CLOSE WINDOW

N1488: dpal gsang ba 'dus pa'i dkyil 'khor gyi lha'i sku la bstod pa zhes bya ba
Wyliee-texts based on the ACIP/ALL Input

བ་ལྷ་བཙུན་པས་བསྒྱུར་ཅིང་ཞུས་པ་དགེའོ།། །།རྒྱ་གར་སྐད་དུ། ཤྲཱི་གུ་ཧཡ་ས་མཱ་ཛ་དེ་བ་མཎྜ་ལ་ཀཱ་ཡ་སྟོ་ཏྲ་ནཱ་མ། བོད་སྐད་དུ་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ལྷའི་སྐུ་ལ་བསྟོད་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར ་གྱུར་པ་ལ་ཕྱག་འཚལ་ལོ། །གང་ཞིག་ཁམས་གསུམ་ལས་གྲོལ་དངོས་ཉིད་སྐུ། །དགེ་ཅིང་རབ་ཞི་རྣལ་འབྱོར་ཡུལ་གྱུར་པ། །མཉམ་མེད་བདེ་བས་བརྒྱན་པ་འགྲོ་བའི་མགོན། །འདུས་པའི་དཀྱིལ་འཁོར་ལྷ་ཚོགས་བསྟོད་པར་བགྱི། །ཞལ་གསུམ ་ཕྱག་དྲུག་?་ལྟར་དང་ས། །དཀར་དམར་གཡས་པ་རྡོ་རྗེ་འཁོར་ལོ་དང། །པདྨ་དྲིལ་བུ་རིན་ཆེན་རལ་གྲི་འཛིན། །མི་བསྐྱོད་རྡོ་རྗེ་གཙོ་ལ་ཕྱག་འཚལ་ལོ། །རབ་དམར་གཡས་ནི་མཐིང་ག་གཡོན་དམར་ཞལ། །ཕྱག་གཡས་འཁོར་ལོ་རྡོ་རྗེ་པདྨ་འཇིག ་གཡོན་པའི་དྲིལ་བུ་རིན་ཆེན་རལ་གྲི་བསྣམས། །རྡོ་རྗེ་རྣམ་སྣང་མཛད་ལ་ཕྱག་འཚལ་ལོ། །མཐིང་དང་དཀར་བའི་ཞལ་དབུས་གསེར་གྱི་མདོག། ནོར་བུ་རྡོ་རྗེ་འཁྲོ་ལོ་གཡས་ན་འཛིན། །དྲིལ་བུ་པདྨ་རལ་གྲི་ཕྱག་གཡོན་བརྒྱན། །དེ ་རྗེ་རིན་ཆེན་ཏོག་ལ་ཕྱག་འཚལ་ལོ། །རབ་ཆགས་དྲག་པོ་ཞི་བའི་ཞལ་མངའ་བ། །པདྨ་ཁ་འབྱེད་རྡོ་རྗེ་འཁོར་ལོ་གཡས། །གཡོན་པ་དྲིལ་བུ་པད་སྡོང་རིན་ཆེན་གྲི། མཛའ་ཡས་རྡོ་རྗེ་དེ་ལ་ཕྱག་འཚལ་ལོ། །དབུས་ལྗག་གཡས་མཐིང་གཡོན་པ་དཀར་པའི ་ཞལ། །རལ་གྲི་སྣ་ཚོགས་རྡོ་རྗེ་འཁོར་ལོ་དང། །དྲིལ་བུ་བད་ལྗང་ནོར་བུ་ཕྱག་ན་བསྣམས། །དོན་གྲུབ་རྡོ་རྗེ་དེ་ལ་ཕྱག་འཚལ་ལོ། །དབུས་ཞི་གཡས་དྲག་གཡོན་པ་དབང་གི་ཞལ། །འཁོར་ལོ་རྡོ་རྗེ་ཨུཏཔལ་གཡས་ན་འཛིན། །གཡོན་པའི་ཕྱག་ན་དྲིལ་བུ་རིན ་ཆེན་གྲི། ནད་ཞི་ལྷ་མོ་སྤྱན་ལ་ཕྱག་འཚལ་ལོ། །ཆར་སྤྲིན་ལྟ་བུའི་གཡས་གཡོན་དཀར་དམར་ཞལ། །རྡོ་རྗེ་འཁོར་ལོ་དེ་བཞིན་ཨུཏཔལ་གཡས། །དྲིལ་བུ་རིན་ཆེན་རལ་གྲི་གཡོན་ནན་འཛིན། །བགེགས་འཇོམས་མཱ་མ་ཀཱི་ལ་ཕྱག་འཚལ་ལོ། །དམར་མཐིང ་དམར་བའི་ཞལ་གསུམ་གོ་རིམ་བཞིན། །པད་སྡོང་དྲིལ་བུ་རིན་ཆེན་རལ་གྲི་གཡོན། །གཡས་པས་ཁ་འབྱེད་རྡོ་རྗེ་འཁོར་ལོ་འཆང། །གདོན་འཇོམས་གོས་དཀར་ཅན་ལ་ཕྱག་འཚལ་ལོ། །ལྗང་མཐིང་དཀར་བ་དབུས་དང་གཡས་གཡོན་ཞལ། །སྣ ་ཚོགས་རྡོ་རྗེ་འཁོར་ལོ་ཨུཏཔལ་དང། །དྲིལ་བུ་རིན་ཆེན་རལ་གྲི་རྟག་ཏུ་འཛིན། །འགྲོ་ཀུན་དབང་མཛད་སྒྲོལ་མ་ཕྱག་འཚལ་ལོ། །སྤྱན་དང་སྐུ་མདོག་ཕྱག་མཚན་མཚུངས་པ་ལ། །ཁྱད་པར་གཟུགས་ཕུང་གསལ་བའི་མེ་ལོང་འཛིན། །མཆོག་གཟུགས ་མཆོད་པས་མགོན་ཀུན་མཉེས་མཛད་མ། །རྡོ་རྗེ་གཟུགས་མ་དེ་ལ་ཕྱག་འཚལ་ལོ། །རྩ་བའི་ཕྱག་གཉིས་རྒྱུད་མངའ་སྒྲ་སྒྲོགས་ཤིང། །སྐུ་དང་ཕྱག་རྒྱ་གཞན་ནི་བདག་དང་མཆུངས། །མཚུངས་མེད་སྒྲ་ཡིས་སྐྱོབ་རྣམས་རབ་མཆོད་མ། །རྡོ་རྗེ ་སྒྲ་མ་དེ་ལ་ཕྱག་འཚལ་ལོ། །གོས་དཀར་ལྷ་མོ་ཇི་བཞིན་གསལ་བ་ལ། །མཆོག་ཏུ་རྩ་བའི་ཕྱག་གཉིས་དུང་ཆོས་འཛིན། །སངས་རྒྱས་རྣམས་ནི་དྲི་ཡིས་ཚིམ་མཛད་མ། །རྡོ་རྗེ་དྲི་མ་དེ་ལ་ཕྱག་འཚལ་ལོ། །ཞལ་གསུམ་ཕྱག་དྲུག་སྒྲོལ་མ་ལྟ་བུ་ལ། །མཚུངས ་མེད་རོ་མཆོག་དག་པའི་སྣོད་འཆང་ཞིང་།།མཁའ་ཁྱབ་རྒྱལ་བ་རོ་ཡིས་མཉེས་མཛད་མ། །རྡོ་རྗེ་རོ་མ་དེ་ལ་ཕྱག་འཚལ་ལོ། །སྔོ་སྐྱ་དཀར་དང་དམར་བའི་ཞལ་གསུམ་མངའ་། །དཀྱིལ་འཁོར་བདག་པོ་ཇི་བཞིན་ཕྱག་རྒྱ་གསལ། །བདེ་ཆེན་རེག་མཆོག ་རྣམས་ཀྱིས་མགོན་མཆོད་མཛད། །རྡོ་རྗེ་རེག་མ་དེ་ལ་ཕྱག་འཚལ་ལོ། །རྒྱལ་བའི་ཞལ་དང་སྐུ་མདོག་ཕྱག་མཚན་རྣམས། །གཏི་མུག་རྣམ་པར་སྤྱོད་དང་མཚུངས་པ་ལ། །ཕྱག་གཡས་ཀླུ་ཤིང་མེ་ཏོག་མཛེས་པ་འཛིན། །རྡོ་རྗེ་བྱམས་པ་མགོན་ལ་ཕྱག ་འཚལ་ལོ། །གཟུགས་མེད་རྣམ་དག་མེ་ལོང་ཡེ་ཤེས་ཅན། །དེ་དག་སྐུ་མདོག་ཕྱག་མཚན་ཁྱད་མེད་ཅིང། །མིག་དབང་ཐོགས་མེད་རྡོ་རྗེ་སྩོལ་མཛད་མ། །རྡོ་རྗེ་ས་སྙིང་དེ་ལ་ཕྱག་འཚལ་ལོ། །ང་རྒྱལ་སྤྱོད་མཛད་མགོན་པོ་ལྟ་བའི་སྐུ། །ཞལ་གསུམ་ཕྱག་དྲུག་ཕྱག་རྒྱ ་དྲུག་དང་ལྡན། །སྒྲ་གསུམ་ཐོག་མེད་མི་ཕྱེད་རང་བཞིན་ཉིད། །ཕྱག་ན་རྡོ་རྗེ་དེ་ལ་ཕྱག་འཚལ་ལོ། །ཚོར་བདག་མཉམ་ཉིད་ཡེ་ཤེས་ཅན་བརྙེས་པའི། །རྒྱལ་བ་ཇི་བཞིན་སྐུའི་ཕྱག་རྒྱ་འཆང། །སྣ་དབང་རབ་ཞི་མི་ཕྱེད་རང་བཞིན་སྐུ། །རྡོ་རྗེ་མཁའ་སྙིང་དེ་ལ་ཕྱག ་འཚལ་ལོ། །ཞལ་མདོག་ཕྱག་དང་དེ་བཞིན་མཚན་མ་རྣམས། །འདོད་ཆགས་སྤྱོད་པར་མཛད་པའི་མགོན་པོ་བཞིན། །མ་ཐོགས་མི་ཕྱེད་ལྟ་དབང་རབ་སྩོལ་བ། །རྡོ་རྗེ་འཇིག་རྟེན་དབང་ལ་ཕྱག་འཚལ་ལོ། །འདུ་ཤེས་རྣམ་དག་ཀུན་རྟོག་ཡེ་ཤེས་ལ། །མངའ་བསྙེས ་སྐྱོབ་བ་ལྟ་བུའི་ཆ་ལུགས་ཅན། །ཆགས་ཐོགས་མི་མངའ་མི་ཕྱེད་ཤེས་རབ་ཉིད། །རྡོ་རྗེ་འཇམ་པའི་དབྱང་ས་ལ་ཕྱག་འཚལ་ལོ། །ལོག་པའི་དང་ཅན་སྦྱོངས་མཛད་བཅོམ་ལྡན་འདས། །ཇི་བཞིན་སྐུ་ཡིས་རྣམ་པར་འཕྲུལ་བཀོད་ནས། །མི་ཕྱེད་རྡོ་རྗེའི་སྐུ་མཆོད ་རང་བཞིན་ཅན། །རྡོ་རྗེའི་སྒྲིབ་ཀུན་སེལ་ལ་ཕྱག་འཚལ་ལོ། །གང་ཞིག་སྐུ་ནི་འདུ་བྱེད་རྣམ་དག་ནས། །བྱ་གྲུབ་ཡེ་ཤེས་མངའ་བསྙེས་དང་མཚུངས་ཏེ། ཤེས་དང་ཤེས་བྱར་བཞི་འོད་གསལ་དག་།རྡོ་རྗེ་ཀུན་ཏུ་བཟང་ལ་ཕྱག་འཚལ་ལོ། །འབར ་བའི་དབུས་བཞུགས་གནག་དཀར་དམར་ཞལ་ཁྲོ། །དབྱུག་པ་འཁོར་ལོ་རྡོ་རྗེ་གཡས་ན་འཛིན། །སྡིགས་མཛུབ་ཞགས་པ་དྲིལ་བུ་དགྲ་སྟ་གཡོན། །རྡོ་རྗེ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །མདོག་དཀར་གནག་དང་དམར་པོ་གཡས་གཡོན་ཞལ། །ཕྱག་དྲུག ་རྡོ་རྗེ་དབྱུག་གི་སྡིགས་མཛུབ་ཞགས། །དྲིལ་བུ་དགྲ་སྟ་འཛིན་མཛད་ཁྲོ་ཆེན་སྐུ། །རྡོ་རྗེ་གཞན་གྱིས་མི་ཐུབ་ཕྱག་འཚལ་ལོ། །ཁྲོ་རྒྱལ་གང་ཞིག་དམར་གནག་དཀར་པའི་ཞལ། །པདྨ་རལ་གྲི་གཏུན་ཤིང་གཡས་པས་འཛིན། །གཡོན་པ་བསྙེམས་བཅས་དྲིལ ་བུ་དགྲ་སྟ་ཞགས། །རྡོ་རྗེ་རྟ་མགྲིན་དེ་ལ་ཕྱག་འཚལ་ལོ། །དབུས་གནག་གཡས་དཀར་གཡོན་པ་དམར་བའི་ཞལ། །སྣ་ཚོགས་རྡོ་རྗེ་འཁོར་ལོ་གཏུན་ཤིང་དང། །སྡིགས་མཛུབ་དྲིལ་བུ་དགྲ་སྟ་འཆང་བྱེད་ཁྲོ། །རྡོ་རྗེ་བདུད་རྩི་འཁྱིལ་ལ་ཕྱག་འཚལ་ལོ། །གནག ་དམར་དཀར་ཞལ་རབ་ཏུ་བཞག་མཛད་ཅིང། །རལ་གྲི་རྡོ་རྗེ་འཁོར་ལོ་གཡས་ན་འཛིན། །སྡིགས་མཛུབ་དགྲ་སྟ་ཞགས་པ་གཡོན་ན་བསྣམས། །རྡོ་རྗེ་མི་གཡོ་མགོན་ལ་ཕྱག་འཚལ་ལོ། །ཁྲོ་ཆེན་མཐིང་གནག་དཀར་དང་དམར་བའི་ཞལ། །རྩ་བའི་ཕྱག་གཉིས་ཧཱུཾ ་མཛད་ཕྱག་རྒྱ་མཛད། །རྡོ་རྗེ་རལ་གྲི་ཞགས་པ་ལྕགས་ཀྱུ་འཛིན། །རྡོ་རྗེ་འདོད་པའི་རྒྱལ་ལ་ཕྱག་འཚལ་ལོ། །སྔོན་དམར་དཀར་བའི་ཞལ་མངའ་ཁྲོ་རྒྱལ་ནི། །དབྱུག་བ་རལ་གྲི་འཁོར་ལོ་གཡས་ན་འཛིན། །སྡིགས་མཛུབ་རལ་གྲི་དགྲ་སྟ་གཡོན་ན་མདའ། །རྡོ་རྗེ ་དབྱུག་ཅན་ལ་ཕྱག་འཚལ་ལོ། །གཏུམ་ཆེན་གནག་དམར་དཀར་བའི་ཞལ་གསུམ་མངའ་། །དབྱུག་པ་རལ་གྲི་འཁོར་ལོ་ཕྱག་གཡས་འཛིན། །སྡིག་མཛུབ་རལ་གྲི་དགྲ་སྟ་གཡོན་ན་བསྣམས། །རྡོ་རྗེ་སྟོབས་པོ་ཆེ་ལ་ཕྱག་འཚལ་ལོ། །སྡོ་དམར་དཀར་བའི་ཞལ ་མངའ་ཁྲོ་བོའི་གཙོ། །རྩ་བའི་ཕྱག་གཉིས་སྤྱི་བོར་གཙུག་ཏོར་འཛིན། །གཞན་རྣམས་རྡོ་རྗེ་པདྨ་སྡིགས་མཛུབ་གྲི། །རྡོ་རྗེ་གཙུག་ཏོར་རྒྱལ་ལ་ཕྱག་འཚལ་ལོ། །གནག་དམར་དཀར་བའི་ཞལ་ལྡན་ཁྲོ་རྒྱལ་ནི། །རྡོ་རྗེ་འཁོར་ལོ་ནོར་བུ་ཕྱག་གཡས་འཆང། །གཡོན་པ་སྡིག་མཛུབ? ་ཞགས་པདྨ་གྲི། །རྡོ་རྗེ་གནོད་མཛེས་རྒྱལ་ལ་ཕྱག་འཚལ་ལོ། །དཀྱིལ་འཁོར་མཚོན་གནས་ལྷ་སྐུའི་མེ་ཏོག་སུམ་ཅུ་རྩ་གཉིས་པ། །རབ་དང་བུད་པས་བསྟོད་པའི་ལྕེས་བླང་དགེ་ཆེན་སྦྲང་རྩི་འདི། །འགྲོ་བ་དངོས་འཛིན་རླུང་ནང་གཟིར་བ་རྣམས་ཀྱིས་ལེཌ་བསྟེན་པས ་ཉོན་མོངས་གདུངས་བསལ་གཞན་དོན་མདངས་རྒྱས་ཡེ་ཤེས་སྐུ་ཐོབ་ཤོག་།དཔལ་གསང་པ་འདུས་པའི་དཀྱིལ་འཁོར་ཀྱི་ལྷའི་སྐུ་ལ་བསྟོད་པ་ཞེས་བྱ་བ་རྣལ་འབྱོར་གྱིས་དབང་ཕྱུག་མི་གནས་རྡོ་རྗེས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨཱ་ཙནྱ ་ཤྲདྡྷ་ཀར་ཝརྨ་དང། ཞུས་ཆེན་གྱི་ལོ་ཙཱ་བ་པནདེ་རིན་ཆེན་བཟང་པོས་བསྒྱུར་བའོ།། །།རྒྱ་གར་སྐད་དུ་ཁོ་དྷི་ཙིཏྟ་བི་བ་ར་ཎ་ཊཱི་ཀཱ། བོད་སྐད་དུ། བྱང་ཆུབ་སེམས་ཀྱི་འགྲེལ་པའི་རྣམ་པར་བཤད་པ། །གཅིག་དང་དུ་མ་མིན་སྦྱོར་བ། །མཁྱེན་ནས་རྟོག ་