CLOSE WINDOW

N1490: dad pa smra ba zhes bya ba'i bstod pa
Wyliee-texts based on the ACIP/ALL Input

དང་པ་སྨྲ་བ་ཞེས་བྱ་བའི་བསྟོད་པ་བཞུགས་སོ། །རྒྱ་གར་སྐད་དུ། ཤྲཱ་ཌཧ་པྲ་ལཱ་པ་སྟས། བོད་སྐད་དུ། དད་པ་སྨྲ་བ་ཞེས་བྱ་བའི་བསྟོད་པ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཉེས་པའི་དྲ་མ་མ ་ལུས་བསལ། །ཡོངས་དག་ཡོན་ཏན་ཚོགས་བརྙེས་པ། །རྒྱལ་བ་ཀུན་གནས་ཁྱོད་ཉིད་ཞབས་སོ། །པདྨ་གཉིས་ལ་ཕྱག་འཚལ་ལོ། །སྲིད་པའི་སྡུག་བསྔལ་བསལ་ཀའི་མེ། །ཚ་བ་ཉེ་བར་ཞི་མཛད་ཅིང། །བསོད་ནམས་ཚོགས་ནི་མ་ལུས ་པས། །ཐུགས་ནི་ཡོངས་སུ་རྒྱས་མཛད་པ། ཁྱོད་ཀྱི་ཡོན་ཏན་ཟག་མེད་རྣམས། །བྱང་ཆུབ་སེམས་དཔའ་མཆོག་གི་ཕུལ། །འདོད་ཆགས་ལ་སོགས་དབང་གྱུར་ཀྱང། །བདག་འདྲའི་སྤྱོད་ཡུལ་ག་ལ་ལགས། །འགྲོ་བའི་སྣང་བའི་གཞིར ་གྱུར་པ། །ཉི་མ་སྤྲིན་དང་བྲལ་བ་ལ། །མེ་ཁྱེར་ཉོན་མོངས་དག་གིས་ནི། །སྣང་བར་བགྱིད་ལ་ཅི་ཞིག་འཚལ། །དེ་ལྟ་མོད་ཀྱི་དག་གི་ཚོགས། །དམན་པས་ཀྱང་ནི་བསྟོད་བགྱིད་པ། །བདག་གིས་ཅུང་ཞིག་གང་སྨྲས་དེ། །མགོན ་ལ་དད་པས་དྲངས་པ་ལགས། །བལྟ་བས་མི་ངོམས་ཡིད་འོད་ཞིང། །མཆོག་ཏུ་སེམས་དཔའ་སྩོལ་མཛད་པ། །སྲོག་དང་བྲལ་བའི་ངོ་བོ་ཉིད་།ཐུགས་རྗེའི་བདག་ཉིད་ཅན་ཕྱག་འཚལ། །རབ་ཞི་བདུད་རྩི་འཛག་པའི་སྐུ།། ་སུ་ཞིག་ལ་ནི་ཞི་མི་བགྱིད། །སྲིད་པའི་སྲེད་པས་གདུངས་པ་རྣམས། །བཅོམ་ལྡན་ཁྱེད་ཀྱིས་རྟག་ཞི་མཛད། །ཡིད་འོང་ཚོ་ལས་བྱུང་བ་ཡིད། །བདུད་རྩི་དཀར་པོ་དང་འདྲ་ཞིང། །རྟག་ཏུ་དེ་ཉིད་དཔལ་གྱིས་ནི།། ་མཚན་མོའི་ཡོན་ཏན་དག་གིས་བརྒྱན། །རྫོགས་པའི་བྱང་ཆུབ་པདྨ་ཡིས། །སེམས་ཅན་བུད་བ་ཆིམ་མཛད་པ། །ཁྱེད་མཐོང་ན་ནི་རྟག་པ་དུ། །དགའ་མཆོག་སུ་ཞིག་སྐྱེ་མི་འགྱུར། །ཁྱེད་ལ་མངོན་དང་ཡིད་འོད ་བའི། །བདེ་ལ་གནས་པའི་སེམས་ཅན་ལ། །ལྷ་ཡུལ་བུད་མེད་བཞིན་གྱི་མདོངས།?་།ཟླ་འདྲ་འདོད་ཆགས་བ་དེ་སྐྱེས་དང། །མངོན་འདོད་འབྲས་བུས་ཀུན་སྟེང་བའི། །དཔག་བསམ་ཤིང་གིས་རྣམ་བརྒྱན ་ཞིང། །ཡིད་འོང་ཐམས་ཅད་རྙེད་སླ་བའི། །དགའ་བའི་ཚལ་ལའང་ཆགས་མི་འགྱུར། །མཆོག་ཏུ་སེམས་དཔའ་སྐྱེད་མཛད་ཅིང། །ལྟ་ངན་རབ་རིབ་སྟུག་པོ་ནི། །ཤིན་ཏུ་ལེགས་པར་འཇོམས་འགྱུར་བའི། །བར ་སྣང་ལ་ནི་རྟགས་ཤར་བ། །བདག་ཉིད་ཆེན་པོ་གང་གིས་མཐོང། །དེས་ནི་གཞན་དག་ལྟ་མི་འགྱུར། །ལུས་ཅན་ཁམས་གསུམ་འབྲོ་དགོན་ནི། །ཆེན་པོར་རྟག་ཏུ་འཁྱམས་གྱུར་ཅིང། །རྟག་ཏུ་ལམ་མཆོག་ལས ་ཉམས་ལ། །ཁྱེད་ལ་མངོན་སུམ་སྟོན་པ་མཛད། །སེམས་ཅན་གྱི་ནི་པད་མའི་ཚལ། །དམ་ཆོས་འོད་ཟེར་དྲ་བ་ཡིས། །སད་མཛད་ཉིན་མོར་གྱུར་པས་ན། །སྔོན་མེད་ཉི་མ་ཁྱོད་ལགས་སོ། །རབ ་དགའ་ཨི་རྒྱ་མཚོ་ལས་བྱུང་བའི། །བདུད་རྩི་གཉིས་པ་ཁྱོད་ལགས་ཏེ། །རྟག་ཏུ་བདུད་རྩིའི་གནས་བརྙེས་པས། །འགྲོ་བ་ཉམས་ཐག་སེལ་མཛད་པ། །ཉོན་མོངས་ཐམས་ཅད་སྤངས་པ་ཡི། །དགྲ ་བཅོམ་གོ་འཕང་ཐོབ་པ་གང། །ཁྱེད་ཀྱི་ཡོན་ཏན་མ་འཚལ་བས། །དེ་ཡང་མཁས་པ་མ་ལགས་སོ། །གློག་འགྱུར་ལྟ་བུར་འགྱུར་བ་ཡི། །སྲོག་ནི་སྡུག་བསྔལ་སྐྱེད་བྱེད་པས། །སྐད་ཅིག་གིས་འཇིག ་འཁོར་བ་ན། །སྙིང་པོ་ཁྱེད་སྐུ་དྲན་པ་ལགས། །རྒྱལ་སྲས་ཁྱེད་ཀྱི་བསམ་གཏན་གྱིས། །བདུད་རྩིས་རྟག་ཏུ་ཚིམ་བྱེད་པའི། །ཡིད་ལ་སྲིད་པའི་སྡུག་བསྔལ་ནི། །མ་ལུས་བརྗེད་དེ་གནས་པ་ལགས།། ་སྐུ་གསུང་ཐུགས་སྤྲོ་འོད་ཟེར་གྱིས། །འཇིག་རྟེན་ཁམས་ནི་ཚད་མེད་པའི། །གཏི་མུག་གི་ནི་མུན་བསལ་བ། །ཁྱེད་ཀྱིས་སྐད་ཅིག་གཅིག་གིས་མཛད། །རང་གི་ངོ་བོའི་བདུད་རྩི་ཆེ། །སྐལ་ལྡན་བདེ་བ་བཏང་ནས ་ནི། །རྣམ་རྟོག་བག་ཆགས་ཤས་ཆེ་བ། །འཁྲུལ་པས་འཁོར་བར་གྱུར་པ་ལ། །ཆོས་དབྱིངས་ངོ་བོ་ཉིད་ལགས་ཀྱང། །འཇིག་རྟེན་མི་ཤེས་བསལ་བའི་ཕྱིར། །ཀུན་རྫོབ་རྣམ་པའི་སྐུ་ཡིས་ནི།། ་བཞུགས་ཀྱི་ཡང་དག་ཉིད་ཀྱིས་མིན། །ཐུགས་རྗེའི?་བདུད་རྩི་བཏུང་མཆོག་གིས། །ཚིམ་མཛད་བདེ་བ་རབ་རྩོལ་ཅིང། །རྟག་ཏུ་ཉམས་ནི་སྣ་ཚོགས་པའི། །སངས་རྒྱས་རོལ་མོས་གར་མཛད་དོ།། ་གཉིས་པར་འཕྲུལ་པ་ལས་ཟློག་ཕྱིར། །ཤེས་རབ་ཐབས་ནི་གཉིས་མེད་མཛད། །ཀུན་ཏུ་རྨོངས་པའི་མུན་བསལ་ཕྱིར། །ཤེས་རབ་མཆོག་གིས་འོད་རབ་གསལ། །རྣམ་ཐར་གསུམ་གྱི་བདེ་རྙེས་པས། །ཞལ ་གསུམ་ཡིད་དུ་འོད་བའང་མངའ་། །སྦྱིན་སོགས་ཕ་རོལ་ཕྱིན་པ་དྲུག་།ལེགས་པར་བརྙེས་པས་ཕྱག་དྲུག་མངའ་། །ཤེས་རབ་རྣོན་པོའི་ངོ་བོ་བས། །ཕྱག་གཉིས་དཀྱིལ་འཁོར་མཆོག་འཛིན་མཛད། །བསམ་པ་ཐམས ་ཅད་རྫོགས་མཛད་པས། །རིན་ཆེན་མཆོག་ནི་ཕྱག་ན་བསྣམས། །མགོན་པོ་ཁྱེད་ཀྱི་ཐུགས་རྗེ་ཡིས། །རྟག་ཏུ་རྡོ་རྗེ་པདྨར་སྟོན། །བདེ་བའི་ཐབས་ཀྱི་དེ་ཐོབ་ཅེས། །དེ་ཉིད་དགའ་བདག་ཅན་ལ་སྟོན། །ཡོན་ཏན་འབྱོར་བ ་ཡོངས་རྫོགས་པས། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་ལགས། །དཀའ་བ་ལས་ནི་ཟློག་མཛད་པས། །སེམས་དཔའ་ཨི་སྐྱིལ་ཀྲུང་བདེ་བས་བཞུགས། །དངོས་པོའི་ཚོགས་ནི་དབྱེར་མེད་པས། །ཁྱེད་བཞུགས་པ་ལ་ངེས ་སྣང་སྟེ། །སྐུ་ནི་རང་བཞིན་དྲི་མ་མེད། །སྣ་ཚོགས་གཟུགས་སུ་རྣམ་པར་སྟོན། །གདུལ་བྱ་སྣ་ཚོགས་སེམས་ཅན་དོན། །རྣམ་པ་གཅིག་གིས་མི་འགྲུབ་པའི། །སྣ་ཚོགས་རིགས་ཀྱི་དབྱེ་བ་ཡིས། །ཐུགས་རྗེའི་གཏེར་ཆེན་ཁྱེད་རབ་མཛེས། །བསམ་བྱ་ཁྱེད་ལས་གཞན་མ ་མཆིས། །བསམ་གཏན་མཆོག་ཀྱང་ཁྱེད་ལགས་པས། །མ་རིག་མཚན་མོའི་མུན་རུང་ན། །དཔག་མེད་འོད་ལྡན་སྟོན་ཟླ་ཁྱེད། །སྲིང་པ་ཉིད་ལ་ཞུགས་གྱུར་ཀྱང། །སྲིད་པ་མེད་པ་ཉིད་དུ་མཛད། །སྲིད་པ་སྲིད་མེད་པར་ཞེན་པས། །འཇིག་རྟེན་ཉིད་དང་འདྲ་བར་མཛད། །སེམས་ཅན ་ཀུན་ལ་ཕན་དགྱེས་ཀྱང། །སེམས་ཅན་ཉེར་དམིགས་ཉིང་མི་མངའ་། །སྒྱུ་མ་ལྟ་བུར་གནས་མཛད་ཀྱང། །ཁྱེད་ལ་སྒྱུ་མ་མངའ་མ་ལགས། །ཆགས་སོགས་དྲི་མས་མ་གོས་པར། །སེམས་ཅན་ཆགས་པ་དབང་དུ་མཛད། །ཁྱེད་ནི་རང་བཞིན་ཆེར་ཞི་ཡང། །བདུད ་རྣམས་འཇོམས་པ་མཛད?་ལ་དགྱེས། །རང་རིག་ཉམས་སུ་སྟོང་པ་ཡིས། །ཉོན་མོངས་བག་ཆགས་བཅས་ལས་རྒྱལ། །སྲིད་དང་ཐར་པའི་རོ་ལྟར་བས། །རོ་གཅིག་ཉིད་དུ་ཁྱེད་ཀྱིས་མཛད། །གང་ཞིག་དག་པའི་སེམས་ཀྱིས་ནི། །ཁྱེད་ནི་རྟག་ཏུ་སྒོམ་བྱེད་པ། །དེས་ནི་འགྲོ ་བ་རྨི་ལམ་དང། །དྲི་ཟའི་གྲོང་ཁྱེར་ལྟ་བུར་མཐོང། །དེས་ན་རྣམ་རྟོག་ཚོགས་ཀྱིས་ནི། །དྲི་མ་རྣམས་དང་བྲལ་བར་འགྱུར། །རྣམ་པ་ཀུན་ཏུ་སྐྱེ་པ་ནི། །རྒྱུ་ནི་ཉེ་བར་བཅོད་པར་བགྱིས། །འགྲོ་བའི་སྡུག་བསྔལ་ལས་ཟློག་ཏེ། །སླར་ཡང་སྨོན་ལམ་སྟོབས་ཀྱིས་ནི། །སྣ་ཚོགས ་ཚུལ་གྱིས་རྣམ་གནས་ཤིང། །འགྲོ་བ་སྡུག་བསྔལ་ལྡན་རྣམས་སྐྱོབ། །ཐུགས་རྗེའི་རླན་གྱིས་རྒྱུད་བརླན་པས། །དངོས་པོ་མེད་ལས་རྒྱབ་ཀྱིས་ཕྱོགས། །བདེ་གཤེགས་སྲས་པོ་ཇི་བཞེད་པའི། །ཚུལ་ནི་རྣམ་པ་དུ་མས་བཞུགས། །གཞན་དག་སྟོང་པ་རྟོག་བྱའི ་ཕྱིར། །རང་རིག་ཉམས་ནི་སྟོན་པར་བརྩོན། །ངལ་བསོའི་གནས་ནི་མཆོག་བརྙེས་ནས། །རྟག་ཏུ་བདེ་བས་བཞུགས་པར་མཛད། །ཁྱེད་ནི་མཐོང་བཙམ་གྱིས་ཀྱང། །བཞིན་རས་ཤིན་ཏུ་དང་བ་དང། །སྤུ་གཡོ་མཆི་མར་བཅས་པ་དང། །ལུས་ནི་སེམས་མེད་ལྟ་བུ་ཉིད། ་ངེས་པ་ཁོ་ནར་འབྱུང་གྱུར་ན། །གཙོ་བོ་ཁྱེད་ཚུལ་མི་གཡོ་བ། །བློ་ཡི་མིག་གིས་མཐོང་བ་དག། དེ་ཡི་བདེ་བ་སྨོས་ཅི་འཚལ། །ཇི་ལྟར་ཁྱེད་ཀྱི་རྣམ་པ་ཀུན། །མཐོང་བ་ལས་ནི་བདེ་ར་གྱུར་པ། །དེ་ལྟར་སྐད་ཅིག་ཙམ་མཐོང་ལས། །བདེ་བར་གྱུར་པ་ཡོད་མ་ལགས། །ཀུན་བདག ་དབང་ཕྱུག་བྱེད་པ་དང། །ངས་སྤྲུལ་སྐྱེས་བུ་མཆོག་དང་ནི། །ཚངས་པ་མཆོག་གི་རང་བཞིན་དག། འདུ་ཤེས་ཀུན་དང་རྣམ་བྲལ་ཞེས། །ཐར་པ་ལས་ནི་ཕྱིན་ཅི་ལོག། ང་རྒྱལ་ལམ་གྱི་རྗེས་འགྲོ་རྣམས། །ཁྱེད་ཀྱི་རང་བཞིན་མ་འཚལ་བས། །སྲིད་པ་གསུམ་གྱི་ལམ་ན་འཁོར། །སྲིད་པའི ་ས་བོན་ང་རྒྱལ་ཞེས། །ཡང་དག་གསུང་པ་ཁྱེད་ཀྱི་གསུང། །ང་རྒྱལ་ཡོད་ན་སླར་ཡང་ནི། །དེ་ལས་ལས་དང་སྐྱེ་བར་འགྱུར། །བདག་ང་ཞེས་བྱ་དང་བྲལ་ཞིང། །བཟུང་དང་འཛིན་པ་རྣམ་སྤངས་པ། །ཁྱེད་ཀྱི་ངོ་བོར་འཛིན་ཤེས་ན། །རང་བཞིན་གྱིས་ནི་ཡང་དག་སྣང། །དད་པ ་སྒོམ་པ་ལ་དགའ་བས། །རྟག་ཏུ་སྐད་ཅིག་ཙམ་བགྱིས་སྙེད། །ངན་རྟོག་རབ་རིབ་གྱིས་འཐབས། །རྨི་ལམ་ན་ཡང་ཁྱེད་མི་མཐོང། །ཟླ་བ་མར་ངོའི་མུན་དུ་མ་ན། །དམུས་ལོང་དག་གིས་ནོར་བུ་བཟང། །འོད་ཆོགས་ཤིན་ཏུ་དྲི་མེད་པ། །ལག་པར་གནས་ཀྱང་མི་མཐོང་ལྟང ་དེ་བཞིན་རྨོངས་པ་སྣ་ཚོགས་པའི། །རྣམ་པར་ཞེ་ན་པས་ཁྱེད་མི་མཐོང། །བདེ་བ་ཀུན་གྱི་གཏེར་གྱུར་པ། །རྨོངས་པའི་བློ་ཡིས་མཐོང་བ་དང། །འོད་དང་ལྡན་པས་མཆོག་གྱུར་པ། །ཁྱོད་ནི་རྟག་ཏུ་མཐོང་མི་འགྱུར། །ཡེ་ཤེས་སྣང་བ་གསལ་བ་ཡིས། །དྲི་མེད་མདངས་ལྡན་ཁྱོད་མཐོང་འགྱུར། ་གདུལ་བྱའི་སྐྱེ་བོ་སྣ་ཚོགས་ལ། །ཐུགས་རྗེས་ཡིད་ནི་དྲངས་གྱུར་པ། །དེ་བཞིན་གཤེགས་པ་རྣམས་ཀྱིས་ནི། །ཁྱོད་ནི་སྣ་ཚོགས་དག་ཏུ་བསྟན། །གནས་དང་སྐྱེ་དང་འགག་ལས་འདས། །སྤྲོས་པ་རྣམས་དང་ཉེར་བྲལ་བས། །བཅོམ་ལྡན་ཁྱེད་ནི་བསྟོད་པ་མིན། །ཁྱོད་ནི་སྟོང་ལས ་གཞན་མ་ལགས། །ཁྱོད་ཀྱི་སྐུ་ནི་འཇའའདྲ་ཞིང། །སྒྱུ་མ་ལྟ་བུ་བྱུང་གྱུར་པ། །ཀུན་རྫོབ་ཏུ་དེ་སྔགས་ཀྱང། །དམ་པའི་དོན་དུ་ཡོད་མ་ཡིན། །ཁྱེད་ནི་དངོས་མིན་དངོས་མེད་མིན། །གཉིས་ཀ་མ་ཡིན་གོས་པ་མེད། །ཡོད་དང་མེད་པར་སྤྱོད་པ་ཡིས། །རྟོག་གེའི ་སྤྱོད་ཡུལ་དག་ལས་འདས། །ཤེས་རབ་དམ་པ་ལ་དགྱེས་པས། །མཆོག་ཏུ་ཞི་བའི་བདུད་རྩི་ནི། །འགྱུར་བ་མེད་པའི་ངོ་བོ་ཉིད། །ཞི་བའི་སྐུ་ལ་ཕྱག་འཚལ་ལོ། །རྟག་ཏུ ་ཀུན་གྱི་བདུད་རྩི་རིག། ཀུན་མཁྱེན་བདེ་བར་གཤེགས་པའི་བདག། དཔལ་མཆོག་དང་པོ་ཕྱག་འཚལ་འདུད། །ཕྱག་འཚལ་ཕྱག་འཚལ་ཁྱེད་ཕྱག་འཚལ། །ཀུན་རྫོབ་ཏུ་ནི་ཐ་སྙད་ཀྱི། །མཁའ་དང ་མཉམ་པ་ཁྱོད་སྟོད་ཀྱིས། །རྣམ་རྟོག་བྲལ་བ་ཁྱོད་ལ་ནི། །བདག་འདྲས་སྟོང་པ་བྱེད་མི་རིགས། །སེམས་ཅན་མང་པོ་ལ་བྱམས་ཤིང། །ཐུགས་རྗེས་ཐུགས་ནི་དྲང་གྱུར་ལ། །བྱིས་པ་ཉེས་སྨྲ་ལྟ ་བུ་ལ། །གཙོ་བོ་ཁྱོད་ནི་བཟོད་པར་མཛོད། །ད་ལྟར་ཐུབ་དབང་གཙོ་ལ་སྟོད། །བསོད་ནམས་བདག་གིས་གང་བསགས་པ། །དེས་ནི་སེམས་ཅན་རང་རིག་པའི། །བདེ་བར་བྱེད་དང ་འདྲ་བར་ཤོག། དད་པ་སྨྲ་བ་ཞེས་བྱ་བའི་བསྟོད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲདཉཱ་ཤྲི་གུཔཏ ་དང། སྒྲ་སྒྱུར་གྱི་ལོཙྪ་བ་བནདེ་རིན་ཆེན་བཟང་པོས་སྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །སརྦ་མངྒཱ་ལཾ་བཀྲ་ཤེས་དགེའོ།། །། ་