཡང་གསུངས་པ། ཐག་མ་ཐ་མ་མེད་ཞི་བ། །དངོས་དང་དངོས་མིང་ཟད ་བའི་གཙོ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་བྱ་བར་དྲན། །འདི་རྣམས་ཀྱང་ལུས་ལ་སོགས་པ་རྣམས་པར་དབེན་པ་དང་བྲལ་བས་བསྒྲུབ་པར་བྱ་བ་མ་ཡིན་ནོ། །ཞེས་པས་དེ་གསུངས་པ། སྒྲུབ་པ་པོ་སྟོང་པ་ཉིད་དུ་ལྷག་པར་མོས་པས་ཐ་མལ་པ་བསལ་ནས ་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་གཟུགས་དཀར་པོ་ཕྱག་གཉིས་པ་ཞེས་བྱ་བ་ལ་སོགས་པ་རྣམས་ནས་དེ་ལྟར་རྣལ་འབྱོར་བཞི་བྱེད་རྣལ་འབྱོར་པ། ཧཱུཾ་ཡིག་སྙིང་པོར་འཇིག་རྟེན་རབ་ཏུ་བསྒོམ། །དེ་བྱུང་འགྲོ་ཀུན་རྡོ་རྗེ་སེམས་དཔར་བསམ། །ལངས་ནས་གང་གཉིས་ཇི ་བཞིན་སྤྱོད་པར་བྱ། ཞེས་པའི་མཐར་ཐུག་པས་སོ། །སྔགས་ཀྱི་བདག་ཉིད་ཀྱི་རྡོ་རྗེ་འཆང་གི་སྐུ་ནི་གང་ཞིག་རང་བཞིན་མེད་པའི་རང་བཞིན་ཉིད་ཀྱིས་ཡོངས་སུ་ཤེས་པ་ལས་བརྫུན་པ་ཉིད་དུ་ཉེ་བར་དམིགས་པ་དེ་ལུས་རྣམ་པར་དབེན་པའོ། །གཞན་ཡང་གང་ཞིག་ལུས ་ནི་རིགས་བརྒྱའི་རབ་ཏུ་དབྱེ་བས་བརྫུན་པ་ཉིད་དེ། རིགས་ནི་རྣམ་པར་རྒྱར་གསུངས་པ། ཞེས་རྟོགས་ཤིང་ཀུན་ཏུ་བལྟས་ནས་ཐ་སྙད་བྱེད་པ་ཉིད་ཀྱི་ས་དང་གཞོན་ནུ་དང། ལང་ཚོ་དང། རྒན་པའི་གནས་སྐབས་ཀྱི་རང་བཞིན་ཉེ་བར་དམིགས་པ་མེད་པ་དེའི་ཕྱིར་བརྫུན་པ་ཉིད་དུ ་རྟོགས་པ་དང་ལྷག་པར་རྟོགས་པ་དག་ལས་ཁམས་གསུམ་དུ་གནས་པའི་ལུས་ནི་བརྫུན་པ་ཉིད་དེ་ལུས་རྣམ་པར་དབེན་པའོ། །ཆུའི་མཐིལ་གྱི་ནང་དུ་སོང་བའི་ལུས་ཇི་ལྟ་བ་བཞིན་ནོ། །ཞེས་སོ། །ཧཱུཾ་ཡིག་སྙིང་པོར་ཞེས་པ་ནི་ཡི་གེ་གསུམ་ལས་ཡང་དག་པར་བྱུང་བ་ཉིད་ཀྱི ་ཕྱིར་རོ། །ལུས་ནི་བརྫུན་པ་ཉིད་དུ་ཤེས་ནས་དེའི་རྒྱུའི་ཡི་གེ་གསུམ་ཡང་བརྫུན་པ་ཉིད་དུ་བརྗོད་དོ། །དེ་ཡང་རླུང་གི་དེ་ཉིད་སྔོན་དུ་སོང་བ་དང་བྲལ་བས་མ་ཡིན་ནོ། །ཞེས་པས་དེ་དག་གསུངས་པ། རླུང་གི་དེ་ཉིད་ནི་སྲོག་སྟེ། དེ་ནི་སྣའི་བུ་ག་དག ་ནས་དཀྱིལ་འཁོར་བཞིའི་རིམ་གྱིས་འཇུག་པ་དང་གནས་པ་དང་ལྡང་བ་རྣམས་ཀྱི་ཁྲི་ཕྲག་གཉིས་དང། བརྒྱ་ཕྲག་བཅུ་དྲུག་ཏུ་འགྱུར་ཏེ། འཇུག་པ་ལ་སོགས་པ་དེ་རྣམས་སུ་ཨོཾ་ཨཱ:ཧཱུཾ་ཞེས་པའི་བརྡར་འགྱུར་བ་ཅན་གྱི་བཟླས་པའོ། །དེ་བསྒོམ་པར་བྱེད་པས་སྣའི་རྩེ་མོར ་ཡུངས་ཀར་བསམ། འགྲོ་དང་མི་འགྲོ་ཡུངས་ཀར་ལ། ཞེས་བྱ་བ་ལ་སོགས་པས་མཆོག་ཏུ་མཐར་ཐུག་པར་གྱུར་པས། རླུང་ཐམས་ཅད་འགག་སྟེ་བརྫུན་པ་ཉིད་དུ་གྱུར་བའི་ངག་ནི་ངག་རྣམ་པར་དབེན་པ་སྟེ། སྒྲ་བརྙན་ཇི་ལྟ་བ་བཞིན་ནོ། །འདི་རིམ་པ་ཉིད་ཀྱིས་རླུང་འགགས་པ ་ལས་གཟུང་བྱ་དང་འཛིན་པ་པོ་དང། འཛིན་པའི་རང་བཞིན་གྱི་སེམས་དང་དེའི་བྱ་བ་དྲུག་ཅུ་ལྷག་པའི་བརྒྱའི་རང་བཞིན་ཡང་འདོད་ཆགས་དང་བྲལ་བ་དང། འདོད་ཆགས་དང་འདོད་ཆགས་པར་མ་ལ་སོགས་པ་བརྫུན་པ་ཉིད་ནི་སེམས་རྣམ་པར་དབེན་པ་སྟེ། ཇི་ལྟར་རྨི་ལམ་གྱི་སེམས་བཞིན་ནོ། ་དེ་བཞིན་དུ་གཉིས་པ་རྡོ་རྗེའི་བཟླས་པའི་རིམ་པས་ངག་དང་སེམས་དངོས་པོ་མེད་པའི་རང་བཞིན་ཡོངས་སུ་ཤེས་ནས་ལྟ་བ་དྲུག་ཅུ་རྩ་གཉིས་དང་ཉོན་མོངས་པ་དགུ་བཅུ་རྩ་བརྒྱད་ཀྱང་དེ་ཁོ་ནའི་རང་བཞིན་དུ་འགྱུར་རོ། །འོད་གསལ་དུ་རབ་ཏུ་ཞུགས་ནས་ཅིས་སློང་བར་བྱེད་ཅེ་ན། ཟུང་འཇུག་གི ་རིམ་པས་འཁོར་བ་མ་ཡིན་པའི་དམ་པའི་བདེ་བ་ཉམས་སུ་མྱོང་སྟེ་ཕྱིར་ལྡོག་པ་མེད་པར་འགྱུར་རོ། །ཐར་པའི་དོན་ཅི་གྲོལ་བར་ག་ལ་འགྱུར་ཞེས་དྲིས་པ། རྡོ་རྗེ་ཐེག་པ་འདིར་བསྐྱེད་པའི་རིམ་པ་མངོན་དུ་བྱས་པས་ས་བརྒྱད་པ་ཐོབ་ནས་ཇི་སྲིད་རྫོགས་པའི་རིམ་པ་ཐོབ་པ་དེ་སྲིད་དུ་བཤེས་གཉེན་ལ ་བརྟེན་པར་བྱའོ། །ལུས་དང་ངག་དང་སེམས་རྣམ་པར་དབེན་པ་ཐོབ་པས་ཀྱང་ས་བཅུ་ཐོབ་ཅིང། སྒྱུ་མ་ལྟ་བུ་ཐོབ་སྟེ་དེ་ལྷག་པར་རྟོགས་ཤིང་འོད་གསལ་བས་རྣམ་པར་དག་གོ་།སྣང་བ་མེད་པ་ལས་ལྡང་བའི་དོན་དུ་ཟུང་དུ་འཇུག་པའི་རིམ་པས་སངས་རྒྱས་ཀྱི་སྐུ་མངོན་དུ་བྱས་ནས། རྡོ་རྗེ་ལྟ་བུའི་ཏིང་ངེ ་འཛིན་གྱིས། ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པར་བཞུགས་སོ། །སྒྲུབ་ཐབས་མདོར་བྱས་ཀྱི་དཀའ་འགྲེལ། །པཎྜི་ཏ་བི་བྷུ་ཏི་ཙནྡྲས་མཛད་པ་རྫོགས་སོ།། །།ཤཱཀྱའི་དགེ་སློང་རིན་ཆེན་གྲུབ་ཀྱིས། དཔའ་བོའི་ལོ་མགོ་ཅན་གྱི་ཟླ་བའི་ཚེས་བཅུ་དགུ་ལ་རྒྱ་དཔེ་ལ་བལྟས་ནས། ་དཔལ་རི་ཕུག་གི་དབེན་གནས་སུ་བསྒྱུར་བའོ།། །།རིམ་པ་ལྔའི་དོན་གསལ་བར་བྱེད་པ་བཞུགས།། །།རྒྱ་གར་སྐད་དུ། པཉྩ་ཀྲ་མ་ཨརྠ་བྷཱ་སྐར་ཎ་ནཱ་མ། བོད་སྐད་དུ། རིམ་པ་ལྔའི་དོན་གསལ་བར་བྱེད་པ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་སེམས ་