CLOSE WINDOW

N1487: bsgrub pa'i spyod pa la 'jug pa
Wyliee-texts based on the ACIP/ALL Input

རིན་ཆེན་གྲུབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའི་ཡི་གེ་པ་དགེ་སློང་སྒྲ་ཚད་པའོ།། །།*། །སྒྲུབ་པའི་སྤྱོད་པ་ལ་འཇུག་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་དཔལ་ཛྙཱ་ན་བཛྲ་གྱིས་མཛད་པ་དང་འདུས་པའི་ལྷ་ཚོགས་ལ་བསྟོད་པ་མི་གནས་རྡོ་རྗེ་མཛད་པ་དང་། ་བྱང་ཆུབ་སེམས་ཀྱི་འགྲེལ་པ་བཤད་པ་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་པ་བཞུགས་སོ།། *། །རྒྱ་གར་སྐད་དུ། སྐ་ཧ་ར་ཙརྱ་ཨ་བ་ཏ་ར། བོད་སྐད་དུ། བསྒྲུབ་པའི་སྤྱོད་པ་ལ་འཇུག་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ ་ལོ། །གང་ཞིག་ཤེས་རབ་མཚོན་ནི་རྣོན་པོ་ཡིས། །དངོས་པར་ལྟ་བའི་དྲ་བ་རབ་དྲལ་ཞིང། །དུས་ཀྱི་དགྲར་གྱུར་ནག་པོ་དཔུང་བཅོམ་པ། མྱ་ངན་འདས་རྙེད་དེ་ལ་ཕྱག་འཚལ་ཏེ། །འགྲོ་རྣམས་དེའི་དབང་དུ་གྱུར་པ་ཡིས། །བདུད་བཞིའི་སྟོབས་ནི་རབ་ཏུ་གཞོཾ ་པའི་ཕྱིར། །མདོ་རྒྱུད་རྟོག་པ་རྣམས་ལས་གསུངས་པ་ཡི། །མན་ངག་ཡེ་ཤེས་རྡོ་རྗེས་བསྡུས་ཏེ་བསྟན། །ལོང་མཉམ?་པའི་ལམ་དུ་བགྲོད་པ་དང་།སྐྱབ་འཛིན་མེད་པར་གྲུ་ཡིས་བརྒལ་འདོད་ལྟར། །ཡོངས་སུ་འཛིན་མེད་ངན་པར་གྱུར་རྟེན་ན། ། ་རྟག་ཏུ་བདུད་གྱི་གླགས་ནི་རྙེད་པར་འགྱུར། །ཚུལ་འདིར་ཞུགས་པས་དེ་མ་ཐག་ཉིད་ཀྱིས། །གོམས་པ་མེད་དང་གོམས་པར་གྱུར་པའི་ཕྱིར། །ཐབ་བྱ་མེད་ལ་འབྲས་བུ་ཇི་བཞིན་དུ་།ནག་པོའི་ཕྱོགས་ལ་མངོན་དུ་ཕྱོགས་པར་འགྱུར། །རྩ་བའི ་དགྲར་གྱུར་ཡུལ་ལ་འདོད་མིན་དང། །ལྷག་པ་འཇིག་པ་ཉིད་དུ་གྱུར་པའི་ཕྱིར། །མཛའ་གཉིས་གྱུར་པས་ལོག་པའི་གྲོང་ཁྱེར་དུ། །དབང་མེད་སྤྲིན་ཀྱི་དགྲ་ཡིས་བདས་པར་གྱུར། །སྤྲོ་བ་མེད་པས་ལས་ཀྱི་མཛའ་གོང་ཞིང། །ཧ་ཅང་གཏུན ་དེས་རབ་ཏུ་ལྡོག་པས་ན། མཛའ་དེ་གཉིས་ཀ་འང་རབ་ཏུ་སྤང་བྱ་ཞེས། །ཉི་མའི་རིགས་ལས་འཁྲུངས་པས་མདོར་གསུངས་སོ། །རང་གི་སེམས་ནི་ཐོག་མ་མེད་པ་ནས། །ལོག་པར་ཞེན་ཕྱིར་རྣམ་པར་རྟོག་དང་བཅས། །དེ་ཕྱིར་རྣམ་པར་རྟོགས་པ་འདིར་འགྱུར་ཞེས། །རྡོ་རྗེ་འཛིན ་པའི་དབང་པོས་རབ་ཏུ་གསུངས། །ཡང་དག་པའི་ལམ་ཐོབ་པར་འདོད་པཱི་སྐྱེས་བུས་རང་གིས་ལམ་ཉིད་དུ་བརྩམས་ཏེ། སློབ་དཔོན་བླ་མ་ལ་ཞུས་པ། བདུད་ཀྱིས་ལས་རྣམས་དུ་ཞིག་མཆིས་པ་ཐོས་པར་འཚལ་ན། བདག་ལ་ཐུགས་བརྩེ་བས་བསྟན་དུ་གསོལ། ། ་བཀའ་སྩལ་པ། ལྷའི་བདུད་དང་འཆི་བདག་ཕུང་པོ་དང། །ཉོན་མོངས་ཡིན་ཕྱིར་བདུད་ནི་རྣམ་པ་བཞི། །འགྲོ་ཀུན་སྙིང་ལ་དེས་པར་གནས་པས་ན། ཐུབ་པའི་ལུང་བཞིན་དེ་དག་ལས་རྒྱལ་བྱ། །གསོ་བ་རིག་པ་མཐར་ཕྱིན་གྱུར་པ་ཡིས། །ཡན་ལག་རྣམ ་བཞི་ཚུལ་དུ་འཇུག་པ་ལྟར། །བདུད་བཞིའི་ནད་ལ་ངེས་པར་ཐར་བྱའི་ཕྱིར། གསོ་པའི་ཡན་ལག་རྣམ་བཞིར་ཤེས་པར་བྱ། །གསོ་བའི་ཡན་ལག་རྣམ་བཞི་ཚུལ་གཅིག་གིས་འགྲུབ་པར་འགྱུར་བ་མཆིས་སམ། བཀའ་སྩལ་པ་ཡོད་དེ། མཚན་ཉིད་དང་ལྡན་པའི ་དགེ་བའི་བཤད་གཉེན་ལ་ཚུལ་གཞན་དུ་བསྟེན་པས་སོ། །ཚུལ་གཅིག་གིS་ནི་དོན་འགྲུབ་པོ། །བདག་གིS་མཐོང་ངོ་མཚར་དོན། །གཙོ་བོ་ཇི་ལྟར་སྙེན་བསྐུར་ཞིང། །དེ་ཡི་རྒྱུ་མཚན་བདག་ཞུ་ལགས། །བཀའ་སྩལ་པ། མཆོད་པ་ཐམས་ཅད་རྣམ་སྤངས་ལ། བླ་མ ་ཡང་དག་མཆོད་པར་བྱ། །དེ་མཉེས་པ་ཡིས་ཀུན་མཁྱེན་པའི། །ཡེ་ཤེས་དམ་པ་དེ་ཐོབ་འགྱུར། །བླ་མེད་བྱེད་པ་སློབ་དཔོན་ནི། །རྡོ་རྗེ་སེམས་དཔའ་ཨི་ཉིད་མཆོད་བྱས། །དེ་ཡིས་བསོད་ནམས་མ་བྱས་ཅི། །དཀའ་ཐུབ་མ་བསྟེན་ཅི་ཞིག་ཡོད། །དེ་ཉིད་མི་བཟད ་འདོད་པ་ཡིས། །ཤིན་ཏུ་དགའ་བའི་གང?་དང་གང། །ཤིན་ཏུ་ཁྱད་པར་ཅན་ཉིད་དེ། །དེ་དང་དེ་ནི་བླ་མར་སྦྱིན། །སློབ་དཔོན་གྱིས་ནི་སྡིག་པ་འཕྲོག། སློབ་དཔོན་གྱིS་ནི་འཇིག་པ་སེལ། །སློབ་དཔོན་གྱི་སྣའི་སྡུག་བསྔལ་གྱི། །རྒྱ་མཚོ་འཇིགས་ལས་ཕ་རོལ་སྒྲོལ།། ་ཞེས་གསུངས་སོ། །ཡང་བཀའ་སྩལ་པ། བསྐལ་པ་དཔག་ཏུ་མེད་པར་ནི། ཐོས་པའི་ཕ་རོལ་ཕྱིན་པས་ཀྱང། །བླ་མའི་བཀའ་མེད་སྒྱུ་མ་ནི། །མངོན་པར་བྱང་བར་མི་ནུས་སོ། །དེ་ཕྱིར་སངས་རྒྱས་འབྲས་འདོད་པས། །ང་རྒྱལ་ཡོངས་སུ ་གཏང་བྱས་ལ། །རྡོ་རྗེ་ཐེག་པ་ལ་ཞོན་ནས། །འབད་པས་བླ་མ་མཉེས་པར་བྱ། །ཞེས་གསུངས་སོ། །ཡང་བཀའ་སྩལ་པ། བླ་མ་སངས་རྒྱས་ཆོས་གྱུར་ཅིག་།དགེ་འདུན་ཡང་ནི་དེ་ཉིད་དེ། །དེ་ཡི་དྲིན་གྱིས་ཤེས་གྱུར་པས། །དེ་བས་དཀོན་མཆོག ་མཆོག་གསུམ་ཡིན། །མི་ཤེས་རབ་རིབ་གྱིས་རྨོངས་ལ། །འདི་ནི་ལམ་རབ་བསྟེན་བྱེད་ཡིན། །བདེ་བ་ཀུན་གྱིས་མཆོག་འགྱུར་ཞིང། །འདོད་པ་ཐམས་ཅད་སྟེར་བ་ཡིན། །ཟབ་མོའི་ཆོས་ལ་དེས་པའི་བདག། སྡིག་བྲལ་སྙིང་རྗེའི་བདག་ཉིད་ཅན། །དཀོན་མཆོག་གསུམ ་གནས་དོན་དུ་གཉེར། །ཆོས་སྦྱིན་པ་ལ་ཟང་ཟིང་མེད། །སློབ་མ་སྡུས་པའི་བླ་མ་དེ། །སངས་རྒྱས་ཀུན་ཅེས་སྒྲུབ་བྱེད་ཅེས། །འགྲོ་བའི་མགོན་གྱིས་བཀའ་སྩལ་ཏེ། གཞན་དག་བླ་མ་མིན་པར་བཤད། །དེ་བས་དེ་དང་མཉམ་པ་ཡི། །མཆོད་བྱ་བླ་མེད་ཡོད ་མ་ཡོན། །དེས་མ་འབད་པ་ཐམས་ཅད་ཀྱིས། །བརྟུལ་ཞུགས་ཅན་གྱིས་བླ་མ་མཆོད། །དེ་མཉམ་འགྲོ་བ་འཇིག་རྟེན་ན། །ཁམས་གསུམ་ན་ནི་གཞན་མེད་དེ། །རྡོ་རྗེ་སེམས་ཉིད་འཇིག་རྟེན་ན། ཕུན་ཚོགས་ཀུན་ཕྱིར་ཞུགས་པ་ཡིན། །སློབ་མ་ཕུན་ཚོགས ་མཆོག་འདོད་ཅིང། །བསོད་ནམས་མི་ཟད་འདོད་པ་དང། བདུད་དང་བགེགས་ཀུན་ཟློག་བྱེད་པས། །རྣམ་པ་དུ་མས་མཉེན་པར་བྱ། །དམ་ཚིག་དག་ནི་ཐམས་ཅད་ཀྱིས། །བླ་མེད་དམ་ཚིག་འདི་ཡིན་ཏེ། །ཕུན་སུམ་ཚོགས་ཀུན་སྟེར་བས་སོ། །བཅོམ་ལྡན་རྣམས་ཀྱིS་རྟག ་ཏུ་གསུངས་ཞེས་པ་དང། ཡང་དཀའ་སྩལ་པ། དེ་བས་བླ་མ་བསྟེན་པ་ནི། ཡང་དག་གུས་ལྡན་སློབ་མ་ཡིས། །ཡོངས་སུ་བརྟག་པར་བྱའོ་ཞེས་རྒྱལ་བའི་དམ་པས་རབ་ཏུ་སྔགས། །དཀོན་མཆོག་གསུམ་ལ་དང་གིས་དང། །སེམས་ཅན་ཀུན་ལ་སྙིང་རྗེར་ལྡན། །བརྟེན་ཞིང ་གཏོང་སོགས་ཡོན་ཏན། །བསོད་ནམས་ཐམས་ཅད་ཆེར་བསྐྱེད་པ། །བྱང་ཆུབ་སེམས་ནི་ཡང་དག་བསྐྱེད། །སློབ་བཟང་རབ་དང་ཡོན་ཏན་ལྡན། །ཁྲོ་བ་མེད་ཅིང་སྤྲོ་བ་ཆེ། ཟབ་མོའི་ཆོས་ལ་རྣམ་པར་མོས། །དེ་ཡི་ཆོས་ཀྱི་སྤྱིན་པ་དག། ཟང་ཟིང་མེད་པ་རྟག་པར་དགའ་། །དེ་བརྟག?་ཏུ ་འདོད་པ་ཆུང། །ཚོགས་གཉིས་ཡང་དག་བསགས་པའོ། །དེ་ནི་བླ་མར་སངས་རྒྱས་དང། །རྡོ་རྗེ་འཛིན་བཅས་ཀུན་གྱིས་གསུངས། །དེ་ཉིད་སེམས་ཅན་ཐམས་ཅད་ཀྱི། །སྟོན་པ་འཇིག་རྟེན་འདྲེན་པ་ཡིན། །ཞེས་གསུངས་སོ། །ཡང་བཀའ་སྩལ་པ། སངས་རྒྱས་ཀུན་གྱི་བསྔགས?་པ ་ཡིས།། བླ་མ་ལ་ནི་ཡོན་དབུལ་ཞིང། །ཀུན་ཏུ་སྣ་ཚོགས་པདྨ་ལ། །ཡོན་ཕུལ་བས་ནི་དམ་པ་འགྲུབ། །གང་ལ་གང་ནི་བཏང་བཀའ་བ། །དེ་ནི་མཆོག་ཏུ་བཤད་པ་ཡིན། །གང་དང་གང་ནི་སྡུག་པའི་མཆོག། ཡང་ན་ཤིན་ཏུ་ཁྱད་པར་ཅན། །དེ་དང་དེ་ནི་བླ་མ་ལ?་མི ་ཟད་འདོད་པས་དབུལ། །ཡང་ན་དེ་ཉིད་འདོད་གྱུར་པ་འམ། །ཡང་ན་སེམས་ལ་དགོས་པ་གང། །དེས་སྦྱིན་ན་ཡང་དགོས་པ་བྱ། །དེ་ནི་ཆུང་ཡང་མཆོག་ཡིན་ནོ། །གལ་ཏེ་དེ་ལ་མཆོག་ཡོད་ལ། །དེ་ཡང་ངན་པའི་ཡོན་འཕུལ་ན། །ཀུན་ཀྱི་སློབ་དཔོན་བརྙས་པས་ན། །དེས་ན ་རྟག་ཏུ་སྡུག་བསྔལ་ཐོབ། །ཅེས་གསུངས་སོ། །ཡང་གསུངས་པ། །རིགས་ཀྱི་མདོར་བྱས་ནས་བརྟན་པར་བྱ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཇི་སྙེད་འཁོད་ཅིང་འཚོ་བ་སྐྱོད་བ་དེ་ཐམས་ཅད་དུས་གསུམ་དུ་ལྷག་ནས། སློབ་། ་དཔོན་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོད་པ་རྣམས་ཀྱིས་མཆོད་དེ། སངས་རྒྱས་ཐམས་ཅད་ཀྱི་ཞིང་དེར་ཡང་འགྲོའོ། །དག་རྡོ་རྗེའི་ཡི་གེ་ཡང་འདི་སྐད་བརྗོད་དོ། །བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕའོ། །བདག་ཅག་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་མའོ། །བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོན་པའོ། །ཞེས་བྱ་བའི་བར་དུའོ། །འདི་ལྟ་སྟེ་དཔེར་ན་རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་ཕྱོགས་བཅུ་ན་ཇི་སྙེད་བཞུགས་ཤེས་རབ་ཏུ་སྤྱོད་པའི་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས ་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བསོད་ནམས་ཀྱི་ཕུང་པོ་བས་ཀྱང་སློབ་དཔོན་གྱི་བ་སྤུའི་བུ་གཅིག་འཕགས་སོ། །དེ་ཅིའི་ཕྱིར་ཞེས་ན། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་སྙིང་པོར་གྱུར་པ་དང། སྐྱེ་བའི ་གནས་སུ་གྱུར་པ་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འབྱུང་གནས་ཡིན་ནོ་ཞེ་འབྱུང་ངོ། །དེ་ཅིའི་ཕྱིར་ཞེ་ན། གཏན་ཚིགས་གཞན་ཡང་ཡོད་དེ། །བཅོམ་ལྡན་འདས་ཀྱི་ཇི་སྐད་དུ། །རྡོ་རྗེ་སློབ་དཔོན་ལུས་འདི་ལ། །རྒྱལ་བའི་སྐུ་ནི་རིམ་བཞིན་གནས་སོ། །དང་པོ ་སྐུ་ཡི་རྡོ་རྗེ་ནི། །ཟུགས་ཕུང་ལ་ནི་རབ་ཏུ་བཞུགས། །རྗེས་སུ་ཆགས་པའི་རྡོ་རྗེ་ནི། །ཚིར་བ་ཡི་ནི་ཕུང་པོར་བཞུགས། །བཅོམ་ལྡན་གསུང་གི་རྡོ་རྗེ་ནི། །འདུ་ཤེས་ཀྱི་ནི་ཕུང་ཕོར་བཞུགས། །མཆོད་པ་ཀུན་ཀྱི་རྡོ་རྗེ་ནི། །འདུ་བྱེད་ཀྱི་ནི་ཕུང་པོར་བཞུགས། །བཅོམ་ལྡན ་ཐུགས་ཀྱི་རྡོ་རྗེ་ནི། རྣམ་ཤེས་ཕུང་པོར་ཡང་དག་བཞུགས། །འདི་ཡི་ཤེ་སོགས་ས་ཁམས་ལ། །བཅོམ་ལྡན་འདས་ཡུམ་སྤྱན་མ་བཞུགས། །ཁྲོ་སོགས་ཆུ་ཡི་ཁམས་རྣམས་ལ། བཅོམ་ལྡན་འདས་ཡུམ་བདག་ཡུམ་བཞུགས། །དྲོ་བ་ལ་སོགས་མེ ་ཁམས་ལ། །བཅོམ་ལྡན་འདས་ཡུམ་གོས་དཀར་བཞུགས། །བསྐྱོད་པ་ལ་སོགས་རླུང་ཁམས་ལ། །བཅོམ་ལྡན་འདས་ཡུམ་སྒྲོལ་མ་བཞུགས། །དེ་ཡི་མིག་གི་དབང་གཉིས་ལ། དེ་བཞིན་གཤེགས་པ་སའི་སྙིང་པོ། །དེ་ཡི་རྣ་བའི་དབང་གཉིས་ལ། །བདེ ་གཤེགས་ཕྱག་ན་རྡོ་རྗེའོ། །དེ་ཡི་རྣའི་དབང་གཉིས་ལ། །དེ་བཞིན་གཤེགས་པ་མཁའ་སྙིང་བཞུགས། །དེ་ཡི་ལྕེ་ཡི་དབང་བཞུགS་པ། །དེ་བཞིན་གཤེགས་པ་འཇིགས་རྟེན་དབང། །ཁམས་བཞིའི་རང་བཞིན་གོང་བུ་ནི། །རང་གི་ལུས་ཞེས་བྱ་མིང་ལ། སྒྲིབ ་པ་ཐམས་ཅད་རྣམ་པར་སེལ། །དེ་བཞིན་གཤེགས་པ་འདིར་བཞུགས་སོ། །དེ་ཡི་ཡིད་ཀྱི་དབང་པོ་ལ། །དེ་བཞིན་གཤེགས་པ་འཇམ་དཔལ་བཞུགས། །ལུས་ཀྱི་ཚིགས་ནི་ཐམས་ཅད་ལ། །དེ་བཞིན་གཤེགས་པ་ཀུན་ཏུ་བཟང། །ལུས་ཀྱི་རྩ་རྒྱུས་ཐམས་ཅད་ལ། ། ་དེ་བཞིན་གཤེགས་པ་བྱམས་པ་བཞུགས། །ལག་པ་གཡས་པའི་རྩ་བར་ནི། །དེ་བཞིན་གཤེགས་པ་གཤིན་རྗེ་གཤེད། །ལག་པ་གཡོན་པའི་རྩ་བར་ནི། །བདེ་གཤེགས་གཞན་གྱིས་མི་ཐུབ་པའོ། །ཁའི་པདྨ་བཞུགས་པ་ནི། །དེ་བཞིན་གཤེགས་པ་རྟ་མགྲིན་ནོ།། ་གསང་བའི་གནས་སུ་བཞུགས་པ་ནི། །དེ་བཞིན་གཤེགས་པ་བདུད་རྩི་འཁྱིལ། །དཔུང་པ་གཡས་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་མི་གཡོ་བ། །དཔུང་པ་གཡོན་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་འདོད་བའི་རྒྱལ། །པུས་མོ་གཡས་པར ་བཞུགས་པ་ནི། །དེ་བཞིན་གཤེགས་པ་དབྱུབ་བ་སྔོ། །པུས་མོ་གཡོན་པ་བཞུགས་པ་ནི། དེ་བཞིན་གཤེགས་པ་སྟོབས་པོ་ཆེ། །རང་གི་སྤྱི་བོར་བཞུགས་པ་ནི། །དེ་བཞིན་གཤེགས་པ་འཁོར་ལོ་སྒྱུར། །རྐང་བའི་མཐིལ་དུ་བཞུགས་པ་ནི། དེ་བཞིན་གཤེགས ་པ་གནོད་མཛེས་ཏེ། ལུས་ནི་འདི་ཉིད་ཀུན་ལ་འདིར། །དེ་བཞིན་གཤེགས་པ་ཐམས་ཅད་བཞུགས། །སྐུ་ཡི་འཁོར་ལོ་ཞེས་བརྗོད་པ། །རྡོ་རྗེ་སློབ་དཔོན་ཉིད་ཀྱི་ལུས། །འདི་དག་མ་ལུས་རྫོགས་སངས་རྒྱས། །སངས་རྒྱས་རྣམས་ཀྱི་སྐུ་རྫོགས་པ། །རྡོ་རྗེ་ཅན་ཀུན་ལེགས ་བསྟན་པ། །མྱ་ངན་འདས་ལ་འཇུག་པ་ཡིན། །བཅོམ་ལྡན་མྱ་ངན་འདས་མྱུར་ཐོབ། །ཁྱོད་ཀྱིས་དགེ་བ་ཡོངས་སུ་སྨིན། །དེ་ནི་རྡོ་རྗེ་སློབ་དཔོན་གྱི། །ལུས་ལ་རྒྱལ་བ་ཐམས་ཅད་བཞུགས། །ཉོན་ཅིག་མཐོང་བ་དོན་ཡོད་ཀྱི། །ཕྱི་མི་འདུས་ནི་སེམས་དཔའ་ཆེ། ་དང་པོའི་ལས་ཀྱི་སེམས་ཅན་གྱིས། །རབ་ཏུ་འབད་དེ་བླ་མ་ཀུར། །དེ་ཚེ་མཐོང་བ་དོན་ཡོད་བཅས། །བྱང་ཆུབ་སེམས་དཔའ་གྲགས་པ་ཆེ། །དགའ་ཞིང་མགུ་བས་རབ་དང་བས། །ཕྱག་འཚལ་ནས་ནི་འཆི་མ་གླགས། །ཞེས་གསུངས་སོ། །ཡང་གསུངS ་པ། ཚུལ་ཁྲིམས་དག་ཅིང་སྦྱིན་པ་གཏོང། །བཟོད་དང་བརྩོན་འགྲུས་མཆོག་དང་ལྡན། །ཉིན་མཚན་རྟག་ཏུ་བསྒོམ་ལ་ཞེ་ན། །ཤེས་རབ་ལྡན་ཞིང་ཐོད་ལ་མཁས། །བླ་མའི་ཕྱིར་ནི་ཡོན་ཏན་རྫོགས། །དཔལ་ལྡན་སློབ་དཔོན་ཞེས་བརྗོད་དེ།། ་ནང་གི་གསང་བ་འདུས་པ་དགའ་། །ཕྱི་རོལ་ཉན་ཐོས་ལས་བརྗོད་པ། །དེ་ལྟའི་མན་ངག་རིམ་པ་ཡིས། །སློབ་མ་རྣམས་ལ་རྗེས་སུ་བསློབ། །དེ་ནི་སྟོན་པར་ཡོངས་སུ་ཤེས། །ཇི་སྐད་སྨྲས་པ་དེ་བཞིན་བྱེད། །རྟོགས་པ་རྣམས་དང་དཀྱིལ ་འཁོར་སོགས། །དམ་པའི་དོན་གྱི་བྱ་བ་དང། སླར་ཡང་སྣང་བ་གསུམ་དང་ནི། །རྣལ་འབྱོར་མཆོག་གི་སྤྱོད་པ་ལ། །སློབ་ཅིང་གཞན་ལ་སློབ་དུ་བཞུགས། དེ་ནི་སློབ་དཔོན་ཞེས་བྱའོ། །དེ་ཉིད་བཅུ་ནི་ཡོངས་ཤེས་ནས། །དཀྱིལ་འཁོར་ལ་སོགས ་བྱ་བ་ཤེས། །སློབ་མ་རྗེས་སུ་སད་ནུས་དང། །གསང་བའི་དབང་ནི་བསྐུར་བ་དང། ཤེས་རབ་སྙིང་རྗེར་ཡང་དག་ལྡན། །རྒྱུ་དང་མན་ངག་ལ་མི་འཇིགས། །ཟབ་ཅིང་རྒྱ་ཆེར་ཡང་དག་ལྡན། །རྡོ་རྗེ་སེམས་དཔའ་གཉིས་པ་མཆོག། ཚང་གཅོད་པན་འདོགས ་པ་ལ་མཁས། །དེ་ནི་རྡོ་རྗེ་འཆང་དུ་བཤད་ཅེའོ། །ཡང་གསུངས་པ། །རིགས་ཀྱི་བུ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་ལ་ནི་བདུད་ཀྱི་གླགས་མི་བརྙེད་དོ། །དཔེར་ན་དཔའ་བོས་བསྲུངས་པའི་བུད་མེད་ལ། །སྐྱེས་བུ་འཕྱོན་མ་རྣམས་ཀྱིS ་གླགས་མི་རྙེད་དོ། །དེ་བཞིན་དུ་དགེ་བའི་བཤེས་གཉེན་དཔའ་བོས་བསྲུངས་པའི་གང་ཟག་ལ་བདུད་སྡིག་ཅན་གྱིས་གླགས་མི་རྙེད་དོ་ཞེའོ། །ཡང་གསུངས་པ། །དགེ་བའི་བཤེས་གཉེན་ནི་གང་དེ་ལ་བདུད་ཀྱི་ལས་རྣམས་ཉེ་བར་སྟོན་ཏེ། ་བདུད་ཀྱི་ལས་ནི་འདི་དག་ཡིན། །བདུད་ཀྱི་ཉེས་པ་འདི་དག་ཡིན། །བདུད་ཀྱི་ལས་འདི་དག་ཁྱོད་ཀྱིས་རྟོགས་ནས་སྤང་པར་བྱའོ་ཞེས་འབྱུང་ངོ། །འཕགས་པ་རྟག་ཏུ་དུའི་ལེའུ་ལས་ཀྱང། །རིགས་ཀྱི་བུ་ཁྱོད་གྱི་དགེ་བའི་བཤེས་གཉེན ་ལ་ཕྱིར་མི་བསྔོ་བར་བྱའོ། །འདི་སྙམ་དུ་བསམ་པར་བྱ་སྟེ། །བདག་ནི་ཐབས་ལ་མཁས་པ་དེ་མི་ཤེས་ཀྱིས། །འདིས་ནི་ཐབས་ལ་མཁས་པར་རབ་ཏུ་ཤེས་སོ་ཞེས་གསུངས་སོ། །འཕགས་པ་དཔལ་འབྱུང་བའི་རྣམ་པར་ཐར་པ་ལས་ཀྱང ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བ་ནི་དགེ་བའི་བཤེས་གཉེན་ནོ། །དགེ་བའི་བཤེས་གཉེན་ལ་རག་ལས་པ་ལ་སོགས་པ་གསུངས་སོ། །བདུད་ཀྱི་ལས་རྣམས་སྤང་པའི་ཕྱིར། །བླ་མ་བསྟེན་པར་འཚལ་ལ་ཌན། །ཡང་དག་དགེ་བའི་བཤེས ་གཉེན་ལ། བདག་ཅག་གང་གིས་བསྟེན་པར་བགྱི། །བཀའ་སྩལ་པ། །དད?་ཅིང་བླ་མ་ལ་ཡང་གུས། །རྟག་ཏུ་དགེ་བའི་ལས་ལ་གནས། །རྟོག་པ་ངན་པ་རྣམ་པར་སྤངས། །ལུང་ནི་མང་དུ་ཐོས་པ་དང། གསོད་པ་དང་ནི་འཚེ་བ་སྤངས། །སེམས་ཅན་རྣམས་ནི་གདོན ་པའི་བློས། །ཀུན་ཏུ་བརྩོན་དང་ཡང་དག་ལྡན། །དེ་ལ་སོགས་པའི་ཡོན་ཏན་ལྡན། །དད་པ་ཆེ་བའི་སློབ་མ་བཟང་ཞེའོ། །ཡང་བཀའ་སྩལ་པ། །ཇི་ལྟར་འགའ་ཞིག་གྲུར་ཞུགས་པ། །སྐྱ་པ་འཛིན་པ་ལེགས་ཐོབ་ན། །མཚོ་ཆེན་ཕ་རོལ་གྲོལ་འགྱུར ་གྱི། །གཞན་དུ་དོགས་སུ་ཕྱིན་མི་འགྱུར། །དེ་བཞིན་བླ་མ་དང་མི་བྲལ། །དཀོན་མཆོག་གསུམ་ལ་གུས་པ་དང། །བྱང་ཆུབ་སེམས་ལ་དད་ལྡན་ཞིང། །འཇིག་རྟེན་ན་ནི་སྙིང་རྗེས་ལྡན། །འདི་ནི་གྲུ་ཞེས་བྱ་བར་བཤད། །བླ་མ་མཁས་པ ་སྐྱ་བ་འཛིན། །གྲུ་ནི་ཐམས་ཅད་རབ་སྟོན་པ། །འཁོར་བའི་ཕ་རོལ་འགྲོ་རྣམས་ལ། །རྡོ་རྗེ་སེམས་དཔས་གསུངས་པ་ཡིན། །སྐྱ་བ་འཛིན་པ་མེད་པར་ནི། །གྲུ་ཡིས་ཕ་རོལ་བགྲོད་མི་ནུས། །ཡོན་ཏན་ཐམས་ཅད་ཀུན་རྫོབ་ཀྱང། །བླ་མ་མེད་པར་སྲིད ་མཐར་མིན། །དེ་བས་དེས་པ་ཉིད་དུ་ནི། །བརྟུལ་ཞུགས་བརྟན་པས་དེ་བཞིན་དུ། །ཕྱི་དང་ནང་གི་བདག་ཉིད་ཀྱིས། །རྟག་ཏུ་རྣལ་འབྱོར་པས་མཆོད་བྱ། །ཕྱག་ལ་སོགས་པའི་བྱ་བ་ཀུན། །དུས་རྣམས་ཀུན་ཏུ་ཤེས་པར་བྱ། །ཤེS ་རབ་དད་པར་ཡང་དག་ལྡན། །སྐྱེ་བོ་རྣམས་ལ་སྙིང་རྗེར་ལྡན། །ཁྲོ་བོ་མེད་ཅིང་བསླུ་བ་མེད། །གཏོང་སོགས་ཡོན་ཏན་རྣམས་ཀྱིས་བརྒྱན། །སྤྲོ་ཆེ་རང་གི་བརྩོན་འགྲུས་ལྡན། །རྟག་ཏུ་བླ་མའི་བཀའ་བཞིན་བྱེད། །མ་བསྐོས་ཡང་ནི་རང་གི་བློས།།? ་ཡོ་བྱད་ལ་སོགས་དངོས་པོ་རྣམས། །ཅི་རྙེད་པ་དང་ཅི་ནུས་པ། །དེ་བཞིན་བཟའ་བཅའ་ལ་སོགས་དབུལ། །ཇི་ལྟར་མཉེས་པར་གྱུར་ཀྱང་ནི། །ཡིད་ནི་ཞུམ་པ་མེད་པར་བཟོད། །སློབ་མ་ཡོན་ཏན་ཀུན་ལྡན་པ། །ལུང་དང་རིག་པས་རྟོགས་པ་པོ། །མ ་བརྟགས་པའི་རང་བཞིན་ཅན། །གང་ཡང་འདི་འདྲ་མེད་པར་ནི། །སློབ་མ་བྱ་ཡང?་མི་ནུས་ཤེས། །སངས་རྒྱས་རྣམས་ཀྱིས་རབ་ཏུ་གསུངས། །ཇི་ལྟར་ཕྱིས་པ་རང་དགར་ནི། །བོར་བ་འཕེན་པ་ཇི་ལྟ་བར། །གང་ཞིག་གཞན་གྱི་དབང་གྱུར་པ། །དམ་པའི་ཆོས་ཀྱི་སྣོད ་མ་ཡིན་ཞེས་གསུངས་སོ། །བླ་མ་བརྙས་ཅན་རྒྱུ་ཅན་དད་བ་མེད། །སྔགས་ཀྱིས་རློམ་ཞིང་གླེགས་བམ་མཐོང་བས་ཁེངས། །དད་པ་མེད་ཅིང་དབང་བསྐུར་དམན་པ་ལ། །གཏན་གྱི་ཙམ་ཡང་བརྗོད་མི་བྱ། །འགའ་ཞིག་བླ་མ་ལ་གུས་དད་དང་ལྡན། །མོས་པས ་བསྙེན་བཀུར་ལ་ནི་རྟག་ཏུ་བརྩོན། །ཐོས་པས་འཛིན་གང་བླ་མ་དམ་པ་ཡིས། །བླ་མའི་དྲིན་བྱིན་བླ་མས་ནོར་མི་བརྟག། །རི་རབ་རྩེ་ལས་འགའ་ཞིག་ལྷུང་གྱུར་ན། །ལྷུང་བར་མི་བྱ་སྙམ་ཡང་ལྷུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང ་ཐོབ་ན། །གྲོལ་བར་མི་འགྱུར་སྙམ་ཡང་གྲོལ་བར་འགྱུར། །ཞེས་བཀའ་སྩལ་ཏེ། ཡང་གསུངས་པ། །གང་ཞིག་གཡོ་སྒྱུ་བློ་ཅན་ལེ་ལོ་ཅན། །ཉོན་མོངས་བླ་མའི་སྐྱོན་མཐོང་ཡོན་ཏན་མིན། །བླ་མ་ལ་སྨོད་དབང་བསྐུར་ཐོབ་ཅེས་རློམ། །བློ་དམན ་སེམས་ཅན་ཀུན་མཁྱེན་ཐོབ་མི་འགྱུར། །བསྙེན་བཀུར་མེད་པར་མྱུར་དུ་དེ་ཉིད་འདོད། །ལོག་པར་འཛིན་པ་ཡིན་ཞེས་ཁྲི་བཅས་གཡོ་བ་དང། །ཚོགས་ན་བླ་མ་མཐོང་ན་རྒྱབ་ཕྱོགས་ཤིང། །དེ་ནས་དབེན་པས་སོད་ནས་ཕྱག་བྱེད་པ། །རང ་བཞིན་ངན་པར་གྱུར་པ་སློབ་མ་ནི། །རང་བུ་ཡིན་ཡང་གཞན་བཞིན་ཡོངས་སུ་སྤང། །རྒྱལ་རིགས་ལ་སོགས་མཆོག་ལས་སྐྱེས་གྱུར་ཀྱང། །བརྟན་པས་དེ་ནི་དྲུང་དུ་བཞག་མི་བྱ། །ཡོན་ཏན་མཆོག་ལྡན་ཤེས་རབ་བརྩོན་བཅས་དང། ་ཡང་ན་བླ་མ་ལ་གུས་སངས་རྒྱས་ལྟར། རྒྱལ་བའི་ཆོས་རྟོགས་བརྟན་ལ་རབ་ཏུ་དང། །དེ་ནི་སྣོད་གྱུར་ཡིན་ཕྱིར་དྲིན་སྦྱིན་བྱ། །རྒྱུད་ལས་ཐོས་ཤིང་ལུང་ལ་ལེགས་སྦྱངས་ཀྱང། །བླ་མའི་བསྙེན་བཀུར་མེད་ཅིང་ལུང་མ་ཐོབ། །དེ་ནི་རང་ལའང་ཕན་པ་མེད་ཅིང་བསྟན་བཅོས ་ཆུང། །དེ་ནི་བསྟན་བཅོས་སྐྱེ་བའི་རྒྱུ་ཙམ་ཡིན། །ཡང་ན་སྐལ་ལྡན་དེ་ནི་མན་ངག་ཐོབ། །བློ་གྲོས་བླུན?་ཞིང་དོན་ལོ་སྦྱོར་མི་ནུས། །གཞན་དོན་བློ་ཡིས་སྟོན་ལ་རབ་ཏུ་འཇུག། ཚིག་གི་ཡོན་ཏན་མེད་ན་བརྙད་པར་འགྱུར། །རྒྱུད་མང་ཐོས་ཤིང་ཤེས་ལྡན་ཚིག་དོན ་ཤེས། །དྲང་དང་བློ་གྲོས་འཛིན་བློ་བརྩོན་པར་ལྡན། །བླ་མའི་ཞབས་བཀུར་བཅས་ཤིང་ལུང་ཐོབ་དང། རྒྱུད་རྒྱལ་མན་ངག་བསྟན་པར་འོས་པ་ཡིན། །ཞེས་གསུངས་སོ། །དོན་འདི་རྡོ་རྗེ་ཕྲེང་བ་ལས། །གསང་བར་གསུངས་ཕྱིར་སྡུས་པ་དེ། །གདུལ་དཀའ་ཚུལ་འཆོས ་སྒྱུ་ཅན་དང། རྨོངས་དང་སེམས་ཁྲོ་གཡོན་ཅན་དང། །དང་མེད་རྟོག་གེ་པ་ལྷན་ཅིག། རྟགས་ཀྱིས་ཉེ་བར་མཚོན་པ་དང། ཉན་ཐོས་དང་ནི་ནོར་ལ་བརྐམ། །དེ་ཁོ་ན་ཉིད་སུན་འབྱིན་པ་ཡིས། །དོན་དམ་པ་ནི་མི་ཤེས་པ། །མེད་པར་ལྟ་དང་ཚུལ་ཁྲིམས་འཆལ། །གཏན་དང ་ཚིག་ནི་སྐྱེལ་བ་དང། །འདྲི་བ་ལ་སོགས་མི་བྱ་ཞིང། །བླ་མ་དང་ནི་སློབ་མ་ཡིས། །མཚན་ཉིད་བསྟན་པ་རྟོག་གྱུར་ཀྱང། །དེ་ཡིས་དེ་ལ་ཇི་ལྟར་ན། །གུས་པར་བགྱི་ལ་ཐེ་ཚོམ་མཆིས། །མདོ་རྒྱུད་ཆོ་ག་ཞིབ་མོ་དང། བླ་མའི་ཞལ་ནས་ཐོས་པ་ཡིས། །བདག་གི་ཐེ་ཚོམ་བསལ ་བར་བྱ། །རབ་ཏུ་དང་པའི་སེམས་ཀྱིས་ཉོན། །གཏན་ཚིགས་གཞན་ཡང་ཡོད་པ་སྟེ། །དེ་ནས་བཅོམ་ལྡན་རྡོ་རྗེ་གསུངས། །སློབ་མའི་བྱ་བའི་སྤྱོད་པ་ནི། །ཞི་བ་ལ་སོགས་བྱ་བ་ནི་ང། །སྔགས་དང་རྣལ་འབྱོར་རིམ་པ་ཡིས། །ལྷ་མ་དང་གདུགས་དང་གཙུག་གཏོར་དག ་སོ་རྩི་ལ་སོགས་མྱང་བ་དང། །སྣབས་ཀྱི་གོང་བུ་འཆིལ་མ་སོགས། །འདར་ཞིང་རྐང་པ་སྐྱོང་བ་དང། གཞན་དུ་ལྟ་དང་སྤྱི་བཏོལ་སྨྲ། རིགས་ཀྱིས་སྙེམས་དང་དར་འཛིན་དང། །རྒྱབ་སོགས་ལ་ལྟ་བུ་དང། བག་མེད་པར་ནི་སྨྲ་བ་དང། བླ་མའི་གདམས་ངག་མི་བསྒོམ ་པ། །དེ་ལ་སོགས་པའི་སྐྱོན་གྱི་ཚོགས། །བླ་མའི་མདུན་དུ་རྣམ་པར་སྤང། །འཇིགས་པས་ཐལ་མོ་སྦྱར་ནས་ནི། །སྤྱི་བོས་ཕྱག་བྱ་དཀའ་ལུང་ནོད། །རང་བདོག་ཀུན་གཏོང་དམ་བཅས་པ། །ངོ་མཚར་བཅས་ཤིང་གདོང་སྨད་པ། སློབ་མ་བླ་མའི་མདུན་གནས ་བྱ། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །བླ་མའི་མདུན་དུ་སློབ་མ་རྣམས། །དེ་ལྟ་བུ་སོགཌ་སྤྱོད་ཤེS་བྱ། །དཾ་ཚིག་སྔོཾ?་པ་སྔར་བཤད་པ། དེ་རྣམས་སློབ་མའི་སྤྱོད་པའོ་ཞེས་བཀའ་སྩལ་ཏེ། །ཡང་གསུངས་པ། །ཡོན་ཏན་ཀུན་གྱི་གཞིར་གྱུར་བླ་མ་ནི། །རབ་ཏུ་འབད་ཏེ་དངོས་གྲུབ ་འདོད་པ་དང། །བདུད་ཀྱི་ཚོགS་ལས་རྒྱལ་ཕྱིར་ཐོས་བཞིན་དུ། །རང་གི་སྤྱི་བོའི་གཙུག་ཏུ་བཀུར་པར་བྱ། །རྒྱལ་བ་རྣམས་དང་སྐུ་གསུང་ཐུགས་དང་ནི། །ཡོན་ཏན་ཕྲིན་ལས་རབ་ཏུ་མཉམ་པའི་ཕྱིར། །རྟག་ཏུ་མདུན་བསམ་ལུས་དང་ངག་ཡིད་ཀྱིས། ། ་ཕྱག་འཚལ་ཚིགས་སུ་བཅད་པ་འདི་བརྗོད་དོ། །སེམས་ཅན་ཉམས་ཐག་གནས་ནས་འདོན་ལ་ཕྱག་འཚལ་ལོ། །དངོས་སུ་སྟོན་ཅིང་དྲི་མ་བྲལ་ལ་ཕྱག་འཚལ་ལོ། །མ་ལུས་ཚིག་མེད་ཡི་གེ་བྲལ་ལ་ཕྱག་འཚལ་ལོ། །བསོད་ནམས་ཡེ་ཤེས་ཚོགས་ཀྱི་དཔལ ་ལ་ཕྱག་འཚལ་ལོ། །ཚོགས་ཆེན་པོ་ཡིས་ལུང་སྟོན་པ་ལ་ཕྱག་འཚལ་ལོ། །སྐུ་གསུང་ཐུགས་ནི་ཉི་མ་བདུད་རྩི་དང། །ནམ་མཁའ་ལྟ་བུར་འགྲོ་བ་ལ་ཁྱབ་ཅིང། །ཡོན་ཏན་འཕྲིན་ལས་ཡིད་བཞིན་ནོར་ལ་ཕྱག་འཚལ་ལོ། །བླ་མ་ཁྱོད་ལ་བདག་ནི་རབ་གནས་ཏེ།། ་བདག་གིས་ལུས་སོགས་འབྱོར་བ་ཀུན་འབུལ་ལོ། །དང་པོར་ཕྲད་ན་གུས་པར་ཐལ་སྦྱོར་ཏེ། །ཡན་ལག་ལྔས་བཏུང་ཕྱག་ནི་ལེགས་པར་བཙལ། །དེ་རྗེས་ས་ཕྱོགས་སྐྱང་ནུ་ལ་བྱི་དོར་བྱས། །འཇམ་པའི་སྟན་ནི་ལེགས་པར་བཏིང་ནས་ཀྱང། །རྒྱབ་རྟེན་བདུན ་དུ་ཆོས་བཟང་སོ་ཤིང་དང། ཞབས་དང་ཞབས་གསོགས་དྲི་ཡི་ཆུ་དག་དང། །སྤྱན་ལམ་མི་མཛེས་དངོས་པོ་སྤང་པར་བྱ། །གཙང་ཞིང་བསོད་པའི་ཁ་ཟས་ལེགས་སྦྱར་ནས། །རིན་ཆེན་སྣོད་དུ་རས་ཀྱིས་རྡུལ་མེ་བྱས། །མདུན་དུ་འདུད་པས་ལག་གཉིས ་ལེགས་བཀྲུ་སྟེ། །གུས་པའི་ཚུལ་དུ་ལག་པ་གཉིགས་གས་དབུལ་།ལག་པའི་སྣོད་དམ་བླ་མས་ཅི་གནང་བ། །ཕྱག་བྱས་ལག་པ་གཉིས་ཀྱིས་ལེགས་ཞུས་ཏེ། །གུས་པའི་སྤྱོད་ལམ་བསྟན་པས་ཅི་བདེར་བྱ། །དེ་རྗེས་ཕྱག་ཞབས་དྲི་ཆུས་རབ་བསིལ་ནས། །བཟང ་པོའི་ཁྲི་སྟན་ལེགས་ཤིང་མཐོ་བ་ལ། །གཙང་མའི་གོས་ཀྱིས་གདོང་ནི་རབ་གཡོགས་ཏེ། །ཞབས་རྟེན་འཇམ་པོའི་ཁྲི་ལ་བཞུགས་སུ་གསོལ། །རྒྱབ་རྟེན་དམར་པོ་གཟེར་དང་བཅས་པ་ལ། །སྟེང་དུ་བླ་བྲ་གདུགས་དང་ཡོལ་བ་བྲེས། །ཆོས་དང་དགེ་བའི ་བཤེས་ལ་དཀྱིལ་འཁོར་ནི། །ཚུལ་དང་མཐུན་པའི་རི་མོ་བྲིས་པ་དབུལ། །མེ་ཏོག་བདུག་པ་མར་མེ་བྱུག་པ་དང། །ཞལ་ཟས་སིལ་སྙན་དག་གིས་བསྟོད་བྱ་སྟེ། །གསེར་དང་ནོར་བུ་མུ་ཏིག་བཻཌཱུ་རྱ། །སྡུག་དང་རྡོ་ཡི་སྙིང་པོ་དངུལ་དག་དང། །ཤཾ་ག་ཤིལ་བྱི ་རུ་རིན་ཆེན་ཤེལ། །རས་དང་དར་གོས་གླང་ཆེན་རྟ་དང་ནི། །བུ་དང་བུ་མོ་ཆུང་མ་བྲན་དང་འབྲུ། །བདག་གི་འབྱོར་པ་སྟོབས་ཀྱིས་དབུལ་བར་བྱ། །རྡོ་རྗེས་གུས་པར་གསོལ་བ་གསུམ་གདབ་སྟེ། །འགྲོ་ལ་སྙིང་རྗེ་ཆེན་པོ་རབ་བསྐྱེད་ནས། །རྫོགས་པའི་བྱང ་ཆུབ་ཡིད་ལ་བསམ་ནས་ཀྱང། །ཉོན་མོངས་མེད་པའི་སེམས་ཀྱིས་རྣ་བླགས་ཏེ། །ཚུལ་དང་མཐུན་པའི་སྤྱོད་ལམ་བསྟན་པར་བྱ། །ཆོས་སྨྲས་པ་ལ་ལེགས་པར་གསུངས་ཚིག་གིས། །དབང་པོ་རབ་དང་ཐ་མར་གདམས་པར་བྱ། །མཉམ་ལས་བྱུང་བའི ་དག་རྩ་རྒྱ་ཆེན་ཀུན། །རྫོགས་པའི་བྱང་ཆུབ་ཕྱིར་ནི་བསྔོ་བར་བྱ། །ཆོས་སྨྲ་བ་ལ་རིགས་གཟུགས་ཐོས་པ་དང། །ངང་ཚུལ་ངན་དང་ཇི་ལྟར་བསྙས་གྱུར་ཀྱང། །ཆོས་ལ་སྟོན་ཕྱིར་བསྙས་པའི་སེམས་མི་བྱ། །རྙེད་དང་གྲགས་དང་ཐོས་དང་ཚུལ་ཁྲིམས ་དང། གཟུགས་སོགས་ཡོན་ཏན་རྣམས་ཀྱིS་ཁོངས་མི་བྱ། །ཤེས་ཁེ་རྙེད་འདོད་ཕྱིར་ནི་མ་ཡིན་ཏེ། མདོར་ན་ཉོན་མོངས་ཅན་སེམས་ཚར་བཅད་བྱ། །དེ་ལས་སོགས་ཏེ་མཛའ་ཡས་མཆོག་གྱུར་ཕྱིར། །རང་གི་བླ་མ་ཡོན་ཏན་ཀུན་རྫོགས ་ལ། །སྒོ་གསུམ་བསྙེན་བཀུར་རྣམ་པ་མཛའ་ཡས་ཕྱིར། །བསྐལ་པར་ཡང་ནི་སྨྲ་བ་རུས་ཞིག་ནུས། །མདོར་བསྡུས་པས་ནི་བརྗོད་པ་འདི་ཡིན་ཏེ། །སངས་རྒྱས་ལ་སོགས་རིན་ཆེན་ཇི་བཞིན་དང། །རང་གི་ཕ་མ་རང་ལུས་རང་གཅེས་ནོར། ། ་རང་ལ་གང་ཕངས་དེ་བསྲུང་སྒྲུབ་པ་བཞིན། །བླ་མ་དང་སློབ་མའི་ཚུལ་བསྟན་པ་སྟེ་ལེའུ་དང་པོའོ།། །།སློབ་མས་གསོལ་བ། །བླ་མ་བསྙེན་བཀུར་བྱ་བའི་ཚུལ་ནི་ཁོང་དུ་ཚུད་ལ་གསན། །དགོས་པ་གང་གི་དོན་དུ་བགྱི་བ ་བདག་ལ་བསྟན་དུ་གསོལ། །སློབ་དཔོན་སྟོན་ལས་བཀའ་སྩལ་པ། འཁོང་བ་ཐོག་མ་མེད་པ་ནས། །མི་མཐུན་པ་བྱས་གནོད་བྱེད་པ། །བདུད་བཞི་ལས་ནི་རྒྱལ་བྱའི་ཕྱིར། །འདྲི་བ་རྒྱས་པར་བཤད་པར་བྱ། །གང་གིས་འཆི་མེད་ལུས་མཆོག་ནི ་ཐོབ་པ་ཡོན་ཏན་རྣམས་ཀྱི་རྟེན། །གང་ཕྱིར་སེམས་ཅན་ཆེ་ཐུང་བ། །འཆི་མེད་གོ་འཕང་བསྒྲུབ་མི་ནུས། །དེ་བས་འབད་པ་ཐམས་ཅད་ཀྱིས། །འཆི་བ་མེད་པ་བསྒྲུབ་པར་བྱ། །འཆི་བདག་ལས་རྒྱལ་འཆི་བ་མེད་པ་དེ། །གཏན་དུ་ཐོབ་ཕྱིར་འགྲོ་བ་ཚེ ་རིང་བས། །དམ་ཆོས་བསྒྲུབ་ཕྱིར་འབྲས་བུ་དཔག་མེད་ལ། །འཆི་བ་འཇོམས་ཤེས་རྒྱལ་བས་རབ་ཏུ་གསུངས། །ཕྱི་དང་ནང་གི་འཆི་བའི་རྟགས་གསུངས་པ། །མཚན་ཉིད་ལ་མཁས་འཆི་བདག་བསླུ་བ་ཡི། །ཐབས་སུ་གྱུར་པ་འབད་པ་ཚེར་བྱས ་ཏེ། །འབད་པའི་བླ་མ་འབྲས་བུ་ལག་ན་གནས། །མ་རིག་པ་ནས་རྒ་ཤི་མཐར་ཐུག་པར་སྐྱེ་དང་འཆི་བའི་དུས་ནི་ངེས་པ་མེད། །འཁོར་ལོ་བསྐོར་བ་ལྟ་བུར་རབ་ཏུ་གནས། །དེ་ཡི་བར་ཆད་ཞི་བ་འཆི་བདག་བསླུ། །དབང་པོ་ལྔ་ལ་ཕྱི་ཡི་རྟཌ་འབྱུང་སྟེ། ་དྲུག་པ་ལ་ནི་ནང་དུ་ཤེས་པར་བྱ། །འཆི་བདག་ནང་གི་ལས་ནི་གོ་རིམ་བཞིན། །ཐབས་མཁས་ལྡན་པས་འཆི་བ་འཇོམས་པར་འགྱུར། །དེ་དག་རྣལ་འབྱོར་གཙུག་ལག་གདན་བཞི་དང། །བདེ་མཆོག་མཁའ་འགྲོ་དུས་ཀྱི་འཁོར་ལོ་ལས། །གསུངས་པ ་མདོར་བསྡུས་བདག་གིས་ཁྱོད་ལ་བཤད། །གཞན་དུ་མ་ཡེངས་ཡིད་ཀྱིས་མཉན་པར་གྱིས། །མིག་ནི་ཟླུམ་ཞིང་གཟུགས་མཐོང་འཁྲུལ་པ་དེ། །གྱེན་དུ་བལྟ་དང་ས་དང་ནམ་མཁའ་ཡི། །བུ་ག་ཆོད་དང་མེད་པར་སྣང་བ་ནི། །འཆི་བདག་འོང་བ་མཁས་པས ་ཤེས་པར་བྱ། །ཤིང་དང་རི་དང་རང་གི་སྤྱི་བོར་མེ། །འབར་དང་རན་མེའི་གང་མཐོང་དང། །དབྱུག་པ་གདེངས་པ་ནག་པོ་འབར་བར་མཐོང། །ཆུ་ལ་དབང་པོའི་གཞུ་ནི་མ་མཐེང་དང། །གྲིབ་མ་མགོ་མེད་རང་གི་ལྕེ་རྩར་མིན། །ཐ་མལ་མིག་ལ་རིན་ཆེན་འཁོར ་ལོ་མ་ཐོད། །ཟླ་བར་རི་མོ་མེད་དང་ཉི་མ་བཟློག། ཁྱི་ཁྭ་བྱ་རོག་གཏོར་མ་ཟ་མི་བྱེད། །བཀབ་པའི་རྣ་བར་རྔ་ཡི་སྒྲ་མེད་དང། །སྒྲ་མི་ཐོས་དང་གནོད་སྦྱིན་སྒྲ་གྲག་ཐོས། །ནག་པོའི་གཟུགས་ཀྱིས་ལྷོ་ཕྱོགས་འདོད་ཞེས་དང། དྲི་མི་ཞིམ་དང་དྲི་ལྡན་སྣ ་རྩེ་སྟོན། །གློ་བུར་སྣ་ནི་ཡོ་དང་ཞོམ་པ་དང། །རོ་མི་ཚོར་དང་རོ་ནི་མེད་པ་ཚོར། །རྩ་བར་ནུབ་དང་རྩ་བ་ནག་པོར་འགྱུར། །རྒྱུ་མེད་ལྡིབ་པའི་ཚིག་འཁྲུལ་འཆི་བའི་རྟགས། །ཧ་ཕུ་གྲང་དང་དྲོ་བའི་རེག་བྱ་དང། །བཞོག་ཕྱེད་སྐམས་དང་ཕྱེད་གྲང་ཕྱེད་ནི ་དྲོ། །འཇམ་རྩུབ་ལྕི་ཡང་བཟློག་པའི་ལུས་འཛིན་དང། །བཤད་གཅི་གསེར་དང་དངུལ་ཀྱི་ཁ་དོག་དང། །སྒྲིད་དང་དུས་གཅིག་འབྱུང་དང་སྡོམ་པར་བྱེད། །ཆུ་དང་ས་བོན་འདྲེས་པར་འབྱུང་བ་དང། །འཁྲིག་པ་སྤྱོད་ཚེ་དྲིལ་བུའི་སྒྲ་ཐེས་དང།། ་ཉིན་དང་མཚན་མོའི་གཟུགས་ནི་བཟློག་མཐོང་ཞིང། །ཕྱོགས་ཀྱང་དེ་བཞིན་བཟློག་པ་ཉིད་དུ་མཐོང། །ཐོས་པ་ལ་སོགས་དེ་བཞིན་སྣང་གྱུར་ན། །དེ་ནི་འཆི་བདག་དབང་དུ་སོང་ཞེས་བྱ། །བཤད་གཅི་མེད་དང་མང་གྱུར་འཆི་བའི་རྟགས། །གློ ་བུར་ཞ་དྲང་སྦེག་དང་རྒྱུ་མེད་ཆོ། །སྟོབS་མེད་ཧ་ཅང་སྟོབས་དང་ལྡན་པ་དང། །དྲི་ཞིམ་པས་ནི་ལུས་ལ་ནི། །སྲོག་ཆགས་འདུ་དང་འབྲོས་པ་འཆི་པའི་རྟགས། །གཉེན་གྱིས་མདོར་དང་དགྲ་ནི་བྱམས་པ་དང་།དུང་མོ་སྒྲ་བ་ལ་བསམ་གཏན ་ཁང་པ་འདོར། །གྲིབ་གནོན་ལུས་ལ་ཡང་ཡང་འཇུག་པ་དང། །ལག་མཐིལ་རྐང་པ་དེ་བཞིན་ཚ་དང་འབིགས། །ཆུ་སྦུགས་ལྕགས་བསྲེགས་བཞིན་དུ་མྱུར་དུ་ལྐོག་མར་འབྲུམ་པ་དམར་པོ་འབྱུང་བ་དང། །གློ་བུར་མཚན ་མ་ནུབ་པར་གྱུར་དང་འཕྱང། །དེ་ལ་སོགས་པ་ལུས་ཀྱི་རྟགས་ཤེས་བྱ། །ཐམས་ཅད་སེམས་ཀྱི་དབང་དུ་བྱེད་པ་སྟེ། །སེམས་ལས་མི་གཏེགས་དོན་གཞན་མེད་པར་གསུངས། །དེ་ཕྱིར་རང་སེམས་བརྟག་པ་མ་གཏོགས་པ། །ཕྱི་རོལ ་དོན་ནི་ཐམས་ཅད་འཁྲུལ་ཀྱང་སྣང། །རྣལ་འབྱོར་པ་ནི་ཤིན་ཏུ་ཁྲོ་བ་འདོད། །ལྷག་པར་ཆགས་དང་ལྷག་པར་གཉིད་ཆེ་དང། །རབ་ཏུ་མི་དགའ་ཀྱི་ཧུང་སྨྲེ་སྔགས་འདོན། །ཧ་ཅང་དགའ་དང་མངོན་ཤེས་ཐོབ་སྙམ་དང། མཁའ་ལ་འཕུར ་སྙམ་ཏིང་འཛིན་ཐོབ་སྙམ་དང། །དམིགས་པ་བརྗེད་དང་དེ་ལ་ཡིད་མི་འགྲོ། །ནང་གི་ཉི་ཟླའི་རླུང་ནི་ལོག་པ་དང། །ལྷག་དང་ཆད་དང་ཧ་ཅང་འཕེལ་དང་འགྲིབ། །དུས་སུམ་མིན་དང་ཧ་ཅང་ཐ་རིང་དྲན། །ཕུག་དང་མུན་པ་བུག་པ་ལ་སོགས་སེམས།། ་འཇིག་རྟེན་པ་ནི་བརྒྱ་དང་དྲུག་ཅུར་དྲན། །འཇིག་རྟེན་འདས་ལས་སེམས་ནི་ལོག་པ་དང། །རྙེད་དང་ཚོད་དང་གཉེན་གྱི་བྱ་བ་དང། །ལུས་དང་ལམ་གྱི་ཆང་སྒོམ་འདུན་པ་དང། །འཁོར་དང་བསོད་སྙོམས་སྟེར་ལ་མངོན་པར་དགའ་། །གྲགས་པའི ་གཏམ་དང་རབ་བྱུང་ཁྱིམ་པ་དང། མང་པོར་འདྲེ་དང་བདག་གི་བདེ་བ་འདོད། །འཁོར་འདོད་འཁོར་ལ་ཧ་ཅང་མི་དགའ་དང། །བསྒོམ་དང་བཟླས་དང་སྦྱིན་སྲེག་ཚོགས་འཁོར་རོ། །སྔོན་དུ་བྱེད་པ་ལས་ནི་ཉམས་པ་དང། །མ་ཕྱིན་པ་དང་ཡུལ་སའི ་གཏམ་ལ་དགའ་། །གཉེན་དང་འབྲུག་དང་རྒྱལ་པོའི་འཐབ་མོ་དང། །དུག་དང་བྱད་སྟེམས་མ་མོའི་སྤོང་གཏོང་དང། །གཞོན་ནུའི་སྦྱོར་དང་བསང་དང་བསད་དབང་མེད། །ས་བདག་དང་ནི་མི་ཡི་བདག་པོ་དང། །གདོན་དང་འདྲེ་ཆེན་གནས་པ ་ཆགས་པ་དང། །སྲོག་ཆགས་གདུགས་དང་གཡང་སའི་ལམ་གནས་པའི། །རྣལ་འབྱོར་པ་ནི་འཆི་བ་མྱུར་དུ་ཐོབ། །རང་གི་སེམས་ནི་ཡོངས་སུ་གྱུར་པའི་ཕྱིར། །འཁྲུལ་ཀྱང་རྨི་ལམ་ཁྱད་དུ་བསང་མི་བྱ། །ཐུབ་པའི་དབང་པོས་ཆོས་ཀུན་རྨི་འདྲར་གསུངས། །དེ་ཕྱིར་རླུང་སོཌ་མ ་ཡིན་རྟགས་ཀྱིS་ཀྱང། །རྨི་ལམ་ན་ནི་དུས་མཚན་ནག་མོ་མཐོང། །དེ་ལ་ཆགས་སྤྱོད་དེའི་དབང་གྱུར་དང། ཤིང་ལ་འཇོགས?་དང་ཤིང་དང་རི་ལས་ལྷུང། །བུང་བུ་རྔ་མོས་ལྷོ་དང་ཤར་ཕྱོགས་དང། །སྤྲེའུ་ཞོན་པས་ཤར་དུ་འགྲོ་བ་དང། །ཤིང་རིང་ཐལ་ཕུར་གྲོཌ ་མཁར་སྲོག་ཤིང་འཇོག། ཀ་ར་བ་རིའི་ཕྲེང་ཐོགས་དྲི་ཚོགས་བྱུགས།།ཐོག་ཐོག་སེར་བ་རྡེ?་བའི་ཆར་པས་ནོན། །སྔར་ཤིའི་མི་དང་འགྲོགས་དང་ལམ་དུ་ཞུགས། །ཡན་ལག་ལྕག་སྒྲོག་ལྡན་དང་གཟེབ་དུ་བཅུག། གོས་མེད་གོས་དང་རྒྱན་ཕྲེང་དམར་པོ་ཐོགས།། ་དེ་ལ་སོགས་པ་འཆི་ལྟས་རྣམ་པར་འགྱུར། །ཐ་མལ་རྟགས་སུ་དེ་ལྟར་བཤད་པ་སྟེ། །འབྱུང་བ་རླུང་སོགས་ནང་ནི་རྣམ་གཉིས་གཞན། །འཆི་བདག་སྡེ་རྣམས་གཞོམ་ཕྱིར་སྔགས་དང་ནི། །སྨན་དང་བསམ་གཏན་རིན་ཆེན་རྣམས་ཀྱིས་སོ། །འབྱུང་པོའི་གདོན ་ལ་སྔགས་ཀྱིས་བསྲུང་བ་སྟེ། །འགྱུར་བ་འཁྲུགས་པ་ལ་ནི་སྨན་གྱིས་གོས?། །ནང་གི་རླུང་ལ་ཏིང་འཛིན་སྟོབས་ཀྱིས་སོ། །གདུག་པ་རྣམས་ལ་ཚེའི་ནོར་བུས་གསོ། །གནོད་འཇོམས་སྨིན་ནི་གང་དང་གང་བཤད་པ། །གང་དུ་གཅིག་གིས་ཐམས་ཅད་འགྲུབ་པར་བཤད ་དེ་དག་བསྡུས་པའི་སྟོབས་ལས་བྱུང་ཤེས་ནས། །མཁས་པ་རྣམས་ཀྱིས་རབ་ཏུ་བརྟག་པར་བྱ། །འཆི་བདག་གཞོམ་པའི་ལེའུ་སྟེ། གཉིས་པའོ།། །།འཁོར་བར་སྲོག་ནི་ཡུན་རིང་གནས་གྱུར་ཀྱང། །བགེགས་ཀྱིས་བསོད་ནམས་མ་ལུས་ཟང་བྱས་པS།། ་ཡོན་ཏན་རྣམས་ནི་འགྲུབ་པར་མི་འགྱུར་བས། །བགེགས་རྣམས་བཟློག་ཕྱིར་བསྲུང་བ་ཆེན་པོ་བྱ། །གསོལ་པ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །བཀའ་སྩལ་པ། །རིག་པའི་མཆོག་དང་དབུང་པ་ཟངས་ལ་སོགས་སུ། །ལྟ་བའི་གདོན་ནི་གང་དང་གང ་བཤད་པ། །སྡེ་དཔོན་འཁོར་དང་དེ་ཡི་རིགས་སུ་གཏོགས། །ས་སྟེང་མི་ལ་རྟག་ཏུ་འཚེ་བར་བྱེད། །དེ་དག་བཟློག་ཕྱིར་གནས་དང་མཚན་ཉིད་དང། །བསྲུང་དང་དེ་ངས་པར་ཕྱིར་ངས་བཤད་དོ། །དགེ་པའི་བཤེས་ལ་གུས་པ་ཆེར ་བསྐྱེད་ལ། །འགྲོ་ལ་ཕན་ཕྱིར་ཉོན་ལ་ཡིད་ལ་ཟུང། །སྒྲུབ་པ་པོ་ཡི་སེམས་ལ་རབ་ཞུགས་ནས། །རབ་ཏུ་འབད་ཏེ་བར་ཆད་བྱེད་པ་ནི། །ལྟ་ཡི་བུ་ནི་ཚངས་པ་ལ་སོགས་པའི། །ཕྱོགས་བཅུ་སྐྱོང་བའི་ལྷ་ལས་གྲངས་འདྲ་བ། །ཚངས་པའི་སྲིན ་པོ་དང་ནི་འདོད་པའི་ལྷ། །གཟུགས་མེད་ལྟ་ནི་བར་ཆད་བྱེད་པ་མིན། །གླང་ཆེན་གདོང་དང་པདྨའི་ཕྲེང་ལ་སོགས། །དེད་དཔོན་བཅུས་ནི་གདོན་པར་རབ་ཏུ་བྱེད། །རིས་སུ་གཏོགས་པ་བགེགས་རིགས་སྟོང་ཕྲག་ནི། །བརྒྱད་ཅུ་མི་ལ ་འཚེ་བར་བྱེད་པ་སྟེ། ཚངས་པ་ལས་སོགས་ལྷ་ནི་སྟེང་གི་ཕྱོགས། །འོག་ན་འདུག་པས་དང་ཀླུ་ཡི་སྟེ། །ཤར་ཕྱོགས་ན་ནི་དྲི་ཟའི་རིགས་རྣམས་སྟེ། ལྷོ་ནི་གྲུལ་བུམ་ནུབ་ན་ཀླུ་ཡི་རིགས། །བྱང་དུ་གནོད་སྦྱིན་ཤར་དུ་དབང་པོ་དང། །ལྷོར་ནི ་གཤིན་རྗེ་ནུབ་ཏུ་ཆུ་ཡི་བདག། བྱང་དུ་གནོད་སྦྱིན་ཤར་ལྷོར་བྱིན་ཟའོ། །ལྷོ་ནུབ་བདེན་བྲལ་ནུབ་བྱང་སྤྲིན་གི་སྒྲ། །བྱང་ཤྲ་མཚམས་སུ་དབང་ལྡན་གནས་པ་སྟེ། །བདུད་རྣམས་ཕྱོགས་ནི་བཅུ་པོ་རབ་ཏུ་བསྲུང། །ད་དག་མཐར་པར་འབད་ལ ་བགེགས་བྱེད་དོ། །རང་གི་སྤྱོད་ཡུལ་ལས་ནི་འདའ་སྙམ་སེམས། །བསོད་ནམས་གཟིན་ནི་ལུས་ལ་འཇུག་བྱེད་དེ། འཁོར་དང་རྙེད་པ་གྲགས་དང་སྙམ་པ་དང། །འཇིག་རྟེན་པའི་བསམ་གཏན་སྐྱེད་པར་བྱེད། །དེ་ཡི་སེམས་ཀྱིས ་གཟེངས་ནི་བསྟོད་བྱས་པས། །སྐྱེ་བོ་ཕལ་ཆེན་དབང་དུ་སྡུད་བྱེད་ཅིང། །བསོད་ནམས་དངོས་པོ་ལ་ནི་རབ་ཏུ་འཇོག། ཡེ་ཤེས་ཚོགས་ལ་མངོན་པར་མི་དགའ་ཞིང།།འཁོར་བར་འདྲེ་བའི་གཏན་ལ་ལྟག་ཏུ་བརྩོན། ། ་ཁ་ཅིག་མངོན་ཤེས་ཐོབ་ཕྱིར་གཟུགས་རྣམས་མཐོང། །ཏིང་འཛིན་དཔལ་མེད་མངོན་དུ་གྱུར་སྙམ་དང་སངས་རྒྱས་ཞིང་དུ་འགའ་ཞིག་ལུང་བསྟན་ཐོབ། །འགྲོ་བའི་དོན་དུ་ཀུན་ཏུ་འགྲོ་བར་རིག། །སྒྲ་དང་འོད་འབྱུང་ནམ་མཁར་གཟུགས་ཀྱང་སྟོན། །མེ་ཏོག་མཐོ་ཞིང ་སྔོན་གྱི་སྤྱོད་ཚུལ་དང། །ད་ལྟ་མ་འོངས་ལུང་ནི་སྟོན་པར་བྱེད་། །སངས་རྒྱས་ཞིང་ནི་མང་པོར་རབ་སྟོན་ཅིང། །མྱ་ངན་འདས་ལ་མཆོག་གཞོལ་ལུང་ཡང་སྟོན། །དེ་ཡིས་གཞན་གྱི་སེམས་ནི་རབ་བསྐུལ་ཏེ། །སྦྱིན་སོགས་རྒྱ་ཚེན་གུས ་པ་རྒྱ་ཆེན་ཡང། །ཁ་ཅིག་ལ་ནི་འདུན་པ་ཟློག་བྱེད་ཅིང། །ཟས་དང་གོས་མེད་ཏིང་འཛིན་ལས་ཉམས་བྱེད། །འདོད་ཆགས་ཅན་ལ་འདོད་པ་སྐྱེད་བྱེད་ཅིང། །ཁྲོ་འདོད་ཁྲེ་བྱེད་ལ་རྨོངས་ལྷག་པར་རྨོངས། །རླུང་ཅན་ལུས་ལ་རླུང་དུ་འཇུག་བྱེད་ཅིང།། ་མཁྲིམ?་སོགས་ནད་ཅན་རྣམས་ལ་དེ་བསྐྱེད་དེ། །ཁ་ཅིག་སེམས་གཡང་ཏིང་འཛིན་ཐོབ་མི་བྱེད། །ཁ་ཅིག་ཐོས་ལས་ཉམས་བྱེད་དམན་པར་སྒྱུར། །ཁ་ཅིག་ལ་ནི་རྒྱལ་བའི་སྐུར་སྟོན་ཅིང། །གཞན་ལས་རྒྱལ་སྲས་ཉན་ཐོས་གཞན་དག་ལས། །མཁན་པོ་སློབ ་དཔོན་ལྷན་ཅིག་གནས་པ་དང། །ཉེ་གནས་ཚུལ་གྱིས་དག་ལ་ཟློག་པར་བྱེད། །ཁ་ཅིག་ལ་ནི་ཕ་མ་སྤུན་ཟླ་དང། །སྲིད་མོ་ཆུང་མ་བྱི་མོ་སྙིང་ཉེ་དྲན། །ཁ་ཅིག་ལ་ནི་ལྷ་ཡི་ཆ་བྱད་དང། །ལྷ་མོའི་ཆ་ལུགས་སྐྲ་ནི་རབ་ཏུ་གནག། །ནུ་མ་ཕོ་ལོང་མིག་ནི་རི་དགས་འདྲ ་གླང་ཆེན་བརླ་འདྲ་རྐེད་པ་རྡོ་རྗེ་བཞིན། །ཆགས་པའི་མཚན་མ་མེད་དུ་སྔོན་བྱེད་པས། །རྣལ་འབྱོར་པ་ཡི་སེམས་ནི་ཤིང་བ་ལ་བཞིན། །དེ་ག་སེམས་ཀྱིས་ཁ་ཅིག་མནར་སེམས་རྒྱུའི། །ཚིག་གི་ཞེ་སྡང་མེ་ནི་ཤིང་སྐམ?་བཞིན། །ཁ ་ཞལ་ནི་བྱ་དར་མི་བྱ་བ། །མི་ཤེས་ཕྱིར་ན་མུན་པར་གཟུགས་བཞིན་ཏེ། །ཁ་ཅིག་འབྱུང་པོ་དྲག་པོའི་ཆ་བྱང་ཅན། །མཚོན་ཆ་འབར་དང་སྡིགས་མཛུབ་སྡིགས་པར་བྱེད། །ཁ་ཅིག་ལ་ནི་འདོད་པ་ལྔ་སྟོབས་ཤིང། །ཁ་ཅིག་ལ་ནི་གྲགས་སོཌ་འཇིག་རྟེན་ཆོས།། ་གཞན་ལ་ཐོས་སོགས་ལ་ལར་འབྱོར་པའི་སྟོབས། །ལ་ལ་ལ་ནི་ཐོག་དང་སེར་བ་འབེབས། །ཁ་ཅིག་ཏིང་འཛིན་ལས་བཟློག་ཚུལ་ཁྲིམས་ལ། །དེ་ལས་བཟློག་ནས་ལ་ལ་སྦྱིན་ལ་འགོད། །ལ་ལ་བསམ་གཏན་ལས་བཟློག་འཆང་པ་དང ་འཆད་པ་པོ་ནི་ཞལ་ཏའི་ལས་ལ་སྦྱོར། ལ་ལ་རབ་ཏུ་བྱུང་པ་ཁྱིམ་གནས་ལ། །ཐེག་ཆེན་ལས་བཟློག་ཉན་པོས་ཐེག་?་འཛུད། །སླབ་གསུམ་གནས་ལས་གཞན་ནི་བཟློག་གནས་སུ། །མཆོད་རྟེན་ལ་སོགས་བསོད་ནམས་ཆེ་ལ་དགོང། །ལ་ལ་བསམ་གཏན་ཁང ་པར་སྒྲ་འབྱིན་ཅིང། །སྒོ་ནས་འཇིགས་པའི་སྒྲ་འབྱུང་ཆོས་ངེས་འདེབས། །མཉམ་གཞག་མིང་ནས་འབོད་ཅིང་རབ་ཏུ་དགོད། །སྦྱུགས?་པ་གླུ་ལེན་ཕེག་རྡོབ་དུང་གི་སྒྲ། །སེ་གོལ་ཏོགས་འདྲ་འཁུན་དང་སེ་མོའི་དྲི། །འདར་དང་དངས་པ་གློ་བུར་སྐྱེད་བྱེད་ཅིང། །མི་སྡུག་གཟུཌ ་སྟོན་རྡག་དང་འཕུལ་བ་དང། །བསམ་གཏན་མི་དགའ་ལུས་ཀྱི་ཡང་དང་ལྗིང། །རྒྱུད་མེད་གཅིག་བུ་སྨྲ་དང་དགོད་དང་ཁྲོ། །གློ་བུར་དུ་ནི་གཞན་གྱི་སེམས་ཤེས་ཤིང། །འཇིག་པའི་སྐར་མདའའོད་ཟེར་མེ་འབར་དང། །དམན་པའི་མན་ངག་སྟོན་པའི་འདོད ་ལྷ་བཞིན། །ལ་ལར་བདག་ནི་མྱུར་དུ་འཆི་སྙམ་དང། །བསམ་གཏན་འགྲུབ་པར་མི་ནུས་ཐོས་སོགས་ཡིན། །ད་ནི་ཅི་བྱ་འབྲས་བུ་མ་ཐོག་ཅིང། །དམན་པས་ཡི་ཆད་སྒྱིད་ནི་ལུག་པར་བྱེད། །ཁ་ཅིག་མ་བརྟགས་བརྩོན་ལ་འཇོག་བྱེད་དེ། །བར་དོར་ཉམས ་པས་འབྲས་བུ་མེད་པར་བྱེད། །གཞན་དག་གང་བྱེད་དེ་ལས་བཟློག་བྱེད་དེ། །དེད་དང་དེ་མེད་འབྲས་བུ་དང་པོ་བཞིན། །ཁ་ཅིག་ཆོ་ག་ཉམས་ལ་སྦྱོར་བྱེད་དེ། །འབད་པ་བྱས་ཀྱང་དེ་དོན་འགྲུབ་མི་འགྱུར། །ལ་ལ་འགྲོ་བ་མི་འདོད་ལ་གནས་པས། །བར ་དང་འཆི་བའི་གནས་ནི་ངེས་མི་ཤེས། །མདོར་ན་དང་གི་ལ་ནི་ཐེག་ཆེན་ལ། །ཞུགས་པའི་ཏིང་འཛིན་ལ་སོགས་པར་ཆད་བྱེད།།སྲོག་དང་དངོས་གྲུབ་གཉིས་ཀ་འཕྲོག་པའི་ཕྱིར། །བླ་མའི་ལུང་གིས་བཟློག་པ་ཚོགས་དང་བྲལ། །བླ་མའི་དག་མེད་ ་སྒྲུབ་པ་ལ་འཇུག་པ། །སྲོག་དང་དངོས་གྲུབ་བགེགས་ཀྱིས་འཕྲོག་བྱེད་དེ། །བགེགས་ཀྱི་སྤྱོད་པ་སྟོང་ཕྲག་བརྒྱད་ཅུ་སོགས།།བརྗོད་པར་མི་ནུས་འོན་ཀྱང་མདོར་བཤད་དོ། །བསོད་ནམས་བསགས་པའི་ལུས་ལ་གདོན་དང་ནི། །དེ་ཡི་རིགས་ཀྱིས་གནོད་པར་མི་རིགས་ཀྱང། །སྔོན ་ཆད་བྱས་པའི་ལས་ཀྱི་ནུས་པ་དང་འཕྲལ་ཀྱིས་སྐྱེན་གྱིས་གནོད་པ་འབྱུང་བ་སྲིད། །ལས་ཀྱང་ཉོན་མོངས་སྟོབས་ཀྱིས་ནུས་སྐྱེད་དེ། །དེ་ཕྱིར་ཉོན་མོངས་བཟློག་པས་དེ་མེད་འགྱུར། །འབྱུང་བ་འཁྲུགས་སོགས་རྐྱེན་ལས་གང་བྱུང་བ། གསོ་བ་རིགས་པ་ལས་ནི་ཤེས་པར་བྱེད།། ་རྐྱེན་དང་གཞན་གནོད་འབྱུང་བའི་རྒྱུར་གྱུར་བ། །སྒྲུབ་པའི་ས་གཞི་ལེགས་པར་མ་སྦྱངས་ཤིང། །བསྲུང་བའི་ཆོ་ག་ཚུལ་བཞིན་མ་བྱས་པས། །བགེགས་ཀྱི་བར་ཆད་དག་ནི་བྱེད་པར་འགྱུར། །གཉུག་མར་གནས་པའི་འབྱུང་པོ་ལ་འཚེ་དང། །ཡི་དགས་རྣམས ་ལ་གཏོར་མ་སྦྱིན་མི་བྱེད། །འདྲེ་ལ་སོགས་པ་ལྷ་བཞིན་མཆོད་བྱེད་ཅིང། །དཀོན་མཆོག་གསུམ་དང་བྲལ་ན་བགེགས་འབྱུང་འགྱུར། །གཞན་གྱི་རིགས་སྔགས་གཅོད་པར་བྱེད་པ་དང། །བགེགས་ལ་ཕུར་བུས་འདེབས་དང་སྤོང་གཏོང་བྱེད། །དབང་མཐོབ་དང་ལུང་མེད ་ལོག་ཞུགས་ལ། །བགེགས་ནི་རྟག་ཏུ་འཚ་བར་བྱེད་པ་ཡིན། །བྱམས་སོགས་དང་བྲལ་གསང་སྔགས་དྲག་ཟློས་དང། །རང་གི་དམ་ཚིག་ལས་ཉམས་གདུག་སེམས་ཅན། །སྔ་གནས་སུ་སྦྱིན་སྲེག་བྱེད་པ་དང། བཤད་དང་གཅི་དང་འཁྲིག་སྦྱོང་སྲོག་ཆགས་གསོད།། ་ནུབ་ཏུ་ཁ་བལྟས་ཆུ་མིག་སེ་སྐྱེར་ལྡན། །དྲག་པོ་ཆགས་པའི་རྡོ་བཟློག་ཤིང་གཅིག་གཅོད། །ཐབ་གཏང་བྱེད་པ་ཀླུ་ཡིས་བརླག་འགྱུར་ཏེ། བྱང་དུ་ཁ་བལྟས་པ་ཡང་དེ་བཞིན་ནོ། །སྔགས་བསྒྲུབ་སྒོ་ནི་ལྷོར་བསྟན་དང། །ནུབ་ཏུ་སྔགས་བསྟན་དང་ལྷ་མི་གྲུབ་དང། ། ་བླ་མ་དགེ་སློང་ལྷ་ཁང་ཕྱག་མི་བྱེད། །དེ་དག་རྣམས་དང་ཕ་དང་མ་ཡིན་ནི། །གང་དུ་འགྲེལ་གདོན་གྱིས་གནས་སྐབས་རྙེད། །མི་རོ་གནས་བླུ་ས་དུར་ཐལ་ཕུང་དང། །ལྷ་ཁང་སྒོ་དང་དྲི་སྣ་ཆུ་ཡི་མདོར། །ཉལ་བར་བྱེད་ལ་བགེགས་ནི་འབྱུང་བར་འགྱུར།། ་གཅིག་བུ་འགྲོ་དང་མཚན་འགྲོས་བྱེད་པ་དང། །གཞན་ལ་འཚེ་བའི་བསམ་པ་རྟག་ལྡན་ཞིབ། །རང་གི་སྲུང་བསྒྲུབ་ལས་ལ་མི་བརྩོན་ཞིང། །དེ་ལ་གདོན་ནི་རབ་ཏུ་འབྱུང་བར་བཤད། །གསང་སྔགས་ཟློས་པས་མཛེ་པོ་རྨ ་ཅན་དང། །རྟ་རྒྱུག་ལྕག་གཞུ་རྣམས་དང་ལ་ཕུག་དང། །ཆང་དང་ཆད་འདྲ་རྣམས་ནི་སྤང་བར་བྱ། །དེ་དག་བྱས་པས་གསང་སྔགས་མི་འགྲུབ་ལ། །དེ་མ་གྲུབ་ཕྱིར་གདོན་ནི་འཇུག་པར་འགྱུར། །དཔུང་བཟངས་ཞུས་པའི་དམ་ཚིག་ལ་གནས་གྲོལ། །རྒྱུད ་གཞན་ལས་འབྱུང་བཟློག་པའི་ཆོ་ག་ནི། །བསྟན་པར་བྱས་ཡིས་རབ་ཏུ་གུས་པས་ཉོན། །རང་སེམས་སྣང་ཕྱིར་སྔགས་དང་ཆོ་ག་སྦྱང། །བྱམས་ལ་སོགས་པས་རྣལ་འབྱོར་བསྲུང་བྱས་ལ། །བསོད་ནམས་ལ་སོགས་ཚོགས་ཀྱིས་བདག་བསྲུང་བྱས། ། ་ཧཱུཾ་ལས་བྱུང་བས་གནས་ནི་ཀུན་ཏུ་བསྲུང། །རྡོ་རྗེས་ཁྲོ་བོ་ལ་སོགས་སྐུར་བསྒོམས་ཏེ། །ཆོ་ག་རྫོགས་པས་སྦྱང་བར་བྱ། །རྡོ་རྗེ་རིགས་གཙོ་ཕོ་ཉ་མོ་ཡི་ཚོགས། །རིག་པ་མང་པོ་བརྟེན་པའི་ལྷ་མོ་དེ། །བཟླས་པ་ཙམ་གྱིས་བགེགས་རྣམས་ཕུང་བ་དང།། ་རྔམ་པ་འདོན་ཕྱིར་ཕྱོགས་བཅུར་འབྲས་པར་འགྱུར། །ཡེ་ཤེས་གཟུགས་ཅན་ཁྲོ་བོ་བཅུ་ཡིས་ནི། །ཕྱོགས་སྐྱོང་བཅུ་པོ་དབང་དུ་བྱས་པས་ཀྱང། །བགེགས་ཀྱི་སྦྱོར་བ་མ་ལུས་ཞི་བར་འགྱུར་ཏེ། །བྱམས་སེམས་ཐོབ་པས་བདག་ལ་སྲུང ་བར་བྱེད། །ཡེ་ཤེས་མི་ཡི་འོད་ཟེར་འཕྲོ་འདུ་ཡིས། །སེངྒེའི་གཟུགས་ཅན་སྔགས་ཀྱི་ཕྲེང་བ་ཡི། །རབ་ཏུ་འཁྱོར་བའི་བཟླས་པ་བྱས་པས་ཀྱང། །བགེགས་རྣམས་ལུས་ནི་རབ་ཏུ་འབར་བར་འགྱུར། །གྲུ་གསུམ་རེ་བའི་ས་བོན་ལས ་སྐྱེས་པའི། །འབར་བའི་ནང་དུ་ཏིང་འཛིན་འོད་ཀྱིས་བཀུག། ཏིལ་བསྲེགས་བཞིན་དུ་ཐལ་བར་བྱས་པས་ཀྱང། །སྦྱོར་པ་མ་ལུས་རླག་པར་བྱེད་པར་བཤད། །ཧཱུཾ་སྐྱེས་རྡོ་རྗེ་རབ་འོད་དང་བཅས། །ས་གཞི་རྡོ་རྗེའི་རྒྱལ་པོར་རབ་སྤྲུལ་ཏེ། མེ་འབར ་ནང་གིས་ལྷ་ཡིས་འཁོར་གྱིས་བསྲུང། །བགེགས་ཀྱིས་མཐོང་བར་མི་འགྱུར་འོད་མི་འགྱུར། །བྷྲུཾ་སྐྱེས་རྣམ་པར་སྣང་མཛད་གཞལ་ཡས་སུ། །ཡེ་ཤེས་འོད་ཟེར་ཡི་གེའི་སྒྲས་བསྐུལ་ནས། །འཆི་མེད་ལུས་ལ་དྲངས་པོ་བགེགས་ཀྱིས་ནི། །སྦྱོར་བ་མ་ལུས་སྦྱར? ་མཛད་སྒོ་ནས་འབྱེར། །ཧཱུཾ་གསུམ་པ་ལས་བྱུང་བའི་བདུད་རྩིའི་ཟས་བརྟེན་པས། །རྡོ་རྗེ་མི་འཆི་ལུས་ཐོབ་བགེགས་མེད་དེ། །མེ་ཡིས་ལྕེ་ལ་ཕྱེ་མ་ལེབ་བཞིན་དུ། །ཐལ་བར་གྱུར་ནས་ནམ་མཁའ་དེངས་པར་བྱ། །རྡོ་རྗེའི་གོ་ཆ་ཡ་ལ་དམ་ཚོན་ཐོགS་ན། །བདུད་ཀྱི ་དཔའ་བོ་རྣམས་ཀྱི་འབྱོར་བར་འགྱུར། །བྱམས་པའི་གོ་དགོས་སྙིང་རྗེའི་མཚོན་ཐོགས་ཏེ། །དགའ་བའི་དཔའ་སེམས་བྱང་ཆུབ་སེམས་ཀྱིས་ནི། །རྟ་ཞོན་བཏང་སྙོམས་ཀྱིས་ནི་གཡུལ?་འགྱེད་པས། །ཞེ་སྡང་ལས་བྱུང་བགེགས་ཀྱི་གཡུལ་ཆེན་འཇོམས།། ་སྟོང་པ་ཉིད་ལ་རང་གི་བློ་གནས་ཏེ། །སྣང་བ་རྣམ་རྟོག་ལས་སྐྱེས་ཤེས་བྱས་ནས། །དངོས་མེད་ཆོས་ཀྱི་རང་བཞིན་བསྒོམ་པ་ཡིས། །རྣམ་རྟོག་ལས་བྱུང་བདུད་ནི་མེད་པར་འགྱུར། །ལྷ་ལ་སོགས་པའི་བདུད་གཞོམ་པ་སྟེ་ལེའུ་གསུམ་པའོ།། །། ་ཉོན་མོངས་བདུད་ནི་གཞོམ་པར་མ་བྱས་པར། །ལྷ་ལ་སོགས་པ་བདུད་བཟློག་མི་འགྱུར་བས། །མེ་མི་འདོད་པས་ཤིང་ནི་སྤོང་བ་ལྟར། །ཉོན་མོངས་བདུད་ནི་བཟློག་ཕྱིར་འབད་པར་བྱ། །གནས་པ་རྣམ་པ་གསུམ་ནི་རབ་གནས་པས། །ཉེས་པ་རྣམས་ནི་རབ་འཇོམS ་ལུང་ཉིད་ལས། །ཐུབ་པའི་དབང་པོས་རྒྱུད་ལས་གསུངས་པ་བཞིན། །རབ་ཏུ་བསྟན་གྱིས་རབ་ཏུ་གུས་པས་ཉོན། །འདོད་ཆགས་ཤས་ཆེར་མི་གཅང་ཤ་ཚིལ་དང། །པགས་པ་ཀེང་རུས་ལྟ་བས་རྣམ་པར་བཟློག། །ལུས་འདི་མི་གཙང་པགས་པ་ཤ་ཁྲག ་རྐད། །ཀླད་རྒྱས་རྒྱུ་མ་མཚོར་མཆིན་མཁལ་མ་ཁྲག། མཁྲིས་པ་བད་ཀན་ཁུ་ཆུ་ཕྱིས་ས་དང། །གཅིན་རྣམS་བ་སྤུ་སྒོ་དང་རུས་པ་དང། །མིག་དང་རྣ་བ་སྣ་དང་ཁ་དང་ནི། །བཤད་སྒོ་མཚན་དང་བུ་ག་དགུ་པ་ཡི། །རྨ་ནས་དྲི་མ་སྣ་ཚོཌ་མི་གཙང་བའི། །འཛག་མའི་རྒྱུན ་ནི་རྟག་པར་འབྱུང་བ་ཡིན། །དེ་ལྟར་ཡན་ལག་ཐམས་ཅད་འདུས་པ་དང། །ས་ཆུ་མེ་རླུང་ན་མཁའ་རྣམས་དང་ལྡན། །ཇི་བཞིན་ལས་ཀྱི་རྗེས་འབྲང་མི་ཡི་ལུས། །ཐམས་ཅད་ལྡན་པའི་ལུས་ལ་གནས་པ་ཡིན། །འདོད་ཆཌ་ཀྱིས་ནི་གདུངS ་པ་གྱུར་ན་ཡང། །ལུས་ཀྱི་ཡན་ལག་འདི་དག་ཐམས་ཅད་ལ། །དྲན་པ་རྩེ་གཅིག་མངོན་དུ་བྱས་ནས་ནི། །ཡེ་ཤེས་མིག་གིས་སོ་སོར་རྣམ་པར་བརྟག། དེ་ལྟར་གང་ཞིག་ངེས་པར་བརྟགས་པ་ནས། །ལུས་དང་སྲོག་ལ་རྗེས་སུ་ཆགས་པ་ཡིས། །འདོད་ཆགས་རྩ? ་ཡོང་ཡེ་ཞི་གྱུར་ཏེ། །ཉི་མས་མུན་ནག་གཏན་ནས་གསལ་བ་བཞིན། །འཚོལ་དང་མཛའ་བ་ཤེས་དང་ནི་རྣམ་པར་བྲལ། །མི་སྡུག་པ་དང་ཕྲད་ཅིང་འདོད་པས་གདུངས། །ངན་པ་སྐྱེ་རྒ་འཆི་བའི་སྡུག་བསྔལ་ཅན། །ཡུལ་རྣམས་ཀུན་ཏུ་སོང་ནའང་དེ་མེད ་མིན། །ཤ་སྦྲང་ཚ་གྲང་བཀྲེས་དང་བསྐོམ་ལ་སོགས། །གང་དུ་སོང་ནའང་སྡུག་བསྔལ་ཉིད་ཡིན་པས། །ཡུལ་མངོན་དགའ་བའི་སེམས་ནི་བྱུང་བས་ན། །རྣམ་རྟོག་དེ་དག་རྣམ་པར་བཟློག་པར་བྱ། །སེམས་ནི་གློག་དང་སྤྲེའུ་དང་སྤྲིན་དང་མཚུངས། །དེ་བཞིན ་རྒྱ་མཚོ་བོའི་རླབས་དང་འདྲ།།རྒྱ་མཚན་འདོད་རྒྱུར་ཡུལ་ལ་ལ་མངོན་པར་དགའ་། །གཡོ་ཞིང་འཕྱན་པས་ངེས་པར་གདུལ་བར་བྱ། །དེ་ཕྱིར་བཅོམ་ལྡན་རྒྱལ་བའི་དབང་པོ་ཡིས། །ཆོས་འདི་ཀུན་གྱི་རྩ་བ་སེམས་ཤེས་གསུངས། །སེམས་དང་བས་ནི་ལྷ་མིའི་བདེ་བ ་དང། མཐོ་རིས་དང་ནི་བྱང་གྲོལ་ཐོབ་པར་འགྱུར། །སེམས་ཀྱི་སྐྱོན་གྱིས་དུད་འགྲོའི་སྐྱེ་གནས་དང། །སེམས་དམྱལ་གནས་ཤིང་མི་སྡུག་ཐོབ་པར་འགྱུར། །སེམས་དེ་རབ་དང་པར་འགྱུར་བ་ཡིས། །ས་ཆུ་མེ་རླུང་སྐྱེ་རྒ་འཆི་སོགས་དང། །བར་དང་ཐ་མར ་གནོད་པ་ཀུན་དང་བྲལ། །རྣམ་གྲོལ་བདེ་ཞིང་ཞི་བ་ཐོབ་པར་འགྱུར། གསང་སྔགས་དངོས་གྲུབ་ཀུན་དང་ཐུན་མོང་བ། །བདེ་བ་ཆུང་ཞིང་བདེ་བ་བརྒྱད་དང་འབྲེལ། །ཉོན་མོངས་དུག་བཅས་རྣམ་པ་འཇིག་འགྱུར་བ། །དང་བའི་སེམས་ཀྱིས་ཐོབ་པར ་བྱ་བ་ཡིན། །འདོད་རྒྱལ་ལས་ཀྱང་མ་བྱུང་དུས་ལས་མིན། །རང་བཞིན་དབང་ཕྱུག་ལས་ཀྱང་མ་ཡིན་ཏེ། །རྒྱུ་མེད་ཅན་མུན་སྐྱེས་བུས་མ་བྱས་ཀྱང། །ལས་ཀྱང་ཉོན་མོངས་པ་ལས་སེམས་ཅན་བྱུང། །གཟུགས་ནི་འགྱུར་བ་ཆེན་པོའི་བཞི་དང་ལྡན། །དེ་ནི་བདག་མིན་བདག ་ཀྱང་གཟུགས་མ་ཡིན། །གཟུགས་ལ་བདག་མེད་བདག་ལ་གཟུགས་མེད་དེ། །གཟུགས་ནི་སྟོང་པའི་?་བཞིར་རིག་པར་གྱིས། །གཟུགས་ནི་དབུ་བ་རྡོས་བ་དག་དང་འདྲ། །ཚོར་བ་ཆུ་བུར་བཞིན་དུ་རྟག་ཏུ་མེད། །དེ་ལྟར་མཐོང་བ་ལྟ་བ་བཟང་པོ་ཡིན། །གང་ཞིག་གཞན་གྱུར ་དེ་ནི་ལྟ་ངན་གསུངས། །ཚིག་རྩུབ་ཁྱལ་བ་སྨྲ་བ་སྨྲ་བ་དང། གཞན་གྱི་བུད་མེད་བགྲོད་དང་བརྫུན་སྨྲ་དང། །རྐུ་དང་གཞན་གྱི་སྲོག་ཅོད་གནོད་བྱེད་དང། །ཆང་དང་བྱེད་པ་རྟག་ཏུ་སྤང་བར་བྱ། །རྨོངས་པ་གང་ཞིག་ལུས་དང་གང་དང་ཞིག། དེ་བཞིན་ཡིད་ཀྱིས་བསོད ་ནམས་བསགས་བྱས་ཀྱང། །ཐམས་ཅད་ལོག་པར་བལྟ་བ་བཅོམ་པས་ན། །དེའི་རྣམ་སྨིན་མི་འདོད་འབྲས་བུར་འགྱུར། །དཔེར་ན་ས་དང་ཆུ་དང་དུས་ལྡན་ཡང། །ས་བོན་ཚིག་ལས་མྱུ་གུ་མི་སྐྱེ་ལྟར། །དེ་བཞིན་མི་ཤེས་ལོག་བལྟས་བཅོམ་པ་ཡི། །སེམས ་ལ་དགེ་བའི་ཆོས་རྣམས་མི་སྐྱེའོ། །རྟག་ཏུ་སེམས་ནི་དགེ་བ་བཅུ་དག་གིས་།ཆོས་ཀྱི་ལམ་ལ་གནས་པར་བྱས་ན་ལེགས། །སེར་སྣ་དྲེགས་དང་རྒྱགས་པ་རྣམ་པར་སྤངས། །གང་ཞིག་དགྲ་བཅོམ་ཕ་མ་གསོད་པ་དང། ཐུན་པའི་དགེ་འདུན་དབྱེན་ནི་བྱེད་པ་དང། །དེ ་བཞིན་གཤེགས་ལ་སྡང་བའི་སེམས་ཀྱིས་སུ། །གང་ཞིག་མི་དག་སྐུ་འཚལ་འབྱིན་བྱེད་པ། །ཤིན་ཏུ་མི་བཟང་པ་ཡི་ལས་འདི་རྣམས། །རྒྱལ་བས་མཚམས་མེད་ལྔ་པོ་བསྟེན་པར་བཤད། །གཏི་མུག་གིས་ནི་སྡིག་པ་ཅི་བྱས་ནས། །ཕུང་པོ་འདི་ལ་གྲུབ་པ ་ཐོབ་མི་འགྱུར། །མཆོད་རྟེན་འཇིག་ཅིང་བྱང་ཆུབ་སེམས་དཔའ་གསོད?། །ཉོན་མོངས་ཟད་པ་མ་ནི་སུན་འབྱིན་དང། །སློབ་པ་གསོད་ཅིང་དགེ་འདུན་མངའ་བ་ལ། །འདོད་པས་མང་ཉུང་རྐུ་འཕྲོག་བྱེད་པ་དང། །མཚམས་མེད་ཉེ་ལྔ་དེ་བཞིན་གཤེགས་པས་གསུངས ་ཚུལ་ཉམས་མི་ནི་གང་ཞིག་འདི་བྱེད་པ། །སྐལ་པའི་བར་དུ་མནར་མེད་སྡུག་བསྔལ་མྱོད། །གསང་སྔགས་དངོས་གྲུབ་སྒྲུབ་ཀྱང་ཡོད་མི་འཐོབ། །གང་ཞིག་བདེ་བཤེགས་གསུང་གི་གླེགས་བམ་དག། ཆུང་བཟོན་པ་འམ ་མེས་ནི་བསྲེག་པ་འམ། །བསམ་པ་ངན་པས་ཆུར་ནི་འདོར་པ་དང། །ཡད?་ན་ཆོས་ཀྱི་སྐུ་ནི་སྤོང་བ་དང། བསློབ་ཚིགས་མ་ལུས་པས་ནི་བརྒྱན་པོ་ལ། །དགེ་སློང་དག་དང་དགེ་སློ་མ་གསོད་དང། །དགེ་བསྙེན་དག་དང་དགེ་བསྙེན་མ་གསོད་དང། །ངན ་པའི་སེམས་ཀྱི་ལྷ་ཁང་བསྲེག་ཀྱང་རུད། །མིའི་ཡུལ་ན་སྡིག་པ་འདི་བྱས་པས། །དཀའ་བ་སྤྱོད་པ་ལྡན་པ་གྲུབ་མི་མཐོང། །གང་ཞིག་དཀོན་མཆོག་གསུཾ་ལ་གནོད་བྱེད་པའི། །བསམ་པས་གནོད་པ་ཅུང་ཟད་བྱས་ཀྱང་རུང། །བདག་ཉིད་མནར ་མེད་ཡུན་རིང་དམྱལ་བར་གནས། །དེ་ནས་ཐར་ནས་ལས་ཀྱིས་དབང་གྱིས་ནི། །རིགས་ངན་མི་དང་དུད་འགྲོའི་སྐྱེ་བ་ཐོབ། །ངས་ནི་འདི་དག་ཁྱེད་ལ་མདོར་བཤད་དོ། །གང་ཞི་བ་བཟང་ལས་བྱེད་ཐུབ་པ་གསོད། །རིགས་སྔགས་གཅོང་དང་གནོད་པར ་བྱེད་པ་དང། །བསམ་པ་ངན་པས་རིགས་སྔགས་ཚོགས་མི་འཆང། །དོན་མེད་བཞིན་དུ་སེན་མོས་རྩ་གཅོད་དང། །རྐང་པས་སྐེ་བ་ཉེད་པ་ལ་སོགས་པའི། །སྣ་འབིགས་དགེ་འདུན་ལ་ནི་མི་གུས་དང། བྱེད་པ་དང། །བསམ་པ་ངན་པས་རིགས་སྔགས་ཚོགས་མི་འཆང། ་ས་ལ་ལྷུང་བ་སྔགས་པས་བཟའ་མི་བྱ། `?། འདོད་ཆགས་ཟིལ་གྱིས་གནོན་པས་དུད་འགྲོ་དང། །བུད་མེད་བགྲོད་བྱ་མི་བགྲོད་མི་བྱ། །གླང་ཆེན་མི་གདུལ་སྤྲུལ་ཡང་མི་གཟུང་ཞིང། །རྟ་རྒྱུག་པ་དང་ལྕགས་གི་གཞུ་མི་བྱ། གང་ཞིག་སེཾས་ཅན ་ནད་དང་སྔགས་བསྔལ་ལ། །བྱམས་པའི་བསམ་པ་བརྟན་པོར་མེད་པ་དང། །ལས་དེ་རྣམས་དང་ལྡན་པར་གྱུར་པ་དེ། །དངོས་གྲུབ་ནམ་ཡང་འགྲུབ་པར་མི་འགྱུར་རོ། །དཔེར་ན་ནམ་མཁའ་ཐུག་པ་མེད་པ་ལས། །འདོམ་གྱིས་གཞལ་པར་མཛའ་ ་རྟོགས་མི་ནུས་ལྟར། །དེ་བཞིན་དཀོན་མཆོག་གསུམ་ལ་བརྟེན་ནས་ནི། །ཕན་གནོད་བྱས་པའི་དགེ་སྡིག་མཛའ་མི་རྟོགས། །རྒྱ་དང་སྙིང་སྟོར་རྩ་བའི་དུག་དག་གིས། །ཁྱི་ལ་སོགས་པའི་སེམས་ཅན་གསོང་པ་དང། །བྱ་རྒོད་ལ་སོགས་གཟེབ་གྱི་བཅིང་བྱས་ན། ་འདི་དང་ཕ་རོལ་དག་ཏུ་གྲུབ་མི་ཐོབ། །དུད་དགྲའི་མེ་ཏོག་རྙིང་པ་བོར་བ་རྣམས། །རྐད་བས་མི་རྫི་མགོ་ལ་གདགས་མི་བྱ། །བཀྲེས་པར་གྱུར་ཀྱང་དེ་དག་རྣམས་ལ་ནི། །ཕུལ་བའི་ལྷ་བཤོས་ནམ་ཡང་བཟའ་མི་བྱ། །དགེ་དང་མི་དགེའི་བཤེས་པ་བཟུང་ན་ནི། །བྲི་ཟེ? ་དམང་རིཌ་དག་ལ་ཁྱད་བར་མེད། །འོན་ཀྱང་འགྲོ་བའི་བློས་ནི་བྲམ་ཟེ་དང། །འདི་ནི་དམངས་རིགས་ཡིན་ཞེས་བཏགས་པར་ཟད། །བདེན་པའི་ལམ་དམིགས་དགེ་བའི་རྗེས་འབྲང་ན། །དམང་རིགས་དག་ཀྱང་སྐྱེ་ཤི་མེད་པར་འགྲོ། །ལོག་པའི་ལམ་ཞུཌ་པ་ཡི་སྤྱོད་ལྡན་ནད།། ་བྲམ་ཟེ་ཡིན་ཡང་མི་བཟད་དམྱལ་བར་འགྲོ། །ལུས་ཅན་ཤིན་ཏུ་དྲི་མ་?་ལྡན་བདག་འདིན་བཞན་གྱི་དག་པར་མི་འགྱུར་ཏེ། །དེ་ནི་སྡིག་པ་རྣམ་པར་གསལ་བ་དང། །བསོད་ནམས་མ་ལུས་ཡོངས་སུ་བཟུང་བས་འདག། དེ་ལྟར་སྡིག་པའི་ཆོས་ལས་རྣམ་གྲོལ་ན། བདེ་བར ་གཤེགས་པའི་ལེགས་པར་གསུངས་པའི་ཆོས། །དག་ཅིང་གྲོལ་བ་དང་ནི་ལྡན་གྱུར་པ། །ཟློས་པས་སྐྱོན་མདོ་སྡེ་ཀླག་པར་བྱ། །གཙང་ཞིང་དབེན་པའི་ས་ཕྱོགས་ངག་ཏུ་ནི། །འཇིམ་པའི་བྱེ་མའི་ལས་ལས་བྱས་པ་ཡིས། །བདེ་གཤེགས་མཆོད་རྟེན་རྟེན་འབྲེལ? ་སྙིང་པོ་ཅན། །སྡིག་པ་སྦྱངས་པའི་ཕྱིར་ནི་རྟག་ཏུ་གདབ། །རིད་བསེལ་ཅན་གྱིས་གཟུགས་སུ་འམ་མཆོད་རྟེན་ལ། །བསྟོད་ཅིང་དྲི་དང་ཕྲེང་བ་མར་མེ་དབུལ། །གདུགས་དང་རྒྱལ་མཚན་བ་དན་རོལ་མོ་དང། །མཆོག་ཏུ་དད་པ་ཡིས་ནི་དབུལ་བར་བྱ།། ་ཇི་ལྟར་ཆུ་རླུང་ཉིན་མཚོན་རྟག་པར་ནི། །རྒྱུན་མི་འཆད་པར་འབབ་ཕར་འགྱུར་བ་ལྟར། །དེ་བཞིན་ཕྱག་བཅས་བཟླས་དང་བརྟུལ་ཞུགས་ཀྱིས། །བསོད་ནམས་མ་ལུས་པར་ནི་འཕེལ་བར་འགྱུར། །ཇི་ལྟར་སྦྱིན་སྲེག་དང་ནི་བཟླས་བརྗོད་ཀྱི། །གསང་སྔཌ་བསྒྲགས་དང ་དངོས་གྲུབ་མ་ཐོབ་ན། །འཛིམ་པ་ལ་ནི་མཆོད་རྟེན་འབུམ་བཏབ་བམ། ཡང་ན་ཆུ་འགྲམ་བྱེད་མ་དག་ལ་གདབ། །དེ་ནས་དེའི་སྡིག་པ་སྲིད་གཞན་ལ།། བྱས་པ་གང་ཡིན་དེ་ནི་ཟད་གྱུར་ནས། །དེS་ནི་གསང་སྔཌ་མཐུ་ཡིས་འདི་ཉིད ་ལ། །མཐོང་བའི་ཆོས་ལ་བསོད་ནམས་འབྲས་བུ་ཐོབ། །དེ་ཡིས་བདེ་བར་གཤེགས་ལ་དང་བསྐྱེད་ནས། །དེ་བཞིན་དུ་ནི་བྱང་ཆུབ་སེམས་ཀྱང་བསྐྱེད། །རྡོ་རྗེའི་རིགས་ཤེས་བརྗོད་པ་རྒྱ་ཆེན་དང། །དེ་ལ་ཡང་ནི་དད་ཅིང་དགའ་པར་བྱས། གྲཌ་དང་མ་གྲཌ ་རྙེད་དང་མ་རྙེད་དང། །བདེ་དང་སྡུག་བསྔལ་དེ་བཞིན་བསྟོད་དང་སྨད། །སེམས་ཀྱིས་འཇིག་རྟེན་ཆོས་རྣམས་རབ་བཅོམ་སྟེ། སྡིག་པའི་གནས་སུ་གྱུར་པ་སྤང་པར་བྱ། །དཔེར་ན་རྒྱ་མཚོ་སྐད་ཅིག་ཙམ་ཡང་ནི། །མི་ཡི་རོ་དང་ལྷན་ཅིག་མིག་ནས་ལྟར།། ་དེ་བཞིན་རྣམ་རྟོག་སེམས་ཀྱིས་སྡིག་བྱས་པ། །སྔགས་པས་སྐད་ཅིག་ཅམ་ཡང་གནས་མི་བྱ། །བྱམས་དང་སྙིང་རྗེའི་ཆུས་གདབ་ཞེས་སྡང་ལ། དེ་ཞིག་ཅིག་ན་དགྲ་ཡང་མཛའ་བོར་འགྱུར། །མཛའ་པོ་དག་ཀྱང་དགྲ་ནི་འགྱུར་བ་ཉིད། །དེ་བཞིན་ཁ་ཅིག་ཀྱང་ནི ་བར་མར་གྱུར། །བར་མ་དེ་ཉིད་ཀྱང་ནི་དགྲ་བོར་འགྱུར། །དེ་ལྟར་མཛའ་བཤེས་འགྱུར་བར་རིག་བྱ་སྟེ། །བློ་གྲོས་ལྡན་པས་ནམ་ཡང་ཆགས་མི་བྱ། །གཉེན་ལ་དགའ་བའི་སེམས་དག་རྣམ་རྟོག་དང། །བཟློག་ནས་དག་ལ་ཅིག་བདེར་གནས་པར་བྱ། །ལེ་ལོ་འདོད་ཆཌ ་མི་དགེ་ལྡན་པའི་སེམས། །གང་ན་གང་དུ་གཡེང་ཞིང་རྒྱུ་བ་དག། དེ་དང་དེ་མེད་མྱུར་དུ་བཟློག་ནས་ནི། །གསང་སྔགས་ཡི་གེ་མཆོད་ལ་ལེགས་པར་སྦྱར། །དཀོན་མཆོག་གསུམ་ལ་དད་པ་བརྟེན་པར་བྱ། །སོ་ཀའི་ནགས་ཀྱི་མེ་ཡི་མེ་ལྕེ་ཡིས། །མ་སྒྲིབས་བཞིན ་དུ་ཚང་ཚིང་ཀུན་སྲེག་ལྟར། །བཟླས་བརྗོད་མེ་ལ་ཚུལ་ཁྲིམས་རླུང་གིS་སྦར། །བརྩུན་འགྲུས་ཆེན་པོའི་མེ་ལྕེས་སྡིག་པ་སྲེག། མེ་ཏོག་དྲི་བསྟོད་མར་མེ་ཕུལ་བ་དང། །ཚུལ་ཁྲིམས་བརྩོན་འགྲུས་དཀའ་ཐུབ་བྱས་པ་ཡིས། །དགེ་བ་དེ་ཀུན་བླ་ན་མེད་པ་ཡི། ། ་སངས་རྒྱས་བྱང་ཆུབ་བླ་མེད་མཆོག་ཏུ་བསྔོས། །དཔེར་ན་ཆུ་ཀླུང་རྒྱ་མཚོ་ཕྱིན་པ་ན། །ལན་ཚའི་རོར་ནི་གཅིག་ཏུ་འགྱུར་པ་བཞིན། །དེ་ལྟར་བླ་མེད་བྱང་ཆུབ་མཆོག་བསྡོས་པའོ། །བསོད་ནམས་རྒྱལ་བའི་རེར?་ནི་གཅིག་ཏུ་འགྱུར། །དཔེར་ན་སྐྱེས་བུ་ལ་ལས་འབྲས་བུའི་ཕྱིར? ་སཱ་ལུ་བསྐྱེད་ཀྱི་སོགས་མའི་ཕྱིར་མིན་ཡང། །ས་མུ་བསྐྱེད་ནས་སྒྲིབ་པ་མེད་པར་ནི། །སོག་མའི་ཕུང་པོ་ཞོང་ལ་འབྱུང་བ་བཞིན། །དེ་བཞིན་བྱང་ཆུབ་འབྲས་བུ་འདོད་པའི་ཕྱིར། །བསོད་ནམས་སྒྲུབ་ཀྱི་ལོངས་སྤྱོད་ཕྱིར་མིན་ཡང། །སོག་མའི་ཕུང་པོ་དག་དང་མཚུངས ་པར་ནི། །མ་བསྒྲུབས་བཞིན་དུ་མི་ཡི་ལོངས་སྤྱོད་འགྲུབ། །ཚེ་རིང་བ་དེ་ལེགས་པར་ཐོབ་པ་དང། །ཚུལ་བཞིན་བསྒྲུབ་པའི་ཡུལ་དག་རྙེད་པ་འམ། །སྐྱེ་བ་མེད་པར་གྱུར་ཅིང་འགྲོ་བ་ཡི། །བསམ་པ་རྣམས་ནི་རྟག་ཏུ་རྫོགས་པར་བྱ། །འགྲེང་དང་འདུག་དང་གཉིད་ལོབ ་ཉལ་བ་དང། །མགོ་འབྲས་ཟས་ཀློག་བཟླས་བརྗོད་བྱེད་པ་ན། །རྗེས་སུ་དྲན་དྲུག་སོ་སོའི་ཡོན་ཏན་དང། །རིགས་པ་བཅས་ཏེ་རྗེས་སུ་དྲན་པར་བྱ། །བདེ་གཤེགས་ཆོས་དང་དགེ་འདུན་བཅས་དྲན་ཏེ། །ཤཱ་རིའི་བུ་དང་ད་ལ་ཐལ་སྦྱར་འདུད་ནས་ཉལ། །དེ་ལྟར་བསམ་པའི ་དགེ་བ་མཛའ་དག་ཟད། །ལྟ་ལ་སོགས་དང་བགེགས་དང་ལོག་འདྲེན་རྣམས། །བརྟུལ་ཞུགས་གནས་པ་དེ་ལ་གླགས་མི་ལྟ། །དཔེར་ན་ལོ་ཐེག་ཐམས་ཅད་ས་དག་ལ། །བརྟེན་ནས་སྒྲོན་མེད་པར་ནི་སྐྱེ་བ་ལྟར། །དེ་བཞིན་ཚུལ་ཁྲིམས་རྟེན་ནས་ཆོས་དཀར་མཆོག། སྙིང ་རྗེའི་ཆུས་བརླན་པ་ནི་རྣམ་པར་སྐྱེ། །རྒྱལ་བ་ངས་གསུངས་སོ་སོར་ཐར་པ་ཡི། །ཚུལ་ཁྲིམས་རྣམ་དག་འདུལ་བ་མ་ལུས་ལས། །སྔགས་པ་ཁྱིམ་པས་རྟགས་དང་ཆོག་ཡང། །ལྷག་མ་རྣམས་ནི་ཉམས་སུ་བླངས་པར་བྱ། །ལྷའི་བདེ་བ་དང་ནི་འབྱོར་བ་དང། །ཚེ་དང་སྟོབས ་གཟུགས་ཕུན་སུམ་ཚོགས་པ་དང། །ཐོས་མང་མདངས་བཟད་གཅིག་ཏུ་ཡིད་གཞུངས་དང། །དབང་ཐང་ཆེ་ཀུན་དཀའ་ཐུབ་སྟོབས་ཀྱིས་ཐོབ། །གང་གིས་ཆོས་སེམས་ནི་དང་བ་ཡི། །མི་ཡི་ཡུལ་ན་བྱང་ཆུབ་སེམས་བླངས་པ། དེ་ནི་ཕྱིན་ཆད་ལྷ་དང་ལྷ་མིན་དང ་འཇིག་རྟེན་མ་ལུས་རྣམས་ཀྱིས་ཕྱག་བྱའོ། །མིས་ནི་མངོན་པར་མཐོ་བ་ལུས་པ་ཡི། །བསླབ་པ་མཛའ་དག་སླངས་པར་གྱུར་བ་དང། །སེམས་ནི་ཀུན་ལ་མི་འཇིགས་སྦྱིན་པ་དང། །དཀོན་མཆོག་གསུམ་གྱི་གདུང་ཡང་བསངS ་པ་ཡིན། །ཇི་ལྟར་གང་ལ་ཉི་མའི་འོད་ཟེར་གྱིས། །གདུངས་ནི་གཟི་བརྗིད་མི་བཟོད་འཇུག་པ་ལྟར། ཚུལ་ཁྲིམས་ཉི་མའི་འོད་ཟེར་བཟླས་བརྗོད་ཀྱིས། །གདུངས་ན་སྡིག་པའི་གངས་ཀྱང་ཟད་པར་འགྱུར། །མུན་ནག་སྨག་ལ་མར་མེ་བྱུང་བ་ཡིས། ་མུན་ནག་མ་ལུས་སེལ་བར་བྱེད་པ་ལྟར། །ཚེ་རབས་སྟོང་ན་གནས་པའི་སྡིག་པ་ཀུན། །བཟླས་བརྗོད་མར་མེས་མྱུར་དུ་སེལ་བར་བྱེད། །ཚེ་རབས་གཞན་དུ་གང་དག་བྱས་པ་ཡི། །སྡིག་པ་མ་ལུས་བཟླས་བརྗོད་བྱས་པས་འབྱང། །བཟླས་པས ་སྡིག་པ་མ་ལུས་བྱང་བར་འགྱུར། །ལས་ཀྱི་དབང་གྱུར་བདག་པོ་མེད་པ་དང། མགོན་མེད་རྟེན་མེད་ཚེ་རབས་གཅིག་ནས་གཅིག། ལས་ཀྱི་ཁ་བརྒྱུད་རྗེས་སུ་གང་འགྲོ་བ། །དེ་ཡི་རྗེས་སུ་དགེ་དང་མི་དགེ་འབྲང། །སྔགས་ཀྱི་རྩ་བ་དང་པོ་ཚུལ ་ཁྲིམས་ཏེ། །ད་ནས་བརྩོན་འགྲུས་དང་ནི་བཟོད་པ་དང། །རྒྱལ་བ་ལ་ནི་དང་དང་བྱང་ཆུབ་སེམས། །གསང་སྔགས་ལེ་ལོ་མེད་པའོ། །ཆགས་དང་རྣམ་བྲལ་དགེ་བ་དང། །རྟག་ཏུ་དཀོན་མཆོག་གསུམ་ལ་སེམས་གཞོལ་ཞིང། །སྡིག་པ་སྤངས ་ཤིང་བཟླས་བརྗོད་ལྡན་པ་ཡི། །མི་ལ་ལྷ་རྫས་དངོས་གྲུབ་རིང་བ་མེད། །ཁྱོད་ཀྱིས་ཇི་ལྟར་གསུངས་པ་དེ་བཞིན་དུ། །མི་ཡིས་ལེགས་པར་སྤྱད་པ་བགྱིས་ན་ནི། །དེ་དག་མྱུར་དུ་དབུལ་བའི་མུན་བསལ་ནས། །ཉི་མ་བཞིན་དུ་ཤིན་ཏུ་འབར་བར་འགྱུར། ་ཡན་ལག་མི་ཉམས་སེམས་ཀྱང་མི་ཉམས་ཤིང། །ནད་དང་སྡུག་བསྔལ་ལུས་ཉམས་མི་འབྱུང་བ། །ཁྱོད་ལ་དད་པའི་མིས་ནི་ཐོབ་པར་འགྱུར། ལུས་དང་ངག་ཡང་ལག་པ་མིག་དང་ནི། །སྨིན་མཚན་ཡན་ལག་རྣམ་པར་གཡོ་བ་དག། ་རབ་ཏུ་བསྡམས་ནས་དེ་ལ་ཡིད་གཞོལ་ཞིང། །བྱམས་ལ་གནས་ཤིང་ཀུ་ཤའི་ཁྲིལ་འདུག་ཇི་སྲིད་དུ་ནི་རྩེ་གཅིག་གནས་གྱུར་པ། །དེ་སྲིད་དུ་ནི་འབུམ་མེ་ཉི་ཤུ་བཟླས། །ཇི་ལྟར་རི་དགས་དབང་པོ་བཀྲེས་པ་དག། མཐུན་སྟོབས་ཆེན་པོ་གསོད་པ་དང། དེ་བཞིན ་སྦྱང་གི་ཕག་དང་རི་དགས་དང། ཝ་རྣམས་ཀྱི་ནི་མྱུར་དུ་གསོད་པ་ལྟར། །དེ་བཞིན་སྔགས་པས་སེངྒེའི་ཚུལ་གྱིས་སུ། །རབ་དང་འབྲིང་དང་ཐ་མ་ལ་ལས་རྣམས་ལ། །བརྩོན་འགྲུས་ཆེན་པོ་དག་དང་ལྡན་པ་དང། །འབད་པ་མཆོག་རྣམས་ཀྱིས་ཀྱང་བརྟེན་པར་བྱ། ། ་རྩ་གཅིག་སེམས་དང་ལྡན་བའི་མི་ལ་ནི། །ཡིད་ལས་བྱུང་བའི་དགའ་བ་རབ་ཏུ་སྐྱེས། །དགའ་བས་ལུས་ནི་ཤིན་ཏུ་སྦྱངས་པ་ཐོབ། །ལུས་སྦྱངས་པས་བྱེད་པའི་སྐལ་ལྡན་འགྱུར། །ལུས་བདེ་རྩེ་གཅིག་སེམས་དང་ཏིང་འཛིན་གྱིས། །དེ་ཚེ་བཟླས་བརྗོད ་དོགས་པ་མེད་པར་འགྱུར། །དངོས་གྲུབ་ཉེ་དང་བཟློག་པ་ལ་དགའ་དང། །སེམས་ནི་ནམ་ཡང་སྡིག་ལ་དགའ་མི་འགྱུར། །བཀྲེས་བསྐྱོམ་ཚ་རླུང་གྲད?་དང་ངལ་བ་ཡི། །སྡུག་བསྔལ་དྲག་པོ་ཉིན་ཀྱང་གཡོ་མི་འགྱུར། །སྦྲང་བུ་ཤ་སྦྲང་སྲིན་བུ་གྲོག་སྤུར་དང། །སྡིག་སྦྲུལ ་རྐ་པ་བརྒྱ་དང་སྦྲུལ་དང་འདྲེ། ཤ་ཟ་སྲུལ་པོ་རྣམས་ཀྱང་དེ་ཡིས་ནི། །ལུས་དང་གྲིབ་མ་ལ་ཡང་མི་འགོ་མོ། །ཚིག་ནི་བཟུང་བར་འོས་ཤིང་ཡིད་གཞུངས་ལ། །སྙན་དགས་དང་ནི་འབྲི་བ་རྣམས་ལ་མཁས། །ཆོས་ལ་མངོན་དགའ་གཏེར་རྣམས་མཐོང་བ་དང། ་ལུས་ཀྱི་ནད་དང་དྲི་མ་མེད་པར་འགྱུར། །སྐྱེ་བ་སོ་མཐོང་དམ་ཐོས་བར་གྱུར་ཀྱང་རུང། །མྱུར་དུ་མངོན་དགའ་ཡིད་དུ་འོད་བར་འགྱུར། །བུད་མེད་འདོད་ལྷའི་མདའ་ཡིས་ཕོག་པ་རྣམས། །དོད་ལྷའི་ལོངས་སྤྱོད་ཕྱིར་ནི་འདོད་པར་འགྱུར། །གང་ཚེ་མཁས་པས ་ལྷ་དང་གནོད་སྦྱིན་དང། །དྲི་ཟ་ལྷ་ཡི་བུ་མོའི་ལུས་དང་སྒྲ། །མིས་ནི་དགའ་བའི་ཡིད་ཀྱིས་མཐོང་ཐས་དང། །དེ་ཚེ་ཤིན་ཏུ་ཉེ་བར་གྱུར་པ་ཡིན། །དཔེར་ན་རླུང་མེད་ཁང་པ་ཡི་ནང་དུ། །མང་མེ་བཙུགས་པ་མི་གཡོ་འབར་བ་ལྟར། །རྩེ་གཅིག་སེམས་ཀྱིས་ཟློས་ལ་མངོན ་དགའ་བ། །ལུས་ལ་ཆོས་ཀྱང་དེ་བཞིན་འབར་བར་འགྱུར། །སྣ་རྩེར་བལྟ་ཞིང་རྣམ་པར་རྟོག་པ་སྤོང། །ནམ་ཞིག་བསྐྱེད་ཀྱང་རྣམ་པར་མི་གཡོ་བ། །དེ་ཚེ་དམིགས་ལ་གནས་ལ་ཐོབ་པ་སྟེ། །སེམས་ནི་ལས་སུ་རུང་པར་འགྱུར་པར་ངེས། ། ་སངས་རྒྱས་ཀྱི་གསུང་ཡན་ལག་བརྒྱད་པ་འདི། །ཡང་དག་འཚོ་དང་ལས་མཛའ་ཏིང་ངེ་འཛིན་གང། །རྩོལ་དང་རྟོག་དང་དྲན་དང་ལྟ་བ་རྣམས། །སོ་སོ་སོ་སོར་ཡན་ལག་བསྟེན་པར་བྱ། །འཇིགས་ཀྱང་ཚངས་པ་བརྒྱ་བྱིན་ཁྱབ་འཇུག་དང། །དྲག་པོ་རླུས? ་སོགས་རྣམས་ལ་ཕྱག་མི་བྱ། །དེ་ཡི་ཆོས་འཆང་པ་ལ་མི་བརྟེན་ཅིང། །དེ་དག་དཀའ་ཐུབ་མི་བྱ་རྟག་མི་བྱ། །དེ་རྣམས་ཆོས་ལ་ངན་སེམས་མི་བྱ་ཞིང། །དེ་ཡི་སྤྱོད་ལ་ནམ་ཡང་དགའ་མི་བྱ། །དེ་དག་སྟོང་བ་མིག་དོན་སྔགས་མི་བཟླ། །བྱིན་པ་སྤྱིན་ཆེམ? ་སྙིང་རྗེས་བསྐྱེད་ནས་ཀྱང། །བདེ་བར་གཤེགས་པ་ཀུན་གྱིས་བརྟེན་པ་ཡི། །གནས་དང་རྒྱལ་སྲས་རྣམས་ལ་ཕྱག་བྱའོ། །རང་སངས་རྒྱས་དང་རྒྱལ་བའི་ཉན་ཐོས་དང། །དེ་དག་རྟག་ཏུ་ཕྱག་བྱའི་གནས་ཡིན་ནོ། །ཇི་ལྟར་ཟླ་བ་ཚེས་ལ་མི་རྣམས་ཀྱི ་ཕྱག་འཚལ་ཉ་བ་ལུས་ཅན་ཕྱག་མི་འཚལ། །དེ་བཞིན་དད་པས་རྒྱལ་བའི་ཐུག་སྲས་དང། །ཕྱག་བྱའི་དེ་ལྟར་བདེ་བར་གཤེགས་ལ་མིན། །འཇིག་རྟེན་ཀུན་གྱིས་མངོན་མཐོ་བརླབ་པ་ཅན། །སྙིང་རྗེའི་བདག་ཉིད་འགྲོ་བའི་དོན་དུ་ནི། །སྐྱེ་བ་ལེན་པ ་འདི་ལ་ཅི་ཡི་ཕྱིར། །བུ་གཅིག་བདག་ཉིད་ཀུན་གྱིས་ཕྱག་མི་བྱ། །སྐྱེས་བུ་བསམ་ཡས་རྨད་འབྱུང་རྫུ་འཕྲུལ་ཅན། །དེ་ལ་མི་ངན་གང་ཞིག་མི་འདུད་པ། །དེ་ལ་རྒྱལ་བ་ཐམས་ཅད་ཐུགས་བྱུང་ནས། །དེ་ཡི་གསང་སྔགས་དངོས་གྲུབ་མ་སྩོལ་ཏོ། ། ་དཔར་ན་ཤིང་གི་མེ་ཏོག་དང་པོས་ནི། །ཡིད་འོང་ཕྱི་ནས་འབྲས་བུར་གྱུར་པ་ལྟར། །སེམས་ཅན་མཆོག་རྣམས་མེ་ཏོག་འདྲ་བར་བལྟོས། །འབྲས་བུ་བཞིན་དུ་རྒྱལ་བ་རིག་པར་གྱིས། །གང་ང་བཞིན་ཆགས་རྣམས་རྣམ་བྲལ་ཡང། །གདུལ་བའི་དོན ་ཕྱིར་ཁྲོལ་ཁྲོ་བ་དང། །འདོད་ཆགས་ཅན་ལ་ཆགས་ཆེན་ལྟར་སྟོན་དང། །བྱང་ཆུབ་མཆོག་གནས་དེ་ལ་ཕྱག་འཚལ་ལོ། གང་གིས་ལས་དང་རྣམ་སྨིན་མཁྱེན་པ་ཡིན། འགྲོ་བ་ཀུན་དན་ཇི་ལྟར་མཐུན་པ་ཡི། །གསང་སྔགས་གཟུགས་ཀྱིས་རྗེས་སུ་ཆགས་མཛད་པ། །སྔགས་ཀྱི་རྣམ? ་འདྲེན་དེ་ལ་ཕྱག་འཚལ་ལོ། །དེ་ཕྱིར་ལོག་པར་ལྟ་བ་རྣམ་སྤངས་ལ། །ཡང་དག་ལྟ་བ་ལ་ནི་བརྟེན་པར་གྱིས། །བུ་མེད་མཚན་ཉིད་སྐྱེས་པའི་མཚན་ཉིད་པས་སྨན་དང་གླང་ཆེན་བརྟག་པའམ་སྐར་མའི་དཔྱད། །མཚོ?་ཆ་རྟག་པ་འམ་རྟ་དབྱད་རང་བཟོ་འམ། །བསྟན ་ཆོས་ངན་བསློབ་ཅིང་ཀློག་པ་སྤང། །ཡུལ་པའི་གཏམ་དང་མི་དབང་བསྟེན་པ་དང། །དམག་དང་གྱད་དང་ན་ཆུང་གཏམ་དག་དང། །སྒྲུང་ལྡེབས་དང་ནི་སྔོན་གྱིས་ལོ་བསྒྱུས་གཏམ། འདོད་ཆགས་དང་ནི་སྨད་འཚང་གཏམ་མི་བྱ། །བདག་ལ་བསྟོད་པར་ནམ་ཡང་མི ་བྱ་ཞིང། །སེམས་ཅན་གཞན་ལ་སྨད་པར་མི་བྱའོ། །རྟག་དང་སྤྲུལ་དང་མེ་འདར་འཇིག་རྟེན་དག། །བསམས་ནས་སྤངས་ཏེ་དབེན་ལ་དགའ་བར་བྱ། །སྔགས་ལག་?་བཟླས་པ་མནོས་ནས་ནི།། །གྲོང་དང་གྲོང་ཁྱིར་ཁྱིམ་དང་གཙུག་ལག་ཁང། །མཆོད་རྟེན་བསྟི ་གནས་རི་དང་དཀའ་ཐུབ་གནས། །ཀུན་དགའ་ལུ་མ་འམ་རྫིང་བུར་འགྲོ་མི་བྱའོ། །སྔར་བཤད་པ་ཡི་གནས་རྣམས་མ་རྙེད་ན། །ལྷ་ཁང་སྟོང་པ་ཉམས་དགའ་ཨི་ཤིང་དྲུང་དམ། །རེ་དང་ཆུ་རླུང་ཆུ་འབབ་འབབ་ཆུ་དང། །ནགས་ཚལ་སྟོང་པ་དག་དང་ཡུལ་སྟོད་དང།། ་གནས་གང་རུང་པར་སྔགས་པས་གནས་ཤིང་བཟླས། །ཡང་ན་གནས་ནི་དེས་པར་མ་བྱས་ནས། །ཟླ་བ་བརྒྱད་པོ་འདིཡི་དུས་དག་ཏུ། །གནས་འདི་གང་ཡང་རུང་བ་གཅིག་ཏུ་བརྟེན། །མཚོ་དང་ཤིང་དང་རི་བོ་འམ་དགོན་པའི་གནས། །མཚོའུ་དང་ཁང་པ་ནགས?་དང ་ཆུ་དོགས་སུ། །དགུན་དབྱིད་ཟླ་བ་རྣམས་སུ་གནས་བྱས་ལ། །སྔགས་པས་དབྱར་ནི་གཅིག་པུར་གནས་བྱ་སྟེ། །ཇི་ལྟར་རྒྱལ་བས་དགེ་སློང་དབྱར་ཟླ་གསུམ། །ཚུལ་ཞུགས་གཞན་དུ་མི་འགྲོ་གསུངས་པ་བཞིན། །དེ་བཞིན་བཅོམ་ལྡན་འདས་ཀྱིས་སྔར་པ་ལ།། ་ཟླ་བ་གསུམ་དུ་གཅིག་པུར་གནས་པར་གསུངས། །སྔགས་པS་དབྱར་ནི་བསྒྲུབ་ལ་མི་འཇུག་པར། །བཟླས་བརྗོད་ཀྱིས་ནི་དུས་ཀྱང་འདའ་བར་བྱ། །དབྱར་བཟླས་ནས་ནི་སྔགས་པ་གཟི་སྐྱེད་ནས། །བདག་ཉིད་བསྲུང་བྱས་སྒྲུབ་ལ་?་པར་བྱ ་ཡོངས་སུ་འཛིན་པ་རྣམ་པར་སྤངས་ནས་སུ། །ཆོས་གོས་དང་ནི་བསོད་སྙོམས་ངན་དོན་དང། །སྟན་དང་མལ་བསྟན་ངན་དོན་ཙམ་གྱིས་ཀྱང། །ཆོག་པའི་སེམས་དང་ལྡན་པས་བསོད་ནམས་ཐོབ། །གཙུག་ཕུད་བཞག་ནས་སྐྲ་ནི་བྲེགས་ནས་སུ། །འབྱུང་ཁུངས ་ཚོན་གྱིས་གོས་ཀྱི་ཁ་སོག་བསྒྱུར། །གོས་དཀར་དག་གམ་ཤིང་ལོ་འམ་སོ་མ་འམ། །ཟར་མ་ཤིང་ཤུན་རྣམས་ཀྱི་གོས་བགོའོ། །ཀུ་འམ་ལྕགས་སམ་འཇིམ་པ་ལས་བྱས་པ། །དབྱིབས་ནི་ལེགས་ཤིང་མི་རྩུབ་འཇམ་པ་དང། །མ་ཆགས་ཟླུམ ་ཞིང་མཉམ་རྨ་མེད་པས། །ཡིད་དུ་འོང་བའི་ལྷུང་གཟེད་བཅད་པར་བྱ། །བཟའ་བཏུང་མོས་ཀྱི་དམངས་རིགས་མང་བ་དང། །མགྲོན་ལ་མཆོད་བྱེད་ལེགས་པར་གནས་པའི་གྲོང། །ཧ་ཅང་མི་ཉེ་ཧ་ཅང་མི་རིང་བ། །བྲམ་ཟེའི་ཕྱི་རོལ་སྐྱེ་མེད་པ ་བ་བསྟེན་།།ང་རྒྱལ་གྱིས་ནི་ལེན་པའི་བྲམ་ཟེ་རྣམས། །རིགས་ཀྱི་རློམ་ཞིང་སྙིང་རྗེ་མི་ལྡན་པ། །དེ་དག་བདེ་བར་གཤེགས་པའི་མཆོད་རྟེན་ལ། །མཆོད་པ་མཐོང་ན་གེགས་ཀྱང་བྱེད་པར་འགྱུར། །བྲམ་ཟེ་སངས་རྒྱས་པ་ལས་ཇི་ལྟར་དམན ་དམར་ལས་བྲམ་ཟེ་དག་ལས་དམར་རིགས་རྣམས། །བསྙེན་བསྐུར་དང་ནི་མཆོད་པར་འགྱུར་བས་ན། །དམང་རིགས་ཀྱི་ཀྱང་གསང་སྔགས་ཇི་ལྟར་བཟླས། །ལྷ་དང་མཁའ་འགྲོ་མཆོད་དང་ལས་གྲུབ་དང། །རྒྱལ་པོ་དང་ནི་མེ་ལ་བརྟེན་པ་དང། །བུ་ཡི ་དོན་དུ་འགྲོ་བར་བྱ་བ་དག། བྲམ་ཟེ་རྣམས་ཀྱིས་ངེས་པར་འགྲུབ་པ་ཡིན་རྒྱལ་རིགས་རྗེའུ་རིགས་ཀྱང་རང་གི་ལས། །འགྲུབ་པ་འདི་ལ་ཐེ་ཚོན་མ་བྱེད་ཅེས། །བརྫུན་དུ་སྨྲ་བ་སྣ་ཚོགས་པ་དག་གིས། །བདག་དང་གཞན་གྱི་སེམས་ནི་སྲེག་པར་བྱེད ་ཡན་ལག་བརྒྱད་ལ་གནས་པར་རྟག་ཏུ་ནི། །ཉི་མ་ཕྱེད་མཚམས་ཚུན་ཆད་བླད་པར་བྱ། །བྲམ་ཟེའིདུས་ནི་ཕྱི་དྲོ་ཡིན་པས་ན། །དེའི་ཕྱིར་བྲམ་ཟེའི་ཁྱིམ་དུ་འགྲོ་མི་བྱ། །དཔེར་ན་རྨ་ནི་གསོ་དང་བསལ་བའི་ཕྱིར། །ནད་པ་དག་ལ་སྨན་པས་སྦྱིན་པ་ལྟར། །དེ་བཞིན་འདིར ་ཡང་བཀྲེས་པའི་སྡུག་བསྔལ་དག། བསལ་ཕྱིར་རྒྱལ་བས་ཁ་ཟས་བཟའ་བར་གསུངས། །ལ་ལ་ལམ་གྱིས་དུབ་ཅིང་འགྲོ་བའི་ཚེ། །བཀྲེས་བསྐོམ་གདུངས་པས་རང་གི་བུ་ཡི་ཤ། །ཟ་བ་བཞིན་དུ་རྣལ་འབྱོར་སེམས་དམན་ཞིང། །ཁེ་དང་རྒྱར་ཕྱིར་བཟའ་བར ་མི་བྱའོ། །མང་དུ་བླུགས་ན་རྩོལ་མེད་མ་ཐོབ་དང། །དེ་བཞིན་ཉུང་དུ་ཡང་ནི་དམས་འགྱུར་ལ། །ངན་པར་སྐད་ཅིག་མཉམ་པར་འགྲོ་བར་ལྟར། །ལུས་ཅན་ཁ་ཟས་དེ་ལྟར་བཟའ་བར་བྱ། །དཔེར་ན་ཁང་རྙིང་མི་ཤིགས་བྱ་བའི་ཕྱིར། །མི་ཡིས་ཀ་བ་བརྟན་པོ ་བཙུགས་པ་ལྟར། །དེ་བཞིན་ལུས་ཀྱིས་འཁྲུལ་འཁོར་གནས་པ་དང། །མེ་ཤིང་རྟའི་མིག་བསྐུ་བཞིན་དུ་ཁ་ཟས་བཟས། །འདོད་པའི་ཁམས་ནི་ཁ་ཟས་ཀྱིས་གནས་ཤེས། །རྒྱལ་བས་ཆོས་གཅིག་ཏུ་ནི་བཀའ་སྩལ་པས། ལུས་ནི་ཆུ་ཤིང་བཞིན་དུ་རིགས་བྱ་སྟེ།། ་སེམས་ནི་བཟའ་བཏུང་སོགས་ལ་ཆགས་མི་བྱ། །དབང་པོ་དྲུག་པོ་ཡུལ་ལ་འཕྱོ་བ་ན། །བདེ་གཤེགས་གསུངས་པའི་ཤེས་པས་བསྲུང་བར་བྱ། །ལྷུང་བཟེད་དེ་དག་ལ་ནི་གཅིག་ཐོགས་ནས། །གཉའ་ཤིང་གང་ཏུ་བལྟ་ཞིང་བསོད་སྙོམས་དཔྱད། །འཛུམ་ཞིང་འགྲོ ་ལ་སྨྲ་ཞིང་མིག་ཟུར་ཅན། །ཡན་ལག་ཐམས་ཅད་ཡིད་འཕྲོག་བྱེད་པའི་གཟུགས། །བུད་མེད་གཟུགས་ནི་མཚོན་ཆ་འོབས་འདྲ་བས། །སྐྱེས་པའི་སེམས་ནི་མངོན་དུ་འཕྲོག་པར་བྱེད། །ལྕགས་ཀྱི་མཐོང་ལྕགས་རབ་ཏུ་འབར་བ་ཡིས། །མིག་ནི་རྣམ་པར ་བཀག་པ་ཆེས་སླའོ། །ཉིས་ན་དྲ་བ་ཉམས་བྱེད་བུད་མེད་ཀྱི། །དཀྱུས་རིང་མིག་ཅན་བཞིན་ནི་མ་མཐོང་སླ། །གང་དུ་དགའ་བར་འཛིན་ཅིང་མཐོང་བྱེད་ལ། །སེམས་ཀྱིས་སེམས་ནི་རྣམ་པར་འདུལ་བཞིན་དུ། །རབ་དང་འབྲིང་ལ་སོགས་པ་སྤངས ་ནས་སུ། །མི་སྨྲ་བ་ནི་གཞན་གྱི་ཁྱིམ་དུ་འགྲོ། །གང་ན་བ་བཞོན་བེའུ་ཕྲུག་བུ་ཆུད་བ་དང། །གང་ན་བུ་མོ་གཞོན་བརྟེན་རྩེ་བ་དང། །དེ་བཞིན་གང་ན་གཞོན་ནུ་རྩེ་བ་དང། །གང་ན་ཁྱི་ཟ་དགའ་སྟོན་བྱེད་པ་དང། །གང་ན ་སྐྱེ་བོ་མང་པོ་འདུས་པ་དང། །དེ་བཞིན་གང་ན་རོལ་མི་བྱེད་པ་རྣམས། །དེར་ནི་སྐྱེས་བུ་ནམ་ཡང་འགྲོ་མི་བྱ། །བསོད་སྙོམས་ཅི་རྙེད་ཁྱེར་དེ་འོངས་ནས་ཀྱང། །དང་པོ་ཇི་ལྟར་བདེ་བར་བགོ་བར་བྱ། །རྐང་བཀྲུས་གློ་བུར་བ་ལ་བྱིན་ནས་སུ། །ལུས་བསྲུང ་ཕྱིར་ནི་ཁ་ཟས་བཟའ་བར་བྱ་དུས་སུ་ཟོས་ནས་དུས་སུ་ཁྲུས་བྱན་ཏེ། །གང་ཆེ་ཟློས་དགའ་ཨི་སེམས་ནི་ཞི་བ་ལ། །བརྟེན་པ་ཉིད་ཀྱིས་དྲན་པ་རྨོངས་གྱུར་ན། །ལངས་ནས་འཆག་ཅིང་ཕྱོགས་སུ་བལྟ་བ་དག། ཆུ་ཡིས་གདོང་ཡན་ཡོངས་སུ་བཀྲུ་བར་བྱ། །གླིང་བུའི་སྒྲ་དང་རྔ་ཡི་སྒྲ་རྣམས་དང། ་ཤིན་ཏུ་འཇིགས་བྱེད་སྐྱེ་བའི་སྒྲ་དག་དང། །གང་རྒྱངས་ཀུ་ཅོ་དག་དང། །བིད་དང་པོ་ཝང་དག་དང་རྫ་ལྡའི་སྒྲ། །བྱ་བྲན་སྣ་ཚོགས་སྒྲ་དང་ཆུ་སྒྲ་དང། །མེད་རྒྱན་གྱི་སིལ་ཁྲོལ་སྒྲ་རྣམས་དང། །ཤ་སྦྲང་ཚ་རླུ་གིས་གནོད་པ་ཡིས། །མི་ཡི་སེམས ་ནི་གཡེང་ཞིང་གཡོ་བར་བྱེད། །བསྟངས་དང་མཆོད་པ་དང་ནི་གང་བྱེད་དང། །གླུ་ལེན་རྡ་རྡུད་སྐྱེ་བོས་བཅས་འགྱུར་དང། །ལྷག་པའི་ང་རྒྱལ་སྲེད་དང་འདོད་ཆེན་དང། །རྒྱལ་པོ་དང་ནི་འདུས་པ་ལྟར་འདོད་དང། །དུས་མིན་ཉིད་དང་མི་འགྲུབ་སྨྲ་བ་དང། ་བསྟན་ཆོས་དོན་དང་སྙན་དགས་ཀློགས་འདོན་དང། །འདོད་ཆགས་འཇིགས་དང་དྲེགས་དང་རྒྱགས་པ་དང། །ཞེས་ལ་འཛིན་དང་ལེ་ལོ་གཡོ་སྒྱུ་སྤང། །གླང་ཆེན་རྟ་དང་བ་གླང་བྱ་གག་ཁྱི། །གོང་མོ་སྲེག་པ་འུག་པ་སྐྱེས་པ་དང། །བུད་མེད་བུ་མོ ་དེ་བཞིན་ད་ལུག་སོགས། །འཐབ་མོ་འགྱེད་པ་མི་བྱའོ། །འདོད་ཆགས་ལ་སོགས་ཉོན་མོངས་ཚོགས་ལྡན་པའི། །སེམས་ནི་འཁོར་བ་ཡིན་པར་ཀུན་ཏུ་བརྗོད། །ཉོན་མོངས་རྣམ་གྲོལ་ཤེས་དང་ཟློ་འདྲ་ལ། །སྲིད་པའི་རྒྱ་མཚོའི་ཐར་ནི་རབ་ཏུ་བསྒྲགས། ་དཔེར་ན་དྲི་མེད་ཆུ་ནི་རྡུལ་སོགས་ཀྱིས། །སྐད་ཅིག་ཏུ་ཡང་རྙོག་པར་བྱེད་པར་ལྟར། །དེ་བཞིན་རྣམས་དག་དྲི་མ་མེད་པའི་སེམས། །འདོད་ཆགས་ལ་སོགས་སྐྱོན་གྱིས་རྙོག་པར་འགྱུར། །ལམ་འདི་རྣམས་ཀྱིས་གསང་སྔགས་དངོས་གྲུབ་ཅིང། །དེ་བཞིན་འདིར ་ནི་མཐོ་རིས་ཐར་པ་ཐོབ། །རྒྱལ་སྲས་སྔོན་གྱིས་རྒྱལ་སྲས་འདས་པ་དག། འདི་ནས་གཤེགས་ཤིང་དེ་བཞིན་གཤེགས་པར་འགྱུར། །གྲོགས་མེད་སེམས་ཀྱིས་ལུས་དང་ངག་ཡིད་ཀྱིས། །གུས་པས་བསོད་ནམས་གང་དག་བསགས་པ་ཡང།། ་བདེ་གཤེགས་གསུངས་པའི་བདེ་བའི་ལམ་དམིགས་ན། །དགེ་བའི་ལས་རྣམས་དེ་དག་བསྐྱེད་པ་ཡིན། །སློབ་དཔོན་མན་ངག་ཅེས་པར་བསྟན་པ་ཡི། །དོན་སྦས་པ་དང་ལས་ཀྱིས་སྐབས་རྣམས་ཀྱིས། །སོ་སོའི་ཏིང་འཛིན་སྒོ་སོགས་ཐ་དང་པས། །དཔུད ་བཟང་ཞུས་ལས་གནས་པ་རིམ་བཞིན་མིན། །གནས་པའི་ལེའུ་ལས་གནས་པ་དང་པོའི་ལེའུ་སྟེ་བཞི་བའོ།། །།རྣལ་འབྱོར་སྒྲུབ་པོས་འཁོར་བ་ཡིད་ཞིང། །མྱ་ངན་འདས་ལ་མཆོག་ཏུ་གཞོལ་བ ་དེས། །སྙོམས་འཇུག་སྒྲིབ་པ་དང་ནི་བྲལ་དོན་དུ། །ཏིང་འཛིན་སྦྱོར་ཕྱིར་ལྷའི་གནས་པ་བསྒོམ།། རྟོག་དང་སྦྱོད་དང་དགའ་དང་བདེ་བ་ནི། །སེམས་རྩེ་གཅིག་པའི་དང་པོ་ཡན་ལག་ལྔ། །འདས་པའི་ཚིག་གིས་མ་འོངས་གནས་པ་རྣམས། །གསང ་སྔཌ་མདོ་སྡེའི་ཚུལ་ལས་བཤད་པ་ཡིན། །གླིང་བུའི་སྒྲ་དང་རྔ་ཡི་སྒྲ་རྣམས་དང། །ཤིན་ཏུ་འཇིགས་བྱེད་སྐྱེ་བོའི་སྒྲ་རྣམས་དང། །ཤ་སྦྲང་ཚ་སྦྲང་རླུང་གིས་གནོད་པ་ཡིས། །མིའི་སེམས་ནི་གཡེང་ཞིང་གཡོ་པར་བྱེད། །འཛུམ་ཞིང ་འགྲོ་ལ་སྨྲ་ཞིང་མིག་ཟུར་ཅན། །ཡན་ལག་ཐམས་ཅད་ཡིད་འཕྲོག་བྱེད་པའི་གཟུགས། །བུད་མེད་གཟུགས་ནི་མཚོན་ཆ་འཇེབས་པ་འདྲ། །སྐྱེས་པའི་སེམས་ནི་མངོན་དུ་འཕྲོག་བར་བྱེད། །ལྕགས་ཀྱི་མཐོང་སྲེགས་རབ་ཏུ་འབར་པ ་ཡིས། །མིག་ནི་རྣམ་པར་བཀག་པ་ཆས་བླ་ཡི། །ཉིས་ན་དྲན་པ་ཉམས་བྱེད་བུད་མེད་ཀྱི། །དཀྱུག་རིང་མིག་ཅན་བཞིན་ནི་?་མཐོང་སླ། །རྟག་དང་སྒྲུལ?་དང་མེ་འདྲར་འཇི་རྟེན་ན། །བསམས་ནས་སྤངས་? ་དབྱེན་ལ་དགའ་བར་བྱ། །དགའ་བས་ལུས་ནི་ཤིན་ཏུ་སྦྱངས་པར་མཐོང། །ལུས་སྦྱངས་པས་ནི་བདེ་བའི་སྐལ་ལྡན་འགྱུར། །རྩེ་གཅིག་སེམས་དང་ལྡན་པའི་མི་ལ་ནི། །ཡིད་ལ་བྱུང་བའི་དགའ་བ་རབ་ཏུ་སྐྱེས། །རྟོག་དབྱོད་མེད་པས་ནང? ་ནི་རབ་ཏུ་སྐྱེ། །དགའ་སོགས་གཉིས་པའི་ཡན་ལག་རྣམ་བཞིར་བསྟན། །སེམས་ནི་དང་པས་ལྷ་ཡི་བདེ་བ་དང། །མཐོ་རིས་དང་ནི་བྱང་གྲོལ་ཐོབ་པར་འགྱུར། །བཏང་སྙོམས་དང་ནི་དྲན་དང་ཤེས་བཞིན་དང། །བདེ་དང་རྩེ་གཅིག་པ་ཡི་ཡན་ལག ་ལྔ། །བཏང་སྙོམས་ལྡན་ཞེས་ཚངས་པའི་ཚེ་གཅིག་དང། །དཔེར་ན་རླུང་མེད་ཁང་བའི་ནང་དུ་ནི། །མར་མེད་བཙུགས་པ་མི་གཡོ་འབར་བ་ལྟར། །རྩེ་གཅིག་སེམས་ཀྱིས་ཟློས་ལ་མངོན་དགའ་བའི། །ལུས་ལ་ཆོས་ཀྱང་དེ་བཞིན་འབྲ་བར་འགྱུར། །བཏང ་སྙོམས་ཡོངས་དག་དྲན་པ་ཡོངས་སུ་དག་།སྡུག་བསྔལ་ལམ་ཡིན་བདེ་མིན་སེམས་རྩེ་གཅིག་།གྲགས་དང་མ་གྲགས་རྙེད་དང་མ་སྙེད་དང། །བདེ་དང་སྡུག་བསྔལ་དེ་བཞིན་བསྟོང་སྨད་དག། སེམས་ཀྱིས་འཇིག་རྟེན་ཆོས་བརྒྱད་རབ་བཅོམ་སྟེ། སྡིག་པའི་གནས་སུ་གྱུར་པ ་སྤང་བར་བྱ། །བསམ་གཏན་གྱི་ལྷའི་གནས་པ་སྟེ་ལེའུ་ལྔ་པའོ།། །།རྒྱལ་སྲས་རྣམས་ཀྱི་ལྷའི་པའི་བསམS་པ་ནི། །གནས་སྐབས་ཀུན་ཏུ་གཞན་དོན་ཧུར་ལེན་བས། །གནས་པས་ཚངས་པའི་རྒྱུན་ནི་བཤད་བྱ་སྟེ། །བྱམས་དང་སྙིང་རྗེ་དགའ་ ་དང་བཏང་སྙོམས་ལྡན། །ཚད་མེད་པའི་གནས་པ་སྟེ་ལེའུ་དྲུག་པའོ།། །།ཆོས་དབྱིངས་རྟོག་པ་ལ་འཇུག་གཞོལ་བའི་ཡུལ། །རྣམ་ཐར་སྒོ་གསུམ་བསྒོམ་པར་བྱ་བ་འི་ཕྱིར།། །།གནས་པ ་གསུམ་པ་བདག་གིས་ཁྱོད་ལ་བཤད། །ཐུབ་པའི་ལུང་བཞིན་གུས་པའི་སེམས་ཀྱིས་ཉོན། །གཟུགས་ཀྱིས་འབྱུང་བ་ཆེན་པོ་བཞི་དང་ལྡན། །དེ་ནི་བདག་མིན་བདག་ཀྱང་གཟུགས་མ་ཡིན། །བུད་མེད་མཚན་ཉིད་སྐྱེས་པའི་མཚན་ཉིད་དང། །སྨན་དང་གླང་ཆེན་བརྟག་པ ་འམ་སྐར་མའི་དཔྱད། །མཚོན་ཆ་བརྟག་པ་འམ་རྟ་དཔྱད་རང་བཟོ་འམ། །བསྟན་བཅོས་ངན་པ་སྤང་ཞིང་ཀློག་པ་སྤང། །ཡུལ་བའི་གཏམ་དང་མི་དབང་བསྟེན་པ་དང། །དམག་དང་གྱད་དང་ན་ཆུད་བརྟེན་པ་དང། །སྒྲུད་ལྡེབས་དང་ནི་སྔོན་གྱི་ལོ་རྒྱུས་གཏམ། །འདོད་པའི་གཏན ་དང་སྨད་འཚོང་གཏཾ་མི་བྱ། །རྣམ་པར་ཐར་པ་བསྟན་པ་སྟེ་ལེའུ་བདུན་པའོ།། །།ཇི་ལྟར་རྩ་བ་མ་དབྱད་ཤིང། །ཡལ་ག་དེ་ལས་སྐྱེ་འགྱུར་ལྟར། །ཉོན་མོངས་རྩ་བ་མ་བཅད་ལ། །དངོས་པོར་ལྟ་བ་ཉོན་མོངས་འབྱུང། ། ་དེ་ཕྱིར་ཉོན་མོངས་བདུད་གཞོམ་ཕྱིར། །ཆོས་རྣམས་སོང་པ་ཉིད་བསྒོམ་པ། །བདག་གིས་རྒྱུད་ལས་གསུངས་བཞིན་དུ། །བཤད་ཀྱིས་དགའ་བའི་ཡིད་ཀྱིས་ཉོན། །བཅོམ་ལྡན་རྡོ་རྗེ་ཅན་གསུངས་པ། །སྟོང་ཉིད་དབྱེ་བ་བསྡུས་པ་ནི། །རྣལ་འབྱོར་པ་ནི་གང་གིས་ཤེས། ་སྟོང་ཉིད་དེ་ནི་ཤེས་པར་འགྱུར། །མི་མཐུན་པ་དང་གཉེན་པོ་ཕྱིར། །སྟོང་ཉིད་བསྡོམ་པར་ཡོངས་སུ་གསུངས། །ནང་གི་བདག་ཉིད་ཆོས་རྣམས་ཀྱིས། །ཀུན་ཏུ་རྟོག་པའི་གཉེན་པོ་དང། །ཕྱིན་ཅི་ལོག་གི་རྣམ་པ་དག། ཕྱི་ནང་སྟོང་པ་ཉིད་དུ་བཤད། །ཕྱི་རོལ་དམིགས་པ་དང་བྲལ་བ ་ཕྱི་རོལ་སྟོང་པ་ཉིད་དུ་བཤད། །ནང་གི་ཆོག་ཆོས་རྣམས་དང། །ཕྱི་རོལ་ཏུ་འང་མི་རྟོག་པ། །འདིར་ནི་ཕྱི་དང་ནང་གི་ནི། །སྟོང་པ་ཉིད་དུ་ཡང་དག་བཤད། །སྣོད་གྱི་འཇིག་རྟེན་རྟེན་བྲལ་བ། །ཆེན་པོ་སྟོང་པ་ཉིད་དུ་བརྗོད། །ལེ་ལ་ཡེ་ཤེས་རྫོགས་པ་ལ། །རྗེས་སུ་དམིགས ་པ་བྱེད་ཕྱིར་རོ། །དེ་ཡི་མི་མཐུན་ཕྱོགས་སྟོང་པ། །དངོས་མེད་སྟོང་པ་ཉིད་སྟོང་ཉིད། །དོན་དམ་པར་ནི་བརྫུན་པའི་དངོས།། ཤེས་པ་དོན་དམ་སྟོང་པ་ཉིད། །འདུས་བྱས་སྦྱིན་པ་ལ་སོགས་ཀྱིས། །དགེ་བ་དམིགས་སུ་མེད་པའི་ཕྱིར། །རང་གི་རྣམ་རྟོག་མཚན་ཉིད་སྤྱོད ་འདུས་བྱས་སྟོང་པ་ཉིད་དུ་བཤད། །ཡང་དག་བྱང་ཆུབ་དུས་མ་བྱས། དངོས་མཚན་ཡང་ནི་དམིགས་སུ་མེད། །དངོས་དང་དངོས་མེད་རྣམ་པར་སྤངས། །འདུས་མ་བྱས་སྟོང་པ་ཉིད་གསུངས། །སེམས་ཅན་དོན་དུ་སྨོན་ལམ་སོགས། །རབ་དགའ་ ་ལ་སོགས་དམིགས་སུ་མེད། །ཀུན་རྟོག་ཐམས་ཅད་རྣམས་སྤངས་པ། མཛའ་ལས་འདས་པ་སྟོང་ཉིད་གསུངས། །ཐོག་མཛའ་མེད་པའི་འཇིག་རྟེན་གྱིས། །འགྲོ་བའི་ཕྱིར་ནི་སྨོན་ལམ་ཉིད། །རློམ་སེམས་མེད་པ་དེ་བརྗོད་དོ། །ཐོག་མཛའ་མེད་པའི་སྟོང་པ་ཉིད། །མྱ ་ངན་འདས་པར་དམིགས་པ་མེད། །དགེ་བའི་བདག་ཉིད་མི་གཏོང་བ། །རློམ་སེམས་མེད་པ་ཞེས་བཤད་དོ། །དོར་བ་མེད་པ་སྟོང་པ་ཉིད། །འདོད་ཆགས་ལ་སོགས་དྲི་མ་ནི། བདག་གི་རང་བཞིན་གྱིས་དག་པའོ།། `་།དེ་ལྟར་རློམ་སེམས་མེད་ཅེས་གསུངས། །རང་བཞི ་སྟོང་པ་ཉིད་དུ་གསལ། །མཚན་དང་དཔེ་བྱད་ལ་སོགས་པའི་གཟུགས་སྐུ་དེ་ནི་ཡོན་ཏན་ནོ། །གཞན་རྣམས་ལ་ཡང་མ་དམིགས་པ། རང་གི་མཚན་ཉིད། །བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ནི། །སྤྱོད་པ་ལ་ཡང་རློམ་སེམས་མེད། །ཆོས་རྣམས་ཐམས་ཅད་སྟོང་ཉིད ་བཤད། །བདག་དང་སྐྱེས་བུས་ཆོས་རྣམས་ནི། །སྒྲོ་བཏགས་དངོས་པོ་མེད་པའི་མཆོག་།འཆིང་བ་ཐམས་ཅད་རྣམ་པར་བཅད། །དངོས་པོ་སྟོང་པ་ཉིད་དུ་གསུངས། །ཇི་ལྟར་མངོན་སུམ་སྟོང་པ་ཉིད། །དེ་ལྟར་དངོས་པོ་མེད་ཤེས་པ། །སླར་ཡང་མི་དམིགས་པ་ཉིད ་ནི། །དངོས་པོ་མེད་པའི་སྟོང་ཉིད་འདོད། །དེ་ལྟར་སྟོང་ཉིད་ཕྱེ་བ་ཡང། །བག་ཆགས་རྣམས་ཀྱིས་གཉེན་པོའི་ཕྱིར། །སྨྲ་བ་མཆོག་གིས་གསུངས་པ་དེ། །ཉོན་མོངས་བདུད་ནི་གཞོམ་པའི་ཕྱིར། །རྣལ་འབྱོར་པ་རྣམས་རྟག་ཏུ་བསྒོམ། །སྟོང་པ ་ཉིད་ཀྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནི་སྟོང་པ་ཉིད་ཀྱི་ཚུལ་ཇི་ལྟར་གསུང་བ་བཤད་དུ་གསོལ། རྡོ་རྗེ་སློབ་དཔོན་སྟོན་པས་གང་གསུངས་པ། །ད་ནི་ཆོས་ཀུན་ཡང་དག་པར། །དངོས་པོའི་ཆུལ་གྱིས་མི་ལེན་ཏེ། །སྒྱུ་མ་རྨི་ལམ་སྨིག་རྒྱུ ་ལྟར། །རྐྱེན་གྱི་དབང་གིས་འཇུག་ཕྱིར་རོ། །དགག་པར་བྱ་བ་མེད་པས་ན། །ཡང་དག་བཀག་པ་མེད་པར་མངོན། །དེ་ལྟར་དེ་ཉིད་རྟོག་པ་དེ། །ཐམས་ཅད་དངོས་པོར་ལེན་མི་བྱེད། །དེ་ཡིས་དེ་ནི་རྟོགས་པ་སྟེ། མི་སྟོང་མ་ཡིན་ཡོད་མེད་མིན། །མི ་སྐྱེ་མ་ཡིན་སྐྱེ་མིན་ཞེས། །བྱ་བ་ལ་སོགས་བཅོམ་ལྡན་གསུངས། །བསམ་གཏན་གྱི་ནི་ལས་འདི་ཡིན། །གསང་བའི་ཚིག་རྣམས་བསམས་ན་ནི། །འབྲས་བུ་རྫོགས་པར་ཐོག་འགྱུར་གྱི། །འདོད་བཙམ་གྱིས་དེ་ལྟར་མིན། །ཚིགས་རྣམས ་རེ་རེའི་རྣལ་འབྱོར་ལ། །མངོན་དུ་ཕྱོགས་པར་བྱེད་བཞིན་དུ། །གསང་སྔགས་ངན་པ་བརྗོད་པ་འདི། །ཚིག་གི་སྒྲས་ནི་ཚིག་རེ་ལ། །མི་བྱར་མི་རུང་བསྟན་པ་ཡིན། །རྣལ་འབྱོར་མེད་བའི་གསང་སྔགས་འདི། །དེ་ལྟར་འབྲས་བུ ་སྟེར་མི་འགྱུར། །གསང་སྔགས་ཚིགས་ནི་གསང་སྔགས་ཏེ། །དེ་ཕྱིར་རྣལ་འབྱོར་མེད་མི་བྱ། །མདོ་ཡི་དོན་འདས་འོད་གསལ་བ་ལ་འཇུག་པར་བྱས་ཏེ། །ོཾ་ཤཱུཎྱ་ཏཱ་ཞེས་བྱ་བའོ། །འོད་གསླ་བའི་ངོ་བོ་ལས། །རྡོ་རྗེ ་འཛིན་བས་སྙོམས་ཞུགས་ནས། །ཟུང་ཏུ་འཇུག་པའི་རྣལ་འབྱོར་ལ་ཐབས་དང་ལྡན་པས་ལྡན་པར་བྱ། །བསྐྱེད་པའི་རིམ་པའི་སྦྱོར་བ་དང། །དེ་བཞིན་རྫོགས་པའི་རིམ་པ་ཡང། །གང་ལ་དེ་ཉིད་གཙིག་གྱུར་པ། །དེ་ནི ་ཟུང་དུ་འཇུག་པར་བཤད། །འཁོར་བ་དང་ནི་མྱ་ངན་འདས། རྟོག་པ་གཉིས་པོ་སྤངས་པ་ནི། །གང་ཞིག་དངོས་པོ་གཅིག་འགྱུར་བ། །ཟུང་དུ་འཇུག་ཅེས་པ་དེ་ལ་བཤད། །ཀུན་རྫོབ་དང་ནི་དོན་དམ་དག། ་རྟོག་པ་གཉིས་དང་ཡང་དག་པྲ་ལ། །གང་དུ་ཡང་དག་འདྲེས་གྱུར་པ། །དེ་ན་ཟུང་དུ་འཇུག་པར་བཤད། །རྡོ་རྗེ་བཟླས་པར་རབ་སྦྱོར་བས། །རླུང་གི་མཚན་ཉིད་ཤེས་ནས་ནི། །རྣམ་རྟོག་རླུང་རྣམས་ཡང་དག་བཅོད། །སེམས་ལ་དམིགས་པ་ཐོབ་པར་འགྱུར། །བདག ་བྱིན་བརླབ་པའི་རིམ་པས་ཀྱང། །དངོས་གྲུབ་ཆེན་པོ་བརྒྱད་ཐོབ་འགྱུར། །སྲ་བ་ལ་སོགས་རིམ་པས་ཤེས། །མངོན་བྱར་བྱང་ཆུབ་ཐོབ་པར་འགྱུར། །ཟུར་འཇུག་རིམ་པ་ལ་གནས་པས། །དངོས་གྲུབ་ཐམས་ཅད་བསྡུད་པ་ནི། །ཚེ་འདི་ཉིད་ལ ་འགྲུབ་པར་འགྱུར། །རྣལ་འབྱོར་བ་ཡིས་ཐེ་ཚོམ་མེད། །ཕྱག་རྒྱ་ཆེན་པོ་དངོས་གྲུབ་ཆེ། །ཟུང་དུ་འཇུག་པའི་ཏིང་ངེ་འཛིན་གྱིས། །རྣམ་རྟོག་མེད་པར་བཞུགས་ནས་ནི། །ཐོབ་པར་འདི་ལ་ཐེ་ཚོམ་མེད། །འོད་གསལ་བ་དང་ཟུང་དུ་འཇུག་པའི་ལེའུ་སྟེ་དགུ ་པའོ།། །།དྲན་པ་ཉེ་བར་གཞག་པ་ལ་སོགས་པས་ཉོན་མོངས་པའི་བདུད་བཅོམ་ནས། །ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོས་ཕུང་པོའི་བདུད་བཅོམ་སྟེ། །རྣམ་པར་རྟོག་པའི་རབ་ཏིབ་བསལ་ནས་ནི། །མི་རྟག་ཡེ་ཤེས་ཟླ་བ་ཇི་ལྟ་བར། །ཤེས ་རབ་དྲི་མེད་ཕུང་པོ་རབ་སྤངས་ན། །མྱ་ངན་འདས་པ་ཆེན་པོ་ཞེས་བཤད་དོ། །མི་རྟོག་ཆོས་ཀུན་ནམ་མཁའ་ཨི་དཀྱིལ་ནས་ནི། །གཟུགས་སྐུ་དྲི་མེད་ཉི་མ་ཟླ་བ་ཤར། །གདུལ་བྱ་གཉིས་ཀྱི་མ་རིག་མུན་སེལ་བ། །ཐུབ་པ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ཐུབ་པ ་ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །ཐུབ་པ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །ཐུབ་པ་དཔག་མེད་འཕྲོག་ལ་ཕྱག་འཚལ་ལོ། །ཐུབ་པ་འོད་ཀྱི་མུན་བསལ་ཕྱག་འཚལ་ལོ། །ེ་མ་འགྲོ་ཀུན་འགྲོ་དང་ཕྱུག། ནམ་མཁའ་དང་ནི་མཚུངས་པ ་རྙེད། །ེ་མ་དམ་ཚིག་དེ་ཉིད་གསུམ། །མཆོག་ཏུ་རྨད་བྱུང་སྟོན་པར་མཛད། །ཁམས་གསུམ་ལ་ནི་རྣམ་པར་གྲོལ། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད། །འདོད་པ་རྣམས་ཀྱིས་མགོས་པ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཕུང་པོ་རྣམས་དང་ཁམས་རྣཾས ་དང། །སྐྱེ་མཆེད་རྣམས་ལ་བསྟེན་ཅིང། །སྲིད་དང་མྱ་ངན་འདས་ལས་གྲོལ། །ཇི་ལྟར་ནམ་མཁའ་གནས་མེད་ཅིང། །སྤྲོས་པ་མེད་ཅིང་གྲོས་པ་མེད། །མཁའ་དང་མཉམ་པའི་ཐུགས་མདའ་བ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །གང་ཞིག་དགེ་བའི ་མི་བཅོམས་ཤིང། །ཉེས་པ་རྣམས་ནི་འཆབ་པ་མེད། །གཞན་ལ་གཅིག་ཏུ་ཕན་མཛད་པ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །མིག་གིས་མིག་ནི་བསྲུང་བ་ལྟར། །གང་ལ་བརྟེན་དེ་བདག་བསྲུང་ཞིང། །སྤྱོད་པ་ཐུན་མོངས་ལྟ་གནས་པ། །བྱང་ཆུབ་སེམས་དཔའ་ཀུན ་ཕྱག་འཚལ། །གང་ཞིག་ལ་བརྟེན་ཐུབ་པ་རྣམས། །མངོན་པར་རྫོགས་པར་བྱང་ཆུབ་མཛད། །གདུལ་བྱ་རྣམས་ཕྱིར་སྣ་ཚོགས་གཟུགས། །སེམས་ཅན་རྣམས་ལ་ཕྱག་འཚལ་ལོ། །གང་རྨོངས་ན་ནི་འཁོར་འགྱུར་ཞིང། །གང་ཤིས་ཐར་པའི་ངོ་བོ་ཉིད། །རྟག ་ཞུགས་ལྷ་ཡི་འཁོར་ལོ་མཆོག། བདག་ཉིད་ལ་ནི་ཕྱག་འཚལ་ལོ། །བདུད་ཕྱིར་བཟློག་རིམ་པ་སྒྲུབ་པའི་སྤྱོད་པ་ལ་འཇུག་པ་ལས་བསྟོད་པའི་ལེའུ་སྟེ་བཅུའོ།། །།སྒྲུབ་པའི་སྤྱོད་པ་ལ་འཇུག་པ་ཞེས་བྱ་བ། །སློབ་དཔོན་ཆེན་པོ་དཔལ་ཛྙཱ་ན་བཛྲ ་བྱ་བ། །གསང་བ་འདུས་པའི་རིམ་པ་གསུམ་གསུམ་དག་དང་ལྡན་པ། །བཅོམ་ལྡན་འདས་མི་བསྐྱོད་པའི་ཞབས་ཀྱི་ཟེའུ་འབྲུ་སྤྱི་བོས་ལེན་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དགེ་བསྙེན་ཆེན་པོ་བཙུན་པ་ཀུ་མཱ་ར་དང་བོད་ཀྱི་ལོ་ཙཱ ་བ་ལྷ་བཙུན་པས་བསྒྱུར་ཅིང་ཞུས་པ་དགེའོ།། །།རྒྱ་གར་སྐད་དུ། ཤྲཱི་གུ་ཧཡ་ས་མཱ་ཛ་དེ་བ་མཎྜ་ལ་ཀཱ་ཡ་སྟོ་ཏྲ་ནཱ་མ། བོད་སྐད་དུ་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ལྷའི་སྐུ་ལ་བསྟོད་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར ་