CLOSE WINDOW

N1494: rim pa lnga pa'i dka' 'grel don gsal ba zhes bya ba
Wyliee-texts based on the ACIP/ALL Input

མཁན་པོ་ཀྲིཥྞ་པཎྚི་ཏ་དང། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རིམ་པ་ལྔ་པའི་དགའ་འགྲེལ་དོན་གསལ་བཞུགས།། །།རྒྱ་གར་སྐད་དུ། པཉྩ་ཀྲམ་པཉྫི ་ཀཱ་པྲ་བྷ་ས་ཨརྠ་ནཱ་མ། བོད་སྐད་དུ། རིམ་པ་ལྔ་པའི་དཀའ་འགྲེལ་དོན་གསལ་བ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྒྱལ་བ་ཀུན་གྱི་གཙོ། །རྡོ་རྗེ་སེམས་དཔའ་མགོས་བཏུད་དེ། །རིམ་པ་ལྔ་ཡི ་དཀའ་འགྲེལ་ནི། །དོན་གསལ་བ་འདི་བདག་གིས་དབྱེ། །འཕགས་པ་ཡིས་ནི་མཛད་པའི་གཞུང། །ཟབ་མོའི་དོན་ལ་བདག་བློ་ཡིས། །གོ་སྐབས་དག་ནི་མེད་མོད་ཀྱི། །འདིར་ནི་གཞན་གྱི་གསོལ་བཏབ་བྱས། །ཉན་པའི་དབྱེ་བ་རྣམ ་གཉིས་ཏེ། །མགོ་སྨོས་སྤྲོས་པས་གོ་བའོ། །ཕྱི་མ་རྗེས་སུ་གཟུང་བའི་ཕྱིར། །བདག་གིས་དཀའ་འགྲེལ་བརྩམ་པར་བྱ། །བླ་མའི་མན་ངག་མ་ཐོབ་པར། །གང་ཞིག་ཆད་པར་འདོད་པ་ནི། །བསྟན་བཅོས་མང་ལ་བློ་སྦྱངས་ཀྱང། །དེ་འདིར ་ཡང་ནི་རྨོངས་འགྱུར་ཏེ། །དེ་བས་གསང་བ་ལ་མཁས་པའི། །བླ་མའི་མན་ངག་ཐོབ་བྱ་སྟེ། །གང་ཟག་གཞན་ལ་ཕན་བྱའི་ཕྱིར། །འདིར་ནི་ཅི་བཞིན་ནུས་པས་བྱ། །འདིར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསྟན ་བཅོས་མཛའ་དག་ཐུགས་སུ་ཆུད་པས་ལེགས་པར་སྦྱངས་པ། །ཀུ་ཤའི་རྩེ་མོ་ལྟ་བུའི་བློ་མངའ་བའི་སློབ་དཔོན་ཕྱོགས་གཉིས་ངེས་པར་སྤངས་པས་དོན་དམ་པ་ཇི་ལྟ་བ་བཞིན་མཁྱེན་པའི་ཡུལ་དུ་གྱུར་པ། བདེ་བར་གཤེགས ་པའི་བསྟན་པ་བསྲུང་བར་མཛད་པའི་ཐུགས་ཀྱི་རྒྱུད་མངའ་བ། །སྙིང་རྗེ་བླ་ན་མེད་པས་ཕ་རོལ་ལ་ཕན་པར་མཛད་པའི་དགོངས་པ་ཅན། སྙིགས་མ་ལྔས་འཕངས་པའི་ཉོན་མོངས་པ་དུ་མ་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་དང། ཕྲག ་དོག་དང། སེར་སྣ་ལ་སོགས་པའི་ཉེས་པས་ཡིད་བཅོམ་པའི་འཇིག་རྟེན་གྱི་འགྲོ་བ་ལ་གཟིགས་ནས། གདུལ་བྱ་དེ་དག་གི་དོན་དུ་རང་དང་པའི་ལྷ་ལ་ཕྱག་འཚལ་བ་སྔོན་དུ་སོང་བས། མདོར་བསྡུས་པའི་རིམ་པ་ལྔ་གསུངས་པ་ཡིན་ཏེ། ་འདིར་ཡང་བརྗོད་པར་བྱ་བ་ལ་སོགས་པ་གསུམ་མེད་ན། ཆོས་ཀྱི་རྗེས་སུ་འབྲང་བའི་གང་ཟག་རྣམས་འཇུག་པར་མི་འགྱུར་ཏེ། འདི་ལྟར་རེ་ཞིག་དེ་ཉིད་བསྟན་པར་བྱ་ན། འདིར་རྫོགས་པའི་རིམ་པ་ནི་བརྗོད་པར་བྱའོ། །སེམས་ཅན་ཐམས ་ཅད་ལམ་དམ་པ་ལ་དགོངས་པ་ནི་དགོས་པའོ། །ཕྱག་རྒྱ་ཆེན་པོ་གྲུབ་ཅིང་སེམས་ཅན་གྱི་དོན་ལ་འཁོར་བའི་སྲིད་དུ་གནས་པ་ནི་དགོས་པའི་ཡང་དགོས་པའོ། །དེ་ལྟར་བརྗོད་པར་བྱ་བ་ལ་སོགས་པ་བསྙད་ནས། བསྟན་བཅོས་ཀྱི་ལུས ་དང། བཤད་པའི་རིམ་པ་ཡང་རྣམ་པར་བཞག་པར་བྱ་སྟེ། གསང་སྔགས་སྐུ་ནི་རབ་སྒྲུབ་པ། །བསྐྱེད་པའི་རིམ་པ་དང་པོ་ཡིན། །སེམས་ལ་དམིགས་པ་ཙམ་ཞིག་ནི། །རིམ་པ་གཉིས་པ་ཞེས་བྱའོ། །ཀུན་རྫོབ་བདེན་པ་མཐོང་བ་ཡིན ་ཡིད་འོང་རིམ་པ་གསུམ་པའོ། །ཀུན་རྫོབ་བདེན་པ་དག་པ་ནི། །རིམ་པར་བཞི་པར་བརྗོད་པ་ཡིན། །གང་ཞིག་བདེན་གཉིས་སྦྱོར་བ་ནི། །ཟུང་འཇུག་ཅེས་བྱ་རིམ་པ་ལྔ། །སྒྲུབ་པའི་ལུས་ནི་ཕུལ་དུ་བྱུང། །བསྟན་བཅོས་ཀུན་གྱི་དོན་བསྡུས་པའོ།། ་གཞན་ཡང་དཔལ་གསང་བ་འདུས་པའི་ཡན་ལག་ཉིད་ཡིན་པས་ན། མཛའ་དྲུག་གི་རྗེས་སུ་འབྲངས་ཤིང། བཤད་པ་བཞིའི་རིམ་པས་ཀྱང། །གཞུང་རྣམ་པར་བཤད་པར་བྱ་སྟེ། འདི་དག་གི་མཚན་ཉིད་ནི་མ་བརྗོད་དེ་གཞུང་མངས ་ཀྱི་དོགས་པའི་ཕྱིར་རོ། །དེ་ལྟར་བསྟན་བཅོས་ཀྱི་ལུས་རྣམ་པར་བཀོད་ནས། ད་ནི་ཕྱག་འཚལ་བའི་ཚིགས་སུ་བཅད་པ་ནས་བརྩམས་ཏེ། ཚིག་རེ་རེ་ནས་རྣམ་པར་བཤད་པར་བྱའོ། །སངས་རྒྱས་ཀུན་བདག་ཅིས་བྱ་བ་ལ་སོགས ་པ་ལ་།དཔལ་ལྡན་བདེ་ཆེན་ལ་བཏུད་ནས། རྡོ་རྗེ་བཟླས་པའི་རིམ་བཤད་བྱ། །ཞེས་བྱ་བར་སྦྱོར་རོ། །དཔལ་ལྡན་བདེ་ཆེན་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དུས་ཐམས་ཅད་པ་བར་ཆད་མེད་པ། མཉམ་པ་མེད་པའི་བདེ་བ་སྐུ་ཉམས་སུ་བསྟར་པའི་ཕྱིར་རོ།། ་གང་གི་ཕྱིར་འདིར་བཅོམ་ལྡན་འདས་ཀྱི་སྐུ་ཡང་རྣམ་པ་གཉིས་ཏེ། ཡེ་ཤེས་ཀྱི་མཚན་ཉིད་ཅན་དང་ལོངས་སྤྱོད་རྫོགས་པའི་མཚན་ཉིད་ཅན་ནོ། །དེ་ལ་ཡེ་ཤེས་ཀྱི་མཚན་ཉིད་ཅན་ནི་ཡེ་ཤེས་རྣམ་པ་ལྔའི ་སྐུས་སངས་རྒྱས་ཐམས་ཅད་དེ། མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་བསྐྱེད་པར་བྱེད་མཛད་པས་ན། ཡིད་ཀུན་ལ་ཁྱབ་པ་སྟེ། སངས་རྒྱས་ཀུན་གྱི་བདག་ཉིད་དོ། །ལོངས་སྤྱོད་རྫོགས་པའི་མཚན་ཉིད་ནི། །གང་སྐྱེས ་བུ་ཆེན་པོའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་ཅིང་སེམས་ཅན་ཐམས་ཅད་ལམ་ལ་རབ་ཏུ་དགོད་པར་མཛད་པའི་ཕྱིར་རོ། །མགོན་པོ་སྐྱོབ་པར་གྱུར་པ་སྟེ། སྐྱབས་སུ་འོས་ཞེས་བྱའི་བར་དུའོ། །དེ་ལྟར་ཚིགས ་རྣམ་པ་གཉིས་ཀྱིས་གོ་རིམ་ཅི་ལྟ་བ་བཞིན་ཟབ་པ་དང། རྒྱ་ཆེ་བའི་བདག་ཉིད་ཅན་བཅོམ་ལྡན་འདས་ཀྱི་སྐུ་ལ་ཕྱག་བྱས་ནས་ཅི་ཞིག་བྱ་ཞེ་ན། རྡོ་རྗེ་བཟླས་པའི་རིམ་བཤད་བྱ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་བཟླས་པ་ནི་འོག་ནས ་འཆད་པའི་རིམ་པའི་མཚན་ཉིད་ཀྱི་ཚུལ་ཏེ། རྡོ་རྗེ་བཟླས་པའི་རིམ་པ་དེ་བཤད་པར་བྱ་ཞེས་བྱ་བའི་ཐ་ཚིག་གོ་།གང་ལས་ཤེ་ན་རྣལ་འབྱོར་རྒྱུད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་རྣལ་འབྱོར་ཅེས་བྱ་བ་ནི་སེམས་ཀྱི་ཏིང་ངེ་འཛིན་ཏེ། དེ ་གཙོ་བོར་གྱུར་པའི་རྒྱུད་ནི་རྣལ་འབྱོར་གྱི་རྒྱུད་དོ། །དེའི་རྗེས་སུ་འབྲངས་ནས་ཞེས་བྱ་བ་ནི་བསྟེན་ནས་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་རྣལ་འབྱོར་གྱི་རྒྱུད་ཀྱི་རྗེས་སུ་འབྲངས་ནས། འདི་ལྟར་ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པ་དང་ལྡན་པའི ་བཅོམ་ལྡན་འདས་ལ་ཕྱག་བྱས་ནས། དེ་མ་ཐག་ཏུ་ཚིགས་སུ་བཅད་པ་གཉིས་ཀྱིས་རིམ་པ་ལ་འཇུག་པའི་བསླབ་པ་དང། རིན་པོ་ཆེའི་སྐུད་པ་ལྟར་ཁྱབ་པའི་རིམ་པ་ཇི་ལྟ་བ་བསྟན་པ་གསུངས་ཏེ། བསྐྱེད་པའི་རིམ་པ་ཞེས་བྱ་བ་ལ་སོགས་པ་ལ། ་གང་འདི་ལས་དང་པོ་པའི་སྟེ། བསྐྱེད་པའི་རིམ་པས་སློབ་བཞིན་པ། རྫོགས་པའི་རིམ་པ་མངོན་པར་འདོད་པ་དེ་རྣམས་ལ་བཅོམ་ལྡན་འདས་ཐུགས་རྗེའི་ཕ་རོལ་ཏུ་ཕྱིན་བས་རིམ་པ་ལྔ་པའི་མཚན་ཉིད། ཐབས་དེ་ཐོབ་པར་བྱེད་པའི་རྒྱུ་སྐས་ཀྱི་རིམ ་པ་ལྟ་བུ་གསལ་བར་བྱས་ཏེ། ཇི་ལྟར་ཁང་བཟང་ལ་འཛེག་པའི་ཕྱིར་སྐས་ཀྱི་རིམ་པའི་རྒྱུར་གྱུར་བ་དེ་བཞིན་དུ། མངོན་པར་འདོད་པའི་གོ་འཕང་ཐོབ་པའི་དོན་དུ་རིམ་པ་འདི་མཁས་པས་ཤེས་པར་བྱའོ། །སྲོག་ཅེས་བྱ་བ་ལ་སོགས་པ་ལ། སྲོག་ཏུ ་གྱུར་པ་ནི་འཛིན་ཅིང་འཚོ་ཞེས་བྱ་བའི་དོན་ཏོ། །གང་ཞེ་ན་རླུང་ཞེས་བྱ་བ་སྟེ་ཀུན་ཏུ་གཡོ་བའོ། །སེམས་ཅན་ནི་ལུས་དང་ལྡན་པ་སྟེ། རླུང་མེད་ན་འགྲོ་བ་དང་འོང་བ་དག་མེད་པའི་ཕྱིར་རོ། །དེ་གཉིས་ཀྱི་བསྐྱོད་པ་དང་ཀུན་ཏུ་གཡོ་བ་ལ་སོགས་པའི ་བྱ་བ་ཐམས་ཅད་བྱེད་པས་ན་ལས་ཀུན་བྱེད་ཅེས་བྱ་བའོ། །རྣམ་ཤེས་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པར་ཤེས་པ་ནི་ཡིད་དེ་དེའི་གཞོན་པ་ནི་ཤིང་རྟ་དང། རྟ་ལ་སྐྱེས་བུ་ཞོན་པ་ལྟ་བུའོ། །འདི་སྐད་གསུངས་ཏེ་རླུང་ཞེས་བྱ་བའི་བཞོན་པ་ལ། རྣམ ་པར་ཤེས་པ་ཞན་ནས་ལས་ཀུན་བྱེད་ཅེས་བྱ་བའི་དོན་ཏོ། །འདི་ལྟར་སྟོན་པར་འགྱུར་ཏེ་རླུང་ནི་སྟོང་པའི་ངོ་བོ་དང། ཤེས་རབ་ཀུན་ཏུ་འདྲིས་གྱུར་ནས། །དབང་པོའི་ལམ་ནས་འབྱུང་འགྱུར་ཏེ། །ཡུལ་ལ་དམིགས་པ་ཞེས་བྱའོ། །འདིར ་ཡང་མདོ་དང་རྒྱས་པའི་དབྱེ་བས་རྣམ་པ་ལྔ་དང་བཅུར་འགྱུར་ཏེ། སྲོག་ཅེས་བྱ་བའི་རླུང་དང་ཐུར་དུ་འབྱིན་པའི་རླུང་དང། མེ་དང་མཉམ་པའི་རླུང་དང། གྱེན་དུ་རྒྱུ་བའི་རླུང་དང། ཁྱབ་བྱེད་ཀྱི་རླུང་ཞེས་བྱ་བ་རྣམ་པ་ལྔའོ། ་གསལ་བར་རྒྱུ་བ་དང། རྣམ་པར་རྒྱུ་བ་དང། ཡང་དག་པར་རྒྱུ་བ་དང། རབ་ཏུ་རྒྱུ་བ་དང། ངེས་པར་རྒྱུ་བ་ཞེས་བྱ་བ་དང། རྣམ་པ་ལྔ་སྟེ། དང་པོ་ལྔ་ནི་ལུས་ཀྱི་བྱ་བ་ལ་རྣམ་པར་ཞེན་པའོ། །ཕྱི་མར་གྱུར་པ་ནི་དབང་པོ་ལྔ་ལ་བརྟེན་ནས ་ཡུལ་འཛིན་པའོ། །དེ་ལ་སྲོག་ཅེས་བྱ་བའི་རླུང་ནི་སྙིང་གར་གནས་པ་མི་བསྐྱོད་པའི་རང་བཞིན་ཏེ། སྲོག་ཅེས་བྱ་བའི་དབུགས་སོ། །ཐུར་དུ་འབྱིན་པའི་རླུང་ནི་སྨད་ཀྱི་བུ་ག་ན་གནས་པ་སྟེ། རིན་པོ་ཆེ་འབྱུང་བའི་རང་བཞིན་དྲི་མ་ལ་སོགས ་པ་འབྱིན་པར་བྱེད་པའོ། །གྱེན་དུ་རྒྱུ་བའི་རླུང་ནི་མགྲིན་པ་ན་གནས་པ་སྟེ། འོད་དཔག་ཏུ་མེད་པའི་རང་བཞིན་གྱེན་དུ་རྒྱུ་ཞེས་རོ་ལ་སོགས་པ་ཡང་ལེན་པར་བྱེད་པའོ། །མཉམ་པའི་རླུང་ནི་ལྟེ་བ་ན་གནས་པ་སྟེ། དོན་ཡོད་གྲུབ ་པའི་རང་བཞིན་རོ་ལ་སོགས་པ་མཉམ་པར་བྱེད་པའོ། །ཁྱབ་བྱེད་ཀྱི་རླུང་ནི་ཚིགས་ཐམས་ཅད་ལ་གནས་པ་སྟེ། རྣམ་པར་སྣང་མཛད་ཀྱི་རང་བཞིན་རོ་ལ་སོགས་པ་ཚིགས་ཐམས་ཅད་དུ་ཁྱབ་པར་བྱེད་པའོ། །གསལ་བར་རྒྱུ་བ ་ནི་གཟུགས་ལ་གནས་པ་སྟེ། ཐོབ་པ་གསལ་བའོ། །རྣམ་པར་རྒྱུ་བ་ནི་སྒྲ་ལ་གནས་པ་སྟེ། ཁྱད་པར་མ་ཐོབ་པའོ། །ཡང་དག་པར་རྒྱུ་བ་ནི་དྲི་ལ་གནས་པ་སྟེ། ཡང་དག་པར་འཐོབ་པའོ། །རབ་ཏུ་རྒྱུ་བ་ནི་རོ་ལ་གནས་པ ་སྟེ། རབ་ཏུ་འཐོབ་པའོ། །ངེས་པར་རྒྱུ་བ་ནི་རེག་བྱ་ལ་གནས་པ་སྟེ། ལུས་པ་མེད་པར་འཐོབ་པའོ། །རླུང་གི་མཚན་ཉིད་ཀྱི་དབྱེ་བ་མདོ་དང་རྒྱས་པ་བསྟན་པ་སྟེ། ཁྱབ་པར་བསྟན་པས་རྣལ་མ་འགོག་པར་མི་འགྱུར་ཞེས ་བྱ་བ་ནས། མདོར་བསྟན་པའི་རྗེས་སུ་འབྲངས་ནས། བསྐྱེད་པའི་རིམ་པ་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་རང་བཞིན་སྟོན་པ་སྟེ། རླུང་གི་དེ་ཉིད་ཅེས་བྱ་བ་ལ་སོགས་པ་ལ། སྔགས་ཀྱི་དེ་ཉིད་ཡང་དག་འཇུག་ཅེས་བྱ་བར་སྦྱར་རོ། །དག་རྣམ་པར་སྤྱོད་པ་ནི ་སྔགས་ཀྱི་དེ་ཁོ་ན་ཉིད་དེ། དེ་ཡང་རླུང་གི་དེ་ཁོ་ན་ཉིད་མེད་ན་འགྲུབ་པར་མི་འགྱུར་རོ། །རླུང་གི་དེ་ཁོ་ན་ཉིད་ཀྱང་ལུས་རྣམ་པར་སྤྱོད་པ་མེད་ན་མེད་པ་སྟེ། དེ་བས་ན་རིམ་པ་ལ་འཇུག་པར་བསླབ་པར་བྱའོ། །གང་འདིར་དང་པོའི་རིམ་པ་སློབ ་པར་འདོད་པ་བདེ་བར་གཤེགས་པའི་ཐེག་པ་ལ་མོས་པས་སློབ་པ་སྟེ་སངས་རྒྱས་ཀྱི་བསྟན་པ་ཞེས་བྱ་བ་འདིས། ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པ་དང་ལྡན་པ་ཁོ་ནའོ། །ཞེས་སངས་རྒྱས་ཀྱི་བསྟན་པ་ལ་དམིགས་ནས། ཏིང་ངེ ་འཛིན་དྲན་པ་རྩེ་གཅིག་པའོ། །དེའི་ཚེ་ལས་དང་པོ་པའི་ཏིང་ངེ་འཛིན་ཐོབ་པ་སྟེ། དེ་ནས་རིགས་ཀྱི་དབྱེ་བས་ལུས་རྣམ་པར་སྤྱོད་པ་ཅན་ནོ། །དེ་ལས་ཡང་ལུས་རྡོ་རྗེའི་ཏིང་ངེ་འཛིན་ལས་ཀྱང། ཨཱ་ལི་དང་ཀཱ་ལིའི་སྒོ་ནས་ངག་གི་རྣམ་པར་དཔྱོད་པ ་ཅན་ནོ། །ངག་རྣམ་པར་སྤྱོད་པ་པ་ཅན་ལས་དབུགས་དབྱུང་རྡུབ་བསྒོམས་པས་ངག་རྡོ་རྗེའི་ཏིང་ངེ་འཛིན་ཐོབ་པ་ཞེས་བྱ་བའི་རིམ་པ་འདིས་སྔགས་ཀྱི་དེ་ཁོ་ན་ཉིད་ལ་འཇུག་པའི་རྣལ་འབྱོར་དུ་བསྟན་ཏོ། །གཞན་ཡང་ལུས་རྣམ་པར་དཔྱད་པ ་ནི། རྫས་སུམ་ཅུ་རྩ་དྲུག་གི་བདག་ཉིད་ཀྱི་ལུས་རྡུལ་ཕྲ་རབ་ཀྱི་བྱེ་བྲག་རྣམ་པར་དཔྱོད་པ་སྟེ། ལུས་སྤྱོད་པ་ཅན་ནོ། །རླུང་གི་དེ་ཁོ་ན་ཉིད་ནི་ཡང་རྩ་བའི་རྒྱུད་ལས་འཆད་པར་ཡང་འགྱུར་ཏེ། སྔགས་ཀྱི་བསྐྱེད་པ་ཞེས་བྱ་བ་ལ་སོགས ་པ་ལ་སྔགས་ནི་དག་རྣམ་པར་དཔྱོད་པའི་མཚན་ཉིད་ཅི་ལྟ་བ་བཞིན་བསྐྱེད་པ་ཁོང་དུ་ཆུད་པ་སྟེ། བླ་མའི་ཞལ་ནས་ངེས་པར་བཟུང་ནས། སྔགས་རང་གི་སེམས་ལ་གཏོང་བར་བྱེད་པ་ཞེས་བྱ་བའི་བར་དུའོ། །གང་གི་ཕྱིར ་གཞན་དུ་སྔགས་ལས་མ་བྱུང་བ་རྡོ་རྗེའི་བཟླས་པ་ནི་ངག་གི་ཡིན་པར་འགྱུར་ཏེ། དེ་བས་སྔོན་དུ་སྔགས་ངེས་པར་གཟུང་བར་བྱའོ། །དེ་ནས་བསྐྱེད་པ་ལ་ཞུགས་ནས་རྡོ་རྗེ་བཟླས་པའི་རྒྱུ་མཚན་ཉིད་བསློབ་བ་སྟེ། དེར་གནས་པ ་ནི་སེམས་ཀྱི་ཏིང་ངེ་འཛིན་ལ་འཇུག་པ་ལས་དང་པོ་པའི་རྣལ་འབྱོར་ཞེས་བྱའོ། །རིམ་པ་དང་པོའི་བཤད་པའོ།། །།གཉིས་པ་སྟོན་ཏེ་སེམས་ཀྱི་དམིགས་པ་ཞེས་བྱ་བ་ལ་སོགས་པ་ལ་སེམས་ཀྱི ་དམིགས་ཞེས་བྱ་བ་ནི་སེམས་དམིགས་པ་སྟེ་ཇི་ལྟར་རིགས་པ་ཡོངས་སུ་ཤེས་ནས་བདག་མེད་པ་མཐོང་བའོ། །དེ་ཡང་དག་རྣམ་པར་དཔྱོད་པ་ལ་གནས་ནས་གང་གི་ཚེ་རང་བཞིན་སྣང་བའི་རིམ་པས་འབྱུང་བ་བཞིའི་དཀྱིལ་འཁོར་ལ་རླུང ་ཀུན་ཏུ་རྒྱུ་བའི་དབྱེ་བ་ལ། སློབ་པ་དེའི་ཚེ་སེམས་ཀྱི་ཏིང་ངེ་འཛིན་ཐོབ་པ་ནི་རིམ་པ་གཉིས་པ་ཞེས་བྱའོ། །གསུམ་པོ་སྟོན་ཏེ་སྒྱུ་མ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཚེ་སྒྱུ་མའི་དཔེ་རྣམ་པ་བཅུ་གཉིས་ཀྱི་ཀུན་རྫོབ་དོན་བདེན་པ ་ལ་འཇུག་པ་དེའི་ཚེ་དེར་གནས་པས་རང་གི་སེམས་ཇི་ལྟར་རིག་པ་ཡོངས་སུ་ཤེས་པས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མངོན་སུམ་དུ་བྱས་ནས་སངས་རྒྱས་ཀྱི་དབང་བསྐུར་བ་ཐོབ་པའོ། །སྒྱུ་མ་དང་སྨིག་རྒྱུ་དང། ཆུ་ཟླ་དང། འཇའ་ཚོན་དང། ་མེ་ལོང་གི་གཟུགས་བརྙན་དང། རྨི་ལམ་དང། མིག་འཕྲུལ་དང། ཆུའི་ཆུ་བུར་དང། མིག་ལ་མེ་བསྐོར་བ་དང། །ནམ་མཁའ་ཨི་མེ་ཏོག་དང་རི་བོང་གི་རྭ་དང་མོ་གཤམ་གྱི་བུ་ཞེས་བྱ་བ་འཁྲུལ་པ་བསྐྱེད་པའི་དཔེ་བཅུ་གཉིས་ཏེ། སྒྱུ ་མ་དང་མཚུངས་པའི་དཔེ་ནི་སྒྱུ་མ་ལྟ་བུའི་དཔེའོ། །ཡབ་རིང་དག་ལ་ཁྱད་པར་ནི་ཅུང་ཟད་ཀྱང་མེད་དེ། འོན་ཀྱང་ནམ་ཞིག་སུ་དག་འཁྲུལ་པའི་གནས་སྐབས་ན་གང་ཡང་རུང་བའི་གཉེན་པོ་བསྒོམ་པ་ལ་སྦྱོར་བ་སྟེ། རང་གི་སེམས་ཀྱི ་སྒྲིབ་པ་དང་བྲལ་ཞིང་ཕུན་སུམ་ཚོགས་པར་བྱེད་པས་ན། རྣམ་པ་བཅུ་གཉིས་སུ་བསྟན་ཏོ། །རིམ་པ་གསུམ་པ་བཤད་པའོ།། །།བཞི་པ་སྟོན་ཏེ། ཡང་དག་མཛའ་ནི་ཞེས་ཞེས་བྱ་བ་ལ་སོགས་པ་ལ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཐོབ་ནས། ་སྟོང་པ་བཅོ་བརྒྱད་ཀྱི་རིམ་པས་དོན་དམ་པའི་བདེན་པ་ལ་འཇུག་པ་སྟེ། དེ་ནས་རིལ་པོ་འཛིན་པ་ལ་རྡུལ་ཕྲ་རབ་ཀྱི་བྱེ་བྲག་གི་ཏིང་ངེ་འཛིན་གྱིས་ཡང་དག་པའི་མཛའ་རབ་ཏུ་འཇུག་པའོ། །རྣམ་པར་སྦྱངས་ཞེས་བྱ་བ་ཡང་དག་པའི་མཛའ་དེ་ཉིད་ཀྱི ་སེམས་དང་སེམས་ལས་བྱུང་བའི་ཕུང་པོ་ཐམས་ཅད་རྣམ་པར་སྦྱངས་ཞེས་བྱ་བའི་ཐ་ཚིག་གོ་།རིམ་པ་བཞི་པའི་བཤད་པའོ།། །།ལྔ་པ་སྟོན་ཏེ། ཡང་དག་མཛའ་ལས་ལངས་ན་ནི། །ཞེས་བྱ་བ་ལ་སོགས་པ་ལ། དེ་ནས ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལས་ལངས་ནས་རང་བཞིན་འོད་གསལ་བའི་བདེན་པ་གཉིས་དབྱེར་མེད་པའི་བདག་ཉིད་དུ་ཁོང་དུ་ཆུད་ནས། རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ལ་རབ་ཏུ་འཇུག་སྟེ་འདི་སྐད་དུ་གཉིས་མེད་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ ་གསུངས་སོ། །གཉིས་སུ་མེད་པའི་ཡེ་ཤེས་ནི་གང་དུ་བཟུང་བ་དང། འཛིན་པར་རྟོག་པ་གཉིས་ཀྱི་མཚན་ཉིད་དམ་ཡོད་པའམ་མེད་པར་རྟོག་པའི་མཚན་ཉིད་དག་ཡོད་པ་མ་ཡིན་པ་དེ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་ཐོབ་ཅེས་བྱ་བ་ནི་ཐ་སྙད ་ཅེས་བྱ་བའི་དོན་སྟེ་དེ་ཁྱད་པར་དུ་བྱེད་པའོ། །ཟུང་འཇུག་ཅེས་བྱ་བ་ལ་སོགས་པ་ལ། གང་གི་ཚེའི་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་དེ་ཁོ་ནར་གཉིས་སུ་མེད་པའི་ཡེ་ཤེས་གནས་པ་དེའི་ཚེ། གང་ལ་ཡང་མི་སློབ་སྟེ། ཡོངས་སུ་རྫོགས་པས་ན་བསླབ ་པའི་ཆོས་ཅི་ཡང་མེད་ཅེས་བྱ་བའི་དོན་ཏེ། འཕོང་གི་སློབ་དཔོན་དགྲ་ལ་རྡེག་པ་ལྟ་བུའོ། །དེ་ལྟར་བསྐྱེད་པའི་རིམ་པ་རྟོགས་པར་གྱུར་ན་ལེགས་པར་སྦྱངས་པ་དང་ལེགས་པར་མ་སྦྱངས་པའི་སློབ་མ་རྗེས་སུ་གཟུང་བའི་ཕྱིར་སྔགས་དང་ལྟ་དང། ་བདག་དང། ཕྱག་རྒྱའི་དེ་ཁོ་ནས་རིམ་པ་ལྔ་གསལ་བར་སྟོན་ཏེ། དེ་ལ་ངག་རྣམ་པར་སྤྱོད་པ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་དེ་རང་གི་དེ་ཁོ་ན་ཉིད་དང་ལྷའི་དེ་ཁོ་ན་ཉིད་ནི་རིམ་པ་གཅིག་གོ་།སེམས་ལ་དམིགས་པ་ནི་བདག་གི་དེ་ཁོ་ན ་ཉིད་གཉིས་པའོ། །བདག་བྱིན་གྱིས་བརླབས་པའི་རིམ་པ་ནི་ཕྱག་རྒྱའི་དེ་ཁོ་ན་ཉིད་དེ་གསུམ་པའོ། །མངོན་པར་རྫོགས་པར་བྱང་ཆུབ་པ་དང། ཟུང་དུ་འཇུག་པ་ཞེས་བྱ་བ་གཉིས་ནི་འབྲས་བུའི་ངོ་བོའོ། །དེ་བས་ན་ལུས་རྣམ་པར་དཔྱོད་པ་མེད ་ན། དགྲ་རྣམ་པར་དཔྱོད་པའི་ཏིང་ངེ་འཛིན་མེད་པའོ། །དེ་མེད་ན་སེམས་རྣམ་པར་དཔྱོད་པ་ཁོང་དུ་ཆུད་པ་མེད་དོ། །དེ་མེད་ན་ཀུན་རྫོབ་ཀྱི་བདེན་པ་ལ་འཇུག་པ་མེད་དོ། །དེ་མེད་ན་དོན་དམ་པའི་བདེན་པ་སྔོན་དུ་བྱ་བ་མེད་དོ། །དེ་ཡང་མེད་ན ་ཟུང་དུ་འཇུག་པའི་རིམ་པ་སྔོན་སུམ་དུ་རྟོགས་པར་བྱེད་མི་ནུས་པའོ། །འདི་ལྟར་རིམ་པ་འདིས་བརླབ་པར་བྱའོ། །རིམ་པ་ལྔ་པའི་བཤད་པ་མདོར་བསྟན་པའོ།། །།ད་ནི་ཚིག་ལེའུར་བྱས་པ་གཉིས་ཀྱི་ཟུང་དུ་འཇུག ་པའི་ཏིང་ངེ་འཛིན་གྱི་ཕན་ཡོན་སྟོན་ཏེ། འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། འདི་ཞེས་བྱ་བ་ནི་བཤད་མ་ཐག་པའི་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ཏེ། རྫོགས་པའི་རྣལ་འབྱོར་ཅེས་བྱ་བཤད་དོ། །གོང་དུ་འགྲོ་བའི་མཐར་ཐུག་པས་ན། དེ་ཉིད ་རྡོ་རྗེ་འཆང་ཆེན་པོའོ། །དེ་དག་དབྱེར་མེད་པའི་ཕྱིར་དེ་ཉིད་ཀྱི་ན། ཟུང་དུ་འཇུག་པའི་ཏིང་ངེ་འཛིན་གྱི་རིམ་པ་ལ་འཇུག་པས་སློབ་བཞིན་པའི་སོ་སོའི་སྐྱེ་བོ་ལ་ཡང་ཐམས་ཅད་མཁྱེན་པ་འབྱུང་སྟེ། སངས་རྒྱས་ཉིད་རབ་ཏུ་འཐོབ་པའོ། །ཅི་ལྟ་བུ་ཞེ་ན ་རྣམ་པ་ཀུན་གྱི་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པ་ཀུན་གྱི་མཆོག་དང་ལྡན་པས་རྣམ་པ་ཀུན་གྱི་མཆོག་ལྡན་ནོ། །ཤེས་བྱའི་ཕུང་པོ་ཐམས་ཅད་ཁྱབ་པར་མཛད་པས་ན། ཐམས་ཅད་མཁྱེན་པས་དེ་ནས་འགྱུར་ཞེས་བྱའོ ་འདིས་ནི་ཤིན་ཏུ་ཕྲ་པའི་ཤེས་བྱའི་སྒྲིབ་པ་ཡང་འཇོམས་པར་སྟན་ཏོ། །ད་ནི་འདི་ཡི་དུས་གསུམ་ཡོངས་སུ་ཤེས་པ་སྟོན་ཏེ། འདས་པ་ཞེས་བྱ་བ་ལ་སོགས་པ་ལ། གང་ཅུང་ཟད་འཇིག་རྟེན་གསུམ་ན་གནས་པ། ད་ལྟར་དང། འདས་པ་དང། མ ་འོངས་པ་དེ་དག་ཐམས་ཅད་དེའི་སྐད་ཅིག་ན་ཡེ་ཤེས་ཀྱིས་མངོན་དུ་བྱེད་པ་ནི་མཐོང་བ་སྟེ། ཤེས་བྱའི་དོན་ཏོ། །གང་གིས་ཤེས་ན། འོད་གསལ་བས་ན་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། འོད་གསལ་བའི་ཡེ་ཤེས་རྣམ་པར་དག་ཅིང་དྲི་མ་མེད ་པ་དེ་ཡིས་སོ། །གང་གི་ཕྱིར་འོད་གསལ་བའི་ཡེ་ཤེས་ལ་གློ་བུར་གྱི་དྲི་མའི་སྒྲིབ་པ་དང་བཅས་པ་དེ་བས་ན་དེ་རྣམ་པར་དག་པའི་ཕྱིར་རོ། །ཇི་སྐད་དུ། རང་བཞིན་འོད་གསལ་སེམས་འདི་ལ། །གློ་བུར་བ་ཡི་དྲི་མ་སྟེ། །ཆུ་ཁམས་གསེར་དང་ནམ ་མཁའ་ལྟར། །དག་པ་བཞིན་དུ་དག་པར་འདོད་ཅེས་གསུངས་སོ། །དེ་ཉིད་འདི་དག་ཅེས་བྱ་བ་ལ་སོགས་པ་ལ་གང་གོང་དུ་བསྟན་པ་སྟེ། དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པ་རྟོགས་པའི་མཚན་ཉིད་ཀྱི་ཡེ་ཤེས་སོ། །དེ་དཔལ་འདུས་པའི་རྒྱུད་རྒྱས ་བཏབ་པ་སྟེ། ཤིན་ཏུ་གསང་བར་གནས་པས་སོ། །བྱིས་པ་སོ་སོའི་སྐྱེ་བོ་ལ་བསྟན་པར་བྱ་བ་མ་ཡིན་པས་རྒྱས་བཏབ་པ་ལྟ་བུའོ། །བཤད་པའི་རྒྱུད་གྱི་རྗེས་འབྲངས་ནས་ཞེས་བྱ་བ་ནི། དགོངས་པ་ལུང་བསྟན་པ་ལ་སོགས་པས་ཁོང་དུ་ཆུད ་པར་བྱ་ཞིང་ཤེས་པར་བྱ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ཡང་རང་ཉིད་ཀྱིས་མ་ཡིན་ཏེ། ཇི་ལྟར་ཞེ་ན། བླ་མའི་ཁ་ལས་བྱ་བ་སྨོས་ཏེ། སློབ་དཔོན་གྱི་མན་ངག་བརྒྱུད་པ་ལས་ཏེ། རང་ཉིད་འབའ་ཞིག་གི་དབང་དུ་བྱ་བ་མ་ཡིན་པའི་ཕྱིར་རོ། ་ཇི་སྐད་དུ་ཇི་བཞིན་སྒྲའི་དོན་ནི་ཡོངས་སུ་བརྟགས་གྱུར་ན། རང་ཉིད་ཡིད་ཆེས་ཉམས་པ་འཐོབ་ཅེས་སྟོན་པས་གསུངས་ཞེས་འབྱུང་བའོ། །ད་ནི་རླུང་གི་དེ་ཁོ་ན་ཉིད་ཀྱི་སྲོག་དང་རྩོལ་བ་བསྒོམ་པ་སྟོན་ཏེ། རླུང་རྣམ་པར་རྒྱལ་བར་བྱ་བའི ་ཕྱིར་དང། སེམས་བསྟན་པར་བྱ་བའི་ཕྱིར་དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ཞེས་བྱ་བ་ངེས་པར་གཟུང་བའོ། །མདོར་བསྟན་པའི་ཚིག་དོན་མདོར་བྱས་པ་ཡིན་པའོ། །འཇུག་པ་ནི་འདིར་དང་གནས ་བཤད་པར་བྱ་སྟེ། ལྷག་མ་ནི་གོ་སླའོ། །སྣའི་རྩེ་མོར་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེའི་ཚིག་འདིས་སོ་སོའི་སྐྱེ་བོའི་སེམས་ཅན་རྣམས་སྐྱེ་བ་དང་བརྟགས་པའི་ལྷ་ལ་དམིགས་པ་རླུང་གི་དེ་ཁོ་ན་ཉིད་དང། ཡོངས་སུ་དག་པའི་ལྷའི་དེ་ཁོ་ན་ཉིད ་ཀྱང་རྒྱས་པར་སྟོན་ཏེ། ཐོག་མ་སེམས་ཅན་བསྐྱེད་པའི་རྒྱུ་བསྟན་པར་བྱ་ན། སྟེང་ན་གནས་པའི་སྲོག་དང་རྩོལ་བ་དབང་པོ་གཉིས་མཉམ་པར་སྦྱོར་བའི་དགའ་བས་བསྐྱོད་ནས་ཡན་ལག་ཐམས་ཅད་དུ་ཆགས་པ་ཆེན་པོའི་མེས ་ཞུ་བར་བྱས་ནས། བྱང་ཆུབ་ཀྱི་སེམས་ཐིག་ལེའི་ངོ་བོས་པདྨའི་གེ་སར་དུ་ལྷུང་བ་སྟེ། འདིའི་བསྐྱེད་པའི་རིམ་པ་བསྒོམ་པ་རྣམས་ལ། དེ་བཞིན་གཤེགས་པས་ཡུངས་ཀར་གྱི་སྒྲས་བརྡར་བསྟན་ཏེ། ཡུངས་ཀར་གྱི་ཞེས ་བྱ་བ་དེ་ལ། དེ་ལ་ཡུངས་ཀར་ནི་བྱང་ཆུབ་སེམས་ཀྱི་ཐིག་ལེ་སྟེ། དེའི་ནང་དུ་འཇིག་རྟེན་ཐམས་ཅད་སྐྱེ་བར་འགྱུར་ཞེས་རྣམ་པར་བསམ་པར་བྱའོ། །ཤུ་ཀྲ་བདུད་རྩི་ཞེས་བྱར་བཤད། །དེ་ལས་འགྲོ་བ་གསུམ་པོ་བསྐྱེད། ཞེས་འབྱུང་སྟེ ་ངེས་པའི་དོན་ཏོ། །འདི་བརྟོག་པའི་རྣལ་འབྱོར་བ་ཉིད་གཡོ་བ་དང་མི་གཡོ་བ་ཐམས་ཅད་རྡོ་རྗེ་སེམས་དཔའ་ཨི་བྱང་ཆུབ་ཀྱི་བདག་ཉིད་ཡེ་ཤེས་གསུམ་དུ་རྣམ་པར་བསམ་ཞེས་བྱ་བ་ནི་དྲང་བའི་དོན་ཏོ། །བསྒོམ་མོ་ཞེས་བྱ་བ་ལ། ཡེ་ཤེས་ཀྱི ་གནས་ནི་རླུང་དང་རྣམ་པར་ཤེས་པ་ཞེས་བྱ་བ་སྟེ། ཡེ་ཤེས་ཀྱི་སྐུའོ། །ཡིད་དུ་འོང་བ་ནི་འཇའ་ཚོན་ལྟར་དཀར་པོ་ལ་སོགས་པའི་ཁ་དོག་དང་ལྡན་པའི་ཕྱིར་རོ། །གསང་ཆེན་ནི་རྟོག་པའི་རྣལ་འབྱོར་པའི་ཡུལ་མ ་ཡིན་པའོ། །ཡེ་ཤེས་ཀྱི་རྟག་པ་ནི་འོད་གསལ་བའི་ཡེ་ཤེས་ལས་བྱུང་བས་སོ། །དོན་འདི་ཉིད་དགོངས་པས་བཤད་པ་སྟོན་ཏེ། རིན་ཆེན་ཁ་དོག་སྣ་ལྔ་པ་ཞེས་བྱ་བ་ལ་སོགས་པ་ལ་རིན་ཆེན་ཞེས་བྱ་བ་ནི་ཐིག་ལེ་སྟེ། ཡེ་ཤེས་ལྔའི ་རང་བཞིན་ཡིན་པས་ན། ཁ་དོག་སྣ་ལྔ་པའོ། །ཡུངས་ཀར་ཞེས་བྱ་བ་ནི་ཡུངས་ཀར་གྱི་འབྲུ་ཚོད་ཙམ་སྟེ། སྣའི་རྩེ་མོ་ཞེས་བྱ་བ་སྣའི་སྟེང་གི་བུ་གའི་ནང་དུའོ། །ཁ་ཅིག་ནི་སྣའི་རྩེ་མོའི་ཞེས་བྱ་བའི་སྒྲས་སྙིང་གའི་པདྨའི་ཟེ་འབྲུ་ཡིན་པར ་འཆང་དེ། དེ་ལ་ཡང་ཉེས་པ་མེད་དོ། །དེ་བས་ན་སྙིང་གར་དེ་ལྟར་བསྒོམ་པར་བྱ་ཞེས་བྱ་བའི་ཐ་ཚིག་གོ་།ནན་ཏན་དུ་ཞེས་བྱ་བ་ནི། རྣམ་པར་གཡེང་བ་ཡོངས་སུ་སྤངས་ཏེ། ཇི་སྲིད་སེམས་མཉམ་པར་བཞག་པས་སོ། །བསྒོམ་ཞེས་བྱ་བ་ནི་གོམས ་པར་བྱ་བའོ། །རྣལ་འབྱོར་རིག་པ་ཞེས་བྱ་བ་ནི་དོན་དམ་པ་ཤེས་པས་སོ། །རྟག་ཏུ་ཞེས་བྱ་བ་ནི་ཟོ་ཆུན་བརྒྱུད་པ་ལྟར་རྒྱུན་མི་འཆད་པ་སྟེ། དེ་དག་ནི་དགོངས་པས་བཤད་པའོ། །དེ་ཉིད་རྡོ་རྗེའི་ཚིག་གིས ་སླར་བཤད་པ་ལྷ་མོ་བཞིས་ཞུས་པ་ཞེས་བྱ་བ་བཤད་པའི་རྒྱུད་ལས། རྡོ་རྗེ་འཆང་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དེ་འདིར་དྲང་བར་བྱ་སྟེ། དེ་ནི་ལྷ་མོ་བཤད་པར་བྱ་ཞེས་བྱ་བའི་ཚིག་ལེའུར་བྱས་པ་གཉིས་ནི་གོ་སླའོ། །འོན་ཀྱང ་དེ་ཁོ་ན་ཉིད་ནི་ཐིག་ལེའི་ངོ་བོ་སྟེ། དེའི་དབུས་ན་གནས་པའི་ལྷ་ནི་རང་རིག་པའི་རང་བཞིན་འབྱུང་བ་ཆེན་པོ་བཞིའི་ངོ་བོ་བདེ་བ་ཆེན་པོའི་ངང་སྟེ། དེ་ཡང་མི་གསལ་བར་ནི་རྟོག་པའི་རྣལ་འབྱོར་གྱི་གནས་སྐབས་སོ། །གསལ་བའི་བདག་ཉིད་ནི ་རྫོགས་པའི་གནས་སྐབས་སོ། །དོན་དེ་ཉིད་འདུས་པའི་རྒྱུད་ཕྱི་མའི་ལེའུ་བཅོ་བརྒྱད་པར་ཡན་ལག་དྲུག་བསྒོམ་པའི་གནས་སྐབས་སུ་སྲོག་དང། རྩོལ་བ་དང་འཛིན་པའི་བདག་ཉིད་ཀྱི་ཡན་ལག་གཉིས་རཚིག་ལེའུར་བྱས་པ་གཉིས་ཀྱི་སྟོན ་ཏེ། ཡེ་ཤེས་ལྔ་ཞེས་བྱ་བ་ལ། མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་རང་བཞིན་ཉིད་པས་ན་ཡེ་ཤེས་ལྔའི་རང་བཞིན་ནོ། །དབུགས་ཞེས་བྱ་བ་ནི་གྱེན་དུ་རྒྱུ་བའི་རླུང་གི་རྣམ་པའི་སེམས་ཏེ། མགྲིན་པ་དང ་རྐན་དང། མཆུ་གཉིས་ཀྱི་བར་དུ་ཁྱབ་པའོ། །ལྔ་ཞེས་བྱ་བ་ནི་སྤྱན་ལ་སོགས་པ་ལྷ་མོའི་རང་བཞིན་ཉིད་པས་ན་འབྱུང་བ་བཞིའི་ངོ་བོས་ཏེ་ནམ་མཁའ་ཞེས་བྱ་བ་ནི་ལྔ་པའོ། །བྱུང་ནས་ནི་ཞེས་བྱ་བ་ནི། རྡོ་རྗེའི་ལམ་ནས་སོ་སོར་སྣང་ཞིང ་དམིགས་པར་བྱས་པའོ། །པདྨ་ཞེས་བྱ་བ་ནི་ལྷ་མོའི་པདྨའི་ཟེའུ་འབྲུར་བསྒོམ་པར་བྱ་བ་སྟེ། ཕྲ་མོའི་རྣལ་འབྱོར་བསྒོམ་པ་ན། སྐྱོ་འམ་འཇུག་པའི་དོན་དུ་བསྒོམ་པར་ཞེས་ཁ་ཅིག་འཆད་དོ། །གཞན་དག་ནི་ཕྲ་མོའི་དཀྱིལ་འཁོར་གྱི་གཞི ་ཉིད་པས་ན། མཚན་མའི་དབུས་ན་གནས་པར་བྱས་ནས་དེ་བསྒོམ་པར་བྱའོ། །ཁ་དོག་སྣ་ལྔ་པ་ཞེས་བྱ་བ་ལ་སོགས་པས་ནི་ཚིག་གི་མཇུག་བསྡུ་བ་སྟེ་གོ་སླའོ། །ཐིག་ལེའི་རྣལ་འབྱོར་གྱི་དབང་དུ་བྱས་ནི་སྲོག་དང་རྩོལ་བ ་བསྒོམ་པ་སྟོན་ཏེ། ཕྲ་མོའི་རྣལ་འབྱོར་གྱི་དབང་དུ་བྱས་ནས་ནི་འཛིན་པའི་དོན་སྟོན་ཏེ། རང་སྔགས་ཞེས་བྱ་བ་ལ་སོགས་པ་ལ། སྙིང་གའི་ཡེ་ཤེས་སེམས་དཔའ་ཨི་སྙིང་གའི་ཟླ་བ་ལ་རང་གི་ལྷའི་ས་བོན་གྱི་ཡི་གེ་ཇི་ལྟ་བ་བཞིན ་ཐིག་ལེའི་གཟུགས་སུ་བྱས་ཤིང་སྲོག་གི་རླུང་དང་ཀུན་ཏུ་ལྡན་པར་བསྒོམ་པ་སྟེ་སེམས་ཀྱི་དམིགས་པའོ། །སེམས་ནི་ཡིད་དེ་ཐིག་ལེར་གྱུར་པའི་ཐིག་ལེ་ལ་བསྒོམ་ཞིང་བཀོད་ནས་དེ་ཉིད་ཡང་དང་ཡང་དུ་འདྲིས་པར་བྱ་བའི་དོན་ཏོ། ། ་གཞན་དག་ནི་ཕྲ་མོའི་རྣལ་འབྱོར་རང་གི་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀའི་མཚན་མའི་དབུས་སུ་ས་བོན་དམིགས་ནས་ཡིད་ཀྱིས་བྱིན་དུ་གྱུར་པར་བྱ་ཞེས་འཆད་དོ། །འཛིན་པ་སྟོན་ཏེ་འདི་ཡང་རྡོ་རྗེ་ཕྲེང་བ་ཞེས་བྱ་བའི་རྒྱུད་ལས་སླར ་བཤད་པ་ཞེས་བྱ་བ་འདི་ཡང། །སླར་བཤད་པ་ནི་རྣམ་པར་བཤད་པའོ། །སྣའི་རྩེ་མོར་ཞེས་བྱ་བ་ལ་སོགས་པ་ལ་ཡུངས་ཀར་ཞེས་བྱ་བ་ནི་ཐིག་ལེའི་མིང་དུ་གྱུར་པའོ། །དེ་ལ་ཡང་སྲོག་དང་རྩོལ་བ ་དང་རླུང་གི་དེ་ཁོ་ན་རྟག་ཅིང་བསྒོམས་པར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཡང་འོད་ལྔ་སངས་རྒྱས་རྣམས་སུ་བསྒོམ་ཞེས་བྱ་བ་ཡེ་ཤེས་ལྔ་རྣམ་པར་དག་པས། མགྲིན་པ་དང་སྙིང་ག་དང་ལྟེ་བ་དང། གསང་བ་དང། ལུས་ཐམས་ཅད ་དུ་ཁྱབ་པར་གནས་པའོ། །འདིར་འདི་སྐད་གསུངས་ཏེ། མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་ལྔའི་རང་བཞིན་སྲོག་དང་རྩོལ་བར་གྱུར་ནས། སྣའི་རྩེ་མོ་བ་སྤུའི་བུ་ག་ནས། འབྱུང་བ་ཆེན་པོ་བཞིས་བསྐོར་ཞིང་རིམ་པར་སྦྱར ་ཏེ། ངེས་པར་འབྱུང་བའོ། །འགྲོ་བ་དང་འོང་བའི་རི་བོ་ངེས་ནི་དབུགས་འབྱུང་བ་དང། རྡུབ་པའི་མཚན་ཉིད་ཀྱི་རྗེས་སུ་དྲན་ནས་དེ་ཡང་རྣལ་འབྱོར་པས་གནས་སྐབས་ཇི་ལྟ་བ་བཞིན་བསམ་པར་བྱ་ཞེས་བྱ་བའི་དོན་ཏོ། །རླུང་བསྒོམ་པ་ ་དེ་ཡང་རྣམ་པ་དྲུག་སྟེ། ཆོས་མངོན་པའི་མཛོད་ལས་འདི་སྐད་དུ། གྲངས་དང་རྗེས་འགྲོ་འཇོག་པ་དང། །མཚན་ཉིད་དང་ནི་རྣམ་བསྒྱུར་དང། །ཡོངས་སུ་དག་དང་དྲུག་པོ་འདི། །དབུགས་རྡུབ་དབུགས་དབྱུང་དྲན་པར་འདོད། །ཅེས ་གསུངས་པའོ། །དབུགས་རྡུབ་པ་ནི་ནང་དུ་འཇུག་པའི་རླུང་ངོ། །དབུགས་དབྱུངས་པ་ནི་ཕྱིར་རྒྱུ་བའི་རླུང་ངོ། །དེ་ལ་དམིགས་པའི་ཤེས་པ་ནི་དབུགས་འབྱུང་བ་དང་རྡུབ་པ་དྲན་པ་སྟེ། དྲན་པའི་རྒྱུད་ཉིད་པས་དྲན་པ་ཞེས་བཤད ་དོ། །དེ་ལ་གྲངས་ཞེས་བྱ་བ་ནི་ལུས་སེམས་དག་གོམས་པར་བླ་ན་སྟེ། དབུགས་འབྱུང་བ་དང་རྡུབ་པ་ཙམ་ལ་གཏང་ནས་གྲངས་གཅིག་དང་གཉིས་ནས་བཅུའི་བར་དུ་དེ་ལྟར་ཡང་དང་ཡང་དུ་བྱའོ། །འདིའི་སྐྱོན་ནི་རྣམ་པ་གསུམ་སྟེ ་མ་ཚང་བའི་གྲངས་ཞེས་བྱ་བ་གལ་ཏེ་གཉིས་ལ་གཅིག་ཏུ་འཛིན་པའོ། །ལྷག་པའི་གྲངས་ཞེས་བྱ་བ་གཅིག་ལ་གཉིས་སུ་སྦྱོར་བའོ། །ལོག་པའི་གྲངས་ནི་གང་དབུགས་རྡུབ་པ་ལ་དབུགས་འབྱུང་བར་འདོད་པ་འམ། ་དབུགས་འབྱུང་བ་ལ་རྡུབ་པར་འཛིན་པའོ། །དེ་ལས་གཞན་པ་ནི་ཡང་དག་པའི་གྲངས་སོ། །བར་དུ་གཡེང་བ་ན་སླར་ཡང་དང་པོའི་གྲངས་ནས་བརྩམས་ནས་བྱ་བ་སྟེ། ཇི་སྲིད་ཏིང་ངེ་འཛིན་ཐོབ་པ་དེ་སྲིད་དུའོ། །རྗེས་སུ་འགྲོ་བ་ཞེས་བྱ་བ་ནི་ལྷུན ་གྱིས་གྲུབ་པ་འཇུག་པའི་རླུང་སྟེ། མགྲིན་པའི་དང། སྙིང་ག་དང། ལྟེ་བ་དང། རྐེད་པ་དང། བརླ་དང་རྗེ་ངར་དང། རྐང་པའི་བར་དུ་རིམ་གྱིས་འཇུག་ཅིང་འགྲོ་བའོ། །འབྱུང་བ་ནི་མཐོ་གང་ངམ་དོ་འམ། འདོམ་གང་གི་བར་དུའོ། །འཇོག ་པ་ཞེས་བྱ་བ་ནི། སྣའི་རྩེ་མོ་ནས་རྐང་པའི་མཐེ་བོའི་བར་དུ་རིན་པོ་ཆེའི་འཕྲེང་བ་ལྟར་གནས་པར་བལྟ་སྟེ། འདི་རྗེས་སུ་འཛིན་པར་བྱེད་པ་ཞིག་གམ། གནོད་པར་བྱེད་པ་འམ། གྲང་བ་འམ་དྲོ་བ་གཅིག་ཅེས་བྱ་བ་འདི་ནི་རླུང། མཚན ་ཉིད་ཅེས་བྱ་བ་འདི་ནི་རླུང་འབའ་ཞིག་ཁོ་ན་ཡིན་ཏེ། འབྱུང་བ་ཆེན་པོ་བཞི་རྣམས་དང། དེ་ལ་རྟེན་པའི་འབྱུང་བ་ལས་གྱུར་པ་རྣམས་དང། སེམས་དང་སེམས་ལས་བྱུང་བ་ཞེས་བྱ་བ་ཕུང་པོ་ལྔ་ཉེ་བར་མཚོན་པའོ། །རྣམ་པར་བསྒྱུར་བ ་ཞེས་བྱ་བ་ནི། རླུང་གི་རྣམ་པ་བློས་བསྒྱུར་ནས་གོང་ནས་གོང་དུ་དགེ་བའི་རྩ་བ་ཀུན་ཏུ་སྐྱེད་པ་སྟེ། ཇི་སྲིད་ཆོས་ཀྱི་མཆོག་དང་པོའི་རྣལ་འབྱོར་ལ་སོགས་པའོ། །ཡོངས་སུ་དག་པ་ནི་གང་མཐོང་བའི་ལམ་ལ་སོགས་པར་དཀྱིལ་འཁོར་གྱི ་མཆོག་གི་ཏིང་ངེ་འཛིན་ཀུན་ཏུ་སྦྱོར་བར་བྱེད་པའོ། །གང་གི་ཆེ་སྣའི་རྩེ་མོ་ནས་ངེས་པར་འབྱུང་བ་དེའི་ཚེ། གཡོན་ནས་གཡས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁ་ཅིག་ཏུ་གཡོན་པའི་སྣའི་རྩེ་མོ་ལས། ཁ་ཅིག་ཏུ་གཡས་པའི་སྣའི ་རྩེ་མོ་ལས། ཁ་ཅིག་ཏུ་གཉིས་ཀའི་ལས། ངལ་བར་རྒྱུ་བ་ནི་གཉི་ག་ཁོ་ནའོ། །རིམ་གྱིས་རིམ་གྱིས་འཇུག་པའོ། །ཡང་ན་མ་ཡིན་པའོ། །རྣམ་བཞིར་འགྱུར་ཞེས་བྱ་བ་ལ། རིམ་པ་འདིས་དུས་རྣམ་པ་བཞིར་འགྱུར་ཏེ། དེས་ནི་རྒྱུ་བའོ། ། ་དེ་ཡང་ནང་གིར་བཤད་དོ། །རླུང་དེ་ཁོ་ན་འབྱུང་བ་ཆེན་པོ་བཞིའི་དཀྱིལ་འཁོར་ལ་ཁྱབ་པས་ན། གནས་པ་ཞེས་བྱའོ། །དེ་ནི་དུས་དེ་རྒྱུ་བ་ནི་རླུང་ངོ། །ཐུན་ཕྱེད་ཕྱེད་རླུང་ཀུན་ཏུ་རྒྱུ་ཞིང་གནས་ཞེས་བྱ་བའི་དོན་ཏོ། །གོ་རིམ་ཇི་བཞིན་ཞེས་བྱ་བ་ནི་དེ ་དཀྱིལ་འཁོར་སོ་སོའི་ལྷ་གནས་པ་ལས་མ་འདས་པ་སྟེ། འདིར་དོན་མདོར་བསྟན་པ་ལ་ནི་འདིའོ། །མགྲིན་པ་ནས་བརྩམས་ནས་ལྟེ་བའི་བར་དུ་གཡོན་པའི་ཕྱོགས་སུ་ཐུར་དུ་བལྟས་པའི་རྩ་དེ་ཟླ་བ་དང། ཨཱ་ལི་སྟེ་བྱང་ཆུབ་ཀྱི་སེམས་གནས་པའོ། ། ་གང་ལྟེ་བ་ནས་མགྲིན་པའི་མཐར་ཐུག་པར་ལ་གྱེན་དུ་ལྟས་ཤིང་གཡས་ཕྱོགས་ན་གནས་པའི་རྩ་དེ་ཉི་མ་དང་ཀཱ་ལི་སྟེ། ཁྲག་གནས་པ་ཉིད་དོ། །དེ་ལ་རྩ་གཡོན་པ་ནི་འཇུག་པའི་ལམ་དུ་བྱའོ། །རྩ་གཡས་པ་ནི་འབྱུང་བའི ་ལམ་མོ། །གཉིས་ཀ་ནི་སྣའི་བུ་ག་གཉིས་ནས་རྒྱུ་བའོ། །དེ་དག་ནི་སྣའི་བུ་ག་གཉིས་ནས་ཐུན་ཕྱེད་ཕྱེད་དུ་ཀུན་ཏུ་རྒྱུ་བ་སྟེ། ཉིན་མཚན་གཉིས་ན་ཆ་བཅུ་དྲུག་དུ་འགྱུར་རོ། །དོན?་འབྱུང་བ་བཞིའི་དཀྱིལ་འཁོར་རང་གི་ལུས་ཐམས་ཅད ་ལ་ཡང་འོད་ཟེར་ཀུན་ཏུ་རྒྱུ་བས་ཚིག་ལེའུར་བྱས་པ་དྲུག་གིས་ལྷ་ཉིད་བྱིན་གྱིས་བརླབ་པར་བཤད་དོ། །གཡས་པ་ནས་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཚེ་སྣའི་བུ་ག་གཡས་པ་ནས་འོད་ཟེར་འབྱུང་བ་དེའི་ཚེ། མེའི་དཀྱིལ་འཁོར ་གནས་པ་ཞེས་བྱ་བར་ཤེས་པར་བྱའོ། །དཀྱིལ་འཁོར་དང་འོད་ཟེར་གཉིས་སུ་མེད་པར་ཉེ་བར་བརྟགས་པས་ན། ཁ་དོག་དམར་བ་དང། བྱེ་བྲག་མེད་པ་སྟེ། འདི་དག་ནི་འོད་ཟེར་གྱི་ཁྱད་པར་དུ་ཁོང་དུ་ཆུད་པར་བྱའོ། །གཞན་དུ ་བཤད་པར་གྱུར་ན་རྟགས་འཁྲུལ་པའི་སྐྱོན་དུ་འགྱུར་རོ། །དེ་ལྟར་འོག་མ་ལ་ཡང་བཤད་པར་བྱའོ། །འདིར་ཡང་གནས་པ་པོ་ཉིད་ནི་པདྨའི་མགོན་པོ་སྟེ། འོད་དཔག་ཏུ་མེད་པའི་ལྷ་ཉིད་དུ་རིག་པར་བྱའོ། །དེ་ལྟར་གང་གི་ཚེ་གཡོན་པ་ལས ་འོད་ཟེར་ཁ་དོག་ལྗང་སེར་འབྱུང་བ་དེའི་ཚེ། རླུང་གི་དཀྱིལ་འཁོར་ལས་བྱུང་བ་ཞེས་བྱ་བར་ཤེས་པར་བྱའོ། །ལས་ཀྱི་མགོན་པོ་ནི་འདིར་དོན་ཡོད་གྲུབ་པ་སྟེ་དེ་འདིར་གནས་པ་པོའོ། །གང་གི་ཚེ་ཡང་གཉི་ག་ལས་ཁ་དོག་སེར་པོ་འབྱུང་བ་དེའི་ཚེ ་དབང་ཆེན་གྱི་དཀྱིལ་འཁོར་ལས་བྱུང་བར་ཁོང་དུ་ཆུང་བར་བྱའོ། །རིན་ཆེན་མགོན་པོ་ནི་རིན་ཆེན་འབྱུང་བ་སྟེ། དེ་འདིར་ལྷ་ཉིད་དོ། །གང་གི་ཚེ་དལ་ཞིང་དམན་པར་རྒྱུ་བ་མེ་ཏོག་ཀུ་མུ་ཏ་དང། ཟླ་བ་ལྟར་དཀར་བའི་མདོག་ཏུ་འབྱུང་བ་པོའི ་ཚེ་ཆུའི་དཀྱིལ་འཁོར་ལས་བྱུང་བར་ཤེས་པར་བྱའོ། །རྡོ་རྗེ་མགོན་པོ་ནི་མི་བསྐྱོད་པ་སྟེ། དེ་འདིར་གནས་པ་པོ་ཉིད་དོ། །ཇི་སྐད་དུ། ཁ་སྦྱར་གྱི་གཞུང་ལས། མེ་ཉིད་དང་ནི་རླུང་དང་ནི། །དེ་ཉིད་ཆུ་དང་དབང་ཆེན་དུ། །སྟེང་ལོགས་ཐད་ཀར་འོག ་ཏུ་ནི། །དཀྱིལ་འཁོར་དེར་ནི་ཀུན་འགྲོའོ། །དབང་ཆེན་གྱི་ནི་རྒྱལ་སྲིད་འབྱུང། །ཆུ་ཡིས་ནོར་ནི་ཀུན་ཏུ་འཕེལ། །མེ་ཡི་འཆི་བར་འགྱུར་བ་དང། །རླུང་གི་ནོར་ནི་ཟད་པར་འགྱུར། །ཞེས་འབྱུང་བའོ། །དེ་ལྟར་འབྱུང་བ་ཆེན་པོ་བཞི་པོ་དེ ་ཡང་ཀུན་ཏུ་རྒྱུ་བར་རིག་པར་བྱ་སྟེ། གང་ཞིག་སླར་ཡང་ལུས་ཐམས་ཅད་ལ་ཁྱབ་པའི་རླུང་བྱ་བ་ཐམས་ཅད་ལ་འཇུག་པ་པོ་དེ་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཏེ། དེ་ཡང་སྐྱེས་བུ་འཆི་བ་སྲོག་གཏོང་བའི་ལུས་ལས་བྱུང་བ་སྟེ། གཞན་དུ་འགྲོ་བ ་ཞེས་བྱ་བའི་དོན་ཏོ། །འདི་ནི་རླུང་གི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་གསལ་བར་བསྟན་པ་སྟེ། འདིས་ཐིག་ལེའི་རྣལ་འབྱོར་དང། ཕྲ་མོའི་རྣལ་འབྱོར་དང། རླུང་གི་དེ་ཁོ་ན་ཉིད་དང། ལྷའི་དེ་ཁོ་ན་ཉིད་ཅེས་བྱ་བ་བཞིའི་དོན་གསལ་བར་བྱས ་བའོ། །འདི་དག་ཀྱང་རྟོག་གེ་པས་མི་ཤེས་ཏེ། ཁོང་དུ་ཆུད་པར་མི་འགྱུར་བའོ། །རྣལ་འབྱོར་བྱིས་པ་ནི་ལས་དང་པོ་བ་སྟེ། དེས་ནི་ཁོང་དུ་ཆུད་པར་མི་འགྱུར་བའོ། །རླུང་གི་དེ་ཁོ་ན་ཉིད་ཡན་ལག་དང་བཅས་པ་བཤད་ཟིན་ཏོ། །དེ་བས་ན་སྔགས ་ཀྱི་དེ་ཁོ་ན་ཉིད་ཀྱི་རྒྱུ་དེ་རབ་ཏུ་བསྟན་པའི་ཕྱིར་མདོར་བསྟན་པའི་ཚིག་རྩ་བའི་རྒྱུད་ལས་གསུངས་ཏེ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་དབང་ཕྱུག་ལ་སོགས་པ་དང ་ལྡན་པས་ན་བཅོམ་ལྡན་འདས་ཏེ། ཇི་སྐད་དུ། དབང་ཕྱུག་ཕུན་སུམ་ཚོགས་པ་དང། །དཔལ་དང་གྲགས་དང་ཡེ་ཤེས་དང། །བརྩོན་འགྲུས་དང་ནི་གཟུགས་བཟང་པོ། །དྲུག་ལ་ལྡན་པ་ཞེས་གྲགས་སོ། །ཡང་ན་ཉོན་མོངས་པ་དང ་ཕུང་པོ་དང། འཆི་བདག་དང། ལྷིབ་བུ་ཞེས་བྱ་བའི་བདུད་རྣམ་པ་བཞི་བཅོམ་པས་ན་བཅོམ་ལྡན་འདས་ཏེ། གསང་སྔགས་ཀུན་ཏུ་འདུས་པ་གསུངས་སོ། །ཞེས་བྱ་བར་སྦྱར་རོ། །སུ་ཞིག་གིས་ཤེ་ན། དེ་བཞིན་གཤེགས ་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་ལྔ་སྟེ། དེ་རྣམས་ཀྱི་རིགས་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །དེ་དག་གི་སྐུ་གསུང་ཐུགས་གསང་བ་ཆེན་པོ་གསང་བའི་ཡི་གེ་གསུམ་མོ། ། ་དེ་ཡང་སྔགས་ཐམས་ཅད་ཀྱི་སྙིང་པོ་ཀུན་ཏུ་སྐུལ་བར་བྱེད་པ་ཞེས་བྱ་བ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་སྔགས་ནི་སྔགས་ཐམས་ཅད་དེ། བཛྲ་དྷྲིཀ་ཅེས་བྱ་བ་ལ་སོགས་པ་ནི། དེ་རྣམས་ཀྱི་སྙིང་པོ་དེ་ཁོ་ན ་ཉིད་དོ། །ཀུན་ཏུ་སྐུལ་བར་བྱེད་པ་ནི། བརྩོན་འགྲུས་དང་བཅས་ཤིང་བསྐུལ་བ་ཞེས་བྱ་སྟེ། དེ་ཉིད་ཀྱི་མིང་གང་ལ་ཡོད་པ་དེ་ལ། །དེ་སྐད་ཅེས་བྱའོ། །དེ་ཉིད་མཆོག་ཏུ་གསང་བ་ནི། སྐལ་བ་དམན་པ ་ཁ?་ལ་བསྟན་པར་བྱ་བ་མ་ཡིན་པས་སོ། །གང་ལས་ཤེན། རང་གི་སྐུ་དང་གསུང་དང་ཐུགས་ལས་ཏེ། སྐུ་གསུང་ཐུགས་མཉམ་པར་བཞག་ནས་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན། ཚིག་ལམ་ངེས་པར ་བརྗོད་པ་ཞེས་བྱ་བ་སྟེ། ཚིག་གི་ལམ་ནི་ཚིག་གི་སྒྲའོ། །དེའི་ངེས་པ་བརྗོད་པ་ནི་ཡང་དང་ཡང་དུ་བརྗོད་པའོ། །ཅིའི་ཕྱིར་ཡང་དང་ཡང་དུ་ངེས་བརྗོད་ཅེ་ན། སྨས་པ་འཁོར་དུ་མའི་བསམ་པའི་ཕྱིར་ཏེ། གང་གི་བཅོམ་ལྡན་འདས ་ཆོས་སྟོན་པ་དེའི་ཚེ། ལྷ་དང་ཀླུ་དང་ལྷ་མ་ཡིན་དང། གནོད་སྦྱིན་ལ་སོགས་པ་འཁོར་དུ་མ་ཀུན་ཏུ་འདུས་པར་གྱུར་པའོ། །དེ་བས་ན་དེ་དག་ལ་ཕན་པའི་ཕྱིར་གསུང་དུ་མས་ངེས་པར་བརྗོད་པ་ལ་སྐྱོན་མེད་དོ། །གསུང་ཞེས ་བྱ་བ་ནི་བཤད་པར་གྱུར་པའོ། །ོཾ་ཨཱ(རྒྱུད་འགྲེལ་པ་ནི་ཁོང་དུ་ཆུད་པ་སྟེ། དེས་ན་གང་དུ་དོན་རྟོག་པ་དང་ལྡན་པའི་བཟླས་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །ཇི་ལྟ་བུས་ཞེ་ན། ངོ་བོ་ཉིད་མེད་ཅེས་བྱ་སྟེ། དམིགས་པ་སྤངས་པས་སོ། །ཇི་སྲིད་དུ་དམིགས་པ ་ཁོ་ན་ནི་ལས་དང་པོ་པའི་གནས་སྐབས་ཏེ། དེ་ཡང་གྲོལ་བར་འདོད་པས་སྤངས་པའོ། །ཡང་ན་ངོ་བོ་ཉིད་མེད་ཅེས་བྱ་བ་ནི། ཡི་གེ་རྣམས་བརྗོད་པ་ན་ཞིག་པར་འགྱུར་བས་འཛིན་པ་མེད་པའོ། །བཟང་བ་ཞེས་བྱ ་བ་ནི་ཡིད་དུ་འོང་བ་སྟེ། གནས་ཇི་ལྟ་བ་བཞིན་དང་ཉིད་ལྷ་ཉིད་བསྒོམ་པ་སྔོན་དུ་འགྲོ་བ་བརྗོད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་ཁྱད་པར་དུ་གྱུར་པའི་བཟླས་པས་དུས་གསུམ་དུ་བཞུགས་པའི་སངས་རྒྱས་མངོན་སུམ་དུ ་གྱུར་པས་ནི་བརྟགས་པ་སྟེ་བསྒོམ་པའོ། །དེ་མདོར་བསྡུས་པ་ནི་རྡོ་རྗེ་བཟླས་པར་བསྟན་ཏེ། འདི་སྐད་དུ་གསུངས་པ་ཡིན་ཏེ། སངས་རྒྱས་སུ་བྱིན་གྱིས་བརླབས་ན། སེམས་འདོད་ཆགས་དང་བྲལ་བར་འཇུག་གོ་།དེ་ནས་ལུས་རྣམ་པར་དཔྱོད ་དེ། དེ་ནས་ཡང་དག་པར་དཔྱོད་པའི་ཏིང་ངེ་འཛིན་ཁོང་དུ་ཆུད་དོ། །དེའི་ཕྱིར་ཡང་རླུང་གི་དེ་ཁོ་ན་ཉིད་ཀྱིས་རིམ་གྱིས་སྔགས་ཀྱི་དེ་ཁོ་ན་ཉིད་རྟོགས་པའོ། །དེ་ཉིད་ནས་བཟླས་པའི་མཚན་ཉིད་མདོར་བསྟན་པ་སྟེ། ཇི་སྐད་དུ། རྡོ་རྗེ་དག་ནི ་དབྱངས་སུ་སྦྱར་ཞེས་གསུངས་པའོ། །དེ་ནི་ལུས་གདུང་བ་ལ་སོགས་པའི་སྒོ་ནས་སྔགས་མི་འགྲུབ་པར་བཤད་པ་སྟོན་ཏེ། སློང་མོ་ཟ་ཞིང་ཞེས་བྱ་བ་ལ་སོགས་པ་ལ། སློང་བའི་ཚོགས་ནི་སློང་བ་པ་སྟེ། སློང་མོའི་ངང་ཚུལ་གྱིས་ཟས ་བཟའ་ཞིང། བཟླ་བར་མི་བྱ་བ་སྟེ། བཟླས་བརྗོད་གདོན་པར་མི་བྱ་བ་ཞེས་བྱ་བའོ། །སློང་མོའི་ཟས་ཞེས་བྱ་བ་ནི་ཉེ་བར་མཚོན་པའི་དོན་ཏེ། དེས་ན་ཡོངས་སུ་ཚོལ་བ་ལ་སོགས་པ་གཞན་རྣམས་དང་ལྡན་པས་བཟའ་བར་མི་བྱ་བར་དགོངས་སོ ་མ་བསླངས་པ་འང་ཞེས་བྱ་བ་ལ་སོགས་པ་ལ། གང་བསླངས་པ་ལས་གཞན་འབད་པ་མེད་པར་བརྙེད་པའི་བཟའ་བ་ནི་མ་བསླངས་པའོ། །དེ་ལ་ཡང་ཆགས་ཤིང་ཞེན་པར་མི་བྱ་བ་སྟེ། ཇི་སྲིད་དུ་ལུས་གནས་པར་འགྱུར་པ་དེ་ཙམ ་གྱིས་ཆོ་ག་ཤེས་ཤིང། མཆོག་ཏུ་སྤྲོས་པ་མེད་པའི་སྤྱོད་པ་སྦྱད་པར་བྱའོ། །ཇི་ལྟར་བཟླ་བར་བྱ་ཞེན། མ་ཉམས་བཟླས་ཞེས་བྱ་བ་སྟེ། སྔགས་ནི་ཡི་གེ་གསུམ་མམ། གཞན་པ་སྟེ། མ་ཉམས་ཞེས་བྱ་བ་ལྷ་ཉིད་དང་དབྱེར་མེད་པ་འམ ་དབྱངས་དམན་པ་མ་ཡིན་པ་སྟེ། ཡི་གེ་ཉམས་པ་ཡང་བཟླ་བར་མི་བྱ་ཞེས་གསུངས་པའི་ཕྱིར་རོ། །གང་གི་བཟླ་ཞེ་ན། འདོད་པ་ཀུན་ལ་ལོངས་སྤྱོད་བྱེད་ཅིང་ཅེས་བྱ་བ་སྟེ། འདོད་པ་ཀུན་ནི་གཟུགས་དང་སྒྲ་ལ་སོགས་པ་རྣམས་སོ། །བྱེད ་ཅེས་བྱ་བ་ནི་འདོད་པ་དེ་ཐམས་ཅད་ལ་ལོངས་སྤྱོད་པར་བྱེད་པའི་སྔགས་པ་སྟེ། སེམས་བདེ་བའི་ཏིང་ངེ་འཛིན་ལ་གནས་པར་གྱུར་ནས། སེམས་མཉམ་པར་བཞག་ཅིང་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཞེས་སོ། །ཞེས ་བསྟན་པའོ། །ཡང་ན་འདོད་པ་ཐམས་ཅད་ནི་འདོད་པའི་རྟོག་པའི་ངོ་བོའོ། །འདི་རྣམས་ལ་ལོངས་སྤྱོད་ཅེས་བྱ་བ་ནི། འཇོམས་པར་བྱེད་པ་སྟེ། བྱེད་ཅེས་བྱ་བ་ནི་སྔགས་པ་འདོད་པ་ཀུན་ལ་ལོངས་སྤྱོད་ཅེས་བྱ་བ་སྟེ། རྣལ་འབྱོར ་པ་དེས་རྣམ་པར་རྟོག་པ་ཐམས་ཅད་སྤངས་ནས་བཟླ་བར་བྱ་ཞེས་བྱ་བའི་དོན་ཏོ།། །།ད་ནི་སྔགས་ཀྱི་མཚན་ཉིད་འདི་ཁོ་ན་མདོར་བསྟན་པ་བཤད་པའི་རྒྱུད་དགོངས་པ་ལུང་བསྟན་པ་ལས་རྒྱས་པར་གསུངས ་པས་དེ་ལ་འཇུག་པར་བྱ་སྟེ། སླར་གསོལ་ཞེས་བྱ་བ་ལ་སོགས་པ་ལ། ཆོས་བསྟན་པ་དེ་མ་ཐག་ཏུ་བཅོམ་ལྡན་འདས་ལ་ལག་ན་རྡོ་རྗེས་སླར་གསོལ་བ་སྟེ། འདྲི་བ་ཞུས་པའོ། །གང་ལ་གསོལ་ཞེ་ན། དཔལ་རྣམ་པར་སྣང་མཛད ་ཅེས་བྱ་བ་སྟེ། དཔལ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་མཚན་ཉིད་རྣམ་པ་གཉིས་སོ། །དེ་ཡང་ལྷན་ཅིག་སྐྱེས་པ་དང། བསྒྲུབས་པས་ལས་བྱུང་བའོ། །དེ་ལྷན་ཅིག་སྐྱེས་པ་ནི་གང་རང་བཞིན་གྱིས་འོད་གསལ་བའི་སེམས་སོ ་བསྒྲུབས་པ་ལས་བྱུང་བ་ནི་བསྒོམ་པའི་སྟོབས་ཀྱིས་བསྐྱེད་པ་སྟེ། དེ་ལྟ་བུའི་དཔལ་གང་ལ་ཡོད་པ་དེ་ནི་དཔལ་དང་ལྡན་པའོ། །དཔལ་དང་ལྡན་པ་ཡང་ཡིན་ལ། རྣམ་པར་སྣང་མཛད་ཀྱང་ཡིན་པས་ན་དཔལ་ལྡན་རྣམ་པར ་སྣང་མཛད་ཆེ་ཞེས་བྱ་སྟེ། ཁྱད་པར་གྱི་བསྡུ་བའོ། །ཁྱབ་བདག་ཅེས་བྱ་བ་ནི་ཐམས་ཅད་ཀྱི་གཙོ་བོར་གྱུར་པའོ། །དེ་ལ་གསོལ་ཞེས་བྱ་བ་ནི་ཚིག་གི་དོན་ཏོ། །ཅེས་གསོལ་ཅེ་ན། གསོལ་ཅེས་བྱ་བ་ནི་ལས་གཉིས ་པ་སྟེ། །སྔགས་ཀྱི་དེ་ཁོ་ན་ཉིད་ཡི་གེ་གསུམ་གྱི་མཚན་ཉིད་བསྐྱེད་པ་ཞེས་བྱ་བའི་ཚིག་གི་ལྷག་མའོ། །སྣ་ཚོགས་གཟུགས་ཅན་ཞེས་བྱ་བ་ལ་སོགས་པའི་ཚིག་།ལེའུར་བྱས་པ་བཞིས་གསོལ་བ་གདབ་པོ། །སྣ་ཚོགས་གཟུགས ་ཅན་ནི་རྣམ་པ་སྣ་ཚོགས་པ་སྟེ། ཡུལ་དང། སྐད་དང། ཆ་བྱད་ལ་སོགས་པའི་བྱེ་བྲག་གིས་ཐ་དད་པའི་ཕྱིར་རོ། །གང་ཞིག་ཅེ་ན། སེམས་ཅན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཅན་ཐམས་ཅད་སྐྱེད་པ་དེ་བས་ན། ལྷ་དང ་ལྷ་མ་ཡིན་དང། མི་ལ་སོགས་པའི་བར་དུ་དེ་ལས་སྐྱེས་ཞེས་བྱ་བའི་དོན་ཏོ། །དེ་ནི་རྒྱུའི་ལྔ་པའོ། །ཇི་ལྟར་དེ་སྐྱེ་བར་ཁས་བླངས་པར་བྱ་ཞེ་ན། །དེ་བས་དངོས་པོ་མེད་གྱུར་ཀྱང་ཞེས་བྱ་བ་སྟེ། དངོས་པོ་མེད་པ་ནི་རྣམ་པར་མེད་པའི་སེམས་ཏེ། དེ ་ལས་སྐྱེས་ཤིང་བྱུང་བར་གྱུར་ཅེས་བྱ་བའི་དོན་ཏོ། །གང་གི་ཕྱིར་ཞེ་ན། འཇིག་རྟེན་གྱི་ཐ་སྙད་ཀྱི་གྲུབ་པའི་ཕྱིར་སྲིད་པའི་ཞེས་བྱ་བའི་དངོས་པོར་བརྗོད་དེ། དེའི་རང་གི་ངོ་བོ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། ལན་མང་དུ་བཀག་པའི་ཕྱིར་རོ། ། ་རྗེས་སུ་མྱོང་མཛད་པ་ཞེས་བྱ་བ་ལ་སོགས་པ་ལ་ལེགས་པར་རྗེས་སུ་མྱོང་བ་ཞེས་བྱ་བ་ནི་རང་རིག་པའི་ཤེས་པས་ཉམས་སུ་མྱོང་བ་སྟེ་ཉམས་སུ་མྱོང་བ་དང་བཅས་པའི་ཤེས་པས་མཉམ་པར་བཞག་ནས་ཞེས་བྱ་བའི་ཐ་ཚིག་གོ་།དེ་ཇི ་ལྟ་བུ་ཞེ་ན། བྱང་ཆུབ་སེམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབྱེར་མེད་པར་ཉེ་བར་གདགས་པའི་ཡི་གེ་གསུམ་ནི་བསྐྱེད་པ་པོ་ཡིད་དོ། །མཁའ་དང་མཉམ་པ་ཉིད་ནི་མཁའ་མཉམ་སྟེ། ནམ་མཁའ་ཨི་རང་བཞིན་ལྟ་བུར་བསྒྲུབ་པ ་མེད་ཅེས་བྱ་བའི་དོན་ཏོ། །སྐྱེ་བའི་མཆོག་གི་ཡུལ་དུ་ཡང་དག་པ་ཕྱིན་ཅི་མ་ལོག་པར་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ་ཅེས་བྱ་བར་སྦྱར་རོ། །དེ་ཅིའི་ཕྱིར་ཞེ་ན། འགྲོ་བའི་དོན་མཛད་པའི་ཕྱིར་ཏེ། སྣོད་དུ་གྱུར་པའི་སྐྱེ་བོ་ཐམས ་ཅད་ཀྱི་ལོངས་སྤྱོད་དུ་གྱུར་པའི་ཕྱིར་རོ། །ད་ལྟར་བརྩོད་པའི་དུས་སུ་སེམས་ཅན་དག་འདི་འདི་ལྟར་བྱེད་ཅེས་བྱའོ། །སྒྲུབ་པའི་ནི་ཞེས་བྱ་བ་ལ་སོགས་པ་ལ། སྒྲུབ་པའི་ཐབས་ཙམ་ན། རང་དད་པའི་ལྷ་ཉིད། ་མཉེས་པར་བྱ་བའི་ཡན་ལག་བསྟན་བཅོས་ཀྱི་ཆ་ཤས་ཙམ་ཉིད་དུ་ཁོང་དུ་ཆུད་ནས། རྒྱུད་ཀྱི་དོན་མི་ཤེས་ཤིང། རྒྱབ་ཀྱིས་ཕྱོགས་པ་སྟེ། བདག་ཉིད་བླ་མ་དང་སློབ་དཔོན་ཞེས་བརྗོད་པ་ན། །ད་ནི་བླ་མ་མ་ཡིན་ཞིང་བརྒྱལ་འབའ་ ་ཞིག་ཁོ་ན་རྟོགས་པར་བྱེད་པའོ། །མ་འོངས་པ་ཞེས་བྱ་བ་ནི་དུས་ཕྱི་མའི་སྐྱེ་བའོ། །གཞན་ཡང་བདག་གི་ཚིག་འདི་དག་ཉིད་ཅེས་བྱ་བ་ལ་སོགས་པ་ལ་བསྟན་བཅོས་འདི་དག་གིས་རྣམ་པར་ཕྱེ་བའོ། ཞེས་སྟོན་ཅིང་བྱིས་པའི་བློ་གྲོས ་ཀྱིས་ཤེད་མ་བྱེ་བ་འཇིག་པ་སྟེ། ལམ་ལོག་པ་ལ་འཛུད་པར་འགྱུར་ཞེས་བྱ་བའི་དོན་ཏོ། །གཞན་ཡང་དེ་ཡིས་དགོངས་པའི་ཞེས་བྱ་བ་ལ་སོགས་པ་ལ། གང་དགོངས་པ་བཤད་པ། སངས་རྒྱས་ཀྱིས་བྱང་ཆུབ་ཀྱི་སེམས་རྒྱུད་དེ་དང་དེ ་རྣམས་སུ་དེ་ཡང་རྣམ་གྲངས་དང་ཐ་སྙད་བྱེ་བྲག་དུ་གསུངས་པ་དོན་དམ་པར་དབྱེར་མེད་པའི་ངོ་བོ་དེ་ཡིས་མི་ཤེས་པ་དེ། ཁོང་དུ་མི་ཆུད་ཅིང་དེས་ཅི་ལྟ་བ་བཞིན་དུ་རྟོགས་པར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ནི་རིགས་པ་དང་བཅས ་བ་ཞེས་འཆད་དེ། དེ་ལ་དོན་འདི་ཡང་རིགས་པ་དང་ལྡན་པས་རིགས་པར་འཇུག་པ་ནི་རིག་པ་དང་བཅས་པ་སྟེ། དེ་འཐད་པ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ཞུ་བ་པོ་ལ་ལན་གསུངས་པ་སྟེ། དེ་ནས་ཞེས་བྱ ་བ་ནི་དྲི་བ་ཡོངས་སུ་རྫོགས་ནས་དེ་མ་ཐག་པ་སྟེ། །འདི་འོག་ནས་འཆད་པར་འགྱུར་བའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་སྔར་བཤད་པ་བཞིའོ། །རིགས་ཀྱི་གཙོ་བོར་གྱུར་བས་ན། བདག་པོ་ཞེས་བྱའོ། །གང་ཞིག་ཅེ་ན། ་རྣམ་པར་སྣང་མཛད་ཅེས་བྱ་བ་གསུངས་ཏེ། རྣམ་པར་སྣང་ཞིང་འབར་བས་ན་རྣམ་པར་སྣང་མཛད་ཅེས་བྱའོ། །ཆེན་པོ་ཡང་ཡིན་ལ། རྣམ་པར་སྣང་མཛད་ཀྱང་ཡིན་པས་རྣམ་པར་སྣང་མཛད་ཆེན་པོ་སྟེ། ཁྱད་པར་ནི་བསྡུ་བའོ། ། ་ཆེན་པོ་ཞེས་བྱ་བ་ནི་ཐབས་ཀྱི་གཙོ་བོར་གྱུར་པའི་ཕྱིར་རོ། སྐུ་གསུང་ཐུགས་ཐུབ་པས་ན་ཐུབ་པ་ཞེས་བྱའོ། །ཞུ་བ་པོ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་གསུངས་ཞེས་བྱ་བ་ནི། གསུངས་པར་གྱུར་ཞེས་བྱ་བའི་ཐ་ཚིག་གོ་། ་ཅི་ཞིག་མཛད་ནས་ཤེ་ན། ལེགས་སོ་ཞེས་གསུངས་པར་མཛད་ནས་སོ། །ལན་གསུམ་མཛད་ནས་ཏེ། གསུངས་ཞེས་བྱ་བའི་ཐ་ཚིག་གོ་།བཤད་པར་བྱ་ཞེས་བྱ་བ་ལ། ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཀྱི་སྔགས་ཀྱི་བྱེ་བྲག ་རྣམ་པ་བཞི་སྟོན་ཏེ། རབ་ཏུ་ཕྱེ་བ་ནས་ཞེས་བྱ་བ་ནི་རྣམ་པ་བཞི་གསལ་བར་ཕྱེད་ནས་ཞེས་བྱ་བའི་དོན་ཏོ། །ཉོན་མོངས་པའི་རྣམ་པར་རྟོག་པ་སྤངས་པའི་དོན་གང་ཡིན་པ་དེ་ནི་རྣམ་པར་མི་རྟོག་པའི་དོན་ཏོ། །དེའི་དེ་ཁོ་ན་ཉིད་ནི་ཇི་ལྟ་བ ་བཞིན་ཁོང་དུ་ཆུད་པའོ། །དེའི་ཕྱིར་འདི་ལྟར་སྔགས་ཀྱི་དོན་ཡི་གེ་བསྒྲུབས་པའི་བདག་ཉིད་ཅན་ཐོག་མ་གསུངས་པའོ། །བརྗོད་པའོ་སྟོན་པ་སྟེ། དེ་ཡང་ཡི་གེ་རེ་རེ་ལ་བརྟེན་ནས་བཏུ་བ་ཞེས་བྱ་བའོ། །སྦྱོར་བ་འདི་དག་ལྡན ་བས་དམིགས་པ་ཐོབ་པ་གང་ཡིན་པ་དེ་ན་དམིགས་པ་ཞེས་བྱའོ། །བརྗོད་པ་ཡང་ཡིན་ལ། དམིགས་པ་ཡང་ཡིན་པས་ན་བརྗོད་པ་དམིགས་པ་སྟེ། ཁྱད་པར་གྱི་བསྡུ་བའོ་སངས་རྒྱས་ཉིད་ཅེས་བྱ་བ་ལ། དེ་ཡང་སངས་རྒྱས་ནི ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའོ། །ཉེ་བར་དམིགས་པ་ཐོབ་པར་བྱེད་པའི་རྒྱུའོ། །འདིས་སྔགས་བཏུ་བ་སྟེ། གཉིས་པ་སྟོན་ཏོ། །བརྡ་ཞེས་བྱ་བ་ལ། སྦྲུལ་ལ་སོགས་པའི་མིང་དང་ལྡན་པ་སྟེ། སོགས་པའི་སྒྲས་ཐོག་མཛའ་ ་མེད་པའི་སྔགས་དང། བཏུ་བའི་སྔགས་དང། མཛའ་མེད་ཀྱི་སྔགས་རྣམས་ཤེས་པར་བྱའོ། །དེ་ལ་ཨོཾ་ཞེས་བྱ་བ་དང་པོ་དང། སྭཱཧཱ་མཐར་གནས་པའི་སྤྲུལ་ལྟ་བུའི་སྔགས་ཏེ་ཐོག་མཛའ་གཉིས་དང་ལྡན་པའི་ཕྱིར་རོ། ། ་ཨོཾ་དང་སྭཱཧཱ་མེད་པའི་སྔགས་བཛྲ་དྷྲིཀ་ཅེས་བྱ་བ་ལ་སོགས་པ་ནི་མགོ་མེད་ཀྱི་སྔགས་ཏེ། ཐོག་མཛའ་གཉིས་དང་མི་ལྡན་པའི་ཕྱིར་རོ། །བཏུ་པའི་སྔགས་ནི་དབྱངས་དང་གསལ་བྱེད་ཐོད་ལོ་ཀེར་གྱིས་རྣམ་པར་ཕྱེ་བས་ཏེ། ཕྲེང་བ་ལྟ་བུའི་སྔགས ་ལ་སོགས་པ་འམ། གཞན་ཡང་བཏུས་ནས་རྣམ་པར་བྱས་པའི་ཕྱིར་རོ། །མཛའ་མེད་ཀྱི་སྔགས་ནི་ཨོཾ་དང་ནི་ལྡན་ལ་སྭཱཧཱ་ནི་མེད་པ་སྟེ་མཛའ་དང་མི་ལྡན་པའི་ཕྱིར་རོ། །འདི་དག་ནི་སྔགས་ཀྱི་བརྡ་བརྗོད་པ་སྟེ། གསུམ་པའོ།། །། ་སྔགས་ཀྱི་དེ་ཁོ་ན་ཉིད་ཅེས་བྱ་བ་ནི་མ་ཉམས་པ་ལས་བྱུང་བས་ན་སྔགས་ཀྱི་དེ་ཁོ་ན་ཉིད་ཅེས་བྱ་སྟེ། བཞི་པའོ། །དེ་ནི་དོན་དམ་པ་ཉིད་ཡིན་ནོ། །ཞེས་བྱ་བ་ལ། དེ་ཞེས་བྱ་བ་ལ་བཤད་མ་ཐག་པ་རྣམ་པ་བཞི་ཡང་དོན་དམ་པ་ཉིད་ཅེས་བྱ་བའོ། །དོན ་དམ་པའི་རྒྱུ་ཞེས་བྱ་བའི་ཐ་ཚིག་སྟེ། རྒྱུ་ལ་འབྲས་བུ་བརྟགས་པའི་ཕྱིར་རོ། །སྔགས་ཀྱི་དབྱེ་བ་རྣམ་པ་བཞི་ཡང་བསྟན་ཏོ། །ད་ནི་ཡི་གེའི་དོན་གྱི་སྣལ་མ་སྟོན་ཏེ། གཅིག་ཅེས་བྱ་བ་ལ་སོགས་པ་ལ། གཅིག་ནི་མི་འགྱུར་བའི་རང་གི་ངོ་བོ་དང་པོའི ་ཡི་གེ་ཨོཾ་སྟེ། དོན་དམ་པའི་ཉིད་དོ། །དགུ་དབུས་ཞེས་བྱ་བ་ཡི་གེ་སྡེ་ཚན་དགུའི་གྲངས་ངེས་པར་བཅད་པ་གང་ཡིན་པ་དེའི་དབུས་ན་སྟེ་གང་གི་ཕྱིར་འདིར་བརྗོད་པའི་དོན་ཏོ། །དེ་བས་ན་དེ་མེད་ན་ཀ་དང་ཧའི་བར་དུ་ཡི་གེ་རྣམས་བརྗོད་པར ་མི་ནུས་པ་སྟེ། དབྱངས་མེད་པའི་ཕྱིར་རོ། །ནའི་སྒྲ་ནི་ཐམས་ཅད་དུ་ཡང་གི་དོན་ཏོ། །གང་ཞིག་བཅུ་ཡིས་མ་བཅིངས་པ་ཞེས་བྱ་བ་ལ། དབྱངས་ཡི་གེ་བཅུ་དྲུག་གི་ནང་ནས་སྔ་མའི་ཡི་གེ་བརྒྱད་ནི་ཐུང་ངུའི་སྡེ་ཚན་ནོ། །ཕྱི་མ་བརྒྱད་ནི ་རིང་པོའི་སྡེ་ཚན་ནོ། །ཀ་ལ་སོགས་པ་ལྔའི་སྡེ་ཚན་ལྔ་དང། ཡ་ལ་སོགས་པ་འབྱུང་བ་བཞིའི་སྡེ་ཚན་དང། གཞན་ཡང་ཤ་ལ་སོགས་པ་སྡེ་ཚན་བརྒྱད་པའི་ཐ་མ་དང། བཅུ་པ་མི་འགྱུར་བའི་ཡི་གེ་ཨའོ། །དེ་ཡང་ཁ་ཅིག་ནི་ཨ་དང་གཞན་ཐ ་དད་པའི་སྡེ་ཚན་ཁོ་ནར་འདོད་དོ། །གང་དག་གི་རྣམ་པར་རྟོག་པའི་ངོ་བོ་བཅུ་པོ་འདི་རྣམས་ཀྱིས་རྣལ་འབྱོར་པའི་དག་མ་བཅིངས་པའོ། །དེ་ནི་བཅིངས་མེད་ཅེས་བྱ་བ་ལ། མ་བཅིངས་པ་ནི་འཁོར་བའི་བརྩོན་ར་ལས་ཐར་བའོ། །ཤེས་པར་བྱ་ཞེས་བྱ་བ་ནི། ་ཁོང་དུ་ཆུད་པར་བྱ་བའོ། །དེ་ཤེས་བྱ་བ་ནི་རྣལ་འབྱོར་པའོ། །ཤེས་པ་མཆོག་གི་གནས་ཞེས་བྱ་བ་ནི་ངག་གི་རྣམ་པར་རྟོག་པ་སྤངས་པའི་ཕྱིར་མི་འགྱུར་བའི་གནས་ཞེས་བྱ་བ་སྟེ། ཡི་གེའི་དོན་ནོ། །བསྡུས་པའི་ཅིའི་དོན་སྟོན་ཏེ། གཅིག་ཅེས་བྱ ་བ་ལ་སོགས་པ་ལ། གཅིག་གཉིས་ནི་ཆོས་ཀྱི་ཕྱག་རྒྱའི་མཚན་ཉིད་ཀྱི་ཡི་གེ་སྟེ། ཤེས་རབ་ཀྱི་རང་གི་ངོ་བོའོ། །དང་པོ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་སྐྱེ་བའི་འབྱུང་གནས་སོ། །དགུ་དབུས་ན་ཞེས་བྱ་བ་ནི་ཡི་གེ་དེ་ཉིད་ཕུང་པོ་ལྔ་དང། ་འབྱུང་བ་བཞི་ཞེས་བྱ་བའི་དགུའི་དབུས་ན་རང་རིག་པའི་མཚན་ཉིད་གནས་པའོ། །ཕུང་པོ་དང་འབྱུང་བ་དགུ་པོ་རང་བཞིན་འདི་རྣམས་དང་བཅས་པས་ཨེས་ཀྱང་གང་ཞིག་བཅིངས་པ་མེད་པ་ཞེས་བྱ་སྟེ། འཁོར་བའི་ཞགས་པས་མ་བཅིངས་པ་ཞེས་བྱ་བ ་སྟེ། ཡི་གེ་གསུམ་གྱི་ངོ་བོ་ཉིད་པས་ན། ལུས་ངག་ཡིད་གསུམ་མོ། །དེ་ནི་བཅིངས་མེད་ཅེས་བྱ་བ་འཁོར་བའི་ཞགས་པས་ལས་གྲོལ་ཞེས་བྱ་བའི་ཐ་ཚིག་གོ་།ཤེས་པར་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ཞེས་བྱ་བ་ནི་རྣལ་འབྱོར་པ་སྟེ། རིག་ན ་ཞེས་བྱ་བ་ནི་ཉམས་སུ་མྱོང་བའི་དོན་ཏོ། །མཆོག་གི་གནས་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་རང་གི་ངོ་བོ་ཡི་གེ་གསུམ་གྱི་བདག་ཉིད་ཅེས་བྱའོ། །སྤྱིའི་དོན་དེ་འགྱོད་པ་མེད་པའི་ཕྱིར་རོ། །སླར་ཡང་སྤྱིའི་དོན་སྟོན་ཏེ། གཅིག་ཅེས་བྱ་བ་ལ་སོགས་པ་ལ ་གཅིག་དང་པོ་གང་ཡིན་པ་དེ་ནི་གཅིག་དང་པོ་སྟེ། ཨཱ་ལིའི་རིམ་པའོ། །གཞན་ཡང་གཅིག་དང་པོ་གང་ཡིན་པ་དེ་ནི་གཅིག་དང་པོ་སྟེ་ཀཱ་ལིའོ། །དགུ་ཞེས་བྱ་བ་ནི་སྡེ་ཚན་དགུའི་མཚན་ཉིད་དོ། །གཅིག་དང་པོ་ཡང་ཡིན་ལ། སྡེ་ཚན་དགུང ་བཅས་པ་ཡང་ཡིན་པས་ན། སྡེ་ཚན་དགུའི་དང་པོ་སྟེ། ཁྱད་པར་གྱི་བསྡུ་བའོ། །དབུས་ཞེས་བྱ་བ་ནི་ལུས་ཀྱི་ལྟེ་བ་སྟེ། གནས་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །བཅུ་ཡིས་ཞེས་བྱ་བ་ནི་ཡི་གེའི་ཕྱི་མོ་སྡེ་ཚན་དགུ་དང། དང ་པོའི་ཡི་གེ་འདི་རྣམས་ཀྱིས་སོ། །གང་ཞིག་ཅེས་བྱ་བ་ནི་བསྒོམ་པ་གོམས་པ་དང་ལྡན་པའོ། །མ་བཅིངས་པ་ཞེས་བྱ་བ་ནི་མ་བསྡམས་པ་སྟེ། སྡེ་ཚན་དེ་རྣམས། སྒྱུ་མའི་རང་གི་ངོ་བོ་ཉིད་དོ། བརྗོད་མ་ཐག་ཏུ་འཇིགས་པས་གཅོད? ་དེ་ནི་བཅིང་མེད་ཅེས་བྱ་བ་ནི་དག་གི་རང་བཞིན་ཡི་གེ་རྣམས་ལ་མ་ཞེན་བྱ་བའི་ཐ་ཚིག་གོ་།གཞན་ནི་སྔ་མ་བཞིན་ནོ། །དེ་ཞེས་བྱ་བ་ནི་ཡི་གེའི་ཕྱི་མོ་བསྒོམ་པ་དང་ལྡན་པའོ། །རིག་ཅེས་བྱ་བ་ནི་ཤེས་པའི་དོན་ཏོ། །མཆོག ་ཅེས་བྱ་བ་ནི་སྒྱུ་མ་ལྟ་བུའི་ཡི་གེ་ཕྱི་མོ་བརྗོད་པའི་གནས་ཀྱི་ཁྱད་པར་རོ། །བསྐྱེད་པའི་རིམ་པ་ལ་སོགས་པ་གོམས་པ་སྤྱིའི་དོན་བཤད་པ་སྟོན་ཏོ། །ད་ནི་སྦས་པའི་བཤད་པ་སྟོན་ཏེ། གཅིག་ཅེས་བྱ་བ་ལ་སོགས་པ་ལ་གཅིག ་ནི་སྲོག་གི་ངོ་བོ་རླུང་བྱང་ཆུབ་སེམས་ཀྱི་བདག་ཉིད་ཅན་ནོ། །དང་པོ་ཞེས་བྱ་བ་ནི་མཆོག་གོ་།དགུ་དབུས་ན་ཞེས་བྱ་བ་ནི་རླུང་དགུ་པོ་རྣམས་ཀྱི་དབུས་ཏེ། སྙིང་པོ་ཞེས་བྱ་བའི་བར་དུའོ། །རླུང་དགུ་པོ་རྣམས་ནི་སྔར་བཤད་པའོ། །བཅུ ་ཡེས་ཞེས་བྱ་བ་ནི་རླུང་དགུ་དང། དང་པོའི་རླུང་སྲོག་གི་ངོ་བོ་དང་བཅུས་སོ། །གང་ཞིག་ཅེས་བྱ་བ་ནི་མངོན་པར་བརྗོད་པའི་སྔགས་ཀྱི་བདག་ཉིད་ཅན་ནོ། །མ་བཅིངས་པ་ཞེས་བྱ་བ་ནི་མ་ཞེན་པ་སྟེ། ཞི་བ་ལ་སོགས་པའི་ལས ་ཀྱི་ཚོགས་རྣམས་ལ་ཞེས་བྱ་བ་ཚིག་གི་ལྷག་མའོ། །དེ་ནི་བཅིངས་མེད་ཅེས་བྱ་བ་ནི། འདོད་པ་ཇི་ལྟ་བ་བཞིན་བྱ་བ་བྱེད་པའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །དེས་ཞེས་བྱ་བ་ནི་རླུང་གི་དེ་ཁོ་ན་ཉིད་གོམས་པ་དང་ལྡན་པའོ། །རིག་ཅེས ་བྱ་བ་ནི་རླུང་གི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་རྩལ་རྒྱུ་བའི་རིམ་པས་ཤེས་པའོ། །འདོད་ཆགས་ཀྱི་ཆོས་སྟོན་པས་ན་སྦས་པའོ། །ཡང་དེ་ཉིད་སྟོན་ཏེ། གཅིག་ཅེས་བྱ་བ་ལ་སོགས་པ་ལ། གཅིག་ནི་མི་རྒྱུ་བ་བརྗོད་དུ་མེད་པ་ནམ་མཁའ་ཨི་རང ་བཞིན་ཐར་ཟུག་པའི་ཡི་གེའོ། །དང་པོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་འབྱུང་བའི་གནས་སོ། །དགུ་དབུས་ན་ཞེས་བྱ་བ་ནི་དབང་པོ་ལྔ་དང་འབྱུང་བ་བཞི་མཐར་ཐུག་པ་ཡིན་ལ། གནས་དེ་ལ་གནས་པ་ཞེས་བྱ་བ་ནི་ཚིག་གི་ལྷག ་མའོ། །བཅུ་ཡིས་ཞེས་བྱ་བ་ནི་དབང་པོ་ལྔ་དང་ཡུལ་ལྔའོ། །འདི་རྣམས་ཀྱིས་སོ། །གང་ཞིག་ཅེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་སྤངས་པའི་རྣལ་འབྱོར་པའོ། །མ་བཅིངས་པ་ཞེས་བྱ་བ་ནི་རྣམ་པར་གཡེང་བ་བསྟེན་པར་མི་འགྱུར ་བའོ། །དེ་ནི་བཅིངས་མེད་ཅེས་བྱ་བ་ནི་མི་གཡོ་བའི་སེམས་སོ། །ཤེས་བྱས་ནས་ཞེས་བྱ་བ་ནི་ཁོང་དུ་ཆུད་པར་བྱའོ། །དེ་ཞེས་བྱ་བ་ནི་ཡེ་ཤེས་ལ་མངོན་པར་བརྩོན་པའོ། །ཤེས་ཞེས་བྱ་བ་ནི་ཉམས་སུ་མྱོང་བའི་དོན་ཏོ། །མཆོག ་ཅེས་བྱ་བ་ནི་ཆོས་ཀྱི་དབྱིངས་མི་ཤིགས་པའི་མཚན་ཉིད་ཅེས་བྱ་བ་སྟེ། རང་རིག་པའི་ངོ་བོ་དེ་ཉམས་སུ་མྱོང་བ་ཞེས་བྱ་བའི་དོན་ཏོ། །ཀུན་རྫོབ་ཀྱི་དོན་ཁོང་དུ་ཆུད་པས་ན་སྦས་པ་ཉིད་དོ། །ཡང་དེ་ཉིད་སྟོན་ཏེ་གཅིག་ཅེས་བྱ་བ་ནི ་གང་གི་ཕྱིར་རྟོགས་པར་དཀའ་བ། རྟག་པར་སྣང་བ་འོད་གསལ་བའི་ངོ་བོ་ཐིག་ལེ་ཡང་མི་ཤིག་པ་ཞེས་པ་ཆོས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་རྟེན་ཅིང་ཨ་ལ་གནས་པ་འབྱུང་བ་བཞི་ཡང་དག་པར་རིག་པའི་རང་བཞིན་ནོ། ། ་དང་པོ་ཞེས་བྱ་བ་ནི་དང་པོའི་ཡེ་ཤེས་ཏེ། མན་ངག་གི་དུས་སུ་ཐོག་མར་དེ་ཉམས་སུ་མྱོང་བའོ། །དགུ་དབུས་ན་ཞེས་བྱ་བ་ནི་པདྨ་འདབ་མ་བརྒྱད་པའི་འདབ་མ་ལ། ཨ་ཀ་ཙ་ཊ་ཏ་པ་ཨ་ཤ་ཞེས་བྱ་བ་བརྒྱད་དང། དགུ ་པ་ཐིག་ལེའི་ངོ་བོ་ཉམས་སུ་མྱོང་བ་ཡིན་ཏེ། གནས་པ་ཞེས་བྱ་བ་ནི་ཚིག་གི་དོན་ཏོ། །བཅུ་ཡིས་ཤེས་བྱ་བ་ནི་སེམས་ཀྱི་རྣམ་པར་རྟོག་པའི་གཡང་བ་རྣམས་ཀྱིས་སོ། །ཇི་སྐད་དུ་ཡོད་མེད་དང་ནི་སྒྲོ་འདོགས་སྐུར་འདེབས་རྟོག་པ་དང། །གཅིག ་དང་དུ་མ་ཉིད་དང་ཁྱད་པར་མེད་རྟོག་པ། །དོན་ལ་ཇི་བཞིན་མིང་ནི་མངོན་པར་ཞེན་རྟོག་པ། །རྒྱལ་བ་སྲས་དང་བཅས་པས་ཡང་དག་སྤང་བར་བྱ་ཞེས་གསུངས་སོ། །གང་ཞིག་ཅེས་བྱ་བ་ནི་རྣམ་པར་མི་རྟོག་པ་ལ་ལྷག་པར་གནས་པའི་རྣལ་འབྱོར་བའོ ་མ་བཅིངས་པ་ཞེས་བྱ་བ་ནི་ཞེན་པ་མི་བརྟེན་པའོ། །སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་ཀྱིས། ཇི་སྐད་དུ་རྣམ་པར་གཡེང་བ་བཅུ་པོ་ཡིས། །སེམས་ནི་གཞན་དུ་གཡེངས་པས་ན། །གཉིས་མེད་ཡེ་ཤེས་སྒྲིབ་པ་ཡིས། །སྣོད་དུ་བྱིས་པ ་འགྱུར་མ་ཡིན། །དེ་ནི་སྤངས་ཕྱིར་ཕན་ཚུན་དུ། །མི་མཐུན་པ་དང་གཉེན་པོ་དག་།ཤེས་རབ་ཕ་རོལ་ཕྱིན་པ་ཡི། །གཞུང་དུ་ཡང་དག་བསྡུས་ཏེ་བསྟན། །ཅེས་གསུངས་པའོ། །དེ་ནི་ཞེས་བྱ་བ་ནི་རྣམ་པ་དེ་ལྟ་བུ་དང་ལྡན་པའི་རྣལ་འབྱོར་པའོ། །ས ་བཅིངས་ཤེས་བྱ་བ་ནི་ཨས་བཅིངས་པས་ན་ཨས་བཅིངས་ཏེ། ཨར་བརྡར་བརྟགས་པའི་འོད་གསལ་བའི་ཡི་གེས་བཅིངས་ཤེས་དགར་བའི་དོན་ཏོ། །གང་ཡང་སྔར་བཤད་པ་ནི། ཨ་ལ་ཡོངས་སུ་གནས་པའི་ཐིག་ལེ་ཞེས་བཤད་ལ། འདིར་ཨས་བཅིངས ་པ་ཞེས་བྱ་བ་དེ་ཇི་ལྟ་བུ་ཞེ་ན། སྨྲས་པ། དེ་དག་ནི་གཅིག་པ་སྟེ། དེས་བས་ན་དེ་མེད་ན་ཐིག་ལེ་ཡང་བརྗོད་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །དེ་ཤེས་པ་ཞེས་བྱ་བ་ནི་དེའི་མི་ཟད་པའི་ཡེ་ཤེས་རང་རིག་པའི་ངོ་བོ་ཉམས་སུ་མྱོང་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས ་གསུམ་རྣམ་པར་དབྱེ་བ་སྟོན་པ་སྦས་པའི་བཤད་པ་རྣམ་པ་གསུམ་མོ། །མཐར་ཐུག་པས་བཤད་པ་སྟོན་ཏེ། གཅིག་ཅེས་བྱ་བ་ལ་སོགས་པ་ལ། གཅིག་ནི་མི་འགྱུར་བས་ཡི་གེ་ཨའོ། །དང་ཞེས་བྱ་བ་ནི་དང་པོར་གྱུར་པའི་ཡེ་ཤེས་ཀྱི་ངོ་བོ ་སྟེ་ཧཱུཾ་ངོ། །དགུ་དབུས་ན་ཞེས་བྱ་བ་ནི་ལུས་ཀྱི་གནས་དགུའི་ནད་ན་སྟེ། གནས་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཇི་སྐད་དུ། མགྲིན་སྙིང་ལྟེ་བ་གསང་བ་ཡིས། །པདྨ་ལ་གནས་ཧཱུཾ་དུ་གྲགས། མེ་ཆུ་དེ་བཞིན་རླུང་དང་ནི། །སའི་དཀྱིལ ་འཁོར་རྣམ་དག་པའོ། །ཞེས་གསུངས་པའི་བར་སྐབས་ཀྱིས་ཚིགས་སུ་བཅད་པ་འདི་ཉིད་བཤད་པ་བསྟན་ཏེ། མགྲིན་པའི་མེའི་དཀྱིལ་འཁོར་དང་པདྨ་ལ། སྙིང་གའི་ཆུའི་དཀྱིལ་འཁོར་དང་པདྨ་ལ། ལྟེ་བའི་རླུང་གི་དཀྱིལ་འཁོར་དང་པདྨ ་ལ། གསང་བའི་སའི་དཀྱིལ་འཁོར་དང་པདྨ་ལ། འདི་ལྟར་བརྒྱད་དང་ཡིད་དང་དགུ་།ནམ་མཁའ་ལྡན་པས་འབྱུང་བ་ཉིད་ཀྱི་གནས་པ་སྟེ་ཧཱུཾ་ངོ། །བཅུ་ཡིས་ཞེས་བྱ་བ་དགུ་པོ་དེ་རྣམས་དང། ནམ་མཁའ་དང་བཅུས་སོ། །གང་ཞིག་ཅེས་བྱ་བ་ནི་རྣམ ་པར་མི་རྟོག་པའི་རྣལ་འབྱོར་པའོ། །མ་བཅིངས་པ་ཞེས་བྱ་བ་ནི་མ་གོས་པའི་དོན་ཏོ། །མི་དམིགས་པའི་ཕྱིར་དང། དེ་སྲོག་གི་ངོ་བོ་ཡིན་པས་ནའོ། །དེ་ནི་ཞེས་བྱ་བ་ནི་ཡོན་ཏན་གྱི་ཚོགས་དང། ལྡན་པའི་དང་པོའི་ཡི་གེ་སྟེ། རྡོ་རྗེ་སེམས ་དཔའ་ཨི་རང་གི་ངོ་བོའོ། །བཅིངས་མེད་ཅེས་བྱ་བ་ནི་བསྡམས་པ་མེད་པའོ། །ཤེས་བྱ་ཞེས་བྱ་བ་ནི་རྟོགས་པར་བྱ་བའོ། །དེ་ཞེས་བྱ་བ་ནི་རྣལ་འབྱོར་པའོ། །ཤེས་ཞེས་བྱ་བ་ནི་ངེས་པའི་དོན་ཏོ། །མཆོག་ཅེས་བྱ་བ་ནི་ཡེ་ཤེས་ལྔའི་རང་གི ་ངོ་བོ་ཐོབ་པ་ཞེས་བྱ་བ་སྟེ། འོད་གསལ་བ་གསལ་བར་བསྟན་པ་ན། མཐར་ཐུག་པའོ། །སླར་ཡང་དེ་ཉིད་སྟོན་ཏེ། གཅིག་ཅེས་བྱ་བ་ལ་སོགས་པ་ལ། གཅིག་ནི་ཕྲ་བའི་ཁམས་འགྱུར་བ་མེད་པ། སེམས་དང་ལྷན་ཅིག་གཉིས་སུ་མེད ་པའི་ཡེ་ཤེས་སུ་གནས་པ། ཐབས་དང་ཤེས་རབ་སྙོམས་པར་འཇུག་པས་ཉི་མ་དང་ཟླ་བ་དང། མེ་ལྟར་འདྲེས་པར་གྱུར་པ། སྟོང་པ་ཉིད་གསུམ་དང། སྣང་བ་མཆེད་པ་རང་གི་ངོ་བོའོ། །དང་པོ་ཞེས་བྱ་བ་ལ་སོགས་པ་ལ ་དང་པོ་ནི་མི་ཤིགས་པའི་ཡི་གེ་ཨའོ། །དེ་ལས་ཡང་དག་པར་བྱུང་བས་དུས་གསུམ་པ། ཡི་གེ་གསུམ་བརྗོད་པ་སྤངས་པ་ཞེས་བྱ་བའི་དོན་ཏོ། །དགུ་ཞེས་བྱ་བའི་དེ་ཡང་སྒྲ་མཐར་ཕྱིན་པའི་སྡེ་ཚན་དགུའི་ནང་ན་གནས་པའོ། །གཞན་ཡང་དབུགས་འབྱུང་བ ་དང། དབུགས་རྡུབ་པ་དང་པོའི་རྣལ་འབྱོར་པ་སྟེ། མྱུར་བ་དང། གཉི་ག་མ་ཡིན་པ་དང། དལ་བ་ཅན་ཏེ། རྣམ་པར་ལྡང་བ་དང། འཇུག་པ་དང། གནས་པའི་མཚན་ཉིད་དོ། །བཅུ་ཡིས་ཞེས་བྱ་བ་ནི་དབང་པོ་དང། ཡུལ་རྣམས་ཀྱིས་སོ། །གང་ཞིག ་ཅེས་བྱ་བ་ནི་ཕྲ་བའི་ཁམས་སོ། །མ་བཅིངས་པ་ཞེས་བྱ་བ་ནི་རྗེས་སུ་ཞེན་པ་དང་བཅས་པར་མི་བྱའོ། །འདི་སྐད་གསུངས་ཏེ། ལྟེ་བའི་དབུས་མི་ཤིགས་པ་ལས་བྱུང་བའི་ཡི་གེ་གསུམ་དང། དེ་ལས་ཨཱ་ལི་དང་ཀཱ་ལིའོ། །དེ་དག་ལས་དབུགས་དབྱུང ་བ་དང་རྡུབ་པ་སྟེ། ཉི་མ་དང་ཟླ་བ་ཐབས་དང་ཤེས་རབ་དེ་དག་ངེས་པར་སྦྱངས་པས་འཇུག་པ་དང། གནས་པ་དང། ལྡང་བའི་མཚན་ཉིད་ཅན་དེས་བདེ་བ་ཆེན་པོར་གནས་པར་རྟོགས་ནས། སྟོང་པ་གསུམ་གྱི་གསལ་བ་ཉམས་པར་བྱུང་ན་འོད ་གསལ་བ་མངོན་དུ་བྱེད་པས་ན། དབང་པོ་དང་ཤེས་པས་མེད་ན་རྣམ་པར་རྟོག་པས་ཟན་མ་བཅིངས་པའོ། །ཡི་གེ་གསུམ་ཉིན་མཚན་ཕྱེ་མར་རྒྱུན་ཏུ་གྱུར་ཅེས་བྱ་བ་དེའི་མཐར་ཐུག་པའི་དོན་ཏེ། དེ་ནི་ཡོན་ཏན་གྱི་ཚོགས་ཀྱི་གནས་ཤེས་བྱ ་བའི་ཐ་ཚིག་གོ། །ས་བཅིངས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རྣལ་འབྱོར་ཅེས་བྱ་བའི་བར་དུའོ། །དེ་ཞེས་བྱ་བ་ནི་ཡེ་ཤེས་མཐར་ཕྱིན་པའི་རྣལ་འབྱོར་པའོ། །ཤེས་པ་ནི་ཉམས་སུ་མྱོང་བའོ། །མཆོག་།ཅེས་བྱ་བ་ནི་ལྷུན ་གྱིས་གྲུབ་པ་མཐར་ཐུག་པའི་ཡེ་ཤེས་ཀྱི་རྒྱུན་ཉིན་རེ་རེ་བཞིན་ཉམས་སུ་མྱོང་བ་ཞེས་བྱ་བའི་ཟུང་དུ་འཇུག་པ་གསལ་བར་བྱེད་པས་ན་མཐར་ཐུག་པས། ཤེས་པའི་དོན་གྱི་ཚིགས་སུ་བཅད་པའོ། །འདིས་མཛའ་དྲུག་རྣམ་ལ་དབྱེ་བ་རབ་ཏུ་སྟོན་ཏེ། གང ་གི་ཕྱིར་རྩ་བ་ནི་དགོངས་པས་བཤད་པའོ། །ཡི་གེའི་དོན་གྱིས་ནི་དགོངས་པ་མ་ཡིན་པས་བཤད་པའོ། །སིའི་དོན་གྱིས་ནི་དྲངས་པ་དང་ངེས་པའི་དོན་ཏོ། །སྤས་པའི་དོན་གྱི་ནི་སྒྲ་ཇི་བཞིན་པ་མ་ཡིན་པའོ། །མཐར་ཐུག་པས་ནི་སྒྲ་ཇི་བཞིན་པའོ། །དེ་ཉིད་བརྟག་པར ་མཛའ་དྲུག་གི་རྗེས་སུ་འབྲངས་ནས། བཤད་པ་རྣམ་བཞིའི་རིམ་པ་ཚིགས་སུ་བཅད་པ་དང་པོ་དོན་བརྒྱད་ཀྱིས་བཤད་ནས། ཡང་དོན་དེ་ཉིད་གསལ་བར་བསྟན་ཏེ། དབྱངས་དང་གསལ་བྱེད་ཡི་གེ་སྟེ། །ཞེས་བྱ་བ་ལ་སོགས་པ་ལ། དབྱངས་དང་གསལ ་བྱེད་དང། ཡི་གེ་ནི་དབྱངས་དང་གསལ་བྱེད་དང་ཡི་གེའོ། །དབྱངས་ནི་ཨ་ལ་སོགས་པ་བཅུ་དྲུག་གོ་གསལ་བྱེད་ནི་ཀ་ལ་སོགས་པ་ཉི་ཤུ་རྩ་ལྔའོ། །ཡི་གེ་ནི་ཡ་ལ་སོགས་པ་བརྒྱད་དོ། །གྲངས་དགུའི་ཞེས་བྱ་བ་ལ། དབྱངས་རྣམས་ལ་ཐུང་ངུ་དང། རིང་པོའི་བྱེ་བྲག་གིས ་སྡེ་ཚན་གཉིས་སོ། །གསལ་བྱེད་ལྔ་ལྔ་པ་རྣམས་ཀྱི་སྡེ་ཚན་ལྔའོ། །ཡི་གེ་ལ་སྡེ་ཚན་རྣམ་པ་གཉིས་ཏེ། འདི་ལྟར་གྲངས་དགུའོ། །དེའི་རྗེས་སུ་འཇུག་པའི་ངང་ཚུལ་ཅན་གང་ཡིན་པ་དེ་རྣམས་ནི་གྲངས་དགུའི་རྗེས་སུ་འཇུག་པའོ། །ས་བཅིངས་ཞེས་བྱ་བ ་ནི་མ་ཉམས་པའི་སྒོར་གནས་ཞེས་བྱ་བའི་དོན་ཏོ། །གང་ཞིག་ཅེས་བྱ་བ་ནི་ཐབས་དང་ཤེས་རབ་སྙོམས་པར་འཇུག་པས་མཉམ་པའི་རོ་མྱོང་བ་ལ་མངོན་པར་བརྩོན་པའི་རྣལ་འབྱོར་པའོ། །དགོད་ཅེས་བྱ་བ་ནི་སྙིང་གའི་པདྨའི་ལྟེ་བའི་དབུས་སུ་གནས་པའི་ཉི ་མ་དང་ཟླ་བའི་འོད་ཟེར་འཁྲིགས་པའི་ནང་དུ་བསྒོམ་པར་བྱ་ཞེས་བྱ་བའི་དོན་ཏོ། །ཉེ་བར་སྒྲུབ་པ་དང་བཅས་པའི་སྐད་ཀྱིས་དབྱིངས་ནི་དོན་དུ་མ་ཉིད་པས་ན་དགོད་ཅེས་བྱ་བ་ནི་བསྒོམ་པའི་དོན་དུ་འཇུག་པའོ། །སྦྱོར་བས་ནི་བསྒོམ་པ་གསལ་བར་སྟོན་པར་འགྱུར་བའི ་ཕྱིར་རོ། །གང་གི་སྒྲ་རྣམ་པ་གཉིས་སུ་བཟླས་པའི་དོན་ལ་སྐྱོན་མེད་པའོ། །དེ་ནས་གང་དང་གང་སུ་ཞིག་གོམས་པ་དེ་འགྲོ་བའི་བླ་ཞེས་བྱ་བར་སྦྱར་རོ། །ཕན་ཚུན་དག་སྦྱོར་ཞེས་ཁ་ཅིག་འཆད་དེ། བཤད་པ་དེ་ནི་སྦྱོར་ཉེས་སུ་མཐོང་བས། ཁོ་བོ ་ཅག་ཡིད་མགུ་བར་བྱེད་པ་མ་ཡིན་ཏེ། དོར་བར་བྱའོ། །གང་གིས་ཞེས་བྱ་བ་ནི་རྣལ་འབྱོར་བའོ། །ཤེས་ཞེས་བྱ་བ་ནི་གང་ཅུང་ཟད་རང་དགའ་བར་བྱེད་པ་ངེས་ཉམས་སུ་མྱོང་བ་སྟེ། དེ་སྙིང་གའི་པདྨའི་ལྟེ་བའི་དབུས་སུ་སྔར་བཤད་པའི་ཡི་གེའི་ཕྱི ་མོ་ཉིད་ཅེས་བྱ་བའི་དོན་ཏོ། །འགྲོ་བའི་བླ་ཞེས་བྱ་བ་ནི་འགྲོ་བ་གསུམ་པོའི་ཡང་བདག་པོར་དེ་གྱུར་ཏོ་ཞེས་བྱ་བ་སྟེ། ཚིག་གི་ལྷག་མའོ། །འབྱུང་བའི་མཛའ་དང་ཞེས་བྱ་བ་ལ་སོགས་པ་ལ། འབྱུང་བའི་སྒྲས་ནི་ཡ་ལ་སོགས་པའི་སྡེ་ཚན། མངོན་པར ་འདོད་དོ། །འབྱུང་བ་བཞིའི་ས་བོན་གྱི་རང་བཞིན་ཉིད་པས་ན་ཞེས་བྱ་བ་ནི་དང་པོའོ། །མཛའ་ཨི་སྒྲས་ནི་ཤ་ལ་སོགས་པའི་སྡེ་ཚན་ཏེ་དེ་བས་ན་ཡང་དག་ལྡན། བྱ་བ་ནི་འདྲེས་པར་འགྱུར། །ཅེས་བྱ་བ་སྟེ་གཉིས་པའོ། །ཆ་ལ་སོགས་པ་ཞེས་བྱ་བ་ལ། ཨ ་ལ་སོགས་པ་བཅུ་དྲུག་སྟེ། དེར་གནས་ཞེས་བྱ་བ་ནི་གསུམ་པའོ། །ལྔ་པ་ཞེས་བྱ་བ་ལ་སོགས་པ་ལ་ཀ་ལ་སོགས་པ་ལྔ་ལྔ་པའི་སྡེ་ཚན་ནོ། །ཡང་དག་ལྡན་ཞེས་བྱ་བ་ནི་སྦྱར་བ་ཞེས་བྱ་བ་ནི་སྟེ་བཞི་པའོ། །བཞི་ནི་ཞེས་བྱ་བ་ནི་ཡི་གེ་བཞི་སྟེ། ཡང ་དང་ཤ་དང་ཨ་དང་ཀའོ། །གསུམ་ཞེས་བྱ་བ་ནི་ཡི་གེ་གསུམ་གྱི་ངེས་པར་སྦྱར་བ་སྟེ། ཡོངས་སུ་གྱུར་ཅེས་བྱའོ། །ཇི་ལྟར་ཞེ་ན། མོ་དང་ཕོ་དང་མ་ནིང་གི་ངོ་བོས་སོ། །མོ་དང་ཕོ་དང་མ་ནིང་དེ་རྣམས་ལ་ཡང་འོག་གི་ཚིག་ལེའུར་བྱ་བའི་ཕྱོགས ་གཅིག་གིས་འཆད་པར་འགྱུར་དུ་ཟིན་ཀྱང། འདིར་དགོངས་པ་ནི་དེ་བཤད་པར་འགྱུར་བའོ། །དེ་ལ་ཨ་ལ་སོགས་པའི་ཡི་གེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནི་མོའི་ངོ་བོའོ། །དེ་བས་ན་དེ་ཡོངས་སུ་གྱུར་པ་ནི་པདྨའི་རིགས་དང ་ངག་རྡོ་རྗེའི་ས་བོན་ཨའོ། །ཀ་ལ་སོགས་པ་ནས་སོ་སོའི་མཐར་ཐུག་པ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པས་ན། ཐུགས་ཀྱི་ས་བོན་བསྐྱེད་པའི་མཚན་ཉིད་ཧཱུཾ་སྟེ་ཕོའི་ངོ་བོའོ། ། དང་ཀའི་ངོ་བོ་ཕྱོགས་གཉི་ག་ལ་བརྟེན་པ་ཐབས ་དང་ཤེས་རབ་གཅིག་པའི་ངོ་བོ་ནི་དབྱངས་ཀྱི་ཡི་གེ་དང་པོས་སྦྱར་བས་ན། སྐུ་རྡོ་རྗེའི་ས་བོན་མ་ནིང་གི་ངོ་བོ་སྟེ། ཨོཾ་ཞེས་བྱ་བ་ཡི་གེ་གསུམ་གྱིས་རིགས་པ་འདིས་ངེས་པར་སྦྱར་བ་ནི། རབ་ཏུ་སྤྲས་ཤིང་བྱ་བའི་ཐ་ཚིག་གོ་།སྔར་བཤད་པ་བསྡུས་ནས ་སྟོན་ཏེ། རྗེས་འཇུག་དབྱངས་བཅས་ཞེས་བྱ་བ་ལ་སོགས་པ་ལ་ཐུང་ངུ་མ་ལུས་ངག་ཏུ་འགྱུར་ཞེས་བྱ་བར་སྟེ། ངག་ཐམས་ཅད་བསྐྱེད་པའི་རྒྱུ། །ཞེས་བྱ་བའི་དོན་ཏོ། །རྗེས་སུ་འཇུག་པའི་དབྱངས་ནི་ཐིག་ལེ་ཏེ། ལྷན་ཅིག་པར་འཇུག་པས་ན་རྗེས་སུ་འཇུག་པའི ་དབྱངས་ཞེས་བྱའོ། །རིང་པོར་བཅས་ཞེས་བྱ་བ་ནི་ཨ་རིང་པོ་ཡང་དེ་བཞིན་ནོ། །ཡོན་ཏན་སྦྱོར་བ་ཞེས་བྱ་བ་ལ། ཡོན་ཏན་དང་སྦྱོར་བ་དེ་དག་ནི་ཡོན་ཏན་སྦྱོར་བའོ། །ཡོན་ཏན་གྱིས་སྒྲས་ནི་ཡི་གེ་ཧའོ། །སྦྱོར་བའི་སྒྲས་ནི་ཡི་གེ་ཨུའོ། །ཧཱུཾ་ཞེས་བྱ་བ་ནི་བསྡུས་པ ་ཡིན་ནོ། །ཕྱིས་དང་ལྡན་ཞེས་བྱ་བ་ནི། གང་ལ་བྱིས་པ་ཡོད་པ་དེ་ལ་ཕྱིས་བ་དང་ལྡན་པ་སྟེ། ཐུང་ངུ་ཉིད་དོ། །དེ་བས་ན་དོན་ཅི་ལྟ་བུ་ཞེ་ན། སྦྱོར་བ་དབྱི་བ་བྱས་ནས། གང་ལུས་པའི་གཟུགས་ཡོད་པ་ཙམ་གྱི་མཚན་ཉིད་ནི་དག་ཐམས་ཅད་སྐྱེད་པའི་རྒྱུ་མཚན་ཞེས ་བྱ་བའི་དོན་ཏོ། འདི་ལྟ་སྟེ་ཨོཾ་ཨཱ(རྒྱུད་འགྲེལ་ཅེས་བྱ་བའི་དོན་ཏོ། །གསུམ་པ་ཡང་ཡི་གེའི་མགོ་དང། ཧ་དང་ཨུ་དང་ཟླ་ཚེས་དང། ཐིག་ལེའི་གཟུགས་རྣམ་པ་བཞི་ལས་གསུམ་ཕྱིས་ནས། ཨ་དེ་ཉིད་མ་ལུས་པའོ། །དེ་འདི་ལྟར་གྱུར་པ་ཡིན་ན་བྱེད་པ་དང། རྣམ་པར་འབྱེད་པ་དང། བསྡུ་བ་དང། རྟགས་དང། ་སྐྱེས་བུ་དང། བྱ་བ་དང། ཚིག་དང་མཚམས་སྦྱར་བ་དང་དུས་དང། གཞན་གྱི་ཚིག་དང། བདག་གི་ཚིག་དང། དབྱེ་བ་དང། ཕན་པ་ལ་སོགས་པ་འཇིག་རྟེན་གྱི་བསྟན་བཅོས་རྣམས་དང། འཇིག་རྟེན་ལས་འདས་པ ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་རྒྱུའི་གཙོ་བོར་ཡང་ངེས་འགྱུར་བའི་དོན་ཏོ། །དེ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་དེ་སྟོན་ཏེ། །གཅིག་མིན་ཞེས་བྱ་བ་ལ་སོགས་པ་ལ། དེ་ཉིད་འོད་གསལ་བ་རྒྱུན་མི་འཆད ་པར་སྣང་བ་དེས་ན། རྡོ་རྗེ་འཆང་གི་སའི་མཚན་ཉིད་ཁོ་ནས་ཅིག་དད་དུ་མའི་རྟོག་པ་སྤངས་པ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ་རྡོ་རྗེའི་དཀྱིལ་འཁོར་གྱིས་རྒྱན་ལས་སྙིང་གའི་དབུས་ནས་མི་ཤིགས་པ། མར་མེ་ལྟ་བུར་འབར་བ་ཡི། །མཆོག་ཏུ་ཕྲ་བའི ་ཡི་གེ་ནི། །ཡི་གེ་དམ་པ་ཨར་ཤེས་བྱ། །ཞེས་གསུངས་པའོ། །ད་ནི་ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཀྱི་ཡེ་ཤེས་གསུམ་གྱི་མོ་དང། ཕོ་དང་མ་ནིང་བཤད་པ་སྟོན་ཏེ། ཡི་གེ་གང་ཞིག་བྱམས་པ་ལ་སོགས་པ་ལ་ཡི་གེ་ནི་གང་ཞིག ་སྔར་བཤད་པ་རྣམས་ཏེ། འདིར་དབྱངས་དང་གསལ་བྱེད་ཅེས་བྱ་བ་ལ་སོགས་པའོ། །གང་ཞིག་སྔོན་དུ་ཕྱོགས་པ་ནི་གཙོ་བོར་གྱུར་པ་དེས། དེའི་དབུས་ན་གནས་པའི་ཡི་གེའི་སྒྲས་བསྟན་པ་ནི། ཡ་ར་ཝ་སྟེ། ལས་ལ་ཉེ་བར་སྦྱོར་བ་གཉིས་སོ། ། ་དེ་ཐམས་ཅད་ཁམས་ལ་སོགས་པ་ཡོངས་སུ་བརྟགས་པར་གྱུར་ན། མོ་དང་ཕོ་དང། མ་ནིང་གི་བྱེ་བྲག་གིས་དབྱེ་བ་ཡིན་ཏེ། །འགྱུར་ཞེས་བྱ་བའི་དོན་ཏོ། །སོགས་ཞེས་བྱ་བའི་སྒྲས་རྐྱེན་དང། རྣམ་པར་དབྱེ་བ་དང། བྱེད་པ་ལ་སོགས་པ ་བཟུང་སྟེ། འདི་སྐད་དུ། ཨའི་རྗེས་སུ་འགྲོ་བས་ན་རླུང་གིས་བསྐྱོད་པའི་སྒྲས་ཨཱ་ལི་ཀཱ་ལིའི་རང་བཞིན་དུ་འབྱུང་བར་འགྱུར་ཏེ། དེ་ལས་བྱུང་བར་གྱུར་པ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསྟན་བཅོས་ཞེས་བྱ་བའི་དོན་ཏོ། ་ཞེས་གསུངས་སོ། །རླུང་དང་ནམ་མཁའ་ལས་བྱུང་ལུས་ལས་ནི། །ཀུན་ཏུ་བྱུང་ནས་ངག་གི་སྒྲར་གྱུར་ཏེ། །གནས་གཞན་རྣམས་སུ་བྱེ་བྲག་གྱུར་ནས་ནི། །ཡི་གེ་ཉིད་གྱུར་གང་ཡིན་དེ་སྒྲའོ། །ཡང་ན་མོ་དང། ཕོ་དང། མ་ནིང་གི་བྱེ་བྲག་གིས་གང ་མིའི་ལུས་སུ་གནས་པ་སྟེ། །དེ་ཐམས་ཅད་བྱང་ཆུབ་ཀྱི་སེམས་ལས་ཀུན་ཏུ་འབྱུང་བ་ཉིད་ཀྱིས་སོ། །ཁམས་ལ་སོགས་པར་རབ་ཏུ་བརྟག་ཅེས་བྱ་བ་ནི་ཤེས་པར་བྱ་ཞེས་བྱ་བའི་དོན་ཏོ། །ཁམས་ཀྱི་སྒྲས་ནི་འདིར་ས་དང་ཆུ་དང། མེ་དང་རླུང ་དག་ལ་མངོན་པར་འཐད་དོ། །སོགས་པའི་སྒྲས་ཕུང་པོ་དང་སྐྱེ་མཆེད་རྣམས་སོ། །འོག་ནས་སྟེང་དུ་ཞེས་བྱ་བ་ལ། འོག་དང་སྟེང་གི་སྒྲས་ཡི་གེ་གསུམ་བརྗོད་པར་བྱ་སྟེ། གང་གི་ཚེ་རླུང་ལུས་ཀྱི་ནང་རྒྱུད་ཀྱི་གནས་སུ་འཇུག་པ་དེའི་ཚེ་སྐུ ་རྡོ་རྗེའི་ས་བོན་ཨོཾ་མོ། །གཞན་ཡང་ལྡན་པ་ལས་མི་ཤིགས་པ། ཐུགས་རྡོ་རྗེའི་ས་བོན་ཧཱུཾ་ངོ། །དེ་གཉིས་ལ་བརྟེན་པའི་ངོ་བོས་གསུང་གི་རྡོ་རྗེའི་ས་བོན་ཡི་གེ་ཨཱ(རྒྱུད་འགྲེལ་ནིང་གི་བྱེ་བྲག་གིས་འོག་ནས་སྟེང་དུ་ཡང་དག་པར་ལྡང་བ་སྟེ། །འཇུག་པ་དང། གནས་པ་དང། ལྡང་བའི་སྦྱོར་བས་རྣམ་ཕྱེ་བས་ན་ཡི་གེ་གསུམ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །འདི་ལྟར་རླུང་གི་གཞོན་པ་དང་ཡང་དག་པར་ལྡན་པས་ཉིན་མཚན ་བྱེད་པ་དེ་བསྒོམས་ནས་ཏེ། ཤེས་ནས་ཞེས་བྱ་བ་ཁོང་དུ་ཆུད་ནས་ཤེས་བྱ་བའོ། །འོད་གསལ་བ་རྣམ་པར་དག་བའི་ཤེས་རབ་ཀྱིས་ཀྱང་ཁོང་དུ་ཆུད་ནས་ངེས་པར་སྦྱར་ཞེས་བྱ་བ་ནི་ངེས་པར་ལྡན་པར་འགྱུར་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་བཟླས་པའི་རྒྱུའི་ཡི་གེ ་གསུམ་ཞེས་བྱ་བའི་དོན་ཏོ། །བརྗོད་པ་ཡི་ནི་ཞེས་བྱ་བ་ལ་སོགས་པ་ལ། གང་ཞིག་འདིར་ཡང་ཡི་གེ་སྔར་བཤད་པ་གསུམ་གྱི་བདག་ཉིད་ཅན་གྱི་སྔགས་དེ་བརྗོད་པར་བྱ་བ་སྟེ། ངག་ཐམས་ཅད་ཀྱི་རང་བཞིན་གྱི་སྔགས་རྣམས་འཇུག་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེ་ཡང ་དངོས་པོ་མེད་པར་གཅིག་པའི་ངོ་བོ་མི་ཤིགས་ལས་བྱུང་བ་ཞེས་བྱ་བའི་བར་དུའོ། །དེ་ནས་ཡོངས་སུ་གྱུར་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཡི་གེ་གསུམ་ཡོངས་སུ་གྱུར་པ་དེ་ལས་བྱུང་བ་ནི། ཇི་ལྟ་བུའི་གཟུགས་ཤེ་ན་ཞལ ་གསུམ་ཕྱག་དྲུག་པ་ལྟ་བུའི་རྡོ་རྗེ་འཆང་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཡོངས་སུ་གྱུར་ཅེས་བྱ་བ་ནི་འོ་མ་ལྟར་རོ་ཇི་སྐད་དུ་གཞན་དུ་སྔར་གྱི་ཆོས་ཉམས་ནས། གང་ཚེ་གང་ཞིག་ཉེར་ལེན་ཅིང། །ཆོས་ཅན་དེ་ཉིད་མི་འཇིག་པ། །ཡོངས་སུ་གྱུར ་པར་དེ་བརྗོད་དེ། །ཞེས་འབྱུང་བའོ། །གང་ཞིག་ལྷར་ནི་ཞེས་བྱ་བ་ལ། ལྷའི་ངོ་བོ་ཉེ་བར་མཚོན་པ་ནི་ཐོག་ཅེས་བྱ་བར་རྣམ་པར་སྦྱར་རོ། ། ཡིས་ཞེས་བྱ་བ་ལ་སོགས་པ་ལ། ཨ་ནི་སྟོན་པར་བྱེད་པ་སྟེ། གང་གི་བསྟན ་པའི་ཡེ་ཤེས་དེ་ནི་ཨས་བསྟན་ཡེ་ཤེས་སོ། །དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྙིང་པོ་གཙོ་བོར་གྱུར་པ་ཡིན་ཞེས་བྱ་བའི་ཐ་ཚིག་སྟེ། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག་།ཅེས་གསུངས་པའི་ཕྱིར་རོ། །ད་ནི་ཡི་གེ་གསུམ ་པོ་ཉིད་ཀྱི་འབྱུང་བ་དང། གནས་པ་དང། བསྡུ་བའི་བྱ་བ་སྟོན་ཏེ། ཧཱུཾ་གི་ཞེས་བྱ་བ་ལ་སོགས་པ་ལ། ཡི་གེ་ཧཱུཾ་ནི་ཐུགས་ཀྱི་ས་བོན་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་དེ་ཉིད་རྣམ་པར་ཤེས་པ་སྟེ། རྣམ་པར་ཤེས་པ་ཉིད་མཚམས ་སྦྱོར་བར་རུང་བ་ཉིད་ཀྱི་ཕྱིར་རོ། །ཇི་སྐད་དུ་སྲིད་པ་བར་མའི་རྒྱུན་གྱི་ནི། མར་མེ་བཞིན་དུ་མངལ་དུ་འགྲོ་ཞེས་གསུངས་ཏེ། སེམས་ཅན་སྐྱེད་པའི་རྒྱུ་སེམས་ཀྱི་ས་བོན་ཡི་གེ་ཧཱུཾ་སྟེ་སེམས་ཅན་སྐྱེད་པར་བྱེད་པའི་དོན་ཏོ། །ཇི་ལྟ་བུར་ཞེ་ན། ་སངས་རྒྱས་སྐུར་ནི་ཞེས་བྱ་བ་ལ་སོགས་པ་ལ། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྙིང་པོ་ཅན་ཞེས་བྱ་བའི་རིགས་པ་འདིས་སེམས་ཅན་སངས་རྒྱས་ཀྱི་ངོ་བོར་རབ་ཏུ་བརྟག་པར་བྱ་སྟེ། ཇི་སྐད་དུ་འདི་ན། ། ་སྐལ་མིན་ཡོད་མིན་པས། །སངས་རྒྱས་སུ་ནི་ཐམས་ཅད་འགྱུར་ཞེས་གསུངས་པའོ། །ོཾ་ཞེས་བྱ་བ་ལ་སོགས་པ་ལ། ཨོཾ་ནི་བརྟག་པ་ཆེན་པོའི་ས་བོན་ཏེ། དེ་ཡང་སེམས་ཅན་ཐམས་ཅད་སྡུད་པར་བྱེད་པའོ། །རྟག་བ་ཆེན་པོ་??་ཡོངས་སུ ་གྱུར་ནས་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྗེས་སུ་རབ་ཏུ་འཇུག་ཅིང་ཕུན་སུམ་ཚོགས་པར་བྱེད་ཅེས་བྱ་བའི་བར་དུའོ། ། ནི་ཞེས་བྱ་བ་ལ་སོགས་པ་ལ། ཨ་ནི་འོད་དཔག་ཏུ་མེད་པའི་ས་བོན་ཏེ། དེ་ཡང་སེམས་ཅན་ཐམས་ཅད་གནས་པར་བྱེད་པ། དག ་བརྗོད་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །རྣམ་པ་གཞན་དུ་ངག་རྗོད་པར་བྱེད་པ་མ་ཡིན་ན་ལུས་ཤིང་རྩིག་པ་ལྟ་བུར་གནས་པར་ཤེས་པར་བྱའོ། །གནས་པའི་ངོ་བོ་ཉིད་ཀྱི་འགྲོ་བ་འཇུག་པ་ལ་སོགས་པའི་རིམ་པས་བཟླས་པ་དང། བསྒོམ་པའི་དོན ་ལ་བརྩོན་པ་དང་ལྡན་པ་ཞེས་བྱ་བ་བཤད་པ་སྟོན་ཏེ། འཇུག་པ་ལ་སོགས་པའི་མཚན་ཉིད་ནི་འོག་ནས་སྟོན་ཏོ། །རིམ་གྱིས་ཞེས་བྱ་བ་ནི་གསུམ་གྱི་བདག་ཉིད་ཅན་གྱི་རིམ་པས་སོ། །སྔགས་ཀྱི་ཡན་ལག་མཉམས་བཟླས་ཞེས་བྱ་བ་ལ་སྔགས་ཞེས་བྱ་བ་མནྟའི ་སྤྲས། མ་ནི་ཡིད་ལ་བྱེད་པ་ཡིན་ལ། །ཏྲ་ནི་སྐྱོབ་བ་ཡིན་པས། ཡིད་ལ་བྱེད་པ་སྐྱོབ་པའོ། །མ་ཉམས་ཞེས་བྱ་བ་ནི་ལྷ་དང་མི་ཕྱེད་པར་སྤོར་བའོ། །གང་ཞིག་ཟླས་ཞེ་ན། ཤེས་རབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་ནི་ཆོས་ཐམས་ཅད་བདག་མེད ་པར་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ཅན་ནོ། །གྲགས་ནི་སྙིང་རྗེ་ཆེན་པོའོ། །དེ་དག་གི་གནས་མི་འགྱུར་བའི་ངོ་བོ་བསྒོམ་པས་ན། དེ་ལ་གནས་པའི་རྣལ་འབྱོར་པས་གསང་སྔགས་བཟློས་པར་བྱེད་ཅེས་བྱ་བའི་དོན་ཏོ། །ད་ནི་བཟླས་པའི་གྲངས་སྟོན་ཏོ། །གོས ་དཀར་མོ་ཞེས་བྱ་བ་ལ་སོགས་པ་ལ། འབྱུང་བ་བཞིའི་དཀྱིལ་འཁོར་བྱིན་གྱིས་རློབ་པའི་ལྷ་མོ་ཡིན་སྟེ། ཇི་སྐད་དུ། ས་ནི་སྤྱན་དུ་ཤེས་པར་བྱ། །ཆུ་ཁམས་མཱ་མ་ཀཱིར་བཤད་དེ། །མེ་ཡི་དཀྱིལ་འཁོར་གོས་དཀར་མོ། །རླུང་ནི་སྒྲོལ་མར་རབ་ཏུ་གྲགས ་ཞེས་གསུངས་པའོ། །དེ་ཉེ་བར་མཚོན་པའི་བཟླས་པ་བྱ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུ་ཞེ་ན། ལྔ་པ་ཞེས་བྱ་བ་ལ་སོགས་པ་ལ་བརྒྱ་ཕྲག་གཉིས་དང་ཉི་ཤུ་ལྔ་ནི། ལྷ་སོ་སོའི་བཟླས་བ་སྟེ། འདི་སྐད་དུ་གྲངས་ཀྱི ་ཚད་དགུ་བརྒྱར་འགྱུར་བའི་ཕྱིར། ལྷ་མོ་རེ་རེ་ལ་བརྒྱ་ཕྲག་གཉིས་དང། ཉི་ཤུ་ལྔར་གསུངས་སོ། །རྣམ་པ་གཞན་དུ་ན་བདག་པོའི་བཟླས་པ་མ་རྟོགས་པར་ལྷ་མོའི་བཟླས་པ་ཅི་ལྟར་འབྱུང་ཞེ་ན། དེ་ཉིད་བསྟན་པར་བྱ་སྟེ། བཞི་པ་ཞེས་བྱ་བ ་ལ་སོགས་པ་ལ། བརྒྱ་ཕྲག་གཉིས་ནི་ཉི་ཤུ་ལྔས་ལྷག་པའི་གྲངས་ལྷ་མོ་བཞི་ཉེ་བར་མཚོན་པར་དཀྱིལ་འཁོར་གྱི་གྲངས་ཀྱིས་དགུ་བརྒྱར་འགྱུར་ཏེ། ལགས་པར་ཞེས་བྱ་བ་ནི་བློ་མ་ཡེངས་པས་སོ། །སྦྱོར་བ་བཞི་ཞེས་བྱ་བ་ལ། ལྷ ་བཞིའི་སྦྱོར་བའི་དབང་དུ་བྱས་ནས་བྱ་བའི་དོན་ཏོ། །དགུ་བརྒྱ་དག་ཏུ་གང་བསྟན་པ་ཞེས་བྱ་བ་ལ། བསྟན་པ་ནི་དམིགས་པ་སྟེ། དེ་ཉི་ཤུ་རྩ་བཞི་འགྲེངས་སུ་བསྒྲེས་པས་ཁྲི་ཕྲག་གཉིས་དང་ཆིག་སྟོང་དྲུག་བརྒྱར་འགྱུར་རོ། །ཇི་ལྟར་ཞེ་ན། སོ ་སོར་འབྱུང་བ་ལས་ཞེས་བྱ་བ་སྟེ། སོ་སོ་ཞེས་བྱ་བའི་སྒྲ་ནི་འདིར་ཟླས་པའི་དོན་དུ་ཤེས་པར་བྱའོ། །དེ་བས་ན་སོ་སོར་འབྱུང་བས་འཕེལ་ཞིང་སྒྲེ་ཞེས་བྱ་བའི་བར་དུའོ། །ཁྲི་ནི་སྟོང་ཕྲག་བཅུའོ། །དེ་ནི་སོ་སོར་འབྱུང་བ་སྟེ། གྲངས་ཀྱི་སྦྱོར ་བ་འདིས་ཉིན་དང་མཚན་ལ་ཁྲི་ཆིག་སྟོང་དྲུག་བརྒྱ་སྟེ། བཟླས་པའི་གྲངས་གསུངས་པའོ། །ནང་གི་དུས་ཀྱི་སྐད་ཅིག་འདི་འདུས་ཀྱི་སྐད་ཅིག་འདི་ཉིད་འདུས་པའི་རྒྱུད་ཕྱི་མ་ལས་རིག་པའི་ཆོ་ག་ཞེས་བྱ་བ་ལ་སོགས་པ་སྟོན་ཏེ། རིག་པ་དང་ཆོ་ག་ནི་རིག་པའི ་ཆོ་ག་སྟེ། ཟླས་དབྱེ་བའོ། །རིག་པ་ནི་ཤེས་རབ། ཆོ་ག་ནི་ཐབས་ཏེ། །དེ་དག་གི་ཐབས་ཀྱི་བྱ་བ་བསྒོམ་ཞིང་གོམས་པ་དེ་ཡིས་སོ། །གཞན་ཡང་ཐུན་མཚམས་བཞི་ཞེས་བྱ་བ་ལ་སོགས་པ་ལ། ནང་གི་བདག་ཉིད་ཅན་གྱི་དུས་ནི ་ཐུན་མཚམས་བཞི་སྟེ། སོ་སོའི་དཀྱིལ་འཁོར་རོ། །རབ་ཏུ་སྦྱོར་བ་ནི་རབ་ཏུ་འབྲེལ་བ་སྟེ། བསལ་ཞིང་བསྒོམ་ཞེས་པའི་དོན་ཏོ། །དེ་ལ་ཐུན་མཚམས་བཞི་ནི་ཐོ་རངས་དང་ཉི་མ་ཕྱེད་དང། ན་མ་སྲོས་པ་དང། མཚན་ཕྱེད་དེ། དེ་རབ་ཏུ་སྦྱོར་བའོ། །མཉམས ་བཟླས་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཚན་བཞི་ཞེས་བྱ་བ་ལ་སོགས་པ་ལ། ཚན་ནི་ནང་གི་བརྡའི་གནས་ཏེ་རླུང་ལ་སོགས་པའི་དཀྱིལ་འཁོར་གང་ཞིག་གི་དབང་དུ་བྱས་ནས་བསྒོམ་པ་ལ་རབ་ཏུ་འཇུག་པའོ། །མཚན་ཉིད་ནི་མཉམ་པར་བཞག ་པའི་སེམས་ཏེ། རྣམ་པར་མི་གཡེང་བའི་ཡིད་གང་གིས་དེ་ལ་ཉིན་མཚན་དུ་དམིགས་ཤིང་སེམས་པའི་མཚན་ཉིད་ཅེས་བརྗོད་དོ། །དེ་དག་གི་གྲངས་ནི་རྒྱུན་མ་ཆད་པའི་རྩིས་སོ། །འདི་སྐད་དུ་གཞན་དུ་རྣམ་པར་གཡེང་པ་ཐམས་ཅད་ཡོངས ་སུ་སྤངས་ནས། སེམས་ནང་དུ་འཇོག་ཅིང་བསྒོམ་པས་ཉིན་རེ་བཞིན་དུ་བསམ་གཏན་བྱ། །ཞེས་དགོངས་པའོ། །དེའི་མི་མཐུན་པའི་ཆོས་སྟོན་ཏེ། ཕྱི་རོལ་ཞེས་བྱ་བ་ལ་སོགས་པ་ལ་སྣང་བར་གྱུར་པ་དེ་ཉིད་ཀྱིས་ན། བསྒོམ་པ་ལ་མ་ཞེན་པའི ་རྣལ་འབྱོར་པ་ཕྱི་རོལ་གྱི་བཟླས་པ་སྤངས་པ་ན། འདར་རོ་ཞེས་བྱ་བའི་དོན་ཏོ། །སྔགས་ཀྱི་ཕྲེང་བ་ཟློས་པ་ནི་ཕྱི་རོལ་གྱི་བཟླས་པའོ། །བར་ཆད་ནི་རྣམ་པར་གཡེང་བའོ། །བསྒོམ་པའི་ནི་ཞེས་བྱ་བ་ཕྱི་རོལ་གྱི་བཟླས་པ་ཡིན་ན། ནད་དུ་དམིགས ་ཤིང་སྒོམ་པ་ལ་ཡིད་དགའ་བར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ལ་ཕན་པའི་རྒྱུ་སྟོན་ཏེ། སྔགས་དོན་ཞེས་བྱ་བ་ལ་སོགས་པ་ལ། སྔགས་ཀྱི་དོན་ནི་སྔགས་དོན་ནོ། །བསྒྲུབ་པར་བྱ་བའི་ངོ་བོ་ནི་འབྲས་བུ་སྟེ། ལྷ་ཉིད་རྫོགས་པ ་ཞེས་བྱ་བའི་བར་དུའོ། །ཇི་ལྟ་བུ་ཞེ་ན། བཅོམ་ལྡན་འདས་རྡོ་རྗེ་ཅན་ཞེས་བྱ་བ་སྟེ། རྡོ་རྗེ་འཆང་ཉིད་དོ། །གལ་ཏེ་དེའི་བདག་ཉིད་ཀྱི་རྣལ་འབྱོར་ཅི་ལྟ་བར་བཟླས་པ་ཟློས་པར་བྱེད་པ་སྟེ། འབྲས་བུའི་དུས་སུ་རྒྱུ་ཡོངས་སུ་གྱུར་བའི་ཕྱིར་རོ། །དཔེ ་སྟོན་ཏེ་གླང་པོའི་སྔོན་དུ་ཞེས་བྱ་བ་ཁ་ཅིག་ཏུ་འདི་ལྟར་གྲགས་ཏེ་གླངས་པོ་བསྐྱོད་པའི་གདགས་ཤིང་གླང་པོ་ཆེས་མཚན་མོ་ཕྱུང་སྟེ་བྲོས་པར་གྱུར་ཏོ། །གླང་རྫི་དེ་ཡང་ནང་བར་ཐོ་རངས་ཀྱིས་འདི་ལྟར་ཤིན་ཏུ་སེམས་ཤིང་སེམས ་པར་གྱུར་ཏོ། །སྐྱེ་མའོ་ཀྱི་ཧུད་ཁོ་བོ་ཅག་གི་ཇོ་བོ་ནི་མགུ་བར་དཀའ་བ་སྟེ། གླང་པོ་བཟང་སྐྱོང་དྲེགས་པའི་དབང་གིས་གང་དུ་སོང། འདི་ཇི་ལྟར་རྙེད་པར་བྱ་ཞེས་ཡུན་རིང་དུ་ཡང་དང་ཡང་སེམས་ཤིང་དེའི་སྐད་ཅིག་ན་འདི་ལྟ་བུའི་དྲན་པ་རྙེད ་རེ་ཞིག་སེམས་ཤིང་ཅར་མི་སྨྲ་བར་གནས་སོ། །ཁོ་བོས་ནི་ཐབས་རྙེད་དེ། གང་འདིའི་རྗེས་ནི་ཤིན་ཏུ་ཆེ་བས་མཚོན་ཏེ། རྙེད་པར་འགྱུར་རོ་ཞེས་སོ། །དེའི་རྗེས་སུ་འཇུག་པ་རྩོམ་པར་བྱེད་དོ། །བཟང་སྐྱོད་དེ་ཡང་ཡུན་རིང་དུ་འཕྱན་ནས་དྲེགས ་པ་དང་བྲལ་བ་ཉིད་ཀྱིས་བསླབ་པ་རྗེས་སུ་དྲན་ནས་རང་ཉིད་གདགས་ཤིང་གི་དྲུང་དུ་ཕྱིན་ཏེ། གནས་སོ། །འདི་ལྟར་དགོས་པ་རྙེད་ནས་དེའི་རྐང་རྗེས་ཚེ་ལ་བ་ཡང་དགོས་པ་ཅི་ཡང་མེད་དེ། གལ་ཏེ་དེའི་སྐད་ཅིག་ནི་གླང་པོ་ཆེ་དེ་རྙེད་ནས་ཇི ་ཞིག་དེའི་རྗེས་སུ་ཚོལ་བར་བྱེད་ཅེས་བྱ་བ་ནི་བཅུས་ཏེ། གླང་པོ་ཆེའི་རྐང་རྗེས་མཚོན་པར་མི་དགོས་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཡང་ཁ་ཅིག་ཚོལ་བར་བྱེད་པ་ནི་སྤས་སྟོང་པའི་གླང་ཉིད་དུ་བལྟ་བར་བྱའོ། །དོན་བཤད་པ་སྟོན་ཏེ། ་སྔགས་ལུས་ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་རང་ཉིད་སྔགས་ཀྱི་སྐུའི་རྣལ་འབྱོར་པ། འབྲས་བུ་ལ་སྦྱར་བས་དེ་ལྟར་སླར་ཡང། གཞན་གྱི་རང་གི་ངོ་བོའི་དངོས་པོ་རྗེས་སུ་འགྲོ་ཞིང་ཚོལ་བར་བྱེད་ཅེས་བྱ་བའི་དོན་ཏོ། །ཡོངས་སུ་རྫོགས་པ ་ཉིད་པས་ན། ཞི་བ་པ་ལ་མཐག་པ་ཇི་ལྟ་བ་བཞིན་ནོ། །འཇུག་ལ་སོགས་པའི་མཚན་ཉིད་འོག་གནས་འཆད་པར་འགྱུར་ཞེས་བྱ་བསྟན་པ་གང་ཡིན་པ་དེ་བཤད་པའི་ཕྱིར་རོ། །ཚིག་ལེའུར་བྱས་པ་གསུམ་སྟོན་ཏེ། གཞན་ཡང་ཞེས ་བྱ་བའི་དོན་གཞན་པའོ། །རྡོ་རྗེ་འཛིན་ཞེས་བྱ་བ་ནི་སྐྱེས་བུའི་མིང་ངེས་པར་བསྟན་པའོ། །གསུམ་སྦྱོར་བ་ཞེས་བྱ་བ་ནི་འཇུག་པ་ལ་སོགས་པ་གསུམ་གྱི་རྗེས་སུ་སྦྱོར་ཞིང་ལྡན་པ་སྟེ། དེའི་དངོས་གྲུབ་བླ་ན་མེད་པར་འགྱུར་ཞེས་བྱ་བར་སྦྱར་རོ། ་སྦྱོར་བ་ནི་རང་གི་གནས་སུ་སོ་སོར་ལེགས་པར་སྦྱར་བའོ། །སྤྱན་དྲང་པ་ནི་དགུག་པ་སྟེ། དེ་ཡང་གཞུག་པའི་སྒྲར་བརྗོད་དོ། །གཤེགས་སུ་གསོལ་པ་ནི་མྱུར་བ་སྟེ། གཏོད་པ་ཞེས་བྱ་བའི་དོན་ཏོ། །གཉི་ག་མ་ཡིན་པའི་སྒྲས་ནི་གནས་པ་སྟེ ་གནས་པར་བྱེད་པའོ། །ལུང་གཞན་ལས་ཡོངས་སུ་མཐོང་བའི་སྒྲ་གཞན་པ་འདིས་འཇུག་པ་དང། གནས་པ་དང། ལྡང་བ་ཉིད་དུ་རབ་ཏུ་བསྟན་པ་སྟེ། འདིར་སྔར་མ་བྱུང་བ་ནི་ཅུང་ཟད་ཀྱང་མེད་པའོ། །འོན་ཀྱང་གཉིས་ཀ་མ་ཡིན་པའི་སྒྲས་གང ་ཞིག་གཉིས་ལས་གཞན་པ་གསུམ་པར་དེ་བརྗོད་དེ་བར་ན་གནས་པའི་ཕྱིར་རོ། །གཉིས་ཀ་མ་ཡིན་པ་ལྟ་བུ་ནི་གཉི་ག་མིར་པའོ། །ཅི་ལྟར་གྲང་བ་ལས་འདས་པའི་དུས་ས་ལས་རླངས་པ་བྱུང་བ་དེ་བཞིན་དུ་འདིར་ཡང་སྔགས་ཀྱི་ཡི་གེ་རྣམས ་གནས་ཇི་ལྟ་བ་བཞིན་དུ་ངེས་པར་སྦྱོར་བས་བསྒོམ་པར་རབ་ཏུ་གསལ་བར་གྱུར་པའི་རྣལ་འབྱོར་པ་རྣམས་ལ་ཡང་དྲོད་རབ་ཏུ་འབྱུང་བ་ཞེས་བྱ་བ་ནི་ཚིག་གི་དོན་ཏོ། །གྲུབ་པ་ནི་མངོན་པར་འདོད་པའི་འབྲས་བུ་འཐོབ་པ་སྟེ། ཇི་ལྟ་བུ་ཞེ་ན་སྣ་ཚོགས ་གནས་པ་ནི་སྣ་ཚོགས་གནས་ཏེ། ལས་ཐམས་ཅད་བྱེད་པ་བྱ་བའི་ཐ་ཚིག་གོ་།དེ་ཉིད་ཀྱིས་ན་མེད་པ་སྟེ། སེམས་ཅན་གྱི་འདོད་པའི་བསམ་པ་སྣ་ཚོགས་པ་ཡོངས་སུ་སྐོར་བའི་ཕྱིར་རོ། །དྲོ་བ་ཐོབ་ནས་རང་གི་སེམས་ལ་ཐོག་མར་སྔགས་ངེས ་པར་སྦྱོར་བར་བྱེད་པ་ཞེས་བྱ་བ་སྟོན་ཏེ། མྱུར་བ་ཞེས་བྱ་བ་ལ་སོགས་པ་ལ། མྱུར་བ་ནི་ལྡང་བའོ། །རྣམ་པར་སྡུད་པ་ནི་རབ་ཏུ་འཇུག་པའོ། །རལ་བ་ཅན་ནི་གནས་པའོ། །སྔགས་ཀྱི་ཡི་གེ་གསུམ་ངེས་པར་ནི། །སྦྱར་བ་སྒོམ ་པར་བྱེད་པའོ། །ལྡང་པ་ནི་སྔགས་ཀྱི་ཀུན་ཏུ་སྤྱོད་པའོ། །དེ་ཡང་བསྒོམ་པས་སྦྱོར་བ་འགྱུར་ཏེ་དེ་མ་ཐག་ཏུ་སློབ་མའི་རྣ་དྲུང་དུ་བླ་མས་གང་ཞིག་འདི་ལྟར་བསྟན་པར་གྱུར་ནས་འབྲས་བུ་འབྱུང་བར་འགྱུར་རོ། །རབ ་ཏུ་འབད་པས་ཞེས་བྱ་བ་ནི་སློབ་མས་གསོལ་བ་གང་བས་པའོ། །འདི་བླ་མ་དང་སློབ་མ་གཉིས་ཀྱིས་བསད་པ་གཉིས་བྱེད་པའི་ཚིག་ནི་མེད་པར་བལྟ་བར་བྱའོ། །ད་ནི་ཚིག་ལེའུར་བྱས་པ་དྲུག་གི་ཕན་ཡོན་དང་སྔགས་བཏུ་བ ་དང། བཟླས་པའི་གྲངས་ཀྱང་སྟོན་ཏེ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བའི་སྒྲ་ནི་སྔགས་བཏུ་བ་སྟོན་པའི་དོན་ཏོ། །རྣལ་འབྱོར་གྱི་དབང་ཕྱུག་ནི་རྣལ་འབྱོར་གྱི་སྤྱི་གཙུག་གི་ནོར་བུའོ། །དེ་རྣམས་དང་འབྲེལ་བ་གང ་བའི་ཡི་གེ་རབ་ཏུ་བཤད་པ་ཞེས་བྱ་བར་སྦྱར་རོ། །མི་བསྟན་པ་ཉིད་ཀྱིས་ན་གསང་བའོ། །ཡང་ན་འདིས་ལྷའི་དེ་ཁོ་ན་ཉིད་གསང་བས་ན་གསང་བའོ། །གསང་བ་ཡང་ཡིན་ལ་ཡི་གེ་ཡང་ཡིན་པས་ན་གསང་བའི་ཡི་གེའོ། །དེ་འགྲོ་བ ་དམ་པ་ལ་བརྟེན་ནས་རབ་ཏུ་བཤད་པ་སྟེ། བསྟན་པར་བྱ་བའོ། །ཞེས་རྡོ་རྗེ་འཆང་གིས་གསུངས་སོ། །ཇི་ལྟ་བུ་ཞེ་ན། ཐབས་ཀྱི་དམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་ལས་འདས་པའི་རིགས་པས་སོ། །རབ་ཏུ་བསྟན་པའི་ཕྱིར ་ཞེས་བྱ་བ་ནི། རབ་ཏུ་གསལ་བར་བྱ་བའོ། །གཞན་ཡང་ཇི་ལྟ་བུ་ཞེ་ན། རྣལ་འབྱོར་ཅེས་བྱ་བ་ནི་ལྷ་ཉིད་ཀྱི་ཏིང་ངེ་འཛིན་ཏེ། དེའི་དངོས་གྲུབ་མཐར་ཕྱིན་པའོ། །འབྲས་བུ་ནི་ཉིད་རྫོགས་པ་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་པོ། །རྣམ ་པ་དེ་གཉིས་རབ་ཏུ་བསྟན་པས་སྟེར་ཞེས་བྱ་བས་རྣལ་འབྱོར་གྱི་དངོས་གྲུབ་ཀྱི་འབྲས་བུ་སྟེར་བའོ། །གང་གི་བསམ་པ་ཙམ་གྱིས་ཤེས་བྱ་བ་རྣལ་འབྱོར་གྱི་དངོས་གྲུབ་མ་གཏོགས་པ་བཟླས་པ་ཙམ་གྱི་ཤེས་བྱ་བའི་དོན་ཏོ། །རྣལ ་འབྱོར་པས་མཆོག་སྟེར་བར་ནུས་པར་འགྱུར་བའོ། །མཆོག་ནི་མངོན་པར་འདོད་པ་སྟེ། རིགས་སྔགས་འཆང་ལ་སོགས་པ་ཉིད་དོ། དང་པོ་ཞེས་བྱ་བ་ལ་སོགས་པ་ལ། འདིར་དང་པོའི་ཡི་གེ་ནི་ཨོཾ་མོ། །དེ་སྔགས་དུ་མའི་ཐོག་མར་མཐོང་བས་ན། ་དེའི་སྦྱོར་བས་རིམ་གྱིས་རྗོད་པར་བྱེད་པའི་རྣལ་འབྱོར་པ་ཞེས་སྦྱོར་རོ། །དེ་ཅི་ཞིག་བྱེད་ཅེ་ན། དབུགས་རྡུབ་པར་བྱེད་པ་སྟེ། རླུང་གྱེན་དུ་རྒྱུ་བའོ། །རྟག་ཏུ་ཞེས་བྱ་བ་ནི་བསྒོམ་པའི་གནས་སྐབས་ནའོ། །བརྒྱད་པའི་མཛའ་ཞེས་བྱ་བའི་ཡི་གེ ་ཧའོ། །ལྡན་པ་ནི་ཡི་གེ་ཨུ་སྟེ་འདྲེས་པར་གྱུར་ཅེས་བྱ་བའི་དོན་ཏོ། །ཧའི་སྟེང་གི་ཐིག་ལེ་དང་བཅས་པར་ཇི་ལྟར་འགྱུར་བ་དེ་བཞིན་དུ་བྱ་བའོ། །ཧཱུཾ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །དབུགས་དབྱུང་བ་ནི་རླུང་ཕྱིར་རྒྱུ་བའོ། །འདིར་ཨོཾ ་གྱི་ཚད་ནི་ཐལ་མོ་བརྡབས་པ་ཕྱེད་དང་གཉིས་སོ། །ཐུགས་ཀྱི་ས་བོན་གྱི་ཚད་ནི་ཐལ་མོ་བརྡབས་པ་ཕྱེད་དང་བཞིའོ། །འདིར་ནི་མན་ངག་གོ་།ོཾ་གྱི་དོན་ནི་ཡེ་ཤེས་ཙམ་མོ། །ཡི་གེ་ཨོཾ་ནི་ཡེ་ཤེས་ཀྱི་སྙིང་པོ་ཞེས་རྩ་བའི་རྒྱུད་ལས ་བསྟན་པས་སོ། །སྣང་བ་མེད་པ་གཉིས་ཀྱིས་སྐུ་གསུམ་ཐུགས་མཉམ་པ་ཉིད་ཧཱུཾ་གི་དོན་ཏོ། །ཡི་གེ་ཧཱུཾ་ནི་སྐུ་གསུང་ཐུགས་རྡོ་རྗེ་ལྟར་དབྱེར་མི་ཕྱེད་པས་འཐད་པ་ཞེས་དེ་ཉིད་ལས་བསྟན་ཏོ། །དེ་བས་ན་ཡི་གེ་ཨོཾ་བསྟན་པས་ན་དེ་བུགས ་དཔྱུང་བའོ། །ཡི་གེ་ཧཱུཾ་བསྟན་པས་ནི་དབུགས་རྡུབ་པ་སྟེ་སེམས་ཙམ་དུ་བསྟན་པར་བྱ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །འདིར་ཡི་གེ་གསུམ་བསྒོམ་པ་རབ་ཏུ་བརྩོམ་པ་མ་ཡིན་ནམ། ཅི་ལྟར་རྣམ་པ་གཉིས་པ་སྟེ། བཏུང་ཞིང་གསུམ་པ ་མ་ཡིན་ཞེ་ན། སྨྲས་པ་དབུགས་དབྱུང་བ་དང། རྡུབ་པ་གཉིས་ཡོངས་སུ་མ་བརྟོགས་པ་གཞན་ཕྱོགས་གསུམ་པ་ནི་ཡོད་པ་མ་ཡིན་པ་སྟེ། གང་ཞིག་གསུམ་པ་བསྒྲུབ་པའི་ཕྱིར། ཡི་གེ་ཨཱ(རྒྱུད་འགྲེལ་ཨོཾ་དང་ཧཱུཾ་གཉིས་པོ་ངག་དགོད་པས་ནོ། དེ་དག་ཉིད་བཏུ་བར་བྱ་བ་སྟེ། དེ་དག་ནི་གཙོ་བོའི་ངོ་བོ་ཉིད་དུ་བསྟན་པའོ། །གསུམ་པ་ཡི་གེ་ཨ་ནི་མ་ཡིན་པ་སྟེ། དགོས་པ་མེད་པའི་ཕྱིར་རོ། །ཡི་གེ་ཨ་ཡང་གནས ་པར་འགྱུར་བ་ལ་འཇུག་པར་བསམ་པར་བྱའོ། །དེ་ཡང་ཐལ་མོ་བརྡབས་བ་ཕྱེ་དང་གཉིས་ཀྱི་ཚད་དོ། །ཅི་དགའ་བའི་བཟླས་པ་ཞེས་བྱ་བ་ཡང་དེ་ཉིད་ལ་བྱ་སྟེ། རང་མོས་པའི་རྗེས་སུ་འབྲངས་པའི་བཟླས་པ་སྟེ། ཁྲི་ཕྲག་གཉིས་ཞེས་བྱ་བ་ལ ་སོགས་པ་ལ། སྟོང་ཕྲག་ཉི་ཤུ་ལ་ནི་ཁྲི་ཁྲག་གཉིས་སོ། །ཡང་སྟོང་ཕྲག་གཅིག་དང། བརྒྱ་ཕྲག་དྲུག་གོ། གཅིག་ཏུ་བགྲངས་ནས་སྟོང་ཕྲག། ཉི་ཤུ་གཅིག་དང་བརྒྱ་ཕྲག་དྲུག་ཏུ་འགྱུར་རོ། །ཉིན་མཚན་ཞེས་བྱ་བ་ནི་ཉིན་དང་མཚན་དུ་བཟླས ་པའི་གྲངས་བྱེད་པ་སྟེ། རྣལ་འབྱོར་གྱི་དབང་ཕྱུག་ནི་སེམས་མཉམ་པར་བཞག་པའོ། །དེ་འདོད་ཅེས་བུ་བ་ལ་སོགས་པ་ལ། སེམས་ཅན་སྐལ་བ་ཅན་གད་སུ་ཞིག་སྟེ། གསང་བའི་དགོངས་པ་ནི་དགོངས་པ་ལུང་བསྟན་པ་ལ་སོགས་པར ་གནས་པའི་ཕྲ་མོའི་སྦྱོར་བ་བདག་ཉིད་ལ་གསལ་བར་ཤེས་བར་བྱ་བའི་ཕྱིར་མངོན་པར་འདོད་པའོ། །དེའི་རྡོ་རྗེ་བཟླས་པ་དེ་ཉིད་དང་པོར་བསྟན་པར་བྱ་བ་སྟེ། དེ་ཉིད་ཀྱི་རིམ་པས་ཕ་མོའི་སྦྱོར་བ་ཐོབ་ཅེས་བྱ་བ་ཡང་ཚིག་གི་དོན་ཏོ།། ་ཅི་ལྟ་བུ་ཞེ་ན། བསམ་གཏན་ཞེས་བྱ་བ་ལ་སོགས་པ་སྟེ། ཡིད་ནང་དུ་བསྡུས་པས་ན་བསམ་གཏན་ནོ། །ཀློག་པ་ནི་དེས་སྐྱོབ་ན་དེའི་རྗེས་སུ་མཐུན་པའི་མདོ་ཀློག་པ་སྟེ་དེ་དག་དང་ལྡན་པའོ། །དེ་ཡིས་ཞེས་བྱ་བ་ནི་ཕན་ཡོན་ནོ། །ལས་རྣམས ་ཤེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་ཤེས་བྱ་བའི་དོན་ཏོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཅེས་བྱ་བ་ནི་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བ་སྟེ། དངོས་པོ་མེད་པའི་ངོ་བོ་ཉིད་མཐོང་བའོ། །དེ་བས་ན་ཚིག་ལེའུར་བྱས་བརྒྱད་ཀྱིས་སྔར ་བཤད་ཅིང་བསྒྲུབ་པའི་དོན་ལུང་གཞན་གྱི་གསལ་བར་སྟོན་ཏེ། གཉིས་སུ་མེད་པར་ཞེས་བྱ་བ་མཉམ་པ་ཉིད་ཀྱི་ཡེ་ཤེས་རྣམ་པར་རྒྱལ་བར་འཕེལ་བར་བྱེད་པ་གང་ཡིན་པ་སྟེ། ཇི་སྐད་དུ། དེ་ཉིད་ཀྱིས་རྣལ་འབྱོར་ཆེན་པོའི་རྒྱུད་དེ། དེར་བཅོམ་ལྡན ་འདས་རྡོ་རྗེ་འཆང་གིས་གསུངས་སོ། །ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །བཟླས་ནས་སུ་ཞེས་བྱ་བ་ལ་སོགས་པ་ལ། བསྒྲུབ་པའི་བདག་ཉིད་ཅན་ནི་བསྒྲུབ་པའི་མཐར་ཐུག་པའི་རྣལ་འབྱོར་པའོ། །གསང་སྔགས་བཟླས་ནས་ཞེས་བྱ་བ་ནི་གསང་སྔགས ་པ་བཟླས་པ་བྱས་པའོ། །མཉམ་མེད་ཅེས་བྱ་བ་ནི་བརྩོན་པ་དང་བཅས་ཤིང་ནུས་པ་བཅས་ཞེས་བྱ་བའི་ཐ་ཚིག་གོ་།ཅི་ཞིག་བསྒྲུབ་པར་བྱ་ཞེ་ན། ཁམས་གསུམ་སྟེ། ས་གསུམ་དབང་དུ་བྱ་བ་ཉིད་ནི་དེར་གནས་པའི་འགྲོ་བ་དབང་དུ་བྱ ་བའོ། །དེ་ཡང་འདིར་གསང་སྔགས་བསྒྲུབ་པར་སོམ་ཉིད་མེད་པ་སྟེ། དེ་ལ་གཞོལ་བ་ཉིད་ཀྱིས་སོ། །ཟླ་བ་གཅིག་གིས་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ་དེ་བས་ན་གཉིས་སམ་གསུམ་མམ། དྲུག་གམ་ལོ་གཅིག་གིས་ཞེས་བྱ་བའི་བར ་དུའོ། །ཡང་ན་ཁམས་གསུམ་དང་སྐུ་གསུང་ཐུགས་ནི་དབྱེར་མེད་པར་ཉེ་བར་གདགས་པར་བྱ་སྟེ། དེ་དག་གང་གི་དབང་དུ་འགྱུར་ཞེས་བྱ་བ་ནི་དྲང་བའི་དོན་ཏོ། །འབུམ་ཕྲག་དྲུག་ལྡན་ཞེས་བྱ་བ་ནི་སྟོང་ཕྲག་བཅུ་ལ་ཁྲི་ཕྲག་གཅིག་། ་ཁྲི་ཕྲག་བཅུ་ལ་འབུམ་ཕྲག་གཅིག་སྟེ། དེ་ཙམ་གྲངས་འབུམ་ཕྲག་དྲུག་ཏུ་བཅད་པའི་ཚད་དུ་སྔགས་པས། གསང་སྔགས་བཟླས་ན་ཟླ་བ་ཡར་གྱི་ངོའི་ཉ་ལ་འགྲུབ་པར་འགྱུར་ཞེས་བྱ་བའི་ཚིག་གི་དོན་ཏོ། །ཅི་ཞིག་བྱས་ནས་ཞེ ་ན། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་དང་པོར་ཕྱག་བྱས་ཤིང་མཉེས་པར་བྱས་ནས་ཞེས་བྱ་བའི་དོན་ཏོ། །གསང་ཅི་ལྟེ་བུ་ཞེ་ན། གང་རྣམ་པར་ཤེས་པ་ལས་བྱུང་ཞིང་སྐྱེས་པ་དེ་ལ་དེ་སྐད་དུ་བསྟན་ཏེ། སེམས་ལས་ཀུན་ཏུ་བྱུང ་བའི་སྔགས་རྣམས་ཤེས་བྱ་བའི་དོན་ཏོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ཞེས་བྱ་བ་ནི་སྔགས་ལ་བཞོན་པའི་སྔགས་པ་སྟེ། བརྟུལ་ཞུགས་ནི་མི་སྨྲ་བ་དང། ལངས་ཏེ་གནས་པ་དང་སློང་བ་ལ་སོགས་པ་ལ ་སྔོན་པའོ། །ཕྲེང་བ་ནི་གྲངས་འཛིན་པར་བྱེད་པའི་ཕྲེང་བའོ། །དགག་པ་དང་གཟུང་བ་ནི་སྲག་གི་རླུང་དག་སྟེ་སྦྱིན་སྲེག་ནི་མེའི་མཆོད་སྦྱིན་ནོ། །ལས་རྣམས་ནི་ཞི་བ་ལ་སོགས་པའོ། །དེ་དག་ཐམས་ཅད་ལ་ལྡོག་པ་ནི་ཉེ་བར་ཞི་བར་འགྱུར་བའོ། ། ་གཅིག་ནས་གཅིག་ཏུ་ཞེས་བྱ་བ་ནི་ཕྱི་རོལ་གྱི་ལས་དེ་དག་ཀྱང་ལྡོག་པ་སྟེ། གང་གི་ཕྱིར་རྣམ་པར་གཡེང་བ་སྐྱེད་པར་བྱེད་པ་ཉིད་ཀྱིས་ན་མི་འཐད་པའོ། །གང་ནམ་ཞིག་གི་ཚེ་མི་འཐད་པ་དེ་འདིར་འདུལ་བའི་སྐྱེ་བོའི་དོན་དུ་བྱ་བ་འབྱུང་བ་དེའི་ཚེ ་སྙིང་རྗེ་ཆེན་པོས་དམིགས་ནས་བྱ་ཞེས་སྟོན་ཏེ། ཡའི་དོན་གྱི་ཞེས་བྱ་བ་ལ་སོགས་པ་ལ། ཡའི་དོན་ནི་ཡ་ཡོངས་སུ་གྱུར་པའི་ངོ་བོ་རླུང་གི་དཀྱིལ་འཁོར་ཏེ་དེ་ཡིད་ལ་རྣམ་པར་བསམ་པར་བྱ་ཞིང། ས་བོན་བཞིའི་བསྒོམ་པ་སྔོན་དུ་འགྲོ་བ ་ཅན་གྱི་གང་ཅུང་ཟད་ཞི་བ་ལ་སོགས་པའི་ལས་རྒྱས་པར་བྱ་བའི་དོན་ཏོ། །གང་གིས་ཞེ་ན་དངོས་གྲུབ་འདོད་པས་ཞེས་བྱ་བ་སྟེ། མངོན་པར་འདོད་པའི་འབྲས་བུ་བསྒྲུབ་པའི་སྒྲུབ་པ་པོ་ཞེས་བྱ་བའི་ཐ་ཚིག་གོ་།ར་ལ་སོགས་པ་གསུམ་ནི། ར་དང ་ལ་དང། ཝའི་མཚན་ཉིད་ཅན་ནོ། །ཇི་ལྟར་གྱུར་པ་ཡིན་ན་འགྲོ་བའི་དོན་བྱ་བ་རྒྱ་ཆེར་རབ་ཏུ་འཇུག་ཅེས་བྱ་བའི་ཐ་ཚིག་གོ། དེ་དག་ཇི་ལྟར་བསྒོམ་པར་བྱ་ཞེ་ན། མེ་དང་རླུང་དང་ཞེས་བྱ་བ་ལ་སོགས་པ་གསུམ་སྟེ། མེ་ལ་སོགས་པའི ་དཀྱིལ་འཁོར་བཞི་དེར་མཐུན་ཕྱེད་ཕྱེད་ཀྱི་དུས་སུ་གནས་པ་སྟེ། གནས་པ་ཐོབ་པའོ། དེ་ཇི་ལྟར་ཞེ་ན། ལས་ནི་ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་སུ་སྒྲུབ་པ་སྟེ། ཇི་སྐད་དུ། གང་ཚེ་སྔགས་པ་ཡིད་ཞི་བ་ལ་སོགས་པའི་ལས ་སྒྲུབ་པ་ལ་གཞོལ་བར་གྱུར་བ་དེའི་ཚེ། །དེའི་སེམས་མཉམ་པར་གཞག་པས་རླུང་ལ་སོགས་པའི་དཀྱིལ་འཁོར་རེ་རེ་ཐུན་ཕྱེད་ཕྱེད་དུ་རླུང་གི་རྒྱུ་བ་ཉེ་བར་དམིགས་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །གཉིས་གཉིས་ཞེས་བྱ་བ་ནི་ལན་གཉིས་གཉིས ་ཏེ། སོ་སོའི་དཀྱིལ་འཁོར་དུ་ཉིན་མཚན་ཕྱེད་པར་ཀུན་ཏུ་རྒྱུ་བར་ཤེས་བྱ་བར་བྱའོ། །སླར་ཡང་ལྡོག་པས་དེ་ལྟར་རླུང་གི་རྒྱུ་བ་ཉིན་མཚན་གཉིས་ནས་བཅུ་དྲུག་དུ་གྱུར་པའོ། །ཡང་ན་གཉིས་གཉིས་ཞེས་བྱ་བ་ནི་ཟླས་པའི་ཚིག་སྟེ། ལས་རྣམ ་པ་བཞིའོ། །དེའི་དབང་དུ་བྱས་ནས་བསྒོམ་པར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ལས་བཞི་ལ་རབ་ཏུ་སྦྱར་བར་བྱ་ཞེས་ཁ་ཅིག་སྨྲ་སྟེ། དེ་ཡང་སྐྱོན་མེད་པའོ། །མཆོད་ལ་ཞེས་བྱ་བ་ནི་རྣལ་འབྱོར་པ་གང་ཞིག་མཆོད་པ་ལ་བརྩོན་པ་དེ་གཞན་གྱིས ་མཆོད་པར་འགྱུར་ཏེ། གང་དང་གང་དུ་འགྲོ་བ་དེ་དང་དེར་མཆོད་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ་།བཟླས་ལ་ཞེས་བྱ་བ་ནི་བཟླས་པ་ལ་སོགས་པས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དང་བྲལ་ཞིང་རྣམ་པར་དག་པའོ། །མེ་ལ་ཞེས་བྱ་བ་ནི ་མེ་ལྷ་མཆོད་པ་ལ་བརྩོན་པས་འབྱོར་བར་འགྱུར་བའོ། །བསམ་གཏན་ཞེས་པའི་བསམ་གཏན་ལ་ལྷག་པར་གནས་པས་ཀྱང་མྱ་ངན་ལས་འདས་པར་འགྱུར་ཞེས་བྱ་བ་ནི་ཚིག་གི་དོན་ཏོ། །དེ་ལྟར་ཤེས་ནས་ཞེས་བྱ་བ་ནི་དེ་ལྟར་རྣམ ་པ་?་རང་གི་ངོ་བོ་ཐོབ་པའི་རྣལ་འབྱོར་པ་འགྲོ་བ་ནི་འཇིག་རྟེན་གསུམ་གྱི་ཁོངས་སུ་གཏོགས་པའི་འགྲོ་བའི་ཚོགས་བྱིས་པ་བཞིན་དུ་མཐོང་བ་སྟེ། དགེ་བ་དང་མི་དགེ་བའི་བག་ཆགས་ཀྱི་དབང་གིས་འགྲོ་བ་ལྟར་སྲིད་པའི་འཁོར་ལོར ་ཡོངས་སུ་འཁྱམ་པར་འགྱུར་བའོ། །དེ་བས་རེའི་མོད་ལ་སྔགས་པས་འདིས་གསང་སྔགས་འགྲུབ་སྟེ། འབྲས་བུ་སྟེར་བར་ནུས་པར་འགྱུར་བའོ། །ཇི་ལྟ་བུས་ཞེ་ན། མི་རྟོག་ཆོས་ཅན་ཞེས་བྱ་བ་རྣམ་པར་མི་རྟག་པའི་ཆོས་ཉིད ་འཐོབ་པ་སྟེ། དེ་ཡང་སྔགས་གྱི་དེ་ཁོ་ན་ཉིད་གསལ་བ་ནི་གསུང་རྡོ་རྗེ་བཅོམ་ལྡན་འདས་འོད་དཔག་མེད་སྒྲུབ་ཅིང་རྫོགས་པར་བྱེད་པའི་རྒྱུའོ། །སྔགས་ཀྱི་དེ་ཁོ་ན་ཉིད་དེ། ཡང་སེམས་ཙམ་ལངས་པར་སྦྱར་ཞེས ་བྱ་བ་སྦྱར་ཏེ། རྣམ་པར་རྟོག་པའི་དྲ་བ་ཐམས་ཅད་སྤངས་སེམས་འབའ་ཞིག་ནི་སེམས་ཙམ་མོ། །ཇི་ལྟ་བུ་ཞེ་ན། ཡེ་ཤེས་གསུམ་གྱིས་ཤེས་བྱ་བ་སྟེ། སྣང་བ་ལ་སོགས་པའི་ཡེ་ཤེས་གསུམ་གྱི་བྱེ་བྲག་གིས་རིགས་པས་སོ། །ད་ནི ་སྣོད་དང་སྣོད་མིན་མ་ཡིན་པའི་ཚིགས་བཅད་གཉིས་ཀྱི་སྟོན་ཏེ། བླ་མ་བརྙེས་ཞེས་བྱ་བ་ལ་སོགས་པ་ལ། བླ་མ་དགེ་བའི་བཤེས་གཉེན་བརྙེས་ཤིང། སྨོད་པའི་ཚིག་གང་ལ་ཡོད་པ་དེ་ལ་དེ་སྐད་དུ་བརྗོད་དོ། །གཡོན་ཅན་ནི་དྲང་པོ་མ ་ཡིན་པའོ། །དད་པ་མེད་པ་ནི་མ་དད་པའོ། །གསང་སྔགས་ཀླགས་པ་ཙམ་གྱིས་ཀྱང་རློམ་པ་སྟེ། གླེགས་བམ་མཐོང་བས་ཁེངས་ཤིང་མངོན་པར་ང་རྒྱལ་བ་ནི་གླེགས་བམ་མཐོང་བས་ཁེངས་པའོ། །གཞན་གྱིས་ཅུང་ཟད་ལེགས་པར་བཤད ་ཅིང་བསྟན་པ་དེ་ལ་ཡང་དང་ཅིང་ཉམས་སུ་ལེན་པར་མི་བྱེད་པ་དེ་ནི་དད་པ་མེད་པའོ། །དབང་བསྐུར་བ་མ་ཐོབ་བར་དབང་བསྐུར་འཐོབ་པོ་ཞེས་བརྗོད་པ་ནི་དབང་བསྐུར་དམན་པའོ། །སེམས་དེ་ལྟ་བུའི་སྐྱོན་དུ་མས་གེས་པའི་སློབ་མ་དམན་པ ་འདི་ལ་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ཀྱི་གཏམ་ཡང་མི་བརྗོད་པ་སྟེ། གཏམ་ཙམ་ཡང་བརྙན་པར་མི་བྱ་ཞེས་བྱ་བར་དགོངས་པའོ། །གང་ཞིག་དད་པ་དང་ལྡན་པ་ནི་ཤིན་ཏུ་ཉུང་བའི་ཆོས་ཤིག་བསྟན་པ་ན་ཡང་དེ་བཞིན་དུ་འཛིན་ཏེ། ་བླ་མ་ལ་གུས་པ་དང་ཡིད་བསྙེན་བཀུར་ལ་བརྩོན་པའོ། །ཉན་འདོད་པ་ནི་ཉན་པ་ལ་གུས་པ་སྟེ། དེ་ལ་རྟག་ཏུ་མངོན་པར་བརྩོན་ཞིང་འབད་པའོ། །ཐོས་པ་འཛིན་པར་བྱེད་ཅིང་འདིས་མི་བཏོང་བས་ན་ཐོས་པ་འཛིན་པ་སྟེ། བླ་མས་བཤད ་པའི་ཚིག་ཟུར་ཙམ་གྱིས་རྟོགས་ཤིང་ཁོང་དུ་ཆུད་པ་སྟེ། ཕྱག་འཚལ་བ་སྔོན་དུ་འགྲོ་བས་འཛིན་ཅེས་བྱ་བའི་དོན་ཏོ། །དེ་ལྟ་བུ་དེ་བླ་མ་དམ་པས་བརྟག་མི་དགོས་པའོ། །དེ་ཉིད་ཅེས་བྱ་བ་ནི་ངེས་པར་གཟུང་བ་སྟེ། རྣམ་པ་ཐམས་ཅད་དུ ་འདི་ནི་བརྟག་པའི་གནས་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། གང་གི་ཕྱིར་འདི་བླ་མ་ཆེན་པོའི་བཀའ་དྲིན་ནི་རྗེས་སུ་བཟུང་བའི་གནས་བཞི་འམ། ཡང་ན་འདིར་བླ་མ་ལ་དད་པའོ། །དཔེ་བཤད་ཅིང་བསྟན་ཏེ། རི་དབང་རྩེ་ནས་ཞེས་བྱ་བ་ལ་སོགས ་པ་ལ། འདི་ལྟར་ཁ་ཅིག་རི་རབ་ཀྱི་རྩེ་མོར་བག་མེད་པར་སྤྱོད་པས་ལྟུང་བ་ལྟུང་བར་མི་བྱའོ་སྙམ་སེམས་ན་ཡང་ལྟུང་བ་རེ་ཉིད་དེ། འདིར་ནི་འཛིན་པར་བྱེད་པ་མ་མཐོང་བའོ། །གལ་ཏེ་ཡང་ཁ་ཅིག་རི་རབ་ཀྱི་རྐེད་དུ་ཆགས་པར་འགྱུར་བ་ཡང ་སྲིད་དོ་ཞེས་སྨྲ་བ་ན། དེ་ལྟ་མོད་ཀྱིས་ལྟུང་བ་ནི་འབྲས་བུའོ། །འདིར་སོམ་ཉིད་མེད་པའི་དཔེ་ཞེས་བྱ་བའོ། །འདིར་དོན་བསྟན་ཏེ། བླ་མའི་དྲིན་གྱིས་ཞེས་བྱ་བ་བླ་མའི་དྲིན་གྱིས་མན་ངག་ཐོབ་པའི་མཚན་ཉིད་ཅན་དེ་ལ་དེ་སྐད་དུ་བསྟན་ཏོ། ། ་གང་ཞིག་གྲོལ་བ་ནི་ཐར་པའི་ལམ་སྟེ། གྲོལ་བར་མི་འདོད་ཀྱང་འདིར་བླ་མའི་དྲིན་གྱི་སྟོབས་ཀྱིས་གྲོལ་བའི་གནས་སུ་འགྱུར་བའོ། །རིམ་པ་ལྔ་པའི་དཀའ་འགྲེལ་དོན་གསལ་བ་ཞེས་བྱ་བ་ལས་རྡོ་རྗེ་བཟླས་པ་སྟེ། རིམ་པ་དང ་པོའི་འགྲེལ་པའོ།། །།དེ་ལྟར་རྡོ་རྗེ་བཟླས་པའི་རིམ་པ་ཡན་ལག་ཐམས་ཅད་རབ་ཏུ་བསྟན་ནས་ང་ནི་གཉིས་པ་སེམས་ལ་དམིགས་པ་ཙམ་གྱིས་མཚན་ཉིད་སྟོན་ཏེ། ཕྱག་འཚལ་ཞེས་བྱ་བ་ལ་སོགས་པ་ལ། ་འདིར་ཕྱག་འཚལ་བ་རྣམ་པ་དྲུག་གིས་སྒྲས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་ཕྱིར་དང། རིགས་དྲུག་པ་གཙོ་བོ་ཉིད་ཡིན་པས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཉིད་ལ་སྟོང་པའོ། །ཅི་ལྟར་བསྟོད་ཅིང་ཞེས་བྱ་བ་བསྟོད་པར ་འོས་པ་སྤྱན་དྲང་བའོ། །སྒྲའི་དངོས་པོའི་བདག་ཉིད་ཀྱིས་ཅིས་བསྟོད་པ་དང། གང་ལ་གང་གིས་བསྟོད་པར་འགྱུར་ཏེ། གང་གིས་ཀྱང་གསུམ་པོ་རྗེས་སུ་མི་དམིགས་ཞེས་བྱ་བའི་ཐ་ཚིག་གོ་།རྗེས་སུ་མི་དམིགས ་པ་དེ་ཉིད་བསྟན་པའི་ཕྱིར། ཇི་ལྟར་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་ཆུ་ལ་ཆུ་དང་མར་ལ་མར་བཞག་པ་ནི་འདྲེས་ཤིང་བྱེ་བྲག་མེད་པར་གྱུར་པ་སྟེ། བྱེ་བྲག་དུ་ཤེས་པ་མ་ཡིན་པའོ། །དེ་བཞིན་དུ་རང་གི་ཡེ་ཤེས་རང་ཉིད་ཀྱིས ་མཐོང་བ་ནི་འདིར་ཕྱག་འཚལ་བའི་སྒྲའི་དོན་ཏོ། །གསུམ་རྗེས་སུ་དམིགས་པས་ཡེ་ཤེས་ཀྱང་མེད་པར་འགྱུར་རོ། །ཞེས་ཁ་ཅིག་དོགས་པར་འགྱུར་བ་དེ་བསལ་བའི་ཕྱིར། འོན་ཀྱང་ཞེས་བྱ་བ་ལ་སོགས་པ་ལ་སྨོས་ཏེ། འོན་ཀྱང་ཞེས་བྱ་བའི ་སྒྲ་ནི་དྲི་བ་དང་སྡུད་པའི་དོན་ཏེ། ཕྱོགས་གཉིས་པ་ལ་འཇུག་པའོ། །ཐམས་ཅད་ཅེས་བྱ་བ་ནི་ཐམས་ཅད་བློའི་ཡུལ་དུ་གྱུར་པའོ། །ཐམས་ཅད་མཁྱེན་པའི་རྗེས་སུ་མཐུན་པ་ཚད་མར་གྱུར་པ་གང་ཡིན་པ་དེ་ནི་ཐམས་ཅད་མཁྱེན་པ་ཐོབ་པ་སྟེ། ཚད ་མའི་སྐྱེས་བུ་སྔོན་གྱི་སློབ་དཔོན་ནོ། །དེ་མེད་པར་ཡེ་ཤེས་དེ་མི་འཐོབ་པ་སྟེ། གང་གིས་ཞེ་ན། མུན་ན་གཅེས་བྱ་བ་ལ་སོགས་པ་ལ། མ་རིག་པའི་རབ་རིབ་ཀྱིས་བློའི་མིག་ཉམས་པར་བྱས་པའོ། །དེ་བས་ན་རིན་པོ་ཆེ་ལྟ་བུའི་བསམ་པ་བཟང་པོ ་གང་ཟག་ཁ་ཅིག་ལ་དྲིན་གྱིས་བྱ་བ་བླ་མ་ལ་བསྙེན་བཀུར་བྱ་བ་ལས་བྱུང་བའོ། །སྣང་བ་ནི་ཡེ་ཤེས་ཀྱི་སྣང་བ་ཐོབ་པར་གྱུར་ཅེས་བྱ་བའི་དོན་ཏོ། །དེ་འདིས་རབ་ཏུ་སྟོན་ཏེ། འོད་གསལ་བའི་ལས་བྱུང་བའི་རྣམ་པར་ཤེས་པ་ནི་དེ་ཉིད་སེམས་དང་ཡིད ་ཅེས་བྱ་བ་སྟེ། རྣམ་གྲངས་སོ་དེ་ནི་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བའི་བདག་ཉིད་ཅན་ཆོས་ཐམས་ཅད་ཀྱི་རྩ་བ་སྟེ། དེ་བས་ན་དེར་རླུང་ལ་བརྟེན་པའི་རྣམ་པར་ཤེས་པ་ཡོད་ན་རྣམ་པར་རྟོག་པ་གཉིས་རབ་ཏུ་སྐྱེ་བར་འགྱུར་རོ། །ཇི་སྐད་དུ ་བདག་དང་གཞན་ཞེས་བྱ་བ་ཡོད་པ་ན། རང་དང་གཞན་གྱི་དབྱེ་བས་ཡོངས་འཛིན་སྐྱོན། །དེ་དག་གིས་ནི་ཀུན་ཏུ་བཅིངས་པ་ན། །ཉེས་པ་ཐམས་ཅད་རབ་ཏུ་སྐྱེ་བར་འགྱུར་ཞེས་གསུངས་པའོ། །དེ་བས་ན་རླུང་ལས་མེ། མེ་ལས་ཆུ། ཆུ་ལས་ས་སྟེ། དེ་རྣམས་ལ ་ཕུང་པོ་ལྔ་དང། སྐྱེ་མཆེད་དང། ཡུལ་རྣམས་སོ། །དེའི་མོད་ལ་རྣམ་པར་ཤེས་པ་གསུམ་གྱི་རང་བཞིན་སྣང་བའི་རྒྱུ་བ་གསལ་བར་ཉམས་སུ་མྱོང་བའོ། །སྣང་བའི་རྒྱུ་ལས་ཀྱང་རང་བཞིན་ཐམས་ཅད་ཀྱི་ཀུན་འབྱུང་བ་ཞེས་བྱ་བ་ནི་མན་ངག་གོ་།རྣམ་པར་ཤེས་པ ་གསུམ་ཡང་ཐབས་དང་ཤེས་རབ་དང་གསལ་བ་དང་མི་གསལ་བ་སྟེ། རྣམ་གྲངས་སོ། །དེ་ལ་སྣང་བ་དང་སྣང་བ་མཆེད་པ་ནི་ཐབས་དང་ཤེས་རབ་ཀྱི་ངོ་བོ་གསལ་བའི་ཕྱོགས་སོ། །དགོས་པའི་བརྡའི་ཚིག་གི་མ་ནིང་གི་ཚིག་དང། སྣང་བ་ཐོབ་པ་ནི ་མི་གསལ་བའི་ཕྱོགས་སོ། །གཞན་ཡང་སེམས་དང་ཡིད་དང། རྣམ་པར་ཤེས་པ་དང། གཞན་དབང་དང། ཡོངས་སུ་གྲུབ་པ་དང། འདོད་ཆགས་དང། ཞེ་སྡང་དང། གཏི་མུག་ཆེས་བྱ་བ་ནི་རྣམ་གྲངས་ཏེ། ཐམས་ཅད་འཁོར་བའི་ཐུན་མོང་གི་ཆོས་སོ། ་དེའི་བསྙེན་པོ་ངོ་བོ་རྣམ་པར་བྱང་བའི་ཆོས་ཏེ། དེས་ན་ཐེག་པ་ཆེན་པོ་པ་རྣམས་ཀྱིས་ཐུན་མོང་མ་ཡིན་པའི་རྣམ་གྲངས་སྟན་ཏེ། སྣང་བ་ཞེས་བྱ་བ་ལ་སྟོང་པ་དང་ཤིན་ཏུ་སྟོང་པ་དང། སྟོང་པ་ཆེན་པོ་དང། སྣང་བ་དང། སྣང་བ་མཆེད་པ་དང། སྣང་བ ་ཐོབ་པ་དང། སེམས་དང། སེམས་ལས་བྱུང་བ་དང། འདོད་ཆགས་དང་བྲལ་བ་དང། འདོད་ཆགས་བར་མ་ཞེས་བྱ་བའོ། །བཞི་པ་ཡང་ཐམས་ཅད་སྟོང་པའི་མཚན་ཉིད་དེ། རྒྱུ་དང་འབྲས་བུའི་བྱེ་བྲག་གིས་ཤེས་པར་བྱའོ། །དེ་ཉིད་གསལ་བར་སྟོན ་ཏེ། ཤེས་རབ་ཅེས་བྱ་བ་ལ་སོགས་པ་ལ། ཤེས་རབ་ནི་བདག་མེད་པར་མཐོང་བ་ནི། ཐབས་ནི་སྙིང་རྗེ་ཆེན་པོའོ། །དེ་དག་ཡང་དག་པར་སྦྱོར་བ་ནི་གཉིས་སུ་མེད་པ་སྟེ། རྫོགས་པའི་ཉེ་བར་ཐོབ་པའི་ཡེ་ཤེས་སྐྱེད་པའོ། །དེ་དག་ལས་ཀྱང་འོད་གསལ་བའི ་མཚན་ཉིད་ཐམས་ཅད་སྟོང་པའི་ཡེ་ཤེས་སྐྱེ་བར་འགྱུར་ཏེ། འདི་ལྟར་རྒྱུའི་རིམ་པ་རྣམ་པར་དག་ཅིང་དྲི་མ་མེད་པ་བླ་ན་མེད་པའི་གནས་འཐོབ་ཅེས་བྱ་བར་སྦྱར་རོ། །གཞན་ཡང་རྣམ་པར་ཤེས་པ་གསུམ་རྣམ་པར་དག་པས་སྟོང་པ ་གསུམ་རྣམ་པར་སྦྱོར་བ་ཞེས་བྱ་བ་རྒྱུ་དང་འབྲས་བུའི་ངོ་བོ་རབ་ཏུ་སྟོན་ཏེ། དེ་ཉིད་སྣང་བ་དང། སྟོང་པ་དང། ཤེས་རབ་དང། ཡེ་ཤེས་དང། གཞན་དབང་གི་ངོ་བོ་དང། སེམས་ཞེས་བྱ་བ་རྣམ་གྲངས་སུ་བརྗོད་པའོ། །རང་བཞིན་གྱི་སེམས་དེའི་མཚན ་ཉིད་གསལ་བར་སྟོན་ཏཾ། དེ་ཡིན་ཞེས་བྱ་བ་ལ་སོགས་པ་ལ་ཚིགས་སུ་བཅད་པ་ཕྱེད་དང་བརྒྱད་ནི་བརྗོད་མི་དགོས་ཏེ་གོ་སླའོ། །ཆགས་བྲལ་ཞེས་བྱ་བ་ལ་སོགས་པ་ལ། འདིར་འདོད་ཆགས་དང་བྲལ་བའི་སེམས་ནི་ཡིད་དུ་འོང་བ་མཐོང་བས་མ་ཆགས ་པའོ། །དེ་ཡང་སྨན་པ་དང། བར་མ་དང། ཆེན་པོའི་བྱེ་བྲག་གི་རྣམ་པ་གསུམ་མོ། །ཡིད་འགྲོ་ཞིང་འོང་བ་ནི་སེམས་རྣམ་པར་གཡོ་བ་ནི། མྱ་ངན་ལ་སོགས་པ་གསུམ་ཞེས་བྱ་བ་ནི་སྡུག་པ་དང་བྲལ་བར་གྱུར་ན་ཡིད་ལ་སེམས་ཤིང་གདུང་བའོ ་དེ་ཡང་དམན་པ་དང་བར་མ་དང། ཆེན་པོའི་བྱེ་བྲག་གིས་རྣམ་པ་གསུམ་མོ། །ཞི་བ་ལ་ཞེས་བྱ་བ་ལ་ནི་སེམས་ཞི་བར་གནས་པའོ། །རྣམ་པར་རྟོག་པ་ནི་རྒོད་པར་གནས་པའོ། །འཇིགས་པ་ཞེས་བྱ་བ་ནི་ཡིད་དུ་མི་འོང་བ་དང་ཕྲད་པར་གྱུར་ན ་སེམས་སྐྲག་པར་གྱུར་པའོ། །དེ་ཡང་རྣམ་པ་གསུམ་ནི་སྔ་མ་བཞིན་ནོ། །སྲིད་པ་ནི་ཡུལ་ལ་ཞེན་པ་སྟེ། དེ་ཡང་ཡུལ་གྱི་བྱེ་བྲག་གིས་རྣམ་པ་གསུམ་ནི་སྔ་མ་བཞིན་ནོ་ཉེ་བར་ལེན་པ་ནི་གཞན་གྱི་ནོར་ཡིད་ཀྱིས་ལེན་པར་བྱེད་པ་འམ། ཡུལ ་རྣམས་ལ་ཀུན་ཏུ་འཛིན་པའོ། །མི་དགེ་བ་ནི་དགེ་བའི་ལས་ལ་ཡིད་གཉིས་ཟ་བའོ། །བཀྲེས་པ་དང་བསྐོམ་པ་ནི་རང་གི་རྒྱུན་ཏུ་ཉམས་སུ་མྱོང་ཞིང་འཇུག་པའི་མཚན་ཉིད་དོ། །ཚོར་བ་ནི་བདེ་བ་དང་སྡུག་བསྔལ་བ་དང། གཉི་ག་མ་ཡིན་པའི་རྣམ་པ་ཉམས་སུ ་མྱོང་བ་སྟེ། དེ་ཡང་ཡུལ་གྱི་བྱེ་བྲག་གིས་རྣམ་པ་གསུམ་མོ། །རིག་དང་རིག་འཛིན་ཅེས་བྱ་བ་ལ། རིག་པ་ནི་རིག་པའོ། །རིག་འཛིན་ནི་རང་གི་རིག་པའི་ཤེས་པའོ། །དེ་དག་གི་གཞི་ནི་གནས་ཏེ། དམིགས་པའི་དངོས་པོ་ཞེས་བྱ་བའི་དོན་ཏོ། །སོ་སོར་རྟོག་པ་ནི ་རིགས་དང་མི་རིགས་པར་དཔྱོད་པའོ། །ངོ་ཚ་ཤེས་པ་ནི་ཁ་ན་མ་ཐོ་བ་ལ་འཛེམ་པའོ། །སྙིང་རྗེ་ནི་སྡུག་བསྔལ་དང་བྲལ་བར་འདོད་པའི་སེམས་སོ། །རྩེ་བ་ནི་དམིགས་བྱ་ཡོངས་སུ་སྲུང་བའམ་སྡུག་པ་དང་ཕྲ་བར་འདོད་པའོ། །དེ་ཡང་ལུས་ཀྱི་བྱེ་བྲག་གི་རྣམ་པ ་གསུམ་མོ། །དོགས་པ་ནི་སེམས་ངེས་པར་མི་གནས་པའོ། །བསགས་པ་ནི་ཡོ་བྱད་ཡོངས་སུ་སྡུད་པའོ། །སེར་སྣའི་བློས་མི་གཏོང་བའོ། །རང་བཞིན་སུམ་ཅུ་རྩ་གསུམ་པོ་དེ་དག་མི་རྣམས་ཀྱིས་རང་རིག་པའོ། །དེ་ཡང་ཀུན་རྫོབ་གསལ་བའི་ངོ་བོས་མཚན ་མོ་ཞེས་བྱ་བར་བསྟན་ཏེ། དེ་ཉིད་ཀྱིས་བུད་མེད་དང་འཇམ་པོ་ལྟ་བུ་ཞེས་བྱའོ། །གཡོན་པ་ཞེས་བྱ་བ་དང། ཟླ་བའི་དཀྱིལ་འཁོར་དང། པདྨ་ཞེས་བྱ་བ་ཡང་བསྟན་ཏེ། འདིར་འཇམ་པོ་ལྟ་བུ་དང། གཡོན་པ་ཞེས་བྱ་བ་ཟླ་བའི་སྣང་བ་མཆེད་པས་། ་གཡོན་པ་ལ་བརྟེན་པ་ཉིད་ཀྱིས་སོ། །འཇམ་པོ་ནི་ཤིན་ཏུ་གཞོན་པའོ། །གཡོན་པ་ཞེས་བྱ་བས་ཀྱང་འདིར་བྱང་ཕྱོགས་སུ་འགྲོ་བའི་མིང་དུ་བརྗོད་དོ། །འདི་ཉིད་དང་པོའི་ལས་ཅན་བརྟན་པར་བྱེད་པའི་རྒྱུ་དང་པོའི་དབྱངས་ཡིག་ཐིག་ལེ་དང་བཅས་པ་རབ ་ཏུ་བསྟན་པ་ཨོཾ་སྟེ། དེ་བསྒོམ་པ་འཕེལ་བར་གྱུར་པས་ཀྱང། ཟླ་བའི་འོད་ཟེར་སྣང་བ་ལྟ་བུ་སྣང་བའི་ཡེ་ཤེས་ཡང་དག་པར་འབྱུང་བ་སྟེ། སྐྱེ་ཞེས་བྱ་བར་གསུངས་སོ། །རང་བཞིན་སུམ་ཅུ་རྩ་གཉིས་ཤེས་རབ་དང་སྙིང་རྗེ་ལ་དམིགས་པ་གསུངས་ཏེ ་སྟོང་པའི་ཁོངས་སུ་གཏོགས་པ་སྣང་བའི་མཚན་ཉིད་དོ། །ད་ནི་ཐབས་ཀྱི་ཡེ་ཤེས་ལ་གཅོད་དམིགས་པ་ཤིན་ཏུ་སྟོང་པའི་ཁོངས་སུ་རྫོགས་པ། རང་བཞིན་ཚིག་ལེའུར་བྱས་པ་བདུན་གྱིས་སྟོན་ཏེ། སྣང་བ་མཆེད་པ་དང། ཤིན་ཏུ་སྟོང་པ་དང། ་ཐབས་ཀྱི་ཡེ་ཤེས་དངོས་ཡོངས་སུ་བརྟགས་བ་དང། སེམས་ལས་བྱུང་བ་ཞེས་བྱ་བ་ནི་ཕྱོགས་གཅིག་སྟེ། རྣམ་གྲངས་ཀྱི་བྱ་བར་བསྟན་ཏོ། །ཆགས་པ་ཞེས་བྱ་བ་ན་མ་ཐོབ་བའི་ཡུལ་ལ་ཡིད་ཀུན་ཏུ་ཆགས་པའོ། །རྣོན? ་བ་ནི་ཐོབ་པའི་ཡུལ་འཆགས་པའོ། །དགའ་བ་ནི་ཡིད་དུ་འོང་བའི་དངོས་པོ་མཐོང་བས་སེམས་དགའ་བའི་།དེ་ཡང་དམན་པ་དང། །ར་མ་དང། ཆེན་པོར་བྱེ་བྲག་གིས་རྣམ་པ་གསུམ་མོ། །རངས་བའི་སེམས་ཀྱི་མངོན་པར་འདོད་པའི་དངོས་པོའི་གྲུབ ་པས་བདེ་བའི་གནས་སྐབས་སོ། །རབ་ཏུ་མགུ་བ་ནི་དེའི་རྣམ་པའི་སེམས་ཀྱིས་ཡང་དང་ཡང་དུ་ཉམས་སུ་མྱོང་བའོ། །ངོ་མཚར་ཞེས་བྱ་བས་ནི་གཏམ་སྣ་ཚོགས་པས་ཅི་འདི་ཡིན་ནམ་མ་ཡིན་སྙམ་དུ་ཐེ་ཚོམ་ཟ་བའོ། །དགོད་བ་ནི་ཡིད་དུ་འོང་བས ་མཐོང་བས་དགོད་པར་བྱེད་བའོ། །ཚིམ་པ་ནི་བདེ་བའི་རྣམ་པ་ཉམས་སུ་མྱོང་བའོ། །འཁྱད་བ་ནི་ཡིད་དུ་འོང་བའི་དངོས་པོ་དང་ལྷན་ཅིག་དུ་འདྲེས་པའོ། །འོ་བྱེད་དེ་བཞིན་འཇིབ་ཅེས་བྱ་བ་ནི་གོ་སླ་བ་ཉིད་དོ། །བསྟན་པ་ནི་མི་གཡོ་བའོ། །བརྩོན་འགྲུས ་ནི་དགེ་བ་ལ་མཆོག་ཏུ་གཞོལ་བའོ། །ང་རྒྱལ་ནི་མཐོང་བར་སེམས་པའོ། །ལས་ནི་རྟག་ཏུ་སྤྱོད་པའི་བྱ་བ་རྫོགས་པའོ། །འཕྲོག་པ་ནི་གཞན་གྱི་ནོར་ཕྲོག་པར་འདོད་པའོ། །སྟོབས་ནི་གསུམ་འགྱེད་པར་འདོད་པའོ། །སྤྲོ་བ་ནི་དགེ་བའི་ལས་ལ ་གོམས་པར་བྱེད་པའོ། ཚམ་ཚོམ་མེད་པ་ནི་དྲེགས་པའི་དབང་གིས་མི་དགེ་བའི་ལས་ལ་སྦྱོར་བའོ། །དེ་ཡང་དམན་པ་དང། བར་མ་དང། ཆེན་པོའི་བྱེ་བྲག་གིས་རྣམ་པ་གསུམ་མོ། །དྲག་པོ་ནི་སྒྱུ་མེད་པར་ཡང་དམ་པ་རྣམས་དང་རྩོད་པར ་སེམས་པའོ། །སྒོག་པ་ནི་ཡིད་དུ་འོང་བ་མཐོང་བས་འགྱིད་པའི་སེམས་སམ། རྩེ་བར་འདོད་པའོ། །ཞེ་འགྲས་བ་ནི་ཡིད་དུ་མི་འོང་བ་སྤོང་བར་འདོད་པའོ། དགེ་བ་ནི་དགེ་བའི་ལས་ལ་རྩོམ་པར་འདོད་པའོ། །ཚིག་གསལ་བ་ནི་ཐོགས་པ ་མེད་པར་ཆག་བརྗོད་པའོ། །བདེན་པ་ནི་འགྲུག?་པ་མེད་པའི་དག་པ། །མི་བདེན་པ་ནི་དེ་ལས་འདོགས་པའོ། །དེས་པ་ནི་ཤིན་ཏུ་བརྟན་པའི་ཡིད་དམ་མོ། །ཉེ་བར་མི་ལེན་བ་ནི་དངོས་པོ་ཐམས་ཅད་ཡོངས་སུ་འཛིན་པར་མི་འདོད་པའོ། །སྦྱིན་པ་པོ ་ནི་རང་གི་བདོག་པ་ཡོངས་སུ་གཏོང་བར་བྱེད་པའི་ཡིད་དོ། །སྐུལ་བ་ནི་ལེ་ལོ་ཅན་གྱི་སེམས་འཛུད་པར་བྱེད་པའོ། །དཔའ་བོ་ནི་ཉོན་མོངས་པའི་ངག་ལས་རྒྱལ་བར་འདོད་པའོ། །ངོ་ཚ་མེད་པ་ནི་ཁ་ན་མ་ཐོབ་པ་དང་བཅས་པའི་ལས་རྩོམ་པའོ། སྒྱུ་ནི ་བཅོས་སམ་གཞན་སླུ་བའོ། །འདུག་པ་ནི་ལྟ་བ་ངན་པ་ལ་བྱེད་པའོ། །གཡང་ནི་རང་གི་སྐྱོན་འཆབ་བ་ལ་རྩོན་པའོ། །གྱ་རྒྱ་ནི་དྲང་པོ་མ་ཡིན་པའོ། །རང་བཞིན་བཞི་ཅུ་དེ་ངག་ནི་ཤིན་ཏུ་སྟོང་པའི་ཁོངས་སུ་གཏོགས་པར་རིག་པར་བྱའོ། །དེ ་ཡང་སྐད་ཅིག་མ་སྟེ། མི་གནས་པ་ཉིད་ཀྱི་ཕྱིར་རོ། །རྩུབ་བའི་རྣམ་པ་ནི་འཇམ་པ་མ་ཡིན་པ་སྟེ། རང་རོད་ཅེས་བྱ་བའི་བར་དུའོ། །གཡས་བཞེས་བྱ་བ་ནི་གཡས་སུ་འགྲོ་བར་ཤེས་བྱ་བར་བྱ་སྟེ། ཉི་མའི་སྣང་བ་མཆེད་པའི་གཡས་པའི་ཕྱོགས་སུ ་བརྟེན་པ་ཉིད་ཀྱིས་ཀྱང་འདིས་ཉིན་མོ་དང། སྐྱེས་པ་པ་དང། ཉི་མའི་དཀྱིལ་འཁོར་དང། རྡོ་རྗེ་ཞེས་བྱ་བར་རབ་ཏུ་བསྟན་ཏེ། རྡོ་རྗེའི་མིང་ནི་འདིར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བསྒོམ་ཞེས་བྱ་བའི་དོན་ཏོ། །རྣམ་པ་གཞན་དུ་ན་སྐད་ཅིག་མ་ཉིད ་བརྟན་པས་སྐྱོན་དུ་འགྱུར་བའོ། །འདིར་དང་བའི་ལས་ཅན་བསྟན་བར་བྱ་བའི་ཕྱིར་ས་བོན་བསྒོམ་པ་སྟོན་ཏེ། ཆ་ཞེས་བྱ་བ་དེ་ཉིད་ཐབས་ཀྱི་རང་བཞིན་ཆ་སྟེ་ཐོག་མའི་དབྱངས་ཐིག་ལེ་གཉིས་ཀྱིས་བརྒྱན་ཅེས་བྱ་བར་ཤེས་པར་བྱའོ། ཨ་དེ་དག ་བསྒོམ་པ་ལ་སོགས་གོམས་པར་གྱུར་པས་འོད་ཟེར་སྟོང་གིས་གསལ་བ་དང་འདྲ་བའི་སྣང་བ་མཆོད་པའི་ཡེ་ཤེས་ཀུན་ཏུ་འབྱུང་བ་སྟེ། རབ་ཏུ་སྐྱེ་བར་ཤེས་བར་བྱའོ། །ཁ་ཅིག་ནི་སྣང་བ་མཆོད་པའི་སྦྱོར་བ་ལས་བྱུང་ཞེས་བརྗོད་དེ། དེ་ནི ་དོན་དང་མི་ལྡན་པས་དོར་བར་བྱའོ། །ད་ནི་ཚིག་ལེའུར་བྱས་པ་བཞིས་རྣམ་གྲངས་དང་བཅས་པའི་སྣང་བ་མཆེད་པའི་རང་བཞིན་སྤྲོས་པ་སྟོན་ཏེ། སྣང་བ་ཞེས་བྱ་བ་ལ་སོགས་པ་ལ། སྣང་བ་ནི་ཐོག་མར་སྣང་བའི་ཡེ་ཤེས་ཀྱི ་དྲོད་འབྱུང་བའོ། །ཉེ་བར་ཐོབ་པ་ནི་དེ་ཉིད་ཀྱི་འཕེལ་བས་ཐོབ་པ་སྟེ། མ་རིག་བ་རྣམ་པར་ཉམས་པས་ཐོབ་པ་ཡོངས་སུ་གྲུབ་པའི་ཡེ་ཤེས་འབྱུང་བའོ། །འདིས་སྣང་བ་དང། སྣང་པ་མཆེད་པ་དང། སྣང་བ་ཐོབ་པའི་མཚན་ཉིད་གསུམ་པོ་དང། ་ཡོངས་སུ་གྱུར་པ་དང། མ་རིག་པ་ཞེས་བྱ་བ་ནི་མིང་གི་རྣམ་གྲངས་སོ། །དེ་བཞིན་གཤེགས་པས་རྒྱུད་དེ་དང་དེར་སྟོང་པ་ཆེན་པོ་གནས་ཉིད་དུ་གསུངས་པ་སྟེ། སྔར་མ་བྱུང་བ་ནི་ཅུང་ཟད་ཀྱང་མིན་པའོ། །ཆགས་པ་པར་མ་ཞེས་བྱ་བ་ནི་ཆགས་པ་བར ་མའི་སྐད་ཅིག་གི་གནས་སྐབས་ཀྱི་སེམས་བློང་བའོ། །བརྗེད་ངས་པ་ནི་སྔར་ཉམས་སུ་མྱོང་བར་གྱུར་པའི་དོན་ལ་ཡོངས་སུ་འཁྲུལ་པའོ། །འཁྲུལ་པ་ནི་གཡེང་བའི་སེམས་ཏེ། སྒེའུ་ལྟ་བུའོ། །མི་སྨྲ་བར་གྱུར་པ་ནི་ལྐུགས་པ་ལྟ་བུའོ། །སྐྱོ་བ ་ནི་ཡིད་ལ་སེམས་པས་སེམས་དུབ་པའོ། །ལེ་ལོ་ནི་སྙོམ་ལས་སོ། །ཐེ་ཚོམ་ནི་མ་ངེས་པའི་སེམས་བྱུང་བའོ། །རང་བཞིན་བདུན་པོ་དེ་དག་ནི་ཕྲ་མོའི་རྣལ་འབྱོར་ལ་གོམས་ཤིང་གཞོལ་བར་ཤེས་པར་བྱའོ། །དེ་ཉིད་ཀྱིས་ནི་དེ ་ལས་ཟློག་པའི་མཚན་ཉིད་ཀྱི་སྣང་བ་ཐོབ་པའི་མཚན་ཉིད་སྟོན་ཏེ། ས་བོན་ཐིག་ལེར་ལྡན་མིན་ལ་ཞེས་བྱ་བ་ལ་སོགས་པ་ལ། ས་བོན་ནི་སྔགས་ཀྱི་ཡི་གེ་བསྒོམ་པ་སྟེ། སྟེང་དུ་ཐིག་ལེ་དང་བཅས་པའི་ཡི་གེའོ། །དེ་བསྒོམ་པ་ལ ་སྦྱར་བར་མི་བྱ་བ་དང། སྣའི་བུ་གའི་རླུང་གི་སྒོ་ནས་ཀྱང་ཀུན་ཏུ་མི་རྒྱུ་བའོ། །དེ་ཉིད་ཀྱིས་ནི་སྣད་བ་ཡོད་པ་ན། མ་རིག་པ་རྣམ་པར་བཅོམ་སྟེ། གང་ཞིག་ཡེ་ཤེས་ཀྱི་སྐད་ཅིག་ཉེ་བར་དམིགས་ཤིང་ཐོབ་པ་དེ་སྣང་བ་ཐོབ་པའོ། །འདི་སྐད་དུ ་སྣང་བ་ཐོབ་པའི་གནས་སྐབས་ཀྱི་རྣལ་འབྱོར་པ་རྣམས་ས་བོན་བསྒོམ་པར་བྱ་བ་ལ་སྦྱར་བར་མི་བྱ་ཞིང་སྲོག་དང་རྩོལ་བ་བསྒོམ་པར་ཡང་མི་བྱའོ། །དེ་ཉིད་སེམས་མི་གཡོ་བའི་ཏིང་ངེ་འཛིན་གྱི་མཚན་ཉིད་དོ། །དེ་དག་ནི་རང་བཞིན་ཞེས་བྱ་བ་ལ ་སོགས་པས་མཇུག་བསྡུ་བ་སྟེ། རང་བཞིན་སྔར་བཤད་པ་དེ་དག་གི་དབྱེ་བ་རྣམ་པ་གསུམ་གྱིས་ན་གྲངས་བརྒྱད་ཅུར་འགྱུར་བའོ། །ཕྲ་མོ་ཞེས་བྱ་བ་ནི་བརྟག་པར་དཀའ་བའོ། །དེ་ཡང་ཉིན་མཚན་གྱི་དབྱེ་བས་གཉིས་འགྱུར་དུ་རྩིས ་ན། རང་བཞིན་བརྒྱ་དྲུག་ཅུར་འགྱུར་བ་སྟེ། སྒོ་ང་ལས་སྐྱེས་པ་ལ་སོགས་པ་ལས་ཡང་འབྱུང་བའོ། །ཇི་ལྟ་བུ་ཞེ་ན། རླུང་ཞེས་བྱ་བ་ལ་སོགས་པ་ལ་གང་གི་ཚེ་རླུང་བཞོན་པའི་ངོ་བོ་འཛིན་པ་དེའི་ཚེ། དེ་དག་རང་བཞིན་ཡང་ནས་ཡང་དུ་འཇུག ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རླུང་མེད་ན་རྣམ་པར་ཤེས་པ་མེད་ལ། དེ་མེད་ན་རང་བཞིན་རྣམས་ཀྱང་མེད་པར་འགྱུར། ཞེས་སྟོན་ཏོ། །རྣམ་པར་ཤེས་པ་ནི་གནས་མེད་པ། གནས་པ་མེད་པ། རྟགས་མེད་པ། ཁ་དོག་དང་དབྱིབས་མེད ་ཅིང། དབང་པོའི་ཡུལ་ལས་འདས་པ། ཡན་ལག་དང་ཉིད་ལག་མེད་ཅིང། དབང་པོ་མ་ཡིན་པས་སྔོ་བསངས་ཤེས་བྱ་བ་ལ་སོགས་པའི་ལྷག་པར་ཡང་ཁ་དོག་མ་ཡིན་པ་མ་ཡིན་ནམ། རང་བཞིན་དེ་ཅི་ལྟར་ཉམས་སུ་མྱང་བར་འགྱུར ་ཞེ་ན། སྨྲས་པ་ཇི་ལྟར་རླུང་གི་ཁམས་གཟུགས་མ་ཡིན་པ་ལ་གཡོ་བ་དང་བསྐྱོད་བ་ལ་སོགས་པའི་བྱ་བ་སྣང་བ་ལས་རྗེས་སུ་དཔག་པས་ཉམས་སུ་མྱོང་སྟེ། དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་ནི་འདི་རླུང་ལྷན་ཅིག་ཏུ་འདོད ་ཆགས་དང། འདོད་ཆགས་བར་མ་དང། འདོད་ཆགས་བྲལ་བ་ལ་སོགས་པའི་རང་བཞིན་རྗེས་སུ་དཔག་པས་ཉམས་སུ་མྱོང་བར་འགྱུར་ཏེ། འདིར་གང་དུ་ཡང་འགལ་བ་མེད་དོ། །གལ་ཏེ་རྣལ་འབྱོར་པས་ཇི་ལྟར་ཉམས་སུ་མྱོང ་ཞེ་ན། སྐད་ཅིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐད་ཅིག་ནི་མཐེ་བོ་དང་གུང་མོ་སྦྱར་ནས་གཏོགས་པའི་སྒྲ་དེ་ལ་སྐད་ཅིག་ཅེས་བྱའོ། །ཐང་ཅིག་ནི་གཟུགས་ལ་སོགས་པ་ཡིད་དུ་འོང་བ་མཐོང་བས་རེག་པ ་འཇུག་པའོ། །ཡུད་ཙམ་ནི་དབུགས་རྡུབ་པ་ཙམ་གྱིས་ཚད་དོ། །མིག་འཛུམ་པ་ནི་ཕྱེ་བ་ལ་བལྟོས་པ་ཙམ་མོ། །ཐལ་མོ་ནི་ལག་པ་དང་ལག་པ་བརྡབས་པའོ། །ཕྲ་བའི་ཁམས་འཇུག་པས་སྐད་ཅིག་ལ་སོགས་པ་ཕན་ཚུན་གང་དེ་ཉམས་སུ་མྱོང ་བ་གྲུབ་པ་ཞེས་བྱ་བར་དགོངས་ཏེ། སྐད་ཅིག་ལ་སོགས་པའི་མཚན་ཉིད་བསྟན་པའོ། །ད་ནི་སྔར་བཤད་པའི་དོན་ལུང་གཞན་དགོངས་པ་བླ་ན་མེད་པའི་མདོ་སྡེ་ཚིག་ལེའུར་བྱས་པ་སྔར་བསྒྲུབ་ཅིང་སྟོན་ཏེ། རང་རིག་ཅེས་བྱ་བ་ནི་ཉམས་སུ་མྱོང་བའོ། ་རེ་ཞིག་ཙམ་གྱི་མཚན་ཉིད་ནི་གང་གི་ཡེ་ཤེས་ཀྱི་ངོ་བོ་དེ་རང་རིག་པ་ཙམ་མོ། །གཞན་ཡང་ཇི་ལྟ་བུ་ཞེ་ན། ནམ་མཁའ་ལྟ་བུར་སྒྲིབ་པ་མེད་པའི་མཚན་ཉིད་དོ། །འོན་ཀྱང་ཞེས་བྱ་བ་ནི་ཕྱོགས་གཞན་པའོ། །དེའི་ཡེ་ཤེས་ཀྱི་རྣམ་པ་སྤངས་པའི ་དབྱེ་བ་གསུམ་གྱི་བདག་ཉིད་དེ་དང་ལྡན་པ་སྟེ། འདི་ཇི་ལྟར་བྱ་ཞེ་ན། མཚན་མོ་ཞེས་བྱ་བ་ནི་སྣང་བའོ། །ཉིན་མོ་ཞེས་བྱ་བ་ནི་སྣང་བ་མཆེད་པའོ། །མཚམས་ཞེས་བྱ་བ་ནི་སྣང་བ་ཐོབ་པ་སྟེ། གསུམ་གྱི་བདག་ཉིད་ཅན་གྱི་རང་གི་ངོ་བོ་རབ་ཏུ་བསྟན་ཏོ ་དེ་ཉིད་གསལ་བར་བསྟན་པའི་ཕྱིར། སྣང་བ་ཞེས་བྱ་བ་ལ་སོགས་པ་སྨས་ཏེ། དེ་ལ་ཤེས་རབ་ཡེ་ཤེས་ཀྱི་རང་གི་ཟླ་བ་ལྟ་བུའོ། །སྟོང་པ་ཙམ་ཞེས་བྱ་བ་ནི་སྣང་བའི་ཡེ་ཤེས་ཀྱི་མཚན་ཉིད་དོ། །དེ་ཡང་དྲི་མ་དང་བཅས་པ་སྣང་བ་སྟེ། ་ཤིན་ཏུ་སྲབ་པའི་དར་སེང་བས་གཡོགས་པའི་མིག་ལྟ་བུའོ། །ཐབས་ཡེ་ཤེས་ཀྱི་རང་གི་ངོ་བོ་ཉི་མའི་སྣང་བ་ལྟ་བུར་ཤིན་ཏུ་སྟོང་པ་ནི་གསལ་བར་སྣང་བ་སྟེ། སྒྲིབ་གཡོགས་དང་བྲལ་བའི་མིག་གིས་ལག་མཐིལ་གྱི་སྐྱུ་རུ་ར་མཐོང ་བ་ལྟ་བུའི་སྣང་བ་མཆེད་པའི་མཚན་ཉིད་དོ། །ཤེས་པ་གཉིས་སྤངས་པའི་མཚན་མོ་དང། མཚམས་ལྟ་བུ་ནི་སྟོང་པ་ཆེན་པོའི་མཚན་ཉིད་རབ་རིབ་ཀྱིས་ཉམས་པའི་མིག་ལྟ་བུ་འདི་ནི་སྣང་བ་ཐོབ་པའི་མཚན་ཉིད་དོ། །དེ་ཉིད་ཀྱིས་ན་སྣང་བ་མཆེད་པ ་ཐོབ་པ་ལ་སྣང་བ་ཐོབ་པ་ཞེས་བྱ་སྟེ། སེམས་ཀྱི་དབྱེ་བ་རྣམ་པ་གསུམ་དུ་གསུངས་སོ། །དེའི་བཞི་ནི་བརྗོད་པར་བྱ་ཞེས་བྱ་བ་ལ། གཞོན་པ་ནི་གཞོན་པ་སྟེ། སྐྱེས་བུའི་གཞོན་པ་ལྟ་བུའོ། དེའི་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་འོ། །རླུང་རྣམས་ཕྲ། ་བའི་གཟུགས་ཀྱི་ཞེས་བྱ་བ་ལ། རླུང་ནི་ཐ་མལ་པའི་གཡོ་བར་གནས་པའོ། །ཕྲ་བ་ནི་བརྟག་དཀའ་བའི་དངོས་པོས་ཤེས་པ་སྟེ། ཤེས་པ་རྣམ་པ་གསུམ་པོ་དེ་དང་ཡང་འདྲེས་པར་གྱུར་ཅིང་མིག་ལ་སོགས་པའི་སྒ་ནས་བྱུང་ནས་གཟུགས་དང་སྒྲ ་ལ་སོགས་པའི་ཡུལ་ལ་དམིགས་ཤིང་འཛིན་པའོ། །སྣང་བ་ཞེས་བྱ་བ་ལ་སོགས་པ་ལ། སྣང་བ་ནི་དང་པོར་སྣང་བའི་དྲོད་འབྱུང་བ་སྟེ། དེ་བས་ན་གང་གི་ཚེ་དང་ལྡན་པར་གྱུར་བའི་རླུང་གི་བཞོན་པ་དང་བྲད་པར་གྱུར་པ་དེའི་ཚེ། ངོ་བོ་མཛའ་དག ་གི་རང་བཞིན་ལ་འཇུག་པར་བྱེད་ཅིང་ངེས་འཐད་པ་མ་ཡིན་པར་བཟུང་བར་བྱེད་པ་འམ། བསྡུས་པ་དང་མཛའ་དག་དེས་སོ་སོ་རེ་རེ་ཕྱེ་བ་སྟེ། འདིས་ངེས་པ་མེད་པའོ། །གང་དང་གང་དུ་ཞེས་བྱ་བ་ལ་སོགས་པ་ལ། གང་དུ་སྲོག་ཆགས་སྐྱེས ་ཤིང་གནས་པའི་གཟུགས་ཏེ། རླུང་གནས་པ་སྟེ། དེ་དང་དེར་རང་བཞིན་གྱི་རྣམ་པ་འབྱུང་ཞིང་འཛིན་ཅེས་བྱ་བ་ནི་ཚིག་གི་དོན་ཏོ། །དུས་ཇི་སྲིད་ཅིག་ལ་ནི་ཙ་སྲིད་ཅེས་བྱ་བ་སྟེ། ཅི་སྲིད་དང་པོའི་ཡེ་ཤེས་ཀྱི་སྐད་ཅིག་བརྟན་པར་མ ་བྱུང་བ་དེ་སྲིད་དུ་དེའི་ཁྱར་པར་གཡོ་པ་ཞེས་བྱ་བ་གཡོ་ཞིང་བསྐྱོད་པ་སྟེ། གང་ལ་འཇུག་པ་ལ་དེ་སྐད་ཅེས་བྱའོ། །ད་ནི་ཡི་གེ་གསུམ་གྱི་རྒྱུ་དང། འབྲས་བུའི་ངོ་བོ་གསལ་བར་སྟོན་ཏེ། སྣང་ཞེས་བྱ་བ་ལ་སོགས་པ་ལ་བདག་གི་དངོས་པོ་ནི ་རང་གི་ཡིད་ཀྱིས་གང་ཞིག་ཉོན་མོངས་པ་སྤངས་ཤིང་རྣམ་པར་རྟོག་པའི་ངོ་བོ་དང་བྲལ་བའི་གནས་སྐབས་སོ། །དེ་ཉིད་རྒྱུ་རྐྱེན་འབྲས་བུ་ནི་སྣང་བ་གཉིས་པའོ། །གནས་སྐབས་གང་དུ་སྣང་བ་ཐོབ་པ་འབྲས་བུར་གྱུར་པ་དེར ་གཉི་ག་ཡང་རྒྱུ་སྟེ་སྣང་བ་དང། སྣང་བ་མཆེད་པ་གང་གི་རྒྱུ་ཡིན་པ་དེ་ལ་དེ་སྐད་ཅེས་བརྗོད་དོ། །ཡེ་ཤེས་གསུམ་པོ་ཡང་གང་དུ་ཉམས་སུ་མྱོང་བ་ཞེས་བྱ་བ་སྟོན་ཏེ། སྒྱུ་མ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། གང་གི་ཕྱིར་སྒྱུ་མའི་རིགས ་རྣམ་པ་ཐམས་ཅད་ཀྱི་ནང་ནས། བུད་མེད་ཀྱི་སྒྱུ་མ་ཤིན་ཏུ་ཁྱད་པར་དུ་གསུངས་ཏེ། དེས་ན་དེ་ཉིད་ལ་ཡེ་ཤེས་གསུམ་གྱི་རང་བཞིན་རིག་པའི་ངོ་བོ་དེས། གསལ་བར་ཡང་དང་ཡང་དུ་ཉམས་སུ་མྱོང་བར་གྱུར་པའོ། །ཇི་ལྟར་ཞེ་ན། འདོད ་ཆགས་ཞེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་ནི་དང་པོའི་སྐད་ཅིག་སྟེ། དགའ་བ་ཞེས་བྱའོ། །འདོད་ཆགས་བྲལ་བ་ཞེས་བྱ་བ་ནི་མཆོག་ཏུ་དགའ་བ་ཞེས་བྱ་བའོ། །དེ་དག་གི་བར་ནི་གཉིས་ཀྱི་བར་མ་སྟེ། འདྲེས་པར་གྱུར་པའོ། །ཅི་ཞེ་ན། ་གསུམ་ཞེས་བྱ་བ་སྟེ། ཡེ་ཤེས་ཀྱི་སྐད་ཅིག་གི་བར་མའོ། །ད་འདིར་གསལ་བར་མ་བསྟན་ཏེ། ཉམས་སུ་མྱོང་བའི་དུས་སུ་རང་རིག་པ་གཉིས་ཀྱིས་སོ། །དེ་ཉིད་རླུང་གི་བཤད་པ་སྟེ། དབང་པོ་གཉིས་ནི་ཞེས་བྱ་བ་ལ་སོགས་པ་ལ། དབང་པོ་གཉིས་ནི་?ང་མཉམ་པར་སྦྱོར ་བ་དེ། རྡོ་རྗེ་པདྨ་མཉམ་སྦྱོར་བ་ཞེས་བཤད་དོ། །འདིས་རབ་ཏུ་བཤད་ཅིང་བསྟན་པས་ན། དང་པོའི་སྣང་བའི་ཡེ་ཤེས་སྐྱེ་བ་ཞེས་གསུངས་སོ། །ཡེ་ཤེས་གཉིས་ནི་ཞེས་བྱ་བ་ལ། ཤེས་རབ་ཀྱི་ཡེ་ཤེས་དང། ཐབས་ཀྱི་ཡེ་ཤེས་གང་ཞིག་མཉམ ་བར་སྦྱོར་བ་སྟེ། མངོན་དུ་གྱུར་ཅིང་སྙོམས་པར་འཇུག་པ་ཞེས་སྟོན་ཏོ། །འདིས་གཉིས་པ་སྣང་བ་མཆོད་པའི་ཡེ་ཤེས་རབ་ཏུ་སྟོན་ཏེ། དེ་ཉིད་ཡེ་ཤེས་གཉིས་གང་ཞིག་སྙོམས་པར་འཇུག་ཅིང་མངོན་དུ་གྱུར་པའོ། །ཇི་སྐད་བཤད ་པ་ཞེས་བྱ་བ་ནི། སྔར་བཤད་པའི་དོན་ནམ། བླ་མའི་ཞལ་ནས་གསུངས་པའོ། །བྱ་བ་ནི་གྲུབ་པའོ། །གང་ཞིག་ཡེ་ཤེས་གསུམ་པ་སྐྱེ་བར་འགྱུར་བ་དེའི་ཚེ། སྣང་བ་ཐོབ་པ་ཞེས་བཤད་དོ། །དེ་དག་གི་མི་མཐུན་པའི་ཆོས་སྟོན་ཏེ། གང་ཞིག་ཅེས་བྱ་བ་ལ ་སོགས་པ་ལ། རྣལ་འབྱོར་པ་གང་ཞིག་བསླབ་པ་འཛིན་པར་མོས་པའམ། མི་ནང་དག་ལ་ཀུན་རྫོབ་ཏུ་ཡང་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་མེད་པར་དེའི་མཉམ་པར་བཞག་པའི་གསལ་བ་ལས་གྱུར་བ་ཡིད་བསྐྱེད་པའི་ཡེ་ཤེས་གསུམ་ཞེས་བྱ་བ་ནི་འདིར ་ཡིད་གཉིས་མེད་པར་འབྱུང་བའོ། །ཅི་ལྟ་ཞེ་ན། ལན་ཅིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ལན་ཅིག་ཅེས་བྱ་བ་ནི་དུ་མ་མ་ཡིན་པའོ། །ཉམས་སུ་མྱོང་བ་ལྟ་བུ་ནི་ཉམས་སུ་མྱོང་བ་ཉིད་དོ། །ཅི་ལྟར་གང་གི་གང་དུ་རིག་སྔགས་འཆད་ནི། མཆོག་དང་ཕྲད ་ནས་བླ་ན་མེད་པའི་བདེ་བ་ཉམས་སུ་མྱོང་བ་དེ། དུས་གཞན་ཞིག་ནམ་ཉམས་པར་གྱུར་ཀྱང། བདེ་བའི་ལོངས་སྤྱོད་ཀྱི་མཚན་ཉིད་དྲན་པས་ཉམས་སུ་མྱོང་བ་སྟེ། དེའི་ལུས་ཀྱི་བ་སྤུ་ལྡང་བར་འགྱུར་བའོ། །དེ་བཞིན་དུ་ཡིད་ཡང་བདེ་བ་ལན་ཅིག་ཉམས ་སུ་མྱོང་བ་དྲན་པས་ཤེས་པ་ཅུང་ཟད་ཀྱང་ཉམས་པ་མེད་པའོ། །དེ་ལྟར་ཡེ་ཤེས་རྣམ་པ་གསུམ་གྱི་ཇི་ལྟ་བའི་དབྱེ་བའི་མཚན་ཉིད་ཕྱིན་ཅི་ལོག་པར་ཤེས་ནས་དེ་ཉིད་དམིགས་ཤེས་བྱ་བར་སྦྱར་རོ། །གང་གིས་ཞེ་ན། ཡེ་ཤེས་ཞེས་བྱ་བ་སྟེ། ་ཡེ་ཤེས་འཇུག་པ་ནི་ཡེ་ཤེས་འཇུག་པའོ། །དེའི་རང་བཞིན་ནི་རང་གི་ངོ་བོ་ཡོད་པའོ། །དེའི་ཕྱིར་དེ་ཉིད་རང་བཞིན་གྱི་ངོ་བོ་ཡོད་པ་ནི་རྟག་ཏུ་མཉམ་པར་བཞག་པའི་རྣལ་འབྱོར་བས་ཡང་དང་ཡང་དུ་བསམས་པར་བྱ་ཞེས་བྱ་བ་སྟེ། དེའི་མཐར་ཐུག་པའི ་དོན་ཏོ། །དེའི་དགོངས་པ་བླ་ན་མེད་པའི་མདོ་སྡེ་ལ་སོགས་པ་ཚིག་ལེའུར་བྱས་པ་དྲུག་གིས་བསྒྲུབ་པ་སྟོན་ཏེ། ཇི་ལྟར་ཆུ་འཛིན་བྱེད་ཅེས་བྱ་བ་ལ་སོགས་པ་ལ། ཆུ་འཛིན་ནི་སྤྲིན་ནོ། །ནམ་མཁའ་ཨི་དབྱིངས་ནི་ནམ་མཁའ་ཨི་དཀྱིལ་ལོ། །སྣང་བ་གསུམ་ནི་རྣམ་པར་ཤེས་པ་གསུམ་མོ། ་མ་ལུས་པའི་ཡུལ་ནི་ཉེ་བར་ལོངས་སྤྱོད་པ་སྟེ། ཡུལ་ལ་ཉེ་བར་བསྒྱུར་བ་གོང་དུ་སྦྱར་བ་ནི་ལོངས་སྤྱོད་ཀྱི་དོན་ཉིད་དོ། །འདི་འདྲའི་ཞེས་བྱ་བ་ནི་ཡེ་ཤེས་རྣམ་པ་གསུམ་སྟེ། རང་གི་ངོ་བོ་ཁོངས་སུ་མ་ཆུད་པ་དེ་ཉིད་ཀྱིས ་ན། མི་ཤེས་པའི་རབ་རིབ་ཀྱིས་ཁེབས་པ་སྟེ། དགེ་བ་དང་མི་དགེ་བའི་ལས་ཡོངས་སུ་བསགས་ནས་འགྲོ་བ་ལྔའི་སེམས་ཅན་ཡོངས་སུ་འཁྱམ་པ་སྟེ། དེ་ཡང་མཚམས་མེད་པ་མི་དགེ་བའི་ལས་ཀྱི་གཅིག་ནས་གཅིག་ཏུ་དམྱལ་བར་རྣམ་པར་སྨིན ་ཅིང་སྦྱིན་པ་ལ་སོགས་པ་ཡོངས་སུ་བསགས་པས་མཐོ་རིས་སུ་རྣམ་པར་སྨིན་པའོ། །དེ་ལྟར་ཡང་དང་ཡང་དུ་སྐྱེ་བ་ཕྲག་དུ་མར་སྐྱེས་ཤིང་གཅིག་ནས་གཅིག་ཏུ་ཐོབ་ནས་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ཤེས་ཏེ། དམྱལ་བ་ལ་སོགས་པ་ལ་ནི ་སེམས་ཅན་རྣམས་མྱ་ངན་བྱེད་པ་དང། མཐོ་རིས་ལ་སོགས་པ་ལ་ནི་དགའ་བ་བྱེད་པའོ། །རང་བཞིན་རྣམས་ཀྱི་སྣང་བ་ནི་རང་བཞིན་སྣང་བའོ། །དེའི་ཚུལ་གྱིས་སེམས་ཅན་རྣམས་འཁོར་བ་སྡུག་བསྔལ་ཉམས་སུ་མྱོང་བ་སྟེ། དེ་ཡོངས་སུ་ཤེས་པ ་མེད་པས་སོ། །སླར་ཡང་རྣལ་འབྱོར་པས་དེ་ཉིད་ཡོངས་སུ་ཤེས་པས་འཁོར་བའི་གཟེབ་ལས་གྲོལ་བ་ཐོབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ཀྱི་ཅེས་བྱ་བ་ནི་འདིར་སྔར་བཤད་པའི་ཤེས་རབ་ཡེ་ཤེས་ཀྱི་རང་བཞིན་ཏེ ་ཤེས་པར་བྱ་བའོ། །ད་བསྟན་པའི་ཕྱིར་ཡང་ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་སྟེ། རང་གི་སེམས་ཉིད་རྣལ་འབྱོར་པ་རང་གི་ཟླ་བའི་གཟུགས་བརྙན་ལྟ་བུ་གཉིས་སུ་མེད་པའི་ངོ་བོར་བསམ་པར་བྱའོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་རིམ་པ ་ཐ་དད་པའོ། །ཟླ་བའི་དཀྱིལ་འཁོར་བསྒོམ་པའི་རྗེས་སུ་རྣམ་པར་བསམ་པར་བྱ་སྟེ། གང་ཞིག་དེ་རྡོ་རྗེ་ལ་སོགས་པའི་མཚན་མ་དེ་དག་བསྒོམ་པ་ནི་བསྐྱེད་པའི་རིམ་པ་སྒོམ་པ་པོའི་ཐབས་ཀྱི་ཡེ་ཤེས་གསལ་བར་བྱེད་པ་སྟོན་ཏོ། །དེ་ཉིད ་ཀྱིས་ན་ཟླ་བའི་དཀྱིལ་འཁོར་དང་རྡོ་རྗེ་སྔོན་དུ་བསྒོམས་པས་ནི། སེམས་དང་སེམས་ལས་བྱུང་བ་ཡོངས་སུ་ཤེས་ཤིང་ཐབས་དང་ཤེས་རབ་བསྒོམས་པས་ཀྱང་ལྷ་ཉིད་ཀྱི་རྣམ་པར་རྫོགས་པའོ། །དེ་ཉིད་གསལ་བར་སྟོན་ཏེ། ཕྱག་རྒྱ་བཞིས་ནི་ཞེས་བྱ་བ་ལ་སོགས ་པ་ལ་ཆོས་དང་ལས་དང་དམ་ཚིག་དང། ཡེ་ཤེས་ཀྱི་མཚན་ཉིད་རྣམ་པ་བཞི་ཕྱག་རྒྱས་བདག་ཉིད་ཤིན་ཏུ་བསྲུང་བ་བྱས་ནས་ལྷ་དེ་ཉིད་ཀྱི་གཟུགས་ཀྱིས་གནས་པའོ། །འདི་རྣམས་ཡང་ལས་དང་པོ་པའི་གནས་སྐབས་སོ། །ཇི་སྐད་དུ། ཞེས་བྱ་བ་ལ། ་སོགས་པ་ལ་ནི་གསལ་བས་གོ་སླ་བ་ཉིད་དོ། །ད་ནི་རྫོགས་པའི་རིམ་པ་སྒོམ་པ་སྟོན་ཏེ། ཡོངས་རྫོགས་ཞེས་བྱ་བ་ལ་སོགས་པ་ལ། གང་ཞིག་སྟོང་པ་གསུམ་གྱི་རྣམ་པར་དག་པ་དེ་འོད་གསལ་བའི་ཡེ་ཤེས་སུ་བརྗོད་དེ། དེ་ཡང་ཡེ་ཤེས་གསུམ་རྣམ་པར ་དག་བྱའོ། །ཐམས་ཅད་སྟོང་གནས་ཞེས་བྱ་བ་ནི། དེ་ཉིད་དེ་ཁོ་ན་ཐམས་ཅད་རྣམ་པར་དག་པའི་གནས་སོ། །དེ་ཉིད་བླ་ན་མེད་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཉིད་ཅེས་བྱ་བ་སྟེ། རྣམ་གྲངས་སོ། །འདི་ཉིད་ནི་དཔེ་སྟེ། འགྱུར་བ་མེད་ཅིང་བྱ་བ ་པ་སོགས་པ་ལ། འགྱུར་བ་མེད་པ་ནི་རྣམ་པར་རྟོག་པའི་རྒྱུ་བ་སྤངས་པའོ། །སྣང་བ་མེད་པ་ནི་སྣང་བ་སྤངས་པ་སྟེ། རང་བཞིན་རྣམས་མཉམ་པ་ཉིད་ཀྱིས་སོ། །གཉིས་མེད་ཅེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་དྲི་མ་དང་བྲལ་བ་ཉིད་ཀྱིས་སོ། ། ་མཐར་ཕྱིན་པ་ཉིད་ཀྱིས་ན་མཆོག་གོ་།ལེགས་པར་བྱེད་པ་ཉིད་ཀྱིས་ན་ཞི་བའོ། །དེ་ཡང་འདི་ནའོ། །ཞེས་ཚིག་གིས་བརྗོད་པར་ནུས་པ་མ་ཡིན་པ་སྟེ། ཡོད་པ་དང་མེད་པའི་ཐ་སྙད་ལས་འདས་པའི་ཕྱིར་རོ། །དེ་བས་ན་རྒྱུ་འོད་གསལ་བ་ལས་ཡེ ་ཤེས་གསུམ་རབ་ཏུ་སྐྱེ་བ་སྟེ། སྒོམ་པ་འདིས་ཀྱང་མཚན་དང་དཔེ་བྱད་ཀྱིས་རྣམ་པར་མཛེས་པའི་སྐུ་རྫོགས་པར་འགྱུར་བའོ། །འདི་ཉིད་ཚིགས་སུ་བཅད་པ་བཅུ་གཉིས་ཀྱིས་རྒྱས་པར་སྟོན་ཏེ། འདི་སྐད་དུ་ཞེས་བྱ་བ་ལ་སོགས་པ་ལ། གང ་གི་ཕྱིར་བྱང་ཆུབ་སེམས་དཔའ་ཨི་གནས་སྐབས་སུ་དེ་བཞིན་གཤེགས་པའི་སྒྲར་བརྗོད་པར་མི་འགྱུར་བ་ཞིག་ན། འོན་ཀྱང་ངེས་པ་བརྙེས་པས་ན། དེ་བཞིན་གཤེགས་པའོ། །སྟོང་པ་ཆེན་པོ་ཞེས་བྱ་བ་ནི་མི་གཡོ་བའི་ཏིང་ངེ ་འཛིན་ཏོ། །ཏིལ་གྱིས་གང་བ་ནི་ཏིལ་གྱི་གང་བུའོ། །ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ནི། ནམ་མཁའ་ཨི་དབྱིངས་ན་གནས་པའོ། །གཡོ་བ་མེད་པས་ཞེས་བྱ་བ་ནི་ཡིད་ཀྱི་རྟོག་པའི་དྲི་མ་སྤངས་པས་སོ། །རྒྱལ་བའི་སྲས་ཞེས་བྱ་བ་ནི། རྒྱལ་བའི་སྲས་གཞོན་ནུ ་དོན་ཐམས་ཅད་གྲུབ་པའོ། །འདི་ནི་རྣམ་དག་མིན་ཞེས་བྱ་བ་ནི་སངས་རྒྱས་ཉིད་ཐོབ་པར་བྱེད་པ་མ་ཡིན་པའོ། །དེ་བས་ན་དྲི་མ་མེད་པ་ནམ་མཁའ་ཨི་རང་བཞིན་འོད་གསལ་བ་ཉིད་ལ་དམིགས་པར་གྱིས་ཤིག་ཅེས་བྱ་བ་སྟེ། དེར་རང་ཉིད་འདོད ་པའི་ངོ་བོ་ཁྱེད་ལ་སྐྱེ་བར་འགྱུར་བ་སྟེ། ཀུན་གྱི་དབང་ཕྱུག་གི་མཚན་ཉིད་རྡོ་རྗེ་སྐུ་ཡང་ཐོབ་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དང་པའི་རྒྱལ་པོ་ལྟར་རོལ་བར་འགྱུར་རོ་ཞེས་གསུངས་སོ། །སྒྲ་དེ་གནས་ནས་མི་གཡོ་བའི་ཏིང་ངེ་འཛིན་བཏང་སྟེ། ་ནམ་ཕྱེད་ཀྱི་དུས་སུ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བདུད་ལས་རྒྱལ་བར་འགྱུར་ཏེ། དེ་ཉིད་ཀྱང་འགྲོ་བ་ལ་ཕན་པར་གཞེད་པས་བརྙེས་པའོ། །དེ་འདིར་དེ་ཉིད་ཡེ་ཤེས་ཞེས་བྱ་བ་ལ་སོགས་པས་གསལ་བར་སྟོན་ཏེ། མཚམས་མེད་པ་ལྔ་ནི་གང་གི་ཚེ་ལས ་སྤྱད་པ་དེ་མ་ཐག་ཏུ་དམྱལ་བར་སྐྱེ་བ་དེའི་ཚེ། མཚམས་མེད་པའི་ལས་ཤེས་བྱའོ། །དེ་ཡང་རྣམ་པ་ལྔ་སྟེ། དགྲ་བཅོམ་པ་དང། ཕ་མ་གསོད་པ་དང། དགེ་འདུན་གྱི་དབྱེན་དང། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་འབྱིན་པའོ།། ་བསམ་པའི་དོན་རབ་ཏུ་སྟེར་བའི་ནོར་བུ་ནི་ཡིད་བཞིན་གྱི་ནོར་བུའོ། །མ་འོངས་པ་ནི་འབྱུང་བར་འགྱུར་བའོ། །འདོད་ཆགས་ལ་སོགས་པ་ནི་གོ་སླའོ། །ཡེ་ཤེས་གསུམ་དང་བྲེལ་བ་ནི་གཞན་དེ་ཁོ་ན་ཉིད་བཞི་པའོ། །དེ་ཡང་བླ་མའི་ཞལ ་ནས་རྟོགས་པར་བྱ་བའོ། །དཔལ་གསང་བ་འདུས་པའི་ལེའུ་གཉིས་པ་ལས་བསྟན་པ་དེ་ཉིད་ལས་ངེས་པར་གཟུང་བར་བྱའོ། །དཔལ་མཆོག་ཅེས་བྱ་བ་ནི་རྒྱུད་དོ། །རལ་པ་ནི་གཅིག་དང་གཉིས་དང་གསུམ་འཆང་བའོ། །དེ་ལྟར་གང་གིས་རྟགས་སྣ་ཚོགས ་པས་མངོན་པར་བྱང་ཆུབ་པར་འདོད་པ་སྟེ། དེ་དང་བྲལ་ན་དེ་ཁོ་ན་ཉིད་ཐོབ་པར་མི་འགྱུར་ཞེས་པའོ། །དང་པོའི་ལས་ཅན་གྱི་རྣལ་འབྱོར་པས་གོང་ནས་གོང་དུ་འཕེལ་བར་བྱས་པས་མཐར་ཕྱིན་པའི་འབྲས་བུས་བརྒྱད་པ་ཇོ་བོ?་སྟེ། ཡེ་ཤེས་གསུམ་བསྒོམ ་པ་ལས་ས་བཅུ་ཐོབ་པའོ། །རིམ་པ་དེ་ལྟ་བུས་སངས་རྒྱས་ཀྱིས་ཡང་ལྷག་པར་རྟོགས་ཏེ། ཐོག་མ་གཙང་མའི་ལྷའི་གནས་སུ་ཆོས་ཀྱི་འཁོར་ལོ་བསྐོར་ན། དེའི་རྗེས་སུ་སངས་རྒྱས་ཀྱི་ཞིང་རྣམས་སུ་བསྐོར་བར་འགྱུར་ཞེས་བྱ་བ་ནི་བསྡུས ་པའི་དོན་ཏོ། །ཆོས་འབྱུང་བ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱི་སྤྱོད་པ་གསུམ་ལ་གོམས་པར་བྱ་བ་སྟོན་ཏེ། སྤྲོས་པ་དང་བཅས་པ་དང། སྤྲོས་པ་མེད་པ་དང། ཤིན་ཏུ་སྤྲོས་པ་མེད་པའི་བྱེ་བྲག་གིས། སྤྱོད་པ་རྣམ་པ་གསུམ ་མོ། །སྤྱོད་པ་རྣམ་པ་གསུམ་པོ་དེ་ཉིད་ལ་སྤྱོད་པས་ཆོས་འབྱུང་བ་དང། ཆོས་ཀྱི་དབྱིངས་དང། བླ་ན་མེད་པ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པ་གསུམ་ཡང་གོ་རིམ་ཇི་ལྟ་བ་བཞིན་འདོད་ཆགས་ལ་སོགས་པ་རོལ་མོ་དང། རྣམ་པར་འཕྲུལ ་པ་ཅི་ལྟར་འདོད་པ་དང། ནམ་མཁའ་ཨི་མཛོད་ལ་སོགས་པའི་ཏིང་ངེ་འཛིན་གྱི་ཁྱད་པར་གྱིས་ཀྱང་གོམས་པ་ཅི་ལྟ་བ་བཞིན་དུ་གོམས་པར་བྱ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །འདིར་འདྲི་བ་པོ་ཁ་ཅིག་ན་རེ། བསླབ་པའི་སྦྱོར་བས་ཅི་ཞིག་བྱ་ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་བཞིན་ཉིད་རང་བཞིན་གྱིས་གྲུབ་པས་རྣམ་པར་རྟོག་པ་ལས་ཀྱང་སྐྱེ་བ་མ་ཡིན་པ་དེ་བས་ན། འདི་ལྟར་ཅི་ཞིག་གོམས་པར་བྱ་ཞིག་རྟོག་པས་འཛིན་པ་དེ་ལ་ངེས་པར་བསླབ་པ ་ཉིད་འབྱུང་བ་སྟེ། གང་ཞིག་རང་བཞིན་རྣམས་ཀྱིས་བྱེ་བྲག་རྟོགས་པས་བཞི་པོ་དེ་ཁོ་ན་ཉིད་ཀྱང་རྟོགས་པ་སྟེ། སྤྱོད་པ་རྣམ་པ་གསུམ་གྱི་བྱེ་བྲག་གིས་གོམས་པ་དེའི་འབྲས་བུ་ཐོབ་ཅིང། དེ་ལྟ་བུ་ལ་གོམས ་པས་བྱང་ཆུབ་སྐྱེའོ། །ཇི་ལྟར་ཤིང་ལས་མེ་ཞེས་བྱ་བ་ལ་སོགས་པའི་དཔེ་ནི་གོ་སླའོ། །ད་ནི་སློབ་མ་ཡོངས་སུ་བརྟག་པ་སྟོན་ཏེ། གང་ཞིག་གཡོ་རྒྱུ་བློ་ལྡན་ཞེས་བྱ་བ་ལ་སོགས་པ་ལ། གཡོ་ནི་རང་གི་སྐྱོན་འཆབ་པ་ལ་རབ་ཏུ་གཞོལ་བའོ། ། ་ལེ་ལོ་ནི་བརྩོན་པ་དམན་པའོ། །བླ་མ་ལ་འཕྱས་འདོགས་པའོ། །བློ་དམན་པ་ནི་བྱང་ཆུབ་ལ་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཐོབ་པར་དཀའ་བ་འདིས་ཅི་ཞིག་བྱ་ཞེས་བློ་ཞུམ་པའོ། །བླ་མའི་ཡོན་ཏན་ཡོངས་སུ་དོར་ཞིང་སྐྱོན་ཡང་དང ་ཡང་དུ་རྟོག་པ་དེ་ཉིད་ཀྱིས་ན་ཉོན་མོངས་ཤེས་བྱ་བ་ནི་སྤྱོད་པར་མི་ནུས་པའོ། །དེ་ཁོ་ན་ཉིད་མྱུར་དུ་ཡང་ཐོབ་པར་འདོད་པ་སྟེ། སྟོན་པའི་ཚིག་ཡང་དག་པའི་ཚིག་མ་ཡིན་ཞེས་ཁྲོ་བ་དང་བཅས་ཤིང་གཡོ་བའོ། །འཁོར་གྱི་ནང ་དུ་གནས་པ་ན་འབྱོར་ཞིང་སླར་ཡང་གཅིག་པུ་དབེན་པ་ན་གནས་པའི་འདུས་པ་སྟེ། དེ་ལྟ་བུའི་རང་བཞིན་ངན་པས་ཁྱབ་པའི་བསམ་པ་ཅན་གྱི་སློང་མ་ངན་པ་དེ་རང་གི་བུ་ཡིན་ཞིང་བྱམས་པའི་གནས་ཡིན་ཡང་དྲུང་དུ་བཞག ་པར་མི་བྱ་ཞེས་བྱ་བར་སྦྱར་རོ། །གང་གིས་ཞེ་ན། བླ་མས་ཟིན་པས་ཞེས་བྱ་བ་སྟེ། བླ་མའི་གཞན་དབང་དམ་འཕགས་པ་ལ་ཕྱོགས་པ་སྟེ། བླ་མ་བླ་ན་མེད་པའོ། །རྗེའུའི་རིགས་ཞེས་བྱ་བ་ལ་སོགས་པ་ལ། རྗེའུ་རིགས་རྗེའུ ་ལས་སྐྱེས་པའོ། །རྒྱལ་རིགས་ནི་རྒྱལ་པོའི་རྒྱུད་དོ། །མཆོག་ནི་བྲམ་ཟེའི་རིགས་སོ། །ཞེས་བྱ་བ་ནི་མིའི་རིགས་རྣམ་པ་བཞིའོ། །གང་ཞིག་དགེ་བའི་ཡོན་ཏན་དང་ལྡན་པ་དང། ཡོངས་སུ་ཤེས་པ་དང། བརྩོན་འགྲུས་དང་ལྡན ་པ་བླ་མ་སངས་རྒྱས་དང་མཚུངས་པར་བལྟ་བ། རྒྱལ་བའི་ཆོས་རྣམས་གང་བློས་རྟོགས་ཤིང་དད་པ་དང་ལྡན་པ་དེ་ལ་དེ་སྐད་དུ་བརྗོད་དོ། །དེ་ནི་དྲིན་སྦྱིན་པའི་གནས་སོ། །འདུས་པ་ལ་སོགས་པའི་རྒྱུད་གང་གིས་མང་དུ་ཐོས་ཤིང་མཐོང་བ་དེ་ལ་དེ་སྐད་དུ་བརྗོད་དེ། ་ལུང་སྦྱོར་བ་རྟོགས་པ་ལ་མཁས་པ་དེ་ལྟ་བུ་ཡང་བླ་མའི་བསྙེན་བཀུར་དམན་པ་ཡིན་ན། ལུང་ཐོབ་པར་མི་འགྱུར་ཏེ། དེ་ནི་རང་ལ་ཕན་པ་ཙམ་ཡང་བྱེད་པར་མི་ནུས་ན། ཇི་ལྟར་གཞན་ལ་ཕན་པར་འགྱུར་ཏེ། བསྟན་བཅོས་སྨྲ་ཞིང་བསྟན་བཅོས ་སྒྲ་སྒྲོགས་པ་ཙམ་ནི་བསྟན་བཅོས་ཀྱི་མཆུའོ། །སྐྱོ་བའི་རྒྱུ་ནི་སྐྱོ་བར་བྱེད་པའོ། །ཡང་ན་ཞེས་བྱ་བ་ནི་ཕྱོགས་གཞན་ནོ། །སྐལ་པ་དང་ལྡན་པ་ནི་བསོད་ནམས་ཅན་ནོ། །ལུང་ལས་ཡོངས་སུ་འཐོབ་པ་ཡིན་ལ། དོན་ལ་ཕན་ཚུན་སྦྱོར་བར་མི་ནུས ་པ་ནི་བློ་གྲོས་བླུན་པ་སྟེ། དེ་ཡང་ཚིག་གི་ཡོན་ཏན་མེད་ན་བརྙས་པར་འོས་པའོ། །གནས་དྲུག་ཅིས་བྱ་བ་ནི་མཛའ་དྲུག་གི་རྣམ་པར་དབྱེ་བ་ཤེས་པ་སྟེ། དྲན་པ་ནི་ཐོབ་པ་མི་རྗེད་པའོ། །བློ་གྲོས་ནི་དོན་འཛིན་ལ་མྱུར་བའོ། །བརྟན ་བ་ནི་དོན་མི་གཏོང་བའོ། །བློ་ནི་རབ་ཏུ་སྟོན་པ་ལ་མཁས་པའོ། །དེ་རྣམས་སུ་བརྟོན་འགྲུས་ཀྱིས་ཡང་དག་པར་འབྱོར་ཞིང་དེ་དང་ལྡན་པ་སྟེ། བླ་མ་ལ་བསྙེན་བཀུར་བྱས་པས་ལུང་ཐོབ་པའོ། །དེ་ལྟ་བུའི་རྒྱུད་སྟོན་པ་དང། ལུས་དབོག་པའི་གནས ་སུ་རུང་བར་གྱུར་པའོ། །རིམ་པ་ལྔའི་དཀའ་འགྲེལ་དོན་གསལ་བ་ཞེས་བྱ་བ་ལས་སེམས་ཅན་དམིགས་པ་འམ། བླ་ན་མེད་པའི་དགོངས་པ་སྟེ། རིམ་པ་གཉིས་པའི་འགྲེལ་བའོ།། །།རིམ་པ་གཉིས་པ་རབ་ཏུ་བསྟན ་རིམ་པ་གསུམ་པ་སྟོན་ཏེ། རྡོ་རྗེ་ཅན་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཅན་རྣམས་ནི་དེ་བཞིན་གཤེགས་པ་ལྔ་རྣམས་སོ། །དེ་རྣམས་ཀྱི་དང་པོ་གཙོ་བོ་སྐྱེད་པ་པོ་དྲུག་པ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཆེ་གེ་ཞེས་བྱ་བ་ལ་སོགས་པ་འཆད་ཉིད་དོ།། ་ཕྱག་འཚལ་ཏེ་ཞེས་བྱ་བ་དེ་ལ་ནི་ཕྱག་འཚལ་ནས་བདག་ཉིད་བྱིན་གྱིས་བརླབ་པའི་རིམ་པ་བཤད་པར་བྱ་ཞེས་བྱ་བ་སྦྱར་རོ། །དེ་ལ་དང་པོར་ཞེས་བྱ་བ་ནི་གོ་སླའོ། །རྒྱུད་རྣམ་པ་བཞིའི་ནི་བྱ་བའི་རྒྱུད་དང། ་རྣལ་འབྱོར་གྱི་རྒྱུད་དང། རྣལ་འབྱོར་གོང་མའི་རྒྱུད་དང། གཉི་གའི་རྒྱུད་དེ། རྒྱུད་ཀྱི་བྱེ་བྲག་གིས་རྣམ་པ་བཞིའོ། །དེ་ལ་དགོངས་པ་ཞེས་བྱ་བ་ནི་དགོངས་པ་རིག་པའོ། །དེ་ཉིད་ཀྱིས་ན་ཤེས་རབ་སྟེ། རྟོག་ཅིང་དཔྱོད་ནུས་པའོ། །ལུས ་དང་ངག་དང་ཡིད་ཀྱི་དོན་རྣམ་པར་དཔྱོད་པ་ནི་ཐོས་པ་འཛིན་པའོ། །ཐོས་པ་ནི་རྡོ་རྗེ་འཆང་གི་གསུང་ངོ། །བདེན་པ་རྣམ་པ་གཉིས་ནི་ཀུན་རྫོབ་དང་དོན་དམ་པའི་མཚན་ཉིད་དམ། ཐབས་དང་ཤེས་རབ་ཀྱི་རང་བཞིན་ནོ། །དེ་ལ་ལྷག་པར ་མོས་ཤིང་ཚིགས་གྱིས་མཆོད་པ་སྟེ། རྣམ་པ་ལྔས་མཆོད་པའོ། །བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་ནི་ཀུན་རྫོབ་ཀྱི་བདེན་པ་ཁོང་དུ་ཆུད་པའོ། །ཕྲེང་བ་ནི་རིམ་པར་སྦྲེངས་པའོ། །དེ་དང་ལྡན་པའི་ཆུ་ནི་ཕྲེང་བ་དང་ལྡན་པའི་ཆུའོ། །རྫོགས ་པའི་སངས་རྒྱས་ཞེས་བྱ་བ་ནི་ཅོད་པན་ཏུ་བསྟན་ཏོ། །མེ་ལོང་ནི་མེ་ལོང་ལྟ་བུའི་ཡེ་ཤེས་རྣམ་པར་དག་པའོ། །ཁོང་སྟོང་ཞེས་བྱ་བ་ལ་སོགས་པ་གསོལ་བ་གདབ་པའི་ཚིགས་སུ་བཅད་པ་བདུན་ནི་གོ་སླ་བ་ཉིད་དོ། །དེའི་ཚིག་ཅེས་བྱ་བ་ནི་སློབ ་མའི་ཚིག་གོ་།གསོལ་བ་བཏབ་པ་ཞེས་བྱ་བ་ནི་འདོད་པ་གསོལ་བའོ། །དེ་ལ་གོམས་པ་ཞེས་བྱ་བ་ནི་མཁས་པའོ། །རང་བྱིན་གྱིས་བརླབ་པ་ནི་གོ་སླ་བ་ཉིད་ཀྱིས་མ་བཤད་པའོ། །བདག་ཉིད་བྱིན་གྱིས་བརླབ་པའི་རིམ་པ་འོད་གསལ་བ ་ཡང་བདེན་པ་རྣམ་པ་གཉིས་ཏེ། རྒྱུ་དང་འབྲས་བུའི་ངོ་བོར་གནས་པའོ། །རྡོ་རྗེ་སློབ་དཔོན་ནི་བླ་མའོ། །རང་དབང་མེད་པ་ནི་ཉོན་མོངས་པའི་ལས་གཞན་ལ་རག་ལས་པ་སྟེ། རང་དབང་མེད་པ་ཡིན་ཞིང། གང་ཞིག་རང་དབང་དུ་སྐྱེ་བར་འགྱུར ་བ་དེར་རྒྱུ་ནི་འོད་གསལ་བ་ཉིད་དོ། །རང་གི་སེམས་འོད་གསལ་བ་ལ་མི་འཇུག་པའི་བྱིས་པ་རྣམས་བླང་བ་དང་དོར་བ་ཡོངས་སུ་ཤེས་པར་མི་ནུས་པའོ། །འཆིང་བ་ཞེས་བྱ་བ་ནི་འཁོར་བའི་བརྩོན་ར་ཏེ་འཆིང་བའོ། །འོད་གསལ་བ་ཡོངས་སུ་ཤེས་པ་འདིས ་སླར་ཡང་རྣལ་འབྱོར་པ་བདེ་བར་གཤེགས་པའི་གོ་འཕང་ཐོབ་པའོ། །དེ་ལྟར་ཡོངས་སུ་ཤེས་པ་ཡོད་ན་གང་ཞིག་སྐྱེས་བ་དང། སུ་ཡང་འཆི་བར་འགྱུར་བ་ཡང་མེད་པའོ། །འཁོར་བ་ཉིད་ནི་སེམས་ལས་ལོགས་ཤིག་ན་མེད་པར་ཤེས་པར་བྱ་སྟེ། ཇི ་སྐད་དུ། འཁོར་བ་ཡོངས་སུ་ཤེས་པ་ཉིད་མྱ་ངན་འདས་ཞེས་བརྗོད་པ་ཡིན་གསུངས་སོ། །རླུང་བསྒོམ་པ་དང་བྲལ་ན་སེམས་ཀྱི་རང་གི་ངོ་བོ་གོ་བར་མི་ནུས་ཏེ། སེམས་ཀྱི་རང་བཞིན་སྐྱེ་བའི་རྒྱུ་རང་བཞིན་ལས་ལས་འབྱུང་པའོ། །ལས་ལས་སྐྱེས་པའོ།། ་དེའི་ཕྱིར་འདི་ཕྱི་མའི་དུས་ན། རླུང་དང་ལྡན་པའི་རྣམ་པར་ཤེས་པ་གསུམ་བསྒོམ་པས། རྣལ་འབྱོར་པའི་ལུས་སྒྱུ་མ་ལྟ་བུར་གྲུབ་པའོ། །འདིར་གནས་པ་ཡང་ཐམས་ཅད་དེ་ལྟ་བུའི་ལུས་སུ་མཐོང་བ་སྟེ། གཟུགས་དང་ཞེས་བྱ་བ་ལ་སོགས་པ་ནི ་གོ་བླའོ། །གང་ཞིག་ནང་དང་ཕྱི་རོལ་གྱི་དབྱེ་བས་བྱེ་བྲག་ཏུ་མཐོང་བ་དེ་ཐམས་ཅད་ནི་སྒྱུ་མ་ཉིད་དོ། །དེ་དག་ཀྱང་ཕྱིན་ཅི་མ་ལོག་པར་སྒྱུ་མ་ལྟ་བུའི་ལུས་དང་མེ་ལོང་གི་གཟུགས་བརྙན་ནི་དཔེའོ། །ཁ་དོག་ནི་སྔོན་པོ་དང་སེར་པོ་ལ་སོགས་པའོ། །མཇའ ་ཚོན་ཞེས་བྱ་བ་ནི་དབང་པོའི་གཞུའོ། །ཇི་ལྟར་མེ་ལོང་གཡའ་མེད་པ་ལ་གཟུགས་བརྙན་སྣང་བ་དེ་བཞིན་དུ་འོད་གསལ་བ་དོན་དུ་བས་པས་ལྷའི་རྣམ་པ་འབྱུང་བའོ། །དངོས་པོ་ནི་གཟུང་བ་དང་འཛིན་པ་ལ་མངོན་པར་ཞེན་པའོ། །དངོས་པོ་མེད ་པ་ནི་དེ་སྤངས་པའོ། །དེ་དག་ལས་རྣམ་པར་གྲོལ་བ་རྣམ་པར་བྲལ་བའོ། །གང་ཞིག་ཅེ་ན། རྡོ་རྗེ་སེམས་དཔའ་ཨོ། །དབྱེར་མེད་པ་ཉིད་ཀྱིས་ན་རྡོ་རྗེའོ། །གཞན་དུ་མི་འགྱུར་བ་ཉིད་ཀྱིས་ན་སེམས་དཔའ་ཨོ། །ལེགས་པར་བྲིས་པ་ནི་མཚན་གྱིས་བརྒྱན་པའོ།། ་རྣམ་པའི་མཆོག་ནི་དཔེ་བྱད་བཟང་པོ་སྟེ། དེ་དང་ལྡན་པའོ། །སྐུ་ལྟ་བས་མི་ངོམས་པའི་སྐུ་ནི་ཤིན་ཏུ་ཚིམ་པ་སྐྱེད་པའི་ཕྱིར་རོ། །འདི་ལྟ་བུའི་སྐུས་ནི་སློབ་མ་བཟང་པོ་ལ་གང་ཞིག་ལུང་དཔོགས་པའི་དུས་སུ་བསྟན་པར་བྱ་བ ་ནི་བདག་ཉིད་བྱིན་གྱིས་བརླབ་པ་ཞེས་བཤད་དོ། །གང་གི་ཕྱིར་དེ་ལྟ་བུའི་རྣམ་པས་གཞན་རྗེས་སུ་གཟུང་བར་ནུས་པར་འགྱུར་ཞེས་བྱ་བ་དགོངས་པའོ། །ངེས་པར་མཚོན་ཅེས་བྱ་བ་ནི་བསྒོམ་པར་བྱ་བའོ། །ཁྱབ་པ་ཉིད་ཀྱིས་ནི་བསྟན་པའོ། །སྒྱུ་མ་ཡོངས ་སུ་ཤེས་པ་ནི་ཀུན་རྫོབ་ཀྱི་བདེན་པ་ཁོང་དུ་ཆུད་པའོ། །དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུར་ཤེས་པར་བྱ་སྟེ། ཇི་སྐད་དུ། སུམ་ཅུ་རྩ་གཉིས་མཚན་དང་ནི། །ཐུབ་པ་དཔེ་བྱད་ལྡན་པ་ནི། །ཐེག་པ་ཆེ་ལ་ལོངས་སྤྱོད་པས། །ལོངས་སྤྱོད་རྫོགས་པའི་སྐུར་བཤད་དོ།། ་དེ་ཉིད་དྲི་ཟ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་ཁྱབ་པས་ན་དྲི་ཟའི་སེམས་ཅན་ནོ། །རྡོ་རྗེའི་སྐུ་ནི་སྟོབས་ཐམས་ཅད་ཀྱིས་མི་ཤིགས་པའི་ཕྱིར་རོ། །འདིས་སྤྲུལ་པའི་སྐུ་ཡང་སྟོན་ཏེ། ཇི་སྐད་དུ། གང་གི་འགྲོ་བ་ལ་ཕན་པ་ནི། སྣ ་ཚོགས་སྙོམས་པར་མཛད་པ་སྟེ། ཇི་སྲིད་འཁོར་བ་རྒྱུན་མི་ཆད། །ཐུབ་པ་སྤྲུལ་པའི་སྐུར་བཤད་དོ། །རྡོ་རྗེ་སེམས་དཔའ་ཨི་བདག་ཉིད་དེ། །ཞེས་བྱ་བ་ལ་སོགས་པས་ནི་ཆོས་ཀྱི་སྐུ་སྟོན་ཏེ། ཇི་སྐད་དུ་གང་ཞིག་རྣམ་དག་ཟག་མེད་པ། །རྣམ་པ་ཐམས ་ཅད་བརྙེས་པ་སྟེ། །ཐུབ་པའི་ངོ་བོ་ཉིད་ཀྱི་སྐུ། །དེ་རྣམས་རང་བཞིན་མཚན་ཉིད་དོ། །ཞེས་གསུངས་སོ། །བདག་ཉིད་ཅེས་བྱ་བ་ནི་གཞན་མ་ཡིན་པའི་ཚིག་གོ་།གང་གི་ཕྱིར་རྡོ་རྗེ་འཆང་སྣང་བར་བསྒོམ་པས། །བདག་ཉིད་སངས་རྒྱས ་ཐམས་ཅད་དང། བྱང་ཆུབ་སེམས་དཔའ་ཨི་རང་བཞིན་ནོ། སྔགས་དང་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླ་བ་ཉིད་དོ། །དམིགས་པ་མེད་ཅེས་བྱ་བ་ནི་དམིགས་པའི་དངོས་པོ་ལ་མངོན་པར་ཞེན་པ་མེད་པའོ། །དེ་ཀུན་རྫོབ་ཏུ་རང་གི་ངོ་བོ ་མེད་པ་སྟེ། དེ་ཡང་སྒྱུ་མ་ལྟ་བུ་ཤེས་བར་བྱ་ཞེས་བྱ་བའི་དོན་ཏོ། །དེ་དག་དངོས་པོ་གང་དང་གང་དབང་པོའི་སྤྱོད་ཡུལ་དུ་གྱུར་པ་དེ་དང་དེ། མཉམ་པར་མ་བཞག་པའི་གནས་སྐབས་ན་ཡང། སངས་རྒྱས་ཀྱི་རང་བཞིན་དུ་ཤེས་པར་བྱའོ། །ཀུན་ཏུ་ཀུན་ནས ་ཞེས་བྱ་བ་ལ་སོགས་པ་ནི་རིགས་དྲུག་གི་རང་བཞིན་དུ་བདག་ཉིད་སྟོན་པའོ། །མཁའ་ལས་ཞེས་བྱ་བ་ནི་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ལས་སོ། །སྟོན་པར་འགྱུར་ཞེས་བྱ་བ་ལ་སོགས་པ་ལ། སྟོན་པ་ནི་བླ་ན་མེད་པར་འགྱུར་བ་ཡིན་ཞེས་བྱ་བའི་དོན ་ཏོ། །རྣལ་འབྱོར་པ་ཁྱད་པར་དུ་འཕགས་པས་སྲིད་པ་བཅོད་ཅེས་བྱ་བ་སྟེ། སངས་རྒྱས་ནི་མཛད་པ་ཕུན་སུམ་ཚོགས་པ་རྒྱུན་མི་འཆད་པའི་ཕྱིར་རོ། །འགྲོ་བར་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་ཞེས་བྱ་བའི་དོན་ཏོ། །རྫོགས་སངས་རྒྱས་ཞེས་བྱ་བ་ནི ་དེ་ཉིད་སྟོན་ཏེ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་ཕན་པར་བཞེད་པས་འཇིག་རྟེན་དུ་གཤེགས་པ་སྟེ། སེམས་ཅན་གྱི་དོན་ལ་དམིགས་ནས་འཇིག་རྟེན་གྱི་ཁམས་གཞན་ནས་གཞན་དུ་གཤེགས་པའོ། །དེ་བཞིན ་གྱི་རྣལ་འབྱོར་གྱི་དབང་ཕྱུག་ཡེ་ཤེས་སྣ་ཚོགས་ཀྱི་རྗེས་སུ་འཇུག་པས་སེམས་ཅན་ཐམས་ཅད་ལམ་དམ་པ་ལ་འཛུད་པར་མཛད་ཅེས་བྱ་བ་ནི་ཚིག་གི་ལྷག་མའོ། །བསྒོམ་པ་འདིས་རྣལ་འབྱོར་པའི་སྒྲུབ་པ་མི་འགྲུབ་པ་ཅུང་ཟད་ཀྱང་མེད་པའོ། །གསང ་སྔགས་གྲུབ་པའི་རྣལ་འབྱོར་པ་ནི་ཕྱག་རྒྱ་ཆེན་པོ་སྟེ། མཁའ་སྤྱོད་ལ་སོགས་པའོ། །དེ་རྣམས་རང་ཉིད་འགྲུབ་པར་འགྱུར་བ་སྟེ། བདག་གིར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ་།ཇི་སྐད་དུ་ཡེ་ཤེས་གསལ་བ་མཆོག་མཐོང་ནས་རྣལ་འབྱོར་མ་ནི་དེས ་རྟེན་བྱེད། པདྨའི་རྫིང་བུ་ངང་པའི་ཚོགས། །རོལ་པར་བྱེད་པ་ཇི་བཞིན་ནོ། །ཞེས་གསུངས་པའོ། །ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པའོ། །ལས་ཀྱི་ལམ་ནི་རྣམ་པ་བཅུའོ། །ལུས་ནི་ཕུང་པོའོ། །བྱེད་པ་པོ་ནི་ལས་སྒྲུབ་པའོ། །འབྲས་བུ ་ནི་དེའི་རྣམ་པར་སྨིན་པ་སྟེ། དེ་དག་ཐམས་ཅད་སྨིག་རྒྱུ་ལྟ་བུར་ཤེས་པར་བྱའོ། །འདི་ཞེས་བྱ་བ་ལ་སོགས་པ་ལ། འདི་ནི་སྒྱུ་མ་ལ་སོགས་པའི་ཏིང་ངེ་འཛིན་ཁོང་དུ་མ་ཆུད་བས་བསྡུས་པ་ལ་ཉེ་བར་དམིགས་ཤིང་མངོན་པར ་ཞེན་པས་ཉམས་པ་སྟེ། འགྲོ་བ་གང་གི་བློ་ཉམས་ལས་དེ་རྣམས་ལ་ནད་དང་གནོད་པ་སྣ་ཚོགས་སྐྱེ་བར་འགྱུར་བའོ། །དེ་ནི་སྒྱུ་མའི་སྤྲུལ་པ་སྟེ། དེ་ཉིད་ཀྱིས་ན་བློ་གྲོས་བློན་པོ་བླ་མ་དམ་པ་ལས་བདག་ཉིད་བྱིན་གྱིས་བརླབ་པའི་མན་ངག་མ་ཐོབ་པ་དེ། ལམ་དམ་པ ་ནམ་ཞིག་ཉམས་པར་འགྱུར་ཞེས་བྱ་བར་སྦྱར་རོ། །ཅི་ཞིག་བྱས་ཤེ་ན། རྟག་དང་ཆད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟག་པ་ཞེས་བྱ་བ་ནི་ཐེར་ཟུག་པར་སྨྲས་པའོ། །ཆད་པར་ལྟ་བ་ནི་འཇིག་རྟེན་རྒྱང་པན་པའོ། །དེ་དག་གཅིག་ལས ་ཕྱོགས་གཅིག་ལ་བརྟེན་པ་ཞེས་བྱ་བའི་བར་དུ་སྟེ། དེ་ལྟ་བུ་ཐམས་ཅད་ཡོངས་སུ་སྤངས་ནས་བླ་མ་མཆོད་པ་ལ་ཡིད་རྩོན་པར་བྱའོ། །གང་གི་ཕྱིར་དེ་མཉེས་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་རབ་ཏུ་འབྱུང་པའོ། །དེ་ཡིས་གསོད་ནམས ་མ་བྱས་ཅི་ཞེས་བྱ་བ་ལ། སློབ་དཔོན་ལ་ཅུང་ཟད་ཀྱང་བསྙེན་བཀུར་མ་བྱས་པ་མེད་པའོ། །གཞན་ཡང་ལེགས་པར་སྤྱོད་པ་ཐམས་ཅད་ཀུན་ཏུ་སྦྱང་པ་ཉིད་དོ། །བསོད་ནམས་ནི་དགེ་བའི་ལས་སོ། །དཀའ་ཐུབ་ནི་ལུས་ལ་སོགས་པའི་སྡོམ ་པའོ། །གང་གི་སློབ་དཔོན་དང། རྡོ་རྗེ་འཆང་དབྱེར་མེད་པར་བློས་བརྟགས་ནས་མཆོད་པ་བྱེད་པའོ། །ཤིན་ཏུ་དགའ་བ་གང་དང་གང་ཞེས་བྱ་བ་ལ་སོགས་པ་ཚིག་ལེའུར་བྱས་པ་གཉིས་ནི་གོ་སླ་བ་ཉིད་དོ། །གང་ཞིག་ཅེས་བྱ་བ་ལ་སོགས ་པས་ནི་སྨན་པའི་སློབ་མ་སྟོན་ཏེ། ང་རྒྱལ་དང་མངོན་པའི་ང་རྒྱལ་གྱིས་སྤགས་པའི་བསམ་པ་ཅན་ནོ། །ཡང་དག་རིག་པ་ཞེས་བྱ་བ་ནི་རྡོ་རྗེ་འཆང་གིས་གསུངས་པའི་ལམ་སྟེ། ཐེག་པ་ཆེན་པོའོ། །དེ་སུན་འབྱིན་པ་ལ་དེ་ཁོ་ན་ཉིད་བསྟན་པར་མི ་བྱའོ། །བླ་མ་ལ་གུས་བདེན་པར་སྨྲ་ཞེས་བྱ་བ་ལ་སོགས་པ་ནི། རིན་པོ་ཆེ་ལྟ་བུའི་གང་ཟག་དེ་ཉིད་དེ་དེ་ལ་དེ་ཁོ་ན་ཉིད་བཤད་པར་བྱ་བ་སྟོན་ཏོ། །རིམ་པ་ལྔ་པའི་དཀའ་འགྲེལ་དོན་གསལ་བ་ཞེས་བྱ་བ་ལས་བདག་ཉིད་བྱིན་གྱིས་བརླབ་པ་ཞེས་བྱ་བ་སྟེ། ་རིམ་པ་གསུམ་པའི་འགྲེལ་པའོ།། །།རིམ་པ་གསུམ་པ་བཤད་ནས་བཞི་པ་སྟོན་ཏེ། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་འཆང་ཆེན་པོའོ། །ཐམས་ཅད་སྟོང་པ་ནི་སྔར་བཤད ་པའི་མཚན་ཉིད་ཅན་ཏེ་འོད་གསལ་པའོ། །དེ་སྟོན་པ་གང་ཡིན་པ་དེ་ལ་ཕྱག་འཚལ་ནས། མངོན་པར་བྱང་ཆུབ་པའི་རིམ་པ་བདག་གིས་བཤད་པར་བྱ་ཞེས་བྱ་བར་སྦྱར་རོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། འདི་ནི་ཞེས་བྱ་བ་ནི་མཆོག་ཏུ་བདེ་བ ་ཆེན་པོའི་རང་བཞིན་ནོ། །རང་བྱུང་ཞེས་བྱ་བ་ནི་མཐར་ཐུག་པར་དགའ་བའོ། །དེ་ཡང་འབྱུང་བ་ཆེན་པོའི་རྗེས་སུ་དཔག་པའི་ངོ་བོ་ཉིད་པས་ན། རང་རིག་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་ནི་སྒྲིབ་པ་རྣམ་པ་གཉིས་སྤངས་པའོ། །གཅིག་པུ་ཞེས་བྱ་བ ་ནི་ཟླ་མེད་པའོ། །ལྷག་པ་ཞེས་བྱ་བ་ནི་ཁྱད་པར་དུ་གྱུར་པའོ། །ལྷ་ཁོ་ན་ནི་ལྟ་ཉིད་དེ། སྤྱན་མ་ལ་སོགས་པའི་ལྷ་མོ་བཞིའོ། །དེའི་བདག་པོའི་འཁོར་ལོའི་གཙོ་བོའི་ཞེས་བྱ་བའི་དོན་ཏོ། །འོན་ཀྱང་རྡོ་རྗེ་སློབ་དཔོན་ནི་མན་ངག་སྟེར་བར་བྱེད་པའི་ཕྱིར། རྡོ་རྗེ ་འཆང་བས་ཀྱང་ལྷག་པར་ལྟ་བར་བྱའོ། །གང་ཕྱིར་དེ་མ་ཉེས་པས་ཐམས་ཅད་འགྲུབ་པའོ། །དེ་ནི་མཉེས་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནས་དེ་རིམ་པ་འདི་ལྟར་བསམ་ཞེས་བྱ་བའི་བར་དུ་ཚིགས་སུ་བཅད་པ་བཅུ་གསུམ་ནི་གོ་སླ་བ་ཉིད་དོ། ། ་འོན་ཀྱང་འདིར་བླ་མ་མཉེས་པར་བྱ་བ་དང། དེ་ལ་མཆོད་པ་དང། ཕྱག་རྒྱ་བཏབ་པ་དང། ཚོགས་ཀྱི་མཆོད་པ་དང། སྙོམས་པར་འཇུག་པའི་ཆོ་ག་དང། བྱང་ཆུབ་ཀྱི་སེམས་བླད་པ་དང། དབང་བསྐུར་བའི་རིམ་པ་དང། བསྟོད ་པ་དང། ལུང་དབོག་པར་གསོལ་བ་གདབ་པ་ཞེས་བྱ་བ་ཚིག་གི་དོན་རྣམ་པ་བཅུར་ཤེས་པར་བྱའོ། །དེ་དག་ཐམས་ཅད་ནི་ཁོ་བོས་བྱས་པའི་བར་དུ་གནས་པའི་ཆོ་གར་གསལ་བས་ན་དེར་ལྟ་བར་བྱའོ། །དེ་ནི་ལུང་དཔོག་པ ་བླ་ན་མེད་པར་གྱུར་པའི་རིམ་པ་སྟོན་ཏེ། སྣང་བའི་མཚན་མོའི་ཆ་ཞེས་བྱ་བ་ལ་སོགས་པ་ལ། མཚན་མོའི་ཆ་ནི་ཟླ་སྨད་དེ། མ་རིག་པའི་མུན་པས་གོས་པའོ། །མཚན་མོའི་ཆ་ནི་མཚན་མོའི་བཞི་ཆ་འམ། མཚན་མོ་ཐམས་ཅད་དོ། །དེའི་གཉེན ་པོའི་ངོ་བོ་དང་པོའི་སྣང་བའི་ཡེ་ཤེས་ཟླ་བའི་འོད་ཟེར་ལྟ་བུར་གྱུར་པ་འབྱུང་སྟེ། ཡིན་ཞེས་བྱ་བ་ནི་ཐམས་ཅད་དུ་འགྱུར་ཞེས་བྱ་བར་སྦྱར་རོ། །ཉི་མའི་ཆ་ནི་ཟླ་སྟོང་འམ། ཉིན་མོ་ཐམས་ཅད་དོ། །དེར་སྣང་བ་མཆེད་པ་གཉིས་པ་ཤིན་ཏུ ་གསལ་བའི་ཡེ་ཤེས་འོད་ཟེར་སྟོང་དང་ལྡན་པར་འཁྲིགས་ཤིང་གསལ་བ་རབ་ཏུ་སྐྱེ་བའོ། །མཚམས་ནི་ཕྱོགས་གཉིས་ཀྱི་བར་རོ། །མཚན་མོ་ཡོངས་སུ་ཟད་ནས་ཉི་མ་འཆར་བའི་དུས་དེ་མཚམས་ཀྱི་སྐད་ཅིག་གོ། དེར་སྣང་བ་ཐོབ་པ་ཞེས་བྱ ་བའི་ཡེ་ཤེས་གསུམ་པ་ཀུན་ཏུ་འབྱུང་བའོ། །ཉོན་མོངས་པ་ཐམས་ཅད་ཟད་པ་དང། ཡེ་ཤེས་ཅིག་ཅར་ཐོབ་པ་ནི། དཔེར་ན་སྡོང་བུ་ཚིག་པ་དང། མར་མེ་གསལ་བ་བཞིན་ནོ། །དེ་དག་ཀྱང་ལན་ཅིག་མིན་པ་ནི་ལན་གྲངས་དུ་མར་རང་གི་རང ་བཞིན་བདུན་གྱིས་ཉོན་མོངས་པ་རྩད་གཅོད་པ་དུས་སུ་སྦྱོར་བ་སྟེ། ཀུན་ཏུ་སྦྱོར་བར་འགྱུར་བའོ། །དུས་གཞན་ཞིག་ན་དེ་དང་བྲལ་བ་ནི་རྣམ་པར་སྦྱོར་བར་ཡང་མི་འགྱུར་བའོ། །འདི་ནི་ཡེ་ཤེས་གསུམ་ཕྱིན་ཅི་མ་ལོག་པའི་མཚན་ཉིད་སྟོན་ཏོ། ་མཚན་མིན་ཞེས་བྱ་བ་ལ་སོགས་པ་འདིས། བཞི་པ་ཐམས་ཅད་སྟོང་པའི་མཚན་ཉིད་སྟོན་པར་བྱེད་དོ། །གནས་སྐབས་གང་དང་གང་དུ་མཚམས་ཀྱི་བྱ་བ་ལོག་ཅིང། མཚན་མོ་དང་ཉིན་པར་གྱི་ཆ་དང་བྲལ་བའོ། །གང་ཡང་རང་བཞིན ་མཛའ་དག་དང་བྲལ་བ་ནི་རྣམ་པར་སྤངས་པའོ། །དེ་ཉིད་བླ་མ་དམ་པས་ཡང་དག་པར་ཕྱིན་ཅི་མ་ལོག་པར་བསྟན་ཅིང་ལུང་དཔོག་པའི་དུས་སུ་བྱང་ཆུབ་ཀྱི་སྐད་ཅིག་ཤེས་པར་བྱའོ། །དེ་ཡང་ཉིན་མཚན་ཕྱེད་པར་མཉམ་པར་བཞག་པའི་རྣལ་འབྱོར་ཉིད ་ཀྱིས་ཁོང་དུ་ཚུད་པར་འགྱུར་གྱི། བློ་རྣམ་པར་གཡེང་བ་གཞན་དག་གིས་མ་ཡིན་ནོ། །དེ་ཉིད་གསལ་བར་སྟོན་ཏེ། མཚམས་ཀྱི་མཛའ་ནི་ཞེས་བྱ་བ་ལ་སོགས་པ་ལ། མཚམས་ཀྱི་གསལ་བ་རྣམ་པར་ཉམས་པ་དང། མུན་ནག་གི་མུན་པའི ་ཚོགས་ཏེ། རྣམ་པར་ཉམས་ཤིང་ཟད་པར་གྱུར་ནས་ཉི་མའི་འོད་ཟེར་སྟོང་དང་ལྡན་པ་ཇི་སྲིད་རི་ལས་མ་ཤར་བ་དེ་སྲིད་དུ། རྣམ་པར་རྟོག་པའི་གཡེང་བ་ཐམས་ཅད་སྐད་ཅིག་ལ་སྤངས་པའོ། །སློབ་མ་ལ་བླ་མ་ལ་རབ་ཏུ་མཉེས་པས་ཡང ་དག་པའི་མཛའ་ཨི་འོད་གསལ་བའི་ལུང་ཕོག་པའོ། །ཕྱི་རོལ་ཅེས་བྱ་བ་ནི་མངོན་པར་བྱང་ཆུབ་པ་ལྔའི་རིམ་པ་བསྟན་པའོ། །དེ་ཡང་ནང་གི་བདེ་བ་ནི་ཡིད་ནང་དུ་བསྡུས་པ་སྟེ། དེའི་བྱིན་གྱིས་བརླབས་ཀྱི་སྟབས་ཀྱིས་ཐོབ་པར་འགྱུར་བ་ཉིད་དོ།། ་ཅི་ཞིག་ཅེ་ན་ཚིག་གི་བརྗོད་པ་ཡིན་ཞིང། གང་གིས་ཉམས་སུ་མྱོང་བའི་མཚན་ཉིད་དོ། །དེ་ཉིད་བླ་ན་མེད་པའི་གནས་ཏེ། ཉོན་མོངས་པ་ཐམས་ཅད་ཟད་ནས་དག་པའི་རྒྱུན་འབྱུང་བའོ། །དེ་ཉིད་འདས་པ་དང། མ་བྱོན་པ་དང། ད་ལྟར་བྱུང ་བའི་སངས་རྒྱས་ཀྱི་བྱང་ཆུབ་སྟེ། སྤྲོས་པ་ཐམས་ཅད་ལས་རྣམ་པར་འདས་ཤིང་ཆོས་ཀྱི་དབྱིངས་ཐམས་ཅད་དུ་འགྲོ་བ་མཉམ་པར་རྟོག་པའི་ཕྱིར་རོ། །འདི་དག་གིས་བཞི་པ་ཐམས་ཅད་སྟོང་པའི་ཡེ་ཤེས་ཀྱི་མཚན་ཉིད་རིག་པ་སྟེ། འདིར ་དེ་དག་ཉིད་བླ་མ་གཅིག་ནས་གཅིག་ཏུ་རྒྱུད་པའི་གསང་བའོ། །འདིར་གང་ཞིག་མངོན་པའི་ང་རྒྱལ་གྱིས་སེམས་ཁེངས་པས་མགོ་བསྐྱོད་ཅིང་མིག་བགྲང་ནས་སྔོན་འཇུག་པའི་མཚན་ཉིད་ཀྱི་ལས་སུ་གྱུར་པ་དེ་ལྟ་བུའི་ལས་དེ་དག་གིས ་ཆོས་བདག་མེད་པ་རབ་ཏུ་འབྱེད་པའི་མཚན་མ་བྱུང་བ་ཅུང་ཟད་ནི་ཡོད་པ་སྟེ། བླ་མ་ཉིད་ཀྱི་རྟོག་པར་འགྱུར་བའོ། །ཞེས་སྨྲ་བའོ། །དེ་དག་ནི་བདེན་པ་མ་ཡིན། མངོན་པའི་ང་རྒྱལ་གྱིས་བློ་གྲོས་ཉམས་པས་བདག ་དང་གཞན་རྣམ་པར་འཁྲུལ་པ་འབའ་ཞིག་ཙམ་མོ། །འདིར་གཞན་མ་གཏོགས་པ་བླ་མ་ཉིད་ཀྱིས་སྔོན་མ་བྱུང་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། དེ་བས་ན་འདི་ལྟར་བརྗོད་པར་འགྱུར་པའོ། །གལ་ཏེ་འདིར་སྔོན་མ་བྱུང་བའི་ཚིག་གིས ་བརྗོད་པར་ནུས་པ་མ་ཡིན་ན། འདི་དག་ནི་སྔོན་མ་བྱུང་བའི་ཚིག་ཅན་ཏེ། གང་གི་ཕྱིར་དེ་རྣམས་དང་ཡང་མཚུངས་པའི་ཕྱིར་རོ། །དེ་དག་ནི་ཀླུའི་རྒྱལ་པོ་ནོར་རྒྱས་ལྟར་ལྕེ་སྟོང་ཡོད་པས་ཀྱང་བརྗོད་པར་ནུས་པ་མ་ཡིན་ཏེ། ཇི་སྐད་དུ། ་གཅིག་ཏུ་བདེ་བའི་རྒྱལ་པོ་རྒྱལ་བ་སྟེ། འགྲོ་བ་རྟགས་འབྱུང་རྒྱུ་རྣམས་སྤངས་པའོ། །གང་ཞིག་བརྗོད་པར་བྱ་བའི་དུས་སུ་ནི། ཀུན་མཁྱེན་གྱིས་ཀྱང་བརྗོད་མིན་པའོ། །ཞེས་གསུངས་སོ། །དེ་བས་ན་འབྲེལ་པ་མེད་པའི་གཏམ་གྱི་ཚིག ་སྟེ། གོས་པ་མེད་དོ། །འདི་ཉིད་ནི་ལེགས་པ་སྟེ། རིམ་པ་གང་གི་གོམས་ཤིང་དང་པའི་ཚིག་གི་བསོད་ནམས་ཀྱི་ཚོགས་ཀྱི་རྒྱུན་དང། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང། དད་པའི་ལྷས་བྱིན་གྱིས་བརླབས་པས་ཀྱང་སྙིང་རྗེ་ལ ་སོགས་པའི་ཡོན་ཏན་རང་གི་ཡེ་ཤེས་སྐྱེ་བ་ཡིན་ནོ། །ཇི་སྐད་དུ། བླ་མའི་སྤྱོད་ཡུལ་མིན་པས་ཚིག་གི་ཡུལ་མིན་ཏེ། བླ་མའི་བསྟན་པའི་དངོས་པོ་ཚིག་གི་འཇུག་པ་རིང། དེ་ནི་རིམ་གྱི་སྙིང་རྗེ་ལ་སོགས་ཡོན་ཏན་རྣམ་བྱང་བ། དད་ལྡན་སེམས ་ལ་གོ་འཕང་འབྱུང་བའོ། །ཐོག་པ་མེད་པར་འབྱུང་ཞེས་བྱ་བ་ལ་སོགས་པས་བཤད་མ་ཐག་པའི་དོན་གྱི་ཕན་ཡོན་སྟོན་ཏེ། ཐོག་མ་དང། དབུས་དང་ཐ་མའི་སྐད་ཅིག་མ་གསུམ་ཤིན་ཏུ་འཇུག་པ་གང་ཡིན་པ་དེ་ཉིད་སྐད་ཅིག་མ་བཞི ་ལ་ཐམས་ཅད་སྟོང་པའི་སྒྲར་བརྗོད་དོ། །གང་དུ་འགྲོ་བ་དང་འོད?་བ་མེད་པ་དང། ཟད་པ་དང་འཕེལ་བ་མེད་པ་དང། དངོས་པོ་དང་དངོས་པོ་མེད་པ་མ་ཡིན་པ་དང། ཤིན་ཏུ་ངོ་མཚར་བའི་གཟུགས་ཅན་ཡང་ངོ་མཚར་བ་མ་ཡིན་པ་དང་གནས་པར་གྱུར་པ ་མ་ཡིན་ཞིང། གཡོ་བའི་ངོ་བོ་ཡང་མ་ཡིན་པའོ། །གང་ཞིག་ཡོད་པ་དང་མེད་པའི་ཐ་སྙད་ལས་རྣམ་པར་འདས་པ། བསོད་ནམས་ཀྱི་གཟུགས་ཅན་མ་ཡིན་ཞིང་སྡིག་པའི་གཟུགས་ཅན་ཡང་མ་ཡིན་པ་ལ་གཉི་གའི་བདག་ཉིད་ཀྱང་མ་ཡིན་པའོ ་རྣམ་པར་རྟོག་པ་ཐམས་ཅད་སྤངས་པས་གཙོ་བོ་ཡིན་པའི་ཕྱིར། དེ་མཆོག་ཏུ་གྱུར་པ་ཞེས་སངས་རྒྱས་རྣམས་ཀྱིས་གསུངས་སོ། །དེ་ལྟ་བུའི་དེ་ཁོ་ན་ཉིད་ཐོབ་ནས་རྣལ་འབྱོར་པ་འཇིག་རྟེན་གསུམ་དུ་ཡང་སྤྱད་པ་སྤྱོད་པ་སྟེ། ཟག་པ་མེད་པའི་དུས་ཐོབ ་པར་འགྱུར་ཞེས་བྱ་བའི་ཚིག་ནི་ལྷག་མའོ། །རྒྱུ་དང་མི་རྒྱུའི་བདག་ཉིད་ཅེས་བྱ་བ་ནི། བརྟན་པ་དང་གཡོ་བའི་མཉམ་པར་བྱེད་པའི་ཕྱིར་རོ། །དེ་ནི་ཡོན་པོའི་ལུས་ཀྱང་ཤེས་པར་བྱའོ། །ཞེས་ཐམས་ཅད་དུ་ཁོང་དུ་ཚུད་པར་བྱའོ། །དེ་ནི་བརྟན་པ་མེད་པ ་ཡང་བརྟན་པ་དང་བཅས་པ་ཡིན་ལ་མིག་བཙུམས་ཀྱང་རྣམ་པར་རྒྱས་པའི་ཤེས་རབ་ཀྱི་མིག་ཅན་ཡིན་ནོ། །དེ་ནི་རྣམ་པར་གཡེང་བ་ཡིན་ཡང་སེམས་མཉམ་པར་བཞག་པའོ། །ཚིག་དང་ལྡན་པ་ཡིན་ཡང་བརྗོད་པ་བྲལ་བའོ།། ་ཚིག་གི་བརྗོད་པ་དང་བྲལ་བ་ནི་བརྗོད་བྲལ་ལོ། །དེ་ནི་ལོངས་སྤྱོད་མན་ཡང་ལོངས་སྤྱོད་དང་བཅས་པའོ། །གཞན་གྱི་རྗེས་སུ་འབྲང་ཡང་སྐྱོབ་པའོ། །འདི་ལྟར་དེ་ཁོ་ན་ཉིད་ཐོབ་པའི་རྣལ་འབྱོར་པ་དེས་རིལ་པོ་འཛིན་པའི་རིམ་པ་དང། རྗེས་སུ་གཞིག ་པའི་རིམ་པ་སྟེ། རིམ་པ་རྣམ་པ་གཉིས་ལ་བསླབ་པར་བྱའོ། །དེ་དག་གི་མཚན་ཉིད་སྟོན་ཏེ། མགོ་བོ་ནས་ཞེས་བྱ་བ་ལ་སོགས་པ་ལ། མགོ་བོ་ནས་རྐང་པའི་མཐར་ཐུག་པ་དང། ཇི་སྲིད་སྙིང་གའི་བར་དུ་རིན་པོ་ཆེའི་འཕྲེང་བ་ལྟར་རྣལ་འབྱོར་བ་གྲང ་ཞིག་སྟོང་པ་ཉིད་བསྒོམ་པ་ནི། རིལ་བོར་འཛིན་པ་སྟེ། རིལ་པོ་ནི་ལུས་སོ། །དེ་འཛིན་པར་བྱེད་པས་ན་རིལ་པོར་འཛིན་པའོ། །དེ་བཞིན་དུ་བསྟན་པ་དང་གཡོ་བའི་དངོས་པོ་མ་རིག་པའི་མུན་པ་གསལ་ནས། དང་པོ་འོད་གསལ ་བར་བྱ་སྟེ། དེ་ལྟར་བསྒོམ་པའི་སྟོབས་ཀྱིས་སླར་ཡང་བདག་ཉིད་དེ་ལྟ་བ་ཉིད་དོ། །གོམས་པར་བྱེད་པ་འདི་ནི་རྗེས་སུ་གཞིག་པའི་རིམ་པའོ། །དབུགས་ཀྱི་རྡུབ་པ་ནི་ཞེས་བྱ་བ་ལ་སོགས་པ་འདིས་ཡང་དག་པའི་མཛའ་ལ་འཇུག་པའི་རིམ ་པ་སྟོན་ཏེ། རླུང་དང་རྣམ་པར་ཤེས་པ་དང་ལྡན་པས་བདག་བྱིན་གྱིས་བརླབ་པ་ཉིད་དོ། །ཐམས་ཅད་སྟོང་པ་ལས་སྒྱུ་འཕྲུལ་དྲ་བ་འབྱུང་ཞེས་བྱ་བ་ནི་ཉའི་དཔེས་བསྟན་ཏོ། །ཡང་ཡང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི། ཡེ་ཤེས་ལྔའི་རང ་བཞིན་ཏེ། དེ་ཡང་མཇའ་ཚོན་ལྟ་བུར་བརྟགས་པའི་ངོ་བོ་ཉིད་དེ། གང་ཕྱག་རྒྱ་གཞན་བཅིང་བ་ལ་སོགས་པ་དེ་ཐམས་ཅད་སྟོང་པ་ཉིད་ཀྱིས་འགྲུབ་ཀྱི་གཞན་གྱིས་ནི་མ་མིན་ནོ། །ཐམས་ཅད་ཟ་ཞིང་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཐམས་ཅད ་སྤངས་པའོ། །ཐམས་ཅད་སྟོང་པ་ཉིད་ཅེས་བྱ་བ་ནི་འཁོར་གསུམ་ཡོངས་སུ་དག་པའི་ཕྱིར་རོ། །མཚན་མ་ཀུན་ཞེས་བྱ་བ་ནི་བརྟུལ་ཞུགས་ཐམས་ཅད་འཛིན་པའོ། །མན་ངག་ཐོབ་ཅེས་བྱ་བ་འདིས་ཆོས་གང་སྔོན་དུ་འགྲོ་བའི་དོན་དམ ་པ་བྱང་ཆུབ་ཀྱི་སེམས་བླང་བ་སྟོན་ཏེ། དངོས་པོ་ཀུན་ཅེས་བྱ་བ་ལ་སོགས་པ་ལ། གཞིར་གྱུར་པས་ན་དངོས་པོའོ། །དངོས་པོ་ཐམས་ཅད་དང་བྲལ་ཞིང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་གཟུང་བ་དང། འཛིན་པ་རྣམ་པར ་སྤངས་པ་ཆོས་བདག་མེད་པ་ནི་འོད་གསལ་བའོ། །དེ་བས་ན་མཉམ་པ་ཉིད་གཉིས་སུ་མེད་པར་གྱུར་པ་དེས། །རང་གི་སེམས་གདོང་མ་ནས་མ་སྐྱེས་པ། རྡོ་རྗེ་ལྟར་དབྱེར་མེད་པ་གསུམ་ལུས་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །དེ་ལྟར་བྱང་ཆུབ་ཀྱི་སེམས ་བླངས་ནས། དེ་མ་ཐག་ཏུ་ཇི་བཞིན་ནུས་པས་བླ་མ་ལ་ཡོན་ཕུལ་ཏེ། དྲིན་ཐོབ་པའི་རིམ་པས་བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་དབྱིངས་བསྒོམ་པ་ན་རང་ཉིད་དེའི་ངོ་བོ་ཐོབ་པར་འགྱུར་བའོ། །ཁྱད་པར་གཞན་ནི་གོ་བླ་བ་ཉིད་དོ། །རིམ་པ་ལྔའི་དཀའ་ ་འགྲེལ་དོན་གསལ་བ་ཞེས་བྱ་བ་ལས་མངོན་པར་རྫོགས་པར་བྱང་ཆུབ་པ་སྟེ། རིམ་པ་བཞི་པའི་འགྲེལ་པའོ།། བཞི་པའི་རྗེས་ཐོགས་སུ་རིམ་པ་ལྔ་པ་བསྟན་པའི་ཕྱིར་རྒྱུ་དང་འབྲས་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་ནི་བཅོམ ་ལྡན་འདས་སྐྱེད་པ་བོའོ། །འབྲས་བུ་ནི་དེ་བཞིན་གཤེགས་པའོ། །དེའི་བདག་ཉིད་རྡོ་རྗེ་འཆང་ནི་རྒྱུ་དང་འབྲས་བུའི་རང་བཞིན་ཉིད་དོ། །དེ་ཉིད་ཀྱིས་ན་མགོན་པོ་སྟེ། འཇིག་རྟེན་གསུམ་གྱི་ཡོངས་སུ་སྐྱོབ་པའོ། །དེ་ལ་ཕྱག་འཚལ་ནས་ཟུང་དུ་འཇུག་པ་ཞེས ་བྱ་བ་རིམ་པ་ཐ་མ་བདག་གིས་བཤད་པར་བྱ་ཞེས་བྱ་བར་སྦྱར་རོ། །སྲིད་པ་དང་ཐར་པ་ལ་མངོན་པར་ཞེན་པའི་རྟོག་པ་གཉིས་སྤངས་ནས། སེམས་ཅན་གཅིག་ཏུ་གྱུར་པ་དེ་ནི་ཟུང་དུ་འཇུག་པ་ཞེས་བཤད་དོ། །ཟུང་ནི་གཉིས་མཚུངས་པའོ། །དེས་འཇུག་པས་ན ་ཟུང་དུ་འཇུག་པ་ཞེས་བྱའོ། །ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་བདག་གིས་རང་གི་ངོ་བོ་དོན་དམ་པའི་རྣམ་པར་རྟོགས་ནས། གང་འདི་དག་གཅིག་ཏུ་གྱུར་པ་དེ་ཡང་ཟུང་དུ་འཇུག་པའོ། །སྲིད་པ་ཀུན་ཏུ་རྟོག་ཅིང་མངོན་པར་ཞེན་པ་དེ་ཡང་རྣམ་པ་དང་བཅས ་པའི་གཟུགས་ཏེ། གང་གི་ཕྱིར་དེའི་སྟོབས་ཀྱི་ཉོན་མོངས་པ་ཐམས་ཅད་རབ་ཏུ་སྐྱེ་བའོ། །དེ་ལས་ཟློག་པ་ནི་རྣམ་པར་རྟོག་པ་མེད་པའོ། །རྣམ་པར་རྟོག་པ་དེ་སྤངས་ནས། གཅིག་ཏུ་སྤྱོད་པ་དེ་ཉིད་ནི་ཟུང་དུ་འཇུག་པའི་ཉམས་སུ་མྱོང་བའོ། །གང་དུ་བཟུང་བ་དང་འཛིན ་པའི་རྣམ་པར་རྟོག་པ་གཉིས་ཀྱི་བློའི་ཀུན་ཏུ་སྤྱོད་པ་མེད་ཅིང། གང་དུ་མི་ཕྱེད་པ་ཡོད་པ་དེ་ཡང་ཟུང་དུ་འཇུག་པ་ཞེས་བཤད་དོ། །རྟག་པ་ཞེས་བྱ་བ་ནི་ཐེར་ཟུག་པའི་ཕྱོགས་སོ། །ཆད་པ་ཞེས་བྱ་བ་ནི་འཇིག་རྟེན་རྒྱང་པན་པའི་ཕྱོགས་སོ། །དེ་གཉི་གའི་བློ་སྤངས ་ནས་གང་གིས་དེ་ཁོ་ན་མཉམ་པ་ཉིད་རིག་པ་དེ་ཉིད་ནི་མཁས་པ་སྟེ། གཞན་ནི་མ་ཡིན་པའོ། །ཇི་སྐད་དུ། བདག་ཉིད་ཆེན་མོ་རྩོད་མེད་པ། །དེ་ལ་ཕྱོགས་ནི་ཡོད་མ་ཡིན། །གང་ཕྱིར་དེ་ལ་གཞན་ཕྱོགས་དང། །བདག་ཕྱོགས་ཡོད་པ ་མིན་ཕྱིར་རོ། །ཞེས་གསུངས་སོ། །གཞན་ཡང་འགྲོ་བའི་དངོས་པོ་ཐམས་ཅད་ཉིད། །མ་བརྟགས་པ་ནི་ཉམས་དགའ་བ། །རྣམ་པར་བརྟགས་ཤིང་འཇིག་པ་ན། །དངོས་པོ་ཡོད་པ་མིན་པའོ། །ཞེས་གསུངས་སོ། །ཆོས་ཐམས་ཅད་རང་བཞིན་མེད་པར་དཔྱོད་པ ་ནི་ཤེས་རབ་སྟེ། འགྲོ་བ་ཐམས་ཅད་སྡུག་བསྔལ་གྱི་རྣམ་པ་དང་བྲལ་བར་སེམས་དཔའ་ནི་སྙིང་རྗེའོ། །ཡང་ནམ་ཞིག་སེམས་ཅན་གྱི་དོན་ལ་ཉིད་ཀྱིས་དབྱེར་མེད་པར་ཤེས་རབ་ཀྱི་བརྟགས་ནས་གང་དུ་འཇུག་པའི་རིམ་པ་སྟེ། བཅོམ་ལྡན་འདས་ཀྱིས ་བློ་གྲོས་ཤིན་ཏུ་ཟབ་མོའི་ཡུལ་ལོ། །ཐབས་དང་ཤེས་རབ་ཀྱི་རང་བཞིན་བརྟན་པ་དང་གཡོ་བའི་བདག་ཉིད་ཐམས་ཅད་ཁོང་དུ་ཆུད་ནས། ཕྱོགས་གཅིག་ལ་རྟེན་ཅིང་གནས་པ་དེ་ཡང་ཟུང་དུ་འཇུག་པ་ཞེས་བྱའོ། །ཇི་སྐད་དུ་གང་གིས་ཤེས་རབ་དེ་ཉིད་རྟེན་ཅིང་སྙིང་རྗེས་ཀུན་རྫོབ་བརྟེན་པ་དེ་བས་ན། འགྲོ་ལ་སེམས་ཅན་མེད་ཅིང་ཇི་བཞིན་དོན་དུ་རྣམ་པར་དགོངས། །གང་གི་ཚེ་ནི་སྟོབས་བཅུ་སྐྱེད་བྱེད་སྙིང་རྗེ་ཟིན་པ་པོའི་ཚེ། །ཁྱེད་ནི་འགྲོ་ལ་བུ་གཅིག་པ་ཡི་ཕ་བཞིན་དགོངས་པར་གྱུར་པའོ། །ཞེས་གསུངས ་པའོ། །ལྷག་མ་ཞེས་བྱ་བ་ནི་ཉོན་མོངས་པའི་ཕུང་པོ་སྟེ། དེ་དང་བཅས་པར་གནས་པ་ནི། ལྷག་མ་དང་བཅས་པར་གནས་པའོ། །དེ་ལས་ཟློག་པ་ནི་ལྷག་མ་མེད་པའོ། །དེ་ལས་ཟློག་པ་ནི་རྣམ་པར་རྟོག་པ་མེད་པའོ། གང་དུ་རྟོག་པ་དེ་ཉིད་ཀྱི་ངོ་བོ་ཡོད་པ་མ ་ཡིན་པ་དེ་ནི་ཟུང་དུ་འཇུག་པའོ། །གང་དུ་གང་ཟག་ལ་བདག་མེད་པ་དང། ཆོས་ལ་བདག་མེད་པའི་བྱེ་བྲག་རྣམས་གཉིས་སུ་རྟོག་པ་སྤངས་པ་དེ་ཡང་ཟུང་དུ་འཇུག་པའོ། །བདག་བྱིན་གྱིས་བརླབ་པ་དང། འོད་གསལ་བ་ལ་འཇུག་པའི་རིམ་པ་རྟོགས་ནས ་དེ་དག་ཉིད་དབུ་མའི་གནས་སྐབས་སུ་འདྲེས་པར་གྱུར་པ་དེ་ཟུང་དུ་འཇུག་པའོ། །ཐམས་ཅད་སྟོང་པའི་གནས་སུ་རིལ་པོར་འཛིན་པ་དང། རྗེས་སུ་འཇུག་པའི་རིམ་པས་འཇུག་ཅིང། དགོངས་པའི་དབང་གིས་གང་ཞིག་དེ་ལས་ལྡང་བར་གྱུར་བ་དང། ཟུང་དུ་འཇུག་པའོ། །ཐོག་མར་ཀུན ་རྫོབ་དང་དོན་དམ་པའི་བདེན་པ་རང་གི་ངོ་བོ་བྱེ་བྲག་ཤེས་ནས་དེ་དུས་གཞན་ཞིག་ནི་ཕྱོགས་གཉི་ག་འདྲེས་བར་གྱུར་པ་གང་ཡིན་པ་དེ་ཟུང་དུ་འཇུག་པའོ། །གང་དུ་སྟོང་བ་ཉིད་ལ་དམིགས་པ་མེད་ཅིང་དེ་ལས་ལྡང་བ་ཡང་མེད་པ་དེ་ཟུང་དུ་འཇུག་པའོ། །དེ་ཉིད་ནི་རྣལ་འབྱོར་པ་རྣམས ་ཀྱི་དབུ་མའི་གནས་སྐབས་ཀྱི་ལམ་མ། །གཉིད་ལོག་པ་དང་སང་པའི་རྣམ་པར་རྟོགས་པ་གཉིས་སྤངས་པ་ནི་ཟུང་དུ་འཇུག་པའི་ངོ་བོར་བསྟན་པས་གསུངས་པ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་རྗེས་སུ་སྟོན་པའི་ཕྱིར་རོ། །གཉིད་ལོག་པ་ཞེས་བྱ་བ་ནི་སེམས་ཅན་གྱི་དོན ་ལ་མི་འཇུག་པའོ། །སད་པ་ཞེས་བྱ་བ་ནི་སེམས་ཅན་གྱི་དོན་ལ་འཇུག་པའོ། །དེ་དག་རྣམ་པར་སྤངས་ནས་རང་ཉམས་སུ་ལྷུན་གྱིས་གྲུབ་པར་སེམས་ཅན་གྱི་དོན་རྫོགས་པར་མཛད་པ། ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ། ཡིད་བཞིན་ནོར་བུ་ཇི་བཞིན་དུ། མ་ལུས་འགྲོ་བའི་བསམ ་རྫོགས་མཛད། །སེམས་ཅན་བསོད་ནམས་དབང་གིས་ན། །དེ་ནས་རྒྱལ་བའི་གཟུགས་མཐོང་འགྱུར། །ཞེས་གསུངས་སོ། །མཉམ་པར་བཞག་པ་ནི་སེམས་ཞི་བའི་གནས་སྐབས་སོ། །མཉམ་པར་མ་བཞག་པ་ནི་སེམས་རྣམ་པར་གཡེང་བའོ། །རྣལ་འབྱོར་བ་གང་ལ་དེ ་གཉིས་མེད་པར་གྱུར་པ་དེ་ཉིད་ནི་ཟུང་དུ་འཇུག་པ་ལ་གནས་པར་ཤེས་པར་བྱའོ། །དངོས་པོ་ནི་གཟུང་བའི་ཕྱོགས་ལ་མངོན་པར་ཞེན་པའོ། །དངོས་པོ་མེད་པ་ནི་ལག་པར་ལྟ་བ་ཡོངས་སུ་བྱང་བའོ། །དེ་དག་རྣམ་པར་སྤངས་པ་ནི་ཟུང་དུ་འཇུག་པའོ། །དྲན་པ་མ་ཡིན་པ་ནི་ཐོས་པའི་དོན ་བརྗོད་པའོ། །དྲན་པ་ནི་དེ་ལས་བཟློག་པའོ། །རྒྱུན་ཏུ་ལྷུན་གྱིས་གྲུབ་པས་ན་དེ་དག་ལས་ངེས་པར་གྲོལ་བའོ། །དེ་ཉིད་ཀྱིས་ན་རྟག་ཏུ་འབྱུང་བའི་རང་བཞིན་ཏེ། དེ་ལྟར་འདོད་པ་བཞིན་ཐམས་ཅད་དུ་གནས་པ་ཞེས་བྱ་བའི་དོན་ཏོ། །ཆགས་པ་ནི་སྲིད་པའི་ལོངས་སྤྱོད་རྣམས་ལ་ཞེན་པའོ། །དེ་ལ ་མ་ཆགས་པ་ནི་ཞེན་པ་མེད་པའོ། ཕྱོགས་དེ་གཉི་ག་ཡོངས་སུ་སྤངས་ནས། དབུ་མའི་ལམ་ལ་དམིགས་ཏེ། འཁོར་བ་ཇི་སྲིད་དུ་གནས་པ་ནི་བརྟེན་པའོ། །ཇི་སྲིད་དུ་གང་ཞིག་སྙིང་རྗེ་ཆེན་པོས་ནི། གཞན་གྱི་དབང་གིས་གནས་པའོ། །ཞེས་གསུངས་སོ། ། ་མཆོག་ཏུ་དཀའ་བའི་ལུས་ནི་རྟག་ཏུ་རབ་ཏུ་དགའ་བའི་གནས་སྐབས་སོ། །གང་ལ་དེ་ལྟ་བུ་ཡོད་པ་དེ་ནི་དེ་དང་ལྡན་པའོ། །ཇི་སྐད་དུ། འཇིག་རྟེན་ཁམས་ནི་མཛའ་ཡས་པར། །སྙིང་རྗེ་ཆེན་པོ་རྣམ་དཔྱོད་ཅིང། །སེམས་ཅན་རྣམས་ལ་རྟག་དགའ་བས། །རིམ་གྱིས་རིམ་གྱིས་? ་པར་མཛད་ཅེས་གསུངས་པའོ། །གཞན་ཡང་སེམས་ཅན་རྣམས་ནི་གྲོལ་གྱུར་ན། །གང་ཞིག་དགའ་བའི་རྒྱ་མཚོ་སྟེ། དེ་ཉིད་ཀྱིས་ནི་ངེས་པར་རྫོགས། །ཅུང་མེད་གྲལ་བས་ཅི་ཞིག་དགོས། །ཞེས་གསུངས་པའོ། །རྒྱུ་ནི་འབྲས་བུ་རབ་ཏུ་བསྐྱེད་པ་སྟེ། འབྲས་བུ་སྐྱེད་པར ་ནུས་པ་ནི་རྒྱའོ། །འབྲས་བུ་ནི་རྒྱུ་ལས་བྱུང་བའོ། །དེ་གཉིས་གཡང་དབྱེར་མེད་པར་རྟོགས་ནས། དབྱེར་མེད་པའི་ངོ་བོར་བྱས་ཏེ། རྣལ་འབྱོར་པ་གང་དུ་གནས་པ་དེ་ཉིད་ཟུང་དུ་འཇུག་པའོ། །གང་དུ་རིམ་པ་གཉིས་གཅིག་ཅིང་དབྱེར་མེད་པར་རྟོགས་པ་དེ ་ཡང་ཟུང་དུ་འཇུག་པའོ། །ཡོངས་སུ་དག་པའི་ལྷ་དང། ཡོངས་སུ་མ་དག་པའི་ལྷ་ཞེས། རྣམ་པར་རྟོག་པ་གཉིས་སྡངས་ནས། གང་དུ་དབྱེར་མེད་པར་རྟོགས་པ་དེ་ནི་ཟུང་དུ་འཇུག་པའོ། །གཟུགས་ཅན་ཞེས་བྱ་བ་ནི་གཟུགས་ཀྱི་ཕུང་པོའོ། །གཞན་པ་བཞི་ནི ་གཟུགས་མེད་པའོ། །ཞེས་ཀུན་ཏུ་རྟོགས་པ་དེ་གཉི་ག་ཡོངས་སུ་སྤངས་ནས། གང་ཞིག་མཉམ་པའི་གནས་རིག་པ་དེ་ཉིད་ཟུང་དུ་འཇུག་པའི་གོ་འཕང་ཐོབ་པའོ། །འདི་ལྟར་གང་ཞིག་དེ་ཁོ་ན་ཉིད་རིག་ཅིང། ཇི་ལྟ་བ་བཞིན་མཐོང་བ་དེ་དག་ཐམས་ཅད་མཁྱེན་པ ་ཞེས་བཤད་པའོ། །སྣ་ཚོགས་འཛིན་ཅེས་བྱ་བ་ནི་སྤྲུལ་པ་སྣ་ཚོགས་པས་སེམས་ཅན་གྱི་དོན་ཕུན་སུམ་ཚོགས་པར་མཛད་པའི་ཕྱིར་རོ། །སྒྱུ་མ་ནི་གཞན་བསླུ་བ་ལ་མངོན་པར་བརྩོན་པ་སྟེ། དེ་ཉིད་དྲ་བ་ཡིན་ཞིང་འཆིང་བ་ཡང་དེའོ། །དེ་རྩད་གཙང ་པ་ནི་མངོན་པར་སངས་རྒྱས་སོ། །ཡང་ན་སྒྱུ་འཕྲུལ་དྲ་བའི་རིམ་པས་མངོན་པར་རྫོགས་པར་བྱང་ཆུབ་པའོ། །འཁོར་བ་ནི་ལས་དང་ཉོན་མོངས་པས་རང་དབང་མེད་པ་སྟེ། གཞན་དབང་གི་སེམས་ཀྱི་ངོ་བོའོ། །དེ་ཉིད་ནི་རྒྱ་མཚོ་སྟེ་རྫིངས་སོ། །དེའི་མཐར ་ཕྱིན་པས་ཕ་རོལ་ཏུ་སོན་པ་སྟེ། དེ་ཉིད་ཀྱིས་ན་བདེན་པ་གཞན་གྱི་རིམ་པ་ལ་གནས་པའོ། །བྱ་བ་བྱས་པ་དེས་རྣམ་པར་གནས་པ་སྟེ། དེ་ཉིད་རྣམ་པར་རྟོགས་པ་གཉིས་ཀྱིས་མ་བསྒྲིབས་པའི་ཡེ་ཤེས་སུ་བཤད་དོ། །ཇི་སྐད་དུ། གང་ཞིག་ཇི་སྲིད་རྣམ་བརྟགས ་པ། དེ་སྲིད་ཐམས་ཅད་བརྫུན་པ་སྟེ། དེ་ཉིད་བདེན་ཞིང་ཡང་དག་མཐར། གང་ཞིག་དེ་ཉིད་བརྟག་མི་བྱ་ཞེས་གསུངས་པའོ། །མི་གནས་པ་ནི་ཕྱོགས་གཉི་ག་མི་དམིགས་པའི་ཕྱིར་རོ། །དེ་དག་ཉིད་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ཚིག་རྐང་པ་བདུན་གྱི་ཁྱད་པར ་སྔོན་ཏོ། སྒྲ་གང་སྐྱེ་མེད་ཅེས་བྱ་བ་ལ་སོགས་པ་དེ་ཉིད་ནི་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་སྟོན་པར་བྱེད་པའོ། །དེར་མངོན་པར་འདོད་པ་གཞན་ནི་མེད་དེ། ལམ་འདིས་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པར་གྱུར་པའོ། །ཇི་ལྟ་བུ་ཞེ་ན། ཡོད་པ་ཞེས་བྱ་བ ་ལ་སོགས་པ་སྨོས་ཏེ། ཡོད་པའི་ཕྱོགས་ནི་དངོས་པོར་འཛིན་པའོ། །མེད་པའི་ཕྱོགས་ནི་སྐུར་བ་འདེབས་པ་སྟེ། དེ་དག་རྣམ་པར་སྤང་བས་སོ། །གང་ཡང་རྣལ་འབྱོར་བ་འདི་ནི་བརྩོན་བཞིན་པ་ཡིན་ན་ཟུང་དུ་འཇུག་པའི་གོ་འཕང་ཐོབ་པའི་ཕྱིར། སྤྱོད་པ་རྣམ་པ་གསུམ་སྤྱོད་པ། དེ་ཡང་གཉིས་སུ་མེད་པའི ་ཡེ་ཤེས་ཐེ་ཚོམ་མེད་པར་ཐོབ་པར་འགྱུར་བའོ། །ཇི་ལྟར་བདག་ཉིད་ཅེས་བྱ་བ་ལ་སོགས་པས། སེམས་ཉིད་མེད་པའི་རྣལ་འབྱོར་བའི་སྤྱོད་པའི་ནན་ཏན་སྟོན་ཏེ། དེ་ཐམས་ཅད་ནི་གོ་སླའོ། །དེ་ལྟར་ཉིན་མཚན་དུ་ཡེ་ཤེས་ལ་མངོན་པར་བརྩོན་པ་ཡིད་ཀྱིས་སྦས་པའི ་བརྟུལ་ཞུགས་འཛིན་པ་དེ། ཕུན་སུམ་ཚོགས་པ་ཐམས་ཅད་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་མཚན་ཉིད་ཀྱི་འགྲུབ་པ་ཞེས་བྱ་བ་ནི་ཤིན་ཏུ་དགེ་བའོ། །བཤད་ནས་ཞེས་བྱ་བ་ལ་སོགས་པས་ནི་དགེ་བའི་རྩ་བ་ཡོངས་སུ་སྔོ་བའི་དོན་གསལ་བར་སྟོན་པའོ། །རིམ ་པ་ལྔ་པའི་དཀའ་འགྲེལ་དོན་གསལ་བ་ཞེས་བྱ་བ་ལས་ཟུང་དུ་འཇུག་པ་སྟེ། རིམ་པ་ལྔ་པའི་འགྲེལ་པའོ།། །།ཐོས་པ་རྫོགས་པར་བྱེད་པ་ཤེས་རབ་སྟེ། །བསམ་པ་དང་ནི་གཉིས་པ་ཡོང་གྱུར་ན། །སྒོམ་པ་ལ ་ནི་རབ་ཏུ་སྦྱོར་བ་ཡིན་།དེ་ལ་དངོས་གྲུབ་བླ་ན་མེད་པའོ། །བློ་དང་ལྡན་པས་འདི་ལྟར་བསམས་ནས་ནི། །ཐོག་མ་ཐོས་པའི་དོན་ལ་འབད་པ་ཡིས། །རྟག་ཏུ་བརྩོན་པར་བྱེད་པ་གང་ཡིན་པ། །དེ་ཡིས་ལག་དུ་དངོས་གྲུབ་ལེགས་པར་ཐོབ། །གང་ཞིག་ཚིག་ལ་ཐེ ་ཚོམ་ཟ་གྱུར་པ། །དེ་ཡིས་དོན་ནི་ཅི་ལྟར་རྟོགས་པར་འགྱུར། །དེ་རྣམས་རྨོངས་པ་རྣམ་པར་བཟློག་པའི་ཕྱིར། །འདི་ལ་བདག་གིས་རྣམ་པར་བརྩོན་པར་བྱས། །རྣམ་པ་ཀུན་ཏུ་བརྗོད་པར་ནུས་པ་ནི། །དེ་བཞིན་གཤེགས་པ་ཉིད་ཀྱི་སྤྱོད་པའོ། འོན་ཀྱང་བློ་གློས ་སྨན་པ་རྣམས་ལ་ནི། །རྣམ་པར་དབྱེ་བ་ཙམ་ཞིག་བདག་གིས་བྱས། །འཇིག་རྟེན་གང་དུ་ཉི་མའི་སྣང་བ་རྒྱ། །ཆེན་པོ་མཆོད་པས་འགྲོ་ཀུན་གསལ་གྱུར་པ། །སྲིན་བུ་མེ་ཁྱེར་ལུས་ཀྱི་སྣང་བ་ཙམ་གྱིས་བྱ་བ་ཅི་ཞིག་བྱེད་པར་འགྱུར། །དེ་ལྟ་ན་ཡང་བློ་དང་ལྡན་པ་གཞན ་དག་གིས་ནི་གསོལ་བཏབ་དཀའ་འབྲེལ་འདིས། རིམ་པ་ལྔ་ཡི་དོན་ནི་གཏན་ལ་ཕབ་ཅིང་རྣམ་ཕྱེད་འཕགས་རྣམས་བཟོད་པ་བཞེས། །ཐམས་ཅད་མཁྱེན་པའི་གསུངས་རབ་བློ་དམན་རྣམས་ཀྱིས་བཤད་པར་ནུས་པ་མིན་པ་དང། མཁས་པ་རྣམས་ཀྱིས་གཞུང ་འདི་རྣམ་ཕྱེ་མཐོང་མིན་ཕྱོགས་ཙམ་བདག་གིས་མཐོང་བས་ན། །སེར་སྣ་དང་ནི་མཆོག་ཏུ་བྲལ་བའི་བློ་ཡིས་རྣམ་བཤད་གང་ཡིན་དེ་ཡིས་ནི། །དམ་པ་འགྲོ་དོན་ཡང་དག་བརྩོན་པ་བློ་སྤྱན་རྒྱས་པ་རྣམས་ནི་དབྱེས་པར་མཛོད། །འདི་ལྟར་མན་ངག་གཅིག་ནས་གཅིག ་ཏུ་ཡོངས་བརྒྱུད་རིམ་པ་ལྔ་པོ་རྣམ་བཤད་པས། །གང་ཞིག་བསོད་ནམས་སྟོན་ཀའི་ཟླ་བ་དྲི་མེད་ལྟ་བུ་བདག་གིས་ཐོབ་གྱུར་པ། །དེ་ཡི་སྲིད་པའི་འཁོར་ལོར་ལྷུང་གྱུར་འགྲོ་རྣམས་རྫོགས་པའི་བྱང་ཆུབ་གྱི། །རྩེ་མོར་རིམ་ལྔས་མྱུར་དུ་ཕྱིན་ནས་གསལ་ཞིང ་ཡིད་འོང་མཛེས་པར་བདེར་གྱུར་ཅིག་།ཇི་སྲིད་མཁའ་ལ་ཟླ་བའི་ཟེར་དང་སྐར་མའི་ཚོགས་ཀྱིས་མཛེས་པར་གྱུར་པ་དང། ཇི་སྲིད་མུན་པའི་ཚོགས་ནི་རབ་ཏུ་མྱུར་འཇོམས་ཉི་མའི་དཀྱིལ་འཁོར་གསལ་བ་དང། །ཇི་སྲིད་ས་འདི་རྨད་དུ་བྱུང་བའི་གནས་གཅིག་རི་རབ་གནས ་པ་དེ་སྲིད་དུ། །དེ་སྲིད་བདེ་གཤེགས་བསྟན་པ་དང་ནི་དཀའ་འགྲེལ་མཆོག་འདི་ཡུན་རིང་གནས་གྱུར་ཅིག་།རིམ་པ་ལྔའི་དཀའ་འགྲེལ་དོན་གསལ་བ་ཞེས་བྱ་བ། སློབ་དཔོན་ཆེན་པོ་བརྩོན་འགྲུས་བཟང་པོའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །། ་རྒྱ་གར་གྱི་མཁན་པོ་པཎྜི་ཏ་བིརྱ་བྷ་དྲཱ་ཉིད་དང། ཞུས་ཆེན་གྱི་ལོ་ཙཱ་བ་འབྲོ་དགེ་བསྙེན་ཆེན་པོ་ཤེས་རབ་བརྩོན་འགྲུས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།རིམ་པ་ལྔའི་དགོངས་འགྲེལ་ཞེས་བྱ་བ་བཞུགས། ་