| Wylie | e-texts based on the ACIP/ALL Input |
ཀརྨ་བཛྲ་ཉིད་ཀྱིས་བསྒྱུར་ཞིང་གཏན་ལ་ཕབ་པའོ།། །།*། །རིམ་ལྔའི་འབྲེལ་བ་རྣལ་འབྱོར་པའི་ཡིད་འཕྲོག་ཅེས་བྱ་བ་ཡུལ་མ་ག་དྷའི་པཎྜི་ཏ་ཆེན་པོ་ཐུབ་པ་དཔལ་བཟང་པོས་མཛད་པའོ།། *། །རྒྱ་གར་སྐད་དུ། པཉྩ་ཀྲ་མ་སྱ་ཡོ་གི་མ ་ནི་ཧོ་རཱ་ཊི་པྲ་ཎཱི་ནཱ་མ། བོད་སྐད་དུ་།རིམ་པ་ལྔའི་དོན་མདོར་བཤད་པ་རྣལ་བྱོར་པའི་ཡིད་འཕྲོག་།ཅེས་བྱ་བ་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ས་དང་པོ་ནི་བརྙེས་གྱུར་པའི། །འཕགས་པ་ཀླུ་སྒྲུབ་ལ་བཏུད་ནས། །རིམ་པར་རྣལ་འབྱོར་ཡིད་འཕྲོག་པ ་དོན་མདོར་བཤད་པ་བདག་གི་བྱ། །འཕགས་པའི་གསུང་རབ་རྣམ་བརྟག་པ། །ཚད་མ་དེ་ཡི་བྲི་བར་བྱ། །བདག་གིས་གཞུང་གི་ཚད་འདི་ནི། །སྐྱེ་བོས་རྟག་ཏུ་སྙིང་ལ་ཟུང། །འདིར་ཡང་དཔལ་འདུས་པ་ལ་སོགས་པའི་རྒྱུད་དུ་ཡོད་པའི་ཚིགས་སུ་བཅད་པ ་འཁྲུགས་པས་གནས་པ་དེ་རྣམས་ཐམས་ཅད་བླངས་ནས་དཔལ་ལྡན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་ཐུགས་རྗེའི་གཞན་དབང་གི་ཐུགས་ཀྱིས་བློ་ཞན་པའི་འཇིག་རྟེན་ལ་རྣམ་པར་གཟིགས་ནས། རིམ་པ་ལྔའི་གོ་རིམ་ཀྱི་མདོ་སུམ་ཅུ་རྩ་གཉིས ་རྗེས་སུ་རྟོགས་པས་གསུངས་པ། མདོར་བྱས་ཀྱི་རིམ་པ་བྱེད་པར་འདོད་པས་ཕྱག་བྱ་བ་སྔོན་དུ་འགྲོ་བ་ཅན་མངོན་པར་བརྗོད་པར་བྱ་བ་འབྲས་བུའི་ངོ་བོ་བསྟན་པར་འདོད་པས། །འཇིག་རྟེན་གསུམ་སྤྱོད་ལས་གྲོལ་།ཞེས་བྱ་བ་ལ་སོགས་པས ་གསུངས་པ་།གསུང་རྣམས་ཀྱི་དང་འཇིག་རྟེན་རྣམས་ཀྱི་ཡང་དག་པར་བསྡུས་པ་ནི་འཇིག་རྟེན་གསུམ་པ་སྟེ་།འཇིག་རྟེན་གསུམ་ཉིད་འཇིག་གསུམ་པ་སྟེ་རང་གི་དོན་ལ་ཥྱུ་ཉའོ། །འདོད་པ་དང་གཟུགས་དང་གཟུགས་མེད་ཀྱི་ཁམས་གསུམ་པའོ ་འདི་སེམས་གྱི་རྒྱུད་གང་ཡིན་བ་དེ་རྣམས་ཀྱི་ཕུང་པོ་ལྔ་ལ་སོགས་པ་རྣམས་སུ་བསྟན་ཞིང་སྲ་བའི་རྣམ་པའི་དངོས་པོ་ཉིད་ལ་མངོན་པར་ཞེན་པ་ཁོ་ན་རྣམ་པར་རྟོག་པ་སྟེ། དེ་ཁོ་ན་ཀུན་ཏུ་སྤྱོད་པའི་ཐ་སྙད་དོ།། དེས་གྲོལ་བ་ནི་དྲིལ་? ་ཞེས་བྱ་བའི་དོན་ཏོ། །དེ་ཅི་དམ་པ་རྣམ་པར་ཤེས་པའི་ངོ་བོ་ཡིན་ནམ་ཞེ་ན་།དེ་དག་པའི་ཕྱིར་དུ་གསུངས་པ། །མཁའ་དང་མཉམ་གྱུར་ཏེ། ནམ་མཁའ་མཉམ་པར་གྱུར་པ་ནི་ཡེ་ཤེས་གང་ཡིན་པ་དེའོ། །འདི་དེ་ལྟ་མོད་ཀྱི། ཉེ་བར་དམིགས་པ་ཐམས་ཅད ་གཞག་ཅིང་བཅད་མེད་པའི་ཕྱིར་རོ་ཞེས་པ། སྟོང་པ་ཉིད་ལ་མངོན་པར་ཞེན་པའི་ལྟ་བའི་གཡང་སར་ལྷུང་བ་རྣམས་ཀྱིས་དེ་བསལ་པའི་ཆེད་དུ་དངོས་པོ་རྣམས་ལས་སྟོང་པ་ཉིད་གཞན་མ་ཡིན་ཞིང་།དངོས་པོ་ཡོད་པ་ཉིད་ཀྱང་མ་ཡིན་ལ། །ཤིན་ཏུ་ཕལ་ཆེ་བ ་མ་ཡིན་པ་དང་བྲལ་བས་གཟུགས་ལ་སོགས་པ་ཚིག་གི་དོན་རྣམས་ཐམས་ཅད་ཀྱི་རང་གི་ངོ་བོ་ནི། །དངོས་ཀུན་རང་བཞིན་ནོ། །དག་ཅིང་ནི་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རམ་སེམས་ཅན་རྣམས་རྗེས་སུ་གཟུང་བའི ་ཆེད་དུ་དག་པ་ཆོས་སྐུ་ལས་འདི་རྣམས་སྤྲོས་པར་བྱེད་དོ་ཞེས་རབ་ཏུ་གསུངས་པའི་ཕྱིར་རོ། །ཞི་ལ་ནི་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་པའི་མཚན་ཉིད་ཀྱི་ཕྱིར་རམ་ཞི་བའི་ཉམས་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །ནམ་དབེན་ནི་སྲེད་པ་དང་མྱ་ངན་ལས ་འདས་པའི་རྣམ་པར་རྟོག་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །མཆོག་ཞི་འདི་ནི་རྟག་པ་ཁོ་ནར་བརྟན་པའི་རང་བཞིན་ཉིད་ཀྱི་ཕྱིར་ཏེ། །དེ་ཉིད་ཀྱི་ཕྱིར་དགེ་ལེགས་ཐོབ་པར་བྱེད་པའོ། །སྐྱེ་བ་མེད་པའི་དེ་ཉིད་དེའི་རང་གི་ངོ་བོ་རྣལ་འབྱོར་པ་ཉིད་སེམས ་དེས་རྟོགས་པར་བྱ་བ་སྟེ་སྤྲུལ་པའི་སྐུའོ། །དེ་ཉིད་ཀྱི་ཕྱིར་ཉན་ཐོས་ལ་སོགས་པ་རྣམས་ཀྱི་རྟོགས་བྱ་མ་ཡིན་པའོ། །གོ་དཀའ་བ་ནི་མཆོག་ཏུ་ཟབ་པ་སྟེ་དེ་བཞིན་ཉིད་བདེ་བ་གཅིག་པུའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །སྡུག་བསྔལ་བས་ཀྱང་རྣམ་པར་སྤྱོད ་པར་བྱེད་པ་དང་སོ་སོར་བསྟན་པར་བྱེད་མི་ནུས་པ་ཉིད་ཀྱི་ཕྱིར་རོ་ཞེས་ཤེས་ནས་བརྟག་པར་དཀའ་བའོ། །རང་གི་དང་གཞན་རྣམས་ཀྱི་ཕན་པ་མཐས་ཀླས་པ་རབ་ཏུ་རྫོགས་པར་བྱེད་པ་ཉིད་ཀྱི་ཕྱིར་བདག་གཞན་རབ་ཕན་ནོ། །འདིས་རང་གི་དོན་ཕུན་གསུམ་ཚོགས་པ ་ཡང་མངོན་པར་བརྗོད་པས་ཁྱབ་པའོ། །ཐམས་ཅད་དུ་གདུལ་བྱའི་སྐྱེ་བོའི་རྒྱུད་རྣམས་སུ་དེ་བཞིན་དུ་སོ་སོར་སྣང་བར་བྱེད་པའི་ཕྱིར་རོ། །གང་དུ་ནུབ་པར་གྱུར་པ་དང་དྲོ་བ་ལ་སོགས་པའི་མཚན་མ་ལུས་ལ་མེད་པ་སྤངས་པ་དེ་ནི་མཚན་མ་མེད་པའོ། །ཡང་ན་རང་གི་དང? ་གིས?་འཇུག་པས་རྒྱུ་གཞན་གྱིས་སྐད་ཅིག་གིས་སེམས་བརྟན་པའི་སྤྲུལ་པའི་སྐུ་ཀུན་ཏུ་སྤྲོ་བར་བྱེད་པས་མཚན་མ་མེད་པའོ། །ཕྱག་འཚལ་བ་ནི་འདུད་པར་བྱེད་པའོ། །སྐུ་ནི་ལུས་སོ། །ཅི་རྣམས་ཀྱི་ཞེས་རྒྱལ་བ་རྣམས་ཀྱི་ཞེ་མང་པོའི་ཚིག་ངེས་པར་བསྟན་པའི ་ཕྱིར་དེ་བཞིན་གཤེགས་པ་ལྔ་པོ་རྣམས་ཀྱི་སྐུ་ལ་ཕྱག་འཚལ་བའོ། །གང་ལས་ཕྱག་འཚལ་ན་འདུས་པའི་ཚུལ་གྱིས་རྒྱུད་དུ་བརྗོད་པ་ཉིད་ཀྱི་ཕྱིར་བདེ་བ་ལ་སྟེ། །སྟོང་པ་བཞིའི་བདག་ཉིད་ཅན་ཀྱི་ཕྱིར་རོ། །མཉམ་མེད་མཉམ་པ་ནི་།ཐམས་ཅད་སྟོང་པ་ནི ་མཉམ་མེད་དེས་མཉམ་པ་ནི་དེའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །ཡང་ན་མཉམ་མེད་ནི་སངས་རྒྱས་རྣམས་སོ།། དེ་རྣམས་ཀྱིས་མཉམ་པ་དེ་ནི་མཚུངས་པའོ།། དེ་ཉིད་ཀྱི་ཕྱིར་མི་རྟོག་སྐུ་གཅིག་སྟེ་མི་རྟོག་པ་ནི་རྣམ་པར་རྟོག་པ་དང་བྲལ་བའོ། །གཅིག་ནི་གཉིས་པ་མེད ་པའོ། །སྐུ་ནི་མཚན་སུམ་ཅུ་སོ་གཉིས་ལ་སོགས་པའི་བརྒྱན་པའི་ལུགས་གང་ཡིན་པ་དེའི། །ད་ནི་རྗོད་བྱེད་དང་བརྗོད་བྱ་དང་།དགོས་པ་བརྗོད་པ་དཔལ་ལྡན་ཞེས་བྱ་བ་ལ་སོགས་པ་གསུང་ཏེ། རྒྱུད་ཀྱི་ཚིགས་སུ་བཅད་པ་དུ་མ་རྣམས་ཕུང་པོ་གཅིག་ཏུ་གྱུར ་པའི་དངོས་པོ་ནི་མདོར་བསྡུས་པ་ཡིན་ལ། ཤིན་ཏུ་ཆྔ་བ་ཉིད་ཀྱི་ཕྱིར་།མདོར་བྱས་ཅན་ནོ། །དེའི་རིམ་པ་ནི་གོ་རིམས་སོ། །དེ་བདག་གིས་བཤད་པར་བྱ་སྟེ་བསྟན་པར་བྱའོ། །སེམས་ཅན་ཀུན་ལ་ཕན་བསྐྱེད་པ་ནི་འཇིག་རྟེན་གྱི་ཕན་པ་མངོན་པར་འདོད་པ་ནི་སངས་རྒྱས ་ཉིད་དེ། དེ་བསྐྱེད་པ་ནི་མངོན་པར་བསྐྱེད་པའོ། །འདིར་ཞེས་པ་ནི་དེ་དེ་བཞིན་ནོ། །རྒྱུད་གཞན་རྣམ་པར་གཅོད་པའི་དོན་དུ། དཔལ་ལྡན་འདུས་པའི་རྒྱུད་འདི་ཡིས་ཞེས་གསུངས་ཏེ། འདུས་པར་བྱེད་པ་ནི་འདུས་པ་སྟེ། ལྷ་སུམ་ཅུ་སོ ་གཉིས་པོ་རྣམས་གཅིག་ཏུ་འདུས་པའོ། །ཡང་ན་སྟོང་པ་ཉིད་དང་སྙིང་རྗེའོ། །འདུས་པ་ཕྱི་མར་གསུངས་པ་ཡང། འདུས་པ་སྦྱོར་བར་རབ་གསུངས་ཏེ། །སངས་རྒྱས་ཐམས་ཅད་མངོན་རྗོད་བྱེད་ཅེས་སོ། །དཔལ་ནི་འཇིག་རྟེན་དང་འཇིག་རྟེན་པས་འདས་བའི་ཕུན ་སུམ་ཚོགས་པ་དེ་འདི་ལ་ཡོད་དོ་ཞེས་པས་དཔལ་ལྡན་ནོ། །རྒྱུད་སྟེ་གཞུང་རྒྱུན་ཆགས་པའི་མཚན་ཉིད་ཀྱང་ཡིན་ལ་དཔལ་ལྡན་འདུས་པའི་རྒྱུད་ཀྱང་ངོ་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་རྟོགས་པར་དཀའ་བ་ཉིད་ཀྱི་ཕྱིར་མཛའ་དྲུག་གི་དོན་འདི་དང ་འདི་དག་ཁོང་དུ་ཆུད་པ་ལས་ཏེ། དྲང་བ་དང། ངེས་པ་དང། དགོངས་པ་དང་སྒྲ་ཇི་བཞིན་པ་དང། སྒྲ་ཇི་བཞིན་པ་མིན་པ་དང། དགོངས་པ་མ་ཡིན་པ་ཀུན་ཏུ་རྟོགས་པ་ལས་སོ། །མཛའ་དྲུག་གི་དོན་ཉིད་ལྷག་པར་མ་རྟོགས་པ་དེའི་དོན་དུ་བདག་གི་དཔལ ་ལྡན་འདུས་པའི་རྒྱད་ཀྱི་སྒྲོལ་མ་གསལ་བར་བྱེད་པའི་རྒྱ་ཆེར་བཤད་པར་གང་འདི་མཛའ་དྲུག་གི་དོན་གྱི་བཤད་པ་ཡོད་པ་འདི་ཉིད་ལ་འདིར་འཇུག་པར་བྱ་སྟེ། སྐལ་ངན་རྣམས་ལ་རྒྱལ་བ་ཡིས། །སྤས་ཏེ་བཤད་པ་དྲང་བའི་དོན། །ཡང་དག ་དོན་ནི་རབ་སྟོན་ཕྱིར?། །ངེས་པའི་དོན་ཡང་གསུངས་པ་ཡིན། །མཆོག་འདོད་སེམས་ཅན་རྣམས་ལ་ནི། །ཆོས་ཀྱི་དེ་ཉིད་རབ་སྟོན་པ། །འགལ་བའི་ཚིག་གི་སྦྱོར་བ་ཡིས། །གསུངས་པ་གང་དེ་དགོངས་བཤད་དོ། །དཀྱིལ་འཁོར་སོགས་དང་རྟོགས་པ ་བསྡུ། །སྤྱོད་བ་ཇི་ལྟ་ཇི་ལྟ་བར། །དོན་རྒྱས་པར་ནི་གསུངས་པ་ནི། །དེ་ནི་ཇི་ལྟ་བཞིན་སྒྲར་གསུངས། །ཀོ་ཌཱ་ཀྵ་ཀ་ལ་སོགས་སྒྲ། །འཇིག་རྟེན་བསྟན་བཅོས་ཕྱི་རོལ་བྱས། །དེ་བཞིན་གཤེགས་རྣམས་བརྡར་གྱུར་པ། །དེ་ནི་ཇི་ལྟ་བཞིན་མིན་སྒྲར ་བསྒྲགས། །དབང་པོ་རྟུལ་པོའི་སེམས་ཅན་གྱི། །རྟོགས་པའི་དོན་ཕྱིར་གསལ་བར་རུ། །དེ་ཉིད་གསལ་བར་གསུངས་པ་ནི། །དགོངས་པ་མིན་པར་གསུངས་པ་ཡིན། །མཛའ་དྲུག་གི་རྣམ་པར་བཤད་པའི་ནང་དུ། །རྣལ་འབྱོར་པའི་ཡིད་འཕྲོག་པར་བྱང ་པའི་དོན་མདོར་བཤད་པར་དྲང་བ་དང་དེས་པའི་དོན་གྱི་དབྱེ་བས་བཤད་པ་རྣམ་པ་གཉིས་སུ་ཁོང་དུ་ཆུད་པར་བྱ་སྟེ། དམན་པའི་སྒོམ་པ་པོས་སོ། །འདིས་ནི་མངོན་པར་བརྗོད་པར་བྱ་བའི་དགོས་པ་གསུངས་སོ། །དགོས་པ་དེ་རྣམ་པར་རྟོག་པ་བསལ་བ ་ཞེས་བྱ་བ་དེའི་སྒོ་ནས་འབྲས་བུ་ཁོང་དུ་ཆུད?་དོ་ཞེས་ཡིད་ལ་བཞག་ནས་རྣམ་རྟོག་བག་ཆགས་ཞེས་བྱ་བ་ལ་སོགས་ཏེ། རྣམ་པ་སྣ་ཚོགས་པའི་འདོད་ཆགས་ལ་སོགས་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པའི་སེམས་ཅན་གྱིས་སྒོ་བཏགས་པ་ནི་རྣམ་པར ་རྟོག་པ་ཡང་འདི་ཡིན་ལ་བག་ཆགས་ཀྱང་ངོ་ཞེས་ཚིག་རྣམ་པར་སྦྱར་རོ། །རྣམ་རྟོག་བག་ཆགས་ཉེས་པ་སྟེ། དེ་རྣམས་ལ་ཅིར་གྱུར་ན་འགྲོ་བ་གསུམ་པོ་རྣམས་རྨོངས་ལ། བློ་དང་ལྡན་པ་སྟེ་རྣལ་འབྱོར་པ་ལེགས་ཏེ་ཡང་དག་པར་མངོན་པར་བལྟས་ནས་ཏེ་མཐོང ་ནས་སོ། །དེ་ཉིད་ཀྱི་ཕྱིར་རྣལ་འབྱོར་རྒྱུད་ཀྱི་སྦྱང་བར་བྱ་ཞེས་གསུངས་ཏེ། རྣལ་འབྱོར་ནི་ཤེས་རབ་དང་ཐབས་སྙོམས་པར་ཞུགས་པའི་ཟུང་དུ་འཇུག་པའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའོ། །དེ་གང་དུ་རྒྱུད་དུ་བྱེ་ཞིང་བྱེ་བྲག་ཏུ་རྟོགས་པར་བྱ་བ་དེས་སེམས་ཀྱི་ཉེས ་པ་རྣམས་སྦྱང་བར་བྱ་སྟེ། རང་གི་ངོ་བོ་ཡོངས་སུ་དག་པར་བྱའོ། །ལུང་དུ་གསུང་པ། ཡང་སྲིད་ཉིད་ཀྱི་ཡོངས་ཤེས་པ། །མྱ་ངན་འདས་བ་ཞེས་གསུངས་སོ་ཞེས་སོ། །རྣལ་འབྱོར་གྱི་སྤྱོད་པ་གསུངས་པ། འདོད་པ་ལྔ་རྣམས་ཤེས་པ་ལ་སོགས་པ་སྟེ། ལྔ་ཡང་ཡིན་ལ ་འདོད་པ་རྣམས་ཀྱང་ངོ་ཞེས་པས་འདོད་པ་ལྔ་རྣམས་ཏེ་འཇིག་རྟེན་གྱི་འདོད་པར་བྱ་མངོན་པར་འདོད་པར་བྱ་བ་སྟེ། གཟུགས་དང་སྒྲ་ལ་སོགས་པའི་ཡུལ་རྣམས་སོ། །དེ་རྣམས་ཡོངས་སུ་མ་སྤངས་ཏེ་མདོར་ཞིང། །དཀའ་ཐུབ་ཀྱིས་ཀྱང་མ་གསུངས་པར་ཏེ། །དཀའ་ ་ཐུབ་རྣམས་ཀྱིས་ནི་ཐེག་པ་གཞན་ལ་བརྟེན་ནས་བྱ་དཀའ་བ་དང་།སྡོམ་པ་དང། བརྟུལ་ཞུགས་མི་བཟང་པ་རྣམས་ཀྱིས་སོ། །བྱ་དཀའ་བ་ལ་སོགས་པ་འདི་རྣམས་ཀྱི་དོན་རྣམ་པར་བཤད་པར་བྱ་སྟེ། ལུས་བུབ?་པའི་སྦྱོར་བས་གཙུག ་ལག་ཁང་ལ་སོགས་པ་བཞེངས་པར་བྱེད་པ་ནི་བྱ་དཀའ་བ་རྣམས་སོ། །ཤིང་དྲུང་བ་ལ་སོགས་པ་སྦྱངས་པའི་ཡོན་ཏན་རྣམས་ནི་སྡོམ་པ་རྣམས་སོ། །རི་ལས་མཆོད་པ་དང་མེ་ལ་རབ་ཏུ་འཇུག་པ་ལ་སོགས་པ་རྣམས་ནི་མི་བཟང་པ་རྣམས་སོ། །འདི་རྣམས་སྟེན ་པར་བྱེད་བཞིན་པས་གདུང་བར་ཡང་མི་བྱ་སྟེ། གདུང་བཞིན་པ་ལ་གྲུབ་པར་མི་འགྱུར་ཏེ། བྱང་ཆུབ་མི་ཐོབ་བོ། །དེ་ཉིད་ཀྱི་ཕྱིར། །དེ་ལྟར་ཁོང་དུ་ཆུང་ནས་རྣལ་འབྱོར་པའི་སེམས་ཀྱི་རྒྱལ་པོ་སྡུག་བསྔལ་བསམ་མི་བྱའོ། །དེ་ལྟ་མོད་ཀྱི་ཅི་ལྟར་ཞེ་ན་གསུངས ་པ། །འདོད་པ་ལྔ་ལ་ཉེ་བར་ཡོངས་སྤྱོད་པ་ཉིད་ཀྱི་བདེ་བས་བྱང་ཆུབ་སྟེ་སངས་རྒྱས་ཉིད་བསྒྲུབ་པར་བྱའོ། །གང་ལས་ན་རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲངས་ནས་ཏེ། རྣལ་འབྱོར་རྒྱུད་ནི་དཔལ་འདུས་པའི་རྒྱུད་དོ། །དེའི་རྗེས་སུ་འབྲངས་ནས་ནི་དེའི་དོན་ལྷག་པར་རྟོགས ་བ་ལ་སོགས་སོ། །རྒྱུད་གཞན་དུ་གསུངས་པ་ཡང། དཀའ་ཐུབ་སྡོམ་པ་མི་ཟད་པས། །སྡུག་བསྔལ་ཞིང་ནི་ལུས་སྐམས་བྱེད། །སྡུག་བསྔལ་བ་ལས་སེམས་གཡེངས་འགྱུར། །གཡེངས་པས་དངོས་གྲུབ་གཞན་དུའོ་ཞེས་སོ། །དེས་ན་ཞེས་བྱ་བ་ལ ་སོགས་པ་ལ། འདིར་སྒོམ་པར་བྱེད་པ་དེས་ན་སྔར་གསུངས་པའི་གཟུགས་ལ་སོགས་པར་འདོད་པའི་ཡོན་ཏན་ལྔ་ལ་ཉེ་བར་ལོངས་སྤྱོད་པ་ཉིད་ཀྱི་སྡོམ་པས་སྡོམ་གནས་སོ། །གང་གིས་ཀྱང་དབྱེ་བར་ནུས་པ་མ་ཡིན་པ་ཉིད་ཀྱི་ཕྱིར་མི་ཕྱེད་པར་ནི་འགྱུར་རོ། ་འདི་ནི་རྣལ་འབྱོར་པའི་བརྟུལ་ཞུགས་ཏེ་རྟག་ཏུ་སྟེ་དུས་ཐམས་ཅད་དུའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །སྒྲུབ་པ་ངག་ཏུ་ཞེས་པ་ནི་གལ་ཏེ་ཡང། གཞན་དུ་བཀོད་པའི་རིམ་པ་ལྔའི་དོན་གང་མདོར་བྱས་ཀྱི་རིམ་པ་སྟེ། དེ་བཞིན་དུ་ཡང་མདོར་བྱས ་ཀྱི་རིམ་པར་ལུས་རྣམ་པར་དབེན་པ་དངོས་སུ་གསུངས་ཏེ། ཅི་ལྟར་འདིར་སྒྲུབ་ཅིང་རྫོགས་པ་ཡིན་ཞེས་འདྲ་ནི། བདེན་ཏེ་ལུས་རྣམ་པར་དཔེན་པ་གསུངས་པས་དག་དང་སེམས་ཀྱང་སོ་སོར་སྒྲུབ་པར་བྱེད་དོ། །ཅི་ལྟར་སེམས་ཀྱི་ངོ་བོ་ལས་གཞན་མེད་པའི་ཕྱིར ་སེམས་ཀྱི་སྤྲུལ་པ་ལུས་ཏེ། ལུས་ཉིད་སེམས་དང་སེམས་ཀྱི་རྟེན་ཡིན་པའི་ཕྱིར་ཚིག་ཏུ་བརྗོད་པ་སྟེ་ཚིག་ཉིད་སེམས་ཏེ། འདི་དང་བྲལ་བའི་དངོས་པོ་མེད་པར་གསལ་ལོ། །རྒྱུད་དུ་གསུངས་པ་ཡང། ཁྱོད་ཀྱིས་སེམས་ལུས་ལྟ་བུ་དང་ལུས་སེམས་ལྟ་བུ་དང ་སེམས་ཚིག་ཏུ་བརྗོད་པ་ལྟ་བུར་སྐྱེད་ཅིག་ཅེས་སོ། །རྡོ་རྗེ་འཆང་གི་དངོས་གྲུབ་སྒྲུབ་པའི་གནས། །མགོན་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགོན་པ་ཆེན་པོའི་ས་ཕྱོགས་སུ་སྟེ། མཆོག་ཏུ་གྱུར་པའི་ཕྱོགས་སུ་ཆུ་དང། ལ་སོགས་པས་ཡོད ་འཕྲོགས་པ་ཉིད་ཀྱི་ཕྱིར་རོ། །མེ་ཏོག་འབྲས་བུ་ལ་སོགས་པས་བརྒྱན། །རི་བོ་དབེན་པ་དག་ཏུ་ནི། །འདི་ཡང་རྣམ་པར་དབེན་པ་རུ། །དངོས་གྲུབ་ཐམས་ཅད་བསྡུས་པ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་དངོས་གྲུབ་དག་འདིར་ཀུན ་ནས་བསྡུ་བར་བྱ་བས་ན་བསྡུག་འགྱུར་ཏེ། དེ་ནི་དངོས་གྲུབ་ཐམས་ཅད་བསྡུས་བ་སྟེ་སངས་རྒྱས་ཉིད་བསྒྲུབ་སྟེ་བསྒྲུབ་པར་བྱའོ། །ཡང་ན་ནམ་མཁའ་བརྟག་པའི་སྦྱོང་རྣམས་ཀྱིས། །ཕུང་པོ་དགོན་པ་ཆེན་པོར་འདོད། །གནས་མེད་གནས་བའི་ཚུལ་གྱིས་ནི། །གནས ་ཆེན་པོ་ནི་ས་ཕྱོགས་ཡིན། །ལོངས་སྤྱོད་རྫོགས་འདིར་དཔག་བསམ་ཤིང། དངོས་གྲུབ་སྣ་ཚོགས་མེ་ཏོག་མཛེས། །སྦྲུལ་པའི་འབྲས་བུ་ཡང་དག་མཛེས། །ཡང་དག་རྫོགས་པའི་བྱང་ཆུབ་རི། །རང་བཞིན་མེད་དབེན་ཉམས་དགའ་བར། །རྡོ་རྗེའི་མིང་ཅན་དེར ་བསྒྲུབ་བྱ་ཞེས་སོ། །གསུང་རབ་འདིའི་དོན་འདི་ཡིན་ཏེ། །ནམ་མཁའ་ཞེས་བྱ་བ་ལ་སོགས་པ་ནས་དགོན་པ་ཆེན་པོར་འདོད་ཅེས་བྱ་བའི་མཐར་ཐུག་པས་དེ་བཞིན་ཉིད་བཤད་པ་གསུངས་ཏེ། དེ་ལ་ཕུང་པོ་ལ་སོགས་པ་བརྟག་པས་ཕུང་པོ་སོགས་བསྐྱེད་པའོ། །དེའི ་སྦྱོར་བ་ལས་ཕུང་པོ་ལ་སོགས་པ་རྣམས་དགོན་པ་ཆེན་པོར་འདོད་དེ་རབ་ཏུ་གྲགས་པའི་ནམ་མཁའ་ལྟ་བུའི་དགོན་པ་ཆེན་པོར་ཞེས་པ། དེ་ལྟ་བུའི་ཐ་མལ་པའི་ཕུང་པོ་ལ་སྭོ་བ་སྒོམ་པར་བྱེད་པའི་གནས་སོ། །ཐ་མལ་པའི་ཕུང་པོ་ལ་སོགས ་པ་ལ་རྟེན་ནས་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྒྲུབ་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །གནས་མེད་ཅེས་བྱ་བ་ལ་སོགས་པ་ནས། གནས་ཆེན་པོ་ཞེས་པའི་མཐར་ཐུག་པའི་བརྡ་སྤྲད་པར་བྱ་སྟེ། འོད་གསལ་པའི་བདག་ཉིད་ཅན་གཞན་སྒྲུབ་པར་བྱེད་པའི་གནས་སོ། ་ལོངས་སྤྱོད་རྫོགས་པའི་བདག་ཉིད་དུ་ལྡང་བ་ནི། ལོངས་སྤྱོད་རྫོགས་ཤེས་པ་ལ་སོགས་པ་མེ་ཏོག་མཛེས་ཞེས་བྱ་བ་ནས་བརྩམས་ནས་ལོང་སྤྱོད་རྫོགས་པ་གསུངས་སོ། །ལོང་སྤྱད་རྫོགས་པ་ཡང་སྤྲུལ་པའི་སྐུ་སྒྲུབ་པར་བྱེད་པའི་གནས་སུ་སྤྲུལ་པ ་ཞེས་བྱ་བ་ལ་སོགས་པ་གནས་ཡང་དག་པར་རྫོགས་བའི་བྱང་ཆུབ་རི་ཞེས་པའི་བར་གྱིས་གསུངས་སོ། །རང་བཞིན་མེད་ཅེས་པ་ལ་སོགས་པ་ནས་རྡོ་རྗེའི་མིང་ཅན་ཞེས་པའི་མཐར་ཐུག་པ་ཐམས་ཅད་ཀྱི་རྣམ་པར་དག་པ་སྟོན་པས་གསུངས་སོ། །འཇམ ་པའི་སྟན་ལ་ཞེས་བྱ་བ་ནི། རྗེ་ཐོག་མར་ཡིད་དང་མཐུན་པའི་གནས་སུ་ཁ་ཤར་དུ་མངོན་པར་ཕྱོགས་ནས་ནང་ཚངས་ཅན་གྱི་སྟན་འཇམ་པ་ལ་སོགས་པའི་སྟེངས་སུ། སེམས་དཔའ་ཨི་སྐྱིལ་ཀྲུང་གིས་ཉེ་བར། འདུག་སྟེ་དཔལ་འདུས་པ་ད་ཡིན་ནོ་ཞེས་ང་རྒྱལ ་བྱའོ། །དེའི་རྗེས་སུ་རང་གི་སྙིང་གར་ཉི་མའི་སྟེང་དུ་ཧཱུཾ་ཡིག་ལས་སྐྱེས་བའི་རྡོ་རྗེ། སླར་ཡང་རྡོ་རྗེའི་སྟེང་དུ་ཧཱུཾ་ཡིག་བལྟས་ནས། དེའི་ས་བོན་གྱི་འོད་ཟེར་གྱིས་ཕྱི་རོལ་ཏུ་ལྕགས་ཀྱུའི་རྣམ་པས་བཅོམ་ལྡན་འདས་འཆད་པར་འགྱུར་པའི་ཡེ་ཤེས་ཀྱི་འཁོར་ལོ། ་བཀུག་ནས་མདུན་གྱི་ནམ་མཁར་རྣམ་པར་བསྒོམས་སཾ་ནས་ཐོག་མར་མཆོད་ཡོན་དབུལ་བར་བྱའོ། །དེའི་འོག་ཉིད་དུ་ས་བོན་ལས་བྱུང་བའི་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ནས། ཕྱག་འཚལ་བ་དང་སྡིག་པ་བཤགས་པ་ལ་སོགས་པ་ཡང ་དག་པར་བསྒྲུབས་ནས། སེམས་ཅན་ཐམས་ཅད་ལ་ཚངས་པའི་གནས་བཞིའི་རང་བཞིན་བྱམས་པ་ལ་སོགས་པའི་སེམས་བསྐྱེད་པར་བྱའོ། །དེ་མ་ཐག་ཏུ་སྒྲུབ་པ་པོ་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པས་ཐ་མལ་པའི་ང་རྒྱལ་བསལ་ལ་སྐད་ཅིག་གིས་བདག་ཉིད ་རྡོ་རྗེ་འཆང་ཆེན་པོའི་གཟུགས་ཁ་དོག་དཀར་པོ་ཕྱག་གཉིས་པ་ཞལ་གཅིག་པ། པདྨ་དང་ཟླ་བའི་གདན་ལ་བཞུགས་པ་འོད་ཀྱི་དཀྱིལ་འཁོར་གྱིས་རྣམ་པར་མཛེས་པ། མཚན་སུམ་ཅུ་རྩ་གཉིས་འཆང་བ། དཔེ་བྱང་བཟང་པོ་བརྒྱད་ཅུས་བརྒྱན་པ། རྡོ་རྗེ་དབྱིངས ་ཀྱི་དབང་ཕྱུག་མས་འཁྱུད་པ། རྒྱུ་མ་ལྟ་བུའི་སྐུར་བསམ་པར་བྱའོ། །ཡེ་ཤེས་སྒྲོན་མ་རྡོ་རྗེའི་ཏིང་ངེ་འཛིན་གྱི་ཚུལ་བགྱིས་སོ། །འདིའི་དོན་རྣམ་པར་བཤད་པའི་སྒོ་ནས་ངེས་པར་བཤད་པར་བྱ་སྟེ། ཛྙཱ་རྟོག་པ་ལའོ། །ན་ནི་དགག་པ་ལ་འཇུག་སྟེ། །གང་ལ་རྟོག་པ ་མེད་པ་ཡེ་ཤེས་ཏེ་འོན་ཀྱང་དོན་དམ་པའི་བདེན་པ་དེ་མངོན་པར་བརྗོད་པར་བྱ་བ་མ་ཡིན་ནོ། །སྣང་བ་མ་ལུས་ཟིལ་གྱིས་མནན་ནས་འཇིག་རྟེན་གྱི་ཁམས་མཛའ་ཡས་པ་ཀུན་ཏུ་སྣང་བར་བྱེད་བ་དེ་ཉིད་སྒྲོན་མའོ། །མི་ཕྱེད་པ་ཉིད་ཀྱི་ཕྱིར་རྡོ་རྗེའོ། །རིམ་པ ་འདིས་དེ་ནས་རང་གི་སྙིང་གར་སྐད་ཅིག་གིས་ཞེ་སྡང་རྡོ་རྗེ་འཆང་བར་འགྱུར་བར་བསམས་ནས། རང་གི་རིགས་མ་དང་ལྷན་ཅིག་འདོད་ཆགས་ཆེན་པོའི་རྗེས་སུ་ཆགས་པ་ཆེན་པོའི་རྗེས་སུ་ཆགས་པ་ལས་དེ་ཞུ་ནས་ཨ་བ་དྷཱུ་ཏིའི་ལམ་གྱི་པདྨའི་དབུས་སུ་ཡང་དག་པར་སྤྲོ་བར་བྱའོ།། ་དེ་ནས་བཛྲ་དྷྲིཀ་ཅེས་པའི་སྔགས་ཀྱིས་ཕྱི་རོལ་ཏུ་ཕྱུང་ནས་མི་བསྐྱོད་པའི་གཟུགས་ཁ་དོག་ནག་པོ་ཞལ་གསུམ་པ་ཕྱག་དྲུག་པར་བསམས་ནས་བདག་གི་མདུན་དུ་འདུག་པར་བལྟ་སྟེ། སླར་ཡང་དེ་རང་གི་ལུས་ལ་འོ་མ་དང་ཆུའི་ཚུལ་གྱིས་རྗེས་སུ་ཞུགས་ནས ་བདག་ཉིད་ཨིནྡྲ་ནཱི་ལའི་ཁ་དོག་མཆེ་བ་ཅུང་ཟད་གཙིགས་པས་འཇིགས་པར་བྱེད་པ་དང་མཚུངས་པའི་རྣམ་པ། རེག་བྱ་རྡོ་རྗེ་མས་འཁྱུད་པ། སྒྱུ་མ་ལྟ་བུའི་སྐུ། ཉི་མའི་གདན་ལ་ཞེ་སྡང་རྡོ་རྗེའི་གཟུགས་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་དུ་བསམ་པར་བྱའོ། ། ་དེ་ལྟ་བུ་ནི་ཞེས་ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་གནས་ཏེ་སྔགས་པའོ། །བཤད་མ་ཐག་པ་འདི་དག་ནི་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་རྡོ་རྗེ་སེམས་དཔའ་ཨི་སྒྲུབ་ཐབས་ཀྱི་དགོངས་པ་བླངས་པའོ། །གནས་བསྲུངས་པ་ནི་བསམ་པར་བྱ་ཞེས་པ་ནི ་རིམ་པ་འདིས་སོ། །དེ་ལ་རིམ་པ་ནི་འདི་ཡིན་ཏེ། ཧཱུཾ་ཡིག་རིང་པོ་བརྗོད་ནས། དེ་ལས་སྐྱེས་བའི་གཤིན་རྗེའི་གཤེད་ལ་སོགས་པའི་ཁྲོ་བོ་བཅུ་པོ་རྣམས་ཡང་དག་པར་ཕྱུང་སྟེ་གཡོན་བརྐྱང་གི་སྟབས་ཀྱི་ཉི་མའི་དཀྱིལ་འཁོར་ལ་གནས་པ་འཆད་པར་འགྱུར ་བའི་མཚན་མ་ལ་སོགས་པ་དང་ལྡན་པ་རྣམས། ཕྱོགས་བཅུའི་དཀྱིལ་འཁོར་རྩེ་མོར་ནི་རྣམ་པར་བསམ་པར་བྱའོ། །རྒྱུད་དུ་གསུངས་པ་ཡང། །ཁྲོ་བོ་ཞེ་སྡང་གནས་ལ་སྐྱེས། །རྟག་ཏུ་གསོད་ལ་བརྩོན་པ་རྣམས། །སྒྲུབ་པོ་མཆོག་གི་ཆོས་ཅན་གྱིས། ། ་བསོད་པའི་དོན་གྱིས་འགྲུབ་པར་བྱེད། །ཅེས་བྱ་བའི་གསུང་རབ་འདིའི་དོན་འདི་ཡིན་ཏེ་ཁྲོ་བོ་ནི་གཤིན་རྗེ་མཐར་བྱེད་ལ་སོགས་རྣམས་སོ། །ཞེ་སྡང་གནས་ནི་ཧཱུཾ་ཡིག་གོ། དེ་ལ་སྐྱེས་པ་ནི་དེ་ལ་རྫོགས་པའོ། །གསོད་ལ་བརྩོན་པ་ནི་གདུལ་དཀའ་འདུལ་བར ་བྱེད་པའི་ལས་སོ། །བགེགས་རྣམས་གསོད་པའི་དོན་གྱིས་དྲག་པོའི་ལས་རྣམས་འགྲུབ་པར་བྱེད་དེ་མངོན་པར་འདོད་པའི་དོན་རྫོགས་པར་བྱེད་པའོ། །མཆོག་གི་ཆོས་ཅན་ཤིན་ཏུ་མཆོག་ཏུ་གསོད་པའི་རང་བཞིན་ཅན་གྱི་ཞེས་པའོ། །བགེགས་ཀུན་རྣམ ་པར་གཞིག་དོན་དུ་ཞེས་པ་ལ་སོགས་པ་ལ། །གནོད་མཛེས་འོག་ཏུ་གནས་པ་ལ་རྣམ་པར་བལྟས་པས་སྤྲུལ་པའི་གནོད་མཛེས་གཉིས་པ་བཀུག་ནས་རང་གི་མདུན་ན་གནས་ཏེ་ཅི་བགྱིའི་གཟུགས་ཀྱིས་བཀའ་ནོད་པར་རྣམ་པར་བསམས་ནས། ་ཧཱུཾ་ཡིག་བཞི་པའི་སྔགས་ཀྱིས་ཁྲོ་བོའི་གཟུགས་ཅན་འདི་ཡིས་ནི་ཞེས་པ་ཞེ་སྡང་རྡོ་རྗེ་ཁྲོས་པས་བཀའ་སྦྱིན་པར་བྱའོ། །ཕྱི་ནས་གནོད་མཛེས་རྒྱལ་པོས་བཀའ་ཐོབ་ནས་ཕྱོགས་བཅུར་སོང་སྟེ། དབང་པོ་ལ་སོགས་པའི་བགེགས་ཀྱི་གཙོ ་པོ་རྣམས་ལྕགས་ཀྱུས་སྙིང་གར་ཕུག་ནས་བཀུག་སྟེ་ཞགས་པས་མགུལ་བ་བཅིངས་ནས་ཁྲོ་བོའི་རྒྱལ་པོ་བཅུ་ལ་ཡང་དག་པར་གཏང་ནས་སླར་ཡང་དེས་པར་གནོད་མཛེས་མདུན་དུ་གནས་སོ། །བཀུག་པའི་བགེགས་ཀྱི་གཙོ་བོ་རྣམས་ཀྱིས་ཁ་དོག་དང ་མཚན་མ་ལ་སོགས་པའི་རིམ་པ་བཤད་པར་བྱ་སྟེ། དེ་ལ་རིམ་པ་ནི་འདི་ཡིན་ཏེ། དབང་པོ་ནི་ཤར་ཀྱི་ཕྱོགས་ན་གནས་པ་སེར་པོ་མིག་སྟོང་པ་ལག་པ་གཉིས་པ་ཞལ་གཅིག་པ། གཡས་པ་དང་གཡོན་པའི་ལག་པའི་ལག་པ་དག་གིས་རྡོ་རྗེ་སྒེག་པས ་འཛིན་པ་རིན་པོ་ཆེའི་ཅོད་པན་ཅན། ས་སྲུངས་དཀར་པོ་ལ་ཞོན་པ་གཤིན་རྗེ་མཐར་བྱེད་ཀྱི་སོ་སོར་གནོན་བཞིན་པར་བསམས་པར་བྱའོ། །དེ་བཞིན་དུ་ཤེས་རབ་མཐར་བྱེད་ནི་གཤིན་རྗེའི་ཕྱོགས་སུ་གཤིན་རྗེ་ནག་པོ་ཆེན་པོ་ཞལ་གཅིག་པ་ལག་པ་གཉིས ་པ་གཡས་པ་དང་ཅིག་ཤོས་ཀྱི་ལག་པ་དག་གིས་དབྱུག་པ་དང་སྡིགས་མཛུབ་འཆང་བ་སྐྲ་དམར་སེར་འབར་བ་གྱེན་དུ་བརྫེས་པ། གཡོན་བརྐྱང་གིས་མ་ཧེའི་སྟན་ལའོ། །དེ་བཞིན་དུ་པདྨ་མཐར་བྱེད་ཀྱི་ནི་ནུབ་ཀྱི་ཕྱོགས་སུ་ཆུ་ལྷ་དཀར་པོ་ཞལ་གཅིག ་པ་ལག་པ་གཉིས་པ་གཡས་པ་དང་གཡོན་པའི་ལག་དག་གིས་ཀླུའི་ཞགས་པ་འགྱིང་བ་འཛིན་པ། རུ་སྦལ་ལ་ཞོན་པའོ། །དེ་བཞིན་དུ་བགེགས་མཐར་བྱེད་ཀྱི་ནི་ལུས་ངན་གྱི་ཕྱོགས་སུ་ལུང་ངན་སེར་པོ་མི་ལ་ཞོན་པ་ཚོན?་པོ་ཞལ་གཅིག་པ་ཕྱག་གཉིས་པ ་གཡས་ཀྱི་ལག་པས་ནེའུ་ལེ་དང་གཡོན་གྱིས་ས་བོན་གྱི་གང་བ་ཅན་འཛིན་པ་རིན་པོ་ཆེའི?་ཅོད་པན་ཅན་ནོ། །དེ་བཞིན་དུ་མི་གཡོ་བའི་མེའི་ཕྱོགས་སུ་མེ་ལྷ་ཚོན་པོ། །དམར་པོ་འབར་བས་བརྒྱན་པ་དམར་པོ་ལག་པ་བཞི་པ་གཡས་པས་མི་འཇིགས་པ ་དང་བགྲང་ཕྲེང་འཕྱང་བ། གཡོན་པས་དབྱུག་པ་དང་རིལ་བ་སྤྱི་བླུགས་འཆང་བ་རུ་སྐྱེས་ཀྱི་སྟན་པའོ། །དེ་བཞིན་དུ་འདོད་པའི་རྒྱལ་པོའི་བདེན་བྲལ་ཀྱི་ཕྱོགས་སུ་སྲིན་པོ་ནག་པོ་ཞལ་གཅིག་པ་ཕྱག་གཉིས་པ་གཅེར་བུ་ཆ་ལུགས་ངན་པ། མཆེ་བ་གཅིཌ?་ ་པའི་ཞལ་སྐྲ་གྲོལ་བ་གཡས་ན་གྲི་འཆང་བ། གཡོན་ན་ཐོང་བ་འཆང་བ། གཡོན་བརྐྱང་བས་རོའི་སྟན་ལའོ། །དེ་བཞིན་དུ་དབྱུག་པ་སྔོན་པོའི་རླུང་གི་ཕྱོགས་སུ་རླུང་ལྷ་ལྗང་གུ་ཞལ་གཅིག་པ་ཕྱག་གཉིས་པ་རླུང་རས་འཆང་བ་རིན་པོ་ཆེའི ་ཅོད་པན་ཅན་ཤ་བ་སེར་པོའི་སྟན་ལའོ། །དེ་བཞིན་དུ་སྟོབས་པོ་ཆེའི་དབང་ལྡན་གྱི་ཕྱོགས་སུ་དབང་ཕྱུག་དཀར་པོ་ཞལ་གཅིག་པ་ཕྱག་གཉིས་པ་གཡས་ན་ཌཱ་མ་རུ་འཛིན་པ། གཡོན་ན་ཁ་ཊཝཾ་ག་འཛིན་པ། རལ་པ་རུས་པའི་ཕྲེང་བ་དང་རི་བོང་ཅན་གྱིས ་བརྒྱན་པ་ཁྱུ་མཆོག་ལ་ཞོན་པའོ། །དེ་བཞིན་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་ཡི། །སྟེང་དུ་མེས་པོ་སེར་པོ་ཆེན་པོ། །ཞལ་བཞི་པ་ཕྱག་གཉིས་པ་གཡས་པའི་དང་པོ་གཡོན་པའི་ཕྱག་དག་གིས་བགྲང་ཕྲེང་དང་དབྱུག་གུ་གསུམ་པ་འཛིན་པ ་བོངས?་ཐུང་བ་མཆོད་ཕྱིར་ཐོགས་བ་ཅན་རལ་བས་བརྒྱན་པ་དང་པ་ལ་ཞོན་པའོ། །དེ་བཞིན་དུ་གནོད་མཛོས་རྒྱལ་པོའི་འོག་ཕྱོགས་སུ་སའི་ལྷ་མོ་སེར་མོ་ཞལ་གཅིག་པ་འདམ་སྐྱེས་ལ་གནས། གཡས་ན་སོ་བའི་སྙེམ་ཐོགས་པ་གཡོན་ན་བུམ ་པ་ཐོགས་པ་རིན་པོ་ཆེའི་ཅོད་པན་ཅན་ནོ། །རྡོ་རྗེ་བདུད་རྩི་རྒྱལ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྒྲུབ་པ་པོ་ངེས་པར་རྟོགས་པར་བྱེད་པ་ལ། དེ་ནས་བདུད་རྩི་འཁྱིལ་པ་བྱང་སྒོར་སྤྲུལ་པ་གཉིས་པ་བཞག་ནས་འོངས་ཏེ་ཕྱི་ནས་ཕུར་པ་བཅུའི་རྣམ་པར ་བསྒོམ་པར་བྱའོ། །ུཏཔལ་སྔོན་པོའི་འདབ་མ་སྡོར་ཞེས་བྱ་བ་ལ་སོགས་པ་ནས། ཞལ་གསུམ་ཕྱག་དྲུག་རྣམ་པ་ཞེས་བྱ་བའི་མཐར་ཐུག་པ་རྩ་བ་སྙིང་ལས་བདུད་རྩི་འཁྱིལ་བའི་ཁྱད་བར་ཐམས་ཅད་གསལ་ལོ། །འོག་ཅེས་བྱ་བ་ལ་སོགས་པ་ལ་བགེགས་ཀྱི ་གཙོ་བོ་བཅུ་པོ་རྣམས་ཀྱི་སྤྱི་བོར་གདབ་ཅིང་ས་འོག་ཇི་སྲིད་པར་རྣམ་པར་བསམ་པར་བྱའོ། །རྡོ་རྗེ་ཐོབ་ཕྱག་བསྣམས་པའི་ཞེས་བྱ་བ་ལ་སོགས་པ་ལ་གནོད་མཛེས་རྒྱལ་པོ་ལངས་ནས་གཤིན་རྗེ་གཤེད་ཀྱི་བྱིན་པའི་ཐོ་བས་སམ་ཡང་ན་རང་གི ་ཚན་མ་ངེས་པར་སྤྲུལ་བས། ཨོཾ་གྷ་གྷ་ཞེས་བྱ་བ་ལ་སོགས་པའི་སྔགས་བརྗོད་ཅིང་བརྡུང་བར་བསམ་པར་བྱའོ། རྡུད་པར་བྱེད་པ་དང་དུས་མཚུངས་པ་རུ་རྡོ་རྗེའི་ཐོ་བ་དག་ལས་འཕྲོས་པའི་རྡོ་རྗེའི་མེས་དབང་པོ་ལ་སོགས་པའི་འཁོར་རྣམས་ཀུན་ནས་འབྲོས་པ་འགྱུར ་བར་རྣམ་པར་བསམས་ཏེ། གདུག་པ་རྣམས་ཚིག་བཞིན་པས་ཕན་ཚུན་དེ་དང་དེའོ་ཞེས་བྱ་བ་འདིས། ཕྱོགས་བཅུར་ཕུར་བུས་བཏབ་ནས་ནི། །དེ་ནས་སྟེང་འོག་བྱིན་གྱིས་བརླབ། ཅེས་བྱ་བ་ནི་ཊཀྐི་ཧཱུཾ་ཛ(རྒྱུད་འགྲེལ་གིར་བ་བཞི་པོ་རིམ་པ་ཇི་ལྟ་བ་བཞིན་དུ་གྲུ་བཞི་ལ་སོགས་པའི་དབྱེ་བས་ཕྱི་རོལ་ཏུ་རྣམ་པར་བསམ་པར་བྱའོ། །དེའི་སྟེང་དུ་བྷྲུཾ་ཡིག་གིས་རྡོ་རྗེའི་གུར་རོ། །ཡི་གེ་གསུམ་གྱིས་གོ་ཆའོ། །ཧཱུཾ་ཡིག་གིས་སྣ་ཚོགས་རྡོ་རྗེའི་རང་བཞིན་གྱི་སའི་ཆ་བསྒོམ ་པར་བྱའོ། །དེའི་རྗེས་སུ་དོན་དམ་པར་སྟོང་པ་ཉིད་ཁོ་ན་དོན་དམ་པའི་སྲུང་བ་ཞེས་པ་འོད་གསལ་དུ་འཇུག་པ་ནི། དངོས་པོ་མེད་པ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པའི་དོན་གྱིས་སོ། །བརྟན་པ་དང་གཡོ་བའི་དངོས་པོ་མེད་པ་ལ་སྒོམ་པར་བྱེད་པ་མེད་པས ་སྒོམ་པ་མེད་པ་སྟེ། བསྒོམ་པར་བྱ་བ་མེད་པའི་ཕྱིར་རོ། །སྒོམ་པ་བསྒོམ་པ་ཉིད་མ་ཡིན་ཞེས་པ་ནི་གང་ཡོང་བ་དེ་ཡང་སྒོམ་པ་མ་ཡིན་ཏེ། སྒོམ་པ་དང་བྲལ་དུ་ཟིན་ཡང་ཡོད་པ་ཉིད་ཀྱི་ཕྱིར་ཞེས་པའོ། །དེ་ལྟར་དངོས་པོ་དང་དངོས་པོ་མེད་པ་དང་ལྡན་པ་གང་ཡིན ་བ་དེ་ནི་དངོས་པོ་ཡོད་པར་མི་འགྱུར་རོ། །དེའི་ཕྱིར་བསྒོམ་པར་བྱ་བ་དང་སྒོམ་པ་པོ་དང། སྒོམ་པ་དམིགས་སུ་མེད་པའོ། །ཡང་ན་དོན་དམ་པའི་བདེན་པ་ལ་སྒོམ་པ་མེད་པ་སྟེ་གཟོད་མ་ནས་དག་པ་ཉིད་ཀྱི་ཕྱིར་རོ། །གང་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་ཅན་དུ ་བསྒོམ་པ་དེ་ཡང། བསྒོམ་པར་བྱ་བ་མ་ཡིན་ཏེ་བདེན་པའི་ཕྱིར་རོ། །ཞེས་བྱ་བའི་རྣམ་པ་འདིས་བདེན་པ་གཉིས་ཀྱི་བདག་ཉིད་ཅན་གྱི་དངོས་པོ་བསྒོམ་པར་བྱ་བར་མི་འགྱུར་ཏེ། བདེན་པ་གཉིས་གཉིས་སུ་མེད་པར་མཐོང་བ་ཙམ་གྱིས་གྲོལ་བའི་ཕྱིར་རོ། །དེས་ན་སྒོམ་པ ་པོ་དང་བསྒོམ་པ་དང་བསྒོམ་པར་བྱའོ། །ཞེས་འདི་རྣམས་ལ་མངོན་པར་ཞེན་པ་ཟུང་འཇུག་གི་རིམ་པ་ལྷག་པར་རྟོགས་པ་རྣམས་ལ་དམིགས་སུ་མེད་དེ་ཡོད་པ་མ་ཡིན་ནོ། །འདིས་སྲུང་བའི་འཁོར་ལོ་ལ་སོགས་པའི་དངོས་པོ་རྣམས་ཐམས་ཅད ་སྟོང་པ་ཉིད་དུ་གསུངས་སོ། །དེ་ནས་སྔོན་གྱིས་སྨོན་ལམ་གྱི་ནུས་པ་ལས་ལྡང་བར་བྱེད་པའི་དོན་དུ་སོ་སོར་དང་པོར་སྲིད་བསྐྱེད་པའི་རིམ་པས་རྟེན་གྱིས་དཀྱིལ་འཁོར་བསྐྱེད་པར་བྱའོ། །རྣམ་གཞག་རིམ་པར་གསུང་པ་ཡང། །གནས་ནི་བསྐྱེད་པ་སྔོན་འགྲོ་བS། ་རྡོ་རྗེ་གསུམ་བསྐྱེད་བསྒོམ་པར་བྱ་ཞེས་སོ། །ཡེ་ཤེས་ས་ནི་བྱིན་གྱིས་བརླབ་ཅེས་པ་ནི། སེམས་ཀྱིས་ས་གཞི་ཡེ་ཤེས་ཀྱི་སར་བྱིན་གྱིས་བརླབ་པར་བྱ་ཞིང་བསྐྱེད་པར་བྱའོ་ཞེས་པའི་དོན་ཏོ། །ནམ་མཁའ་ཨི་དབྱིངས་ཀྱི་དབུས་གནས་པར། །རླུང་གི་དཀྱིལ ་འཁོར་བསྒོམ་པར་བྱ་ཞེས་པ་ལ་སོགས་པ་ལ། ས་བོན་ཧཱུཾ་གཉིས་ཡི་ལས་བྱུང་ནི། ཧཱུཾ་ཡིག་གཉིས་ཀྱི་དབུས་སུ་ཆུད་པའི་ཡཾ་ཡིག་གོ། །དེ་ལ་ཡཾ་ཡིག་ཡོངས་སུ་གྱར་པ་ལས་རླུང་གི་དཀྱིལ་འཁོར་རོ། །རྡོ་རྗེ་གཉིས་དང་ཡང་དག་ལྡན། །ཞེས་བྱ་བ་ནི་གཞོགས་དག ་ཏུ་ཧཱུཾ་ཡིག་གཉིས་ལས་སྐྱེད་པའི་རྡོ་རྗེ་གཉིས་ཀྱིས་མཚན་པའོ། །དེ་བཞིན་དུ་གཞན་དུ་ཡང་དཀྱིལ་འཁོར་གསུམ་ལ་ཡང་མཁས་པས་རིག་པར་བྱའོ། །དཀྱིལ་འཁོར་བཞི་པོ་ཡང་དག་བསྡུས། །རྡོ་རྗེ་ས་ཆུའི་དཀྱིལ་འཁོར་ལ། ཞེས་པ་ནི་དཀྱིལ་འཁོར ་བཞི་པོ་ཡང་དག་པར་བསྡུས་ནས་རྡོ་རྗེའི་རང་བཞིན་གྱི་སའི་ཆར་བསམ་ཞིང་བསྒོམ་པའོ། །ཡང་ན་རླུང་ལ་སོགས་པའི་དཀྱིལ་འཁོར་བཞི་ལ་གནས་པའི་རྡོ་རྗེ་ཡོངས་སུ་གྱུར་པས་སའི་དཀྱིལ་འཁོར་གྱི་སྟེང་དུ་སྣ་ཚོགས་རྡོ་རྗེའོ་ཁ་ཅིག་ན་རེ། ནམ་མཁའ་ཨི ་དབྱིངས་ནི་ཆོས་ཀྱི་འབྱུང་གནས་བྲིའོ། །དེའི་དབུས་སུ་སྣ་ཚོགས་ཆུ་སྐྱེས་ཀྱི་ཟེ་འབྲུའི་སྟེང་དུ་ཡཾ་ཡིག་ལ་སོགས་པ་ལས་སྐྱེས་པའི་རླུང་ལ་སོགས་པའི་དཀྱིལ་འཁོར་ཡང་དག་པར་བསྡུས་ཏེ། སྣ་ཚོགས་རྡོ་རྗེའི་རང་བཞིན་གྱི་སའི་ཆར་སྒོམ་པ་པོས ་རྣམ་པར་སྒོམ་པར་བྱའོ་ཞེས་སོ། །དེར་ནི་ཞེས་པ་ནི་སྣ་ཚོགས་རྡོ་རྗེའི་སྣམ་བུའི་དབུས་སུ་བྷྲུཾ་ཡི་ཁ་དོག་དཀར་པོ་རྣམ་པར་སྣང་མཛད་ཀྱི་རང་བཞིན། དེ་ཡོངས་སུ་གྱུར་པས་གྲུ་བཞི་ལ་སོགས་པའི་ཡོན་ཏན་དང་ལྡན་པ་གསལ་བ་སྒྱུ་མ་ལྟ་བུ་སྣ་ཚོགས་པདྨའི་སྟེང་དུ་ཟླ་བ་དང ་ཉི་མ་ལ་སོགས་པའི་གདན་དང་ལྡན་པའི་ཁང་བ་བརྩེགས་པ་བརྟུལ་ཞུགས་ཅན་གྱིས་བསྒོམས་པར་བྱའོ། །དེ་བཞིན་དུ་ཡང་རྒྱུད་དུ་གསུངས་པ། གསལ་བ་ལ་སོགས་དཀྱིལ་འཁོར་ལྡན། །དེ་བཞིན་གཤེགས་པ་ཀུན་གྱི་གྲོང་ཞེས་སོ། །འདིའི་དབུས་སུ་ས་བོན ་དང་བྲལ་བས་སྐད་ཅིག་གི་བདག་ཉིད་ཞལ་གསུམ་པ་ལ་སོགས་པ་རྡོ་རྗེ་འཆང་ཆེན་པོའི་གཟུགས་རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་བས་ཡོངས་སུ་བསྐོར་བ་ཡང་བསམ་པར་བྱའོ། །ཞེས་པ་ནི་ལྷག་པར་མོས་པ་སྟེ་རྒྱུའི་དཀྱིལ་འཁོར་རོ། །སླར་ཡང ་ཁ་སྦྱར་སྦྱོར་བ་ཡིས། ཞེས་པ་ལ་སོགས་པ་ནི་རྒྱུའི་དཀྱིལ་འཁོར་ལ་གནས་པའི་ལྷ་སུམ་ཅུ་སོ་གཉིས་ཀྱི་རང་བཞིན་རྣམ་ཁ་སྦྱར་སྦྱོར་བ་ཡིས་ཏེ། །གཉིས་སུ་མེད་པའི་སྦྱོར་བས་རང་གིས་ལུས་ཀྱི་དཀྱིལ་འཁོར་དུ་རབ་ཏུ་གཞུག་པར་བྱའོ། །ཞེས་པའི་དོན་ཏོ། །སླར ་ཡང་དེ་རྣམས་ལུས་སུ་གཏོགས་སངས་རྒྱས་རྣམས་ཏེ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་རང་བཞིན་རྣམས་སུ་ཡང་དག་བསམ་སྟེ། རྣམ་པར་བསྒོམ་པར་བྱའོ། །རིམ་པ་ཇི་བཞིན་ཏེ་གནས་ཇི་ལྟ་བར་དོན་དམ་པའི་འཁོར་ལོ་ཡིས་ཏེ། །དཀྱིལ་འཁོར་གྱི་འཁོར་ལོ ་ཞུ་བའི་གོ་རིམ་གྱིས་དེ་བཞིན་ཉིད་ལ་སྟེ། འོད་གསལ་དུ་རབ་ཏུ་གཞུག་པར་བྱ་སྟེ། འཆད་པར་འགྱུར་བའི་གཟུགས་ཕུང་གཏོགས་པ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་སོ། །བསད་ནས་ཞེས་བྱ་བ་ལ་སོགས་པས་ནི་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་རང ་བཞིན་མེད་པ་ཅན་དུ་བྱ་བའོ། །དེ་བཞིན་གཤེགས་པའི་སྟེ་དེ་བཞིན་གཤེགས་པ་འདི་དག་གི། དེ་ཅི་ཞེས་དེའི་ཚོགས་ཏེ་སྐུའི་དཀྱིལ་འཁོར་དུ་གཏོགས་པའི་ལྷའི་འཁོར་ལོ་ཞེས་མངོན་པར་དགོངས་སོ། །འདིས་རབ་མཆོག་སྟེ་མཆོག་ཏུ་ཁྱད་པར་དུ་འཕགས ་པའི་ཕྱག་རྒྱ་ཆེན་པོའི་མཚན་ཉིད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་ཏེ། །བློ་དང་ལྡན་པས་སོ་སོར་རྙེད་པར་འགྱུར་རོ། །གཟུགས་ཕུང་ཞེས་བྱ་བ་ལ་སོགས་པ་ལ་གཟུགས་ཀྱི་ཕུང་པོ་ནི་རྣམ་པར་སྣང་མཛད་དོ། །རྟོགས་པ་མེ་ལོང་ནི་མེ ་ལོང་ཡེ་ཤེས་ཀྱི་རང་བཞིན་ནོ། །ས་ཁམས་ནི་སྲ་བ་ཉིད་ཀྱི་རང་བཞིན་སྤྱན་མའོ། །མིག་གི་དབང་པོ་ནི་སའི་སྙིང་པོའོ། །གཟུགས་ཀྱང་ནི་གཟུགས་རྡོ་རྗེའི། །ཁྲོ་བོ་ཡང་དག་ལྡན་ཁྲོ་བོའི་རིགས་དང་བཅས་པ་སྟེ་གཤིན་རྗེ་མཐར་བྱེད་དང་མི་གཡོ་བ་དང ་བཅས་པའོ། །བྱམས་པ་ཡང་ལྔ་པར་ཏེ་རྣམ་པར་ཤེས་པའི་ཕུང་པོར་འགྱུར་རོ། །དེ་ལྟར་ཚིགས་སུ་བཅད་པའི་མཐར་ཐམས་ཅད་དུ་ཡང་རྣལ་འབྱོར་བས་བརྟག་པར་བྱའོ། །ཚོར་བ་ཞེས་བྱ་བ་ལ་སོགས་པ་ལ་ཚོར་པའི་ཕུང་པོ་ནི་རིན་ཆེན་འབྱུང་ལྡན་ནོ། ། ་མཉམ་ཉིད་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡོངས་སུ་ཐོབ་པའོ། །ཆུ་ཁམས་ནི་གཤེར་བའི་རང་བཞིན་མཱ་མ་ཀཱིའོ། །རྣ་བའི་དབང་པོ་ནི་ཕྱག་ན་རྡོ་རྗེའོ། །སྒྲ་ཡང་སྟེ་སྒྲ་རྡོ་རྗེ་མའོ། །ཁྲོ་བོ་གཉིས་དང་ཡང་དག་ལྡན་ནི་ཤེས་རབ་མཐར་བྱེད་དང་བཅས་པའོ ་འདུ་ཤེས་ཞེས་བྱ་བ་ལ་སོགས་པ་ནི་འདུ་ཤེས་ཀྱི་ཕུང་པོ་ནི་འོད་དཔག་མེད་དོ། །སོ་སོར་རྟོག་པ་ནི། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཡང་ངོ། །བྱིན་ཟ་ནི་མེའི་ཁམས་ཀྱི་རང་བཞིན་དཀར་མོའོ། །སྣའི་དབང་པོ་ནི་ནམ་མཁའ་ཨི་སྙིང་པོའོ།། ་དྲི་ཡང་སྟེ་དྲི་རྡོ་རྗེ་མའོ། །ཁྲོ་བོ་གཉིས་དང་ཡང་དག་ལྡན་ནི་པདྨ་མཐར་བྱེད་དང་དབྱུག་པ་སྔོན་པོ་དང་བཅས་པའོ། །གཞན་གྱི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་གཞན་དུ་རབ་ཏུ་འཇུག་པར་བྱེད་པ་ནི་ཡུལ་དང་ཡུལ་ཅན ་ཡིན་པའི་ཕྱིར་རོ། །འདུ་བྱེད་ཅེས་བྱ་བ་ལ་སོགས་པ་ནི་འདུ་བྱེད་གྱི་ཕུང་པོ་ནི་དོན་ཡོད་གྲུབ་པའོ། །བྱ་བ་འགྲུབ་པ་ནི་བྱ་བ་རྗེས་སུ་སྒྲུབ་པའི་ཡེ་ཤེས་ཡོངས་སུ་ཐོབ་པ་ཡང་ངོ། །རླུང་ནི་རླུང་གི་རང་བཞིན་སྒྲོལ་མའོ། །ལྕེའི་དབང་པོ་ནི་འཇིག་རྟེན ་དབང་ཕྱུག་གོ། །རོ་ཡང་རོ་རྡོ་རྗེ་མའོ། །ཁྲོ་བོ་གཉིས་དང་ཡང་དག་ལྡན་ནི་བགེགས་མཐར་བྱེད་དང་སྟོབས་པོ་ཆེས་བཅས་པའོ། །སྟེང་འོག་ཁྲོ་བོར་ཡང་དག་ལྡན་ཞེས་བྱ་བ་ལ་སོགས་པ་ནི་གཙུག་ཏོར་ཅན་དང་གནོད་མཛེས་རྒྱལ་པོ་དག་དང་ཡང་དག་པར་ལྡན ་པའོ། །རང་བཞིན་ནི་རེག་བྱ་རྡོ་རྗེ་མའོ། །སྣང་བའི་སྒྲས་སྒྲིབ་པ་ཐམས་ཅད་རྣམ་པར་སལ་བ་དང། ཀུན་ཏུ་བཟང་པོ་དང། འཇམ་དཔལ་རྣམས་གཟུང་བར་བྱའོ། །སྣང་བ་ལ་སོགས་པའི་ཡེ་ཤེས་གསུམ་གྱི་རང་བཞིན་ཞེས་བྱས་ནས་རང་བཞིན་དང་བཅས ་པ་རྣམ་ཤེས་ཕུང་པོར་ཞུགས་པ་སྟེ། བཅོམ་ལྡན་འདས་མི་བསྐྱོད་པའི་སྐུའི་ནང་དུ་ཆུད་པའོ། །རྣམ་ཤེས་ཡང་ནི་འོད་གསལ་ལའོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་སྐུ་ནི། མགོ་བོ་འམ་ནི་རྐང་པ་འམ། །ཇི་སྲིད་སྙིང་གར་ཕྱིན་པའི་བར་ཞེས་པའི་རིམ་པ་འདིས ་སྟོང་པ་ཉིད་ཀྱི་མཐར་ཐུག་པར་འགྱུར་ཞེས་པའོ། །འདིའི་རྣམ་གྲངས་སྟོན་པར་བྱེད་པས་མྱ་ངན་འདས་ཞེས་བྱ་བ་ལ་སོགས་པས་ནི་གོ་སླའོ། །དམན་པ་ནི་མི་བརྟན་ནོ་ཞེས་པའི་རིགས་པ་ལས་དེའི་ང་རྒྱལ་བསྟན་པར། ཨོཾ་ཤཱུ་ནྱ་ཏཱཛྙཱ་ན་ཞེས་བྱ་བ་ལ ་སོགས་པས་བྱའོ། །འདི་ཉིད་ཀྱི་རང་གི་ངོ་བོ་སྟོན་པར་བྱེད་པ་དོན་དམ་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་ཀྱིས་སོ། །འོད་གསལ་བར་ནི་རབ་ཞུགས་པའི་ནི་རྣལ་འབྱོར་པ་འོད་གསལ་བ་ལ་དམིགས་པས་ཉོན་མོངས་པའི་དྲི་མ་མཛའ་དག ་རབ་ཏུ་བཀྲུས་ཏེ་དེའི་འོག་ཏུ། སྡང་བར་ཡང་དག་རབ་བལྟ་བྱ། །སྔགས་ཀྱི་སྐུ་ཡི་རབ་སྦྱོར་གྱིས་ཞེས་པ་ལ་སོགས་པ་ནི་ཡི་གེ་གསུམ་གྱིས་སྔགས་ཀྱིས་བསྐྱེད་ཅིང། རྫོགས་པའི་སྐུ་དེའི་རབ་འབྱོར་ནི་རྡོ་རྗེ་བཞི་སྟེ། འདིའི་དོན་ནི་དང་པོ་སྟོང་ཉིད་བྱང་ཆུབ་སྟེ། ་གཉིས་པ་ལ་ནི་ས་བོན་བསྡུ། །གསུམ་པ་གཟུགས་ནི་རྫོགས་པ་སྟེ། བཞི་པ་ཡི་གེ་དགོད་པའོ། །འཆད་པར་འགྱུར་བའི་རིམ་པ་འདིས་ལྷ་ལ་དམིགས་པ་སོ་སོར་རྟོགས་པ་སྦྲེལ་བར་བྱའོ། །ནམ་མཁའ་ཨི་ཁམས་ནི་སེམས་ཉིད་འོད་གསལ་བ་སྟེ། དེའི ་ཕྱིར་ཧཱུཾ་ཡི་གེ་ཡོངས་སུ་གྱུར་པའི་ཐབས་ཀྱི་ངོ་བོ་ཉི་མའི་དཀྱིལ་འཁོར་རོ། །སླར་ཡང་སྔགས་པས་ཏེ་རྣལ་འབྱོར་པས་དེའི་སྟེང་དུ་ཨོཾ་ཡིག་ཡོངས་སུ་གྱུར་པའི་ཟླ་བའི་གཟུགས་སོ། །དེར་ཏེ་ཟླ་བའི་གཟུགས་ཀྱི་དབུས་སུ། ཨཱ(རྒྱུད་འགྲེལ་ཡོངས་སུ་གྱུར་པའི་པདྨ་འདབ་མ་བརྒྱད་པ་ཁ་དོག་དམར་པོའོ། །པདྨའི་ཟེ་འབྲུའི་སྟེང་ནས་སྟེང་དུ་འབྱུང་བའི་ཨོཾ་ཨཱ(རྒྱུད་འགྲེལ་ཡོངས་སུ་རྫོགས་པ་སེམས་ཙམ་མཆོག་ཏུ་གསལ་བ་ཤེས་རབ་སྣང་བའི་རང་བཞིན་བསྒོམ་པར་བྱ་སྟེ་དམན་པའི་སྒོམ་པ་པོའོ། །དེ་ཉིད་དུ་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ནང་དུ་ཆུད་ནས་རང་གི་སེམས་ཀྱི་རིན་པོ་ཆེ། ཨོཾ་དྷརྨཱ་དྷཱ་ཏུ་ཞེས་བྱ་བ་ལ ་སོགས་པའི་སྔགས་ཀྱིས་བརྟན་པར་བྱའོ། །དེ་བཞིན་དུ་ཡང་གསུངས་བ། ཡེ་ཤེས་ཙམ་ལ་སྙོམས་འཇུག་པ། །རྣལ་འབྱོར་ཞེས་པ་མངོན་བརྗོད་བྱ་ཞེས་ཏེ་རྣལ་འབྱོར་རོ།། །།སླར་ཡང་ཞེས་བྱ་བ་ལ་སོགས་པ་ནི། རྣལ་འབྱོར་པ་ཡི་ཟླ་བའི་དབུས་སུ་སྟེ་ཟླ ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་གསུམ་རྣམ་པར་བསམ་པར་བྱའོ། །ཡི་གེ་གསུམ་ཡོངས་སུ་གྱུར་པ་ལས་ཡང་དག་པར་སྐྱེས་པའི་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་སྟོན་པར་བྱེད་པའི་རྡོ་རྗེ་དཀར་པོ་རྩེ་མོ་ལྔ་པའོ། །རྡོ་རྗེའི་སྟེང་དུ་སླར་ཡང་ཡི་གེ་གསུམ ་ཐབས་ཀྱི་ཡེ་ཤེས་ཀུན་ཏུ་སྣང་བ་སྣང་བ་མཆེད་པའི་རང་གི་ངོ་བོའོ། །ཤེས་རབ་ཐབས་སུ་མཉམ་སྦྱོར་ལས། །ལྷ་ཡི་གཟུགས་སུ་འབྱུང་བར་འགྱུར། །ཞེས་དགོངས་པ་བླ་ན་མེད་པའི་རིགས་བས། ཡེ་ཤེས་གཉིས་པོ་འདི་དག་ཡོངས་སུ་གྱུར་པས། ཀུན་བཟླ? ་བ་དཀར་དང་མཚུངས་ཏེ་ལོངས་སྤྱོད་རྫོགས་པའི་སྐུ་སྣང་བ་ཉེ་བར་ཐོབ་པ་སྟེ་ཕྱག་གཉིས་པ་ཞལ་གཅིག་པ་དང་པོའི་མགོན་པོར་བདག་ཉིད་རྣམ་པར་བསམ་པར་བྱའོ། །དེ་ཁོ་ན་ཉིད་གྲུབ་པར་ཀླུའི་བློའི་ཞབས་ཀྱི་གསུངས་པ་ཡང། ཇི་ལྟར་འདོད་པའི་ཕྱོགས ་གནས་ཏེ། །སྐད་ཅིག་ཉིད་ལ་ལྷ་བཟང་པོ། །ཞལ་གཅིག་ཕྱག་ནི་གཉིས་པར་ནི། །ལྷ་འདི་བསྒོམ་པར་བྱ་བ་ཡིན་ཞེས་སོ། །དེ་བཞིན་དུ་གལ་ཏེ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་གཙོ་བོ་ཉིད་ཀྱི་སྒོམ་པར་འདོད་ན་དེའི་ཚེ་དེ་རྣམས་ཡི་གེ་གསུམ་ཡོངས་སུ་གྱུར་པ་ལས་འཁོར ་ལོ་ལ་སོགས་པ་དང། །དེ་ལས་རྡོ་རྗེ་འཆང་ཆེན་པོའི་གཟུགས་སུ་བསྒོམ་པར་བྱའོ། །ཞེས་པ་རྗེས་སུ་རྣལ་འབྱོར་རོ། །མི་བསྐྱོད་པ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་པོ་གང་ཡིན་པའི་རྣམ་པར་བཤད་པ། དགོད་པའི་དེ་མ་ཐག་ཏུ་བལྟ་བར་བྱ་སྟེ་དགོད ་པ་བྱ་བཞིན་པ་ནི་དང་པོའི་མགོན་པོ་ནི། སྤྲུལ་པའི་སྐུ་འཛིན་པའི་དོན་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་རྗེས་སུ་ཞུགས་པར་བྱའོ། །དེ་བཞིན་དུ་ཡང་རྒྱུད་དུ་གསུངས་པ། སྐྱེས་བུ་ཆེན་པོའི་གཟུགས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྔགས་ཀྱིས་བྱིན་གྱིས ་བརླབས་སོ། །དེ་མ་ཐག་ཏུ་བྱིན་གྱིས་བརླབས་པ་ཙམ་གྱིས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞལ་གསུམ་པ་ལྟ་བུར་མཐོང་བར་གྱུར་ཏོ་ཞེས་སོ། །སླར་ཡང་གསུངས་པ་ཡང། ཇི་ལྟར་ཕྱོགས་བཅུར་བཞུགས་པའི་རྒྱལ་དབང་པོ། །དེ་ཡི ་སྐུ་ལ་ཤ་རུས་ཁྲག་མེད་ཀྱང། །སེམས་ཅན་ཕན་ཆེད་ཁམས་ནི་རབ་འཇུག་བྱེད་དེ། །སྤྲུལ་པའི་སྐུ་ཡིས་མཛད་པ་མཛད་པར་བྱེད་ཅེས་སོ། །དེ་ནས་དགོད་པ་ཡང་དག་བྱ། ཞེས་པ་ལ་སོགས་པ་ནི་རྣམ་པར་སྣང་མཛད་སོགས། གནོད་མཛེས་ཀྱི་མཐར་ཐུག་ཅེས་པ་སྟེ། །ས་བོན ་དགོད་པ་ནི་གནས་ཇི་ལྟ་བར་སྟོང་པར་ཁོང་དུ་ཆུད་པར་བྱའོ། །ས་བོན་གྱི་གནས་ལ་སོགས་པ་ནི་རྩ་བ་གཉིས་ལས་གསལ་ལོ། །འོན་ཀྱང་ཁྱད་པར་ཡོད་པ་ནི། གཏི་མུག་དགའ་མ་ལ་སོགས་པ་རྣམས་ཀྱི་དགོད་པ་ལ། ལཱཾ་མཱཾ་པཱཾ་ཏཱཾ་དོ། །ཡུལ་གྱི་ལྷ་མོ་རྣམས་ཀྱི་ཡང ་ཇ(རྒྱུད་འགྲེལ་བསྟན་པའི་ཕྱིར། ས་ལ་སོགས་པའི་རང་བཞིན་ལ་དགོད་དོ་ཞེས་སོ། །དེ་བཞིན་དུ་ཡུལ་གཟུགས་རྣམ་པ་གསུམ་ལ་སོགས་པ་རྣམས་ཀྱང་གཟུགས་རྡོ་རྗེ་མ་ལ་སོགས་པའོ་ཞེས་སོ། །འདི་རྣམས་འདིར་ཉེ་བར་བླངས་པ་མེད་པའི་ཕྱིར་ཅི་ལྟར་དགོངས་? ་འདྲི་ན། བདེན་ཏེ་སྒྲུབ་པ་ཆེན་པོར། ས་སྙིང་ལ་སོགས་རྣམས་ཀྱིས་ཤེས་པ་ལ་སོགས་པས་གསལ་བར་འགྱུར་རོ་ཞེས་ཕྱི་མར་རོ། །ད་ནི་མི་བསྐྱོད་པ་རྗེས་སུ་ཞུགས། སྔར་གསུངས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་ལྷན་ཅིག་སྦྲེལ་ལོ། །དེ་ནས་དགོད་པ་ཞེས་བྱ་བ ་ལ་སོགས་པ་ནི་ཕུང་པོ་ལ་སོགས་ཇི་བཞིན་རིམ། ཞེས་པའི་མཐར་ཐུག་པའི་གཞུང་མཐར་གྱིས་ཐམས་ཅད་བདག་གིས་རྣམ་པར་བཤད་དོ། །འདིས་སྐུའི་དཀྱིལ་འཁོར་རྫོགས་པར་འགྱུར་ཅེས་ཏེ་ཤིན་ཏུ་རྣལ་འབྱོར་རོ།། །ད་ནི་རྣལ་འབྱོར་ཆེན་པོ ་བསྟན་པར་འདོད་ནས། སྤྱི་བོའི་དབུས་སུ་གནས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་པོ་རབ་ཏུ་སྦྱོར་བ་ཡི་ཞེས་བྱ་བ་ནི་བཤད་མ་ཐག་པ་ལས་སྤྱི་པོའི་དབུས་སུ་གནས་པའི་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཨོཾ་ཡིག་དེ་ལས་སྤྱན་མ་རྣམ་པ་སྣ་ཚོགས་པ་དང་སྐུའི ་རྡོ་རྗེ་བསམ་པར་བྱའོ་ཞེས་སྦྲེལ་ལོ། །དེ་དབུས་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པར་སྣང་མཛད་ཀྱི་ཚོགས་ཀྱི་དབུས་སུ་བདག་པོ་སྟེ་གཙོ་བོ་གཅིག་ཏུ་གྱུར་པ་བསམ་པར་བྱའོ། །ཞེས་པ་ནི་གོ་སླའོ། །སངས་རྒྱས་སྐུ་འཆང་བ་ཞེས་བྱ་བ་ལ་སོགས་པ་ནི་སངས་རྒྱས་ནི ་དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་སོ། དེ་རྣམས་ཀྱི་སྐུ་དེའི་བདག་ཉིད་ཀྱིས་འཛིན་པར་བྱེད་དོ་ཞེས་པས་སངས་རྒྱས་སྐུ་འཆང་བ། དཔལ་ནི་སྤྱན་མ་སྟེ་དེ་གང་ལ་ཡོད་པ་དེ་ནི་དཔལ་ལྡན་ནོ། །རྡོ་རྗེ་གསུམ་རྡོ་རྗེ་འཆང་ཆེན་པོའོ། དེས་དབྱེར ་མི་ཕྱེད་པ་ཉིད་ཀྱི་བདག་ཉིད་གཅིག་ཏུ་གྱུར་པའོ། །བདག་ལ་སྟེ་བདག་གི་ལུས་ལ་བྱིན་གྱིས་བརླབས་ཀྱིས་གནས་ཏེ་སོ་སོར་གནས་པར་མཛད་དུ་གསོལ། སྐུའི་རྡོ་རྗེ་ཅན་ཞེས་པ་ནི་དང་པོའི་གཅིག་གི་ཚིག་གི་དོན་ལ་མང་པོའི་ཚིག་ནི་ལུང་ཡིན་པའི ་ཕྱིར་རོ། །དེ་བཞིན་དུ་གཞན་དུ་ཡང་ཚིགས་སུ་བཅད་པ་གཉིས་ལ་ཤེས་པར་བྱའོ་ཞེས་སོ། །ཕྱོགས་བཅུར་ཞེས་པའི་ཚིགས་སུ་བཅད་པ་འདིས། །རྣམ་པར་སྣང་མཛད་ཀྱི་ཚོགས་མཛའ་དག་ལ་སྒོམ་པ་པོས་གསོལ་བ་གདབ་པར་བྱའོ། །དེ་བཞིན་དུ་འཆད་པར་འགྱུར་པའི ་གསུང་ཐུགས་དག་ལ་ཡང་སྟེ། ལྷག་མ་ནི་སྔར་བཞིན་ནོ། །སྤྱན་མ་ཞེས་བྱ་བ་ལ་སོགས་པ་ནི་གསོལ་བ་བཏབ་མ་ཐག་ཏུ་ལྷའི་ཚོགས་གཉིས་ཕན་ཚུན་སྙོམས་པར་ཞུགས་པ་སྔོན་མ་ཅན་གྱི་མཆོག་ཏུ་དགའ་བའི་བདེ་བ་ཉམས་སུ་མྱོང་བས་ཁུ་བ་དབང? ་པོའི་རང་བཞིན་གྱི་རྣམ་པར་སྣང་མཛད་ཀྱི་སྒོ་ནས་ཞུགས་ཏེ་ཡེ་ཤེས་ཀྱི་ས་ཐོབ་ནས། འདོད་པ་མཛའ་དག་རྫོགས་ཤིང་དགྱེས་པར་གྱུར་པར་རྣམ་པར་བསམ་པར་བྱའོ། །སྐུ་གང་ཡིན་ཞེས་བྱ་བ་ལ་སོགས་པ་ནས། ཨོཾ་ཞེས་པའི་མཐར་ཐུག་པ་གཉིས་སུ་མེད་པའི ་ང་རྒྱལ་བརྟན་པར་བྱའོ། །ཞེས་པ་ནི་བསྡུས་པའི་དོན་ཏོ། དེ་བཞིན་དུ་གསུང་དང་ཐུགས་བྱིན་གྱིས་བརླབས་པ་དག་ལ་རིམ་པ་ཇི་ལྟར་བར་དམར་པོ་དང་ནག་པོའི་ཁུ་བའི་རང་བཞིན་གྱིས་གནས་ཇི་ལྟ་བར་རབ་ཏུ་ཞུགས་པར་རྟོགས་པར་བྱའོ། །ལྕེའི་ཆུ་སྐྱེས་ཤེས་པ ་ལ་སོགས་པ་ནི་རྩ་བ་ཉིད་ལས་གསལ་ལོ། །ཆོས་ཤེས་བྱ་བ་ལ་སོགས་པ་ལ་ཆོས་ནི་འོད་དཔག་མེད་དོ། །གསུང་ལམ་ནི་གསུང་གི་རང་བཞིན་ཉིད་ཀྱི་ཕྱིར་རོ། དཔལ་ནི་གོས་དཀར་མོ་ནི་དེ་དང་ལྡན་པ་ཉིད་ཀྱི་ཕྱིར་དཔལ་ལྡན་ནོ། །རྡོ་རྗེ་གསུམ་ཞེས་བྱ་བ་ལ་སོགས་པ ་ནི་སྔ་མ་བཞིན་ནོ། །རྡོ་རྗེ་ཆོས་གང་ཉིད་ཅེས་བྱ་བ་ལ་སོགས་པ་ལ། གང་ཞེས་པ་ནི་གང་ཞིག་ཅེས་ཐོབ་པ་ལ་ཚིག་ཚིག་མ་ཡིན་པའོ། །ཅི་འདྲ་བ་ངེས་པར་བརྗོད་པ་ནི་ངེས་པའི་ཚིག་སྟེ། དེའི་ཕུན་སུམ་ཚོགས་པའི་རྒྱུན་གང་ཡིན་པ་ནི་ངེས་ཚིག་ཕུན་སུམ ་ཚོགས་པ་སྟེ། དེས་ཚིག་སྨོས་པ་ཉེ་བར་མཚོན་པ་དེས་ཆོས་དང་དོན་དང་སྤོབས་པ་རྣམས་ཀྱང་བཟུང་ངོ། །བདག་གི་ཚིག་ཀྱང་དེ་འདྲ་ཞིང་ནི་དེ་དང་འདྲ་བའི་གསུང་ངོ། །ཆོས་འཛིན་པ་དང་འདྲ་བ་ཞེས་པ་ནི་ཆོས་འཛིན་པ་ལྟ་བུར་ཤོག་ནི་གྱུར་ཅིག་གོ། འདིས་སྒྲ་མ ་ལུས་པ་རྣམས་བརྗོད་པར་བྱེད་པས་ཕུན་སུམ་ཚོགས་པ་ཞེས་བསྟན་ཏེ། །སྙིང་གར་དགོད་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེར་ནི་ཞེས་པ་ནི་རི་བོང་ཅན་གྱི་གཟུགས་ལས་ཧཱུཾ་ཡིག་ལས་སྐྱེས་པའི་རྡོ་རྗེ་ཟེ་འབྲུར་སླར་ཡང་ས་བོན་འོད་ཟེར་ལྔ་དང་ལྡན ་པ་ཞེས་པ་མན་ངག་གོ། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་སླར་ཡང་གོ་སླའོ། །རྡོ་རྗེ་ཐུགས་འཆང་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ལྟ་བུའི་ཐུགས་ནི་རྡོ་རྗེའི་ཐུགས་ཏེ་འཁོར་བ་དང། མྱ་ངན་ལས་འདས་པ་དག་ཏུ་མ་འདྲེས་པ་ཉིད་ཀྱི་ཕྱིར་དེ་ལྟ་བུར་གྱུར་པའི ་ཐུགས་འཆང་བར་བྱེད་དོ་ཞེས་པས་རྡོ་རྗེ་ཐུགས་འཆང་སྟེ་མི་སྐྱོད་པའོ། །མཱ་ར་ཀཱི་དང་ཡང་དག་པར་ལྡན་པ་ཉིད་ཀྱི་ཕྱིར་དཔལ་ལྡན་ནོ། །རྡོ་རྗེ་གསུམ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ཀུན་ཏུ་བཟང་པོའི་ཐུགས་གང་ཡིན། གསང་བ་པའི ་དབང་ཞེས་བྱ་བ་ལ་སོགས་པ་ལ། གསང་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་སྒྲོགས་པར་བྱེད་དོ། །སྟོན་པར་བྱེད་དོ་ཞེས་པས་གསང་བ་པ་སྟེ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་སོ། །དབང་པོར་བྱེད་དོ་ཞེས་པས་དབང་པོ་སྟེ་གསང་བ་པ ་རྣམས་ཀྱི་དབང་པོ། །དེ་ཁོ་ན་ཉིད་སྟོན་པ་པོ་རྣམས་ཀྱི་གཙོ་བོར་གྱུར་པ་ཞེས་པའི་དོན་ཏོ་བློ་ལྡན་པ་ནི་རེག་བྱ་རྡོ་རྗེ་མའོ། །དེ་གང་ལ་ཡོད་པ་དེའི་བློ་ལྡན་ཏེ་རྣམ་པ་འདི་ལྟ་བུའི་མི་བསྐྱོད་པའི་ཐུགས་གང་ཡིན་པའོ། །བདག་གི་སེམས་ཀྱང་དེ་འདྲ ་ཞིང། །རྡོ་རྗེ་འཛིན་དང་མཚུངས་པར་ཤོག་ནི་རྡོ་རྗེ་འཆང་ལྟ་བུ་ཡིའོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཙིཏ་ཞེས་བྱ་བ་ལ་སོགས་པ་ནས། །དམ་ཚིག་སེམས་དཔའ་བསམ་པར་བྱ་ཞེས་པའི་མཐར་ཐུག་པ་རྩ་བ་ཉིད་ལས་རྟོགས་སླར་བར་བཤད་དོ། །སྙིང ་གའི་དབུས་གནས་ཕྲ་མོ་ཡིས། །ཡེ་ཤེས་སེམས་དཔའ་རྣམ་བསྒོམ་བྱ་བ་ལ་སོགས་པ་ལ། སྙིང་གའི་དབུས་སུ་གནས་པའི་སྟེ་རྫོགས་པ་དམ་ཚིག་སེམས་དཔའ་ཨི་ཐུགས་ཀར་ཕྲ་མོ་སྟེ་ནས་འབྲུའི་ཚིད་ཙམ་ཁ་དོག་དམར་པོ་ཕྱག་གཉིས་པ་ཞལ ་ཅིག་པ་རང་སྣང་གི་ཤེས་རབ་མ་ལ་འཁྱད་པ། རྡོ་རྗ་དང་རྡོ་རྗེ་དྲིལ་བུ་འཛིན་པ། སྣ་ཚོགས་པདྨའི་སྟེང་དུ་ཟླ་བའི་གདན་ལ་ཡེ་ཤེས་སེམས་དཔའ་བསྒོམས་ནས་དེའི་ཐུགས་ཀར་དགོད་ཅེས་པ་ནི་དེའི་སྙིང་ཀར་ཟླ་བའི་དཀྱིལ་འཁོར་ཀྱི་སྟེང་དུ་ཧཱུཾ་ལས་སྐྱེས ་པའི། རྡོ་རྗེ་ལ་ནི་ཧཱུཾ་གི་ཡི་གེ་ཨོཾ་ཡིག་ལ་སོགས་པས་ཡོངས་སུ་བསྐོར་བ་ཏིང་ངེ་འཛིན་སེམས་དཔའ་ཨི་མིང་ཅན་བསྒོམ་པར་བྱའོ། །དེ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པས་ཨོཾ་ཡིག་ལ་སོགས་པ་ལས་སྐྱེས་པ་རང་གི་སྟོན་གྱི ་སྟེང་དུ་ཨོཾ་ཡིག་ལ་སོགས་པ་ལས་སྐྱེས་པ་རང་གི་མཚན་མའི་དབུས་སུ་ཨོཾ་ཡིག་ལ་སོགས་པ་ཡང་བསམ་པར་བྱའོ་ཞེས་པའོ། །དེའི་རྗེས་སུ་སླར་ཡང་དབུ་རྒྱན་ལ་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་པ་ཕྱག་གཉིས་པ་རྡོ་རྗེ ་དབྱིངས་ཀྱི་དབང་ཕྱུག་མ་དང། ལྷན་ཅིག་ཁ་སྦྱོར་གྱི་སྦྱོར་བས་བྱང་ཆུབ་ཀྱི་སེམས་འཛག་པའི་རྒྱུན་རྣམས་ཀྱིས་ལུས་ཐམས་ཅད་ཚིམ་པར་བྱེད་པར་བསམ་པར་བྱའོ། །ཞེས་པ་ནི་མན་ངག་གོ། རྣལ་འབྱོར་ཆེན་པོ་སྟེ་འདིས་རང་གི་དོན་ཕུན ་སུམ་ཚོགས་པ་མངོན་པར་བརྗོད་དོ། །ད་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཆེད་དུ་ཕྱག་རྒྱ་སྒྲུབ་པ་བརྩམ་པར་བྱ་སྟེ། བུ་མོ་རྙེད་ནས་ཞེས་བྱ་བ་ལ་སོགས་པ་ལ། འདོད་པར་བྱ་བའི་གཟུགས་ཉིད་ཀྱི་ཕྱིར་བུ་མོ། ཡངས་པ་བདེན་པ ་གཉིས་ཀྱི་བདག་ཉིད་ཅན་གྱི་མིག་སྟེ། ཕྱག་རྒྱ་ཆེན་པོ་གང་ཡིན་པ་དེ་ནི་མིག་ཡངས་སོ། །འདི་ཉིད་ཉིད་ཀྱི་ཁྱད་པར་གཟུགས་དང་ལང་ཆོས་བརྒྱན། །སྔོ་བསངས་ཨུཏཔ་ལ་སྔོན་པོའི་འདབ་ཅེས་སོ་།བཅོ་བླག་མཁན་ནི་ཞེས་པ་ནི་ཆོས་ཀྱི་སྦྱིན་པས ་གདུལ་བྱའི་དཀྱིལ་འཁོར་པ་རྣམས་ལ་མི་བསྐྱོད་པའི་རང་གི་རིགས་ཀྱི་ཡན་ལག་ཅན་མས་རྗེས་སུ་ཞེན་པར་བྱེད་དོ་ཞེས་པའི་དོན་ཏོ། །ལེགས་པར་བསླབས་པ་ནི་སྐལ་ལྡན་མཱིའོ། །དེ་ཉིད་ཀྱི་ཕྱིར་སྒྲུབ་པ་པོ་ལ་གུས་ཏེ་མཉེས་གཤིན་པའོ། །དེ་ལྟར་ཁྱད་པར་དུ་འཕགས ་པའི་ཕྱི་རོལ་གྱི་ལུས་ཅན་མ་བླངས་པ་སྟེ། ཡང་དག་པར་བཟུང་ནས་མདུན་དུ་བཞག་སྟེ། དེའི་ཐ་མལ་པའི་དངོས་པོ་གསལ་ནས་འཆད་པར་འགྱུར་བའི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་འདྲ་བར་ཞལ་གཅིག་པ་ཕྱག་གཉིས་པ་སྐུ་མདོག་དཀར་མོང ་རྣམ་པར་བསྒོམ་པར་བྱའོ། །ཡེ་ཤེས་ཀྱི་ཡན་ལག་ཅན་མ་ཉིད། དེ་འདྲ་བ་ནི། སྙིང་ལ་གནས་པའི་ལྷ་མོ་ཆེ། །རྣལ་འབྱོར་པའི་རྣལ་འབྱོར་འབེབས། །སངས་རྒྱས་ཀུན་གྱི་སྐྱེད་མཛད་མ། རྡོ་རྗེ་དབྱིངས་ཀྱི་དབང་མོར་བཤད་ཅེས་སོ། །ཕྱི་དང་ནང་གི་བདག་ཉིད་ཅན་གྱི་ཕྱག ་རྒྱ་མ་ངེས་པར་བསམས་ནས། ཕུང་པོ་དད་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་ལ་རྣམ་པར་སྣང་མཛད་ལ་སོགས་པའི་ས་བོན་ཨོཾ་ཡིག་ལ་སོགས་པ་དགོད་པར་བྱའོ། །འདིར་ནི་ཁྱད་པར་ཡོད་དེ་ལག་པ་ལ་སོགས་པའི་ཡན་ལག་རྣམས་ལ ་ཧཱུཾ་ཡིག་ལས་སྐྱེས་པའི་ཁྲོ་བོའི་རྒྱལ་མོ་རྣམས་རྣམ་པར་དགོད་པར་བྱའོ། །རེག་བྱ་རྡོ་རྗེ་མ་ལ་རྗེས་སུ་ཞུགས་པ་བདག་ཉིད་ཀྱི་གཟུགས་ཀྱི་ཕྱག་རྒྱར་བསྒོམས་ནས་རྡོ་རྗེ་པདྨ་འདུ་བྱ་བ་སྔོན་དུ་འགྲོ་བས་རྗེས་སུ་ཆགས་པའི་ང་རྒྱལ་གྱིས། འཁྱུད་པ་དང ་འོ་བྱ་བ་ལ་སོགས་པ་བྱས་ནས་ཧཱུཾ་ཡིག་བརྗོད་ཅིང། མཆོག་གི་རྣལ་འབྱོར་པ་འོད་དཔག་མེད་ཀྱི་སྦྱོར་བས་བཙུན་མོའི་ལས་ལ་གནས་པར་འགྱུར་རོ། །དེ་ནས་སྣང་བ་ལ་སོགས་པ་ཡེ་ཤེས་གསུམ་པོ་གསལ་བར་ཉམས་སུ་མྱོང་པས་རང་གི་ལུས་ལ ་གནས་པའི་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ཡང་དག་པར་བསྐུལ་ཏེ་བདེ་བ་ཆེན་པོའི་ངོ་བོ་བྱང་ཆུབ་ཀྱི་སེམས་འཛག་པའི་གནས་སྐབས་སུ་རྡོ་རྗེའི་ཁའི་བུ་གར་ཕཊ་ཡིག་སེར་པོའི་སྔགས་ཀྱིས་བྱང་ཆུབ་ཀྱི་སེམས་པདྨའི་དབུས་སུ་ཕྱུང་སྟེ། ་དེ་མ་ཐག་དོན་ཡོད་གྲུབ་པའི་ང་རྒྱལ་གྱིས་རང་གི་ལུས་ལ་གནས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་མཆོད་པར་བྱ་སྟེ། ནམ་མཁའ་ལྡིང་གི་ཕྱག་རྒྱས་སོ། །རྒྱུད་གཞན་དུ་ཡང་གསུངས་པ། བདུད་རྩི་ལྕེ་ཡིས་བླངས་ནས་ནི ་གཙང?་མའི་མཆེད་དུ་སྟོབས་ཀྱི་ཡང་ཞེས་སོ། །ོཾ་སརྦབ?་ཏ་ཐཱ་ག་ཏ་ཞེས་བྱ་བ་ལ་སོགས་པ་ནི་རྩ་བ་ཉིད་ལས་གོ་སླའོ། །འདིས་ནི་འདི་སྐད་བརྗོད་པ་ཡིན་ཏེ། ཨོཾ་ཡིག་སྤྱི་བོར་བསམ་པར་བྱ། །ཞེས་བྱ་བ་ནས་བརྩམས་ཏེ། ཨོཾ་སརྦབ་ཏ་ཐ་ག་ཏ་པཱུ་ཛ་ཞེས་བྱ་བའི་མཐར་ཐུག་པ་ཙ་བའི ་གཞུང་གི་གོ་རིམ་གྱིས་བདག་གི་ཐམས་ཅད་རྣམ་པར་བཤད་དོ། །འདིས་དགའ་བ་དང་བདེ་བའི་མཐར་ཐུག་པས་ཏིང་ངེ་འཛིན་རྒྱལ་པོ་མཆོག་ཅེས་བྱ་བ་དང་པོའི་ཏིང་ངེ་འཛིན་ཏོ། །ད་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཆེད་དུ་སྲིད་པ་སྐྱེས་པའི་རིམ་པས་སྒོམ་པ་པོས ་དཀྱིལ་འཁོར་གྱི་འཁོར་ལོ་ཡང་དག་པར་དབྱུང་བར་བྱའོ། །ཅི་ལྟར་ཇི་སྙེད་ཉིད་ལུས་ལ་དགོད་པ་དེ་སྙེད་ཕྱུང་བས་བསྒོམ་པར་བྱའོ་ཞེས་བཤད་པའི་རྒྱུད་རྡོ་རྗེ་ཕྲེང་བར་བཤད་པ་ཉིད་ཀྱི་ཕྱིར་རོ། །རང་སྔགས་ཡི་གེ་ལས་རྫོགས་པ། །ཞེས་བྱ་བ་ལ་སོགས་པ་འདིའི་དོན་ནི ་ཤེས་རབ་ཀྱི་པདྨའི་དབུས་སུ་ས་བོན་སུམ་ཅུ་སོ་གཉིས་ཀྱི་བདག་ཉིད་ཅན། བྱང་ཆུབ་གྱི་སེམས་ཀྱི་རང་བཞིན་ཧཱུཾ་ཡིག་ལ་སོགས་པ་བལྟས་ནས་དེ་ནས་རང་གི་སྔགས་ཀྱི་ཡི་གེ་ཧཱུཾ་ཡིག་དེས་རྫོགས་པའོ། །རྡོ་རྗེ་གསུམ་གྱིས་བྱིན་བརླབས་བདག་ཅེས་པ་ནི ་བདག་གི་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབས་པ་ནི་རྡོ་རྗེ་གསུམ་གྱི་བདག་ཉིད་ཞེ་སྡང་རྡོ་རྗེའི་གཟུགས་སུ་མངལ་དུ་བསྐྱེད་པར་བྱ་སྟེ་ཐུགས་རྡོ་རྗེའོ། །ཡང་ན་ཡེ་ཤེས་ཡན་ལག་ཅན་མའི་ཕྱོགས་ལ་ནི་དངོས་སུ་བྱང་ཆུབ་ཀྱི་སེམས་བྱིན་པ་ཉིད་ཡང་དག་པར ་འབྱུང་བ་མ་ཡིན་ནོ་ཞེས་བྱས་ནས། སྔགས་ཅིག་པུས་སྤྲུལ་པ་ཉིད་ཀྱི་ལྷ་སུམ་ཅུ་སོ་གཉིས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པས་རྫོགས་པར་བྱའོ། །རྣམ་པར་བཞག་པར་གསུངས་པ་ཡང་བྱང་ཆུབ་ཀྱི་སེམས་སམ། སྔགས་ཅིག་པུས་སྤྲུལ་པ་ལས་ཤེས་སོ།། ་འདིར་གསུངས་པ་ཡང། སྒྲ་ཐ་དད་མ་ཡིན་པའི་རིམ་པ་ལའོ། །བཛྲ་དྷྲིཀ་སྔགས་ལས་རྫོགས་པ་ཡི་ཞེས་བྱ་བ་ལ་སོགས་པ་ལ། །མངོན་པར་བྱང་ཆུབ་པ། རྣམ་པ་ལྔ་སྟོན་པར་བྱེད་པའི་རྡོ་རྗེ་འཆང་བར་བྱེད་པས་བཛྲ་དྷྲིཀ་གོ་ཡང་ན་བདེན་པ་གཉིས་ཀྱི་བདག ་ཉིད་ཅན་གྱི་རྡོ་རྗེའི་ཡེ་ཤེས་འཛིན་པར་བྱེད་དོ། །ཞེས་པས་བཛྲ་དྷྲིཀ་སྟེ་འབྱིན་པའི་སྔགས་ནི། སྔགས་ཉིད་མཚོན་པར་བྱའོ། །དེས་རྫོགས་པའོ་ཞེས་པའོ། །གང་ལས་ན་ཐོག་མར་ཤེས་རབ་ཀྱི་པདྨ་རང་གི་སྔགས་ཀྱི་ཡི་གེ་མི་བསྐྱོད་རྡོ་རྗེ་ཅན ་དུ་རྫོགས་པའི་གཟུགས་གང་ཡིན་པ། དེ་མདོར་བསྟན་པ་དང། དེ་རྒྱས་པར་བཤད་པས་སླར་ཡང་རྫོགས་པའོ། །ཞེས་གསོལ་ལོ། །དེའི་འོག་ཏུ་འཚེད་པར་འགྱུར་བའི་ཐུགས་ཀ་ནས་དེ། ལྷ་མོའི་མངལ་ནས་བཤད་མ་ཐག་པའི་སྔགས་ཀྱི་ཕྱི་རོལ་ཏུ་འབྱུང་བར་བྱའོ ་ཞེས་སྦེལ་ལོ། །དེ་བཞིན་དུ་འཆད་པར་འགྱུར་བའི། ཛིན་ཛིཀ་སྔགས་ལས་རྫོགས་པ། ཞེས་བྱ་བ་ལ་སོགས་པ་རྣམས་སུ་བཤད་པ་འདིའི་རིམ་པ་མཁས་པས་རྣམ་པར་ཤེས་པར་བྱའོ། །ཁ་ཅིག་རང་སྔགས་ཡིག་གེ་བཛྲ་དྷྲིཀ་ལ་སོགས་པའི་སྔགས་ཏེ། དེས་མི ་བསྐྱོད་པ་ལ་སོགས་པ་རྣམས་རྫོགས་པར་འགྱུར་རོ། །ཞེས་གང་འབྲི་བར་བྱེད་པ་དེ་བསམ་པར་བྱའོ། །ཅིའི་ཕྱིར་ན་རེག་ཤིག་རྣམ་པར་བཞག་པ་ལས་བཛྲ་དྷྲིཀ་ལ་སོགས་པའི་སྔགས་འབྱིན་པའི་སྔགས་ཀྱིས་རྣམ་པར་བཞག་པ་གསུམ་པ་ཞེས་ཀླུའི ་བློའི་ཞབས་ཀྱིས་བསྟན་པ་ཉིད་ཀྱི་ཕྱིར་རོ། །ཡང་ན་འདི་ཉིད་དུ་།མཻཾ་ཐིཾ་ས་བོན་ལས་རྫོགས། བྱམས་པ་སའི་སྙིང་པོ་དག་ཅེས་གསུངས་པའི་ཕྱིར་རོ་ཞེས་སེམས་སོ། །མི་བསྐྱོད་རྡོ་རྗེ་ཅན་ཞེས་བྱ་བ་ལ་སོགས་པའི་ཞེ་སྡང་རྡོ་རྗེ་ཅན་ནོ། །རལ་པ་ཞེས་བྱ་བ་ལ་སོགས་པ ་ནཾ་གོ་སླའོ?། །མི་བསྐྱོད་པས་ནི་དབུ་བརྒྱན་བྱས་ཤེས་པ་ནི་ཚིག་འདིའི་ལྷཻག?་མ་མེད་པར་བདག་ཅག་གི་བཤད་པ་ནི་འཆད་པ་འགྱུར་པའི་ཡ?ེ་ཤེས་འཁོར་ལོའི་དེ་མ་ཐག་ཏུ་བྱེད་པར་འགྱུ་པས་བདག་གིས་འདིར་མ་བཤད་དེ་པར་བཞིན་མེད་པ་ཉིད་ཀྱི ་ཕྱིར་རོ། །མི་བདག་འཁྱིལ་པ་ལྟ་བུ་ཞེས་པ་ནི་མུ་མེན་ལྟ་བུའོ། །གནག་དང་དམར་དང་དཀར་བའི་ཞལ་ཞེས་པ་ནི། །ཇི་ལྟར་རིགས་པས་སྐུ་གསུམ་རྣམ་པར་དག་པའི་དྲག་པོ་དང་ཞི་བ་དང་འདོད་ཆགས་ཆེན་པོའི་ཞལ་གསུམ་རྣམ་པར་ཛེས་པའི། རྒྱན་རྣམས ་ཐམས་ཅད་ཡང་དག་རྫོགས། ཤེས་པ་ནི་འཁོར་ལོས་སྒྱུར་བའི་བྱང?་འཆང་བ་ཉིད་ཀྱི་ཕྱིར་རོ། །ཕྱག་དྲུག་ཅེས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་དག་པ་ཉིད་ཀྱི་ཕྱིར་རོ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་གཤེགས་པ་དྲུག་གི་མཚན་མ་རྣམས་ཏེ། དེའི་བདག་ཉིད་ཀྱི ་འཆང་བ་རྣམས་ནི་དེ་བཞིན་གཤེགས་པ་དྲུག་གི་རང་གི་ངོས?་སོ་སོར་སྒྲུབ་པའི་ཆེད་དུ་དཀྱིལ་འཁོར་གྱི་བདག་པོ་ཉིད་ཡིན་པའི་ཕྱིར་ཞེས་པ་འདིས་འདི་གསུངས་སོ། །ཅི་སྟེ་ཡང་པདྨ་ནག་པོའི་བཤད་པ་བྱེད་པར་འདོད་པ་ནི། འཕགས་པ་ཀླུའི་བློ་ཞབས་ཀྱི་སྦྱར་བའི་རྣམ་པར ་བཞག་པའི་གཞུང་གི་བཤད་པ་རབ་ཏུ་སྦྱིན་བས་དེ་མི་གནས་པ་ཉིད་དོ་ཞེས་དགོངས་སོ། །འདི་ནི་ལྷ་མོའི་མངལ་དུ་གནས་པའི་ཞེ་སྡང་རྡོ་རྗེ་དེ་ཁྱད་པར་དུ་ཐམས་ཅད་བྱའོ། །རྣམ་པར་གཟིགས་ནས་ནི་ཞེས་བྱ་བ་ནས་།སྤྱན་སྔ་ནས་ནི་འདུག་པར་འགྱུར་ཞེས་པའི་མཐར ་ཐུག་པ་ནི་རྩ་བ་ལ་ཆེས་གསལ་བར་བཤད་དོ། །རྗེས་སུ་ཞུགས་ཞེས་བྱ་བ་ལ་སོགས་པ་ལ། །མདུན་དུ་འཁོད་པའི་ཞེ་སྡང་རྡོ་རྗེ་དེ་རྣམ་པར་སྣང་མཛད་ཀྱི་ལམ་ནས་སྙིང་གར་རྗེས་སུ་ཞུགས་ཏེ། རང་གི་ལུས་ཞེ་སྡང་རྡོ་རྗེའི་གཟུགས་བསྒོམ་པར་བྱའོ། །སྔར་གྱི་གཟུགས་མི ་བསྐྱོད་པའི་གཟུགས་སུ་ཡོངས་སུ་གྱུར་ཏེ་ཨིནྡྲ་ནཱི་ལའི་འོད་འབར་བ་ནི་རིན་པོ་ཆེ་ཐམས་ཅད་ཀྱི་རང་བཞིན་དང་ལྡན་པའི་ཕྱིར་རོ། །ཉི་མའི་དཀྱིལ་འཁོར་དབུས་ན་བཞུགས་ཏེ་ཞེ་སྡང་རྡོ་རྗེའོ། །རྒྱུ་འདིས་ཧཱུཾ་ལས་སྐྱེས་པའི་ཉི་མའི་དཀྱིལ་འཁོར་ལ་ཧཱུཾ་ལས་སྐྱེས་པའི ་རྡོ་རྗེ་ནག་པ་རྟག་ཏུ་འཆར་བའི་མར་མེ་ཆེན་པོ་ལྔ་བུ་མི་ཤེས་པའི་མུན་པ་རྣམ་པར་འཇོམས་པར་བྱེད་པའི་དོན་དུ་སྣང་བའི་ཕུང་པོའི་རྣམ་པ་ཏིང་ངེ་འཛིན་སེམས་དཔའ་ཞེས་བྱ་བ། །དེ་བཞིན་གཤེགས་པ་ལྔའི་ས་བོན་དང་ཡང་དག་ལྡན་པ་བསྒོམ་པར་བྱའོ།། ་ཞེས་བྱ་བ་ནི་མན་ངག་གོ། །དཔའ་བོ་རང་གི་ཕྱག་རྒྱས་འཁྱུད་ཅེས་བྱ་བ་ནི་རེག་བྱ་རྡོ་རྗེས་འཁྱུད་པའོ། །འདིས་ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པས་རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་ཐམས་ཅད་སྤྲོ་བར་བྱ་ཞེས་སྦྲེལ་ལོ།། ་ཛིན་ཛིཀ་ཞེས་པ་ནི་རྒྱལ་བར་བྱེད་པའི་ངང་ཚུལ་ནི་རྒྱལ་བ་སྟེ་།རྣམ་པ་བཅུ་གཉིས་པའི་ཆོས་ཀྱི་འཁོར་ལོས་བདུད་རྣམས་ལས་རྒྱལ་བར་བྱེད་དོ་ཞེས་པས་རྒྱལ་བ་རྒྱལ་ལོ། །ཡང་ན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བདུད་བཞི་ཟིལ་གྱིས ་གནོན་པའི་ཕྱིར་རྒྱལ་བ་རྒྱལ་ལོ། །དཀར་དང་གནག་དང་དམར་པོའི་ཞལ་ཞེ་བྱ་བ་ལ་སོགས་པ་ནི། བཅོམ་ལྡན་འདས་དེ་ཉིད་མདུན་དུ་ཟླ་བའི་འཁོར་ལོར་བཞུགས་པར་བྱེད་དེ། བཞུགས་ཞེས་བྱ་བ་དང་སྦྲེལ་ལོ། །རཏན་དྷྲིཀ་ཅེས་བྱ་བ་ནི་བསམ་པ་ཐམས་ཅད ་ཡོངས་སུ་རྫོགས་པར་བྱེད་པའི་རིན་པོ་ཆེ་འཆང་བར་བྱེད་དོ་ཞེས་པས་རིན་ཆེན་འཆང་ངོ། །ཡང་ན་ཡང་དག་པའི་མཛའ་ཨི་རིན་པོ་ཆེ་འཆང་བར་བྱེད་དོ་ཞེས་པས་རིན་ཆེན་འཆང་ངོ། །སེར་དང་གནག་དང་དཀར་པོའི་ཞལ། །ཞེས་པ་ནི་རྟོགས་པར་སླའོ། །ང་རྒྱལ་གནས ་ལ་གནས་པ་རྣམས་ཞེས་བྱ་བ་ནི་ནོར་གྱིས་དྲེགས་ཤིང་སྙེམས་པའི་སེམས་ཅན་རྣམས་སྦྱིན་པས་དུལ་བར་བྱས་ནས་ང་རྒྱལ་རྣམ་པར་དག་པའི་གོ་འཕང་ལ་ཡང་དག་པར་བཞག་སྟེ་བཅོམ་ལྡན་འདས་ཀྱི་གཡས་ཀྱི་ངོས་སུ་བཞུགས་སོ། །ཱ་རོ་ཀི་ཀ ་ཅེས་པ་ནི། ཨཱ་ནི་ཀུན་ནས་སོ། །རོ་ནི་འཁོར་བར་འགྲོ་བར་བྱེད་དོ་ཞེས་པས། ཨཱ་རོ་ལིག་གོ། །ཡང་ནོར་ཞེས་པ་ཡེ་ཤེས་གསུམ་མོ། དེ་ལས་དོན་དམ་པའི་བདེན་པར་བགྲོད་པར་གྱུར་པའོ། །ཞེས་པས་ཨཱ་རོ་ལིཀ་གོ། དམར་དང་གནག་དང་དཀར ་བའི་ཞལ་ཞེས་པ་ནི་གསལ་ལོ། །སྙིང་གའི་ཕྱོགས་གནས་པ། གཡས་པ་ཡིན་ནི་འབྱེད་པར་མཛད་ཅེས་པ་ནི། ཁྱད་པར་པདྨའི་སྒྲ་ཉེ་བར་བླངས་པའི་ཕྱིར་པདྨ་དམར་པོ་ཉིད་དུ་རྟོགས་པར་བྱའོ། །པྲཛྙཱ་དྷྲིཀ་ཅེས་པ་ནི་རབ་ཏུ་རྣམ་པར་འབྱེད་པའི ་མཚན་ཉིད་ནི་ཤེས་རབ་པོ། །དེ་འཛིན་པར་བྱེད་དོ་ཞེས་པས་ཤེས་རབ་འཆང་ངོ། །ཡང་ན་ཤེས་རབ་ནི་ཟླ་བར་སྣང་པའོ། །དེ་ཁམས་ཕྲ་བས་ནམ་མཁར་འཛིན་པར་བྱེད་ཞེས་པས་ཤེས་རབ་འཆང་ངོ། །ལྗང་དང་གནག་དང་དཀར་བའི་ཞལ ་ཞེས་པ་དང། །ཕྱག་དྲུག་ཅེས་པ་སོགས་ནི་གོ་སླའོ། །འོད་ཟེར་རྣམ་པར་འཕྲོ་ཞེས་པ་ནི་འདི་འབར་བ་དང་ལྡན་པའོ་ཞེས་བརྡ་སྤྱོད་པར་བྱེད་པའོ། །རིགས་ནི་ལྔ་པོ་འདི་རྣམས་འབྱུང། །འདོད་དང་ཐར་པ་རབ་སྒྲུབ་བྱེད་ཅེས་པ་ནི་ཕུང་པོ་ལྔའི་རང་བཞིན་རིགས་འདི་རྣམས་འདོད་པ་ཉེ་བར ་ལོངས་སྤྱོད་པས་ཐར་བ་རབ་ཏུ་སྒྲུབ་པར་བྱེད་པ་པོ་རྣམས་སུ་འགྱུར། །སླར་ཡང་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱི་ཉེ་བར་ལོངས་སྤྱོད་པའི་ཚད་དུ་ལྷ་མོ་བཞི་པོ་འབྱིན་པར་བྱེད་དེ་དེའི་ཕྱིར་གསུངས་པ་མོ་ཧ་རཱ་ཏི་ཞེས་པ་ནི་གཏི་མུག་ནི་རྣམ་པར་སྣང་མཛད་དོ། །དེའི? ་དཀའ་?་བས་གཏི་མུག་དགའ་ཨོ། །ཡང་ན་གཏི་མུག་རྣམ་པར་དག་པ་ལ་དགའ་བས་གཏི་མུག་དགའ་མའོ། །དབྱུང་བར་བྱ་ཞེས་པ་ནི་མངལ་དུ་རྫོགས་པར་བྱའོ། །སྤྱི་བོར་རྣམ་པར་སྣང་མཛད་ཀྱིས་མཚན་ཞེས་བྱ་བ་ལ་ཅི་ལྟར་རེ་ཞིག་འཁོར་ལོའི་དབང་ཕྱུག་གིས་སྤྲུལ་པའི་སྤྱན ་མ་ལ་སོགས་པ་རྣམས་འཁོར་ལོའི་དབང་ཕྱུག་ཉིད་ཀྱིས་རྒྱས་འདེབས་པར་བྱེད་པར་རིགས་ཏེ། པ་དང་བུའི་རིགས་པ་ལས་སོ?། །ཕ་ཡང་བཅོམ་ལྡན་འདས་དཀྱིལ་འཁོར་གྱི་བདག་པོ་རྡོ་རྗེ་འཆང་ཆེན་པོ་ཉིད་དོ་ཞེ་ན། བདེན་ཏེ་རིགས་ཀྱི་དབང་པོ་རྣམས་ཀྱི་འང་བདག་པོར་གྱུར་པ་ཉིད ་བཅོམ་ལྡན་འདས་ཏེ། དེ་བཞིན་དུ་ཡང་རིགས་ཀྱི་དབང་པོ་ཉིད་ཀྱི་རྒྱས་འདེབས་པར་བརྗོད་དེ། རིགས་འཚོལ་བསྒོམ་པའི་སྦྱོར་བས་དངོས་གྲུབ་ཏུ་མི་འགྱུར་པའི་ཕྱིར་རོ། །ཤར་གྱི་གྲཝར?་ནི་མེའི་མཚམས་སུ་བཞུགས་པར་གྱུར་པ་ནི་ཉེ་བར་འཁོད་པའོ། །དེ་ཥ་ར་ཏི་ཞེས་པ་ནི་ཞེ ་སྡང་ནི་མི་བསྐྱོད་པ་སྟེ་དེ་ལ་དགའ་བས་ཞེ་སྡང་དགའ་མོའོ། །ཡང་ན་ཉོན་མོངས་པ་ཞེ་སྡང་རྣམ་པར་དག་པ་ལ་དགའ་བས་ཞེ་སྡང་དགའ་མའོ། །གནག་དང་དཀར་དང་དམར་བའི་ཞལ་ཞེས་པ་ནི་གོ་སླའོ། །བདེན་བྲལ་དུ་ནི་བཞུགས་པར་གྱུར་ཅེས་ཏེ། འདིར་གདན་མ ་བརྗོད་པ་ཅི་ཞེ་ན། མཱ་མ་ཀཱི་ངེས་པ་མེད་པའི་ཕྱིར་ཏེ་གང་གི་ཚེ་རིན་པོ་ཆེའི་རིགས་ཡིན་པ་དེའི་ཚེ་རིན་པོ་ཆེའི་སྟན་ནོ། །ད་ལྟ་ན་རྡོ་རྗེའི་རིགས་ཡིན་པ་དེའི་ཚེ་ཉི་མའི་སྟན་ཁོ་ནའོ། རཱ་ག་ར་ཏི་ཞེས་པ་ན་འདོད་ཆགས་ནི་འོད་དཔག་མེད། །དེ་ལ་དགའ་བས་འདོད ་ཆགས་དགའ་མའོ། །ཡང་ན་འདོད་ཆགས་རྣམ་པར་དག་པ་ལ་དགའ་བས་འདོད་ཆགས་དགའ་མའོ། །དམར་དང་གནག་དང་དཀར་བའི་ཞལ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བཛྲ་ར་ཏི་ཞེས་པ་ནི་རྡོ་རྗེ་ནི་དོན་ཡོད་གྲུབ་པའོ། །དེ་ལ ་དགའ་པས་རྡོ་རྗེ་དགའ་མའོ། །ཡང་ན་རྡོ་རྗེ་ཡེ་ཤེས་ལ་དགའ་བས་རྡོ་རྗེ་དགའ་མའོ། །ལྗང་དང་གནག་དང་དཀར་བའི་ཞལ་ཞེས་པ་ལ་སོགས་པ་གོ་སླའོ། །རྣལ་འབྱོར་པས་ནི་རིམ་གཉིས་པར། །གཟུགས་རྡོ་རྗེ་མ་ལ་སོགས་པ་དབྱུང་ཞེས་པ་ལ ་སོགས་པ་ནི། གཟུགས་སུ་གཟུགས་བརྙན་དུ་བྱ་ཞེས་པ་འདིས་གཟུགས་སོ། །བརྙན་པར་བྱ་ཞེས་པས་སྒྲའོ། །བསྣམ་པར་བྱ་ཞེས་པས་དྲིའོ། །མྱུང་བར་བྱ་ཞེས་པས་རོའོ། །རེག་པར་བྱ་ཞེས་བས་རེག་བྱའོ། །རྡོ་རྗེའི་སྒྲས་ནི་ཏིང་ངེ་འཛིན་གྱི་གཟུགས་ལ་སོགས ་པ་རྣམས་རྣམ་པར་དག་པ་ཉིད་ཀྱི་ཕྱིར་གཟུགས་རྡོ་རྗེ་ལ་སོགས་པ་རྣམས་སོ། །ད་ནི་གཟུགས་ལ་སོགས་པའི་ཡུལ་ཉམས་སུ་མྱོང་བའི་ཆེད་དུ། རང་གི་མིང་ཁོ་ནས་གཟུགས་རྡོ་རྗེ་ལ་སོགས་པའི་ལྷ་མོ་བཞི་པོ་རྣམས་བྱུང་ངོ། འདིར་ནི་སྒྲ་རྡོ ་རྗེ་ལ་རིན་ཆེན་འབྱུང་ལྡན་གྱིས་རྒྱས་བཏབ་པ་ཉིད་ཀྱི་ཕྱིར་རིན་པོ་ཆེའི་གདན་ཉིད་དོ། །དེ་བཞིན་དུ། རིམ་གསུམ་པར་ཡང་ཤར་གྱི་ནི། སྣམ་བུར་ཞེས་བྱ་བ་ལ་སོགས་པ་ནས་ཀུན་ཏུ་བཟང་པོ་དག་ཅེས་པ་འདིའི་བཤད་པ་ནི་མིག་གི་སྐྱེ་མཆེད་ལ ་སོགས་པའི་རང་བཞིན་གྱིས་སོ། །བྱམས་པ་སའི་སྙིང་པོ་བདག་ཅེས་བྱ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རང་རང་གི་ས་བོན་ལས་རྫོགས་པ་རྣམས་ཀྱི་དབྱུང་པའོ། །འདི་རྣམས་ཀྱི་ས་བོན་ནི་རྩ་བ་ཉིད་ལས་རྟོགས་པར་སླའོ། །རྐང ་མེད་དང་རྐང་གཉིས་དང་རྐང་བཞི་ལ་སོགས་པའི་སེམས་ཅན་རྣམས་ལ་བྱམས་པས་དམིགས་བ་ཉིད་ཀྱིས་བྱམས་པའོ། །ས་བཞིན་དུ་གཡོ་བ་མེད་པའི་ཏིང་ངེ་འཛིན། དེ་ཉིད་སྙིང་བོ་སྟེ་ནང་གང་གི་ཡིན་པ་དེ་སའི་སྙིང་པོའོ། །ཡེ་ཤེས་ལྔའི ་རང་བཞིན་གྱི་རྡོ་རྗེ་འཛིན་པར་བྱེད་དོ་ཞེས་པར་ཕྱག་ན་རྡོ་རྗེའོ། །ནམ་མཁའ་སྒྲིབ་པ་མེད་པའི་ཡེ་ཤེས་དེ་ཉིད་སྙིང་པོ་ཡིན་པས། ནམ་མཁའ་ཨི་སྙིང་པོའོ། །ཏིང་ངེ་འཛིན་གྱི་དབང་ལས་འཇིག་རྟེན་རྣམས་ཀྱི་དབང་ཕྱུག་ཡིན་པས་འཇིག་རྟེན་དབང་ཕྱུག་གོ་།འོད་གསལ་བའི ་ཏིང་འཛིན་ལས་ལངས་ནས་ཡིད་དུ་འོང་བའི་དཔལ་ནི་འཇམ་དཔལ་ལོ། །སྒྲུབ་པ་ནི་ཉོན་མོངས་པའོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་སྟོབས་ལས་རྣམ་པར་སེལ་བར་བྱེད་དོ་ཞེས་པས་སྒྲིབ་བ་ཐམས་ཅད་རྣམ་སེལ་ལོ། །ཀུན་ནས་མཛེས་པར་བྱེད་ཅིང་བཟང ་པོ་ནི་ཀུན་ཏུ་བཟང་པོའོ། །འདི་རྣམས་དབུ་རྒྱན་རང་གི་མགོན་ཞེས་བྱ་བ་ལ་སོགས་པ་ལ། འདི་རྣམས་ཏེ་བཤད་ཟིན་པའི་བྱང་ཆུབ་སེམས་དཔའ་བྱམས་པ་ལ་སོགས་པ་གང་ཡིན་པ་དེ་རྣམས་ཀྱི་རང་གི་མགོན་པོའི་སྒྲས་རྣམ་པར་སྣང་མཛད་ལ ་སོགས་པ་རྣམས་མངོན་པར་འདོད་དེ། དེ་རྣམས་ཀྱིས་རྒྱས་བཏབ་པའོ། །སྐུ་མདོག་ལ་སོགས་ཏེ། དཀར་པོ་ལ་སོགས་པའི་ཁ་དོག་དང་ལྡན་པ་ནི་དེ་དང་མཚུངས་པར་སླར་ཡང་བལྟ་བར་བྱའོ། །ཕྱག་དང་མཚོན་ཆ་རྣམས་ཀྱང་ནི་ཞེས་བྱ་བ་ལ་སོགས་པ་ལ་ནི་འདིར ་ཀུན་ནས་སྡུས་པ་ལའོ། །ཀྱང་གི་སྒྲས་གདན་བཟུང་ངོ། །རང་རང་གི་ནི་བདག་པོ་མཚུངས་ནི་བྱམས་བ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་མཚུངས་པར་འགྱུར་རོ། །ཅི་ལས་ན་དེའི་ས་ལ་སོན་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་མན་ངག་གོ། བྱམས་པ་འབའ་ཞིག་གཡས ་ན་ཞེས་བྱ་བ་ལ་སོགས་པ་ལ་གཡས་ན་སྟེ་ཕྱག་གཡས་པའི་འཁོར་ལོའི་གནས་སུ་ཀླུ་ཤིང་གི་མེ་ཏོག་བསྣམས་པར་མཛད་དོ་ཞེས་པའི་དོན་ཏོ། །སྐྱེ་མཆེད་རྣམས་སྦྱོང་མཛད་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ལག་པ་ལ་སོགས་པའི་ཡན་ལག་གིས་རང་བཞིན ་གྱིས་ཁྲོ་བོ་བཅུ་པོ་རྣམས་དབྱུང་བ་ནི། །ཡ་མཱནྟ་ཀྲིཏ?་སྔགས་ལས་བྱུང་ཞེས་བྱ་བ་ལ་སོགས་པ་ནས། ས་འོག་ཏུ་དེ་བཞུགས་སོ་ཞེས་པའི་མཐར་ཐུག་པའི་གཞུང་གི་དུམ་བུ་དག་གི་ནང་དུ་ཁྲོ་བོ་བཅུ་པོ་རྣམས་ཀྱི་ཁྱད་པར་གྱི་ཚིག་ཆེས་མང་པོ་ཡོད་དེ། ་ཆེས་མང་བའི་ཚིག་དེ་རྣམས་ལ་ཚིག་ཅུང་ཟད་ཅུང་ཟད་རྣམ?་པར་དབྱེ་བ་འཕགས་པའི་རྗེས་སུ་འབྲངས་ནས་བདག་གིས་བྲི་བར་བྱ་སྟེ། །དེ་ནི་བློ་བྱང་བ་མཁས་པས་ཁོང་དུ་ཆུད་དར་བྱའི་ཚིག་གཞན་རྣམས་ཀྱི་རྣམ་པར་བཤད་པ་གང ་ཡིན་པ་དེ་ནི་རྩ་བ་ཉིད་ལས་རྟོགས་སླ་བར་མཐོང་ནས་མ་བྱས་སོ། །གཤིན་རྗེ་ནི་དམྱལ་བའོ། །དེ་བཅོམ་ལྡན་འདས་ཀྱིས་ཁོ་བོ་ཆེན་པོའི་ཏིང་ངེ་འཛིན་གྱིས་མཐར་བྱེད་དོ་འཇོམས་པར་བྱེད་ཞེས་པས་ཡ་མཱནྟ་ཀྲིཏ་ཏོ། །ཡང་ན་གཤིན་རྗེ་ནི་རྨོངས་པའི ་མུན་པ་སྟེ་མ་རིག་པའི་བདག་ཉིད། །དེ་དོན་དམ་པའི་བདེན་པས་མཐར་བྱེད་དོ་འཇོམས་པར་བྱེད་དོ་ཞེས་པས་གཤིན་རྗེ་མཐར་བྱེད་དོ། །གནག་དང་དམར་དང་དཀར་བའི་ཞལ་ཞེས་པ་ལ་སོགས་པ་ནི། དང་པོའི་ཞལ་ནི་ནག་པོའོ། །གཡོན་པའི་ཞལ་ནི་དམར ་པོའོ། །གཡས་པའི་ཞལ་ནི་དཀར་པོའི་ཞལ་ལོ། །ཤར་ཕྱོགས་སུ་བཞུགས་པར་བྱེད་ཅེས་པ་ནི་ཤར་སྒོར་གནས་པར་གྱུར་པའོ། །པྲཛྙཱནྟ་ཀྲིཏ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱིས་ཉོན་མོངས་པ་འཇོམས་པར་བྱེད་དོ་ཞེས་པས་ཤེས་རབ་མཐར་བྱེད་དོ། །ཡང ་ན་ཤེས་རབ་ནི་རྣམ་པར་རྟོག་པའི་བདག་ཉིད་དོ། །དེ་འོད་གསལ་དུ་ཞུགས་པས་མཐར་བྱེད་དོ། །ཞེས་པས་ཤེས་རབ་མཐར་བྱེད་དོ། །སྤྲུལ་གྱིས་བརྒྱན་ཞེས་པ་ནི་བཤད་ཟིན་པ་དང་འཆད་པར་འགྱུར་བའི་ཁྲོ་བོ་རྣམས་ཀྱིའང་འདི་ཁྱད་པར་དུ་ཁོང་དུ་ཆུད ་པར་བྱའོ། །གཤིན་རྗེའི་ཕྱོགས་སུ་བཞུགས་པར་བྱེད་ཅེས་བྱ་བ་ནི་ལྷོའི་སྒོར་བཞུགས་པར་གྱུར་པའོ། །པདྨ་ནྟ་ཀྲིཏ་ཞེས་པ་ནི་པདྨ་ཆུས་མ་གོས་པ་བཞིན་དུ་ཉོན་མོངས་པས་གོས་པར་གྱུར་པ་ཉིད་མ་ཡིན་པའི་ཕྱིར། །དེ་ཉིད་ཀྱིས་འཇོམས་པར་བྱེད་དོ།། ་ཞེས་པས་པདྨ་མཐར་བྱེད་དོ། །ཡང་ན་པདྨ་ནི་སྐྱེས་གནས་སོ། །མཛའ་ནི་ནང་སྟེ་དེར་དབང་པོ་གཉིས་ཀྱིས་སྙོམས་པར་འཇུག་པའི་ཐབས་ཀྱིས་མཆོག་ཏུ་དགའ་བའི་བདེ་བ་བྱེད་དོ། །ཞེས་པ་བསྐྱེད་པར་བྱེད་དོ་ཞེས་པ་སྟེ། པདྨ་མཐར་བྱེད་དོ། །ཆུ་ལྷའི་ཕྱོགས ་སུ་བཞུགས་པར་བྱེད་ཅེས་པ་ནི་ནུབ་ཀྱི་སྒོར་བཞུགས་པར་གྱུར་པའོ། །བིགྷཱནྟ་ཀྲིཏ་ཅེས་བྱ་བ་ལ་སོགས་པ་ནི་བགེགས་རྣམས་མཐར་བྱེད་དོ་ཞེས་པ་རྣམ་པར་འཇོམས་བྱེད་དོ། །ཞེས་པས་བགེགས་མཐར་བྱེད་དོ། ཡང་ན་བགེགས་ནི་ཁམས་བཞི་དོ་རྣམས་སོ། །དེ་རྣམས་ཟད་པ་དང ་འཕེལ་བ་བདག་གི་ལུས་ལ་གཟིར་བར་བྱེད་པའི་ཕྱིར་བགེགས་རྣམས་ཏེ། དེ་རྣམས་ཐབས་ཀྱི་ཡེ་ཤེས་ཤར་བས་རྣམ་པར་འཇོམས་པར་བྱེད་དོ། །ཞེས་པས་བགེགས་ཐར་བྱེད་དོ། །སྔོ་དང་དམར་དང་དཀར་པའི་ཞལ་ཞེས་བྱ་བ་ལ་སོགས་པ་ནི་ཞལ་དང་པོ ་སྔོན་པོའོ། །གཡོན་པ་དམར་པོ་ཉིད་དོ་ཐམས་ཅད་ཀྱི་ཚེ་གཡས་པའི་ཞལ་ནི་དཀར་པོར་ཡང་རབ་ཁོང་དུ་ཆུད་པར་བྱའོ། ཞེས་པ་འདིའི་དོན་ཡོངས་སུ་བཤད་པར་བྱའོ། །ལུས་ངན་ཕྱོགས་སུ་བཞུགས་པར་བྱེད་ཅེས་པ་ནི་བྱང་གི་སྒོར་བཞུགས་པར་གྱུར་པའོ། །མི་གཡོ ་བ་ཡང་ཞེས་བྱ་བ་ལ་སོགས་པ་ལ་འཇིག་རྟེན་གྱི་ཀུན་ཏུ་སྦྱོད་པ་བརྒྱད་རྣམས་ལ་རྟག་ཏུ་གཡོས་པའི་ཐུགས་རྣམས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ངེས་པར་སེམས་དཔར་བྱེད་དོ་ཞེས་པས་མི་གཡོ་པའོ།། ཨིནྡྲ་ནཱི་ལའི་འོད་ཅེས་པ་ལ་སོགས་པ ་ནི། །དཔེར་ན་ནོར་བུ་ཨིནྡྲ་ནཱི་ལའི་འོད་འབར་བ་དེ་བཞིན་ནོ། །ཊིཀྐ་རཱ་ཛ་ཞེས་པ་ནི་ཊཀྐི་ནི་འདོད་པའི་འོ། །དེ་མཛེས་པར་བྱ་འབར་བྱ་རྣམ་པར་དག་པར་བྱའོ་ཞེས་པས་ཊིཀྐི་རཱ་ཛའོ། །ཕྱག་གཉིས་རྡོ་རྗེ་ཧཱུཾ་མཛད་ཀྱི། ཕྱག་རྒྱ་དག་ནི་འཆིང་བར་མཛད ་ཅེས་པ་ནི་འདིར་གསུངས་གསུངས་པ་ཤེས་རབ་ལ་འཁྱུད་པའི་ཚུལ་གྱིས་ཁུ་ཚུར་གཉིས་བཅིངས་ནས་མཐེའུ་ཆུང་གཉིས་རབ་ཏུ་བརྐྱང་སྟེ་ཕན་ཚུན་འདུད་ནས་སྔགས་མཛུབ་གཉིས་རབ་ཏུ་བརྐྱང་བར་བྱའོ། །དེའི་རྗེས་སུ་མཐེ་བོ་གཉིས་པོ ་དག་གི་?་སྟེང་ནས་གོང་མོ་དང་མིང་མེད་གཉིས་ཀྱིས་མནན་པ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱར་འགྱུར་རོ། །ནཱི་ལ་དཎྜཾ་ཞེས་པ་ནི། ལཾ་སེམས་ཅན་རྣམས་ཀྱི་སྡིག་པའོ་།དཎྜ་ན?་དེར་ཚར་གཅོད་པར་བྱེད་དོ་ཞེས་པས་ནཱི་ལ་དཎྜའོ། །རླུང་གི་ཕྱོགས་སུ ་བཞུགས་པར་བྱེད་ཅེས་པ་ནི་རླུང་གི་གྲཝར་བཞུགས་པར་གྱུར་པའོ། །མཧཱ་བ་ལཾ་ཞེས་པ་ནི་དོན་དམ་པའི་བདེན་པའི་སྟོབས་ལས་སེམས་ཅན་རྣམས་ཀྱི་ཉེ་བའི་ཉོན་མོངས་པ་ཉེད་པར་བྱེད་དོ་ཞེས་པས་ན་སྟོབས་པོ་ཆེའོ། །?་ཙ་ཀྲི། ཞེས ་པ་ནི་སེམས་ཅན་རྣམས་ཀྱི་ཁམས་གསུམ་པ་ལས་འདས་པའི་ཡེ་ཤེས་རབ་ཏུ་སྦྱིན་པའི་ཕྱིར་ཙུག་གཏོར་འཁོར་ལོས་སྒྱུར་པའོ། །ཚངས་པའི་གནས་སུ་དེ་བཞུགས་བྱེད་དོ། །སུམྦྷཱ་རཱ་ཛ་ཞེས་པ་ནི་ཕྱོགས་བཅུའི་བགེགས་ཀྱི ་ཚོགས་རྣམས་དངས་ཤིང་ཕུར་བུས་བཏབ་སྟེ་ངེས་པར་འདུལ་བར་བྱེད་བས་ན་ངེས་པར་གནོད་མཛེས་སོ། །ལྷ་ནི་སུམ་ཅུ་གཉིས་རང་བཞིན། །ཀུན་གྱིས་དཀྱིལ་འཁོར་ཕྱུང་ནས་ནོ། །ཞེས་བྱ་བ་ལ་སོགས་པ་ནི། དེ་ལྟར་སེམས་དཔའ་གསུམ་གྱི ་བདག་ཉིད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་ཡང་དག་པར་ཕྱུང་ནས་ཡེ་ཤེས་ཀྱི་འཁོར་ལོ་གཞུག་པ་དང་མངོན་པར་དབང་བསྐུར་བ་ལ་སོགས་པ་རིམ་པ་འདིས་?་ཏུ་བྱའོ། །དེ་ལ་རིམ་པ་ནི་འདི་ཡིན་ཏེ་དང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱི་ཡེ་ཤེས ་ཀྱི་འཁོར་ལོ་བཀུག་སྟེ་།མདུན་གྱི་ནམ་མཁར་ལྟས་ནས་ཞབས་བསིལ་ལ་སོགས་པ་ཕུལ་ཏེ་ཡང་དག་པར་མཆོད་ནས་ཛ:ཧཱུཾ་བཾ་ཧོ:ཞེས་པའི་སྔགས་ཀྱི་ཚུལ་བཞིན་དུ་དགུག་པ་དང་གཞུག་པ་ལ་སོགས་པ་བྱས་ནས། །དམ་ཚིག་གི་འཁོར་ལོ ་ལ་ཡེ་ཤེས་ཀྱི་འཁོར་ལོ་ཆུ་དང་འོ་མ་བཞིན་དུ་ངེས་པར་ཞུགས་པར་བྱའོ། །སླར་ཡང་དེ་བཞིན་ཉིད་དུ་རང་གི་སྙིང་གར་གནས་པའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་སྤྱན་དྲངས་པའི་དེ་བཞིན་གཤེགས་པ་ལྔ་རྣམས་ཡེ་ཤེས་ཀྱི་ཆུས་གང་ཊའི? ་ལྦུམ་པ་ཐོགས་པ་རྣམས་དང་སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱང་ནམ་མཁར་བལྟས་ནས་མངོན་པར་དབང་བསྐུར་བར་སྔགས་པས་གསོལ་བ་གདབ་པར་བྱའོ། །དེའི་རྗེས་སུ་སངས་རྒྱས་ལྔ། མངོན་པར་བསྐུར་རིན་ཆེན་ཆེ་ཞེས་བྱ་བ་ལ་སོགས་པའི་ཆགས ་སུ་བཅད་བཀློག་པར་བྱེད་ཅིང། ཙུ་ཏ་ལ་སོགས་པའི་ཡལ་འདབ་ཀྱི་མངོན་པར་དབང་བསྐུར་བར་བྱའོ། །དེ་ཉིད་དུ་སྐུ་ཅིག་ལ་སྤྱན་མེ་ལ་སོགས་པའི་ལྷ་མོ་རྣམས་ཀྱི་བཀྲིས་ཀྱི་ཚིགས་སུ་བཅད་པས་བཀྲིས་པར་བྱེད་དོ། །དབང་བསྐུར་བའི་དེ་མ་ཐག་ཏུ་མེ་ཏོག་གི་ཆར་དང། རྔ་འོ་ཆེའི་སྒྲ་སོགས ་པར་བྱེད་པས་དགའ་བར་བྱེད་དོ?། །ཕྱི་ནས་ལྷ་སུམ་ཅུ་སོ་གཉིས་པོ་རྣམས་ཀྱི་རིགས་ཀྱི་དབང་ཕྱུག་གང་དང་གང་ཡིན་པའི་རྒྱས་འདེབས་པོ་དེ་དང་དེས་དབུལ་མཆོག་པར་ཁོང་དུ་ཆུད་པར་བྱའོ་ཞེས་སོ། །འོན་ཏེ་ཕྱུང་བའི་དཀྱིལ་འཁོར་དུ་འཕགས་པ་རྒྱས་བཏབ་པར་གསུངས་པ་མ་ཡིན་ནཾ་ཞེ་མདོ་ཉིད ་དུ་ཐོས་པའི་ཡོངས་སུ་རྫོགས་པའི་ལྷའི་སྐུ་ཐོབ་ནས་མི་འགྱུར་བའི་མངོན་པའི་ང་རྒྱལ་ཅན་མན་ངག་ལོག་པ་གསུང་པར་མངོན་པར་བརྗོད་དོ། །དེས་རྒྱས་འདེབས་པ་འཕགས་པའི་དགོངས་པས་མངོན་པར་དབང་བསྐུར་མ་ཐག་ཏུ་གང་རྒྱས་འདེབས་ཤེས་སོ། །འདིའི་བར་མ་ཆད་པར ་ལྷའི་དེ་ཁོ་ན་ཉིད་ཕྲ་མོའི་སྦྱོར་བ་བརྗོད་པས། སྣ་ཡི་རྩེ་མོར་ཡུངས་ཀར་ཞེས་བྱ་བ་ལ་སོགས་པ་གསུངས་པ། སྣའི་རྩེ་མོར་ཏེ་རང་གི་རྡོ་རྗེའི་བུག་པར་ཡུངས་ཀར་ཏེ་ཐིག་ལེ་དཀར་པོ་བསམ་པར་བྱའོ། །དེ་ཉིད་དུ་ཡུངས་ཀར་ལ་སྟེ་ཐིག་ལེ་དཀར་པོའི་དབུས་སུ་བཏགས་པ་སྟེ ་རྣལ་འབྱོར་གོམས་པར་བྱེད་པ་པོས། །འགྲོ་དང་མི་འགྲོ་བཅས་ཏེ་ཁང་པ་བརྩེགས་པ་དང་ལྷན་ཅིག་པའི་དཀྱིལ་འཁོར་གྱི་འཁོར་ལོ་སྒྱུ་མ་ལྟ་བུ་ཉིད་ཡིན་པའི་ཕྱིར་མ་འདྲེས་པར་བསྒོམ་པར་བྱའོ། །འདིའི་དོན་ཐེག་པ་ཆེན་པོའི་མདོ་སྡེར་ཡང་དགོངས་པས་བཤད ་པ་ངེས་པར་བསྟན་པར་གྱུར་པ་ནི། སྐྲའི་ཁྱོན་གཅིག་ལ་གང་སངས་རྒྱས་ནི་རྣམ་མང་གི་གཱ་ཀླུང་གི་བྱེ་མ་སྙེད་བཞུགས་ཤེས་བྱ་བ་དང། བཟང་པོ་སྤོང་པར་ཡང། རྡུལ་གཅིག་སྟེངས་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་བདག་ཅེས།། ་ཡང་ན་ཨུཏཔལ་སྔོན་པོའི་ཁ་དོག་ཅན་གྱི་རྡོ་རྗེ་ནས་འབྲུའི་ཚད་ཙམ་དེ་ཉིད་དུ་མི་བསྐྱོད་པའི་རྣལ་འབྱོར་པས་བསྒོམ་པར་བྱའོ། །དེ་བཞིན་དུ་རྣམ་པོར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པའི་སྣའི?་རྩེ་མོ་དང་ལྷ་མོའི་པདྨའི་སྣའི་རྩེ་མོར་བཤད་མ་ཐག་པ་བསམ་པར་ ་བྱའོ། །ཡང་ན་ཙ་ན་ཀའི་འབྲུའི་ཚད་ཀྱིས་འཁོར་ལོ་ལ་སོགས་པའི་མཚན་མ་བསྒོམ་པར་བྱའོ། །ཞེས་བྱ་བ་ནི་མན་ངག་གོ། ཡེ་ཤེས་གནས་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རྒྱུ་གྱུར་པའོ། །ཉམས་དགའ་བ་ནི་དགའ་བར་བྱ་བ་སྟེ་དབང ་པོའི་གཞུ་ལྟར་དཀར་པོ་ལ་སོགས་པའི་ཁ་དོག་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །གསང་ཆེ་ནི་གཞན་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའོ། །ཡེ་ཤེས་ཀྱི་བརྟགས་པ་ནི་མདོར་བྱས་ཀྱི་རིམ་པ་བསྒོམ་པ་པོའི་ཡེ་ཤེས་ཙམ་གྱི་རང་གི་ངོ་བོའོ། །ཁ་དོག་ལྡན་ཞེས་བྱ་བ་ལ ་སོགས་པ་ནི་རིགས་ལྔ་ལས་རབ་ཏུ་བྱུང་བའོ། །རིན་ཆེན་པོ་ཞེས་པ་ནི་རྡོ་རྗེ་ལ་སོགས་པའི་མཚན་མ་རིན་པོ་ཆེ་ལྟར་རིན་ཆེན་པོའོ། །ཡེ་ཤེས་གནས་ཞེས་བྱ་བ་ལ་སོགས་པས་རྒྱུ་བ་དང་བཅས་པའི་མི་རྒྱུ་བ་ཉིད་ཀྱིས་ཁྱད་པར་ཐམས་ཅད་བྱའོ། །དེ་ཉིད ་ཀྱི་ཕྱིར་རྣམ་པར་བཞག་པར་ཡང་གསུངས་པ་ཡང། དེ་ཉིད་མཐོང་བ་ཞེས་སོ། །བསྒོམ་པར་བྱ་ནི་རྣལ་འབྱོར་པས་སྙོམས་པར་ཞུགས་པ་ལས་སོ། །ཏིང་ངེ་འཛིན་འདི་ཉིད་ཀྱི་འབྲས་བུ་གསུངས་པ། རིན་ཆེན་བརྟན་པར་གྱུར་ནས་སྤྲོ། །ཞེས་བྱ་བ་ལ་སོགས་པ ་སྟེ། གང་གི་ཚེ་མཐོང་བའི་མཚན་མ་དང། གཟུང་བའི་མཚན་མ་ཉེ་བར་སྐྱེས་པ་ལས་ཤེས་བའོ། །དེ་ལ་མཐོང་བའི་མཚན་མ་ནི་སེམས་བརྟན་པ་ཉིད་དོ། གཟུང་བའི་མཚན་མ་ནི་དངོས་གྲུབ་ཀྱི་མཚན་མའོ། དེའི་ཚེ་རྡོ་རྗེ་ལ་སོགས་པ་བསྒོམ? ་པས་མི་གཡོ་བར་ཤེས་ནས་བསྒོམ་པ་དབང་དུ་གྱུར་པ་བསྐྱེད་པའི་ཆེད་དུ་སྤྲོ་བར་བྱའོ། །བརྟན་པར་མ་གྱུར་ཡོངས་མི་སྤྲོ་ཞེས་བྱ་བ་ནི་བསྒོམ་པར་བྱ་བཞིན་པ་ན་སྤྲོ་བར་མི་བྱའོ། རབ་མཆོག་སྤྲིན་རྣམས་སྤྲོ་བར་བྱ། ཞེས་བྱ་བ་ནི་རྡོ་རྗེ་ལ་སོགས ་པར་སྤྲོ་བར་བརྟན་པར་བྱས་པར་གྱུར་པ་ལ་སངས་རྒྱས་སྤྲིན་རྣམས་ཀྱང་སྤྲོ་བར་བྱའོ། །སངས་རྒྱས་འབར་བ་མཚུངས་འོད་ཀྱིས་ཞེས་བྱ་བ་ནི་དཀར་པོ་ལ་སོགས་པའི་ཁ་དོག་དང་ལྡན་པ་རྣམས་ཀྱིས་སོ། །འདིའི་སྒོམ་པའི་ཐབས་གསུངས་པ། སློང?་མོ ་ཟ?་བས་བཟླས་མི་བྱ་ཞེས་ཏེ། ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་སྤྱད་པའི་རྣལ་འབྱོར་པས་སློང་མའི་དོན་དུ་སློང་མོ་བྱིན་ཅིག་ཅེས་སོ་སོར་འཛིན་པ་རབ་ཏུ་བརྗོད་པར་མི་བྱ་སྟེ་མངོན་པར་བརྩོན་པས་སོ། །སློང་ལ་འོད་དགའ་བར་མི་བྱའོ། །ཞེས་པ་ནི་ཟས་ལ་རབ་ཏུ་ཞེན་པར་མ་གྱུར་ཅིང་ཇི་ཙམ ་དུ་ལུས་གནས་པ་ཙམ་དུ་འགྱུར་བ་དེ་ཙམ་གྱིས་ཆོ་ག་ཤེས་པར་འགྱུར་བར་བྱའོ། །ཡང་ན་དབྱེ་བ་ནི་སློང་མོའོ། །དེ་ལ་དེས་ཟླས་པར་མི་བྱའོ། །ཅི་རྣམ་པ་ཐམས་ཅད་དུ་དབྱེ་བར་དགའ་བར་འགྱུར་?་བྱ་ཞེན། །དེའི་དོན་གསུངས་པ་བློ་ལ་འང་དགའ་བར་མི་བྱའོ་ཞེས་ཏེ། འདེའི་དོན་ནི ་ལན་ཅིག་གི་གཉིས་སམ་གསུམ་དུ་རྣམ་པར་རྟོག་པའི་བགྲོད་པ་གང་གི་ཚེ་དཀྱིལ་འཁོར་གྱི་འཁོར་ལོ་ཆེས་གསལ་བར་མཐོང་བ་དེའི་ཚེ་དེང་སོན་པའི་སེམས་ཉིད་ཀྱིས་གཞག་བར་བྱའོ། །གནས་གཞན་དུ་གསུངས་པ་ཡང། དངོས་པོ་གང་དང་གང་གིས་ནི། མི་རྣམས་ ་ཡིད་ནི་ཡང་དག་སྦྱར། །དེས་དེའི་རང་བཞིན་ཉིད་འགྱུར་ཏེ། ནོར་བུ་སྣ་ཚོགས་གཟུགས་ཇི་བཞིན་ཞེས་སོ། །དེ་ཉིད་ཀྱི་ཕྱིར་སྔགས་ཀྱི་ཡན་ལག་མ་ཉམས་བཟླས་ཤེས་སོ། །འདིས་སེམས་བརྟན་པ་ཉིད་ལས་ཕྱི་རོལ་གྱི་རྣམ་པར་རྟོག་བ་མ་ལུས་པ་སྟོང་པ་དཀྱིལ་འཁོར་གྱི ་འཁོར་ལོར་སྒྱུ་མ་ལྟ་བུ་མངོན་སུམ་དུ་བྱས་པའི་སྔགས་པས་སོ། །རྒྱུད་གཞན་དུ་ཡང་གསུངས་པ། ཇི་མ་ཛ་ལ་མཛཋཧཾ?་ཙནྡྲ་ས་ཧི་ན། ཨུ་སོ་སཙྪ་ན་མིཙྪ་།ཏི་མ་སོམ་ཎྜ་ལ་ཙཀྐ་ཌཱ་ཊ་ཎྜ?་ཨ་ས་ཧཱ་བ་།སཙྪ་ཞེས་སོ། །འདིས་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི ་ཏིང་ངེ་འཛིན་གཉིས་པའོ། །དེ་ནི་ཡི་གེ་གསུམ་གྱི་དག་གི་བཟླས་པའི་དབྱེ་བ་རྣམ་པ་གཉིས་བརྗོད་བར་འདོད་ནས་།བརྗོད་ནས་རྡོ་རྗེ་སྤྲོ་བ་ནི། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བརྗོད་ནས་ནི། དག་གི་སྒོས་ཏིང་ངེ་འཛིན་སེམས་དཔའ་ཨི་ན་ད་ལས་པི ་བླངས་ནས་སོ། །རྡོ་རྗེ་ནི་ཡི་གེ་གསུམ་མོ། །སྤྲོ་བར་བྱིན་ཕྱི་རོལ་ཏུ་འབྱུང་པའོ། །འཇུག་པའི་རླུང་གིས་དེ་ཉིད་དུ་ཡང་དག་བཟླས་པར་བྱ་ཞེས་པ་ནི་གོང་བུའི་བཟླས་པའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ནི་དེ་བཞིན་གཤེགས་པ་ལྔ་པོ་རྣམས་ཀྱི་ཡང་དེ་ཁོ་ནི་ཉིད་ལས་འདི ་ཉིད་སྔགས་ཀྱི་བཟླས་པའོ། །འདིས་ནི་ཕྲ་མོའི་རྣལ་འབྱོར་བཟླས་པ་ཡང། རྣམ་གཉིས་བྱ་ཞེས་རྣམ་པར་བཤད་པའོ། །དེ་བཞིན་ཉིད་ལ་གཞུག་པར་བྱ་ཞེས་བྱ་བ་ནི་སོ་སོར་བརྟན་བའི་ཕྲ་མོའི་སྦྱོར་བས་གང་སེམས་ཙམ་ཉིད་དུ་རྟོག? ་པ་དེ་ཉིད་འདིའི་དེ་བཞིན་ཉིད་ལ་དམིགས་པའོ། །དེ་ལྟར་རྡོ་རྗེ་འཆང་ཆེན་པོ་འོད་གསལ་བའི་བདག་ཉིད་དུ་མཐོང་ནས། བྱམས་པ་ལ་སོགས་པའི་རང་བཞིན་གྱིས་སྤྱན་མ་ལ་སོགས་པ་བཞིར་བྱུང་བ་དེ་དང་བྲལ་བས་གདུངས་པའི་ཡིད་ཀྱིས་ལྟ་བར ་འདོད་ནས། སྙིང་རྗེ་དང་བཅས་པས་ཇི་ལྟར་སྨྲེ་བར་བྱེད་པ་དེ་བརྟན་པའི་ཆེད་དུ། དཀྱིལ་འཁོར་གནས་པའི་ལྷ་མོ་བཞི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚིགས་སུ་བཅད་པ་བཞི་ཡིS་ནི་དྲུག་ལྡན་ལ་སོགས་པ་སྒེག་ཅིང་སྙན་པའི་སྣ་གླུའི ་དབྱངས་ཀྱིས་བསྟོང་པ་སྔོན་དུ་འགྲོ་བས་ཁྱོད་ཅེས་མདུན་ན་གནས་པ་བཞིན་དུ་བལྟས་ནས། སད་པར་བྱེད་དོན་སློང་བར་བྱེད་པའོ། །རྡོ་རྗེའི་ཐུགས་ཞེས་བྱ་བ་ལ་སོགས་པ་ནི། སེམས་དབང་དུ་གྱུར་བ་བསྙེས་པའོ། །ཁམས་གསུམ་པའི ་ཆོས་ཀྱི་རྒྱལ་སྲིང་བསྙེས་པ་ཉིད་ཀྱི་ཕྱིར་གནས་གྱི་དབང་ཕྱུག་གོ། སེམས་ཅན་ཁམས་ནི་སེམས་ཅན་དུ་གྱུར་པའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་རོ། །དགའ་བ་ནི་རོལ་པའོ། །དེའི་ཡིད་དུ་འོང?་བ་ནི་ཚིམ་པ་སྐྱེད་པའི་ཕྱིར་ཏེ་དགའ་བ་ཡིད་འོང་ངོ།། ་དོན་ཆེན་ནི་མཆོག་ཏུ་དགའ་བའོ། །དེ་འདོད་པར་བྱེད་དུ་རྫོགས་པར་བྱེད་དོ། །ཞེས་པས་དོན་ཆེན་འདོད་པའོ། །རྣམ་པ་དེ་ལྟ་བུའི་དགའ་བ་ཡིད་འོང་དོན་འདོད་པས་འཁྱུད་པ་ལ་སོགས་པ་རྣམས་ཀྱིས་དག་ལ་འདོད་པར་མཛད་སྟེ ་རོལ་པར་གྱིས་སོ། །སེམས་ཅན་ཐམས་ཅད་བསྐྱེད་པའི་རྒྱུ་ཉིད་ཀྱི་ཕྱིར་ཡབ་པོ། །སེམས་ཅན་རྣམས་ཀྱིས་ཕན་པ་དང་བདེ་བ་བྱེད་པའི་ཕྱིར་།སེམས་ཅན་གཉེན་མཆོག་ཆེན་པོའོ། །བདག་ལ་སྟེ་བདག་གི་?་པར་རོ། །མགོན་པོ་ནི་བདག་པོའོ། ། ་སངས་རྒྱས་གལ་ཏེ་བཞེད་ནའོ། །རྡོ་རྗེ་སྐུ་ཁྱོད་ཅེས་བྱ་བ་ལ་སོགས་པ་ནི་མི་འཇིགས་པའི་སྐུ་ཉིད་ཀྱི་ཕྱིར་རྡོ་རྗེའི་སྐུའོ། །སེམས་ཅན་མང་པོ་དགའ་བའི་བཀའ་ཨི་འཁོར་ལོ་ཞེས་པ་ནི་ཁྱོད་ནི་སེམས་ཅན་མང་པོ་ལ་རྗེས་སུ་ཕན་པར་མཛད་པའི་བཀའ་ཨི ་འཁོར་ལོ་རབ་ཏུ་བསྐོར་བར་ཚད་པ་ཉིད་ཀྱི་ཕྱིར་རོ། །སངས་རྒྱས་དོན་དུ་བྱང་ཆུབ་དོན་དམ་ཕན་པ་རྗེས་སུ་སྟོན་པ་ཞེས་པ་ནི་།སངས་རྒྱས་ནི་ཕུང་པོ་ལྔ་རྣམས་སོ། །དེ་རྣམས་ཀྱི་དོན་ནི་ཀུན་རྫོབ་ཀྱི་བདེན་པའོ། །བྱང་ཆུབ་ནི་དོན་དམ་པའི་བདེན་པའོ། །དེ་དག་ཡང་དགའ་ ་སྦྱོར་བ་ལས་བྱུང་བའི་བདེ་བ་ཆེན་པོའོ་སྐུ་ནི་དོན་དམ་པའོ། །དེའི་སེམས་ཅན་རྣམས་ཕན་པའི་དགོངས་པས་རབ་ཏུ་སྟོན་པའི་ཕྱིར། ཕན་པ་རྗེས་སུ་སྟོན་པའོ། །འདོད་ཆགས་ཀྱིས་འདོད་ཆགས་རྣམ་པར་སྤྱོད་པར་བྱེད་པས་འདོད་ཆགས་དམ་ཚིག། འདོད་ཆགས་སྤྱོད ་པའི་ངོ་བོ་ཉིད་བདག་ལ་དགེས་བར་མཛད་དུ་གསོལ་ཏེ་རོལ་བར་མཛོད་ཅིག་གོ། ཁྱོད་ནི་རྡོ་རྗེའི་གསུང་ཞེས་པ་ནི་དག་གི་དབང་ཕྱུག་བསྙེས་པ་ཉིད་ཀྱི་ཕྱིར་རོ། །སེམས་ཅན་གྱི་ཁམས་ཀུན་ལ་ཕན་ཞིང་རྗེས་བརྩེ་བ་ཞེས་པ་ནི། ཕུལ་དུ་བྱུང་བའི་ཐུགས་རྗེའི་བདག་ཉིད་དོ ་དེ་ཉིད་ཀྱི་ཕྱིར་ཚངས་པའི་གནས་བཞིས་སེམས་ཅན་རྣམས་ཀྱི་དོན་མཛད་པའི་མཆེད་དུ་རྟག་ཏུ་སྟེ་།དུས་ཐམས་ཅད་དུ་ཡང་དག་པར་རབ་ཏུ་འཇུག་པའོ། །བདག་ལ་དགེས་པར་མཛོད་ཅིག་ནི་ཤིན་ཏུ་དགའ་བའི་སྤྱོད་པས་བརྟེན་པའོ། །ཀུན་ནས་ནི་སེམས་ཅན ་གྱི་ཁམས་ཀྱིས་སོ། །བཟང་པོ་ནི་དགེ་བ་ཐོབ་པར་བྱེད་དོ་ཞེས་པ་ཀུན་ཏུ་བཟང་པོའོ། །གཞན་ནི་རྣམ་པར་ཕྱེ་ཟིན་ཏོ། །ཁྱོད་ནི་རྡོ་རྗེའི་འདོད་པ་ཞེས་བྱ་བ་ནི་དོན་ཡོད་གྲུབ་པའི་སྒོ་ནས་བོད་པ་སྟེ། རྡོ་རྗེ་དང་པདྨ་མཉམ་པར་སྦྱར་བ་ལས་ཕྱུང་བའི་དཀྱིལ་འཁོར ་པའི་ལྷ་རྣམས་ཀྱིས་ཞེ་སྡང་ལ་སོགས་པ་སྤྱོད་པའི་སེམས་ཅན་གྱི་ཁམས་རྣམ་པར་སྤྱོད་པར་བྱེད་པའི་ཕྱིར་རྡོ་རྗེའི་འདོད་པའོ། །ལས་ཀྱི་རིགས་ཀྱི་བདག་པོ་ཉིད་ཡིན་པའི་ཕྱིར། དམ་ཚིག་མཆོག་གོ། འདོད་ཆགས་སྤྱོད་པའི་སེམས་ཅན་རྣམས་ཀྱི ་འདོད་ཆགས་རྣམ་པར་དག་པའི་ཐབས་ཀྱིས་ཐར་པ་རབ་ཏུ་རྩོལ་བའི་ཕྱིར་ཕན་དོན་ཆེའོ། །ཤཱཀྱའི་རིགས་ལས་བྱུང་བ་རྣམས་ཀྱི་མཆོག་ཏུ་གྱུར་པ་ཉིད་ཀྱི་ཕྱིར། ཡང་དག་རྫོགས་སངས་རྒྱས་ཀྱི་གདུང་མཆོག་ཡང་ན། ་བྱ་བ་ནནྟན་གྱི་ཡེ་ཤེས་ཀྱི་རང་བཞིན་གྱིས་འགྲོ་བ་མ་ལུས་པའི་དོན་མཛད་པའི་ཕྱིར། ཡང་དག་རྫོགས་སངས་རྒྱས་ཀྱི་གདུང་མཆོག་གི། རང་དང་གཞན་གྱི་རྣམ་པར་དབྱེ་བ་ཉེ་བར་དམིགས་པ་དང་བྲལ་བའི་དེ་ཁོ་ན་ཉིད་ཡིན་ཡང། སེམས་ཅན ་རྣམས་ལ་རྗེས་སུ་བརྩེ་བ་ཉིད་ཀྱི་ཕྱིར། མཉམ་ཉིད་རྗེས་སུ་བརྩེ་བའོ། །དེ་ལྟ་བུའི་ཡོན་ཏན་ཁྱད་པར་དུ་འཕགས་པས་ཡོན་ཏན་རིན་ཆེན་མང་པོའི་གཏེར་གྱུར་བདག་ལ་དགོས་པར་མཛོད་སྟེ་བརྟེན་པར་མཛོད་ཅིག་གོ། གང་གི་ཕྱིར་འདོད་ཆགས་དང ་འདོད་ཆགས་དང་བྲལ་བ་དང་འདོད་ཆགས་བར་མ་དང་འོད་གསལ་བའི་ཡེ་ཤེས་སྐྱེད་པར་བྱེད་པའོ་ཞེས་བདག་ཉིད་བསྔགས་པར་བྱེད་པའོ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིS་བཞེད་ན་ཞེས་པ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི ་མུག་རྣམ་པར་དག་པའི་ཐབས་ཀྱིས་རྡོ་རྗེ་སེམས་དཔའ་ཨི་ཚེ་དང་ལང་ཚོ་སྩོལ་བས་གསོན་པར་མཛོད་ཅིག་ཅེས་མངོན་པར་དགོངས་སོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི། དེ་ལྟར་ཚངས་པའི་གནས་བཞིའི་རང་བཞིན་གྱི་ལྷ་མོ་རྣམས་ཀྱིས་ཡང་དག ་པའི་ཡོན་ཏན་བརྗོད་པས་ཡང་དག་པར་སྐུལ་བར་བྱེད་བཞིན་པ། སྔོན་གྱི་སྨོན་ལམ་གྱི་རྒྱུན་གྱི་ཤུགས་ལས་གཉིད་རབ་ཏུ་སད་པ་བཞིན་དུ་སྟོང་པ་ཉིད་ཀྱི་རྣལ་འབྱོར་ལས་རྣམ་པར་བསླད་པར་གྱུར་པས་བཞེངས་པའོ། །མགོན་པོ་ནི་མངའ་བདག ་གོ་འདིའི་བར་མཆད་པར་མི་བསྐྱོད་ལ་སོགས་ངོ་བོ་ཡིས། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་འཆད་བཞིན་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་བསྟོད་པར་མཛད་དོ། །མི་བསྐྱོད་ཅེས་བྱ་བ་ལ་སོགས་པ་ནི་ཉོན་མོངས ་པའི་ཚོགས་ཐམས་ཅད་ཀྱིས་མི་གཡོ་བས་མི་བསྐྱོད་པའོ། རྡོ་རྗེ་ནི་ཐུགས་གང་ཡིན་པ་དེ་བོན་པར་བྱེད་པ་མི་བསྐྱོད་རྡོ་རྗེའོ། །དེ་བཞིན་དུ་ཡེ་ཤེས་ཆེ་ཞེས་བྱ་བ་ལ་སོགས་པ་ཡང་བལྟ་བར་བྱའོ། །སྟོང་པ་བཞིའི་བདག་ཉིད་ཆ?་ཉིད་ཀྱི་ཕྱིར། ཡེ་ཤེས་ཆེའོ། །རྡོ་རྗེ་མི་བསྐྱོད་པ ་ལ་སོགས་པ་རྣམས་སོ། །དེ་རྣམས་ལ་འཛིན་པར་བྱེད་དོ་ཞེས་པས་རྡོ་རྗེ་དབྱིངས་སོ། །བདེན་པ་གཉིས་ཀྱི་རྣམ་པར་དབྱེ་བ་ཡོངས་སུ་ཤེས་པ་ཉིད་ཀྱི་ཕྱིར། །མཁས་པ་ཆེའོ། །སྐུའི་དཀྱིལ་འཁོར་དང། ཕྱུང་བའི་དཀྱིལ་འཁོར་དང། དོན་དམ་པའི་དཀྱིལ་འཁོར་ཀྱི ་རང་བཞིན་རྣམས་ནི་དཀྱིལ་འཁོར་གསུམ་མོ། །སྐུ་ལ་སོགས་པའི་རྡོ་རྗེ་རྣམས་ཀྱི་ནང་ན་གཙོ་བོ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་གསུམ་མཆོག་གོ་།གསང་བའི་དབྱངས་ནི་དམ་ཚིག་གི་དེ་ཁོ་ན་ཉིད་བདག་ལ་རབ་ཏུ་སྟོན་ཅིག་ཅེས་མི་བསྐྱོད་པའི་སྒོ ་ནས་བསྟོད་པར་གྱུར་པའོ། །རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་ལ་འོད་གསལ་བའི་མེས་འབར་བར་གྱུར་པའི་ཕྱིར། རྣམ་པར་སྣང་མཛད་དོ། །དེ་ཉིད་ཀྱི་ཕྱིར་དག་ལ་ཆེའོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ཀྱི་རྣམ ་པར་དག་པའི་ངོ་བོས་དྲུག་པ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་ཞི་བའོ། །མཆོག་ཏུ་དགའ་བའི་བདག་ཉིད་ཅན་ཡིན་པའི་ཕྱིར་དགའ་བ་ཆེའོ། །རང་བཞིན་འོད་གསལ་བ་རྣམས་ནི་ཆོས་རྣམས་སྟོན་ཅིང་འཆད་པར་མཛད་པའོ། །རྡོ་རྗེ་ཞེས ་བྱ་བ་ནི་བོད་པར་བྱེད་པའོ། །རིན་ཆེན་རྒྱལ་པོ་ཞེས་བྱ་བ་ལ་སོགས་ནི་དོན་ཡོད་པའི་ཡེ་ཤེས་རབ་སྩོལ་པ་ཉིད་ཀྱི་ཕྱིར་དོན་ཡོད་རྡོ་རྗེའོ། །དོན་ཡོད་པའི་རིགས་རྣམས་སོ། །དེ་རྣམས་གྱིས་རྫོགས་པའི་སངས་རྒྱས་མདུན་དུ་བྱས་སོ་ཤེས ་པ་དོན་ཡོད་རྡོ་རྗེ་རྫོགས་པའི་སངས་རྒྱས་སོ། །སྒྲུབ་པ་པོའི་འགྲོ་བ་རྣམས་ཀྱི་ཞི་བ་ལ་སོགས་པའི་ལས་རྣམས་ཀྱིས་མངོན་པར་འདོད་པ་རྫོགས་པར་བྱེད་པའི་ཕྱིར་བསམ་པ་ཐམས་ཅད་རྫོགས་མཛད་པའོ། །དག་པའི་ངོ་བོ ་ཉིད་ནི་འོད་གསལ་བའོ། །དེ་ལས་རབ་ཏུ་བྱུང་བའི་ངོ་བོ་ཉིད་ཀྱི་ཕྱིར་དག་པ་ངོ་བོ་ཉིད་ལས་བྱུང་བའོ། །དེ་ལྟ་བུར་གྱུར་པའི་རྡོ་རྗེ་སེམས་དཔའ་ཁྱོད་ལ་ཕྱག་འཚལ་ལོ། ཞེས་བསྟོད་པ་ཉེ་བར་བསྡུས་པའོ། །བསྟོད་ནས། དེ་ནས་སངས་རྒྱས་རྣམས་ཀྱིས ་ཞེས་བྱ་བ་ལ་སོགས་པ་རྣམས་ནི་།སངས་རྒྱས་རྣམས་ཀྱིས་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱིས་བྱེད་པར་གྱུར་པ་རྣམ་ཀྱིས་བདག་ཉིད་བསྟོད་ནས། བདེ་བ་ཆེན་པོའི་རང་བཞིན་གྱིས་ལྷ་མོའི་འཁོར་ལོ་རྗེས་སུ་མཉེས་ནས་གསང་བ་ནི ་བསྲུང་བར་བྱ་བ་དང། བཟའ་བར་བྱ་བ་ལ་སོགས་པ་རྣམས་བཤད་ནས། ཞི་བ་ལ་སོགས་པའི་ལས་ཀྱི་དབྱེ་བས་གསུངས་ཏེ། སྔགས་ཀྱི་བཟླས་པ་རྣམ་པ་གཉིས་བྱ་སྟེ་རང་གི་སྐུའི་འཁོར་ལོ་ལ་ཕྱི་རོལ་གྱི་འཁོར་ལོ་གཟུགས་ཕུང་རྟོགས་པ་ཞེས ་བྱ་བ་ལ་སོགས་པའི་རིགས་པས་རྗེས་སུ་བཅུག་ནས་བདེ་བ་ཆེན་པོའི་གཟུགས་ཀྱིས་ཐམས་ཅད་དུ་མངོན་པར་ཞེན་པ་མེད་པས་བཞུགས་སོ་ཤེས་པའོ། །ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བ་ཏིང་ངེ་འཛིན་གསུམ་པའོ། །ད་ནི་བསྡུ་བའི་དོན ་ལ་སློབ་པར་བྱེད་པ། དེ་ལྟར་རྣལ་འབྱོར་བཞི་བྱེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་དེ་བརྗོད་པའི་རིམ་པས་རྣལ་འབྱོར་བཞི་རྫོགས་པའི་རྣལ་འབྱོར་བ་ཏིང་ངེ་འཛིན་ནི་གསུམ་དང་ལྡན་པ་ངེས་པས་བྱའོ། །སྣ་ཚོགས་ཞེས་པ་ནི ་དངོས་པོའོ། །ཧཱུཾ་ཡིག་སྙིང་པོར་ཞེས་པ་ནི་ཏིང་ངེ་འཛིན་སེམས་དཔའ་ཨི་འོད་ཟེར་གྱིས་སེམས་ཅན་རྣམས་ཐམས་ཅད་བཀུག་ནས་འདི་ཉིད་དུ་རབ་ཏུ་ཅུག་སྟེ་།སླར་ཡང་དེ་ལས་རྡོ་རྗེ་སེམས་དཔའ་ཨི་།གཟུགས་ཀྱི་ཀུན་ཏུ་སྤྲོས་ནས། དེའི་གཟུགས ་?་ཉིད་ཀྱིས་དེ་བློ་ཞེས་པ་དེའི་ཡིད་ལ་བསྡུ་བར་བྱའོ་།འཕགས་པས་གསུངས་པ་ཡང། འདི་ནི་ས་གསུམ་མ་ཡིན་གཞལ་ཡས་ཁང་སྲོག་ཆགས་མ་ཡིན་འདི་རྒྱལ་རྣམས། །མི་མིན་འདིར་ནི་འཁོར་ལོའི་དབང་ཕྱུག་ཡུལ་མིན ་དབང་པ་མ་ཡིན་ས་སོགས་མིན། །གཟུགས་ལ་སོགས་པ་ཡང་མིན་ཆོས་ཉིད་བདག་ཉིད་ཕྱིར་ན་དེ་རྣམས་དཀྱིལ་འཁོར་པ། །སྣ་ཚོགས་འདི་རྣམས་དཀྱིལ་འཁོར་འོར?་ཤེས་པར་གྱིས་དང་སེམས་ཁྱོད་ཅི་ལ་འཁྲུལ་ཞེས་སོ། །དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པར་བྱེད་པའི ་སྔགས་པ་གང་གི་ཚེ་ལུས་སྐམས་པར་གྱུར་པ་དེའི་ཚེ་བསམ་གཏན་གཞན་གྱིས་ལུས་ཚིམ་པར་བྱེད་པ་བསྟན་པའི་ཕྱིར་མཐོ་གང་ཙམ་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྱི་བོའི་སྟེང་དུ་ནམ་མཁའ་ལ་ཝཾ་ཡིག་ཡོངས་སུ་གྱུར་པ་ལས་སྐྱེས་པའི་ཟླ་བའི་དཀྱིལ ་འཁོར་བརྟག་པ་སྟེ། སྒོམ་པར་བྱེད་པ་དེ་སྲིད་དུ་བྱའོ། །དེ་ནས་ཨོཾ་ཡིག་རབ་ཏུ་འཇུག་པའི་བདག་ཉིད་ཅན་ཟླ་བའི་དཀྱིལ་འཁོར་ཀྱི་དབུས་སུ་སོན་པར་བསམས་ནས་བདུད་རྩི་ལྔ་ནི་ངེས་པར་འབབ་པར་བྱ་སྟེ། འདི་རྣམས་ཀྱིས་འཆི་བ་མེད་པར་བྱེད་དོ་ཞེས་པས་བདུད་རྩི ་ལྔ་རྣམས་ཏེ། དེ་བཞིན་གཤེགས་པ་ལྔ་པོ་དེ་རྣམས་འོད་ཟེར་ལྔའི་རང་བཞིན་གྱི་སྤྱི་བོ་ནས་རྐང་པའི་མཐིལ་གྱི་བར་དུ་མངོན་པར་དབང་བསྐུར་བར་བྱའོ། །བརྗོད་པའི་མཚན་ཉིད་རྡོ་རྗེའི་སྦྱོར་བ་ཏེ་དེ་བཞིན་གཤེགས་པ་དམིགས་པར་བྱེད་པ་འདི་ཡིས་ནི ་གཟི་བརྗིད་དང་ལྡན་པའི་ལུས་ཡང་དག་པར་སྐྱེའོ། །སྐད་ཅིག་ལས་ཏེ་རིང་པོར་མི་ཐོགས་པར་ལུས་ལ་སོགས་པ་བདེ་བར་གནས་པ་ཉིད་ཀྱང་ཐོབ་པ་སྟེ་རྙེད་དེ་ཞེས་པ་ཕན་ཡོན་ནོ། །ཡང་ན་ནང་གི་བདག་ཉིད་ཅན་ཉིད་ཀྱིས་ཚིམ་པར་བྱེད་པའི་ཆོ་ག་གསུངས ་པ། ལྕེ་ནི་རྐན་ལ་སོན་བྱས་ནས་རྡོ་རྗེ་ཕྲ་མོ་བདེ་རེག་ལས། །སེམས་ནི་མཉམ་པར་འཇོག་པར་འགྱུར་ཞེས་སོ། །དེ་ལྟར་གོམས་ལས་རྣལ་འབྱོར་པ་ཞེས་བྱ་བ་ལ་སོགས་པ་ནི་མདོར་བསྟན་པའི་ཚིག་གོ་།ཧཱུཾ་ཡིག་གིས་ནི་ཞེས་བྱ་བ་ལ་སོགས་པས་འདི་ཉིད ་ཀྱི་རྒྱས་པར་བསྟན་པའི་ཚིག་གོ། ཧཱུཾ་ཡིག་གིས་ཞེས་བྱ་བ་ལ་སོགས་པ་འདིའི་དོན་ནི་དང་པོར་ཧཱུཾ་གཉིས་དང་ཡི་གེ་ས་བོན་ལས་བྱུང་པའི་རླུང་གི་དཀྱིལ་འཁོར་ལྗང་སྔོ་གཞུའི་དབྱིབས་ཅན་རྡོ་རྗེ་གཉིས་ཀྱི་མཚན་པ། འབར་བར་བྱེད་པ་རྣམ་པར་བསྒོམ ་པར་བྱའོ། །དེའི་སྟེང་དུ་ཧཱུཾ་གཉིས་དང་རཾ་ལས་བྱུང་བའི་གདུང་པར་བྱེད་པ་མེའི་དཀྱིལ་འཁོར་ཁ་དོག་དམར་པོ་ཟུར་གསུམ་པ་རྡོ་རྗེ་གཉིས་ཚན་པའོ། །དེའི་སྟེང་དུ་ཨ་ཡིག་ཡོངས་སུ་གྱུར་པ་ལས་པདྨའི་སྣོད་ཕྱི་དཀར་པོ་ནང་དམར་པོ་ཨ ་ཡིག་གིས་བྱིན་གྱིས་བརླབས་པ་ཡང་བལྟས་ནས། དེའི་དབུས་སུ་བཟའ་བར་བྱང་ཟན་ལ་སོགས་པ་ལ་བུཾ་ཨཾ་ཛྲཱིཾ་ཁཾ་ཧཱུཾ་ཞེས་པའི་ས་བོན་ཡོངས་སུ་གྱུར་པས་གོ་ཀུ?་ལ་སོགས་པ་སྒྲོན་མ་ལྔ་དང་བདུད་རྩི་ལྔ་ཡེ་ཤེས་ལྔའི་བདག་ཅན་ཨོཾ་ཡིག་གིས་མཚན་པའོ། དེ ་པར་སྣང་དུ་ཧཱུཾ་ཡིག་གི་ལས་སྐྱེས་པའི་རྡོ་རྗེ་དཀར་པོས་དཀྲུག་པར་བྱའོ། །ས་པ། ཧཱུཾ་ཡིག་གི་སྦྱོད་བར་བྱེད་པ་སྟེ་རྡོ་རྗེ་དང་པདྨའི་སྣོད་མཉམ་པར་སྦྱོར་བ་ལས་རྡོ་རྗེ་ཉིད་དུ་རོ་མཉམ་པར་གྱུར་ཏེ་ཞེས་པའི། ཨ(རྒྱུད་འགྲེལ་ཀྱི་ཉི་མ་དང་མཚུངས་པར་འབར་བའི་ཨཾ་ཡིག་གིས་རབ་ཏུ་འབར་བར་བྱེད་པ་སྟེ། འདིས་དམ་ཚིག་གི་བདུད་རྩི་རྫོགས་པར་བྱེད་པའོ། །དེར་གནས་པའི་ཡི་གེ་གསུམ་ལས་སྤྲོས་པའི་འོད་ཟེར་ངེས་པར་བབ་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན ་གནས་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས། དམ་ཚིག་གི་བདུད་རྩི་ལ་རབ་ཏུ་བཅུག་ཏེ་ཡིག་གེ་གསུམ་གྱི་ལན་བདུན་དུ་བྱིན་གྱིས་བརླབ་པར་བྱའོ། །ཞེས་པ་ཁ་ཟས་སྦྱང་བའོ། །མགྲིན་པར་དུ་ཞེས་བྱ་བ་ལ་སོགས་པ་ནས། ་ལྐོག་མ་སྦྱང་བའོ་ཞེས་པའི་མཐར་ཐུག་པའི་མི་བསྐྱོད་པའི་རྣལ་འབྱོར་པ་ལ་བལྟོས་པ་སྟེ་རྩ་བ་ཉིད་ལས་གསལ་ལོ། །སྤྲིན་གྱི་སྒྲ་ཞེས་བྱ་བ་ལ་སོགས་པ་ལ་སྤྲིན་གྱི་སྒྲ་སྟེ་ཧཱུཾ་ཡི་གེ་སྙིང་གར་བསམས་ནས། རྩེ་གསུམ་མེ་ནི་དེ་ལས་སྤྲོ། །དེར་ནི ་བཟའ་བ་བསྲེག་པ་དག་།འདི་ནི་ནང་གི་སྦྱིན་སྲེག་ཡིན། དེ་ལས་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པས་མགྲིན་པར་དུང་དང་པདྨའི་སྟེང་དུ་རང་རང་གི་ས་བོན་ཡོངས་སུ་གྱུར་པའི་འཁོར་ལོ་ལ་སོགས་པའི་མཚན་མ་ཨོཾ་ཡི་གེ་ལ་སོགས ་པས་བྱིན་གྱིས་བརླབས་པ་བསྐྱེད་ནས་ཞི་བ་ཅན་ལ་སོགས་པའི་ལས་ཀྱི་དབྱེ་བས་རང་རང་གི་ཏིང་ངེ་འཛིན་སེམས་དཔའ་ཨི་རྩེ་གསུམ་གྱི་མེ་ལ་བཟའ་བ་སྦྱིན་སྲེག་གྱིས་ཤིག་པ་ནི་མན་ངག་གོ། རླུང་ཞེས་བྱ་བ་ལ་སོགས་པ་ནས་འཚེ་བ་ཐམས་ཅད་འདི་? ་བྱེད་པ་ཞེས་པའི་མཐར་ཐུག་པ་ནི་གོ་སླའོ། །འདི་ཉིད་ཀྱི་ནང་དུ་ཁ་སྦྱར་བྱེད་པའི་སྦྱོར་བ་ལས་ཤེས་པའི་རྐང་པ་ཡོད་དེ། འདིའི་བཤད་པ་ནི་སྟེང་འོག་གི་རླུང་གི་འཁྲུལ་འཁོར་ལས་སོ། །དཔལ་རྡོ་རྗེ་ཕྲེང་བ་ཞེས་བྱ་བ་ལ་སོགས་པ་ཡང་ཆེས་གསལ་བར་བཤད ་དོ་ཞེས་མདོར་བྱ་ཀྱི་རིམ་པའི་དོན་མདོར་བཤད་པ་རྣལ་འབྱོར་ཡིད་ཕྲོག་རྫོགས་སོ། །མདོར་བྱས་ཀྱི་རིམ་པར་ལུས་རྣམ་པར་དབྱེན་པ་སོ་སོར་བསྟན་ནས་དེ་ནི་རྡོ་རྗེ་བཟླས་པའི་རྣམ་པར་བཤད་པ་ཉེ་བར་བསྟན་པར་འདོད་ནས་སེམས་ཅན་ཀུན་བདག་ཉིད་ཅེས་བྱ་བ་ལ ་སོགས་པ་གསུངས་ཏེ། མགོན་པོ་ནི་སྐྱོབ་པར་གྱུར་པའོ། །ཅིར་གྱུར་ཅེས་སེམས་ཅན་ཀུན་བདག་ཉིད་སྟེ། ཀུན་ཡང་དེས་ཡིན་ལ་སེམས་ཅན་རྣམས་ཀྱང་ངོ་ཞེས་པས་སེམས་ཅན་ཀུན་ནོ། །ས་མ་ལུས་པར་ངེས་པར་གནས་པའི་སྲོག་ཆགས་ངེས་པར ་སྐྱེས་པ་དེ་རྣམས་ཀྱི་བདག་ཉིད་རླུང་དང་རྣམ་པར་ཤེས་པ་ཡང་དག་པར་ལྡན་པའི་ཐུགས་རྡོ་རྗེའོ། །དེ་ནི་དཔལ་ལྡན་བདེ་ཆེན་ཏེ་དཔལ་དང་ལྡན་པ་དང་བདེ་བ་ཆེན་པོ་གཉིས་ཀ་འདིའོ། །བདུད་ནས་ནི་ཕྱག་བྱས་སོ་རྡོ་རྗེ་བཟླས་པའི་རིམ་བཤད་བྱ་ནི ་བརྗོད་པར་བྱའོ། །གང་ལས་ན་རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲངས་ནས་ཏེ། རྣལ་འབྱོར་རྒྱུད་ནི་དཔལ་འདུས་པ་ལ་སོགས་པའི་རྒྱུད་དོ། །དེའི་རྗེས་སུ་འབྲངས་ནས་ནི་དེའི་དོན་ལྷག་པར་རྟོགས་པ་ལས་སོ། །རྡོ་རྗེ་བཟླས་པ་ལ་འཇུག་པར་བྱེད་པའི་རིམ་པ་རབ་ཏུ་བསྟན ་བར་འདོད་ནས་བསྐྱེད་པའི་རིམ་ལ་ལོགས་གནས་རྣམས་ཞེས་བྱ་བ་ལ་སོགས་གསུངས་ཏེ་བསྐྱེད་པའི་རིམ་ལ་ལེགས་གནས་རྣམས་ནི་མདོར་བྱས་ཀྱི་རིམ་པ་སྒོམ་པར་བྱེད་པ་རྣམས་ཀྱིའོ། །རྫོགས་པའི་རིམ་པ་ནི་ཟུང་འཇུག་གི་གཟུགས་འདོད་པ་རྣམས ་ཀྱིའོ། །ཀུན་ནས་ཐོབ་པར་འདོད་པའི་དང་ཚུལ་འདི་རྣམས་ནི། རྫོགས་པའི་རིམ་པ་འདོད་པའི་རྣལ་འབྱོར་པ་རྣམས་ཀྱིའོ། །འདི་སྟེ་རྡོ་རྗེ་བཟླས་པ། ཐབས་སྟེ་རྒྱུར་གྱུར་པ་དེ་ཡང་འཆད་བཞིན་པའོ། །རྫོགས་པའི་སངས་རྒྱས་ཀྱིས་ནི་ཡང་དག ་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསུངས་ནི་རབ་ཏུ་སྟོན་པའོ་ཅི་ལྟ་བུར་ན་སྐས་ཀྱི་རིམ་པ་བལྟ་བུར?་སྲོག་གྱུར་པ་འང་ཞེས་བྱང་?་ལ་སོགས་པ་ནི། རླུང་བཤད་དོ། །རླུང་ཞེས་བྱ་བ་ནི་རབ་ཏུ་བསྟན་པ་གང་ཡིན་པ་དེ་རླུང་ཞེས་བྱ་བའོ། །སེམས་ཅན་རྣམས་ཀྱི་ནི ་འཇིག་རྟེན་རྣམས་ཀྱིའོ། །སྲོག་གྱུར་པ་ནི་འཚོ་བར་གྱུར་པའོ། །ལས་ཀུན་རྣམས་ནི་བསྐུམ་པ་དང་བརྐྱང་པ་ལ་སོགས་པ་ངེས་པར་བྱེད་དོ་ཞེས་པ་ལས་ཀུན་བྱེད་དོ། །རྣམ་ཤེས་བཞོན་པ་ནི་རྣམ་པར་ཤེས་པའི་བཞོན་པར་གྱུར་པ་སྟེ། རྟ་ལ་ཞོན་པ ་?་བཞིན་ནོ། །དེ་ལྟ་མོས?་ཀྱི་རླུང་དང་རྣམ་པར་ཤེས་པ་དག་ཅི་ལྟར་སྣང་བ་དང་བཅས་པ་མ་ཡིན་ནམ་ཞེས་ན་རླུང་གི་ཁམས་ནི་གཟུགས་མེད་པ་ཅན་རྣམ་པར་ཤེས་པ་ཡང་གཟུགས་མེད་པ་ཅན་ཏེ། འདི་དག་གི་རེ་རེ་ནས་རང་ལས་རང ་དངོས་པོ་མེད་ཅན་ཡུལ་དུ་གྲུབ་པར་ཉེ་བར་བསྟན་པར་བྱ་བ་མ་ཡིན་ནོ་ཞེས་དྲི་བའོ་འདི་ལ་ལན་རླུང་དང་རྣམ་པར་ཤེས་པ་གཅིག་ཏུ་གྱུར་པས་སླར་ཡང་ཡུལ་རྣམས་སུ་དམིགས་པའི་ཕྱིར་རོ་ཞེས་བྱས་ནས་སྣང་བ་དང་བཅས་པའོ། །དེ་བཞིན ་དུ་ཡང་དགོངས་པ་བླ་ན་མེད་པར་གསུངས་པ་།གང་ཚེ་སྣང་བས་ལྡན་གྱུར་པ། །རླུང་གི་བཞོན་པ་ཉིད་གྱུར་པ་ཞེས་བྱ་བ་ལ་སོགས་པ་རྒྱས་པར?་རོ། །དེ་ཉིད་རླུང་ཞེས་བྱ་བ་ལྔའི་བདག་ཉིད་དེ་རྣམས་པ་ལྔར་འགྱུར་རོ། །ཅི་ལྟར་ན་སྙིང་གར་སྲོག་གོ ་བཤད་སྐོར་?་ལོ། །མཉམ་ནས་ལྟེ་བར་ཡང་དག་པར་གནས་སོ། །རྒྱེན་རྒྱུ་མགྲིན་པའི་ཕྱོགས་སུའོ། །ཁྱབ་བྱེད་ལུས་ཐམས་ཅད་དུ་གནས་པའི་རིགས་པ་ལས་སོ། །དེ་ཉིད་སླར་ཡང་ལྔའི་བདག་ཉིད་རྣམ་པ་བཅུར་འགྱུར་ཏེ ་མིག་ལ་སོགས་ལ་གནས་པ་ཀླུ་དང་དུས་སྦལ་དང་?་པ་དང་ལྷ་བྱིན་དང་ནོར་ལས་རྒྱལ་བ་རྣམས་ཀྱི་ལྷན་ཅིག་པའོ། །རླུང་གི་དེ་ཉིད་རིམ་གྱིས་ནི་ཞེས་བྱ་བ་ལ་སོགས་པ་ནས་འོད་གསལ་བས་ནི་རྣམ་པར་སྦྱངས་ཞེས་བྱ་བའི་མཐར་ཐུག་? ་བརྩམས་ཏེ། རིམ་པ་བཞིའི་ཆེ་ཤེས་ཀྱི་དོན་རྣམ་པར་དབྱེ་བར་བྱའོ། །རླུང་གི་དེ་ཉིད་རིམ་གྱིས་ནི་ཞེས་པ་དང་བྲལ་བར་སྔགས་ཀྱི་དེ་ཉིད་ལ་ཡང་དག་པར་འཇུག་པ་སྟེ་རབ་ཏུ་འཇུག་པར་མི་འགྱུར་རོ། །སྔགས་ནི་ཡི་གེ་གསུམ་པོ་རྣམས་སོ། །དེ་རྣམས་ཀྱིས ་འཇུག་པ་དང་གནས་པ་དང་ལྡང་པའི་རང་བཞིན་ཡོངས་སུ་ཤེས་པས་སྔགས་དེས་པར་སེམས་པར་བྱེད་དོ་དེ་རྣམས་རྟོགས་ནས་ནི་ཡོངས་སུ་ཐོབ་ནས་རྡོ་རྗེ་བཟླས་པ་ལ་ལེགས་པར་སློབ་པར་འགྱུར་རོ། །རྡོ་རྗེ་བཟླས་གནས་ཞེས་པ་དོན་ཅི་ཡིན་པ་མངོན་སུམ་དུ ་བྱས་པ་རྡོ་རྗེ་བཟླས་པའི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པ་སྔགས་པ། སེམས་ལ་དམིགས་པ་ཐོབ་པར་འགྱུར་ཏེ་སོ་སོར་རྙེད་པའོ། །རྟེན་དང་བརྟེན་པའི་ངོ་བོས་དག་དང་སེམས་དག་གི་གཅིག་ཏུ་ཀུན་ཏུ་གནས་པའི་ཕྱིར་སེམས ་ལ་དམིགས་པ་རིམ་པ་གཉིས་པ་ཉིད་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ཅི་ལྟར་ཞེ་ན། ཅི་ལྟར་འདིས་ཁ་ཅིག་འདི་སྐད་སྨྲ་སྟེ་རྡོ་རྗེ་བཟླས་པ་ནི་ངག་རྣམ་པར་དབྱེན་པ་ཁོ་ན་སྟེ་གཞན་ནོ། །དགོངས་པ་བླ་ན་མེད་པས ་སེམས་རྣམ་པར་དབེན་པའོ་ཞེས་སོ། །དེ་ནི་འཐད་པ་མ་ཡིན་ཏེ། ཅིའི་ཕྱིར་ན། སེམས་ལ་དམིགས་པ་ཙམ་ཞིག་ནི། །རིམ་པ་གཉིས་པར་བརྗོད་པར་བྱ་ཞེས་སློབ་དཔོན་ཟླ་བ་གྲགས་པའི་ཞབས་ཀྱི་ངེས་པར་གསུངས་པའི་ཕྱིར་དང། འདི་ཉིད་དུ་བདག་བྱིན ་གྱིས་བརླབ་པའི་རིམ་པས་ཀྱང་ལུས་དང་དག་སེམས་རྣམ་པར་དཔེན་པ་ཐོབ་པ་ཞེས་གསུངས་སོ། །དེའི་ཕྱིར་རིམ་པ་གཉིས་པ་ཉིད་ཀྱིས་དག་དང་སེམས་ལ་དམིགས་པ་རང་བཞིན་མེད་པ་ཉིད་ཀྱི་ཡེ་ཤེས་གཉིས་ནི་བརྫུན་པའོ་ཞེས་སོ། །སྒྱུ་མ་ལྟ་བུའི ་ཏིང་ངེ་འཛིན་གནས་ཞེས་པ་ནི་ལྔ་པ་བྱས་པའི་རབ་ཏུ་དབྱེ་བས་མདོར་བྱས་ཀྱི་རིམ་པར་ལུས་བརྫུན་པ་ཉིད་དང། རྡོ་རྗེ་བཟླས་པ་དག་དང་སེམས་དག་བརྫུན་པ་ཉིད་དོ་ཞེས་སོ་སོ་སོ་སོ་དང་ཤེས་པ་གསུམ་པོ་འདི་རྣམས་ཀྱི་ཡེས ་ཤེས་གསུམ་པོ་རྣམས་ཀྱི་ཡང་དག་པར་སྦྱོར་བ་སྟེ་གཅིག་ཏུ་གྱུར་པ་གང་ཡིན་པ་དེ་གསུམ་ཡང་དག་པར་སྦྱོར་བ་ཞེས་རྡོ་རྗེ་གསུམ་དང་བྲལ་བས་མ་ནོར་བས་གྱུར་པ་ནི་བདག་བྱིན་གྱིས་བརླབ་པའི་མཚན་ཉིད་སྒྱུ་མ་བུའི་ལྷའི་གཟུགས་སྒྲ་ལ་ལྟ ་བུའི་ཏིང་ངེ་འཛིན་ནོ། དེ་ལ་གནས་པ་རྣལ་འབྱོར་པའོ། །ཡང་དག་མཐས་ནི་རྣམ་པར་སྦྱངས་ཞེས་བྱ་བས་ནི། འོད་གསལ་པ་ནི་ཐོབ་པར་འགྱུར་ཞེས་པའི་རིགས་པ་ལའོ། །ལུས་དང་ངག་དང་སེམས་དམིགས་པ་ངེས་པར་རྟོག་པའི་ཚུལ ་ཐོབ་པ་ཀུན་རྫོབ་ཀྱི་བདེན་པའི་རང་བཞིན་ཉེ་བར་མི་དམིགས་པ་དེ་ཐམས་ཅད་ཀྱི་དོན་དམ་པའི་བདེན་པའི་རྟོགས་པ་བླངས་པས་མངོན་པར་རྫོགས་པར་བྱང་ཆུབ་པའི་རིམ་པ་བསྟན་ཏོ། །ཡང་དག་མཛའ་ལས་ལངས་ནས་ནི་ཞེས་པ་ནི ་དེ་ལས་སྤྲུལ་པ་ཉིད་ཀྱིས་ཡང་དག་པར་ལངས་པའོ། །གཉིས་མེད་ཡེ་ཤེས་ནི་གཉིས་དང་བྲལ་པའི་ཡེ་ཤེས་སོ་ཐོབ་པར་འགྱུར་ནི་སོ་སོར་རྙེད་པ་ཉིད་དོ། །དེ་བཞིན་དུ་ཡང་འཕགས་པས་གསུངས་པ། ཇི་ལྟར་དང་བའི་ཆུ་ཀླུང་ལས། །ཉ་དག་མྱུར ་དུ་འཕར་བར་བྱེད། །དེ་བཞིན་འོད་གསལ་དད་བ་ལས། །སྒྱུ་འཕྲུལ་དྲ་བ་བཞེངས་པ་ལས་ཤེས་པའི་རིགས་པ་ལས་སོ། །ཟུང་དུ་འཇུག་པའི་ཏིང་ངེ་འཛིན་གནས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཏིང་ངེ་འཛིན་ལ་གནས་པའི་རྣལ ་འབྱོར་པའོ། །གང་ལ་ཡང་མི་སློབ་དཔོན་ནི་སློབ་པར་བྱེད་བར་མི་འགྱུར་རོ། །རིམ་པ་འདི་ཉིད་ཀྱིས། འདི་ནི་རྫོགས་རིམས་རྣལ་འབྱོར་ཞེས་བྱ་ལ་དེ་ནི་རྡོ་རྗེ་འཛིན་པ་ཆེན་པོར་འགྱུར་རོ། །གཞན་རྣམ་པ་ཀུན་གྱི་མཆོག་ལྡན་པ་ལ་སོགས་པ་ཐམས་ཅད་རྡོ་རྗེ ་འཛིན་པ་ཆེན་པོ་ཉིད་ཀྱི་ཁྱད་པར་རོ་ཞེས་པའོ། །དེ་ཉིད་འདི་དག་རྒྱས་བཏབ་གནས་ཞེས་པ་ལ་སོགས་པ་ལ། །འདི་དག་སྟེ་རྣམ་པར་བཤད་པ་གསུངས་པའི་གང་ཡིན་པ་དེ་ཉིད་དོ། །རྒྱུད་དུ་ལེགས་པར་རྒྱས་བཏབ་པ་ནི་དགོངས་པའི་སྐད་ཀྱིས་སྤྲས་པར་བྱས་པའི? ་དེ་བཤད་པའི་རྒྱུད་རྡོ་རྗེ་ཕྲེང་བ་ལ་སོགས་པའི་རྗེས་སུ་འབྲངས་པས་ཏེ་།དེའི་རྗེས་སུ་འགྲོ་བས་བླ་མའི་ཞལ་ལས་རྟོགས་པར་བྱ་བ་ནི་བླ་མ་ལས་དངོས་སུའོ། །དེ་ལ་ཞེས་པ་ནི་རླུང་རྣམ་པ་ལྔ་པོ་དེ་ལ་ཆོས་དང་པོར་ཞེས་པ་ནི་འོད་གསལ་བ་ལ་སོགས་པ ་རྣམས་ཀྱི་དང་པོར་བདག་བྱིན་གྱིས་བརླབ་པའི་རིམ་པ་བདག་བྱིན་གྱིས་བརླབ་པ་ལ་སོགས་པའི་དང་པོར་རྡོ་རྗེ་བཟླས་པ་འདིའོ། །འདི་དག་གི་ནང་དུ་རྡོ་རྗེ་བཟླས་པ་ཆེས་མཆོག་གོ་།རླུང་གི་དེ་ཁོ་ན་ཉིད་དོ་མདོར་བསྟན་པའི་ཚིག་རྩ་བའི་རྒྱུད་ལ་འཇུག་པར ་བྱ་བ་ནི་བཤད་པར་བྱ་སྟོའོ། །འདི་ཉིད་ཀྱིས་རྒྱས་པར་བཤད་པ་དང་སོ་སོར་རྒྱས་པར་བཤད་པའི་བཤད་པ་ནི་འཆང་བཞིན་པའི་གཞུང་དུ་འགྱུར་རོ། །རྩ་བའི་རྒྱུད་ལས་ནི་དཔལ་འདུས་པའི་རྒྱུད་ལས་སོ། །སྣ་རྩེར་ཡུངས་དཀར་བསམ་པར་བྱ་ཞེས་བྱ་བ་ལ་སོགས་པ་ནི ་སྣའི་རྩེ་མོ་ནི་སྟེང་གི་སྣའི་བུ་ཀར་རོ། །ཡུངས་ཀར་ནི་རླུང་ཕྲ་མོའི། དེ་བསམ་པར་བྱ་བ་ནི་ཚོན་པར་བྱའོ། །ཅི་ལྟར་ཡུངས་ཀར་གྱིས་སྒྲས་རླུང་གི་ཁམས་མངོན་པར་བརྗོད་པར་བྱ་ཞེ་ན། འདིར་གསུངས་པ། རྒྱུ་བར་བྱེད་དོ་འགྲོ་བར་བྱེད་ཞེས?་བྱས་ནས་ཨུ་ཎ་ལ ་སོགས་པར་སརྟི་ལས་ཨ་ག་ཥའི་མཛའ་ཡང་ངོ། །དེས་ཡུངས་ཀར་ཏེ་རླུང་ཕྲ་མོ་ཉིད་དེའི་ཆོས་ཅན་ཡིན་པའི་ཕྱིར་རོ། །འགྲོ་བ་དང་མི་འགྲོ་ཡུངས་ཀར་ལ་ནི་ཡུངས་?་ལ་སྟེ་ཕྲ་མོའི་ཁམས་ལའོ། །འགྲོ་བ་དང་བཅས་པའི་མི་འགྲོ་བ་ནི་རྟེན་དང་བརྟེན ་པར་གྱུར་པའི་ཡི་གེ་གསུམ་རླུང་དང་ལྷན་ཅིག་པས་འཇུག་པར་བསམས?་དང་?་རྣམས་གཅིག་ཏུ་བསྒོམ་པར་བྱའོ། །ཡེ་ཤེས་གནས་ནི་ཡེ་ཤེས་གསུམ་པོ་དེའི་གནས་ཏེ་རབ་ཏུ་གནས་པ་སྟེ་རྟེན་ཞེས་པའི་རྣམ་གྲངས་སོ། །ཉམས་དགའ་བ་ནི་ཉམས་དགའ་བར ་བྱ་བ་སྟེ། ཅིའི་ཕྱིར་ན་རླུང་ལ་སོགས་པའི་དཀྱིལ་འཁོར་དང་ལྷན་ཅིག་པའི་ལྡང་གུ་ལ་སོགས་པའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །གསང་ཆེན་ནི་ཤིན་ཏུ་དགའ་བ་སྟེ་རྡོ་རྗེ་བཟླས་པའི་རྣལ་འབྱོར་པ་ཉིད་རྣམས་ཀྱིའོ། །ཡེ་ཤེས ་ཀྱིས་བརྟགས་པ་ནི་འཇུག་པ་དང། གནས་པ་དང་འབྱུང་བས་རླུང་ལ་ཡེ་ཤེས་ཀྱིས་ངོ་བོ་ཡི་གེ་གསུམ་དུ་རྣམ་པར་བརྟགས་པའོ། །ཁ་དོག་ལྔ་ཞེས་བྱ་བ་ལ་སོགས་པ་ནི་ཕྲ་མོ་རླུང་གི་ཁམས་དེ་ཉིད་དཀར་པོ་ལ་སོགས་པའི་ཁ་དོག་དང། ་ལྡན་པའོ། །རིན་ཆེན་ཆེན་པོ་ནི་རིན་པོ་ཆེ་ཆེན་པོ་ལྟར་རིན་ཐང་མེད་པའོ། །ཡུངས་ཀར་སྦོམ་པོའི་ཚད་ཙམ་དུ་ནི་ཡུངས་ཀར་ལྟར་ཕྲ་མོའི་རླུང་གི་ཁམས་ཙམ་མོ། །སྣའི་རྩེ་མོར་ནི་སྔར་བཤད་པས་གསལ་ལོ། །ནྟན་གྱིས་ནི་འབད་བ་ཕུལ་དུ་བྱུང་བས་སོ། །བསྒོམ ་པར་བྱ་བ་ནི་རྣལ་འབྱོར་ལ་སྟེ་རླུང་ལ་སོགས་པའི་དཀྱིལ་འཁོར་བཞིའི་རང་བཞིན་ལས་སམ། སྐད་ཅིག་གིས་ཞལ་གསུམ་པ་ཕྱག་དྲུག་པར་དམིགས་པ་ལས་སོ། །རྟག་ཏུ་ནི་དུས་ཐམས་ཅད་དུའོ། །འདི་ནི་དགོངས་པས་བཤད་པའོ། །ཚིག་འདིའི་རྒྱས ་པར་བཤད་པ་ལྷ་མོ་བཞིས་ཡོངས་སུ་ཞུས་པའི་བཤད་པའི་རྒྱུད་དུ་གསུངས་པས། དེ་ནི་ལྷ་མོ་ཞེས་བྱ་བ་ལ་སོགས་པ་སྟེ། ལྷ་མོ་ཞེས་པ་ནི་ལྷ་མོ་རྣམས་ཤེས་བོད་པའོ། །ཡང་དག་རབ་བཤད་བྱའོ་ནི་བསྟན་པར་བྱའོ་སྟེ་བཅོམ་ལྡན་འདས་ཀྱི་གསུང་ངོ།། ་སྙིང་པོ་ལས་ནི་མདོར་བྱས་ཀྱི་རིམ་པ་ལས་སོ། །ཆེས་སྙིང་པོ་ནི་རྡོ་རྗེ་བཟླས་པའི་རིམ་པའོ། །མཆོག་ནི་དམ་པའོ། །གསང་ཆེན་ནི་ཤིན་ཏུ་སྦས་པའོ། །སངས་རྒྱས་ཀུན་གྱིས་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་རྣམས་ཀྱིའོ། །གང་ནི་རྡོ ་རྗེ་བཟླས་པའི་མཚན་ཉིད་དོ། །དེ་ཐམས་ཅད་བདག་ཉིད་ནི། ཁམས་གསུམ་པའི་སེམས་ཅན་ཐམས་ཅད་ཀྱི་བདག་ཉིད་རླུང་རྣམ་པར་ཤེས་པ་དང་ཡང་དག་པར་ལྡན་པའོ། །གནས་པ་ནི་འགྱུར་བའོ། །ཡེ་ཤེས་ལྔའི་དངོས་ཞེས་བྱ་བ་ལ་སོགས་པ ་ལ་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་ཕྱིར་མེ་ལོང་ལ་སོགས་པའི་ཡེ་ཤེས་ལྔའི་བདག་ཉིད་ཅན་ནོ། །དེ་ཉིད་ནི་རླུང་གི་རང་བཞིན་ཅན་ནོ། །ཡུངས་ཀར་སྒོམ?་པོ་ཚང་ཙམ་ནི་སྔར་བཤད་པ་ཉིད་ཀྱིས་གསལ་ལོ། །དེའི་ནི་རླུང་གིའོ། །དབུས་ན་གནས་པའི་ལྷ་ནི་ཡི་གེ་གསུམ་གྱི་རང ་བཞིན་གྱིས་ཀུན་ཏུ་གནས་པ་སྟེ་དེའི་བདག་ཉིད་ཀྱིས་སྔགས་དང་ལྷ་དག་དབྱེར་མེད་པའི་ཕྱིར་རོ། །མི་གསལ་བ་ནི་གཉིས་སྐྱེས་ཀྱི་ཕྱིར་དང་ཕྲ་མོའི་གཟུགས་ཉིད་ཀྱི་ཕྱིར་རོ། །གསལ་བའི་གཟུགས་དང་ལྡན་ཞེས་པ་ནི་བསྐུམ་པ་དང་བརྐྱང་བ་དང་འགྲོ་བ་ལ་སོགས་པའི་བྱ་བ་རྗེས་སུ ་རྟོགས་པར་བྱ་བཞིན་པ་ཉིད་ཀྱི་ཕྱིར་རོ། །ཡང་ན་མིག་གསལ་བ་ནི་ས་ལ་སོགས་པའི་ངོ་བོས་གསལ་བ་ནི་རླུང་གི་ངོ་བོས་སོ། །འདུས་པའི་རྒྱུད་ཕྱི་མར་ཡང་དོན་འདི་ཉིད་གསལ་བར་གསུངས་ཏེ། ཡེ་ཤེས་ལྔའི་རང་བཞིན་ཞེས་བྱ་བ་ལ་སོགས་པ་ལ་སྟེང་དུ་གནས་པ་མེ་ལོང ་ལ་སོགས་པ་ཡེ་ཤེས་ལྔའི་རང་བཞིན་གྱི་དབུགས་སོ། །འདི་དག་གང་གི་ཚེ་འོག་ཏུ་རབ་ཏུ་རྒྱུ་བར་གྱུར་པ་དེ་ཉིད་འབྱུང་བ་ལྔའི་རང་བཞིན་ཏེ། ས་ལ་སོགས་པའི་བདག་ཉིད་ཅན་ཏེ། དབང་པོ་གཉིས་མཉམ་པར་སྦྱོར་བ་ལ་ནང་གི་བདག་ཉིད་ཅན་གྱི་ཤེས་རབ ་དང་ཐབས་སྙོམས་པར་ཞུགས་པའི་དགའ་བས་མཆོག་ཏུ་བསྐུལ་བས་ཡན་ལག་མཛའ་དག་འདོད་ཆགས་ཆེན་པོའི་མེས་ཞུ་བར་གྱུར་པའི་རང་བཞིན་རྡོ་རྗེའི་བུ་གནས་གོང་བུའི་གཟུགས་ཀྱིས་ཕྱུང་ནས་ཏེ། བྱང་ཆུབ་ཀྱི་སེམས་ཐིག་ལེའི་གཟུགས་ཀྱི་པདྨའི ་སྣའི་རྩེ་མོར་ལྟུང་བར་བྱེད་དོ། །འདི་ནི་སྲིད་པ་སྐྱེ་བའི་རིམ་པ་སྒོམ་པར་བྱེད་པ་པོ་རྣམས་ཀྱི་དེ་བཞིན་གཤེགས་པས་ཡུངས་ཀར་གྱི་སྒྲས་བརྡར་བྱས་པའོ། །རྒྱུད་དུ་གསུངས་པ་ཡང་བདུད་རྩི་ཁུ་བ་ཞེས་བཤད་དེ། དེ་ལས་འགྲོ་བ་གསུམ་རྣམས་སྐྱེས་ཤེས་སོ།། ་ཁ་དོག་ལྔ་ཞེས་བྱ་བ་ལ་སོགས་པ་ནི་དེ་ཉིད་སྟེང་དུ་རབ་ཏུ་འཇུག་པའི་དབུགས། དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་ནོ། །དེ་ཉིད་ཀྱི་ཕྱིར་རིན་ཆེན་ཆེན་པོའོ། །སྲོག་ནི་འཚོ་བའོ། །རྩོལ་བར་བྱེད་ཅིང་རིང་དུ་སྤྲོས་པར་བྱེད་པ་གང་ཡིན་པ་དེ་ནི་སྲོག་གི་རྩོལ ་བའི་རླུང། ཞེས་བྱ་བར་བཤད་དེ་ལྷག་པར་རྟོགས་པའོ། །དེ་ཉིད་འཇུག་པ་ལ་སོགས་པའི་རང་བཞིན་གྱིས་ཉི་མཚན་དུ་བཟློས་བཞིན་པ་ཉིད་ཀྱི་ཕྱིར་རང་སྔགས་ཤེས་ཧཱུཾ་ཡིག་སྙིང་གར་བསམས་ནས་ཧཱུཾ་ཡིག་ལས་བྱུང་བའི་ནཱ་ད་མཾ? ་ཤིགས་པ་ཞེས་བྱ་བ་ཨ་ཡིག་ཕྲ་མོ་ཐིག་ལེའི་རྣམ་པའོ། །སེམས་ནི་ཐིག་ལེར་གྱུར་པར་དགོད་ཅེས་པ་ནི་སེམས་དེར་གྱུར་པར་བྱས་ནས་བསྒོམ་བྱའོ་ཞེས་དགོངས་སོ། །འདིར་ཅི་ལྟར་སྲོག་གི་སྒྲས་སེམས་རྣམ་པར་བརྗོད་པར ་བྱ་ཞེ་ན་སྲོག་དང་སེམས་དང་འཚོ་བ་ཞེས་པ་རྣམ་གྲངས་གང་གི་ཕྱིར་སྲོག་སེམས་གང་ཡིན་པ་ལས་བློ་གྲོས་སུ་རྒྱུད་དུ་གསུངས་པའི་ཕྱིར་རོ། །འདིས་སྦྱོར་པ་ཡན་ལག་དྲུག་གི་ནང་ནས་ནི་སྲོག་རྩོལ་གྱིས་ཡན་ལག་ཅེས་བྱ་བར་གསུངས་པ་ཉིད་རྡོ་རྗེ ་བཟླས་པའི་རིམ་པར་རོ། །རིམ་པ་གཞན་རྣམས་སུ་ཡང་སོ་སོར་སྡུད་པ་ལ་སོགས་པའི་སྦྱོར་བ་ཡན་ལག་ལྔའི་བཤད་པ་སྦྱོར་བར་བྱེད་པ་མངོན་པར་མ་བརྗོད་པ་ནི་གཞུང་རྒྱས་པའི་འཇིགས་པའི་ཕྱིར་རོ། །གལ་ཏེ་དེ་རྣམས་སུ་སྦྱོར་བར་མངོན ་འདོད་པ་ཡོད་པ་ནི། དེའི་ཚེ་སློབ་དཔོན་ཟླ་བ་གྲཌ་པས་མཛད་པའི་རྒྱུད་གྱི་རྒྱ་ཆེར་འགྲེལ་པར་དེ་མ་ལུས་པའི་བཤད་པ་གསུངས་པས་རྣལ་འབྱོར་པ་རྣམས་ཀྱིས་དེ་ལས་རྟོགས་པར་བྱས་ནས་སྦྱར་བར་བྱའོ། །འདིའི་ཡང་སླར་རྒྱས་པ་ཤད་བ་རྡོ་རྗེ་ཕྲེང་བ་ཞེས ་བྱ་བའི་བཤད་པའི་རྒྱུད་དུ་གསུངས་ཏེ། སྣ་རྩེ་ཞེས་བྱ་བ་ལ་སོགས་པ་ནས་ནང་གིས་དུས་ནི་ཡིན་པར་བཤད་ཅེས་པའི་མཐར་ཐུག་པར་རོ། །འདི་ནི་སྔར་བཤད་པའི་རྒྱས་པ་བཤད་པའི་རྣམ་པར་བཤད་པར་སླར་རྒྱས་པར་བཤད་པས་རྣམ་པར ་བཤད་པར་བྱ་སྟེ། སྣ་རྩེར་ཡུངས་ཀར་ཤེས་བྱ་བ་སོག་གི་རྩོལ་བའི་རླུང་གི་བརྟག་པའོ། །སངས་རྒྱས་ལྔའི་རང་བཞིན་ལས་སྲོག་གི་རྩོལ་བའི་རླུང་ལ་གནས་པ་དེ་ཉིད་འོད་ལྔ་རྣམས་སྲོག་གི་རྩོལ་བར་གྱུར་ནས་སྟེང་གི་སྣ་ལས་ཏེ་སྟེང་གི་སྣའི་རྩེ་མོར ་སྲོག་གི་རྩོལ་བའི་བུ་གནས་ངེས་པར་བྱུང་སྟེ་ལྡང་བ་ལ་སོགས་པའི་རིམ་པའི་ངེས་པར་བྱུང་བ་གཡོན་པ་དང། གཡས་པ་ལ་སོཌ་པའི་དབྱེ་བ་ལS་རྣཾ?་བཞིར?་འགྱུར་རོ། །འདིས་ནང་གི་དུས་ཀྱང་ཡིན་པར་བཤད་དེ་ལྷག་པར་རྟོག་སོ། །སྣ་རྩེར་ཡུངས་ཀར་བསྟན་པར་བྱའི ་མངོར?་བསྟན་པའི་ཚིགས་སུ་བཅད་པའི་སྔ་མས་བཤད་པ་གཅིག་མངོན་པར་བརྗོད་དོ། །བཤད་པ་གཉིས་པ་དེ་རུ་དྲངས་ནས་བར་མའི་སྒོམ་པ་པོས་ཁོང་དུ་ཆུད་པར་བྱའོ། །དེ་གསུངས་པ་སྣ་རྩེར་ཡུངས་ཀར་བསམས་པར་བྱ། །ཞེས་བྱ་བའི་རྡོ་རྗེའི་ཚིག་འདིའི་དོན་ནོ། །འདིས་རླུང་གི ་དེ་ཁོ་ན་ཉིད་དང་སྔགས་ཀྱི་དེ་ཁོ་ན་ཉིད་བསྟན་པར་འགྱུར་རོ། །འགྲོ་མི་འགྲོ་བཅས་ཡུངས་ཀར་ལ་ཞེས་པ་ནི། ཡུངས་ཀར་ལ་སྟེ་ཕྲ་མོ་རླུང་གི་ཁམས་ལ་རྟེན་དང་བརྟེན་པར་གྱུར་པ་འགྲོ་བ་མི་འགྲོ་བ་དང་བཅས་པ་ནི་རྣམ་པར་ཤེས་པ་གསུམ་བྱང་ཆུབ་ཀྱི་བདག་ཉིད ་ཅན་བསམ་པར་བྱ་སྟེ་རྣམ་པར་ཤེས་པར་བྱའོ། །འདི་ནི་དེ་ཁོ་ན་ཉིད་བསྒོམ་པར་བྱའོ། །ཡེ་ཤེས་གནས་ནི་ཉམས་དགའ་བ། །གསང་ཆེན་ཡེ་ཤེས་ཀྱིས་བརྟགས་པ་ཞེས་པ་ནི་ཡེ་ཤེས་གནས་ཏེ་རླུང་དང་རྣམ་པར་ཤེས་པའི་ལུས་འདི་ཉིད་གནས་མཐར ་ཐུག་པ་སྟེ་ཉམས་དགའ་བ་སྟེ་རྟོག་པའི་རྣལ་འབྱོར་པ་རྣམས་ཀྱི་ཡུལ་མ་ཡིན་པ་འོད་གསལ་བའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །ཡེ་ཤེས་ཀྱི་བརྟགས་པ་ཞེས་པ་འདིས་ལྷའི་དེ་ཁོ་ན་ཉིད་གསུངས་སོ། །བཤད་མཐག་པའི་ཡེ་ཤེས་ལྔའི་རང་བཞིན་འོད་ཟེར་ལྔ་རྣམས ་གང་ཡིན་པ་དེ་རྣམས་ཅི?་ལས་འོངས་ནས་སྟེང་གི་སྣ་ལས་རྒྱུ་བར་བྱེད་དོ་ཞེས་མི་ཤེས་ཏེ། དེའི་དོན་དུ་ལྐོག་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །འོན་ཀྱང་འདིར་ལྐོག་མ་ལ་སོགས་པ་དཀྱིལ་འཁོར་བཞིའི་རླུང་རྒྱུ་བའི་རྣམ་གཞག་བསྟན་པ་ནི་ལུས་ལ་བལྟོས་པས་མི་རྒྱུ ་བའི་རིམ་པས་རྒྱུ་བའི་རིམ་ཁ་ནི་གཞན་དང་འདྲ་བ་ཉིད་དོ། །སློབ་དཔོན་ཟླ་བ་གྲགས་པའི་ཞབས་ཀྱིས་རྒྱུད་ཀྱི་རྒྱ་ཚར་འགྲེལ་པར་བཤད་པ་གསུངས་པ་དེ་གསུངས་པ་སྙིང་གར་ཆུའི་དཀྱིལ་འཁོར་རོ། །ལྐོག་མར་མེའི་དཀྱིལ་འཁོར་རོ། །གསད་བར་དབང་ཆེན་གྱི ་དཀྱིལ་འཁོར་རོ། ལྟེ་པར་རླུང་དཀྱིལ་འཁོར་རྟེ་འདི་རྣམས་ཆུའི་དཀྱིལ་འཁོར་ལ་སོགས་པ་རྣམས་དཀར་པོ་ལ་སོགས་པའི་འོད་ཟེར་དང་ལྡན་པ་ལུས་ཐམས་ཅད་ལ་གནས་པའོ། །འདི་རྣམས་འབྱུང་བ་ན་ནི་ཞི་བ་ལ་སོགས་རིམ་པའི་དབྱེ་བ་ལ་བརྩེ་ནས ་དབུགས་འབྱུང་བ་དང་རྡུབ་པའི་རིམ་པས་འགྲོ་བ་དང་འོང་བ་ཁྱད་པར་དུ་སྟོན་ཅིང་དཀྱིལ་འཁོར་བཞིའི་འཇུག་པའི་རིམ་པ་ནི། གོ་རིམ་ཇི་བཞིན་ཏེ་རིམ་པའི་རིམ་པ་ལས་མ་འདས་པས་མཐུན་ཕྱེད་ཀྱི་དུས་སུ་གནས་པ་སྟེ་རྣམ་པར་རྒྱུའོ། །ང་ནི་དཀྱིལ་འཁོར ་འབབ་པའི་ཁ་དོག་གི་དབྱེ་བས་ལྷའི་ངེས་པ་ནི་རྩ་བ་ཉིད་ལས་གསལ་ལོ། །གཡས་པ་ཞེས་བྱ་བ་ལ་སོགས་པ་ནས་རྣལ་འབྱོར་པ་རྟོགས་བྱ་མིན་ཞེས་པའི་མཐར་ཐུག་པ་གོ་སླའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི། དེ་ལྟར་མ་དོར་བསྟན་པ་དང་རྒྱས ་པར་བཤད་པ་ལ་སོགས་པའི་རིམ་པས་རླུང་གི་དེ་ཉིད་སོ་སོར་བསྟན་ནས་དེ་ནི། སྔགས་ཀྱི་དེ་ནི་རིམ་པ་འདི་ཉིད་ཀྱིས་བསྟན་པར་བྱ་སྟེ་།དེ་ལ་ཐོག་མར་རེ་ཞིག་སྔཌ་རྣམ་པ་བཞིའི་དེ་ཉིད་མདོར་བསྟན་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ ་དང་གསུང་དང་ཐུགས་ཀྱི་གསང་ཆེན་ཞེས་པ་ནི་།ོཾ་ཨཱ:ཧཱུཾ་ཞེས་སོ། །ཡི་གེ་གསུམ་པོ་གང་ཡིན་པ་འདི་ལས་བྱུང་བ་ཉིད་ཀྱི་ཕྱིར་ཉེ་བར་དམིགས་པ་ཞེS་པ་ལྷའི་གཟུགས་སོ། །སྔགས་ཐམས་ཅད་ཀྱི་སྙིང་པོ་ཀུན་ཏུ་སྐུལ་བར་བྱེད་པ་ཞེས་བྱ་བ་མཆོག་ཏུ་གསང་བ་ཞེས་བྱ་ནི ་སྔགས་དེ་ཉིད་ཀྱི་རང་བཞིན་མེད་པ་བསྟེན་པ་ལས་རང་བཞིན་མེད་པ་དོན་དམ་པ་བྱང་ཆུབ་ཀྱི་སེམས་སོ། །ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཚིག་གི་ལམ་ངེས་པར་བརྗོད་པས་སྔགས་བསྡུས་བ་འདི་ལྟ་བུ་གསུངས་སོ། །ཞེས་པ་ནི་ཨོཾ་ཨཱ:ཧཱུཾ་ཞེས་པ་འདི ་བརྗོད་པ་ལས་ཚིག་གི་བརྗོད་པའོ། །དོན་རྟོགས་པའི་ཞེས་བྱ་བ་ལ་སོགས་པ་ནི་ཨོཾ་ཡིག་ལ་སོཌ་པ་རྣམས་ཀྱི་དོན་འཇུག་པ་ལ་སོགས་པའོ། །དེའི་རྗེས་སུ་རྟོགས་པས་ནི་དེའི་རྗེས་སུ་འབྲངས་པས་བཟླས་པ་བྱས་པ་གང་ཡིན་པའོ། །རྒྱུ་དེས་ན་ངོ་བོ་ཉིད ་མེད་པ་སྟེ་མི་ཤིང་པས་མཛེས་པ་སྟེ་བར་ཚད་མེད་པར་སྤྲོ་བའི་གཟུགས་ཀྱིས་སོ། །དུས་གསུམ་སངས་རྒྱས་ཀྱིས་ནི་དུས་གསུམ་དུ་བཞུགས་པའི་སངས་རྒྱས་དེ་བཞིན་གཤེགས་པ་རྣམས་ཀྱིའོ། །བརྟགས་པ་ནི་ངེས་པར་བརྟགས་པས་ཡོངས་སུ་ཤེས་པ་སྟེ། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་མི་ཤིགས་པའི་ངོ་བོས་ཁོང་དུ་ཆུད་པའོ། །འདིས་སྔགས་ཀྱི་དེ་ཉིད་མཚོན་པས་བསྟན་པས་བསྟན་པར་འགྱུར་རོ། །སྔགས་རྣམ་པ་བཞིའི་ནང་དུ་ནི་དངོས་སུ་མཚོན་པའི་སྔགས་སྟོན་པར་བྱེད་དོ། །ཅི་ལྟར་ཞེ་ན་ངག་རྣམ་པར་དབྱེན་པའི ་སྐབས་ཡིན་པའི་ཕྱིར་རོ། །སྤྱོད་བསྡུས་སུ་གསུངས་པ་ཡང། ངག་རྣམ་པར་དབྱེན་པའི་མཐར་ཐུག་པ་རྡོ་རྗེ་བཟླས་པ་ཙམ་ཡོངས་སུ་ཤེས་པ་ཞེས་སོ། །རྡོ་རྗེ་ནི་རླུང་ངོ། །དེའི་བཟླས་པའོ། །ཡང་ན་རང་བཞིན་གྱིས་བཟླས་པ་ཉིད་ཡིན་པའི་ཕྱིར་གཞན་རྣམས་ཀྱིས་མཉན་པར ་བྱ་བཞིན་པ་མ་ཡིན་པའི་བཟླས་པ་ནི་རྡོ་རྗེ་ཟླས་པ་དེ་བརྗོད་པར་བྱ་སྟེ། སློང་མོ་ཟ་ཞིང་ཞེས་བྱ་བ་ལ་སོགས་པ་ལ་སློངས་མོ་ཟ་བར་བྱེད་པའི་ངང་ཚུལ་གྱིས་བཟླས་པར་མི་བྱ་སྟེ་རྣམ་པར་བལྟ་བར་མི་བྱའོ། །སློངས་མོ་ཟ་བ་ནི་ཉེ་བར་མཚན་པའི་དོན་ཡིན་ཏེ། ་དེའི་ཕྱིར་སློང་དུ་འགྲོ་བ་དང། འདྲ་ཨབར་ཡོངས་སུ་ཚོལ་བ་ལ་སོགས་པ་དམན་པ་ལ་འཇུག་པའི་དོན་དུ་གཉེ་བ་གཞན་རྣམས་ཀྱིས་ཀྱང་བཟླས་པར་མི་བྱའོ། །སློང་ལ་འང་དགའ་བར་མི་བྱའོ། །སློང་བ་ཞེས་པ་ནི་ཟས་ཉེ་བར་མཚོན་པ་སྟེ། སློད་ལ་དགའ་བ་སྟེ་ཟས་ལ ་རབ་ཏུ་ཆགས་པར་མ་གྱུར་པ། ཇི་ཙམ་དུ་ལུས་གནས་པར་འགྱུར་བ་དེ་ཙམ་དུ་ཆོག་ཤེས་པས་ཤིན་ཏུ་སྤྲོ་ས་པ་མེད་པའི་སྤྱོད་པ་སྤྱད་པར་བྱའོ། །དེ་ལྟ་བུར་གྱུར་པའི་སྤྱོད་པ་ལ་གནས་པའི་རྣལ་འབྱོར་བྱ་ཅི་ཞིག་བྱ་ཞེ་ན། བཟླས་ཤེས་བྱ་བ་ལ་སོགས་པ་གསུངས ་ཏེ། སྔགས་ནི་ཡི་གེ་གསུམ་མོ། །ཡན་ལག་མཉམས་ཞེས་པ་ནི་ལྷའི་རྣལ་འབྱོར་མ་ཉམས་པའོ། །འདོད་པ་ཀུན་ལ་ལོངས་སྤྱོད་པར་བྱེད་པའི་སྔགས་པས་བཟླས་པར་བྱའོ་ཞེས་པའོ། །ཡང་ན་སྔགས་ཀྱི་ངོ་བོ་ཉིད་ཀྱིས་རླུང་ངེས་པར་རྒྱུ་བར་བྱེད་པ་ནི། སླར་ཡང་སོ་སོར ་འདི་ནི་རླུང་དོ་འདི་ནི་སྔགས་སོ་ཤེས་དབྱེ་བས་རྣམ་པར་བརྟག་པར་བྱ་བ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྔགས་ཀྱི་ཡན་ལག་མ་ཉམས་བཟླས་ཤེས་སོ། །མདོར་བསྟན་པའི་ཚིག་གིས་རྒྱས་པར་བཤད་པ་སླར་རྒྱས་པར་བཤད་པ་དགོངས་པ་ལུང ་སྟོན་པ་བཤད་བའི་རྒྱུད་དུ་གསུངས་ཏེ། དེ་ནས་སླར་གསོལ་བ་ཞེས་བྱ་བ་ལ་སོགས་པ་སླར་གསོལ་ནི་གསོལ་བ་འདེབས་པར་བྱེད་པའོ། །དཔལ་ལྡན་ནི་ཕྱག་ན་རྡོ་རྗེའོ། །རྣམ་པར་སྣང་མཛད་ཁྱབ་བདག་ཆེ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཨོ། །སྣ་ཚོགས ་གཟུགས་ཅན་སེམས་འདི་ནི་ཞས་པ་འགྲོ་བའི་རང་བཞིན་གྱི་སེམས་སོ། །སེམས་ཅན་ཐམས་ཅད་ཉེ་བར་སྐྱེད་པ་ནི་སེམས་ཅན་མཛའ་དག་སྐྱེད་པར་བྱེད་པའི་ཕྱིར་རོ། །སྐྱེས་པ་ཞེས་བྱ་བ་ལ་སོགས་པ་ནི། དེ་ལྟ་བུར་གྱུར་པའི་སེམས་རང་བཞིན་མེད་གྱུར་ཀྱང ་སྐྱེས་པ་ནི་དང་པོར་སྐྱེས་པའོ། །ཅི་ལས་ན་རྟེན་ནས་ཏེ་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་སོ། །དཔེར་ན་མེ་ལོང་གི་གཟུགས་རྙན་བཞིན་ནོ། །འདིས་བྱ་བ་བང་བྱེད་པས་དངོས་པོ་བཤད་པར་འགྱུར་རོ། །དེ་ལྟ་བུར་གྱུར་པའི་སེམས་ཉིད་ཀྱིས་རྗེས་སུ་མྱོང་བ་ནི ་རང་ཉིད་ཀྱིས་ལེགས་པར་མྱོང་བར་བྱས་ནས་ཡང་དག་པའི་བྱང་ཆུབ་ཀྱི་སེམས་ནི་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །མཁའ་དང་མཉམ་ནི་འདི་ནམ་མཁའ་དང་མཚུངས་པའི་རྣམ་པར་བྱ་བའོ། །འགྲོ་བའི་དོན་ནི་མཛད་པའོ། །སྐྱེ་བོ་མཆོག་ལ་དེ ་བསྟན་གསོལ་ཅེས་བྱ་བ་ལ་སོགས་པ་ནས་རབ་ཏུ་ཕྱེ་ནས་བཤད་པར་བྱ་ཞེས་པའི་མཐར་ཐུག་པ་གོ་སླའོ། །མི་རྟོག་དོན་གྱི་དེ་ཉིད་ལས་ཤེས་པ་ནི། བཅོམ་ལྡན་འདས་རང་ཉིད་ཀྱི་སྔགས་ཀྱི་རྒྱལ་པོ་བཞིར་བསྟན་པ་གང་ཡིན་པ་ནི། མི་རྟོག་དོན་གྱི ་དེ་ཉིད་ལ་སྟེ་དོན་དམ་པ་ལས་སོ། །སྔར་མདོར?་བསྟན་པ་གང་ཡིན་པ་དེ་རྒྱས་པར་འཆད་པར་བྱེད་དོ་ཞེས་བརྗོད་དང་དམིགས་པར་བསྟན་པ་དང། བརྡར་གྱུར་དང་ནི་དོན་དམ་མོ་ཞེས་གསུངས་སོ་སླར་ཡང་འདི་ཉིད་ཀྱིས་བཤད་པ་ནི། ཚིག་བརྗོད ་པ་ནི་ཐུན་མོང་སྟེ་ཞེས་བྱ་བ་ལ་སོགས་པར་རྒྱས་པར་རོ། །ཐུན་མོང་ནི་རྗོད་པར་བྱེད་པར་རོ། །ཚིག་གཞན་གྱི་ནི་སྔགས་ཏུ་བའི་བར་མ་ཆད་པས་སླར་ཡང་རྒྱས་བར་འཆད་པར་འགྱུར་རོ། །དེར་དྲངས་ནས་ཆེས་གསལ་བར་མཁས་པས་ཁོང་དུ་ཆུད་པར་བྱའོ། །དེ་ནི ་བརྗོད་པའི་ཚིག་གིས་བཟླས་པ་བཏུབ་གསུངས་པ་།དང་པོ་གཅིག་ཅེས་བྱ་བ་ལ་སོགས་པ་སྟེ། ཨ་ཡིག་ལ་སོགས་པ་དབྱངས་བཅུ་དྲུག་པོ་རྣམས་ཀྱིས་ཤེས་པ་སྡེ་ཚན་གཅིག་གོ་།ང་ཉ་ཎ་ན་མ་ཞེས་པ་ནི་གཉིས་པའོ། །ང་ཉ་ཎ་ན་མ་སྤས་ནས་ཀ་ལ་སོགས་པའི ་ཡི་གེ་བཞིའི་སྡེ་ཆེན་གྱི་སྡེ་ཚན་བདུན་དུ་བཟུང་བར་བྱའོ། །སྡེ་པ་དགུ་པོ་འདི་རྣམས་ཀྱིས་དཔུས་ན་འཇུག་བཞིན་པའི་དང་པོ་གཅིག་གི་ཡི་གེ་གང་ཡིན་པ་དེ་བཟུང་བར་བྱའོ། །གཅིག་ཀྱང་འདི་ཡིན་ཏེ། དེའི་རིགས་ཀྱི་ནང་དུ་རྟོགས་པའི་ཕྱིར་རོ། །དང་པོ་ཡང་ངོ ་ཞེས་པS་དང་པོ་གཅིག་གི་དབྱངས་ཏེ་ཨ་ཡིག་གོ་།དང་པོར་ཀླགས་པ་ཉིད་ཀྱི་ཕྱིར་རོ། །དེ་རྣམ་པར་ཤེས་པར་བྱས་ནས་གཞན་གྱིས་ལྷན་ཅིག་ཡང་དག་པར་སྤྲེལ་ལོ། །འདི་སྡེ་ཚན་རྣམ་ཀྱི་དང་པོར་གྱུར་པའོ། །ཅི་ལྟར་ཞེ་ན་དེའི་དབུས་སུ་གཟུང་བ་ཉིད་ཀྱི་ཕྱིར་རོ། །ཇི ་ལྟར་དང་པོར་བྱས་བཟུང་རྣམས་ཀྱིས་དབུས་སུ་བྱས་སོ་ཤེས་པའི་དོན་ཏོ། །ནིའི་སྒྲ་ནི་རྐང་པ་རྫོགས་པར་བྱེད་པ་ལའོ། །བཅུ་ཡིས་ཤེས་བྱ་བ་ལ་སོགས་པ་ནི་བཅུ་ཡི་སྒྲ་ནི། བཅུ་པོ་རྣམས་སུ་མངོན་པར་བརྗོད་པར་བྱའོ། །དེ་ལ་ཨ་ཡིག་ལ་སོགས་པ་ནས་ཧ་ཡིག་ ་གི་མཐར་ཐུག་པ་དམན་པའི་ཡི་གེ་ལྔ་བཅུ་གཟུང་བར་བྱའོ། །བཅུ་པ་བཞི་རྣམས་ཀྱིས་གཅིག་ཉིད་དུ་བྱས་ནས་བཞི་བཅུར་འགྱུར་རོ། །བཏུས་པའི་ཡི་གེ་དགུའོ། །བཅུ་པོ་འདི་རྣམས་ཀྱིས་མ་བཅིངས་པ་གང་ཡིན་པ་ནི་བཅིངས་པ་མེད་དོ། །ཡང་ན་བཅུ་ཡིས་ནི་སྡེ ་ཚན་བཅུ་རྣམས་ཀྱིས་མ་བཅིངས་པ་གང་ཡིན་པ་དེ་ནི་ཧ་ཡིག་ཏུ་ཤེས་པར་བྱའོ། །དེ་ཤེས་ཞེས་པ་ནི་གོ་སླའོ། །ད་ནི་དགུ་དབུས་ཤེས་པ་འདི་ལ་དགུའི་སྒྲས་སྡེ་པར་གྱུར་པ་ཨ་ཡིག་ལ་སོགས་པ་རྣམས་མངོན་པར་འདོད་དོ། །ཁ་ཅིག་གཞན་ཉིད་དོ་ཞེས་སུ? ་ཐེ་ཚོམ་ཟ་བ་གསལ་བར་འདོད་བས་གསལ་བར་བྱེད་པ་དབྱངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབྱངས་ནི་ཨ་ཡིག་ལ་སོགས་པ་རྣམས་སོ། །གསལ་བྱེད་རྣམས་ནི་ང་ཉ་ཎ་མ་རྣམས་དང། དེའི་ལྷག་མ་རྣམས་བཟུང་བར་བྱའོ། །དང ་ཡིག་ནི་ངེས་པར་བཟུང་བ་ལའོ། །དེ་ཉིད་ཀྱི་ཕྱིར་གྲངས་དགུ་ཡིན་རྗེས་སུ་འཇུག་པར་ཁོང་དུ་ཆུད་པར་བྱའོ། དགུའི་སྒྲས་གྲངས་གང་ཡིན་པ་བརྗོད་དེ། དེའི་རྗེས་སུ་འགྲོ་བས་དགུ་ཡི་སྒྲ་ཀུན་ཏུ་སོགས་པ་ཞེས་པའི་དོན་ཏོ། །ཅི་ཨ་ཡིག་དང་ཧ་ཡིག་འདི ་དག་འབའ་ཞིག་ཏུ་ཟད་དམ། །འོན་ཏེ་ཡི་གེ་གཞན་གྱིས་ཡང་དག་པར་བཅེངས་པ་ཡིན་ཞེ་ན། དེའི་ཕྱིར་ཨས་བཅིངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨ་ཡིག་གིས་ཡང་དག་པར་བཅིངས་པ་ནི་ཨ་ཡིག་གིས་ཡང་དག་པར་ལྡན་པའི་ཀ་ལ་སོག ་པ་ཡི་གེ་རྣམས་སོ། །ཕན་ཚུན་ཡང་དག་སྦྱོར་ལས་ནི་རྒྱུ་ལས་སོ། །འབྱུང་བའི་མཛའ་ཡིས་ཤེས་བྱ་བ་ལ་སོགས་པ་ནི་འབྱུང་བ་ཆེན་པོ་ལྔ་པོ་རྣམས་ནི་འབྱུང་བ་རྣམས་སོ། །འདིར་འབྱུང་བའི་མཛའ་ནི་འབྱུང་པའི་སྒྲའི་རིམ་པའི་མཛའ་སྟེ་རིམ་པར་ཐ ་སྙད་འདོགས་པ་བཞིན་ནོ། །དེས་ན་ཨུའི་ཡི་གེ་ཐུང་དུ་ནི་འབྱུང་བའོ། །མཛའ་ཨི་སྒྲ་ནི་གང་འབྱུང་བ་དང། ཉེ་བའི་དངོས་པོ་མངོན་བརྗོད་པར་བྱ་བའི་རང་བཞིན་ཉིད་ཡིན་པའི་ཕྱིར་འབྱུང་བའོ་ཞེས་རྟོགས་པར་བྱའོ། །བརྗོད་པར་མངོན་པར་འདོད་པའི་ཕྱིར ་མ་བསྒྲུབ་པས་ཀྱང་སྒྲ་རྣམས་ཀྱིས་རབ་ཏུ་འཇུག་སྟེ། ཨའུའི་ཡི་གེ་རིང་པོ་མཛའ་ཨི་སྒྲས་གཟུང་བར་བྱའོ། །འི་ཡིག་ནི་མ་ཡིན་ནོ། །འབྱུང་བ་ཡང་དེ་ཡིན་ལ་མཛའ་ཡང་ངོ་ཞེས་པས་འབྱུང་བའི་མཛའ་སྟེ། དེས་ཡང་དག་པར་ལྡན་པའོ་བར་མ་ཆད་པར་འབྱུང་བའི་ཡི་གེ་གཉིས་ཀྱི་ཕ ་རོལ་ལས་ཤེས་པ་ལྷག་མའོ། །ཆ་ཡི་དང་པོ་ཞེས་བྱ་བ་ལ་སོགས་པ་ལ་ཆ་ཡང་འདི་ཡིན་ལ་དང་པོ་ཡང་ངོ། །ཞེས་པས་ཆའི་དང་པོའོ། །ཆ་ནི་ཆ་ཤས་བཅུ་དྲུག་སྟེ་རྣམ་པར་དག་པས་དབྱངས་བཅུ་དྲུག་གོ་།ཆ་དེ་རྣམས་ཀྱི་དང་པོར་བྱུང་བའི་ཡི་གེ་ནི་ཨ་ཡིག་གོ། ་ཆའི་དང་པོ་བཅུ་དྲུག་འབའ་ཞིག་ཏུ་མ་ཟད་ཀྱི། གནས་པ་སྟེ་བཅུ་དྲུག་པོ་རྣམས་རྫོགས་པ་བཅུ་དྲུག་གི་ཕ་རོལ་ཏུ་ཀུན་ཏུ་གནས་པའི་ཨཱ(རྒྱུད་འགྲེལ་པ་ལྔ་པ་གཟུང་བར་བྱ་སྟེ། སྡེ་པ་ལྔ་པ་དེའི་ལྔ་པ་མ་ཡིག་།དེས་ཡང་དག་པར་ལྡན་པ་ནི་ཀུན་ཏུ་འཁྱུད་པའོ། །ཡང་ན་ལྔ་པ་ཕྱི་མའི་སྒྲས་ང་ཉ་ཎ་ན་མའི་སྡེ་པའི་མ་ཡིག་ལྔ་པར་འགྱུར་རོ། །དེས་ཡང་དག་པར་ལྡན་པའོ། །གཞི་ནི་གསུམ་དུ་ངེས་པར ་སྦྱར་ཞེས་པ་ནི་གསུམ་དང་གསུམ་ནི་གསུམ་དུ་སྟེ། གཅིག་ལྷག་མའོ། །བཞི་ཡང་ཡིན་ལ་གསུམ་དུ་ཡང་ཡིན་པ་ནི་བཞི་ནི་གསུམ་དུའོ། །དེ་རྣམས་ཀྱིས་ངེས་པར་སྦྱར་བ་ནི་ངེས་པར་བཅིངས་པ་སྟེ་གནས་གསུམ་དུ་ཇི་ལྟར་རིགས་པར ་ཞེས་པ་ལྷག་མའོ། ། ཧ་མའི་ཡི་གེ་རྣམས་ནི་གསུམ་རྣམས་སོ། །དབུས་སུ་ཨ་ཡིག་གཉིས་དང་རྣམ་པར་བཅད་པ་མ་ཡིན་ཅེས་པ་བཞི་པོ་མཐར་ཧ་ཡིག་ཨུ་ཡིག་དང་མ་ཡིག་རྣམས་ནི་གསུམ་རྣམས་སོ། །ཡང་ན་ཨ་ཡིག་གཉིས་ལས་ཧ་ཡིག་གང ་ཡིན་པ་ཡང་ངོ། །འདི་རྣམས་ནི་ཡི་གེ་གསུམ་རྣམས་སོ། །འདི་རྣམས་ཀྱི་བར་རྣམས་སུ་ཡི་གེ་བཞི་རྣམས་ངེས་པར་སྦྱར་བར་བྱའོ། །ུ་ཡིག་དང་ཨཱ་ཡིག་དང་ཨུ་ཡིག་དང་མ་ཡིག་དེ་རྣམས་ཅི་ཞིག་ཡིན། །མ་ཡིག་གཉིས་ཀྱིས་སྐྱེད་པར་བྱེད་པ་མ་ཡིན་ནམ། ་འདིར་ཅི་ལྟར་གཅིག་གིས་ཐ་སྙད་དུ་?་ཞེ་ན། མ་ཡིག་ནི་དེའི་རང་བཞིན་ཅན་ཉིད་ཀྱིས་ཕྱིར་རྗེས་སུ་དབྱངས་བཅས་ཤེས་ཏེ། དང་པོ་དང་ལྷག་མའི་གནས་དང་གི་མ་ཡིག་གི་ནི་རྗེས་སུ་ང་རོའོ། །རིང་པོར་བཅས་ནི་གཉིས་པའི་གནས་སུ་ཨ་ཡིག་གི་ཕ་རོལ་གྱི ་ཨ་ཡིག་ལ་རིང་པོའོ། །ཡོན་ཏན་སྦྱར་བ་ཕྱིས་དང་མཚུངས་ནི་ཨ་ཡིག་གི་ཨུ་ཡིག་གིས་ལྷན་ཅིག་ཡོན་ཏན་ཨོ་ཡིག་གོ་།དང་པོར་རྗེས་སུ་ང་རོས་དང་པོ་རྣམས་སོ། །གསུམ་པའི་སྦྱོར་བ་ནི་ཧ་ཡིག་གིས་ཨུ་ཡིག་གིས་ཀྱང་ངོ། །གཉིས་པ་ལ ་ནི་རྣམ་བཅད་ལས་ཕ་རོལ་མ་ཡིག་གི་དབྱིའོ། །ཡང་ན་ཡོན་ཏན་སྦྱོར་བ་ཕྱིས་དང་མཚུངས་ཞིས་བྱ་བ་ནི་འདིར་ཕྱིས་པས་ཨུ་ཡིག་གི་དབྱེ་བའོ། །ཅི་ལྟར་ཞེས་ཨུ་ཡིག་ལ་ཨོའོ། །འི་ཡི་གེ་ཨུའི་ཡི་གེ ་ལ་ཨོ་སྟེ་ཕ་རོལ་ཡང་དབྱིའོ་ཞེས་པས་ཨུའི་ཡི་གེ་དབྱིའོ། ཨ་ཡིག་གེ་དེ་ཡིག་གེའི་མཆོག་ཉིད་དུ་སོ་སོར་རྟོགས་པར་བྱེད་པ་ཐུང་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་།ཐུང་དུ་ནི་ཨ་ཡིའོ། །མ་ལུས་རབ་ཏུ་དག་འཇུག ་ལས་ནི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །དེ་དང་བྲལ་བས་ཅི་ཡང་བརྗོད་པར་མི་ནུས་སོ། །གཅིག་མིན་དུ་མའང་མ་ཡིན་ནོ་ཞེས་པ་ནི་ཡི་གེ་དུ་མ་རྣམས་སུ་སོན་པ་ཉིད་ཀྱི་ཕྱིར། གཅིག་པུ་ཅན་ཡང་མ་ཡིན་ནོ། །ཅི་ལྟར་གཅིག་ཡིན་ཞེ་ན། ་ཨ་ཡིག་ཙམ་གྱིས་རིགས་ཉིད་ཡིན་པའི་ཕྱིར་དུ་མའང་མ་ཡིན་ནོ། །ཡི་གེ་གང་ཞིག་ཅེས་བྱ་བ་ལ་སོགས་པ་ནི། ཨཱ་ལིའི་དེ་མ་ཐག་ཏུ་ཀཱ་ལིའི་རྗོད་པར་བྱེད་པའི་དོན་གྱི་དབང་ལས་རྗོད་པར་དབྱེད་པའི་ཕྱིར་རྒྱ་བ་དང་མངོན་དུ ་ཕྱོགས་པར་འགྱུར་རོ། །ཡང་ན་གཉིས་ཀའི་ཨ་ཨཱ་ཀ་ཁ་ཞེས་པ་ཡང་བྱས་ནས་རིམ་པར་འཇུག་ཅིང་རྗོད་པར་བྱེད་པའི་ཕྱིར་རོ། །བུད་མེད་སྐྱེས་པ་མ་ནིང་སྟེ་ཞེས་པ་ནི། རི་རཱི་ལི་ལཱི་སྤངས་པའི་ཨཱ་ལི་ནི་བུད་མེད་ཀྱི་མིང་ངོ། ། ་ང་ཉ་ཎ་ན་མ་སྤངས་པའི་ཀཱ་ལི་ནི་སྐྱེས་པའི་མིང་ངོ། །ཱ་ལི་ཀཱ་ལི་དག་གི་སྤངས་པ་གང་ཡིན་པ་དེ་ནི་མ་ནིང་ངོ། །དེ་རྣམས་ཀྱང་ཞེས་པ་ནི། བརྗོད་པའི་ཡི་གེ་གང་ཡིན་པ་དེ་རྣམས་སླར་ཡང་མདོ་དང་ཁམས་ལ་སོགས་པའི་རིམ ་པས་ཡོངས་སུ་བརྟག་གོ། འོག་དང་སྟེང་དུ་ཡང་དག་ལྡན་ཞེས་བྱ་བ་ལ་སོགས་པ་ནི། འོག་མི་མཛའ་ཨི་ཧཱུཾ་ཡིག་གོ། །སྟེང་ནི་དང་པོའི་ཨོཾ་ཡིག་གོ་།དེ་དག་གིས་ཡང་དག་པར་ལྡན་པ་ནི་དོན་གྱི་དབང་སྐུར་བར་གྱི་ཨཱ(རྒྱུད་འགྲེལ་ཡི་གེ་གསུམ་པོ་འདི་དག་ཀློག་པའི་རིམ་པས་དང་པོ་དང་བར་དང་མཐར་གནས་སོ། །ཤེས་ནས་བློས་ནི་ངེས་སྦྱར་བྱ་ནི་བརྗོད་པར་བྱ་བའོ། །སྔར་རྒྱས་པར་བཤད་པ་གང་ཡིན་པ་དེའི་སླར་ཡང་རྒྱས་པར་བཤད་པ་གསུངས་པ་བརྗོད་པ་ཡི་ནི་སྔགས་འདི་དག་།དངོས་མེད ་ངོ་བོ་ལས་འབྱུང་བའི། །དེ་ལས་ཡོངས་སུ་གྱུར་པའི་གཟུགས། །ལྷ་རུ་ཉེ་བར་དམིགས་པ་གང། བརྡི་ཡིས་དེ་ཉིད་གསུམ་གནས་པ། རང་བཞིན་བཟླས་པའི་མཚན་ཉིད་དོ། ། ཡིག་བསྟན་པ་ཞེས་བྱ་བ་ལ་སོགས་པ་སྟེ་འདི་ནི་འདིར་མན་ངག་སྟེ། །འི་ཡི་གེ ་དེ་བཞིན་ཉིད་མི་ཤིགས་པ་སྒྲ་གསལ་པར་བྱེད་པ་སངས་རྒྱས་རྣམས་ཀྱི་སྙིང་པོ་གསང་ཆེན་དེ་ཁོ་ན་ཉིད་དུ་འགྱུར་རོ། །མཚན་ཡང་དག་པར་རྗོད་པར་ཡང་གསུངས་པ། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག་།དོན་ཆེན་ཡི་གེ་དམ་པ་ཡིན་ཞེས་སོ། །ཚིག་ཏུ ་བརྗོད་པའི་སྔགས་འདི་དག་ཅེས་བྱ་བ་ལ་སོགས་པ་ནི་སྔགས་ཀྱི་ཡན་ལག་མ་ཉམས་བཟླས་ཤེས་པའི་མཐར་ཐུག་པ་འདི་དག་ཐམས་ཅད་དགོངས་པས་བྱང་ཆུབ་ཀྱི་སེམས་མདོར་བསྟན་པའི་ཚིགས་སུ་བཅད་པ་སྟེ། རྣམ་པ་བཞིའི་སྔགས་ཀྱི་དེ་ཉིད་བཤད ་པ་གང་ཡིན་པ་དེ་ལ་དྲངས་ནས་ཁོང་དུ་ཆུད་པར་བྱའོ། །དེ་ནི་རྡོ་རྗེ་བཟླས་པ་འདིའི་ཉིན་མཚན་དུ་བཟླས་པའི་གྲངས་ལ་འཇུག་པར་བྱ་སྟེ། གོས་དཀར་ལ་སོགས་བཟླས་བཤད་པ་ཞེས་བྱ་བ་ལ་སོགས་པ་ལ། བྱིན་ཟ་ལ་སོགས་པའི་དཀྱིལ་འཁོར་ལ ་བརྟེན་ནས་གལ་ཏེ་ཡང་རྗེ་བཙུན་གྱི་ཞབས་ཀྱིས་བཟླས་པ་བསྟན་ནོ། །དེ་བཞིན་དུ་ཡང་འཕགས་པ་ལྷའི་ཞབས་ཀྱིས་བཤད་པའི་སྤྱོད་པ་བསྡུས་པར་གསུངས་པ་ཡང་དག་པར་རབ་ཏུ་སྦྱིན་པའི་ཆེད་དུ་ཐོག་མར་རླུང་གི་དཀྱིལ་འཁོར་ལ་རིམ་པར་རྣལ་འབྱོར ་བསྒོམ་པར་བྱ་བ་ཅི་ཞེ་ན། དེ་ལ་རིམ་པ་ནི་འདི་ཡིན་ཏེ། སྣ་གཡོན་པ་ནས་ངེས་པར་འབྱུང་བའི་རླུང་གི་དཀྱིལ་འཁོར་དུ་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པ་རླུང་གི་རང་བཞིན་རླུང་གི་དཀྱིལ་འཁོར་ལྗང་གུ་སྟེ་སྔོ་བསངས་འོད་ཟེར་ནག་པོའི་རང་གི ་ངོ་བོ་ཞེས་སོ། །འདིར་ཁྱད་པར་བརྗོད་པར་བྱ་སྟེ་ཟླ་བ་དང་ཉི་མ་དག་གི་འཐོབ་གཉིས་ཀྱི་གོ་རིམ་གྱིས་འཕོ་བར་བྱེད་པ་མཐོང་ཏེ། དེས་ན་སྐད་རྩིས་པའི་བསྟན་བཅོས་དུ་དབྱུག་གུ་དྲུག་བཅུས་འཇིག་རྟེན་རྣམས་ཀྱིས་ཐ་སྙད་དེ་།དེ་ལ ་བརྟན་ནས་དབྱུག་གུ་གཅིག་གི་བཞི་ཆས་རྐང་པ་གཅིག་ཏུ་འགྱུར་རོ། །ཆུ་སྲང་བཅོ་ལྔ་བོ་འདི་བཞི་འགྱུར་དུ་བྱས་ནས་ཆུ་སྲང་དྲུག་ཅུར་འགྱུར་རོ། །འདིས་དབྱུག་གུ་གཅིག་ཏུ་རྣམ་པར་བཞག་གོ་།ཆུ་སྲང་གཅིག་གིས་དབུགས་དྲུག་རྣམས་སོ། །དེ་བཞིན་དུ་རྐང་པ་ཅིག ་གིས་དབུགས་དགུ་བཅུ་རྣམས་སོ། །འདིར་སླར་ཡང་བཞི་འགྱུར་དུ་བྱས་ནས་དབྱུག་གུ་གཅིག་གིས་དྲུག་ཅུ་ལྷག་པའི་སུཾ་བརྒྱའི་དབུགས་སུ་འགྱུར་རོ། །རྣམ་པར་དབྱེ་བ་འདིས་ཕྱེད་དང་བཅས་པའི་དབྱུག་གུ་གཉིས་ཀྱིས་འཕོ་བར་རྣམ་པར་བཞག་པའི་གྲངས་ཀྱིས ་ཡོངས་སུ་འཕོ་བའི་ཡན་ལག་བཞིས་ཕྱེད་དང་བཅས་པའི་རྐང་པ་གཉིས་སུ་བྱས་ནས་གོས་དཀར་མོ་ལ་སོགས་པའི་བརྒྱ་ཕྲག་གཉིས་དང་ཉི་ཤུ་ལྔའི་དབུས་སུ་འགྱུར་རོ། །འདི་ཉིད་ཀྱིས་ཆུ་སྲང་ཇི་སྙེད་གཅིག་ཏུ་འགྱུར་ན་།གང་དུ་ཆུ་སྲང་སུམ་ཅུ་སོ་བདུན་ཆུ ་སྲང་གི་རྐང་པ་གཉིས་འདི་རྣམS་བཞི་འགྱུར་དུ་བསྒྲེས་པས་ཡང་དག་སྦྱོར་བཞིས་བརྒྱ་ཕྲག་དགུ་ཞེས་པ་བསྡུས་པའི་ཚད་ཀྱིས་སོ་སོར་བསྐྱེད་པའི་ཡོན་ཏན་དུ་རྣམ་པར་བཞག་པ་དབོན?་ཉི་ཤུ་རྩ་བཞིའི་རིམ་གྱིས་ནི་འཕོ་བ་ཉི་ཤུ་རྩ་བཞི། །དེས་ན་དཀྱིལ ་འཁོར་དགུ་ཅུ་རྩ་དྲུག་ཏུ་འདུས་པ་རྣམས་ཀྱི། མངོན་པར་འདོད་པའོ་ཞེས་སོ། །དྲངས་པའི་དོན་གྱིས་སོ། །རྡོ་རྗེ་བཟླས་པ་ཐོབ་ནས་ཀྱཻ་རྡོ་རྗེའི་རྒྱུད་དུ། མཚན་མོ་ལ་དབྱུག་གུ་མཉམ་པར་ཉིན་མོ་ལ་སྟེ་དབྱུག་གུ་དྲུག་ཅུ་རྩ་བཞི་ཉིད་ཀྱིས། དཀྱིལ་འཁོར་དྲུག་ཅུ ་རྩ་བཞིར་བཅོམ་ལྡན་འདས་ཀྱིས་བསྟན་པ་མ་ཡིན་ནམ། འདིར་དབྱུག་གུའི་སྒྲ་ནི་དཀྱིལ་འཁོར་དང་རྣམ་གྲངས་ཏེ། འཁོར་ལོ་བཞི་ལ་སྦྱོར་བར་བྱེད་པས་མངོན་པར་དགོངས་པས་དབྱུག་གུ་དྲུག་ཅུ་རྩ་བཞིར་ཡང་བཤད་པར་བྱའོ། །དཔལ་འདུས་པར ་ནི་གཡོ་བ་ཉི་ཤུ་རྩ་བཞིའི་དབྱེ་བས་ལྷན་ཅིག་ཏུ་ཅི་ལྟར་མཚུངས་པར་རྣམ་པར་འཇོག་ཅེས་དྲིས་པའོ། །ཀྱེ་རྡོར་བ་རྣམས་ཀྱིས་མངོན་པར་འདོད་པའི་ལ་ནི་མཁས་པ་སྒོམ་པ་པོས་དཀྱིལ་འཁོར་བཞིའི་དབུས་སུ་ཡོངས་སུ་འཕོ་བ་ནི་དཀྱིལ་འཁོར་ཡོངས་སུ་བརྗེ་བ་སྟེ། རིམ་པ ་ཞེས་པ་དང་རྣམ་གྲངས་སུ་རྣམ་པར་བཞག་པར་རྟོགས་པར་བྱའོ་ཅི་ལྟར་བྱས་ཤེས་ན་འདིར་གསུངས་པ། ཕྱེད་དང་བཅས་པའི་དབྱུག་གུ་གཉིས་ཀྱི་འཕོ་བ་ནི་དབུས་དབུག་དགུ་བརྒྱར་འགྱུར་བ་ཉིད་དོ། །དབུགས་དགུ་བརྒྱས་འཕོ་བ་ཞེས་བྱ་བ་སྟེ། ཐལ་བ་དེར་མི ་འགྱུར་རོ། །ཅི་ལས་ན་ཇི་ལྟར་དབྱུག་གུའི་ཕྱི་རོལ་ཏུ་རྣམ་པར་བཞག་པ་དེ་བཞིན་དུ་ནང་ཞེས་པའི་རིགས་པ་ལས་སོ། །འཕོ་བའི་རིམ་པ་ནི་གཞན་དང་འདྲ་བ་ཉིད་དོ། །དེ་བརྗོད་པར་བྱ་སྟེ། དབྱུག་གུ་གཅིག་པ་ཆུ་སྲང་དྲུག་ཅུ་རྣམས་སུ་རྐང་པ་དམན་པའི ་ཆུ་སྲང་བཞི་མེད་པ་སྟེ་ངེས་པར་འདིའི་རྐང་བ་ཅིག་དང་ལྡན་པ་ཆུ་སྲང་དྲུག་ལྷག་པའི་ལྔ་བཅུ་ནི་ཆུ་སྲང་གཅིག་གི་དཀྱིལ་འཁོར་དུ་གནས་སོ། །གང་དུ་ལྔ་བཅུ་ང་དྲུག་དང་རྐང་པ་གཅིག་འདི་དག་བཞི་འགྱུར་དུ་བྱས་ནས་བརྒྱ་ཕྲག་གཉིས་དང་གཉིས་ཀྱི་ཆུ ་སྲང་ངོ། །ངེས་པའི་དོན་གྱིས་སོ། །གང་དུ་ཉིས་བརྒྱ་ཉི་ཤུ་རྩ་ལྔའོ། །འདི་ཉིད་དབུགS་དྲུག་དུ་བྱས་ནས་སོ་སོར་བསྐྱེད་པས་བསྒྲེ་བའི་རིགས་པས་བསྒྲེས་པར་གྱུར་པ་ནི་ཕྱེད་དང་བཅས་པའི་བརྒྱ་ཕྲག་ཅུ་གསུམ་གྱི་དབུས་སུ་འགྱུར་ཞེས་པ་བསྡུས་པའོ། །འདུས ་པའི་ཕྱེད་དང་བཅས་པའི་འཕོ་བས་རྐང་པས་དམན་པའི་དབྱུག་གུ་བཞིར་འགྱུར་རོ། །ཀྱཻ?་རྡོ་རྗེ་བའི་འོ། །བཞི་པོ་འདིའི་རྣམ་པར་དབྱེ་བས་རྐང་པ་མ་ནི། རྐང་པས་དམན་པའི་དབྱུག་གུ་གཅིག་གི་དཀྱིལ་འཁོར་གྱི་དབུགས་གསུམ་གསུམ་བདུན་རྐང་པ་གཉིས།། ་གཞུང་འདི་ཙམ་གྱིས་ཐུན་གྱི་དུས་སུ་ཡོངས་སུ་ཐོབ་ནས་དཀྱིལ་འཁོར་བཞི་པོ་རྣམས་ཀྱི་རླུང་འབབ་པ་སྣའི་བུ་ག་གཅིག་ཏུ་འཕོ་བས་འཕོ་བ་བཅུ་དྲུག་ཏུ་རྣམ་པར་བཞག་པ་ནི་ཀྱེ་རྡོ་རྗེ་བ་རྣམས་ཀྱིའོ། །ཞེས་འདོད་དོ་འདི་ཉིད་ཀྱི་གཞན་སྣའི་བུ་གཉིས་པ ་ཉིད་དུ་དེ་འདྲ་བར་རྣམ་པར་བཞག་པར་རྡོ་རྗེ་བཟླས་པའི་རྣལ་འབྱོར་པས་ཁོང་དུ་ཆུད་པར་བྱའོ། །འདིས་ཐུན་གཅིག་ཏུ་འགྱུར་རོ། །ཐུན་གཅིག་ལ་ནི་བཤད་པ་བྱས་པ་གང་ཡིན་པ་དེ་གཞན་ཐུན་བདུན་པོ་རྣམས་སཱུང་མཁས་པས་ཁོར་དུ་ཆུད་པར་བྱའོ ་དགུ་བརྒྱ་དག་ཏུ་གང་བསྟན་པ་ཉི་ཤུ་རྩ་བཞིར་རིམ་གྱིས་ནི། དེར་ནི་སོ་སོར་བསྐྱེད་འབྱུང་བ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ་ཞེས་ཏེ། དགུ་བརྒྱ་ཉིད་དུ་བསྟན་པ་ཉི་ཤུ་རྩ་བཞིའི་རིམ་པས་བསྒྲེས་པའི་རིགས་པས་བསྒྲེས་པར་གྱུར་པ་ནི་ཁྲི་ཕྲག་གཉིས་དང་བརྒྱ་ཕྲག ་བཅུ་དྲུག་དུ་འགྱུར་རོ། །གང་དུ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །འདིའི་ཆུ་སྲང་ནི་གང་དུ་གསུམ་སྟོང་དྲུག་རྒྱའོ། །དབྱུག་གུ་གཅིག་ཉིད་ལ་ཐུན་དུ་བསྒྲེ་བའི་རྣམ་པར་བཞག་པས་དབྱུག་གུ་དྲུག་ཅུར་འགྱུར་རོ། །དཔལ་འདུས་པར་དབྱུག་གུ་ལྔར་བྱས་ནས་ཉིན་མོ ་ལ་ཐུན་དྲུག་དང་མཚན་མོ་ལ་ཡང་ཐུན་དྲུག་རྣམས་སོ། །འདི་རྣམས་ཀྱིས་མཐུན་ཕྱེད་དུ་བྱས་ནས་ཉིན་མཚན་གྱིས་ཉི་ཤུ་རྩ་བཞིའི་རིམ་པ་རྣམས་ཡང་དག་པར་བསྟན་པ་གང་ཡིན་པ་དེ་རྣམས་ཞི་བ་ཅན་ལ་སོཌ ་པའི་རབ་འབྱམས་ཀྱི་དབྱེ་བས་ཁོང་དུ་ཆུད་པར་བྱའོ། །རྣལ་འབྱོར་གྱི་རྒྱུད་དུ་འཕོ་བའི་དབྱེ་བ་སྟོན་པར་བྱེད་པ་རྣམ་པ་སྣ་ཚོགས་པའི་ཚད་དུ་བཅོམ་ལྡན་འདས་ཀྱིས་བསྟན་ནོ། །རྣལ་འབྱོར་མའི་རྒྱུད་ཀྱིས་ལྷན་ཅིག་པའི་རྡོ་རྗེ་བཟླས་པའི་སོ་སོའི་བྱེ ་བྲག་མེད་དོ། །ཕྱི་དང་ནང་གི་དུས་ཚོད་རྣམ་པར་བཞག་པ་འདི་ལས་སླར་ཡང་ཕྱུག་གུ་དྲུག་ཅུ་རྣམས་ཀྱིས་ཕྱེད་དང་བཅས་པའི་དབྱུག་གུ་བདུན་གྱིས་ཐུན་དུ་བྱས་ནས་ཉིན་མཚན་གྱིས་བརྒྱད་དུ་འགྱུར་རོ། །ཕྱེད་དང་བཅས་པཱི་དབྱུག་གུ་བདུན་གྱིས་དབྱུགས་དུ་འགྱུར་ཞེ་ན་གང ་དུ་ཉིས་སྟོང་བདུན་བརྒྱའོ། །འདིའི་ཆུ་སྲང་ནི་གང་དུ་བཞི་ཀའོ། །འདི་ཉིད་བརྒྱད་པོ་རྣམས་ཀྱིས་བསྒྲེས་པས་གང་དུ་སུམ་སྟོང་དྲུག་བརྒྱའོ། །འདིར་ནི་ཁྱད་པར་བརྗོད་པར་བྱ་སྟེ་རྟེན་ཅིང་འབྲེལ་པ་འབྱུང་བ་དབུགས་དགུའི་རིམ་པས་གྲོ་ཞུན་གྱི་ཟླ་བ་ནས་རྒྱལ ་གྱིས་ཟླ་བའི་མཐར་ཐུག་པ། ལྷོར་བགྲོད་འཕོ་བའི་ཀུན་ཏུ་ཁྱབ་པའོ། །དེ་དབྱུག་གུ་གཉིས་བྱས་ནས་མཚན་མོའི་འཕེལ་བ་དང། ཉིན་མོ་ཡང་ཉམས་པའོ། །དེའི་རྗེས་སུ་མཆུའི་ཟླ་བ་ནས་ཆུ་སྟོང་ཀྱི་ཟླ་བའི་མཐར་ཐུག་པར་བྱང་དུ་བགྲོད་པའི་འཕོ་བས་ཀུན་ནས་ཁྱབ་པོ། །དེས་འདིར ་དབྱུག་གུ་གཉིས་སུ་བྱས་ནས་ཉིན་མོའི་འཕེལ་བ་དང་མཚན་མོ་ཡང་ཉམས་པར་བལྟ་བར་བྱའོ། །འཇིག་རྟེན་དུ་འཕོ་པ་གཉིས་ཀྱི་དབུས་སུ་ནི་ཐ་སྐར་དང་ནག་པའི་ཟླ་བ་གཉིས་ལ་རབ་ཞུགས་པས། འདི་རོ་མཉམ་པ་ཉིད་ཀྱིས་དབྱུག་གུ་གཉིས་ཀྱིས་འགྲིབ?་པ་མེད་ཅིང ་འཕེལ་བ་མེད་དོ་ཞེས་སོ། །འདི་དག་ཐམས་ཅད་གལ་ཏེ་ཡང་དབྱུག་གུའི་རིམ་པས་དོན་མདོར་བཤད་པའོ། །དེ་བཞིན་དུ་ཡང་ཉིན་མཚན་གྱིས་ཁྲི་ཕྲག་གཉིས་དང་བརྒྱ་ཕྲག་བཅུ་དྲུག་གི་དབུཌ?་གྱིས་བྲེལ་བར་ཡང་དག་པ་ཡོངས་སུ་ཤེས་པ་ནི་ཕྱི་རོལ་ལས་རྟོགས ་པར་བྱ་བ་མ་ཡིན་ནོ་ཞེས་བརྟན་པར་རྣམ་པར་བཞག་གོ། འདིས་འདི་དག་གསུངས་པར་འགྱུར་ཏེ། སྐར་རྩིས་པའི་བཏང་སྙོམས་སུ་དབྱུག་གུའི་རིམ་པས་དུ་ཚོད་ཡོངས་སུ་ཤེས་བརྟེན་ཅིང་འབྲེལ་བར་འབྱུང་བ་དབྱུག་གུའི་རིམ་པས་དུས་ཚོད་ཡོངས་སུ་ཤེས་པའོ། །གང་གཉིས་ཀའི ་རྒྱུད་ཀྱི་ནང་གི་དུས་ཡོངས་སུ་ཤེས་པས་ལྷན་ཅིག་པ་ཙམ་ཡང་མ་ཡིན་པ་ནི་འགལ་བར་འགྱུར་བ་མ་ཡིན་ནོ། །ཞན་དུ་ནི་རྣམ་པ་གཞན་དུ་གསུམ་པ། དཀྱིལ་འཁོར་དྲུག་ལ་བལྟོས་ནS་བུག་གཅིག་ཏུ་ཕྱེད་དང་བཅས་པའི་འཕོ་བ་འབབ་སྟེ། དེའི་རྗེས་སུ་འཕོས་ནས་བུ་ག ་གཉིས་པར་དཀྱིལ་འཁོར་དྲུག་ལ་བལྟོས་ནས་ཕྱེད་དང་བཅས་པའི་འཕོ་བ་ཡང་རོ་ཞེས་པ་ཉིན་མཚན་གྱིS་ཁ་སྦྱོར་གྱི་འཕོ་བ་རྣམ་བཅུ་དྲུག་ཉིད་དུ་འགྱུར་རོ་ཞེས་པ་འདི་དག་རྣམ་པར་བཤད་པའི་རིམ་པས་ནང་དང་ཕྱི་རོལ་ཡོངས་སུ་ཤེས་པ་མངོན་པར་བགྲོད ་པས་ཡོངས་སུ་ངལ་བའོ་ཞེས་པས་ནི་གང་ཡིན་པ་འདི་དག་ན་ཁ་ཅིག་གིའོ། །དཀྱིལ་འཁོར་རེ་རེ་ཀུན་ཏུ་སྤྱོད་པ་ལ་སླར་ཡང་ཐུན་མཚམས་བཞིའི་སྐད་ཅིག། འདུས་པ་ཕྱི་མར་བསྟན་པར་འདོད་ནས་རིག་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་།རིག་པ་ནི་གོས ་དཀར་མོའི་བྱིན་ཟའི་དཀྱིལ་འཁོར་རོ་ཞེས་པའི་དོན་ཏོ། །འདིའི་གོ་རིམ་ནི་ཞེས་པ་ནི་ཚུལ་ལོ། །ཆོ་ག་འདིའི་ནི་ཇི་ལྟ་པ་བཞིན་དུ་ནན་ཏན་བྱེད་པ་དེས་ཐུན་མཚམས་བཞིར་ནི་རབ་སྦྱོར་ལས་ཞེས་པ་འདིའི་དོན་ནི། །སྣའི་བུ་གར་རླུང་གི ་དཀྱིལ་འཁོར་འབབ་པ་དང་བྲལ་བར་གྱུར་པ་ན། ཕྱི་ནས་མེའི་དཀྱིལ་འཁོར་རབ་ཏུ་འཇུག་སྟེ། འདི་དག་གི་དབུས་སུ་ཕྲ་མོའི་སྐད་ཅིག་ལྷག་པར་རྟོགས་པས་དཀྱིལ་འཁོར་བཞིའི་ཐུན་མཚམ་བཞི་ཞེས་བརྗོད་པར་བྱ་སྟེ། རབ་སྦྱོར་ལ་སྟེ་ལྷག? ་རྟོགས་པ་ལས་སོ། །དེ་ཉིད་ཀྱི་ཕྱིར་སྔགས་ཡི་གེ་གསུམ་རླུང་གི་ལྷན་ཅིག་པ་ཡན་ལག་མ་ཉམས་པ་སྟེ་སྔགས་ཀྱི་དབྱེ་བ་མི་བྱེད་པར་བཟླས་པར་བྱའོ་ཞེས་གནས་སོ། །ཡི་གེ་གྲངས་འབུམ་གྱིས་མཚན་ཉིད་ཅན་ཞེས་ཏེ། གྲངས་རྣམ་པར་རྟོག་པ ་བགྲང་པར་བྱའོ་ཞེས་པ་ཇི་སྲིད་པར་རོ། །ཕྱི་རོལ་བཟླས་པ་ཞེས་བྱ་བ་ལ་སོགས་པ་ལ་ཕྱི་རོལ་བཟླས་པ་ནི་དག་གི་བཟླས་པའོ། །སྤང་ནི་ཡོངས་སུ་སྤང་པར་བྱའོ། །རྣལ་འབྱོར་པ་སྒོམ་པ་ཡི་ནི་བར་ཆད་ཅན་ནི་རྡོ་རྗེ་བཟླས་པ་བསྒོམ་པ་ཡི་བར་དུ ་གཅོད་པའི་རྒྱུ་གྱུར་པའོ། །སྔགས་དོན་བཅོམ་ལྡན་འདས་རྡོ་རྗེ་ཅན་ནི། སྔགས་དོན་ནི་རྡོ་རྗེ་བཟླས་པའོ། །དེས་རང་ཉིད་བཅོམ་ལྡན་ནོ། །རྡོ་རྗེ་ཅན་ནི་རྡོ་རྗེ་སེམས་དཔའ་ཨི་རང་བཞིན་ནོ། །རྡོ་རྗེའི་བདག་ཉིད་ནི་སྔགས་དང་ལྷ་དག་དབྱེར་མི་ཕྱེད་པའི་ཕྱིར་རོ། །དེའི? ་སྒྲ་ཡང་ནི་སླར་ཡང་གི་དོན་ལའོ། །ཅི་ལྟར་ཟློས་ནི་ངག་གི་བཟླས་པ་སྔགས་ཚིག་དུ་བརྗོད་པར་མི་བྱེད་དོ་ཞེས་མངོན་པར་འདོད་དོ། །འདི་དག་ཉིད་དཔེའི་སྒོ་ནས་སོ་སོར་བསྟན་པར་བྱ་བའི་ཕྱིར། གླང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གླང་པོ་རྙེད ་པ་སྟེ་ཐོབ་པའི་མོད་ལ་སྟེ་སྐད་ཅིག་ལས་གླང་པོའི་རྗེས་ནི་ཚོལ་བར་བྱེད་སྟེ་གང་གི་གླང་པོ་ཆེ་བསད་པ་དེས། །གླང་པོའི་རྗེས་ཅི་ཞིག་ཚོལ་བར་བྱེད་ཅེ་ན། བདེན་ཏེ་ཚོལ་བར་མི་བྱེད་དོ། །དེའི་ཕྱིར་སྔགས་ལུས་ཏེ་སྔགས་ཡི་གེ་གསུམ་བསྐྱེད་ཅིང་རྫོཌ ་པའི་སྐུ་ནི་སྔགས་ལུས་སོ། །དེ་ཉིད་ཀྱི་ཕྱིར་ཉེ་བར་དམིགས་པར་བཤད་པའི་རྡོ་རྗེ་བཟླས་པ་དང་ལྡན་པའོ། །རང་ཉིད་ནི་རྣལ་འབྱོར་པའོ། །མངོན་གྱུར་ནས་གཞན་ནི་ཅི་ཞིག་ཆོལ་བར་བྱེད་དོ་སྔགས་ཚིག་ཏུ་རྗོད་པར་མི་བྱེད་དེ་ཞེས་གནས་སོ། །འདིར་ཡང་ནིའི་སྒྲ་ནི་སླར ་ཡང་གི་དོན་ལའོ་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ལས། མི་ཟད་པའི་སྒྲ་ནི་ངེས་པར་བཟུང་བ་ལ་འཇུག་གོ་།རྡོ་རྗེ་འཛིན་གང་ཞིག་།སྦྱོར་གསུམ་དོན་དང་ལྡན་པའི་མི་ནི། སེམས་དཔའ་གསུམ་དང་ལྡན་པའི་སྔགས་པ་རླུང་གི་འཇུག་པ་དང་གནས་པ་དང ་འབྱུང་བ་རྣམ་པར་བལྟ་བར་བྱ་སྟེ། གུས་པ་དང་བཅས་པས་བར་ཆད་མེད་པར་དུས་ཡུན་རིང་པོར་གོམས་པའི་སྦྱོར་བས་སོ། །ཅི་ཞིག་ན་མ་སྟེ་རྡོ་རྗེ་འཆང་ཉིད་དུ་འགྱུར་རོ། །སྤྱན་དྲངས་ཞེས་བྱ་བ་ལ་སོགས་པ་ནི་མདོར་བསྟན་པའོ། །རབ་ཏུ་འཇུག་པར་སྤྱན་དྲང་སྟེ ་ཞེས་བྱ་བ་ལ་སོགས་པས་རྒྱས་པར་བཤད་པས་གསལ་ལོ། །མྱུར་བ་དང་ནི་རྣམ་སྡུད་དང། ངལ་བར་བཤད་དང་སྔགས་སྦྱོར་བ་ཞེ་པ་ནི་ཚིག་གསུམ་པོ་རྣམས་སུ་ཇི་ལྟར་རིགས་པས་ཡི་གེ་གསུམ་སྦྱོར་བར་བྱེད་པ་བྱའོ། །རྣ་དྲུང་དུ་ནི་ཞེས་བྱ་བ་ལ ་སོགས་པ་ནས། དེ་འདིར་གསང་ཞིབ་དགོངས་པ་ཡིས། ཕྲ་མོའི་སྦྱོར་བ་བཤད་པ་ཡིན་ཞེས་པའི་མཐར་ཐུག་པ་ནི་རྩ་བ་ཉིད་ལས་རྟོགས་པར་སླའོ། །བསམ་གཏན་ཁ་དོན་མེད་མོད་ཀྱི་ཞེས་པ་ལ་བསམ་གཏན་ནི་རླུང་ལ་རྣམ་པར་བལྟ་བར་བྱེད ་བས་མཉམ་པར་བཞག་པའི་སེམས་སོ། །ཁ་ཏོན་ནི་ཚིག་ཏུ་བརྗོད་པའི་བཟླས་པའོ། །འདི་དག་དང་བྲལ་བའི་འཇིག་རྟེན་ནི་རང་བཞིན་བཟླས་པའི་མཚན་ཉིད་ཡིན་པ་ཉིད་ཀྱི་ཕྱིར་རོ། །འདིས་ནི་ཞེས་བྱ་བ་ལ་སོགས་པ་ནི་བརྗོད་པའི་རྡོ་རྗེ་བཟླས་པའི་རིམ་པ ་འདིས་ནི་ཆོ་ག་ཇི་བཞིན་ཏེ། རིམ་པ་ལས་མ་འདས་པས་བརྟེན་པ་སྟེ་གོམས་པ་བྱེད་པ་བྱས་ནས་ཞི་བ་ཅན་ལ་སོགས་པའི་ལས་རྣམས་ཐམས་ཅད་རྡོ་རྗེ་བཟླས་པ་སྒོམ་པ་བོས་རྡོ་རྗེ་བཟླས་པའི་ཏིང་ངེ་འཛིན་གྱིས་བསྒྲུབ་པར་བྱའོ། །འདི་དག་སླར་ཡང་གསལ་བར་གསུངས་བ་གཉིས་སུ་མེད ་མཉམ་པ་ཉིད་རྣམ་པར་རྒྱལ་བ་རྣལ་འབྱོར་ཆེན་པོའི་རྒྱུད་དུ། མཉམ་མེད་སྔགས་ནི་བཟླས་ནས་ནི་།ཞེས་བྱ་བ་ལ་སོགས་པ་སྟེ། གང་དང་མཚུངས་པ་ཡོད་པ་མ་ཡིན་པ་དེར་འགྱུར་བ་ནི་མཉམ་མེད་དོ་གུས་པ་དང་བཅས་པས་གོམས་པའི ་སྦྱོར་བས་མཉམ་མེད་སྔགས་བཟླས་ནས་སོ། །དེའི་ཚེ་ཅིར་འགྱུར་ཞེན་།བརྒྱ་ཕྲག་བཅུ་དྲུག་གི་རླུང་སེམས་ལ་ཐིམ་པར་འགྱུར་རོ། །གང་གི་ཚེ་སེམས་ལ་རླུང་ཐིམ་པ་དེའི་ཚེ་སྣའི་བུ་གར་འཇུག་པ་ལ་སོགས་པའི་གོ་རིམ་གྱིས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན། ་དཀྱིལ་འཁོར་བཞི་པོ་ཆོས་གསལ་བར་མཐོང་ཞིང་ཡང་དག་པར་རྟོགས་པ་ལས་སོ་ཞེས་བསྒྲུབ་པར་བྱའོ། །སྒྲུབ་པའི་བདག་ཉིད་ཅན་ནི་སྒོམ་པ་པོ་རྣལ་འབྱོར་བ་དེའི་ཁམས་གསུམ་ཉིད་དེ། ལུས་དང་ངག་དང་སེམས་བརྫུན་འགྲུབ་པར་གདོན་མི་ཟའོ་ཞེས ་དཀྱིལ་འཁོར་བཞི་པོ་ཆེས་གསལ་བར་བསྟན་པ་མངོན་པར་བརྗོད་ནས། །ད་ནི་ལྷག་མ་དབུགས་ཁྲི་ཕྲག་གཉིས་སེམས་ལ་སླར་ཡང་ཐིམ་པ་བསྟན་པར་འདོད་ནས། དྲུག་ཅེས་བྱ་བ་ལ་སོཌ་པ་གསུངས་ཏེ་།སྔགས་ཡི་གེ་གསུམ་རླུང་གི་རང་བཞིན་ཁ་དོག་ལྔ་ཡེ་ཤེས ་ལྔའི་བདག་ཉིད་ཅན་ཉིད་དཀྱིལ་འཁོར་བཞི་པོ་ཡེ་ཤེས་གཉིས་བརྫུན་པའི་རྒྱུར་གྱུར་པའོ། །འདིའི་ཕྱིར་ཡེ་ཤེས་ལས་ནི་བྱུང་བ་ཞེས་བ་ཡང་དག་པར་བྱུང་བའོ། །དབུགས་ལྷག་མ་གང་ཡིན་པ་དེ་དག་ཟླ་བ་གཅིག་གིས་ཁྲི་ཕྲག་གཉིས ་བཟླས་ནས་ནི་ཞེས་པ་འབུམ་ཕྲག་དྲུག་ཏུ་འགྱུར་རོ། །རྡོ་རྗེ་སེམས་དཔའ་ཕྱག་བྱས་ནས་ཞེས་པའི་དོན་ཅི། །ཡི་གེ་གསུམ་གྱི་རང་བཞིན་གྱི་རང་བཞིན་རྡོ་རྗེ་སེམས་དཔའ་ཨི་དེ་མཉེས་པར་བྱས་ཤིང་བསྒོམ་པར་བྱས་ནས་རྣལ་འབྱོར་བ་དེ་འགྲུབ་འགྱུར་ཏེ་།ལུས་དང་ངག་དང ་སེམས་བརྫུན་པའི་རང་བཞིན་ཐོབ་པ་རྡོ་རྗེ་འཆང་དང་མཚུངས་བ་ཐོབ་པར་འགྱུར་རོ། །ཅི་ལ་ཞེ་ན་ཟླ་བ་ཉལ་ཞེས་པའི་དོན་ཏོ། །དེ་ལྟར་ཞུགས་པའི་རྣལ་འབྱོར་པ་ཡིས་ཅི་བརྟུལ་ཞུགས་ལ་སོགས་པ་ཀུན་ཏུ་སྤྱད་པར་བྱ་འམ་འོན་ཏེ་མ་ཡིན་ཞེས་དོགས་པ་ལ ་དེ་ལ་མེད་ཅེས་བྱ་བ་ལ་སོགས་པ་སྟེ། ཚིག་བརྗོད་པའི་བདག་ཉིད་ཅན་གྱི་སྔགས་ནི་མི་དགོས་སོ། །གཟུངས་ནི་བཙན་ཐབས་ཀྱི་སྦྱོར་བས་རླུང་གི་འཁྲུལ་འཁོར་རོ། །གཅིག་ནས་གཅིག་ཏུ་ལྡོག་པར་འགྱུར་ཞེས་པ་ནི་།གཞན་དང་གཞན་དུ་ཡང་བྱ་བ་ཁྲུས་དང་ཟབ་ལ་སོཌ་པས ་མི་བྱའོ། །འོན་ཀྱང་རྡོ་རྗེ་བཟླས་བ་ཉིད་ལས་འགྲུབ་པར་འགྱུར་རོ། །ཞེས་པའི་དོན་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །ཡཾ་ཡིག་ཡོངས་སུ་གྱུར་བརླུང་གི་དཀྱིལ་འཁོར་འབབ་པར་གྱུར་པ་ལ་རྣམ་པར་ཤེས་པ་གང་ཅུང་ཟད་ཅིག་བྱ་བཞི་པ་ཅན་ལ་སོགས་པའི ་ལས་བཞི་པོ། །ར་སོགས་གསུམ་ལས་གང་ཉིད་ཀྱིས། །འགྲོ་བའི་དོན་ལ་ཞེས་པ་ནི་སྔ་མཁོ་ནའི་དོན་དོ། །ཞེས་བྱ་བ་ལ་སོགས་པ་ལ། ཐུན་ཚོད་ཕྱེད་ཀྱི་དུས་སུ་ནི་སྟེ། ཐུན་ཚོད་ཕྱེད་ཀྱིས་དུས་སུ་ལས་ནི་གཉིས་གཉིས་གནས་པ་ལ་ཞེས་པ་ནི་རླུང་གི་དཀྱིལ་འཁོར་འབབ ་བཞིན་པ་ལ་གཙོ་བོས་ལས་གཉིས་ཉེ་བར་བླངས་པ་དེ་ལ་།གཞན་དཀྱིལ་འཁོར་གསུམ་ཡང་དག་པར་འབྱུང་བ་ལས་ཀྱང་ལས་གཉིས་སུ་བྱས་ནས་ཡང་དག་པར་འབྱུང་ངོ། །ཅི་ལས་ཤེས་ན་ཕལ་བ་དང་གཙོ་བོའི་དངོས་པོས་གང་དུ་གཅིག་ཡིན་པ་དེར་བཞི་པོ ་ཞེས་པའི་རིགས་པ་ལས་ངེས་པ་མེད་དོ། །འབྲས་བུ་གསུངས་པ། མཆོད་པ་བརྩོན་པས་ཞེས་བྱ་བ་ལ་སོགས་པ་ནས་།རྣམ་པར་མི་རྟོགས་གཅིག་བློ་ལྡན་ཞེས་པའི་མཐར་ཐུག་པ་ནི་རྩ་བ་ཉིད་ལས་ཁོང་དུ་ཆུད་པར་སླའོ། །གསུང་གི་རྡོ་རྗེའི་ཞེས་སོགས་ནི ་གསུང་གི་རྡོ་རྗེ་རླུང་གི་སྒྲུབ་པ་ལ་རྣམ་པར་བལྟ་བར་བྱེད་པ་བྱས་ནས་།ཡེ་ཤེས་གསུམ་གྱི་དབྱེ་བ་ཡིས་ཤེས་པ་ནི་།འདིའི་དོན་ངེས་པར་བྱ་སྟེ་།སྣའི་བུ་གར་རླུང་དུ་བརྟགས་པ་ཡི་གེ་གསུམ་རླུང་དང་ལྡན་པ་ཐུགས་རྡོ་རྗེ་མངོན་སུམ་དུ་བྱེད་བའི་ཐབས་རྡོ་རྗེ ་བཟླས་པ་རྒྱུར་གྱུར་པའི་འཇུག་པ་དང་གནས་པ་དང་ལྡན་པའི་མཚན་ཉིད་ཡེ་ཤེས་གསུམ་གྱི་རབ་ཏུ་དབྱེ་བས། སེམས་ཙམ་ལ་ནི་ངེས་སྦྱར་བྱ་ཞེས་པ་ནི་ཙམ་གྱི་སྒྲ་ནི་ངེས་པར་བཟུང་བ་ལ་སྟེ། ལྷག་པ་མེད་པར་སྦྱར་བྱའོ། །ཡང་ནི་སེམས་ཙམ ་དུ་ཐིམ་པར་འགྱུར་རོ། །འདིས་སེམས་བརྟན་པ་ཉིད་དུ་གྱུར་པ་ལ་སྒོམ་པ་པོ་དག་ལ་དམིགས་པ་དང་སེམས་ལ་དམིགས་པ་ཡང་ཐོབ་པར་བྱེད་དོ། །འདིས་འདི་སྐད་གསུངས་པར་འགྱུར་ཏེ། སེམས་ལ་དམིགས་པ་ཡོངས་སུ་ཐོབ་ནས་ས ་བརྒྱད་པའི་དབང་ཕྱུག་དུ་འགྱུར་རོ། །དགོངས་པ་བླ་ན་མེད་པར་གསུང་པ་ཡང་།དང་པོ་ལས་ཀྱི་སྦྱོར་བ་ཡིས། །ས་བརྒྱད་པ་ནི་ཐོབ་པར་འགྱུར་ཞེས་སོ། །དེ་ནས་དང་པོར་རྡོ་རྗེ་བཟླས་པ་པོ་རྣམས་ཀྱིས། །འདི་ཉིད་མན་ངག་ཡིན་པས་ཀྱང་འདིར་བྲིས་པའོ། །སློབ ་མ་ངེས་པར་རྟོགས་པར་བྱེད་པ་གསུངས་པ། བླ་མ་ལ་བརྙས་སྒྱུ་ཅན་ཞེས་བྱ་བ་ལ་སོགས་པ་ལ་སྔགས་ཀྱི་རློམ་པ་ནི་ངག་གིས་བཟླས་པ་འཆལ་བ་ཉིད་ཡིན་པའི་ཕྱིར་རོ། །འཛིན་པ་ནི་རྡོ་རྗེ་བཟླས་པའི་མན་ངག་གིས་རྗེས་སུ་འཛིན་པའོ། །ཚིག་གཞན་ཐམས་ཅད ་གོ་སླའོ། །རི་དབང་ཞེས་བྱ་བ་ལ་སོགས་པ་ནི་བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན་།དེ་གྲོལ་བར་མི་འགྱུར་བ་ལས་ཅི་ལུང་ཐོབ་པ་ཙམ་གྱིས་གྲོལ་བ་སངས་རྒྱས་སུ་འགྱུར་ན་ངན་སོང་གི་འགྲོ་བ་རྣམས་སུ་མི་འགྲོ་བ་ལྟ་མོས་ཀྱང་ཅི་དགོས། །འདིས་མ་གྲོལ་བ ་ཡང་གྲོལ་ལོ། །ཞེས་མངོན་པར་བརྗོད་པར་བྱའོ། །ཞེས་པ་རྡོ་རྗེ་བཟླས་པའི་དོན་མདོར་བཤད་པ་རྣལ་འབྱོར་པའི་ཡིད་འཕྲོག་པ་རྫོགས་སོ།། །།མདོར་བྱས་ཀྱི་རིམ་པ་དང་རྡོ་རྗེ་བཟླས་པའི་རིམ་པར་ཡང། །ཡེ་ཤེས་གསུམ་བརྫུན ་པ་ཉིད་དུ་སོ་སོ་སོར་བསྟན་ནས། །ད་ནི་དེ་དང་ཐ་མི་དད་པའི་སྐུ་སོ་སོར་བསྟན་པར་འདོད་པས་གསུངས་པ། རྡོ་རྗེ་ཆེ་ལ་ཕྱག་འཚལ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སྟེ། ཆེན་པོ་ཡང་འདི་ཡིན་ལ་རྡོ་རྗེ་ཡང་ངོ་ཞེས་པས ་རྡོ་རྗེ་ཆེན་པོ་སྟེ་རྡོ་རྗེ་ཆེན་པོ་སྟོང་པ་ཆེན་པོའི་ངོ་བོ་དེ་ལ་ཕྱག་འཚལ་ལོ་ཞེས་སྤྲེལ་ལོ། །དེ་ཉིདཀྱི་ཕྱིར་རྡོ་རྗེ་སེམས་དཔའ་ལ་སོགས་གཙོ་སྟེ། རྡོ་རྗེ་སྟོང་པ་ཉིད་དེ་ལ་སེམས་ཤིང་མངོན་པར་འདོད་པ་གང་ཡིན་པ་ནི་སེམས་དཔའ་དེ་ཉིད་སྟོང ་པ་ཆེན་པོའི་རང་བཞིན་ནོ། །སོགས་ཀྱི་སྤྲས་མི་བསྐྱོད་པ་ལ་སོགས་པ་གཟུང་ངོ། །འདི་རྣམས་ཀྱི་ཕར་གྱུར་པ་ཉིད་ཀྱིས་གཙོ་བོའོ། །བདག་བྱིན་བརླབས་པའི་རིམ་པར་འདི། སོ་སོར་བསྟན་པ་ནི། བརྫུན་པའི་ལུས་དང་ངག་དང་སེམས་རྣམS ་ནི་བདག་གི་སྒྲས་མངོན་པར་བརྗོད་པར་བྱའོ། །དེ་རྣམས་ཀྱིས་བྱིན་གྱིས་བརླབས་པ་ནི་ཕན་ཚུན་ཐ་དད་པའི་དངོས་པོས་མི་དམིགས་པར་བདེ་བའི་རྣམ་པར་རྫོགས་པར་བྱེད་པའོ། །རིམ་པ་གང་གིས་བདག་བྱིན་གྱིས་བརླབ་པའི་རིམ་པ་དེའི། འང་གི་སྒྲ་ནི་རྐང ་བ་རྫོགས་པར་བྱེད་པའོ། །བདག་གི་ནི་ཀླུ་སྒྲུབ་ཀྱིས་སོ། །བཤད་པར་བྱིན་བསྟན་པར་བྱ་བའོ།། བརྩེ་བས་ནི་ཆོས་ལ་དམིགས་པའི་སྙིང་རྗེས་སོ། །དང་པོ་རེ་ཞིག་བསྐྱེད་པའི་རིམ་པའི་རྗེས་སུ་འབྲངས་ནས་ཞེས་བྱ་བ་ལ་སོགས་པ་ནི་ཐམས་ཅད་ཀྱི་དང་པོར་རོ། །དབང་བསྐུར་བ་ཡང་དག་པར ་ཐོབ་ཅིང་ནི་སློབ་དཔོན་དུ་དབང་བསྐུར་བ་ལ་སོགས་པས་ཆོ་གའི་རིམ་པ་ཇི་ལྟ་བ་བཞིན་དུ་མངོན་པར་དབང་བསྐུར་བའོ། །རྒྱུད་རྣམ་པ་བཞིའི?་དགོངས་པ་ཞེས་པ་ནི། བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་ཤེས་པའོ། །ཐོབ་པ་ཞེས་བྱ་བ་ལ ་སོགས་པ་ནི། རྡོ་རྗེ་བཟླས་པའི་རིམ་པས་ལུས་དང་ངག་དང་སེམས་རྣམ་པར་དག་པ་ཐོབ་པའོ།། དེ་ཉིད་ཀྱི་ཕྱིར་ཐོབ་པའི་འཛིན་པའོ། །ཐོས་པ་འཛིན་པ་ཉིད་ཀྱིས་རིན་པོ་ཆེའི་གང་ཟག་ཏུ་གཟུང་ངོ།། བདེན་པ་གཉིས་ལ་ལྷག་པར་ནུས་པ་ཞེས་པ་ནི་ཀུན་རྫོབ་ཀྱི་བདེན་པ་དང ་དོན་དམ་ཀྱི་བདེན་པ་གཉིས་ལ་ལྷག་པར་མོས་པའོ། །རྡོ་རྗེ་སློབ་དཔོན་ཡང་དག་པ་མཉེས་པར་བྱས་ནས་ཤེས་བྱ་བ་ལ་སོགས་པ་ལ་འདིའི་དོན་འདི་ཡིན་ཏེ། འདིར་བཤད་པས་བདག་བྱིན་གྱིས་བརླབ་པའི་རིམ་པའི་མན་ངག་སྔོན་ཐོས་པ་དེ་ནི་སློབ་མ་ལ་བཤད་པས ་དེ་ལྷག་པར་རྟོགས་པ་འདོད་པའི་རྡོ་རྗེ་སློབ་དཔོན་ཡང་དག་པར་མཉེས་པར་བྱས་ནས་ཞེས་སྤྲེལ་ལོ། །དེའི་འོག་ཏུ་ཞེས་པ་ནི་བསྙེན་བསྐུར་བ་དེ་ལས་ཡང་དག་པར་མཉེས་པར་བྱས་པ་ལས། བླ་མ་ཡང་དག་པར་དགའ་བར་འགྱུར་རོ། །བླ་མ་ལ་རབ་ཏུ་དད?་པ་དང་ཡང་དག ་པར་མགུ་བའི་ཆེད་དུ་ཞེས་པའོ། །སླར་ཡང་འདོད་པ་ལྔ་ལ་ཉེ་བར་ལོངས་སྤྱོད་པས་འཁོར་ལོའི་དབུས་སུ་བླ་མ་ལ་མངོན་པར་དང་བར་བྱའོ་།ཞེས་གསུངས་པ་།ཚོགས་ཀྱི་མཆོད་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་སོ།། ་དེའི་བར་མ་ཆད་པར་ཞེས་བྱ་བ་ལ་སོགས་བ་ནི་འདོད་པ་ལྔ་ལ་ཉེ་བར་ལོངས་སྤྱོད་པའི་བར་མཆོད་པར་རོ། །བླ་མའི་ཞལ་སྔ་ནས་ནི། བླ་མ་བརྒྱུད་བའི་ཞལ་སྔ་ནས་གསུངས་བ་ལས་བླ་མས་ཐོབ་པ་རབ་ཏུ་ཐོབ་པའི་བདག་བྱིན་གྱིས་བརླབ་པའི་མན་ངག་དེ་སློབ ་མའི་ཆེད་དུ་བསྟན་པར་བྱའོ། །དེ་ལྟ་མོད་ཀྱི་རིམ་པ་ཅིས་ཤེས་ན་།དེའི་འོག་ཏུ་ནས་བྱ་བ་ལ་སོགས་པ་ལ། །ཕྲེང་བ་དང་ཆུ་ལ་སོགས་པ་འདི་རྣམས་དང་བཅས་པའི་གསང་བའི་དབང་བསྐུར་བའི་མཐར་ཐུག་བ་ཐོབ་པའི་ཕྱི་ནས་འདིའི་དབང་བསྐུར་བ་གཉིས་པ་འདིའི ་འཆང་བཞིན་བའི་ཤེས་རབ་ཀྱིས་དབང་སྐུར་བ་ཡང་རྡོ་རྗེ་ནོར་བུར་དེ་ཁོ་ན་ཉིད་སོ་སོར་བསྟན་པར་བྱའོ། །རྡོ་རྗེ་སློབ་དཔོན་ཅི་ལས་ཤེ་ན་།དབང་བསྐུར་ནས་དེ་ཉིད་སོ་སོར་བསྟན་པར་བྱའོ་ཞེས་བའི་གསུང་ལས་སོ་ཤེས་ཡོངས་སུ་བཤད་བ་འདི་ཡང་འདི་ཉིད་ཀྱིས ་འཆད་བཞིན་པའི་མངོན་པར་བྱང་ཆུབ་པའི་རིམ་པས་རྗེས་སུ་འཇུག་པས་རྗེས་སུ་རྟོགས་པར་བྱའོ། །སོ་སོར་བསྟན་པར་བྱེད་པ་ནི་ལས་ཀྱི་ཕྱག་རྒྱ་ཁོ་ན་ལའོ། །དགོངས་པ་བླ་ན་མེད་པར་གསུངས་པ་ཡང་།སྒྱུ་མ་རྣམས་ནི་ཐམས་ཅད་ཀྱི་འདི། །བུད་མེད་སྒྱུ་མ་ཉིད་ཁྱད་འཕགS ་ཡེ་ཤེས་གསུམ་གྱི་རབ་དབྱེ་འདི། །འདི་གཉིས་ལ་ནི་གསལ་བར་མཚོན་ཞེས་སོ། །དེའི་ཕྱིར་སློབ་དཔོན་གྱི་དབང་བསྐུར་བ་སྨོས་པས་ཡེ?་ཤེས་བསྟན་ནོ། །འདི་ནི་སྣང་བའི་ཡེ་ཤེས་ཀྱི་གཉེན་པོའོ། །གསང་བའི་དབང་བསྐུར་བ་སྨོས་བས་ཡེ་ཤེས་སོ། །འདི་ནི་སྣང་བ་མཆོད་བའི ་གཉེན་པོའོ་ཞེས་སོ། །མཐར་གྱིས་མཚོན་མོར་ཡེ་ཤེས་གཉིས་སོ་སོར་རྟོགས་ནས་བདག་བྱིན་གྱིས་བརླབ་པའི་མན་ངག་ཀྱང་འདིར་སོ་སོར་བསྟན་པར་བྱའོ་ཞེས་བྱས་ནས་ཤེས་རབ་ཀྱི་དབང་བསྐུར་བ་སྦྱོར་བ་མ་ཡིན་ནམ་།ཅི་ལྟར་དབང་བསྐུར་བ་གཉིས་དང ་འདི་དག་གི་དེ་ཁོ་ན་ཉིད་ཀྱང་སྟོན་པར་བྱེད་ཅེ་ན། བདོན་ཏེ་མཐར་གྱིས་དང་བྲལ་བས་དེ་ཡང་སོ་སོར་བསྟན་པར་མི་ཞུས་སོ་ཞེས། །དེའི་འོག་ཏུ་གསུངས་པ།། ཤེས་རབ་ཡེ་ཤེས་མངོན་བརྗོད་བྱ། །བདག་བྱིན་བརླབ་པའི་མཚན་ཉིད་དོ། །སོ་སོར་སྟོན་པར་གྱུར་པ་ནི། །བླ་མ་སློབ ་མའི་ཆེད་དུའོ། །འདིའི་དོན་སོ་སོར་འདི་རྣམས་ཀྱིས་ཞེས་སོ། །འདི་རྣམས་ཀྱིས་འཆད་བཞིན་པའི་ཁོང་སྟོང་མེད་ཞེས་བྱ་བ་ལ་སོགས་པ་ནས་སྣ་ཚོགས་མིན་ལ་སྙོམས་འཇུག་ལ། །དམིགས་མེད་ཁྱོད་ལ་ཕག་འཚལ་ཞེས་བའི་མཐར་ཐུག་པའི་བསྟོད་པ་རྣམས་ཀྱི ་བླ་མ་ལ་ཡེ་ཤེས་གསུམ་ཐ་མི་དད་པའི་རང་བཞིན་དུ་བསྟོད་པར་བྱའོ། །ཁོང་སྟོང་མེད་ཅེས་བྱ་བ་ལ་སོགས་པ་ནི། ཁྱོད་ཀྱི་སྐུ་ལ་ཁོང་སྟོང་ཡོད་པ་མ་ཡིན་པའོ། །ནམ་མཁའ་ལ་ནི་འཇའ་ཚོན་ལྟར་ཞེས་པ་ནི། འོད་ཟེར་ལྔའི་ཁ་དོག་དང་ལྡན་པ་ཉིད་ཀྱི་དཔེའོ།། ་བསྙུན་མེད?་ཅེས་བྱ་བ་ལ་སོགས་བ་ལ་བསྙུན་ནི་ནད་དོ། །མི་གཙང་མེད་ཅེས་བ་ལ་སོགས་པ་ནི་གོ་སླའོ། །ཆུ་ཟླ་བཞིན་དུ་གཟུང་དུ་མེད་ཅེས་བྱ་བ་ལ་སོགས་པ་ནི་རྣམ་པར་སྤྱོད་པ་དང་བཅས་པ་ཉིད་ཀྱི་ཕྱིར་མི་བདེན་པའི་ངོ་བོའོ། །མངོན་སུམ་ཚད་མའི་སྤྱོད་ཡུལ་ཡིན ་པའི་ཕྱིར་བརྫུན་པ་ཉིད་མ་ཡིན་ནོ། །འདིས་ནི་ཆུ་ཟླ་བཞིན་དུ་གཟུང་བར་བྱའོ་དེ་བཞིན་དུ་ཆོས་རྣམས་ཀུན་ལ་འང་ངེས་པ་མེད་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་ཞེས་པའི་དོན་ཏོ། །ང་རྒྱལ་མི་མངའ་རྨོངས་མི་མངལ་ཞེས་པའི་དོན་ནི་ཁོང་དུ་ཆུད་པར་སླའོ། །དེ་ཉིད་ཀྱི་ཕྱིར། ་སྣང་བ་གཉིས་ཀྱི་རྣམ་པར་རྟོག་པ་སྤངས་པའི་ཕྱིར་།དམིགས་མེད་ཁྱོད་ལ་ཕྱག་འཚལ་ཏེ། ཕྱག་འཚལ་བར་བྱེད་པར་གྱུར་ཅིག་གོ་།རིམ་པ་འདི་ཉིད་ཀྱི་དམིགས་པ་མེད་པའི་ཚིག་གི་བཤད་པར་བྱ་བཞིན་པའི་ཚིགས་སུ་བཅད་པ་རྣམས་ལ་ཡང་མཁས་པས་རྟོཌ ་པར་བྱའོ། །རྟག་ཏུ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རྣམ་འཕྲུལ་བྱེད་ཅེས་པ་ལ་སོགས་པ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་ནི་སྒྱུ་མ་ཏེ་སྒྱུ་མའི་ལུས་ཀྱིས་ལྟ་བུ་སྟེ་མཚུངས་པ་གང་ཡིན་པ་སྟེ་དེ་བཞིན་ནོ། །སྒྱུ་མ་ལྟ་བུ་ཡང་འདི་ཡིན་ལ་ཏིང་ངེ་འཛིན་ཡོངS ་ཞེས་ཚིག་རྣམ་པར་སྦྱར་རོ། །ངེས་འདི་ཉིད་ཀྱི་ཁྱད་པར་རྫུ་འཕྲུལ་ཆེ་ཞེས་པའོ། །སྣ་ཚོགས་མིན་ཉིད་ཅེས་པ་ནི་སྤྲོས་པའི་རྣམ་པར་རྟོག་པ་སྣ་ཚོགས་པ་ཉིད་ངེས་པར་སྤངས་པ་དེ་ལ་སྙོམས་པ་ཞུགས་པའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ་དེ ་ལྟར་རྡོ་རྗེ་སློབ་དཔོན་ཡང་དག་པའི་ཡོན་ཏན་གྱིས་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཡོན་ཏན་གྱི་ཡོན་ཏན་གྱིས་བསྟོད་ནས་།སྙན་པའི་དོན་དུ་བཤད་པར་བྱ་བཞིན་ཚིགས་སུ་བཅད་པ་འདིས་གསོལ་བ་གདབ་པར་བྱའོ། །ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན་ཞེས་བྱ་བ་ལ་སོཌ ་པ་ལ། །ཕུང་པོ་ནི་ཚོགས་པའོ། །སྲིད་པའི་འཁོར་ལོ་ཞེས་པ་ནི་སྲིད་པ་ཉིད་འཁོར་ལོ་སྟེ་།ཅི་ལྟར་ཞེ་ན་འགྲོ་བ་ལྔ་རྣམས་སུ་འཁོར་ལོའི་ཚུལ་གྱིས་འཁོར་བའི་ཕྱིར་རོ། །དེ་རྣམ་པར་སྦྱོང་བའོ། །དེ་རྣམ་པར་སྦྱོང་བའོ། །དེ་རིང་བཤད་པའི་རིན་ཆེན་གྱིས་ནི། །ད་རིང ་ནི་ཉི་མ་འདི་ལ་སྟེ་དེང་ངོ། །བཤད་པའི་རིན་ཆེན་གྱིས་ནི་ཀུན་རྫོབ་ཀྱི་བདེན་པ་བཤད་པའི་རིན་ཆེན་གྱིས་བཀའ་དྲིན་མཛོད་ཅིག། བདག་ལ་ནི་བདག་གིའོ། །གཙོ་བོ་ནི་ཁྱབ་བདག་གོ། །ཁྱོད་ཞབས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལྟར་ཞེས་བྱ་བ་ལ་སོཌ་པ ་ལ་དེ་ལྟར་སློབ་མའི་ཚིག་དེ་ཐོས་ནས་ནི་ཅིར་འགྱུར་ཞེས་ན། ཡང་དག་པར་གསོལ་བ་འདེབས་པའོ། །འཇིགས་མེད་གསོལ་འདེབས་པ་ནི་གཙོ་བོ་མཐར་ཐུག་པ་ལའོ། །སྙིང་རྗེ་ཞེས་པ་ནི་ཁོང་དུ་ཆུད་པར་སླའོ། །དེ་ནས་བདག་བྱིན་བརླབ་པ་ཙམ་ཞེས་པ་ནི་།བདག་ལ ་བྱིན་གྱིས་བརླབ་པ་བཤད་པར་འདོད་པས་བླ་མས་རིམ་པ་ཉེ་བར་བྱའོ། །བདག་བྱིན་བརླབས་པ་ཞེས་བྱ་བ་ལ་སོགས་བ་ལ་ཀུན་རྫོབ་བདེན་པ་བསྟན་པ་ནི་སྟེ། །དེ་ཅི་ཞེ་ན། ཤིང་དང་རི་དང་ཆུ་བོ་དང་རྒྱ་མཚོ་ལ་སོགས་པའི་དངོས་པོའི་གྲོང་ཁྱེར་ནི་ཀུན་རྫོབ་པོ།། ་འདི་དང་བྲལ་བས་བདེན་པ་ཁོད་དུ་ཆུད་པར་ནི་འགྱུར་བ་ཉིད་དོ། །དེ་བཞིན་དུ་སློབ་དཔོན་ཟླ་བ་གྲགས་པའི་ཞབས་ཀྱིས་ཀུན་རྫོབ་ཀྱི་བདེན་པ་ཉམས་པས་འཇིག་རྟེན་པའི་དངོས་གྲུབ་མེད་དོ་ཞེས་བཤད་དོ། །བདེན་པ་སྟན་པ་འདི་ནི་ཡེ་ཤེས་གསུམ་པོ་ཐ་དད ་པ་ལས་འདས་པའི་ཡེ་ཤེས་ཀྱི་རང་བཞིན་གྱིས་ལུས་བསྟན་པའི། བླ་མའི་ཞབས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །གང་གིས་ཞེས་བྱ་བ་ལ་སོགས་པ་ལ་སྒྲུབ་པ་པོས་གང་གིས་བླ་མ་ལས་དངོས་སུ་བདག་བྱིན་གྱིས་བརླབ་པའི་རིམ་པའི་མན་ངག་གཉུག ་མའི་ལུས་སུ་གནས་པ་རྙེད་པར་མི་འགྱུར་ཏེ་ཐོབ་པར་མི་འགྱུར་བའོ། །མདོ་སྡེ་རྒྱུད་དང་རྟོག་པ་ལ་སྟེ་།ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་རྣམས་སུ་རྣལ་འབྱོར་པ་དེའི་ངལ་བ་ནི། དུབ?་པ་ཞེས་པའི་རྣམ་གྲངས་ཏེ།། དོན་དེ་འབྲས་བུ་མེད་པའམ་ཕྱིན ་ནི་ལོག་ཏུ་འགྱུར་རོ། །ལྷ་མོ་བཞིས་ཡོངས་སུ་ཞུས་པ་རྣལ་འབྱོར་ཆེན་པོའི་རྒྱུད་དུ་གསུངས་པ་ཡང། །ཐུབ་པ་ཆེན་པོའི་ཆོས་ཕུང་པོ། །སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ཡི། །དེ་ཉིད་མི་ཤེས་གང་ཡིན་ནའོ། །དེ་རྣམས་ཀུན་ཀྱང་འབྲས་བུ་མེད་ཅེས་སོ།། བདག་བྱིན་བརླབ་པའི ་རིམ་པ་ཞེས་བྱ་བ་ལ་སོགས་པ་ནི། ཤེས་རབ་ཀྱི་དབང་བསྐུར་བ་རྣམས་སོ་སོར་བསྟན་པ་གང་ཡིན་པ་ནི་སྟོང་པ་ཆེན་པོའི་ཡེ་ཤེས་གང་ཡིན་པ་དེ་སློབ་མས་བཤད་པ་ཐོས་པའི་སྒྲོ་ནས་ཀྱང་རྡོ་རྗེ་བླ་མ་ལས།། བདག་ལ་བྱིན་གྱིས་བརླབ་པའི ་རིམ་པ་ཐོབ་པ་སྟེ། རྙེད་ནས་སངས་རྒྱས་ཀུན་རང་བཞིན་སྟེ་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་དུ་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་མཁའ་བདག་གོ་སྟེ་།འགྲོ་བ་གསུམ་པོ་ཡི་འོ། །ཚེ་འདི་ཉིད་ལ་ནི་སྐྱེ་བ་འདི་ཉིད་ལས་སངས་རྒྱས་ཉིད་ཐེ་ཚོམ་མེད་པར་ཇི ་ལྟར་འགྱུར་བ་དེ་བཞིན་དུ། རབ་ཏུ་རྟོགས་པར་བྱ་བའི་ཕྱིར་ཞེས་པས་ཐོབ་པར་བྱའོ། །བདག་བྱིན་བརླབ་པའི་ཏིང་ངེ་འཛིན་དང། །དེ་བཞིན་འོད་གསལ་པའི་གནས་ཤེས་བྱ་བ་ལ་སོགས་པ་ལ་དང་གི་སྒྲ་ནི་རྐང་པ་རྫོགས་པར་བྱེད་པ་ལའོ། །ཇི་ལྟར་ཀུན ་རྫོབ་གྱི་བདེན་པའི་གནས་དེ་བཞིན་དུ་དོན་དམ་པའི་བདེན་པས་གནས་སོ་ཞེས་བདེན་པ་གཉིས་སུ་རྣལ་འབྱོར་པ་འཇིག་རྟེན་པ་རྣམས་ལ་བསྟན་པ་ཡིན་ནོ། །འདིས་ནི་གསུངས་པའི་བདེན་པ་གཉིས་པ་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན ་པས་རྒྱུ་དང་འབྲས་བུའི་དངོས་བོར་རབ་ཏུ་བསྟན་པར་འདོད་པས་སྒྱུ་དང་འབྲས་བུའི་ཁྱད་པར་ལས་ཞེས་གསུངས་ཏེ་ཀུན་རྫོབ་ཀྱི་བདེན་པ་འབྲས་བུའོ། །འོད་གསལ་བར་འདི་དག་དེ་སྲིད་དུ་མངོན་པར་བརྗོད་པ་བྱའོ། །བདག་བྱིན་བརླབ ་པའི་རིམ་གྱིས་ནི། །འོད་གསལ་བ་ནི་ཐོབ་པར་བྱ། །དེ་བས་རྡོ་རྗེ་བླ་མ་ཡིས། །མངོན་དུ་བདག་བྱིན་བརླབ་པར་གྱུར་པ་བསྟན་པར་བྱ་སྟེ་བཤད་པར་བྱ་ཞེས་པ་རིམ་པ་འདི་ཉིད་ཀྱིས་སོ་སོའི་སྐྱེ་བོ་རྣམས་ཀྱི་ཡང་ས་ལ་སོགས་པའི་སྒོ་ནས་རྒྱུ་དང ་འབྲས་བུའི་དངོས་བོ་བསྟན་པར་འདོད་ནས་གསུངས་པ། །སའི་ཁམས་ནི་ཆུ་ལ་ཐིམ། །ཆུ་ནི་མེ་ལ་ཐིམ་པ་སྟེ། མེ་ཡང་ཕྲ་མོའི་ཁམས་ལ་ཡང་།རླུང་ནི་སེམས་ལ་རྣམ་པར་ཐིམ། །སེམས་ཀྱང་སེམས་བྱུང་ལ་ཐིམ་བྱ། །སེམས་ལས་བྱུང་ནི། ་མ་རིག་ལའོ། །དེ་ཡང་འོད་གསལ་བར་འགྲོའོ། །སྲིད་པ་གསུམ་པོ་འདིར་འགག་གོ། དེ་བཞིན་དུ་འདི་དག་ལུགས་དང་མི་མཐུན་བས་སྟོང་པ་བཞིས་རྒྱུ་དང་འབྲས་བུའི་དངོས་པོའོ། །དེ་ཡང་བཤད་པར་བྱ་བཞིན་པ་རང་དབང་མེད་ཅེས ་བྱ་བ་ལ་སོགས་པ་སྟེ་།རང་དབང་མེད་པ་ནི་རྒྱུ་དང་རྐྱེན་ལ་རག་ལས་པའོ། །འགྲོ་ཀུན་ནི་སོ་སོའི་སྐྱེ་བོ་སེམས་ལས་གཞན་པའི་དངོས་པོ་མེད་པ་སྟོང་པ་ཆེན་པོའི་འབྲས་བུའི་ངོ་བོའོ། །དེའི་རྒྱུ་ནི་འོད་གསལ་བའོ། །འོད་གསལ་བ་ཅིར་གྱུར་པ་ཞེ་ན་།ཐམས ་ཅད་སྟོང་པའི་མཚན་ཉིད་དོ། །བདག་བྱིན་གྱིས་བརླབ་བ་འབྲས་བུའི་ངོ་བོའི་རྒྱུ་ཅི་ལྟར་འོད་གསལ་ཡིན། །འོད་གསལ་ལས་ནི་སྟོང་ཆེན་ཏེ། དེ་ལས་ཀྱང་ནི་ཐབས་འབྱུང་ངོ། །དེ་ལས་ཤེས་རབ་སྐྱེ་བར་བྱེད། །དེ་ལས་རླུང་ནི་ཡང་དག་འབྱུང། །རླུང་ལས་མེ ་ནི་ཡང་དག་འབྱུང། །མེ་ལས་ཆུ་ནི་ཡང་དག་འབྱུང། །ཆུ་ལས་ཀྱང་ནི་ས་སྐྱེའོ། །འདི་ནི་?་རྣམས་འབྱུང་བའོ། །འཁོར་བར་འགྱུར་བ་མ་ཡིན་ནོ། །ཞེས་གནས་པ་མ་ཡིན་ནམ། །དེ་བཞིན་དུ་འཕགས་པ་ལྷའི་ཞབས་ཀྱིས་ཀྱང། །ས་ལ་སོགས་པ་བཞི་པོ་དང ་དེ་བཞིན་སྟོང་པ་བཞི་པོ་སྟེ། ཚིག་དོན་བརྒྱད་བོ་སྐྱེ་བ་དང། འཇིག་པའི་རྒྱུར་ནི་?་ཤེས་བྱ་ཞེས་སོ། །འདིས་ནི་འདི་སྐད་གསུངས་པར་འགྱུར་ཏེ། །སོ་སོའི་སྐྱེ་བོ་དང་སྒྱུ་མ་ལྟ་བུའི་རྣལ་འབྱོར་པ་དག་གི་ཁྱད་པར་ཅི་ཡིན་ཞེས་མི་ཤེས་ཏེ་ཁྱད་པར་འོ། །རྣལ་འབྱོར་པ ་རྣམས་ཀྱི་སོ་སོ་སྐྱེ་བོ་རྣམས་ལ་གང་གི་ཕྱིར་དེ་རྣམས་སྒྱུ་མའི་རྣམ་པ་བཞིན། །དེ་རྣམས་སུ་ཉེ་བར་དམིགས་པ་དང་ལྡན་པའི་དངོས་པོ་རྣམས་ལ་བདེན་པ་ཉིད་དུ་མངོན་པ་ཞེན་པ་མེད་པ་འདི་ནི། །དེ་རྣམས་ལ་བྱིས་པའི་སྐྱེ་བོ་བཞིན་དུ་བདེན་བ་ཉིད་ཀྱི་མངོན ་ཞེན་པ་གང་ཡིན་པ་དེ་རྣམས་ནི་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པའི་ཕྱིར་བྱིས་པ་བརྗོད་པར་བྱའོ། །གནས་གཞན་དུ་གསུངས་པ་ཡང། །འདི་ལ་གསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལས་ཡང་དག་ལྟར་ཡང་དག་མཐོང་ན ་རྣམ་པར་གྲོལ་ཞེས་སོ། །ལུགས་དང་མཐུན་པ་ལུགས་དང་མི་མཐུན་པས་སྒྱུ་དང་འབྲས་བུའི་དངོས་པོར་མཚུངས་པ་ཉིད་དོ། །དེ་བཞིན་དུ་ཡང་བག་ཆགས་དང་བཅས་པ་བག་ཆགས་མེད་པ་ཐོབ་ནས། །རང་གི་རྟོགས་པS་འདྲི་པར་བྱེད་པ་སོ་སོའི་སྤྱོ?་བོའོ། །དེ་ཉིད་སླར་ཡང ་བསྟན་པར་བྱ་བའི་ཕྱིར། །གང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་།སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཡོངས་སུ་མི་ཤེས་པའི་སེམས་གང་གིས་བྱིས་པ་རྣམས་དངོས་པོ་རྣམས་སུ་མངོན་པར་ཤེས་པ་།བཅིངས་པར་འགྱུར་བའོ། །གང་དུ་ཞེ་ན་འཁོར་བར་ཏེ་ཀུན་ཏུ ་འཁོར་བར་བྱེད་པ་ནས་འཁོར་བ་སྟེ་འགྲོ་བ་མ་འགྲོ་བ་གཞན་ཏུ་ཞེས་པ་ཇི་སྲིད་པར་རོ་།སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་དངོས་པོའི་རང་བཞིན་ཡོངས་སུ་ཤེས་པའི་སེམས་དེས་རྣལ་འབྱོར་པ་བདེར་གཤེགས་གནས་སུ་འགྲོ་བར་འགྱུར། །དེ་ལྟ་བུའི་ཁྱད་པར་དུ་འཕཌ ་པའི་སེམས་འདིར་ནི་གང་ཡང་སྐྱེ་བ་མེད། འཆི་བའང་གང་ཡང་ཡོད་མ་ཡིན་ཞེས་བྱ་བ་ལ་སོགས་པ་གོ་འཕང་གཉིས་རྫོགས་པའི་རྣལ་འབྱོར་པའི་སེམས་ལ་བལྟོས་ནས་གསུངས་སོ། །སེམས་ཀྱི་ངོ་བོ་རྣམ་གནས་པར། །འཁོར་བ་ཉིད་ཀྱིས་ཤེས་པར་བྱ་ཞེས་བྱ་བ་ལ ་སོགས་པ་ནི་མ་རྫོགས་པའི་རྣལ་འབྱོར་པའི་སེམས་ལ་བལྟོས་པའི་ཚིག་གོ་།འདི་དག་གོ་འཕངས་གཉིས་གཉིས་བསྟན་པ་དེ་ཚིགས་སུ་བཅད་པ་གཉིས་ཀྱིས་རྣམ་པར་གསལ་བར་བསྟན་བར་ཕྱིར་རླུང་གི་སྦྱོར་བ་ཞེས་བྱ་བ་ལ་སོཌ་པོ? ་གསུངས་ཏེ། རྡོ་རྗེ་བཟླས་པའི་སྒྱུ?་དང་བྲལ་བས་སེམས་ཀྱི་བསྟན་པ་ཉིད་ཀྱི་རང་བཞིན་བཟུང་དུ་མེད་སྟེ་ཐོབ་པར་བྱར་མེད་དོ། །འོན་ཀྱང་སྦྱོར་བ་ཉིད་ལས་བདག་བྱིན་གྱིས་བརླབས་པའི་འབྲས་བུ་རྣལ་འབྱོར་པས་ཐོབ་བོ། །འདི་ཡེ་ཤེས་གསུམ་ཐ་མི་དད ་པ་སྟོང་པ་ཆེན་པོའི་ངོ་བོ་མངོན་པར་བརྗོད་དོ། །སེམས་ལས་ཞེས་པ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་ཡོངས་སུ་འདྲིས་པ་མ་ཡིན་པ་ལས་རླུང་དང་རྣམ་པར་ཤེས་རབ་ཡང་དག་པར་སྦྱོར་བ་ལས་འདོད་ཆག་དང་བྲལ་ལ་སོགས་པའི་མཚན་ཉིད་མི་དག་བའི་རང ་བཞིན་རྣམས་རང་བཞིན་ཡང་དག་པར་འབྱུང་བར་འགྱུར་རོ། །ཅི་ལས་ཤེས་ན་རང་བཞིན་རྒྱུར་གྱུར་པ་ལ་སྟེན་དེའི་རང་བཞིན་དེ་ལས་ལས་དང་སྐྱེ་བ་ཀུན་ཏུ་འབྱུང་ངོ། །རིགས་པ་འདིས་དངོས་པོའི་རང་བཞིན་མ་ཤེས་ནས་སོ་སོའི་སྐྱེ་བོའི་སེམས་སྐྱེ་བ་ཡོངས་སུ་འཛིན ་པར་བྱེད་དོ། །དེ་བཞིན་དུ་ཡང་རྒྱུད་དུ་གསུངས་བ། །དགེ་བ་བཅུ་ཡིད་ལས་ཀྱི་ལམ། །བྱེད་པ་ཡེ་ཤེས་སྤངས་བ་རྣམས་ཞེས་སོ། །འདིའི་དོན་བཤད་པ། །སྤྱོད་བསྡུས་མཛད་པས། །དེ་བཞིན་དུ་སེམས་ཅན་རྣམས་དགེ་བའི་བཤེས་གཉེན་དང་བྲལ་བ་རང་གི་སེམས་ཀྱི་ཡང ་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ཁོང་དུ་མཆུད་ནས། །ངར་འཛིན་པ་དང་།ང་ཡིར་འཛིན་པ་།གསོབ་གསོག་སྟོང་པ་ལ་དགེ་བ་དང་མི་དགེ་བ་ལ་སོགས་པར་བཏགས་ནས། །ཐོག་མ་མེད་པའི་འཁོར་བར་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ ་ཞེས་སོ། །དེ་ཉིད་ཅེས་བྱ་བ་ལ་སོགས་པ་ལ། །སྒྱུ་མ་ལྟ་བུའི་སེམས་གང་ཡིན་པ་དེ་རྣམ་ཤེས་གསུམ་ཡིད་ཀྱིས་ཐ་དད་ཅེས་པ་ནི། །སྔ་བ་གཉིས་ལས་སྐྱེས་བ་སྣང་བ་མཆེད་པ་གཉིས་དང་བྲལ་བ་ཉིད་སྣང་བ་ཉེ་བར་ཐོབ་པའོ། །ལྷའི་རྣམ་པ་སྣར་སོ་སོར་བསྟན ་པ་ཁྱད་པར་གྱི་དགའ་བའི་དགའ་བ་དབང་བསྐུར་བའི་མཚན་ཉིད་དོ། །བདེ་བ་ཆེན་པོའི་ངོ་བོ་རྣལ་འབྱོར་བས་འབྱུང་སྟེ་བསྐྱེད་པར་བྱའོ། །དེ་བས་ན་ཞེས་བྱ་བ་ལ་སོགས་པ་ནི། །དེ་བས་འདི་ལྟར་འགྲོ་བ་ཀུན་ནི་སེམས་ཅན་གྱི་འཇིག་རྟེན་དང་སྣོད?་ཀྱི་འཇིག་རྟེན ་དང་བཅས་པའི་ཁམས་གསུམ་པ་སྒྱུ་མ་ལྟ་བུར་འདིར་བཤད་པར་བྱའོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གནས་ཏེ། །སྒོམ་པ་པོ་ཐམས་ཅད་སྟེ་བརྗོད་པའི་ཁམས་གསུམ་པ་གང་ཡིན་བདེ་དང་འདྲ་བ་སྟེ་སྒྱུ་མ་ལྟ་བུ་དང་མཚུངས་པར་མཐོབ་བོ། །དགོངས ་པ་བླ་ན་མེད་པར་གསུངས་པ་ཡང། །སྣང་བ་གསུམ་པོ་མཐོང་བ་དང་།ས་བཅུ་ལ་ནི་རབ་ཏུ་གནས་ཞེས་སོ། །གཟུགས་དང་ཚོར་བ་ཉིད་དང་ནི་ཞེས་བྱ་བ་ལ་སོགས་པ་ལ་གཟུགས་ནི་ནང་དང་ཕྱི་རོལ་ཉིད་ཐ་དད་པ་མིན་པར་ཐམས་ཅད་སྒྱུ་མ་ཉིད་གཞན ་མིན་ཞེས་པའི་མཐར་ཐུག་བ་སྔར་བཤད་པ་ཉིད་ཀྱིས་གསལ་ལོ། །སོ་སོར་བསྟན་པའི་སྒྱུ་མའི་ལུས་ཅི་ལྟར་མཚན་པར་བྱ་ཞེ་ན་།འདི་ནི་དེ་ན་སླར་ཡང་གསུངས་པ་མེ་ལོང་གཟུགས་བརྙན་ལ་སོགས་པའི་དཔེས། །སྔགས་པས་སྒྱུ་མའི་ལུས་ནི ་མཚོན་པར་བྱའོ། །ཁ་དོག་རྣམས་ནི་འཇའ་ཉིད་སྟེ་།དཀར་པོ་ལ་སོགས་པའི་འོད་ཟེར་དང་ལྡན་པ་ཉིད་ཀྱིས་སོ། །ཁྱབ་པ་ཆུའི་ཟླ་བས་སོ་ནི། །ཇི་ལྟར་རི་བོང་ཅན་གཅིག་ཉིད་ཆུ་དང་བཅས་པའི་སྣོད་སྣ་ཚོགས་སུ་མཐོང་ངོ། །དེ་བཞིན་དུ་སྒྱུ་མའི་ལུས ་ཀྱིས་ཁྱད་པ་ཉིད་དོ?། །གང་དུ་མེ་ལོང་དྲི་མ་མེད་པ་ལ། །སྟེ་དྲི་མ་དང་བྲལ་བ་ལ་ཞེས་བྱ་བ་ལ་སོགས་པ་ནི་རྟོགས་པར་སླའོ། །རྡོ་རྗེ་སེམས་དཔའ་ལེགས་བྲིས་བ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཨི་ཁྱད་པར་ཅི་ཡིན་པ། །ལེགས་བྲིས་པ་སྟེ་མཛེས་པར་བྲིས ་པའོ། །ཅི་ལྟར་ཞེས་དཔེར་ན་རས་ལ་རི་མོའི་ཐ་དད་པའི་དངོས་པོ་ལས་རྣམ་པ་གཅིག་ཏུ་ཤེས་པ་སྐྱེའོ། །དེ་བཞིན་དུ་རྡོ་རྗེ་སེམས་དཔའ་ལེགས་བྲིས་པ། ཞེས་སོ། །དེ་ཡང་ཅི་ལྟར་གྱུར་པ་ཞེས་ན་རྣམ་པ་ཀུན་གྱི་མཆོག་ལྡན་པ་ཞེས་བྱ་བ་ལ་སོགས ་པ་རྒྱས་པར་རོ། །འདི་དག་གི་ངོ་བོ་ནི་གལ་ཏེ་ཡང་།ཆེས་གསལ་བར་འཕགས་པས་བྲིས་པ་དེ་བཞིན་དུ་ཡང། །བློ་ཞན་པ་བདག་གིས་མཛའ་དག་བདག་བྱིན་གྱིས་བརླབས་པའི་མན་ངག་བསྡུས་པའི་དོན་དུ་མངོན་པར ་བརྗོད་བར་བྱའོ། །འདིར་སྨྲས་པ། པདྨ་དཀར་པོ་དང་ཟླ་བའི་སྟན་ལ་དེའི་སྟེང་དུ་སྐུ་མདོག་དཀར་པོ་ཕྱག་གཉིས་པ་ཞལ་གཅིག་པ་སེམས་དཔའ་ཨི་སྐྱིལ་ཀྲུང་ཅན། །དབུ་ལ་རལ་པས་བརྒྱན་པའི་ཏིང་ངེ་འཛིན་གྱི་ཕྱག་རྒྱས་གནས་པ། །ཕྱག་གི་ཡལ ་འདབ་ཀྱིས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་འཁྱུད་པའོ། །ཡང་ན་རྡོ་རྗེ་གསུམ་དང་བྲལ་བར་འགྱུར་རོ། །བདག་བྱིན་གྱིས་བརླབ་པའི་ངོ་བོ་དབང་པོའི་གཞུ་ལྟ་བུའི་ངོ་བོ་འོད་ཟེར་ལྔའི་རང་བཞིན་བརྫུན་པའི་བག་ཆགས་དང་ལྡན་པའི་ཡིད་ལས་བྱུང ་བའི་ལུས་གསལ་བ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་སོ་སོར་རྟོགས་པ། རྣམ་པར་ཉིད་པའི་སྐད་ཅིག་མཐོང་བའོ། །སྣང་བ་ཉེ་བར་ཐོབ་པའི་ངོ་བོ་རྣལ་འབྱོར་པ་རབ་རྣམས་ལ་སྐད་ཅིག་གིས་རྣམ་པའི་སྦྱོར་བས་སོ་སོར ་རང་གི་རིག་པར་བྱ་བ་སྟོང་པ་ཆེན་པོའི་ཡེ་ཤེས་སངས་རྒྱས་རྣམས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་འཆང་བ་དཔེ་བྱད་བཟང་པོ་བརྒྱད་ཅུ་རྣམ་པར་མཛེས་པའི་ལུས་རྡོ་རྗེ་བླ་མས་བསྟན་པར་བྱའོ། །གང་དུ་ན ་མེ་ལོང་དུའོ། །ཅིའི་ཆེད་དུ་ན་སློབ་མ་བཟང་པོའི་ཆེད་དུའོ། །འདི་ཉིད་ཀྱིས་བདག་བྱིན་གྱིས་བརླབ་པ་མངོན་པར་བརྗོད་པའི་མཚན་ཉིད་དེ་བརྗོད་པར་བྱའོ། །འཕགས་བ་ལྷའི་ཞབས་ཀྱིས་གསུངས་པ་ཡང་།ཇི་ལྟར་མེ་ལོང་གཟུགས ་བརྙན་ཆ་ཤས་མཛའ་དག་དང། །ལྡན་པའི་གཟུགས་ནི་ཆེས་གསལ་རྣམ་པར་སྣང་བར་བྱེད། །དེ་བཞིན་རྡོ་རྗེ་འཆང་གི་སྐུ་ནི་རྟག་པ་ཉིད། །དཔེ་བྱད་བརྒྱད་ཅུ་དང་ནི་མཚན་ལ་སོགས་པ་རྣམས་ཞེས་སོ། །འདི་ཉིད་གང་ཞེས་བྱ་བ་ལ་སོགས ་པ་ནི། །ངེས་པར་མཚན་པར་ནི་སྒྱུ་མ་ཡང་དག་པར་མཚོན་པར་བྱ་བ་སྟེ་།སྒྱུ་མ་ལས་བྱུང་བ་ཡེ་ཤེས་ཀྱི་སྐུའི་རང་བཞིན་ནོ། །ལོངས་སྤྱོད་རྫོགས་པའི་སྐུ་ཡང་དེ་སྒྱུ་མ་ལྟ་བུའི་ལུས་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་།ས་བཅུའི་དབང་ཕྱུག་རྣམས་ཀྱི་རྟོགས་བྱའོ།། ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུར་བསྟན་པའོ། །འོན་ཀྱང་སོ་སོ་སོ་སོར་འགྲོ་བ་རྣམས་སུ་སྐྱེ་བོ་ཞེས་བྱས་ནས་སོ་སོའི་སྐྱེ་བོའི་སེམས་ལ་བལྟོས་ནས་དྲི་ཟའི་སེམས་ཅན་དུ་མངོན་པར་བརྗོད་པར་བྱའོ། །རྡོ་རྗེའི་སྐུ་ཞེས་བྱ་བ་ལ་སོཌ ་པ་ནི་གོ་སླའོ། །བདག་ཉིད་ཅེས་པ་ལ་སོགས་པ་ནི་ལྷ་སྲས་ཐམས་ཅད་ཉིད་ནི་གཙོ་བོ་ཐམས་ཅད་ཉིད་དེ་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་ཞེས་པའི་དོན་ཏོ། །དེ་བས་ཞེས་བྱ་བ་ལ་སོགས་པ་ནི་རྟོགས་པ་ནི་རྟོགས་པར་སླའོ། །སྒྱུ་མ་ལྟ་བུའི་ལུས་ཀྱིས་ཐམས་ཅད་བྱའོ ་ཞེས་བསྟན་པར་བྱ་བའི་ཕྱིར་།སྔགས་དང་ཕྱག་རྒྱའི་རབ་འབྱོར་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་།སྔགས་དང་ཕྱག་རྒྱའི་རབ་སྦྱོར་དང། །དཀྱིལ་འཁོར་ལ་སོགས་རྣམ་རྟོག་པ་ཅི་དཀྱིལ་འཁོར་ལ་སོགས་པ་བྱེད་པར་འདོད་པས་ཀུན་རྫོབ་ལ་བརྟེན་ནས་གལ ་ཏེ་ཡང་དག་པར་བསྒྲུབ་བར་བྱའོ། །སྦྱིན་སྲེག་གཏོར་མའི་བྱ་བའང་ཀུན་དེའི་ཚེ་སྒྲུབ་?་བུའི་གཟུགས་ཀྱི་དུས་ཐམས་ཅད་དུ་བྱའོ། །ཞེས་པ་ལ་ཉེས་པ་མེད་དོ། །ཞི་བ་ཅན་དང་རྒྱས་ཅན་ཡང། །དེ་བཞིན་དབང་དང་མངོན་སྤྱོད་ཅན། །དབང་པོའི་གཞུ་དང་མཚུངས་པ་ཉིད་ཀྱིས ་ཐམས་ཅད་བྱའོ་དེ་བཞིན་དུ་ཡང་བཅོམ་ལྡན་འདས་ཀྱིས་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་དུ་གསུངས་པ། དབང་པོའི་མཚོན་ཆ་ལྟ་བུའི་སྐུ། །དེ་ཉིད་བསྒོམས་པས་ཐོབ་པར་བྱེད་ཅེས་སོ། །འདིའི་དོན་འདི་ཡིན་ཏེ། །དབང་པོ་ཞེས་པ་ནི་བརྒྱ་སྦྱིན་ནོ། །མཚོན ་ཆ་ཞེས་པ་ནི་གཞུང་སྟེ་པ་རྡོ་རྗེ་ལས་བརྒྱ་བྱིན་གྱི་གཞུ་ཞེས་པའི་དོན་ཏོ། །དབང་པོའི་གཞུ?་ཅི་ཞེ་ན། །དེ་ནི་འོད་ཟེར་ལྔའི་ཁ་དོག་ཉེ་བར་མཚོན་པ་སྟེ་།དཔེར་ན་དབང་པོའི་གཞུ་ནམ་མཁའ་ཨི་མཐིལ་དུ་ཁ་དོག་གི་དབྱེ་བས་ཡོངས་སུ་གསལ་བ་དེ་བཞིན་ཁོ་ནར་སྤོངས? ་སྤྱོད་རྫོགས་པའི་སྐུར་ཉེ་བར་མཚོན་ཏོ་ཞེས་པའ་དོན་ཏོ། །སྒེག་པ་ལ་སོགས་ཤེས་བྱ་བ་ལ་སོགས་པ་ལ་སྒེགས་སོགས་ཉེ་བར་ལོངས་སྤྱོད་དང་།གླུ་དང་རོལ་མོ་སོགས་བརྟེན་པ་གང་གི་ཆེ་བྱེད་པ་དེའི་ཚེ་ཆུ་ཟླ་བཞིན་དུའོ། །འདིའི་དོན་ནི་སྔ་མ ་ཁོ་ནས་བཤད་དེ། དེས་ན་གོ་སླའོ། །གཟུགས་དང་སྒྲ་དང་ཞེས་བྱའི་ལ་སོགས་པ་ལ་གཟུགས་ལ་དང་།སྒྲ་ལ་མིག་ལ་སོགས་པ་རབ་ཏུ་འཇུག་པ་ཡང་མིག་གིས་གཟུང་བར་བྱ་བ་ནི་གཟུགས་སོ་ཞེས་བྱས་ནས་མིག་ལ་སོགས་པའི་ཡུལ་ལ་སོགས་པ་རྣམས་སྒྱུ་མ་ལྟ ་བུར་ཏེ་དང་འདྲ་བར་ཏེ་སྒྱུ་མའི་ལུས་དང་འདྲ་བར་བལྟ་བར་བྱའོ་ཞེས་པའི་དོན་ཏོ། །མང་དུ་ཅི་ཞེས་བྱ་བ་ལ་སོགས་པ་ནི་རྟོགས་པར་སླའོ། །མེ་ལོང་གི་ནི་གཟུགས་བརྙན་དང་ཞེས་བྱ་བ་ལ་སོགས་པ་ལ་མེ་ལོང་ལ་སོགས་པའི་དཔེ་བཅུ་གཉིས་པོ་རྣམས་ཀྱིས་སྒྱུ ་མའི་ལུས་ཁོང་དུ་ཆུང་པར་བྱ་སྟེ། ཅིས་ཤེས་ན་རབ་ཏུ་གྱུར་པ་དེ་རྙེད་ཀྱིས་སོ། །མིག་འཕྲུལ་དང་མཚུངས་ནི། །དཔེར་ན་མིག་འཕྲུལ་མཁན་སྐྱེས་པ་དང་།ལག་ལྡན་དང་རྟ་ལ་སོགས་པ་སྒྱུ་མས་སྤྲུལ་པར་བྱེད་དོ། །དེ་བཞིན་དུ་མིག་འཕྲུལ་མཚུངས་པ་སྒྱུ ་མ་ལྟ་བུའི་ལུས་གང་ཡིན་པ་རྣལ་འབྱོར་བས་མཐོང་སྟེ། །དེ་འཇིག་རྟེན་རྣམས་ཀྱི་མངའ་བདག་ཡིན་པར་བཤད་དེ་ལྷག་པར་རྟོགས་སོ་ཞེས་པའོ། །དེ་བཞིན་དུ་ཡང་སྤྱོད་བསྡུས་སུ། །ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་རྣལ་འབྱོར་ཆེན་པོའི་རྒྱུད་དུ་ཡང་གསུངས ་པ་འདི་ཉིད་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་འདི་ཉིད་གསལ་བར་བྱའི་ཕྱིར་གསུངས་པ་།སེམས་དང་སེམས་ལས་བྱུང་བ་མཉམ་པར་སྦྱོར་བ་བདེ་བ་ཆེན་པོའི་ཏིང་ངེ་འཛིན་དེ་སྒྱུ་མ་ལ་སོགས་པའི་དཔེརྣམས་ཀྱིS་ཉེ་བར་མཚོན་པ། །དེ་བཞིན་གཤེགས་པ་གི་གའི་ཀླུང ་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་དུ་སྒྱུ་མ་ལྟ་བུ་དང་ཆུ་ཟླ་ལྟ་བུ་དང་སྣང་བརྙན་ལྟ་བུ་དང་།སྨིག་རྒྱ་དང་རྨི་ལམ་དང་།སྒྲ་བརྙན་དང་།དྲི་ཟའི་གྲོང་ཁྱེར་དང་མིག་འཕྲུལ་དང་།བརྒྱ་བྱིན་གྱི་གཞུ་དང་།གློག་དང་།ཆུའི་ཆུ་བུར་དག་མེ་ལོང་གི་གཟུགས ་བརྙན་ཞེས་པ། །སྒྱུ་མའི་དཔེ་བཅུ་གཉིས་རྣམས་ཀྱིས་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ཏེ་བར་མཚོན་པར་འགྱུར་རོ། །དཔེ་བཅུ་གཉིས་པོའི་དོན་བཤད་པར་བྱ་སྟེ། སྒྱུ་མའི་དོན་ནི་བྱ་བས་སོ། །སྨིག་རྒྱའི་དོན་ནི་བརྫུན་པ་ཉིད་ཀྱིས་སོ། །དྲི་ཟའི་གྲོང་ཁྱེར་ནི་ཡུལ་ངེས་པ་མེད་པ་སོ་སོར་སྣང་བ་ཉིད ་གྱིས་སོ། །བརྒྱ་བྱིན་གྱི་གཞུ་ནི་ཁ་དོག་དུ་མ་ཉིད་ཀྱིས་སོ། །མེ་ལོང་གི་གཟུགས་བརྙན་ནི་གསལ་བ་ཉིད་ཀྱིས་སོ། །ཆུ་ཡི་ཟླ་བ་ནི་ཁྱབ་པ་ཉིད་ཀྱིས་སོ། །སྒྲ་བརྙན་ནི་ཡུལ་གཞན་དུ་སོ་སོར་སྨྲས་པ་ཉིད་ཀྱིས་སོ། །རྨི་ལམ་ནི་ཤེས་པ་རྩ་མ་ཉིད་ཀྱིས་སོ། །གྲིབ་མ་ནི་ཤ་དང་བྲལ་བ ་ཉིད་ཀྱིས་སོ། །སྤྲིན་ནི་སྒྲིབ་པས་ཀུན་ཏུ་གཡོགས་པའི་རྒྱུ་ཉིད་ཀྱིས་སོ། །གློག་ནི་སྐད་ཅིག་ཙམ་ལ་གནས་པ་ཉིད་ཀྱིས་སོ། །ཆུའི་ཆུ་བུར་ནི་སྐྱེས་པ་དང་རྣམ་པར་ཐིམ་པ་ཉིད་ལས་སོ། །མཐོང་བ་ཞེས་བྱ་བ་ལ་སོགས་པ་ལ་མི་འཕྲུལ་མཐོང་བ་དང་རེག་པ་ཉིད་འགྲོ་བ ་རྟག་ཏུ་སྒྱུ་མ་ཇི་བཞིན་པ་དེ་བཞིན་དུ། །ཐམས་ཅད་ཀྱི་ཚེ་འགྲོ་བ་ཡང་གཟུགས་དང་རེག་པ་ལ་སོགས་པ་སྒྱུ་མ་ལྟ་བུ་ཉིད་ཀྱིས་ཡོངས་སུ་གྲགས་སོ། །དམིགས་མེད་ཀུན་རྫོབ་དག་ཏུ་ཡང་སྟེ་བདེན་པ་བཅུ་ལ་དངོས་པོའི་གྲོང་དུ་ཉེ་བར་དམིགས་པ་ཡང་མི་འགྱུར ་ཏེ། །ཆོས་ཉིད་དུ་འགྱུར་བར་བྱས་བར་གྱུར་པའི་བདེན་པའི་རང་བཞིན་ཀུན་རྫོབ་ཀྱིས་བདེན་པའི་རང་བཞིན་གྱི་ཆོས་ཉིད་དེ་མངོན་པར་བརྗོད་དོ། །དམིགས་མེད་ཀྱི་སྒྲས་ནི་ཐེག་ཆེན་ཉི་ཤུ་པར་གསུངས་པ་ཡང། །སྒྱུ་མས་བསྒྲུབས་སྒྱུ་མའི་བྱ། །རྟག་ཏུ་ཉེ་བར་སྡུད ་བྱེད་པ། །དེ་ཚེ་སྒྱུ་མ་ཡོད་པ་མ་ཡིན། དེ་ནི་ཆོས་རྣམས་ཆོས་ཉིད་དོ་ཞེས་སོ། །འདི་དག་རྟོགས་པར་བྱ་བ་ཀུན་རྫོབ་ཀྱི་བདེན་པའི་ངོ་བོ་དེ་སྒྱུ་མ་ལྟ་བུར་ཡོངས་སུ་བསྒྲགས་སོ། །ཐ་སྙད་ཡང་དག་པ་ལ་བརྟེན་ནས་འགྲོ་བ་སྒྱུ་མ་ལྟ་བུར་བསྟན་པར་བྱས་པ་ནི། །བཅོམ་ལྡན ་འདས་ཀྱིས་དོན་དམ་པའི་བདེན་པ་བཅུ་ལ་ནི་བསྟན་པར་བྱ་བ་དང་།སྟོན་པ་པོ་དང། བསྟན་པའི་ཐ་སྙད་ཉིད་མེད་དོ་ཞེས་གནས་སོ། །སླར་ཡང་འདི་དག་ཉིད་བསྟན་པར་འདོད་ནས་གང་དང་གང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །གཟུགས་དང་སྒྲ་ལ་སོད ་པ་གང་དང་གང་དབང་པོའི་ལམ་ཉིད་དེ། །མིག་ལ་སོགས་པའི་དབང་པོའི་ཡུལ་གྱིས་ལམ་འདིའི་རང་བཞིན་གྱིས་ཐབས་ཐོབ་པར་བྱའོ། །དེ་དང་དེའི་རང་བཞིན་ལ་སྟེ་ཀུན་རྫོབ་ཀི་བདེན་པ་སྒྱུ་མ་ལྟ་བུའི་ལོངས་སྤྱོད་རྫོགས་པའི་ལུས་ཀྱི་རང་བཞིན ་ལས་སོ། །མཉམ་པར་མ་བཞག་སྦྱོར་བ་ཡིས་ཞེས་བྱ་ནི། མཉམ་པར་མ་གཞག་པའི་གནས་སྐབས་སུ་མཉམ་པར་གཞག་པ་ན་འདིའོ། །ཡང་ན་མི་མཉམ་པས་གཟུང་པ་ལ་སོགས་པའི་གཉེན་པོ་སྣང་བ་ལ་སོགས་པའི་ཡེ་ཤེས་གསུམ་གྱིས་བཞག་པ་སྟེ ་བསྐྱེ་བའི་སྦྱོར་བས་རྡོ་རྗེ་གསུམ་དང་བྲལ་བར་གྱུར་པའི་བདག་བྱིན་གྱིས་བརླབ་པའི་མཚན་ཉིད་དོ། །འདིས་ནི་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་སྒྱུ་མའི་ལུས་ཀྱིས་ངོ་བོ་ཉིད་བསྐྱེད་ཅིང་ཐོབ་པར་བྱེད་དོ། །བདག་བྱིན་གྱིས་བརླབ་པའི་མཚན ་ཉིད་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་དུ་ཅི་ལྟར་འགྱུར། གལ་ཏེ་ས་བཅུའི་དབང་ཕྱུག་གང་ཡིན་པ་དེས་རྟོགས་པར་བྱའོ་ཞེས་བྱས་ནས། དེ་ས་བཅུའི་དབང་ཕྱུག་བྱང་ཆུབ་སེམས་དཔའ་ཨི་ངོ་བོར་བརྗོད་པར་རིགས་ཞེས། བདེན་ཏེ་ས་བཅུ་པ་ལ ་བྱང་ཆུབ་སེམས་དཔའ་སངས་རྒྱས་ཁོ་ན་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །ཀུན་ཏུ་ཀུན་ནས་ཞེས་བྱ་བ་ལ་སོགས་པའི་ཚིགས་རྣམས་ལ་བཤད་པ་ནི་རྟོགས་པར་སླའོ། །ད་ནི་སྒྱུ་མའི་ལུས་ཁྱབ ་པ་ཉིད་བསྟན་པར་བྱ་བའི་ཕྱིར། །འགྲོ་དང་བཞུགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་བ་དེ་ཆེན་པོ་ཉིད་ཡིན་པའི་ཕྱིར་སེམས་དཔའ་ཆེན་པོའོ། །མངའ་བདག་བདེ་བ་ཀུན་རང་བཞིན་ནི། འཁོར་བའི་སྡུག་བསྔལ་ཀྱི་བག་ཆཌ ་ཐམས་ཅད་དང་བྲལ་བའི་ཕྱིར་བདེ་བ་ཀུན་རང་བཞིན་ནོ། །ཁམས་གསུམ་པར་རབ་ཏུ་འབྱུང་བར་བྱེད་དོ་ཞེས་པས་མངའ་བདག་ཏེ་རྡོ་རྗེ་སེམས་དཔའ་ཨི་རང་བཞིན་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མཁའ་ལས་སྐད་ཅིག་ཉིད་ལ་སྟེ་རིང་པོར་མི ་ཐོགས་པར་གནས་དང་ཟས་དར་བཏུང་བ་ལ་སོགས་རྣམས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་རྣལ་འབྱོར་པས་རྙེད་པར་ཏེ་ཐོབ་པར་བྱེད་དོ།། འགྱུར་ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་གྱི་སྔགས་པ་གང་ཡིན་པ ་རྣམས་རྣམས་རྣམ་པར་རྟོགས་པའི་དྲ་བ་སྲིད་པ་མཛའ་ཡས་དག་གཅོད་པར་འགྱུར་རོ། །འགྲོ་ལ་རབ་མཆོག་སྟོན་པ་དང་ཞེས་པ་ནི་རབ་མཆོག་ནི་ཕུལ་དུ་བྱུང་བ་ལའོ། །འགྲོ་ལ་ནི་འགྲོ་བ་ལ་སྟོན་པའོ། །རྣལ་འབྱོར་པ་དེ་མཆོད་པར་བྱེད་དོ།། ་ཅི་ཞིག་རྣམས་ཀྱིས་ཤེ་ན་ལྷ་རྣམས་ཀྱིས་ཏེ་ཐམས་ཅད་ཀྱིས་ཤེས་བྱ་བའི་དོན་ཏོ། །ཅི་བྱས་ན་ཡང་དང་ཡང་དུ་ཕྱག་བྱས་ནS་ཏེ་ཐམས་ཅད་ཀྱི་ཚེའོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ལ་དཔེ་གསུངས་པ། །སྟོན་པ་རྫོགས་སངས་རྒྱས་སོ། །ཅི་གྱུར་པས་ཞེ་ན། ་ཕན་པར་བཞེད་པ་འཇིག་རྟེན་འདིར་རབ་ཏུ་འཇུག་པ་ཇི་ལྟར་དེ་བཞིན་ཉིད་དུ་རྣལ་འབྱོར་ཆེན་པོ་ནི་སྣ་ཚོགས་པའི་རང་བཞིན་གྱི་ཡེ་ཤེས་རྗེས་སུ་སྡུད་པའི་ཕྱིར་ཏེ། འགྲོ་བའི་བདག་ཉིད་ཅན་གྱི་ཡེ་ཤེས་ཀྱི་རང་བཞིན་གྱི་ལུས་བསྡུད་པ་ཉིད་ཀྱི་ཕྱིར་རོ། །མེད་ཅེས་བྱ་བ ་ལ་སོགས་པ་ལ་སྣ་ཚོགས་སྐྱེས་པ་ནི་ཚིག་གི་དོན་ཐམས་ཅད་ལ་སོགས་པ་ལ་བསྒྲུབ་པར་མི་བྱ་བ། །རྟག་ཏུ་ཅུང་ཟད་ཀྱང་མེད་དོ་ཞེས་པའོ། །རྡོ་རྗེ་སེམས་དཔས་ནི་སྒྱུ་མའི་ལུས་ཀྱིས་སོ། །མཚན་པ་ནི་ངེས་པར་རྟོགས་པའོ། །གང་དེ་ལྟ་མོས་ཀྱི ་ཐམས་ཅད་བསྒྲུབ་པར་བྱ་བ་ཁོ?་ནའོ། །ཕྱག་རྒྱ་ཐམས་ཅད་ནི་ཐམས་ཅད་ཡོད་པ་སྟེ་བདེ་བ་ཆེན་པོ་གང་ཡིན་པའོ། །བདེ་བ་ཆེན་པོའི་རང་བཞིན་དེ་ལས་འདི་དག་ཐམས་ཅད་ཀུན་རྫོབ་བདེན་པའི་རྣམ་པ་སྟེན་པ་ལ་རྣལ་འབྱོར་པས་ཤེས་པ་ལ ་རང་ཉིད་རྗེས་སུ་འགྲུབ་པར་འགྱུར་ཞེས་པ་རྗོད་པར་བྱེད་པའི་དོན་ཏོ། །ཉོན་མོངས་ཞེས་བྱ་བ་ལ་སོགས་པ་ལ། ལས་ཀྱི་ལམ་ནི་དགེ་བ་བཅུ་ལ་སོགS་པ་རྣམས་སོ། །ལུས་ཀྱི་སྒྲས་ནི་སྐྱེ་བར་མངོན་པར་འདོད་དོ། །ཅི་ལྟར་ཞེ་ན་གསུངས་པ། ་ཡང་ཉོན་མོངས་པ་ལས་སོ། །དེ་ལས་སྐྱེ་བའོ། །དེ་ཉིད་ཀྱི་ཕྱིར་བྱེད་པ་པོ་དང་འབྲས་བུ་ཡང་ཡང་ནའོ་ཞེས་སོ། འོད་གསལ་?་སྟོང་པ་ཆེན་པོ་ལS་འགྲོ་བ་བསྐྱེད་དོ་ཞེས་བྱས་ནས་བྱེད་པ་བོའོ། །འདི་རྣམས་ཀྱི་བདེན་པ་ངེས་པར་རྟོགས་པས ་འབྲས་བུ་ཡང་སྟེ་།གང་ཚེ་ངེས་པ་དེའི་ཚེ་རྣལ་འབྱོར་པ་རྣམས་ཀྱི་སྒྱུ་མའི་ལུས་ཀྱི་དཔེ་སྨིག་རྒྱུ་དང་མཚུངས་པ་དང། རྨི་ལམ་དང་འདྲ་བ་དང། དྲི་ཟའི་གྲོང་ཁྱེར་ལྟ་བུར་ཁོང་དུ་ཆུད་བར་བྱའོ།། འདི་ཞེས་བྱ་བ་ལ་སོགས་པ་ལ། ་དེ་རྣམས་སྒྱུ་མའི་སྨན་གྱིས་གསོ་ཞེས་པ་ནི། དེ་རྣམས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མ་རྟོགས་པའི་རྣལ་འབྱོར་པ་དེ་རྣམས་ཀྱི་རྣམ་པ་སྣ་ཚོགས་པའི་ནད་སྐྱེ་སྟེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རྟོགས་པ་རྣམས་ཀྱི་སྒྱུ་མའི་སྨན་བ་ནད་ལས ་རྒྱལ་བར་བྱེད་ངོ་ཞེས་པའི་དོན་ཏོ། །བདག་བྱིན་བརླབས་པའི་མན་ངག་དག་ཅེས་པ་ལ་སོགས་པ་ནས། །སྡུག་བསྔལ་རྒྱ་མཚོ་འཇིགས་ཆེན་ལས་ཞེས་པའི་མཐར་ཐུག་པ་རྩབ་ཉིད་ལས་རྟོགས་པར་སླའོ། །སློབ་མ་ངེས་པར་རྟོག་པར་བྱེད་པ་གསུངS ་པ། གང་ཞིག་ང་རྒྱལ་དྲི་ལས་སྦགས་ཞེས་བྱ་བ་ལ་སོགས་པ་ཡང་གསལ་ལོ། །བདེན་པར་སྨྲ་ཞེས་བྱ་བ་བདེན་པའི་ཚིག་གོ། རྣམ་པར་མཁས་པ་ནི་རྣམ་པར་དཔྱོད་བ་པོའོ། །གཅིག་པ་ནི་བླ་མ་ལ་མཉན་པ་དང་ཀློག་པ་ལ་སོགས་པ་བྱེད་པ་པོ ་གང་ཡིན་པའོ།། ཁ་ཅིག་སེམས་དཔའ་ཅན་ཞེས་ཀློག་སྟེ། བསམ་པ་རྫོགས་པ་ཞེས་པའོ། །ཞེས་པ་བདག་བྱིན་གྱིས་བརླབ་པའི་རིམ་པའི་དོན་མདོར་བཤད་པ་རྣལ་འབྱོར་པའི་ཡིད་འཕྲོག་རྫོགས་སོ།། །། ་བདག་བྱིན་བརླབ་པ་མ་གཏོགས་པ། རིན་ཆེན་གཞན་དག་འདི་ན་འང་མེད། །མེའི་སྦྱངས་པའི་ནོར་བུ་བཞིན། །འོད་གསལ་རྣམ་དག་ཉིད་ལས། དེ་བཟིན་དུ་བདག་བྱིན་གྱིས་བརླབས་ལ་དམིགས་པ་སྔོན་དུ་འགྲོ་བས་འོད་གསལ་བ་ལ་འཇུག་པར ་བྱའོ། །ཞེས་བཤེས་ནས་སྟོང་པ་བཞིའི་བདག་ཉིད་ཅན་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་པར་བྱེད་པ་སྔོན་དུ་འགྲོ་བའི་རྒྱུད་ཉིད་བསྟན་པར་འདོད་ན་རྡོ་རྗེ་སེམས་དཔར་ཕྱག་བྱས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །རྡོ་རྗེ་ཡང་འདི་ཡིན་ལ་སེམས་དཔའ་ཡང་ངོ་ཞེས་པས་རྡོ་རྗེ ་སེམས་དཔའ་སྟེ་སྟོང་པ་ཉིད་དང་སྙིང་རྗེ་ཐ་མི་དད་པའི་ངོ་བོ་དེ་ལ་ཕྱག་བྱས་ནས་ཤེས་སྒྲེལ་ལོ་ཅིག་གྱུར་པ་ལ་ཞེ་ན། །ཐམས་ཅད་སྟོང་པ། །སྟོན་པ་པོ་སྟེ་ཐམས་ཅད་སྟོང་པ་འོད་གསལ་བ་ཉེ་བར་སྟོན་པར་བྱེད་དོ་ཞེས་པ་ཐམས་ཅད་སྟོང་ཉིད་སྟོན་པ ་པོའོ། །དེ་ཉིད་ཀྱི་ཕྱིར་སྟོང་པ་ཉིད་བཞིའི་བདག་ཉིད་ཅན་རྡོ་རྗེ་སེམས་དཔའ་ཉིད་ཀྱི་ངོ་བོ་བཞི་པ་མངོན་པར་བྱང་ཆུབ་པའི་རིམ་པ་སྟེ་མངོན་པར་ཏེ་ཐམས་ཅད་ལས་ཡང་དག་པར་རྟོགས་པར་བྱའོ་ཞེས་པས་རྫོགས་པའི་བྱང་ཆུབ་སྟེ་འོད་གསལ་བའོ། །དེ་སོ་སོར ་རྟོགས་པར་བྱེད་པའི་རིམ་པ་ནི་མངོན་པར་རྫོགས་པར་བྱང་ཆུབ་བ་ཞེས་པའི་རིམ་པ་བཞི་པའོ། །བཤད་པར་བྱ་ནི་བསྟན་པར་བྱའོ། །བདག་གིས་ནི་ཀླུ་སྒྲུབ་ཀྱིས་སོ། །ད་ནི་རྡོ་རྗེ་སེམས་དཔའ་དང་རྡོ་རྗེ་སློབ་དཔོན་དག་གི་རང་བཞིན་འདི་རང་འབྱུང་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། དངོས་པོ་ཐམས་ཅད་རང་བཞིན་མེད་པར་ཡོངས་སུ་ཤེས་པ་ལས་རང་ཉིད་འབྱུང་བར་བྱེད་དོ་ཞེས་པས་རང་འབྱུང་ཏེ་བཅོམ་ལྡན་འདས་སོ། །གཅིག་པུ་ཉིད་ནི་རྡོ་རྗེ་སེམས་དཔའ་ཨོ། །ཁམས་གསུམ་པ་རྣམས་ཀྱི་ལྷག་པའི་ལྷ་ནི་རྡོ་རྗེ་སློབ་དཔོན་ཏེ། ་དེ་དང་དེ་ལས་རྡོ་རྗེ་སེམས་དཔའ་རྡོ་རྗེ་སློབ་དཔོན་ལྷག་གོ། ཅིའི་ཕྱིར་ཞེས་ན་མན་ངག་རྣམས་ནི་རབ་སྟེར་བའི་ཕྱིར་རོ། །དེ་ནི་ཡང་དག་མཉེས་བྱས་ཞེས་བྱ་བ་ལ་སོགས་པ་ནས། །འདོད་པ་ལྔ་ལ་ཉེ་བར་ལོངས་སྤྱོད་ཅེས་པའི་མཐར་ཐུག་པ་ནི་རྩ་བ་ཉིད་ལས་རྟོགས ་སླ་བར་བཤད་དོ།། སྣང་བ་བདག་ནི་བསྐྱེད་པར་བྱ་ཞེས་པ་ནི། སྣང་བ་ལ་སོགས་པའི་ཡེ་ཤེས་གསུམ་པོ་བསྐྱེད་ཅིང་ཉམས་སུ་མྱོང་བར་བྱ་སྟེ། བླ་མ་ལས་ཀྱི་ཕྱག་རྒྱ་ལའོ། ཅི་ལས་ན་སྙོམས་པར་འཇུག་པའི་ཆོ་ག་ལས་ཏེ། རྡོ་རྗེ་པདྨ་འདུ་བྱ་བ་སྔོན་དུ་འགྲོ ་བས་དབང་གཉིས་མཉམ་བར་སྦྱོར་བ་ལས་ཤེས་པ་ནི་ཆོ་གའི་སྒྲ་དོན་ཏོ། །དེ་བཞིན་དུ་དགོངས་པ་བླ་ན་མེད་པ་གསུངས་པ། འདོད་ཆགས་ཉིད་དང་ཆགས་བྲལ་དང། །དེ་དག་པར་ཞེས་གསུམ་པོ་ཡང། །རྡོ་རྗེ་པདྨ་འདུས་པ་ཡི། །དབང་པོ་གཉིས་ཀྱི་མཉམ་སྦྱོར ་ལས་ཤེས་སོ། །བུམ་པ་ལ་སོགས་སུ་ཞེས་པ་ལ་སོགས་པ་ནི་བྱང་ཆུབ་སེམས་ནི་ཀུན་རྫོབ་པའི་འོ། །རབ་སྟེ་དང་པོ་ནས་འབད་པ་ཕུལ་དུ་བྱུང་བ་ལས། །བུམ་པ་ལ་སོགས་སུ་ལེགས་པར་བཞག་ནས་ཏེ་གསང་བའི་དབང་སྐུར་བའི་དོན་དུའོ། །ལ་སོགས་ཀྱི་སྒྲས་པདྨའི་སྣོད ་དང། སུ་ཀ་ཏི་ཀ་དང། དུང་ཆོས་ལ་སོགས་པ་རྣམས་གཟུང་ངོ། །མཚན་ཕྱེད་ན་དབང་སྐུར་ཞེས་བྱ་བ་ལ་སོགས་པ་ནི། སྲོད་ལ་ཕྱོགས་བ་ནས་བརྩམS་ནས་མཚན་མོའི་ཆུ་ཚོད་བདུན་པའི་མཐར་ཐུག་པས་སློབ་དཔོན་དུ་དབང་བསྐུར་བ་དང་གསང་བའི ་དབང་བསྐུར་བ་བྱིན་ནས། །སྣང་བ་དང་པོའི་ཡེ་ཤེས་རྡོ་རྗེ་ནོར་བུའི་རྩ་བ་རུའོ། །དེ་ལས་ལྷག་པ་ཡེ་ཤེས་གཉིས་པ་ཉམས་སུ་མྱོང་བ་བྱེད་དུ་བཅུག་ནས་ཕྱེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་སྦྱིན་པར་བྱའོ། །སླར་ཡང་བཞི་པའི་མངོན་པར ་དབང་བསྐུར་བ་དེ་ཡང་ངོ། །འདི་དག་གི་ཉམས་སུ་མྱོང་བའི་ངོ་བོ་བཤད་པར་བྱ་སྟེ། ཤེས་རབ་ཀྱི་དབང་བསྐུར་བ་སྨོས་པ་ནི་གཉེན་པོ་སྣང་བ་ཉེ་བར་ཐོབ་པའོ། །རིན་པོ་ཆེ་སྐྱེས་པ་རྡོ་རྗེ་ནོར་བུའི་དབུས་སུ་བདེ་བ་ཆེན་པོ་རིག་པར་བྱེད་པ་བརྫུན་པའི་བག་ཆཌ ་ཀྱི་དགོས་པ་གང་ཡིན་པའི་ངོ་བོ་བླ་མས་མཚན་མོའི་ཐུན་གསུམ་པའི་ལྷག་མ་ལ་བསྟན་པ་དེ་ཉམས་སུ་མྱོང་བའི་ངོ་བོ་ཞེས་པ་ནི་བཤད་པ་ཕྱོགས་གཅིག་ལས་སོ། །གཞན་བཞི་པའི་དབང་བསྐུར་བ་མཚན་ཉིད་དང་བྲལ་བའི་ཕྱོགས་མངོན་པར ་བརྗོད་པར་བྱ་སྟེ། ཤེས་རབ་གང་ལ་བདག་བྱིན་གྱིས་བརླབ་པའི་མཚན་ཉིད་ཉམས་སུ་མྱོང་བ་བསྟན་པའི་ཤེས་རབ་དེ་ལ་བཞི་པའི་དབང་བསྐུར་བ་སྦྱིན་པར་བྱའོ། །འོན་ཀྱང་བཞི་པའི་དབང་སྐུར་བ་ཉམས་སུ་མྱོང་བའི་ཡེ་ཤེས་རྡོ་རྗེ་ནོར་བུའི་རྩེ ་མོར་གསུམ་པ་ཉིད་བཞི་པར་འགྱུར་རོ། །ཤེས་རབ་ཡེ་ཤེས་སུ་ཅི་ལྟར་འགྱུར་ཞེ་ན། ནོར་བུའི་དབུས་སུ་སོ་སོར་རྟོགས་པ་གང་ཡིན་པ་དེ་ཉིད་ནོར་བུའི་རྩེ་མོར་བསམ་པར་བྱའོ། །ཚིག་ཏུ་བརྗོད་པར་བྱ་བ་མ་ཡིན་པའི་བདེ་བ་འོད་གསལ་བའི་རང་བཞིན་བག་ཆགས་དང་བྲལ་བའི ་ཡེ་ཤེས་ནི་དཔེ་ཅན་ནོ་ཞེས་པ་དབང་བཞི་པའི་དོན་ཏོ། །ཕྱེད་དང་བཅས་པའི་བརྒྱ་པར་གསུངས་པ་ཡང་བག་ཆགས་དང་བཅས་བདེ་རྣམས་ཀྱང་ཉེས་པ་ཡོད་པ་མ་ཡིན་ཏེ། གཅིག་ཏུ་སྐྱོབ་པར་བྱེད་པ་ཞེས་སོ། །རིམ་པ་འདིས་དབང་བསྐུར་བར་བྱེད་པ་རྡོ་རྗེ་བླ་མས་སློབ ་མ་བཟང་ལ་ཞེས་སྦྲེལ་ལོ། །དབང་བསྐུར་ཡང་དག་ཐོབ་ནས་ནི་ཞེས་བྱ་བ་ལ་སོགས་པ་ལ་།དབང་བསྐུར་བ་རྣམ་བཞི་ཉམས་སུ་མྱོང་བའི་ངོ་བོ་ཡང་དག་པར་ཐོབ་ནས་ཏེ། དེ་ཡང་ཚིག་གིས་སོ་སོར་བསྟན་པར་བྱ་བ་བཤད་པར་བྱ་བཞིན་པའི་རིམ་པས་ཐོབ་ནས་སོ། །ཐོ ་རངས་དུས་སུ་ཡང་སྟེ་མཚན་མོའི་ལྷག་མ་ལ་འོད་གསལ་བའི་མན་ངག་གི་ཁྱད་བར་སླར་ཡང་འོད་གསལ་བའི་རང་བཞིན་གྱིས་སོ། །ཡང་དག་མཆོད་ནས་མཉེས་བྱ་སྟེ་བཤད་པར་བྱ་བཞིན་པའི་བསྟོད་པ་རྣམས་ཀྱིS་བླ་མ་ལའོ། །སློབ་མས་ཐལ་མོ་སྦྱར་བྱས་སོ། །ཁཾས ་གསུམ་པ་ལས་ངེས་པར་གྲོལ་ཞེས་བྱ་བ་ལ་སོགས་པ་ནི། །ཁམས་གསུམ་པའི་སྒྲས་གསུངས་པ་ལ་སོགས་པའི་སེམས་ཀྱི་གཉེན་པོ་སྣང་བ་ཡེ་ཤེས་གསུམ་སྔོན་པར་བརྗོད་ལ། །འདིས་རྣམ་པར་གྲོལ་ཏེ་བྲལ་བ་ཏེ་བག་ཆགས་མེད་པའི་རང་བཞིན་ཉིད་ཀྱིས ་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། ནམ་མཁའ་མཉམ་པ་ཉིད་གྱུར་པའོ། །འདོད་པས་མ་གོས་པ་རྣམས་ལ་ནི་སྲེད་པས་ཡང་དག་པར་རྗེས་སུ་བཅིངས་བར་གྱུར་པ་མ་ཡིན་པའོ། །དམིགས་པའི་རྣམ་པར་རྟོགས་པ་ངེས་པར་སོང་བས་ན་དམིགས་མེད་ཅེས་བདེ་བའི་ཚིག་གོ། ་ཁྱོད་ལ་ཕྱག་འཚལ་གྱུར་ནི་ཁྱེད་ཀྱི་ཆེད་དུ་ཕྱག་འཚལ་གྱུར་ནི་ཕྱག་འཚལ་བར་བྱེད་པར་གྱུར་ཅིག་གོ་།དམིགས་མེད་ཀྱི་ཚིག་རྣམས་ལ་འདི་འདྲ་བའི་ཚིག་སྦྱོར་བ་ཚིག་བཅད་གཞན་ལ་ཡང་མཁས་པར་བརྟག་པར་བྱའོ། །མི་བརྟེན་པ་ཞེས་བ་བ་ལ་སོགས་པ་ལ ་ཕུང་པོ?་རྣམས་ལ་སྟེ་གཟུགས་ལ་སོགས་པའི་ཕུང་པོ་ལྔ་པོ་རྣམས་ལའོ། ཁམས་རྣམS་ལ་སྟེ་ཁམས་བཞི་ལ་སོཌ?་པ་ནས་ཆོས་ཀྱི་ཁམས་ཀྱི་མཐར་ཐུག་པ་བླངས་ནས་དེ་ཁམས་བཅཝ་བརྒྱད་པོ་རྣམས་ཡོངས་སུ་ཤེས་པར་བྱའོ། །སྐྱེད་མཆེད་རྣམས་ལའང་སྟེ ་མིག་གི་སྐྱེ་མཆེད་ལ་སོགས་པ་ནས་ཆོས་ཀྱི་སྐྱེ་མཆེད་ཀྱི་མཐར་ཐུག་པ་བསྡུས་ནས་སྐྱེ་མཆེད་བཅུ་གཉིས་པོ་རྣམས་ལ་རང་ངེས་པར་རྟོགས་པར་བསྒྲུབ་པར་བྱའོ། །ཞེས་པ་འདི་རྣམས་མི་རྟེན་པ་སྟེ་ཁྱེད་བརྟེན་པར་མི་འགྱུར་ཏེ་འོད་གསལ་བའི་རང་བཞིན་ཉིད ་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཕྱིན་ཅི་ལོག་ལས་རྣམ་གྲོལ་བའོ། །རྣམ་རྟོག་མེད་ཅེས་བྱ་བ་ལ་སོགས་པ་ནི་རྣམ་པར་རྟོག་པ་དང་བྲལ་བའོ། །དེ་ཉིད་ཀུན་རྟོག་མེད་དོ་ཐུགS་ནི་རབ་ཏུ་མི་གནས་ནི། རབ་ཏུ་མི་གནས་པའི་རང་བཞིན་ཉིད་ཀྱི་ཕྱིར་བསམ་ཀྱིས་མི ་ཁྱབ་ཡིད་ལ་བྱེད་སྟེ་བསམ་པར་བྱ་བ་མ་ཡིན་བ་ནི་ཀུན་ཏུ་རྟོག་པའོ། །གནས་མེད་ཅེས་བྱ་བ་ལ་སོགས་པ་ནས་སློབ་མས་ཐལ་སྦྱར་བླ་མ་ལ། །བསྟོད་ནས་ཞེས་བྱ་བའི་མཐར་ཐུག་པ་རྩ་བ་གཉིད་ལས་གོ་སླའོ། །བསྟོད་མ་ཐག་ཏུ་སླར་ཡང་ཆེས་ཏེ་སླར ་ཡང་ནན་ཏན་དུ་གསོལ་བ་གདབ་པ་གསུངས་པ་།མགོན་པོ་ཆེན་པོ་བདག་ལ་སྩོལ་ཅེས་བྱ་བ་ལ་སོགས་བ་ནས། ཡོན་ཏན་དམ་པ་ཡང་དག་བརྗོད་ཅེས་པའི་མཐར་ཐུག་པ་ཡང་གསལ་ལོ། །སྙིང་རྗེ་སློབ་མ་ལ་བསྐྱེད་ནས། །དེ་ནས་རིམ་པ་འདི་ཉིད་བརྩམ་ནི། །རིམ ་བ་མངོན་པར་བྱང་ཆུབ་པའི་སྒོ་ནས་ནད་གི་མངོན་བར་བྱང་ཆུབ་པའི?་རིམ་པ་བརྗོད་པ་བརྩམ་པར་བྱའོ། །ཕྱི་རོལ་གྱི་མངོན་པར་བྱང་ཆུབ་པ་དེ་སྲིད་དུ་བསྟན་པར་བྱའོ། །སྣང་བ་མཚན་མོའི་ཆ་ཞེས་བྱ་བ་ལ་སོགས་པ་ན་ཤེས་རབ་ཀྱིས་རང་བཞིན་སྣང་བ་ནི་མཚན་མོའི ་ཆའོ། །གསལ་བ་ཉི་མའི་ཟེར་འགྱེད་འགྱུར་བ་ཉིན་མོ་ནི་ཐབས་ཀྱི་ཡེ་ཤེས་ཀྱི་རང་བཞིན་སྣང་བ་མཆེད་པའོ། །སྣང་བ་མཆེད་པ་དང་འབྲེལ་པའི་མཚམས་ནི་སྣང་བ་ཉེ་བར་ཐོབ་པའི་ངོ་བོའོ། །ཡེ་ཤེས་གསུམ་པོ་འདི་དག་རང་གི་རང་བཞིན་རྣམས་ཀྱི་ལྷན་ཅིག་ལན་ཅིག་མིན་པར ་ཏེ་ཐམས་ཅད་ཀྱི་ཚེ་སྦྱར་ཏེ། ཡང་དག་པར་འབྲེལ་པར་བྱའོ་ཞེས་པའི་དོན་ཏོ། །མཚན་མོའི་ཆ་མིན་ཞེས་བྱ་བ་ལ་སོགས་པ་ནི། གཟུང་བྱའི་གཉེན་པོར་བསྟན་པ་སྣང་བ་ལ་སོགས་པ་རིག་པའི་བླ་མ་མཚན་མོ་དང། ཉིན་མོ་དང། ཐུན་མཚམས་ཀྱི་ཆ་འདི་དག་ཡེ་ཤེས་གསུམ ་དུ་མི་འགྱུར་བ་ད་སྲིད་དུ་འདིར་འོད་གསལ་བའི་རང་བཞིན་དུ་བརྗོད་པར་བྱའོ། །དེ་ལྟ་མོད་ཀྱི་འོད་གསལ་བའི་རང་བཞིན་ཅི་ཡིན་ཞེས་དགོས་པ་ལ་གང་ཞིག་རང་བཞིན་རྣམས་ལ་རྣམ་གྲོལ་བ་ཞེས་གསུངས་ཏེ། རང་བཞིན་དང་འབྲེལ་པའི་ཀུན་ཏུ་སྣང་བའི་ཡེ་ཤེས་གསུམ་པོ ་འདི་དག་དང་བྲལ་བ་སྟེ་ཡོངས་སུ་བཏང་བའོ། །དེ་ཅི་ཞེས་ན་དོན་དམ་པའི་བདེན་པ་དབང་བཞི་པ་དབང་བཞི་པར་བརྗོད་པར་བྱ་བ། བདེ་བ་ཆེན་པོའི་ངོ་བོ་ཐམས་ཅད་སྟོང་པའི་མཚན་ཉིད་དོ་ཞེས་སོ། །དེ་འདིར་བྱང་ཆུབ་སྐད་ཅིག་འགྱུར་བར་བླ་མ་མཆོག་བཤད་རྣལ་འབྱོར་པ་ཉིད་ཡུལ།། ་མཚན་བྱུང་ཞེས་བྱ་བ་ལ་སོགས་པ་ནི་མཚན་མོ་ལས་བྱུང་བའི་མཚན་བྱུང་བའི་མཚན་བྱུང་སྟེ། ཨ་ཎའི་རྐྱེན་ནོ། །མཚན་བྱུང་མུན་པ་ནི་སྣང་བ་ལ་སོགས་པའི་ཡེ་ཤེས་རྣམ་པར་ཉམས་པའོ། །མུན་ནག་མ་ལུས་ཏེ་མཛའ་དག་རྣམ་པར་བྲལ་གྱུར་ཏེ། ཐུན ་མཚམས་ཀྱི་སྣང་བ་ཡང་སྐད་ཅིག་མ་གང་ཡིན་པ་དེ་འདིར་བཤད་པར་བྱའོ། །ཅི་ཐུན་མཚམས་ཀྱི་སྣང་བའི་རང་བཞིན་ནམ་། འོན་ཏེ་གཞན་ཡང་ཡོད་ཅེས་འདྲི་བ་དགོས་པ་ལ་ལན་གསུངས་པ། འདི་དག་རྣམ་པར་ཉམས་པའི་ངོ་བོ་སྔ་མ་ཉིད་ཀྱིས་ནུབ་པའོ། ། ་དེ་ལྟ་མོད?་ཀྱི་སྐད་ཅིག་གི་ཁྱད་པར་ནི། ཇི་སྲིད་ཉི་མ་མ་ཤར་པ་དེ་འདིར་སྐད་ཅིག་ཏུ་བཤད་པར་བྱ་སྟེ་།དྲི་མེད་དེ་དྲི་མ་དང་བྲལ་བ་ཐམས་ཅད་སྟོང་པ་འོད་གསལ་བའི་སྐད་ཅིག་ལ་ཡང་དག་པའི་མཛའ་རུ་བསྟན་པར་བྱའོ། །སློབ་མ་ལ་ཡང་སློབ་དཔོན་མཆོག ་སྟེ་གཙོ་བོའི་བླ་མ་ཁྱད་པར་ཅི་ལྟ་བུ་ཞེ་ན། རབ་རིབ་རྣམ་པར་བཅོམ་པ་སྟེ་སྣང་བ་ལ་སོགས་པའི་ཡེ་ཤེས་གསུམ་པོ་ཉིད་རབ་རིབ་སྟེ་དེ་སྤངས་པའོ། །དགོངས་པ་བླ་ན་མེད་པར་ཡང་དེ་གསུངས་པ། སྐྱ་རེངས་འཆར་བའི་དུས་སུ་ནི། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས།། ་བྱང་ཆུབ་རྩ་བར་ཞུགས་ནས་ནི། །དེ་ནི་བདུད་རྣམས་འཇོམས་པར་མཛད། །དེ་ཉིད་ཡེ་ཤེས་བླ་ན་མེད། ཤཱཀྱའི་མགོན་པོས་བརྙེད་ནས་ནི། །འགྲོ་བ་གསུམ་ལ་ཕན་དོན་དུ། །དེ་ཉིད་འདིར་ནི་སྟོན་པར་མཛད། །ཅེས་བྱ་བ་ལ་སོགས་པ་རྒྱས ་པར་རོ། །ཕྱི་རོལ་བྱང་ཆུབ་བསྟན་ཅེས་པ་ནི་སྟོན་པར་བྱེད་པས་སོ། །ཐོབ་པར་བྱེད་ཅེས་བྱ་བ་ལ་སོགས་པ་ནི་ནང་གི་མངོན་པར་བྱང་ཆུབ་པའི་རིམ་པ་འདིས་མངོན་པར་རྗོད་པར་བྱ་སྟེ། བདེ་བ་ཡང་དག་པར་རིག་པར་བྱས་པས་དང་པོ་ཉིད་ནས་སྨིན་རྒྱུའི ་རྣམ་པའི་ཡེ་ཤེས་གཅིག་བུ་བསྐྱེད་པར་བྱ་སྟེ། ཕྱི་ནས་སྣང་བའི་ཡེ་ཤེས་གསུམ་གྱི་རིམ་པའི་མཐར་ཐུག་པ་བསྐྱེད་པར་བྱའོ། །ཡེ་ཤེས་བཞི་པོ་འདི་དག་བག་ཆགས་དང་བཅས་པ་མུན་པའི་ངོ་བོ་དེ་ལ་ནི། །དེ་རྣམས་བཞི་པའི་སྐད་ཅིག་ཏུ ་བླ་མས་བསྟན་ཏོ། །འོད་གསལ་བའི་སྐད་ཅིག་མ་གང་ཡིན་པའི་སྐད་ཅིག་མ་ངེས་སངས་རྒྱས་ཀྱི་བྱང་ཆུབ་སྟེ་སངས་རྒྱས་ཉིད་སློབ་མ་དེས་ཐོབ་པར་བྱེད་དོ། སངས་རྒྱས་ཉིད་ཅི་ལྟ་བུར་གྱུར་པ་ཞེ་ན། །ནང་གི་བདེ་བ་ཉིད་རྣོ་བའི་རྣམ་པར་བྱུང་བའི་ངོ་བོ ་ཐམས་ཅད་སྟོང་པའི་མཚན་ཉིད། །རྙོག་མ་དང་བྲལ་བ་སྟེ་ཉོན་མོངས་པ་དང་བྲལ་བའོ་ཞེས་པས་འདི་དག་ཉིད་སྐྱེ་བ་མེད་པའི་ངོ་བོར་ཡང་མངོན་པར་བརྗོད་དོ། །དེ་བཞིན་དུ་ཡང་སྤྱོད་བསྡུས་སུ་གསུངས་པ། དང་པོར་སྨིག་རྒྱུའི་རྣམ་པར་འོད་ཟེར་ལྔའི ་ཚོགས་དང་ལྡན་པར་མཐོང་ངོ། །གཉིས་པར་སྣང་བ་སྟེ་ཟླ་བའི་འོད་ཟེར་ལྟ་བུའོ། །གསུམ་པར་སྣང་བ་མཆེད་པ་སྟེ་ཉི་མའི་འོད་ཟེར་ལྟ་བུའོ། །བཞི་བར་སྣང་བ་ཉེ་བར་ཐོབ་པ་སྡེ་མུན་པའི་རྣམ་པའོ། །དེ་ནས་མུན་པ་དང་བྲལ་བའི་སྐད་ཅིག་ལ་འོད་གསལ ་བ་ཤིན་ཏུ་གསལ་བ་རྟག་ཏུ་སྣང་བའི་རང་བཞིན། དོན་དམ་པའི་བདེན་པའི་ཚན་ཉིད་ཡེ་ཤེས་ཀྱི་མིག་གིས་མཐོང་ངོ་ཞེས་སོ། །ད་ནི་འོད་གསལ་བའི་རང་གི་ངོ་བོ་སོ་སོར་བསྟན་པ་གསུངས་པ། ཐོག་མེད་བྱུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་འདི་རྣམས ་ཀྱི་ཆོས་ཉིད་དུ་གནས་པ་ཉིད་དོ་ཞེས་བྱས་ནས། ཐོག་མེད་བྱུང་བའོ། །འོད་གསལ་བའི་རིམ་པ་ལས། མཛའ་མར་བྱུང་བའོ། །ཟུང་འཇུག་གི་རིམ་པར་དབུས་མིན་བྱུང་བར་འགྱུར་རོ། །བདག་བྱིན་གྱིས་བརླབ་པ་ནི་དང་པོར་ཟུང་འཇུག་གི་རིམ་པ་ནི་མཛའ་མ་འདི་དག་གིས་དབུས་སུ་ངེས ་པར་གནས་པའི་འོད་གསལ་ལོ་ཞེས་པས་དབུས་སུ་བྱུང་པའོ། །ཟུང་འཇུག་གི་རིམ་པ་ཉིད་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཅན་གྱི་ཕྱིར། །མཛའ་མེད་བྱུང་བའོ། །ཡེ་ཤེས་གསུམ་གྱི་རྣམ་པར་རྟོགས་པ་སེལ་བ་བྱས་ནས། མཐར་བྱུང་བ་སྟེ་འོད་གསལ་བ་དབང་བཞི་པའི་མཚན ་ཉིད་དུ་མངོན་པར་བརྗོད་པར་བྱའོ་ཞེས་སོ། །འདིར་ཚིགས་སུ་བཅད་པ་ལ་ནི་ཡང་ན་དེ་ལྟ་ལ་ཡང་།སྒྲ་གསུམ་པོ་འདི་རྣམས་ནི་དོན་གསུམ་པོ་རྣམས་ལ་སླར་ཡང་དོན་གྱི་ཕྱོགས་བླ་ན་མེད་པ་ལ་འཇུག་པ་རྣམས་སུ་འཇུག་པར་བྱེད་པ་རྣམས་སོ་ཞེས་སོ། །དེ་ལྟར་གྱུར་པའི་ཡེ་ཤེས ་དེ་ཐམས་ཅད་སྟོང་པར། མཁས་པ་རྣམས་རྒྱུན་དུ་སྨྲ་བར་བྱེད་དོ། །ཡེ་ཤེས་འདི་ཉིད་ཀྱིས་རང་བཞིན་གསུངས་པ། འགྲོ་དང་འོད་པ་ཞེས་བྱ་བ་ལ་སོགས་པ་ལ། གདོད་མ་ནས་སྐྱེས་པའི་ངོ་བོ་ལ་འགྲོ་བ་དང་འོད་པ་ལ་སོགས་པའི་ཐ་སྙད་མི་འབྱུང་བའོ། །ཤིན་ཏུ་ངོ་མཚར་བའི ་གཟུགས་ཏེ་ཆོས་ཀྱི་སྐུའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །ངོ་མཚར་མིན་ནི་རྣམ་པ་སྣ་ཚོགས་པའི་དངོས་པོར་ཞེན་པ་རྣམས་ཞེས་གསུངས་པའི་ཕྱིར་རོ། །གནས་པ་མིན་ཡང་ནི་གཅིག་ཏུ་གནས་པས་གནས་པའོ། །ཐམས་ཅད་དུ་ཁྱབ་པ་ཉིད་ཀྱི་ཕྱིར་མྱུར་དུ་འགྲོ་བ ་འང་མིན་ཏ་སྔར་བཤད་པ་ཉིད་ཀྱིས་གསལ་ལོ། །གང་ཞིག་ཡོད་དང་ཞེས་བྱ་བ་ལ་སོགས་པ་ལ་གང་ཞིག་རྣམ་པར་རྟོག་པ་མེད་པ་ཅན་གྱི་ཡེ་ཤེས་ཡོད་པ་དང། མེད་པ་ཉིད་ཀྱི་ཐ་སྙད་གྲོལ་ཏེ་ཡོངས་སུ་བཏང་བའོ། །དེ་ལྟ་མོད་ཀྱི་དེ་ལ་ཡོད་པ་ཉིད་དང ་མེད་པ་ཉིད་ཀྱང་ཅི་ལྟར་ཞེ་ན་འབྱུང་བར་བྱེད་པ་རྣམས་ཀུན་རྫོབ་དུ་འདིར་མངོན་པར་བརྗོད་པར་བྱའོ། །བསོད་ནམས་གཟུགས་མིན་ཞེས་བྱ་བའི་ཚིག་རྣམས་ལ་འདི་དག་དང་འདྲ་བར་བཤད་པར་རྣལ་འབྱོར་པས་རྟོགས་པར་བྱའོ། །འདིར་བྱུང་བ་ནི་བསོད་ནམས? ་དང་སྡིག་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །དེ་ཅི་ཞེས་ཐམས་ཅད་སྟོང་པའོ། དེ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་དེ་བཞིན་ཉིད་ཀྱི་རང་བཞིན་ཀྱི་ཡེ་ཤེས་སོ། །འདི་ཐམས་ཅད་སྟོང་པར་སངས་རྒྱས་རྣམས་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱS? ་རྣམས་རབ་ཏུ་གསུངས་པར་བྱེད་དོ་ཞེས་སོ། །ལུང་དུ་ཡང་གསུངས་པ། །དེ་བཞིན་ཉིད་གང་ཡིན་པ་རྣམས་ནི་དབུ་མའི་དོན་གྱི་རྗེས་སུ་འབྲངས་ནས་མཐོང་སྟེ། དེ་རྣམས་ཉིད་ནི་དེ་ཁོ་ན་ཉིད་རིག་པ་རྣམས་ལ་མངོན་སུམ་སྟེ་གལ་ཏེ་ཡང་དག་པར་རིག་པས་སོ། །ཇི་སྲིད་དུ་ཐཾ་ཅད ་ཀུན་ཏུ་སྒྲོ་བཏགས་པ་དེ་ཐམས་ཅད་རྣམ་པ་ཐམས་ཅད་དུ་མེད་དོ། །དབུ་མའི་སྒྲོ་བཏགས་པ་མེད་པ་དེ་ལ་སེལ་བ་དང་སྒྲུབ་པ་ཅི་ལས་ཤེས་སོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ། །རྣམ་པ་དེ་ལྟ་བུའི་སྐྱེ་བ་མེད་པའི་ངོ་བོ་དེ་ཉིད་ཐོབ་པ་སྟེ་རྙེད་ནས་རྒྱུ་དང་མི ་རྒྱུའི་བདག་ཉིད་དེ་བརྟན་པ་དང་འགྲོ་བའི་དངོས་ཐམས་ཅད་ཀྱི་བདག་ཉིད། དེ་བཞིན་ཉིད་དུ་རོ་གཅིག་པ་ཉིད་ཀྱི་ཕྱིར་རོ། །འགྲོ་གཉེན་གཅིག་ནི། དམིགས་པ་མེད་པའི་ཐུགས་རྗེས་རང་བཞིན་ཉིད་ཀྱི་ཕྱིར་རོ། །གང་གི་རྣལ་འབྱོར་པ་ཡེ་ཤེས་རང་བཞིན་མའོ ་སེངྒེའི། །ཡོངས་སུ་རྒྱུ་བར་བྱེད་པ་ནི་འཁྱམས་པར་བྱེད་པའོ། འགྲོ་བ་མ་ལུས་པ་ནི་མཛའ་དག་གོ། དེ་ནི་མི་ཟད་པ་སྟེ་ཟད་པ་མེད་པའི་ལུས་ཐོབ་པར་བྱས་པར་འགྱུར་རོ། །དེ་ནི་ཡོན་པའི་ལུས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་ཉིད་ཀྱི་ནུས་པས་བསྲུངས་པས། ་ཡོན་པོ་མིན་པའི་ལུས་སོ། །ཐུགསS་རྗེས་བཀུར་བར་བྱེད་བཞིན་པས་སེམས་ཅན་གྱི་དོན་ལ་རབ་ཏུ་འཇུག་པ་ཉིད་ཀྱི་ཕྱིར་རོ། །དེ་ནི་སྟན་ལ་མིན་ཞེས་པ་སོ་སོར་ངེས་པའི་སྟན་མེད་པ་ཉིད་ཀྱི་ཕྱིར་རོ། །སྟན་གྱི་འཆིང་བ་བསྟན་པའོ། །སྟན་ལ་བཅིངས་པར་མི་འགྱུར་རོ། །འོད ་གསལ་བའི་རང་བཞིན་ཉིད་ཀྱི་ཕྱིར་དེ་ནི་མི་བཙུམས་པའོ། །སྟོང་པ་ཉིད་ཀྱི་ནུས་པས་བརླན་པ་ཉིད་ཀྱི་ཕྱིར་རྣམ་རྒྱས་མིག་སྟེ་དགའ་བ་ཕུལ་དུ་བྱུང་བ་ཉིད་ཀྱི་ཕྱིར་རོ། །མཉམ་གཞག་ཡིན་ནི་དེ་བཞིན་ཉིད་ལ་རྟོག་པར་བྱེད་པ་ཉིད་ཀྱི་ཕྱིར་རོ་འདི་ནི་མཉམ་པར ་མ་བཞག་པ་སྟེ། དངོས་པོ་ཐམས་ཅད་ཀྱི་དོན་དེ་བཞིན་ཉིད་ཀྱི་བདག་ཉིད་དུ་ངེས་པར་རྟོག་པར་བྱེད་པའི་ཕྱིར་རོ། །སྟོང་པ་ཉིད་ཙམ་གྱི་མཐར་ཐུག་པ་ཉིད་ཀྱི་ཕྱིར་བརྗོད་བྲལ་ཡིན་ནོ། །སེམས་ཀྱི་དོན་བྱེད་པ་ཉིད་ཀྱི་ཕྱིར་ཚིག་དང་ཡང་དག་པར་ལྡན་པའོ། །ལོང་སྤྱོད ་ལྡན་པ་སྟེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པའི་ངེས་པ་སྟེར་བ་རྙེད་པའི་ཕྱིར་རོ། །གཟུགས་ངན་གྱུར་པ་སྟེ་འཇིག་རྟེན་པའི་ཆོས་བརྒྱད་རྣམས་ལ་རྒྱབ་ཀྱི་ཕྱོགས་པའི་ཕྱིར་རོ། །དེ་ནི་འཇིག་རྟེན་མགོན་སྟེ་སངས་རྒྱས་རྣམས་ཀྱི ་དེ་བཞིན་ཉིད་རྟོགས་པའི་ཕྱིར་རོ། །གཞན་བྲན་གྱུར་བདེ་ད་གྱོལ་མེད་པ་ཉིད་ཀྱི་ཕྱིར་རོ། །རྣལ་འབྱོར་པ་གང་ཞིག་དེ་ཉིད་རིག་ཅིང་ཉེས་ཀུན་ཟད་པར་འགྱུར་རོ། །མན་ངག་ཐོབ་པའི་སློབ་མ་ཞེས་བྱ་བ་ལ་སོགས་པ་ནི། རིམ་པ་འདིས་བསམ་གཏན་རྣམས་གཉིས ་ལ་དམིགས་པར་བྱ་ཞིང་གོམས་པར་བྱའོ། །རིལ་པོར་འཛིན་པའི་རིམ་ཉིད་དང། །དེ་བཞིན་ཉིད་དུ་འང་རྗེས་གཞིག་ལ་སྟེ་རིལ་པོར་སྟེ་ཕུང་པོ་སྟོད་པ་ཉིད་ཀྱིས་འཛིན་པས་རིལ་པོར་འཛིན་པའོ། །འདིའི་རིམ་པ་དེས་སོ། །དེ་བཞིན་ཉིད་རྗེས་སུ་སྟེ་ཕྱི་ནས ་འབྱེད་པ་ནི་རྗེས་སུ་གཞིག་པའོ། དེ་ཞིག་རིལ་པོར་འཛིན་པའི་རིམ་པ་བསྟན་པར་བྱ་སྟེ། མགོ་བོ་རྐང་པའི་བར་དུ་འང། ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་སོ། །རྗེས་སུ་གཞིག་པའི་རིམ་པ་ཡང་གོམS་པར་བྱེད་པ་དེ་ལ་རིམ་པ་འདི་ཡིན་ཏེ་བརྟན་པ་ཞིས་བྱ་བ་ལ ་སོགས་པ་ནི། བརྟན་པ་དང་ནི་ཡོ་བ་ཉིད། །དང་པོར་འོད་གསལ་བར་བྱས་ནས་ཏེ། ཀླུང་དམ་སྟེང་ཀའི་ཆུ་ནི་དྲི་མེད་ལའང་།ཐིག་ལེ་གང་ཞིག་ཐིམ་པར་བྱེད་ཅེས་པའི་མན་ངག་གིས་ཕྱི་ནས་བདག་ཀྱང་འོད་གསལ་བའི་རང་བཞིན་དུ་བྱེད་པ་རྗེས་སུ་གཞིག ་པའི་རིམ་པ་སྟེ། འདི་བྲིས་པ་ལ་ནི་འདིར་དགོས་པ་ཡིན་ལ་མི་བྱའོ། །ཅི་རྣལ་འབྱོར་པ་གཅིག་གིས་རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པར་བྱ་འམ། འོན་ཏེ་ཐ་དད་པས་ཤེ་ན་།འདིར་སྒྲུབ་པ་སོ་སོར་གསུངས་པ་།རིལ་པོར་འཛིན་པ་དང་རྗེའུ་གཞིག་པ ་དག་གིས་བར་དུ་སྦྱོར་བ་གཅིག་པོ་འདི་འདོད་དེ། དེ་ལ་གོམས་པར་བྱེད་དོ། །ཅི་ལྟར་སོ་སོར་རྟོགས་པར་བྱ་ཞེ་ན། འདིའི་དོན་དཔེ་སོ་སོས་གསུངས་པ་དབུགས་ཀྱི་རླུང་ནི་མེ་ལོང་ལ། ཀུན་ནས་ཐིམ་འགྲོ་ཇི་ལྟ་བར་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད ་པའི་རྐང་པ་སྦྱོར་བ་རྣམས་མ་བྱས་པ་ནི་རྩ་བར་མཆོག་ཏུ་ཆེས་གསལ་བ་ཉིད་ཀྱི་ཕྱིར་རོ། །འཕགས་པ་ལྷའི་ཞབས་རྣམས་ཀྱི་སྤྱོད་བསྡུས་སུ་གསུངས་པ་ཡང་ཀླང?་ངམ་སྟེང་ཀ་དྲི་མ་མེད་པའི་ཆུ་ལ་ཐིག་ལེ་འང་གང་ཞིག་ཐིམ་པར་བྱེད། །དེ་བཞིན་དེ་དག་རིམ་མཐར ་རྗེས་གཞིག་པར་གསུངས་རྣལ་འབྱོར་པ་ནི་རྟགས་མཐར་དྲན། །མེ་ལོང་ལ་ནི་རླུང་དག་རིམ་པར་སོན་པས་ཟད་པ་དེ་བཞིན་ཡང་དག་ལྟ། རིལ་པོར་འཛིན་ལ་བྱ་བའི་རིམ་པར་འདོད་པ་འདིར་དེ་བཞིན་ཡང་དག་བརྟག་ཅེས་སོ། འགྲོ་དང་ཞེས་བྱ་བ་ལ་སོཌ་པ་མS ་དེ་ཉིད་རིག་པ་ཞེས་པའི་མཐར་ཐུག་པ་རྩ་བ་ཉིད་ལས་རྟོགས་པར་སླའོ། །སེམས་ཅན་དོན་དུ་ལན་དགའ་འགྱུར་ཞེས་བྱ་བ་ལས་སེམས་ཅན་གྱི་དོན་ཡང་བྱ་བཞིན་པའོ། །གཟུགས་བཅད་འོད་ཟེར་དེ་དང་དེ་སྟེ་འོད་ཟེར་ལྔ་དང་ལྡན་པའི་རྡོ་རྗེ་སེམས་དཔའ་ཨི ་རང་བཞིན་གྱིས་གལ་ཏེ་བྱེད་ན་དེའི་ཚེ་ཡུལ་ཙམ་གྱིས་ཁྱད་པར་གྱིས་བདག་བྱིན་གྱི་བརླབ་པའི་རིམ་པས་ཞི་བ་ལ་སོགས་པའི་ལས་ཀྱང་དགའ་བས་ཐམས་ཅད་རྫོགས་པར་བྱེད་དོ། །ནིའི་སྒྲ་ནི་རྐང་པ་རྫོགས་པར་བྱེད་པ་ལའོ། །འདིའི་དོན ་གྱིས་དཔེ་གསུངས་པ་། ཇི་ལྟར་དད་བའི་ཆུ་ཀླུང་ལས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་སོ། །འདིས་ཟུང་འཇུག་གི་རིམ་པར་འཕགས་པ་ཀླུ་སྒྲུབ་ཀྱི་ཞབས་ཉིད་ཀྱིས་སོ་སོར་བསྟན་ནོ། །འདི་ཉིད་སླར་ཡང་ལྡང་བར་བྱེད་པའི་བདག་ཉིད ་ཅན་གྱིས་ལྷའི་ལུས་སུ་གསུངས་པ། རིགས་ལྔའི་སངས་རྒྱས་ལ་བལྟོས་པ་ཞེས་བྱ་བ་ལ་སོགས་པ་སྟེ། །སངས་རྒྱས་རིགས་ལྔ་ལ་བལྟོས་པ་གང་ཡིན་པའི་ཕྱག་རྒྱ་ཆེན་པོ་དེ་དེ་བཞིན་དུ་གསུངས་སོ། །མེ་ལོང་ལ་སོགས་པའི་ཡེ་ཤེས་ལྔ་ཡོངས་སུ ་བསྐྱེད་པའི་ལྷའི་རྣམ་པ་ནི་ཕྱག་རྒྱ་ཆེན་པོ་སྟེ། དེ་སླར་ཡང་རྡོ་རྗེ་འཆང་ཆེན་པོའི་སྐུའོ། །དེ་ཉིད་ཀྱི་ཕྱིར་ཕྱག་རྒྱ་ཆེན་པོ་ནི་སངས་རྒྱས་ལྔ་པོ་རྣམས་ཀྱི་མའང་བདག་ཉིད་ཀྱི་ཕྱིར་རོ། །དོན་འདི་ལ་ལྷག་པར་མོས་པ་ནི་བརྟག་པའི་སྒྲའི་བརྗོད་པར་བྱའི། །ཁ་ཅིག་ཏུ་རྣམ ་པར་རྟོག་པ་ཀུན་ཏུ་གནས་པར་བྱེད་པ་ཉིད་ནི་མ་ཡིན་ནོ། །འདི་ཙམ་ལ་ལྷག་པར་མོས་པར་བྱེད་པ་ལམ་གྱི་ངོ་བོས་ཁྱད་པར་དུ་འཕགས་པའི་ལྷའི་ལུས་ཉམས་སུ་མྱོང་བར་བྱེད་དོ། །དེ་བཞིན་དུ་ཡང་གསུངས་པ་ཟུང་དུ་འཇུག་པའི་ལམ་མོ། །ཟུང་དུ་འཇུག་པ ་ཅན་ནི་འབྲས་བུའི་ཞེས་གསུང་ལས་སོ། །སོགས་པའི་སྒྲ་ལས་དང་ཆོས་དང་ཕྱག་རྒྱ་ཆེན་པོ་རྣམས་བཟུང་ངོ། །འོད་ལྔ་ཀུན་ནས་ལྡང་བ་ཡི། །སྟེ་འོད་ཟེར་ཁ་དོག་ལྔ་དང་ལྡན་པའི་ཕྱག་རྒྱ་ཆེན་པོ་ཀུན་ནས་ལྡང་བ་སྟེ། ཡང་དག་པར་བསླང་པར་འགྱུར་རོ།། ་གང་དུ་ན་ནམ་མཁའ་ལའོ། །ཅི་ལྟ་བུར་ཞེ་ན། བརྒྱ་བྱིན་གྱི་གཞུ་ལྟར་རོ། །འདི་དངོས་པོ་གཅིག་གི་རང་བཞིན་གྱི་དངོས་པོ་ཐམས་ཅད་ལ་ངེས་པར་སྦྱར་པར་བྱ་བའི་ཕྱིར་གསུངས་ལ། །ཕྱག་རྒྱ་འཆིང་པ་ཞེས་པ་ལ་སོགས་པ་ནས་།ཐམས་ཅད་སྟོང་པས་དག་པར ་བྱེད་ཅེས་པའི་མཐར་ཐུག་པའི་བཤད་པ་མངོན་པར་བརྗོད་པར་བྱའོ། །ཐམས་ཅད་སྟོང་པས་ཏེ་རྣམ་པར་རྟོག་པའི་བག་ཆགས་ཀྱིས་སྒྲིབ་བ་མཛའ་དག་རབ་ཏུ་སྤངས་པའི་ངོ་བོ་ཉིད་ཀྱིས་རང་བཞིན་མེད་པ་བསྒོམ་པར་བྱ་བཞིན་པས་དག་པར ་བྱེད་དོ། །དག་གི་བསྡུས་པའི་དོན་གྱིས་བཤད་པའོ། །སློབ་མ་བཟང་པོ་སྐལ་བཟང་མན་ངག་ཅེས་བྱ་བ་ལ་སོགས་པ་ལ་བྱང་ཆུབ་ལ་ནི་སེམས་ཏེ་ནི་སྟེ་དོན་གང་གི་ཕྱིར་དུ་བྱང་ཆུབ་ལ་སེམས་དཔའ་དོན་དམ་བདེན་པར་མངོན་པྲ་བརྗོད་པ་ནི ་ཞེས་བྱ་བའོ། །འདི་བླ་མའི་སྤྱན་སྔ་ནས་སླར་ཡང་ལག་པ་མེ་ཏོག་འཛིན་པ་ཐལ་མོ་སྦྱར་བ་བྱས་པས་བླང་པར་བྱ་ནི་ལིང་ངའི་ལ་མིག་གི་གཟུགས་ཕྱིས་པ་མཛའ་ཡིས། །ཅི་ལྟར་བྱས་ནས་རྟོགས་པར་བྱ་ཞེ་ན། འདིའི་དོན་གཞུང་སོ་སོའི་མཐར་གྱི ་བཤད་པ་ལ་འཇུག་བར་བྱ་སྟེ། །ཐོག་མར་ཤེས་རབ་ཉི་མ་ཉིན་མོའི་ལྷག་མའི་ཡེ་ཤེས་སྐུད་ཅིག་བཞི་པར་མངོན་པར་བརྗོད་པར་བྱ་བ་བླ་མས་སླར་ཡང་བསྟན་པ་གང་ཡིན་པ་དེ་ད་ནི་ཚིག་གི་སྒོ་ཉིད་ཀྱིས་སླང་པར་བྱ་བ་ཐོབ ་པའི་སློབ་མ་བཟང་པོ་ཡང་དག་པའི་མན་ངག་གིས་བསྡུས་པའི་དོན་བླང་བར་བྱའོ། །ཞེས་བྱ་བ་ལ་སོགས་པའོ། །དངོས་པོ་ཐམས་ཅད་རྣམ་བྲལ་བ་ཞེས་པའི་དངོས་པོ་ཐམས་ཅད་རྣམ་བྲལ་བ། ཕུལ་པོ་ཁམས་དང་སྐྱེ་མཆེད་དང། གཟུང་དང ་འཛིན་པ་པོ་སྤངས་པ་ནི་རང་ཡང་དག་པར་རིག་པའི་ངོ་བོ་དེ། རབ་ཀྱི་སྒོམ་པ་པོས་ཤེས་པར་བྱའོ། །ཆོས་བདག་མེད་པ་མཉམ་ཉིད་པས་ཏེ། ཇི་ལྟར་ཤིང་དང། རི་དང་འབབ་ཆུ་དང། རྒྱ་མཚོ་ལ་སོགས་པའི་ཆོས་རྣམས་གདོད་ནས་མ ་སྐྱེས་པའི་རང་གི་ངོ་བོ་ཉིད་ཀྱིས། །དེ་བཞིན་ཉིད་ཀྱི་རང་བཞིན་མིན་པ་དེ་བཞིན་དུ། རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ་ཞེས་སོ། །སློབ་མའི་ཆེད་དུ་བླ་མ་མཆོག་སོ་སོར་རྟོགས་པར་བྱེད་དོ། །འདིས་འདི་བཤད་དེ། ་ཟབ་ཅིང་རྒྱ་ཆེ་བའི་ཐེག་པ་ལ་ལྷག་པར་མོས་པ་ལ་དབང་བསྐུར་རིན་ཆེན་ཚིག་ཉིད་དུ་བྱིན་ཅིག་ཅེས་འདིའི་དོན་བསྟན་པ་དེ་ནི་སླར་ཡང་དེ་བཞིན་བཞི་པའི་དབང་བསྐུར་བའི་སྒྲར་མངོན་པར་བརྗོད་པར་བྱ་བ་ལྷན་ཅིག་སྐྱེས་པའི་དགའ་ ་བ་བསྟན་པར་འགྱུར་ཞེས་པ་དེ་ཁོ་ན་ཉིད་དོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་བླ་མའི་ཆེད་དུ་རྗེས་སུ་མཐུན་པོS་ཡོན་དབུལ་བར་བྱ་སྟེ། རིན་ཆེན་ཞེས་བྱ་བ་ལ་སོགས་པ་ནས་།སློབ་མ་ལ་གཞན་ལྟ་ཅི་སྨོས་ཞེས་པའི་མཐར ་ཐུག་པ་གོ་སླའོ། །ཅི་ལྟ་བུར་ངོ་བོར་གྱུར་པའི་ཡེ་ཤེས་ཐོབ་པ་དེའི་འབྲས་བུ་གསུངས་པ། སློབ་དཔོན་ལས་ནི་དྲིན་ཐོབ་ཅེས་བྱ་བ་ལ་སོགས་པ་སྟེ་།ཐོབ་པ་ནི་དེ་ཁོ་ན་ཉིད་ཀྱི་མན་ངག་རྙེད་པའོ། །སློབ་དཔོན་གྱི་དྲིན་ནི་བླ་མའི་བཀའ་ ་དྲིན་ནོ། །དྲི་མེད་ནི་དྲི་མ་དང་བྲལ་བ་བློ་གྲོས་བརྟན་པ་གང་ཡིན་པའི་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་ཁོ་ན་ཉིད་ཀྱི་ལམ་ལ་གནས་པའི་རྣལ་འབྱོར་པས་དེ་ཁོ་ན་ཉིད་བསྒོམ་པར་བྱ་ཞེས་པ་།དངོས་སུ་སྦྲེལ་ལོ། །དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པ་ཅི་ལྟ་བུར་གྱུར་པ་ཞེས། དངོས་ཀུན ་རང་བཞིན་དེ་ཉིད་དོ། །ཅི་ལྟར་གྱུར་པ་ཞེ་ན། ཐོགས་པ་མེད་པ་ཉིད་ཀྱི་ཕྱིར་གསལ་བའོ། །སྒྲིབ་པ་གཉིས་དང་བྲལ་བ་ཉིད་ཀྱི་ཕྱིར་དག་པའོ། །མཚོན་པར་དཀའ་བ་ཉིད་ཀྱི་ཕྱིར་ཤིན་ཏུ་ཕྲ་བའོ། །མཆོག་ཏུ་ཞི་བའི་རང་བཞིན་དགེ་ལེགས་སྐྱེད་པ་པོ་ཉིད་ཀྱི་ཕྱིར ་རོ། །སངས་ཀྱི་མྱང་འདས་སྐྱེད་པར་བྱེད་པའི་ཕྱིར་ཐར་པའོ། །དེ་འཛིན་པར་བྱེད་པའི་ཞེས་པས་ཁམས་ཏེ་སངས་རྒྱས་མྱ་ངན་ལས་འདས་པའི་ཁམས་སོ། །སྲིད་པ་དང་མྱ་ངན་ལས་འདས་པ་གཉིས་དང་བྲལ་བའི་ཕྱིར་གཉིས་མེད་དོ། །རྟོགས་པ་ཐམས་ཅད་ལས་འདས ་པ་ཉིད་ཀྱི་ཕྱིར་རྟོག་བྲལ་ལོ། །ཐམས་ཅད་ཀྱི་ཚེ་རྣོ་བའི་རྣམ་པ་ཉམས་སུ་མྱོང་བའི་ངོ་བོ་ཉིད་ཀྱི་ཕྱིར་རྟག་ཏུ་བདེ་བའི་རང་བཞིན་ནོ། །དེ་ཉིད་མངོན་སུམ་དུ་བྱས་པ་ནི་རྣལ་འབྱོར་པའོ། །བསོད་རྣམས་བསོད་རྣམས་མིན་པ་དག་ལས་རྣམ་གྲོལ་ཏེ་བྲལ་བ་རང ་ཉིད་འདིར་ཏེ། །ད་ཁོ་ན་ཉིད་སྒོམ་པར་བྱེད་པ་རྣམས་ལ་བཅོམ་ལྡན་འདས་སུ་འགྱུར་རོ། །རྡོ་རྗེ་སེམས་དཔའ་སྟེ་རྡོ་རྗེའི་རང་བཞིན་དུ་འགྱུར་རོ་ཞེས་གནས་སོ། །མཆོག་ཏུ་གསང་བའི་བདེ་བ་མངོན་པྲ་བྱང་ཆུབ་པའི་རིམ་པ་ཞེས་པ་ནི་མཆོག་ཀྱང་དེ་ཡིན་ལ་གསང ་པ་ཡང་དེ་ཡིན་ནོ་ཞེས་དང། བདེ་བ་ཡང་དེ་ཡིན་ལ་མངོན་པར་བྱང་ཆུབ་པ་ཡང་དེ་ཡིན་ནོ་ཞེས་པས་ཏེ་མཆོག་ཏུ་གསང་བ་ཡང་འདི་ཡིན་ལ་བདེ་བ་མངོན་པར་བྱང་ཆུབ་པ་ཡོད་ཞེས་པས། །མཆོག་གསང་བའི་བདེ་བ་མངོན་པར་བྱང་ཆུབ་པ་སྟེ ་འོད་གསལ་བ་དེའི་རིམ་པའོ་ཞེས་པ་འོད་གསལ་གྱི་རིམ་པའི་དོན་མདོར་བཤད་པ་རྣལ་འབྱོར་པའི་ཡིད་འཕྲོག་རྫོགས་སོ། །།སེམས་གྱི་དོན་དུ་མངོན་པར་དགོངས་ནས་སྔོན་གྱི་སྨོན་ལམ་གྱི་དབང་གི་འོད་གསལ་ལས་ ་ཟུང་འཇུག་གི་རིམ་པར་ལྡང་བྱེད་པ་ཕྱག་བྱེད་པ་སྔོན་འགྲོ་བ་ཅན་ཉིད་ཀྱིས་བསྟན་པར་འདོད་ནས་རྒྱུ་དང་འབྲས་བུ་བདག་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མགོན་པོ་ནི་འཇིག་རྟེན་རྣམས་ཀྱི་སྐྱེ་བ ་པར་གྱུར་པའོ། །ཕྱག་འཚལ་ནས་ནི་རབ་ཏུ་བཏུད་ནས་སོ། །ཡང་དག་པར་ངེས་པའི་དོན་ཟུང་དུ་འཇུག་པའི་རིམ་པ་ཐམ་བྲི་བར་བྱ་ཞེས་སྤྲེལ་ལོ། །ཅི་ལྟར་གྱུར་ཞེ་ན་།མགོན་པོ་རྒྱུ་དང་འབྲས་བདག་ཉིད་དོ། །འབྲས་བུ་ནི་འོད་གསལ། །རྒྱུ་ནི་རྒྱུ་ལུས་ཏེ་བདག ་བྱིན་གྱིས་བརླབ་པའི་སྒྲས་མངོན་པར་བརྗོད་པར་བྱའོ། །འདི་དག་གཅིག་པ་ཉིད་ནི་འབྲས་བུ་དང་རྒྱུའི་བདག་ཉིད་ཅན་ཟུང་འཇུག་གོ་།དེ་ཉིད་ཀྱི་ཕྱིར་གཉིས་པ་ཐམས་ཅད་རྣམ་སྤངས་པའོ། །ཟུང་འཇུག་རིམ་པ་ཐ་མ་ནི་ཟུང་གིས་རྒྱུ་དང ་འབྲས་བུའོ། །འཇུག་ནི་གཅིག་ཏུ་འདྲེས་པར་གྱུར་པའོ། །སྣ་ཧ་འཆིང་བ་ལའོ། ཞེས་པ་འདིའི་བྱིངས་ལས། ཀྟའི?་ས་རབ་ཏུ་སྦྱོར་རོ། །འོད་གསལ་གྱི་རིམ་པ་ལས་ཕྱི་མ་སྟེ་ཁྱད་པར་དུ་འཕགས་པའོ། །འཁོར་བ་ཞེས་བྱ་བ་ལ་སོགས་པ་ལ་འཁོར ་བ་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། བདག་བྱིན་གྱིས་བརླབ་པའི་སྒྲར་བརྗོད་པར་བྱའོ། །མྱ་ངན་ལས་འདས་པ་ནི་དོན་དམ་པའི་བདེན་པ་སྟེ་འོད་གསལ་ལོ། །རྟོག་པ་གཉིས་པོ་སྤང་པ་ལ་སྟེ་གསུངས་པ་ཡང་བདེན་པ་གཉིས་ཀྱི་རྟོག་པ་སྤངས་པ་ལ ་རྟོག་པ་གཉིས་དང་བྲལ་བྲ་ནི་ཟུང་འཇུག་གི་རིམ་པ་ཞེས་པའི་དོན་ཏོ། །གང་དུ་དངོས་པོ་གཅིག་གྱུར་པ་ནི་ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པ་གཉིས་ཀ་དག་གང་དུ་སྟེ་ངོ་བོ་གང་དུ་དངོས་པོ་གཅིག་གྱུར་ཏེ་རོ་མཉམ་ཞིང་གཅིག་པ ་ཉིད་དུ་ཐོབ་པར་བྱེད་དོ་ཞེས་པས། ཟུང་དུ་འཇུག་པར་དེ་བརྗོད་བྱའོ། །རིམ་པ་འདི་ཉིད་ཀྱིས་ཚིགས་སུ་བཅད་པ་གཞན་ལ་ཡང་གཅིག་གྱུར་པ་ཟུང་དུ་འཇུག་པའི་ཚིག་དག་གིས་བཤད་པར་བརྟགས་པར་བྱའོ། །ཅི་ཤེས་པ་རྣམས་ཀྱིས་ཤེ ་ན་ཀུན་ནས་ཉོན་མོངས་རྣམ་པར་བྱང། ཤེས་ནས་ཞེས་བྱ་བ་ལ་སོགས་པ་ལ། ཀུན་ནས་ཉོན་མོངས་པ་ཡོངས་སུ་དག་པ་སྒྱུ་མའི་ལུས་སོ། །རྣམ་པར་བྱང་བ་ནི་འོད་གསལ་ལོ། །ཤེས་ནས་ནི་བློས་སོ་སོར་རྟོགས་ནས་སོ། །འདི་དག་དངོས་པོ་གཅིག་ཉིད་དུ་གྱུར་པ་ནི ་གཅིག་ཉིད་དོ། །གང་གིས་རིག་པ་ནི་ཤེས་པའོ། །རྣམ་བཅས་དངོས་པོ་ཀུན་བཏགས་ཤེས་པ་སོགས་ནི། རྣམ་པ་དང་བཅས་པའི་དངོས་པོ་ཀུན་བཏགས་པ་ནི་བདག་བྱིན་གྱིས་བརླབ་པའོ། །རྣམ་མེད་ཉིད་དུ་རྟོགS་པ་ནི་འོད་གསལ་ལོ། །འདི་དག་གཅིག ་ཉིད་དུ་བྱས་སྦྱོང་བ་ནི་ཐ་སྙད་དུ་བྱེད་བའོ། །རྣལ་འབྱོར་པ་དེ་རིག་བ་ནི་ཤེས་པར་བྱེད་པའོ། །གཟུང་དང་འཛིན་པ་ཞེས་བྱ་བ་ལ་སོགས་པ་ལ་གཟུང་བྱ་ནི་འོད་གསལ་ལོ། །འཛིན་པ་ནི་ཡོངས་སུ་མ་དག་པའི་སྒྱུ་ལུས་སོ། །ཞེས་པའི་རྣམ་གཉིས་བློ་ནི་བློའི་རྣམ་པའོ། །ཡོད་མིན ་ཏེ་ནི་བསྐྱེད་པར་མི་བྱའོ། །གང་དུ་ནི་ཡེ་ཤེས་ལའོ། །མ་ཕྱེད་པ་ཉིད་དུ་འགྱུར་པ་དེའི་ཚེ་བཤད་པ་ཏེ་སྨས་པའོ། །རྟག་དང་ཆང་བའི་བློ་དག་ནི་ཞེས་བྱ་བ་ལ་སོགས་པ་ལ་རྟག་པ་ནི་ཡོངས་སུ་མ་དག་པའི་རྒྱུ་ལུས་སོ། །ཆད་པ་ནི་འོད་གསལ་ལོ། །ཤེས་རབ་སྙིང་རྗེ་གཅིག ་ཉིད་དུ་ཞེས་བྱ་བ་ལ་སོགས་པ་ལ། ཤེས་རབ་ནི་འོད་གསལ་ལོ། །སྙིང་རྗེ་ནི་ཡོངས་སུ་མ་དག་པའི་རྒྱུ་ལུས་སོ། །ཐབས་དང་ཤེས་རབ་སྙོམས་འཇུག་པ་ཞེས་པ་ནི། ཤེས་རབ་ནི་སྟོང་པ་ཉིད་དོ། །ཐབས་ནི་སྒྱུ་ལུས་སོ། །གང་དུ་ཕུང་པོ་ལྷག་བཅས་དང། དེ་བཞིན་ཕུང་པོ ་ལྷག་མེད་པ་ཞེས་བྱ་བ་ལ་སོགས་པ་ཕུང་པོ་ལྷག་མ་དང་བཅས་པ་ནི་སྒྱུ་ལུས་སོ། །ཕུང་པོ་ལྷག་མ་མེད་པ་ནི་མྱ་ངན་ལས་འདས་པའོ། །གང་དུ་གང་ཟག་བདག་མེད་ཅེས་པ་འང་ཞེས་བྱ་བ་ལ་སོགས་པ་ལ། །གང་ཟག་གི་བདག་མེད་པ་ནི་བདག ་བྱིན་གྱིས་བརླབ་པའི་ངོ་བོའོ། །ཆོས་ཀྱི་བདག་མེད་པ་ནི་འོད་གསལ་ལོ། །ཤེས་ནས་ཞེས་བྱ་བ་ལ་སོགས་པ་ནས། །མི་ཟད་རྣལ་འབྱོར་བའི་གནས་ཞེས་བྱ་བའི་མཐར་ཐུག་པ་ནི་རྟོགས་པར་སླའོ། །གཉིད་ལོག་པ་དང་རབ་སད་པ། །གནས་སྐབས་འདི ་ཉིད་སྤངས་པ་ལས་ཞེས་བྱ་བ་ལ་སོགས་པ་ལས་གཉིད་ལོག་པའི་གནས་སྐབས་ནི་འོད་གསལ་ལོ། །རབ་ཏུ་སང་པའི་གནས་སྐབས་ནི་སྒྱུ་ལུས་སོ། །མཉམ་པར་བཞག་དང་མ་བཞག་པ་ཞེས་བྱ་བ་ལ་སོགས་པ་ལ། མཉམ་པར་བཞག་པ་ནི ་འོད་གསལ་ལོ། །མཉམ་པར་མ་བཞག་པ་ནི་སྒྱུ་ལུས་སོ། །དྲན་དང་དྲན་མིན་རྣམ་པར་གྲོལ་ཞེས་པ་ལ་སོགས་པ་ལ། །དྲན་མིན་འོད་གསལ་ལོ། །དྲན་པ་ནི་སྒྱུ་ལུས་སོ། །ཆགས་དང་ཆགས་བྲལ་རྣམ་པར་གྲོལ་ཞེས་བྱ་བ་ལ་སོགས་པ་ལ་ཆགས་པ་ནི་རྒྱུ་ལུས་སོ་ ་ཆགས་བྲལ་ནི་འོད་གསལ་ལོ། །བྱ་བ་དང་ནི་བྱེད་པ་དག་ཅེས་བྱ་བ་ལ་སོགས་པ་ལ་བྱ་བ་ནི་འོད་གསལ་ལོ། །བྱེད་པ་ནི་རྒྱུ་ལུས་སོ། །བསྐྱེད་པའི་རིམ་པ་འདི་གཅིག་དང་ཞེས་བྱ་བ་ལ་སོགས་པ་ནས་གཾ་གེའི་བྱེ་མ་ལྟ་བུ་ཞེས་པའི་བར་རྣམས་ལ་ཀུན་རྫོབ ་ཀྱི་བདེན་པར་མངོན་པར་རྗོད་པར་བྱེད་པའི་ཚིག་ཀྱང་ཡོད། །དོན་དམ་པའི་བདེན་པ་མང་?་བརྗོད་པར་བྱེད་པའི་ཚིག་ཀྱང་ཡོད་པས། འདི་དག་ཉིད་དུ་མངོན་པར་ཤེས་ནས་ཟུང་འཇུག་གི་ངོ་བོར་བརྗོད་པའི་རིམ་པས་མཁས་པས་རྣམ་གྲངས་པའི་སྒྲར ་བྱའོ། །སློབ་བཞིན་པ་ཞེས་བྱ་བ་ལ་སོགས་པ་ལ། །སློབ་བཞིན་པ་ནི་འབད་པ་བྱེད་བཞིན་པའོ། །རྣལ་འབྱོར་ཆེན་པོ་ནི་ཟུང་འཇུག་གི་གོ་འཕང་ལ་གནས་པ། །ཟུང་དུ་འཇུག་པ་སྒོམ་པར་བྱེད་དོ། །སྤྱོད་པའང་དེའི་དོན་དུའོ། །འདིར་ཤིན་ཏུ་སྤྲོས་པ་མེད ་པའི་སྤྱོད་པ་བྱའོ་ཞེས་པ་ལྷག་མའོ། །འདིར་ནི་མན་ངག་གི་ཁྱད་པར་ལས་སྤྲོས་པ་མེད་པའི་སྤྱོད་པ་འང་མདོར་བྱས་ཀྱི་རིམ་པར་བསྟན་ཏེ། དེས་ན་འདིར་མ་བརྗོད་དོ། །སྤྱོད་བསྡུས་སུ་གསུངས་པ་ཡང། ཤིང་ཡང་བསྲེགས་ནས་ཐལ་བར ་འགྱུར་རོ།། ཏཱ་ལའི་འདབ་མ་ཡང་བསྲེགས་ནས་ཐལ་བར་འགྱུར་རོ།། ཤིང་བ་ལ་ཡང་བསྲེགས་ན་ཐལ་བར་འགྱུར་ཞེས་སོ། །ཐམས་ཅད་ག་དུ་རང་བཞིན་གཅིག་ཉིད་ཀྱི་ང་རྒྱལ་གྱིས་སྦྱོད་པ་སྤྱད་པར་བྱའོ་ཞེས་བསྟན་པར་འདོད་ནས་གསུངས་པ། ་ཇི་ལྟར་བདག་ཉིད་ཅེས་བྱ་བ་ལ་སོགས་པ་ནས། ཕུན་གསུམ་ཚོགས་པ་ཐམས་ཅད་འགྲུབ་ཅེས་པའི་མཐར་ཐུག་བརྩ་བ་ཉིད་ལས་གོ་སླའོ། །འདི་དག་ཀྱང་སྤྱོད་བསྡུས་སུ་གསུངས་པ། རྣལ་འབྱོར་པ་ཐམས་ཅད་ནས་ཐེ་ཚོམ་ཆོད་བརྩོལ་བ་མེད་པར་བྱིས་པ་བཞིན་དུ ་སྤྱོད་པར་བྱེད་དེ། །དེའི་ཚེ་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་ཆར་འབེབས་སོ། །དཔལ་འདུས་པའི་རྒྱ་ཆེར་འགྲེལ་པར་ཡང་གསུངས་པ། རྡོ་རྗེ་པདྨ་མཉམ་སྦྱོར་བས། །ཡེ་ཤེས་གསུམ་གྱིས་ཆ་རིགས་པ། །བློ་ལ་གོས་དང་མ་གོས་པ། །དེར་ནི་བདེ་བས་རྟག་ཏུ་གནས། །བཀག་པ ་རྣམས་ཀྱང་བྱས་ནའོ། །བྱ་དང་བྱ་མིན་རྣམས་སྤངས་པ། །རང་བཞིན་ཤེས་པ་མི་གོས་ཏེ། པདྨའི་འདབ་མཆུ་ཡིས་བཞིན་ཞེས་སོ། །བཤད་ནས་བསོད་ནམས་ཞེས་བྱ་བའི་མཐར་ཐུག་པའི་ཚིགས་སུ་བཅད་པའི་བཤད་པ་ནི་ཆེས་གསལ་ལོ། །ཞེས་པ་ཟུང་དུ་འཇུག ་པའི་རིམ་པའི་དོན་མདོར་བཤད་པ་རྣལ་འབྱོར་པའི་ཡིད་འཕྲོག་ཅེས་བྱ་བ་རྫོགས་སོ།། །།སྐྱབས་གསུམ་བླ་མར་བཏུད་ནས་ཤིན་ཏུ་བགྲོད་དཀའ་ངེས་པར་རིང། །ཟབ་མོ་གསང་སྔགས་ཚུལ་ནི་རྒྱ་མཚོ་མནད་ར་ཡི་རི། །རིན་ལྡར་རྣམ ་བར་སྦྱར་ཞིང་བསྒྲུབ་པའི་བདག་གི་བསོད་ནམས་ནི། གང་ཡིན་ངེས་ནི་འགྲོ་རྣམས་མཆོག་གི་བྱང་ཆུབ་གྲུབ་གྱུར་ཅིག། དོན་མདོར་བཤད་པ་འདིའི་ཚིག་གི་ཆུ་སྐྱེས་བུད་པ་སྦྱོར་བ་སྦྲང་ཚོགས་འཕྲོ་བཞིན་པ། །སློབ་དཔོན་སློབ་མ་གཏམས་པ་ས་ལ་མཆོག ་གི་རི་མོར་ཤེས་རབ་སྟོབས་ཀྱིས་བསྐུལ་བ་ལས། །བརྟན་པའི་ཡིད་འཕྲོག་ཅེས་བྱ་བླ་མ་མང་པོ་མཉེས་པར་བྱས་ཤིང་རིང་ནས་འགྲོ་ལ་བརྩེ། །བློ་གྲོས་ཆེན་པོ་འཕྲོག་པའི་དམ་པ་བདག་སློང་ཐུབ་པ་དཔལ་བཟང་པོ་ཡིས་བྱས་པ་ཡིན། །མ་བརྗོད་གཞན་དུ་བྱས ་པ་ཉེས་པའི་ཆ་ཤས་གང། །མཆོག་གི་ཡོན་ཏན་གནས་ཀྱིས་ཡོངས་དུབ་རྗེས་སུ་ཆགས། །བཅུད་ཀྱི་རང་བཞིན་བློ་ལྡན་རྣམས་ཀྱི་ཡོན་ཏན་ཆུར། །ཉེས་པའི་འཁྲི་ཤིང་མི་ཤེས་བདག་ཀྱང་འཇུག་པར་བྱེད། །།འདི་ནི་ཡུལ་མ་ག་དྷ་བའི་པཎྜི་ཏ་ཐུབ་པ ་དཔལ་བཟང་པོས་མཛད་པའོ།། །།རིམ་ལྔའི་འགྲེལ་པ་རྣལ་འབྱོར་པའི་ཡིད་འཕྲོག་ཅེས་བྱ་བ་རྫོགས་སོ།། །།འདི་ནི་སྤྱལ་ལོ་ཙཱ་བ་ཆོས་ཀྱིས་བཟང་པོའི་ཕྱག་དཔེའི་རྒྱ་དཔེ་ལས། བོད་སྐད་དུ། དགེ་སློང ་རིན་ཆེན་གྲུབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའི་ཡི་གེ་པ་དགེ་སློང་སྒྲ་ཚད་པའོ།། །།*། །སྒྲུབ་པའི་སྤྱོད་པ་ལ་འཇུག་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་དཔལ་ཛྙཱ་ན་བཛྲ་གྱིས་མཛད་པ་དང་འདུས་པའི་ལྷ་ཚོགས་ལ་བསྟོད་པ་མི་གནས་རྡོ་རྗེ་མཛད་པ་དང་། ་