CLOSE WINDOW

N1485: mdor bsdus pa'i sgrub thabs kyi 'grel pa rin chen phreng ba zhes bya ba
Wyliee-texts based on the ACIP/ALL Input

བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། འདི་ལ་ཤལོ་ཀ་བརྒྱ་བརྒྱད་ཅུ་རྩ་གསུམ་ཡོད། །རྒྱ་གར་སྐད་དུ། པཎྜི་ཀྲི་ཏ་སཱ་དྷ་ནོ་པེ་ཀ་པྲིཏྟི་རཏནཱ་ཝ་ལི་ནཱ་མ། བོད་སྐད་དུ། མདོར་བསྡུས་པའི་ཐབས་ཀྱི་འགྲེལ་པ་རིན་ཆེན་ཕྲེང་བ ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་སྐུ་ཅིག་པ། །རྡོ་རྗེ་འཆང་ཆེན་ལ་བཏུད་ཏེ། །མདོར་བསྡུས་པ་ཡི་འགྲེལ་པ་འདི། །དོན་གསལ་བདག་གིས་བཤད་པར་བྱ། །དཔལ་ལྡན་ཀླུ་སྒྲུབ་ཞལ་སྔ ་ཡི། །ཇི་ལྟར་མན་ངག་ཐུགས་ལ་གནས། །དེ་བཞིན་དུ་ནི་ཕྱེ་བ་སྟེ། །མེ་ལོང་ལ་ནི་གཟུགས་བརྙན་བཞིན། །འཕགས་སྐོར་ཤིན་ཏུ་རྟོགས་དཀའ་བ། །བདག་གིས་ཡང་དག་བསལ་བར་བྱ། །ཉི་མས་ཕྱོགས་རྣམས་གསལ་གྱུར་ན། །ལམ་ལོག་པར་ན ་འཁྲུལ་བ་མེད། །འདིར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་སྐུའི་ངོ་བོ་འགྲོ་བའི་དོན་དུ་སྤྲོས་པ་གཞོན་ནུ་དོན་ཐམས་ཅད་གྲུབ་པས་ཆུ་བོ་ནི་རཉྫ་ནའི་འགྲམ་དུ་བྱང་ཆུབ་ཀྱི་ཤིང་དྲུང་དུ། སྟོང་པ་ཉིད་བཅུ་དྲུག་བསྡུས་པར་གྱུར་པ་མི་གཡོ་བ་ཞེས་བྱས་པའི་ཏིང་ངེ ་འཛིན་ལ་སྙོམས་པར་ཞུགས་ཏེ། ཡང་དག་པར་རྫོགས་པའི་བྱང་ཆུབ་བདག་གིས་ཐོབ་བོ་ཞེས་བསམས་པས་བྲག་བཞིན་དུ་མི་གཡོ་བར་གནས་པར་གྱུར་ཏོ། །དེའི་ཚེ་སྲིད་པའི་རྩེ་མོའི་སྟེང་དུ་དཀྱིལ་འཁོར་གྱི་འཁོར་ལོ་རིམ་པའམ། དཔག་ཚད་ལྔ་སྟོང་གི ་བར་གྱི་ཚད་གྱི་སྟེང་དང་འོག་གི་རིམ་པས་མངོན་པར་དགའ་བ་དག་།འོག་མིན་དང་རིན་ཆེན་འབྱུང་གནས་དང། བདེ་བ་ཅན་དང། མེ་ཏོག་ཅན་ཞེས་བྱ་བ་ཐུགས་རྡོ་རྗེ་འཆང་ལ་སོགས་པ་དེ་བཞིན་གཤེགས་པ་ལྔས་བྱིན་གྱི་བརླབ་པ་རིན་ཆེན་སྣ་བདུན ་གྱི་རང་བཞིན་གྱི་སངས་རྒྱས་ཀྱི་ཞིང་ལྔ་གཡོ་བར་འགྱུར་ཏེ། ཏིང་ངེ་འཛིན་ལས་ལྡང་བའི་སངས་རྒྱས་ལྔས་ཀྱང་གཞན་གྱི་སེམས་མཁྱེན་པའི་དབང་གིས་གཞོན་ནུ་དོན་ཐམས་ཅད་གྲུབ་པ་བྱིན་གྱིས་བརླབ་པའི་ཏིང་ངེ་འཛིན་མཁྱེན་པར་གྱུར་ཏོ། །དེའི་ཚེ་ཕན ་ཚུན་བསམ་པ་གཅིག་པས། གང་ན་གཞོན་ནུ་དོན་ཐམས་ཅད་གྲུབ་པ་གནས་པ་དེར་ཉེ་བར་གཤེགས་སོ། །ཉེ་བར་གཤེགས་ནས་བར་སྣང་གི་ནམ་མཁའ་ལ་ཏིལ་གྱི་གང་བུ་བཞིན་དུ་ཁྱབ་ནས་ཀྱེ་དོན་ཐམས་ཅད་གྲུབ་པའི་བྱང་ཆུབ་སེམས་དཔའ་། བསམ་གཏན ་འདི་ནི་མཐར་ཐུག་པའི་གནས་ཐོབ་པའི་རྒྱུ་མ་ཡིན་པས་དེ་ཉིད་སྤོངས་ཤིག་ཅེས་བཀའ་སྩལ་ཏོ། །དེ་བཞིན་གཤེགས་པའི་གསུང་ཐོས་ནས་ཏིང་ངེ་འཛིན་ལས་ལངས་ནས་ལྷའི་མིག་གིས་མཛའ་ཡས་པའི་དེ་བཞིན་གཤེགས་པའི་སྐུས་ཡོངས་སུ་གང་བའི་ནམ ་མཁའ་ཨི་ཁམས་ལ་བལྟས་ནས་པུས་མོ་གཉིས་ས་ལ་བཙུགས་ཏེ། ཕྱག་བཞི་བྱས་ནས་བཅོམ་ལྡན་འདས་ཡང་དག་པའི་ཏིང་ངེ་འཛིན་ཇི་ལྟ་བུ་ལགས། ཞེས་གསོལ་བ་བཏབ་པ་བྱས་སོ། །དེའི་ཚིག་གསན་མ་ཐག་ཏུ་བཅོམ ་ལྡན་འདས་མི་བསྐྱོད་པ་ལ་སོགས་པས་ཡེ་ཤེས་ཀྱི་ཕྱག་རྒྱའི་རང་བཞིན་གྱི་སྤྱན་ལ་སོགས་པའི་ལྷ་མོ་བཞི་ཐུགས་ཀ་ནས་སྤྲུལ་ཏེ། དང་པོ་འོད་ཟེར་གྱི་འཁོར་ལོས་དབང་བསྐུར་ཞིང་སློབ་དཔོན་ལ་སོགས་པ་དབང་བཞི་པོས་དབང་བསྐུར་ཏེ། རྣལ ་འབྱོར་བཞི་ལ་སོགས་པའི་རིམ་གྱིས་མན་ངག་ཉེ་བར་བསྟན་ལ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཅུ་གཅིག་མི་སྣང་བར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཡང་ས་བཅུ་གཅིག་པ་ཐོབ་ནས་མཚན་ཕྱེད་ཀྱི་དུས་སུ་སངས་རྒྱས་ཏེ་ཐོ་རངས་ཀྱི་དུས་སུ་བདུད ་བཅོམ་ནས་གོང་དུ་དགའ་ལྡན་གྱི་གནས་དེར་གཤེགས་སོ། །ཉེ་བར་གཤེགས་ནས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་གྱི་ཁང་བཟང་སྤྲུལ་ལ། ཐུགས་ཀ་ནས་དེ་བཞིན་གཤེགས་པ་ལྔ་སྤྲོས་ཏེ། དེ་རྣམས་ཀྱི་གསོལ་བ་བཏབ་པས་དཔལ་གསང་བ ་འདུས་པའི་རྒྱུད་ཉི་ཁྲི་ལྔ་སྟོང་པ་གསུངས་སོ། །ཚེའི་སྙིགས་མ་དང་ལྟ་བའི་སྙིགས་མ་དང། ཉོན་མོངས་པའི་སྙིགས་མ་དང། སེམས་ཅན་གྱི་སྙིགས་མ་དང། བསྐལ་བའི་སྙིགས་མ་དང་ལྡན་པ་ཤེས་རབ་དང་བརྩོན་འགྲུས་དམན་པའི་སེམས ་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་ཡང་གསོལ་བ་བརྟབ་པ་བྱས་ཏེ། བཅོམ་ལྡན་འདས་མདོར་བསྡུས་པའི་རྒྱུད་བཀའ་སྩོལ་ཅིག་དང། གང་གིས་ཕྱིར་ད་ལྟར་བྱུང་བའི་སེམས་ཅན་རྣམས་ནི་རྒྱ་ཆེ་བའི་དོན་འཛིན་པར་མི་ནུས་སོ། །ཐུགས་རྗེ ་ཆེན་པོ་དང་ལྡན་པའི་བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་ཀྱང་དེ་ལས་བསྡུས་པ་ལེའུ་བཅོ་བརྒྱད་བརྒྱ་ཕྲག་བཅོ་བརྒྱད་ཀྱི་ཚད་ཙམ་གྱི་རྒྱུད་གསུངས་སོ། །ལག་ན་རྡོ་རྗེ་ཡང་སྡུད་པ་པོ་ཡིན་ཏེ། དེས་ནི་གཅིག་ནས་གཅིག་གི་རིམ་གྱིས་མིའི་ཡུལ་དུ ་འཇུག་པར་བྱས་སོ། །དེ་ནས་བརྩམས་དེ་གླེགས་བམ་ལ་སོགས་པ་བྱུང་ངོ། །གང་གི་ཕྱིར་ལོ་འབུམ་ཕྲག་ཉི་ཤུའི་ཚད་ཙམ་གྱི་རྫོགས་ལྡན་གྱི་དུས་སུ་ཞལ་གྱི་མན་ངག་འབའ་ཞིག་ཏུ་བྱུང་ངོ། །གསུམ་ལྡན་གྱི་དུས་སུ་རྩ་བའི་རྒྱུང་བྱུང་བར་གྱུར་པ་དང། གཉིས ་ལྡན་གྱི་དུས་སུ་དེ་དག་གཏན་ལ་འབབས་པར་བྱེད་པ་དེའི་ཡན་ལག་བྱུང་བ་དང། སྐལ་ལྡན་གྱིས་དུས་སུ་དེའི་བཤད་པའི་རྒྱུད་དང། དེ་མ་རྟོགས་པས་གང་ཟག་གིས་བརྩམས་པའི་འགྲེལ་པ་ལ་སོགས་པ་ཡང་འབྱུང་ངོ། །གསུམ་ལྡན་ནི་ལོ་འབུམ་ཕྲག ་བཅོ་ལྔའི་ཚད་དང། གཉིས་ལྡན་ནི་འབུམ་ཕྲག་བཅུའི་ཚད་དང། སྐལ་ལྡན་ནི་ལོ་འབུམ་ཕྲག་ལྔའི་ཚད་ཡིན་ནོ། །དེ་ལ་དཔལ་གྱི་རི་བོ་ལ་གནས་པའི་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱི་དཔལ་གསང་བ་འདུས་པའི་རྒྱུད་ལས་མདོར་བསྡུས་པ་ཞེས ་བྱ་བའི་སྒྲུབ་པའི་ཐབས་འདི་མ་འོངས་པའི་སེམས་ཅན་ལ་ཕན་གདགས་པར་བྱ་བའི་ཕྱིར་བསྡུས་ཏེ། དེ་དང་པོར་ཉན་པ་པོ་འཇུག་པའི་ཆེད་དུ་བརྗོད་པ་ལ་སོགས་པ་ལྔ་པོ་དེས་བཤད་པར་བྱ་བ་ཡིན་ཏེ། དེ་མ་བརྗོད་ན་ཉན་པ་པོ་འཇུག་པ་མེད་པའི་ཕྱིར ་རབ་ཏུ་བྱེད་པ་འདི་ནི་དོན་མེད་པར་ཐལ་བར་འགྱུར་རོ། །དེ་རྣམས་ཀྱང་བརྗོད་པར་བྱེད་པ་དང། བརྗོད་པར་བྱ་བ་དང། འབྲེལ་བར་དང། དགོས་པ་དང་དེའི་དགོས་པའོ། །གང་གི་ཕྱིར་ཐ་སྙད་ལ་ནི་འཇུག་ཕྱིར་དང། གཞན་རྣམས་ལ་ནི་དངོས་གཞིའི ་ཕྱིར། །རྗོད་པ་མེད་པས་འཇིག་རྟེན་འདི། །ལོང་དང་ལྐུགS་པ་འདྲ་བར་འགྱུར་ཞེས་བཤད་པའི་ཕྱིར་རོ། །ལ་རྗོད་པ་ནི་མདོར་བསྡུས་པ་ཞེས་བྱ་བའི་སྒྲུབ་པའི་ཐབས་ཏེ། དེ་ནི་དོན་དང་བཅས་པ་ཡིན་ནམ་དོན་མེད་པ་ཡིན་ཞེ་ན། སྨྲས་པ། ངོན་དང་བཅས ་ཡིན་ཏེ། དེའི་དོན་ཡང་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་རྒྱལ་པོའི་ལེའུ་བཅོ་བརྒྱད་ཀྱིས་བསྒྲིབས་པའི་བསྐྱེད་པའི་རིམ་པ་བྱིས་པའི་བློ་གྲོས་ཀྱིས་ཁོང་དུ་ཆུད་པར་མི་ནུས་པ་བསྡུས་ནས་བསྟན་པ་ནི་མདོར་བསྡུས་པ་དང། བཅོམ་ལྡན་འདས་རྡོ་རྗེ་འཆང ་གི་དཀྱིལ་འཁོར་བསྒྲུབ་པའི་དོན་དུ་ཐབས་ནི་འདི་ཉིད་ཡིན་ནོ་ཞེས་སྒྲུབ་པའི་ཐབས་སོ། །མདོར་བསྡུས་པ་ཡང་ཡིན་ལ་སྒྲུབ་ཐབས་ཀྱང་ཡིན་པས་མདོར་བསྡུས་པའི་སྒྲུབ་པའི་ཐབས་ཏེ་ལས་འཛིན་པའོ། །བརྗོད་པར་བྱ་བ་ནི ་དོན་གྱི་མཚན་ཉིད་དེ། བསྐྱེད་པའི་རིམ་པ་ཞེས་བྱའོ། །དེའི་དབྱེ་བ་ནི་དང་པོའི་སྦྱོར་བ་དང། དཀྱིལ་འཁོར་རྒྱལ་བ་མཆོག་དང་ལས་ཀྱི་རྒྱལ་བ་མཆོག་སྟེ་གསུམ་མོ། །དེ་རྣམས་ཀྱི་དབྱེ་བ་སུམ་ཅུ་རྩ་བརྒྱད་ནི་གཞན་ལས་གསུངས་ཏེ། ་འདིར་མ་བསྟན་ཏོ། །ལེའུ་བཅུ་བདུན་པ་ལས་དེའི་མདོ་བསྲེས་བྱ་སྟེ། དེ་ལ་ལེའུ་བཅུ་གཉིས་པ་ལས། དགོན་པ་ཆེན་པོའི་ས་ཕྱོགས་སུ། །མེ་ཏོག་འབྲས་བུ་སོགས་ཀྱིས་བརྒྱན་རི་བོ་དབེན་པར་དངོས་གྲུབ་ཀུན། བསྡུས་པ་ཡང་དག ་སྒྲུབ་པར་བྱེད་ཅེས་བྱ་བའི་མདོས་ཁྱད་པར་གྱི་གནས་དམིགས་པ་བསྟན་ཏོ། །ལེའུ་གསུམ་པ་ལས་གསུང་བའི་ནམ་མཁའ་དབྱིངས་ཀྱི་དབུས་གནས་པའི། སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ་ཞེས་བྱ་བ་ལ་སོགས་པའི་མདོས ་བྱང་ཆུབ་སེམས་ཀྱི་རྡོ་རྗེ་གཟུགས་བསྒོམས་ལ། ལེའུ་བཅོ་ལྔ་པ་ལས་གསུངས་པའི་རྣམ་པར་སྣང་མཛད་འོད་དང་མཚུངས་ཞེས་བྱ་བ་ལ་སོགས་པའི་མདོས་ཁ་དོག་དཀར་པོར་བདག་ཉིད་བསྒོམས་ལ། ལེའུ་བཅུ་གསུམ་པ་དང ་བཅུ་བཞི་པ་ལས་གསུངས་པའི་ཨོཾ་སུཾ་བྷ་ནི་སུཾ་བྷ་ཞེས་བྱ་བ་ལ་སོགས་པའི་སྔགས་དང་བསམ་གཏན་ལས་སྐྱེས་ཞེས་བྱ་བ་ལ་སོགས་པས་ཀྱང་བགེགས་བསྐྲད་པ་བསྟན་ཏོ། །དངོས་པོ་མེད་པས་བསྒོམ་པ་མེད། །བསྒོམ་པར་བྱ་བ ་བསྒོམ་པ་མིན། །དེ་ཕྱིར་དངོས་པོ་དངོས་མེད་པས། །བསྒོམ་པ་དམིགས་སུ་མེད་པའོ་ཞེས་བྱ་བ་ལེའུ་གཉིས་པ་ལས་གསུངས་པའི་མདོས་སྟེད་པ་ཉིད་བསྒོམ་པ་བསྟན་ཏོ། །དེ་ནས་བཅུ་གཅིག་པ་དང་བརྒྱད་པ་དང། ལེའུ་བཅུ་གཉིས་པ་སྟེ ་གསུམ་ལས་གསུངས་པའི་ནམ་མཁའ་རྡོ་རྗེ་དབུས་གནS་པའི། རྡོ་རྗེ་ཀུན་འབྱུང་དཀྱིལ་འཁོར་བསམ་ཞེས་བྱ་བ་ལ་སོགས་པའི་མངོས་ཡེ་ཤེས་ཀྱིས་གཞི་བསྒོམ་པ་བསྟོན་ཏོ། །ཡི་གེ་བྷཱུཾ་གྱི་གནས་བསྒོམས་ཏེ་ཞེས་བྱ་བ་ལ་སོགས་པ་ལེའུ་བཅུ་གསུཾ ་པ་ལས་གསུངས་པའི་མདོས་གཞལ་ཡས་ཁང་པ་བསྒོམ་པ་བསྟན་ཏོ། །གསལ་བ་ལ་སོགས་དཀྱིལ་འཁོར་ལྡན། །དེ་བཞིན་གཤེགས་པ་ཀུན་གྱི་གནས་ཞེས་བྱ་བ་ལ་སོགས་པ། ལེའུ་དང་པོ་ལས་གསུངས་པའི་རྡོ་རྗེའི་མདོས་སྣ་ཚོགས ་པདྨ་ལ་གནས་པའི་ཟླ་བ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ལེའུ་གསུམ་པ་ལས་གསུངས་པའི་ལྷག་པར་མོས་པའི་དཀྱིལ་འཁོར་དེར། གསལ་བ་དེའི་ངོ་བོ་ཉིད་སྣ་ཚོགས་གཟུགས་ཀྱིས་ཀུན་ཏུ་ཁྱབ་ཅེས་བྱ་བ་ལ་སོགས་པ་ལེའུ་དང་པོ་ལས ་གསུངས་པའི་མདོས་བསྒོམ་པ་བསྟན་ཏོ། །དམ་ཚིག་ལས་ནི་རེ་རེ་སྤྲོ། །ཞེས་བྱ་བ་ལ་སོགས་པ་ལེའུ་བདུན་པ་ལས་གསུངས་པའི་མདོས་དོན་དམ་པའི་དཀྱིལ་འཁོར་བསྒོམ་པ་བསྟན་ཏོ། །ལེའུ་བརྒྱད་པ་ལས་གསུངས་པའི། ནམ་མཁའ་དབྱིངས ་ཀྱི། བུས་གནས་པའི་ཞེས་བྱ་བ་ལ་སོགས་པའི་མངོས་ཡེ་ཤེས་ཀྱི་རྒྱ་མཚོའི་རང་བཞིན་དོན་དམ་པའི་དཀྱིལ་འཁོར་བསམ་པར་བྱའོ་ཞེས་བསྟན་ཏོ། ཡི་གེ་ཨོཾ་ནི་སྐུ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལེའུ་བཅུ་གཉིས་པ་ལས་གསུངས་པའི་མདོས ་ཡི་གེ་གསུམ་ཡོངས་སུ་གྱུར་པའི་ཟླ་བ་ལ་སོགས་པའི་གདན་གྱི་དབྱེ་བ་བསྟན་ཏོ། །ལེའུ་བཅུ་གསུམ་པ་ལས་གསུངས་པའི་ཡི་གེ་གསུམ་ཞེས་བྱ་བ་ལ་སོགས་པའི་མངོས་ཡི་གེ་གསུམ་དགོད་པ་བསྟན་ཏེ། །ལེའུ་གསུམ་པ་ལས་གསུངས་པའི ་ཆོས་ཀྱི་དབྱིངས་ཀྱི་སྔགས་ཀྱི་ཆོས་ཀྱི་དབྱིངས་ཀྱི་དེ་ཁོ་ན་ཉིད་བསྟན་ཏོ། །ལེའུ་བཅུ་གསུམ་པ་ལས་གསུངས་པའི་ཨོཾ་ཡིག་ཞེས་བྱ་བ་ལ་སོགས་པའི་མདོས་ཡི་གེ་གསུམ་དགོད་པ་སྔོན་དུ་འགྲོ་བར་རྡོ་རྗེའི་ང་རྒྱལ་བྱས་ལ་སྐུ་རྫོགས་པ་བསྟན་ཏོ་ཞེས ་རྣལ་འབྱོར་རོ། །སྙིང་གར་ཟླ་བ་བསྒོམ་པར་བྱ་བ་ལ་སོགས་པ་ལེའུ་བཅུ་གཉིས་པ་ལས་གསུངས་པའི་མངོས་ཡེ་ཤེས་སེམས་དཔའ་དང་ཏིང་ངེ་འཛིན་སེམས་དཔའ་བསྒོམ་པར་བསྟན་ཏོ། །རྗེས་སུ་རྣལ་འབྱོར་རོ། །ལེའུ་བཅུ ་གཅིག་པ་ལས་གསུངས་པའི་ཐལིཾ་ཞེས་བྱ་བ་ལ་སོགས་པའི་མངོས་སྐྱེ་མཆེད་བྱིན་གྱིས་བརླབས་པ་བསྟན་ཏོ། །ནུ་མ་ནས་བརྩམས་སྤྱི་བོའི་བར་ཞེས་བྱ་བ་ལ་སོགས་པ་ལེའུ་བརྒྱད་པ་ལས་གསུངས་པའི་མངོས་ཕུང་པོ་བྱིན་གྱིས ་བརླབ་པ་བསྟན་ཏོ། །ས་ནི་སངས་རྒྱས་སྤྱན་བཤད་པ་ཞེས་བྱ་བ་ལ་སོགས་པ་ལེའུ་བཅུ་བདུན་པ་ལས་གསུངས་པའི་རྡོ་རྗེའི་མདོས་ཁམས་བྱིན་གྱིས་བརླབ་པ་བསྟན་ཏོ། །ལེའུ་བཅུ་གསུམ་པ་ལས་གསུངས་པའི་ཁྲོ་བོའི་འཁོར་ལོ ་བསྒོམ་པས་ཡན་ལག་དང་ཉིད་ལག་ལ་དགོད་པ་བསྟན་ཏོ་ཞེས་ཤིན་ཏུ་རྣལ་འབྱོར་རོ། །རྡོ་རྗེ་དཀྱིལ་འཁོར་དབུས་གནས་པ་ཞེས་བྱ་བ་ལ་སོགས་པ་ལེའུ་བཅུ་གཅིག་པ་ལས་གསུངས་པའི་མདོས་ཡི་གེ་ཧཱུཾ་ལ་སོགས་པ་ཡོངས་སུ་གྱུར་པ་ལས ་མི་བསྐྱོད་པ་ལ་སོགས་པ་བསྒོམ་པར་བྱ་སྟེ་ལེའུ་བཅུ་གཉིས་པ་ལས་གསུངས་པའི། དཔལ་ལྡན་སངས་རྒྱས་སྐུ་འཆང་བ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་གསོལ་བ་གདབ་པར་བྱ་སྟེ། ལེའུ་བདུན་པ་ལས ་གསུངས་པའི་རིགས་གསུམ་གྱི་ཚིགས་སུ་བཅད་པ་རྣམས་ཀྱིས་ང་རྒྱལ་བྱས་ལ། ལེའུ་དྲུག་པ་ལས་གསུངས་པའི་སྔགས་རྣམས་ཀྱིས་བྱིན་གྱིས་བརླབས་ནས། སྐུ་ལ་སོགས་པ་བྱིན་གྱིས་བརླབས་པར་བསྟན་ཏོ་ཞེས་རྣལ་འབྱོར་ཆེན ་པོའོ། །ཕྱག་རྒྱ་འདུས་བྱས་པ་ནི་ལེའུ་བརྒྱད་པ་ལས་བསྟན་ཏོ། །ལེའུ་བཅོ་ལྔ་པ་ལས་གསུངས་པའི་རིགས་ཀྱི་དབྱེ་བའི་མདོས་དེ་ལ་དམིགས་པ་བསྟན་ཏོ། །ལེའུ་བདུན་པ་ལས་གསུངས་པའི་རྡོ་རྗེ་མདོས་རྡོ་རྗེ་པདྨ་སྙོམས་པར་འཇུག་པ ་བསྟན་ཏོ། །ལེའུ་དང་པོ་ལས་གསུངས་པའི་རྡོ་རྗེ་མདོས་དེ་བཞིན་གཤེགས་པ་ཐམས་ཅད་འཇུག་པ་བསྟན་ཏོ། །དེ་ཉིད་ལས་གསུངས་པའི་མདོས་དམ་ཚིག་གི་དཀྱིལ་འཁོར་སྤྲོ་པར་བསྟན་ཏོ། །ལེའུ་དང་པོ་ནས་གསུངས་པའི་བྱུང་བའི་སྔགས་ཀྱིས ་ཕ་རོལ་ཏུ་སྤྲོ་བ་བསྟན་ཏོ། །ལེའུ་དང་པོ་ནས་གསུངས་པ་དེ་ཉིད་དང། ལེའུ་བཅུ་གཅིག་པ་ལས་གསུངས་པའི་མདོས་དབང་བསྐུར་བ་བསྟན་ཏོ། །ལེའུ་བཅོ་ལྔ་པ་ལས་གསུངས་པའི་རྡོ་རྗེ་མདོས་རྒྱས་གདབ་པ་བསྟན་ཏེ། དཀྱིལ་འཁོར་རྒྱལ ་བ་མཆོག་གོ། ལེའུ་དྲུག་པ་ནས་གསུངས་པའི་རྡོ་རྗེ་མདོས་ཕྲ་མོའི་རྣལ་འབྱོར་བསྟན་ཏོ། །ལེའུ་གསུམ་པ་ལས་གསུངས་པ་ལས་གསུངས་པའི་མདོས་དེའི་དབྱེ་བ་བསྟན་ཏོ། །ལེའུ་བཅུ་གསུམ་པ་འམ་བདུན་པ་ལས་གསུངས་པའི་མདོས་བཟླས་པའི་ཆོ་ག་བསྟན ་ཏོ། །ལེའུ་བཅུ་བདུན་པ་ལས་གསུངས་པའི་མདོས་འོད་དུ་ཞུ་བ་དང། སླར་ལྡང་བ་དང། ལྷ་མོ་རྣམས་ཀྱིས་བསྐུལ་བ་དང། །དེ་བཞིན་གཤེགས་པ་རྣམས་ཀྱིས་བསྟོད་པ་བསྟན་པའོ། །ལེའུ་བཅུ་བདུན་པ་དང། བཅུ་གཉིས་པ་དང། བཅོ་ལྔ་པ ་ལས་གསུངས་པའི་མདོས་ཚིམ་པའི་ཆོ་ག་བསྟན་ཏོ། །ལེའུ་བཅུ་བདུན་པ་ལས་གསུངས་པའི་མདོས་དཀྱིལ་འཁོར་གྱི་འཁོར་ལོ་ཉེ་བར་བསྡུ་བ་བསྟན་ཏོ། །ལེའུ་བཅུ་གཉིས་པ་ལས་གསུངས་པའི་མདོས་ནང་གི་སྦྱིན་སྲེག་དང། མཆོད ་པ་དང་གཏོར་མ་བསྟན་ཏོ། །ལེའུ་བཅུ་བདུན་པ་དང་བཅོ་ལྔ་པ་ལས་གསུངས་པའི་མདོ་དག་གིས་གཤེགས་སུ་གསོལ་བ་དང། ཉལ་བའི་ཆོ་ག་དག་བསྟན་ཏོ། །ཞེས་ལས་ཀྱི་རྒྱལ་བ་མཆོག་གོ་།དེ་ལྟར་བརྗོད་པར་བྱ་བ་རྣམ་པ་དུ་མ་འོག་ནས ་དབྱེ་བས་འཆད་པར་འགྱུར་རོ། །སྒྲ་དང་དོན་དག་གི་བརྗོད་པར་བྱ་བ་དང། རྗོད་པར་བྱེད་པའི་མཚན་ཉིད་ནི་འབྲེལ་པའོ། །འདིར་སྨྲས་པ། སྒྲ་དང་དོན་དག་གི་འབྲེལ་པ་ཇི་ལྟར་བཤད་པར་རིགས་ཞེས་ན། གང་གི་ཕྱིར་བདེ་བར་གཤེགས ་པ་རྣམས་ཀྱི་རྗེས་སུ་འགྲོ་བ་དང་ལྡོག་པ་མེད་པའི་ཕྱིར་སྒྲ་དང་དོན་དག་གི་འབྲེལ་བ་མེད་དོ། །དེ་ལ་འབྲེལ་པ་ནི་རྣམ་པ་གཉིས་ཏེ་དེའི་བདག་ཉིད་ཀྱི་མཚན་ཉིད་དང། དེ་ལས་བྱུང་བའི་མཚན་ཉིད་དེ་མི་རྟག་པ་དང། ་བྱས་པ་ལ་སོགས་པ་བཞིན་དང། མེ་དང་དུ་བ་ལ་སོགས་པ་བཞིན་ནོ། །གཉིས་པོ་དེ་དག་ཀྱང་སྒྲ་དང་དོན་གྱི་ཕྱོགས་སུ་མེད་དོ། །གང་གི་ཕྱིར་སྒྲས་ནི་སྐྱེས་བུའི་དགོངས་པ་མངོན་པར་བརྗོད་ཀྱི་ཕྱི་རོལ་གྱི་དོན་ལ་སྐྱེ་པར་མི་འགྱུར་རོ་ཕྱི་རོལ་གྱི ་དོན་ཡོད་ན་ཡང་དེ་མི་འབྱུང་བ་སྟེ། སྐྱེས་བུའི་འདོད་པ་མེད་པའི་ཕྱིར་རོ། །ཕྱི་རོལ་གྱི་དོན་མེད་ཀྱང?་སྒྲ་འབྱུང་བ་མཐོང་བ་སྟེ། སྐྱེས་བུའི་འདོད་པ་འཇུག་པའི་ཕྱིར་རྒྱ་མཚོ་ལ་སོགས་པའི་སྒྲ་རྗོད་པ་བཞིན་ནོ། །ཞེས་རྗེས་སུ་འགྲོ་བ་དང་ལྡོག་པ་མེད་དོ། །རྒྱུ་དང་འབྲས་བུས ་དངོས་པོ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་སྔོན་དུ་འགྲོ་བ་ཡིན་ལ་དཔེར་ན་མེ་ཡོད་པས་དུ་བ་འབྱུང་བ་དང། མེ་མེད་པས་དུ་བ་སྐྱེ་བར་མི་འགྱུར་རོ་ཞེས་སྐྱེ་བའི་རིམ་པའོ། །རྟོགས་པའི་རིམ་པ་ཡང་དུ་བ་མཐོང་བ་མེ་ཤེས་པ་དང། མེ་མེད ་པས་དུ་བ་མེད་པ་ཤེས་པར་འགྱུར་རོ་ཞེས་སྒྲ་དང་དོན་དག་གིས་དེ་ལས་བྱུང་བའི་འབྲེལ་བ་མེད་དོ། །དེའི་བདག་ཉིད་ཀྱི་མཚན་ཉིད་ཀྱི་འབྲེལ་པ་ཡང་ཡོད་པ་མ་ཡིན་ཏེ། ཐ་དད་པ་དམིགས་པའི་ཕྱེད་དོ། །དེའི་བདག་ཉིད་ཀྱི་མཚན་ཉིད ་ཀྱི་འབྲེལ་བ་ནི་ཐ་མི་དད་པ་གཙོ་བོ་ཡིན་ཏེ། ཤིང་དང་ཤ་བ་བཞིན་ནོ། །བསྒྲུབ་བྱ་དང་སྒྲུབ་པའི་དངོས་པོའི་མཚན་ཉིད་ཀྱི་ཐ་སྙད་ནི་གཞན་སེལ་བའི་བློས་བྱས་ཏེ། དངོས་པོ་ཐམས་ཅད་ནི་ལྡོག་པ་དུ་མ་དང་ལྡན་པའི་ཕྱིར་རོ། །གང ་ཕྱིར་དངོས་ཀུན་དང་བཞིན་གྱིས། །རང་རང་ངོ་བོ་ལ་གནས་ཕྱིར། །མཐུན་དངོས་གཞན་གྱི་དངོས་ངག་ལས། །ལྡོག་པ་ལ་ནི་རྟེན་པ་ཅན་ཞེས་འབྱུང་བའི་ཕྱིར་རོ། །སྒྲ་དང་དོན་དག་ལ་དེ་ལྟ་བུའི་མཚན་ཉིད་མ་མཐོང་སྟེ། གང་གིས་ཕྱིར་སྒྲ ་ནི་ཁང་ཡོད་པ་དང། དངོས་པོ་ནི་ཕྱི་རོལ་དུ་ཡོད་པ་སྟེ་དེ་དག་ཐ་དད་པ་ཡིན་ནོ། །ཕན་ཚུན་ལས་ཐ་མི་དད་པ་ཁས་བླངས་ནས་བུམ་པ་ཞེས་བརྗོད་པས་བུམ་པས་ཁ་ཁོངས་པར་འགྱུར་བ་དང། མེ་ཞེས་བརྗོད་པས་ཁ་ཚིག་པར་ཐལ་བར་འགྱུར་རོ ་ཞེས་རིགས་པས་དེའི་བདག་ཉིད་ཀྱང་མེད་དོ། །དེ་བས་ན་བརྗོད་བྱ་བ་དང། རྗོད་པར་བྱེད་པའི་འབྲེལ་པ་ནི་སྒྲ་དང་དོན་དག་ལ་མི་རིགས་སོ། །བདེན་ཏེ་རང་གི་མཚན་ཉིད་ཀྱི་འབྲེལ་པ་ནི་མེད་དོན་གྱི་བྱ་བ་བྱེད་པ་མེད་པའི་ཕྱིར་རོ། །དེ་མེད་པ་ནི ་དངོས་པོ་ཐམས་ཅད་སྐད་ཅིག་མ་ཡིན་པའི་ཕྱིར་རོ། །དངོས་པོའི་སྐད་ཅིག་མ་འཇུག་ན་སྒྲ་འབྱུང་སྟེ། དེའི་ཚེ་རང་གི་མཚན་ཉིད་མེད་པས་བརྡར་བྱས་པ་ཡང་མེད་དོ་ཞེས་སྒྲས་ནི་ཐ་སྙད་གར་ལ་བྱ་བ་ཡིན། རྣམ་འགྲེལ་ལས་ཀྱང་སྒྲ་རྣམས་བརྡར་བྱས ་པས་དོན་ཏོ། །དེ་ནི་ཐ་སྙད་བྱ་ཕྱིར་བཤད། །དེ་ཚེ་དང་གི་མཚན་ཉིད་མེད། །དེས་ན་དེ་ལ་བརྡ་མེད་དོ་ཞེས་འབྱུང་ངོ། །གལ་ཏེ་རྣམ་པར་རྟོག་པའི་རྣམ་པར་ཤེས་པའི་མཚན་ཉིད་ཀྱི་བྱ་བ་དོན་གྱི་བྱ་བ་ཡིན་ནོ། ཞེས་བརྗོད་ན། དེ་ཡང་མི་རིཌ?་ཏེ། གསལ་བར་སྠར?་བ་མེད་པཱི ་ཕྱིར་རོ། གསལ་བར་སྣང་བ་ཉིད་ནི་དོན་གྱི་བྱ་བ་ཡིན་ནོ། །རིགས་པའི་ཐིགས་པ་ལས་ཀྱང། །དོན་གང་ཞིག་ཉེ་བ་དང་མི་ཉེ་བ་དག་ལས་ཤེས་པ་ལ་སྣང་བ་ཐ་དད་པ་དེ་ནི་རང་གི་མཚན་ཉིད་དོ། །དེ་ལས་གཞན་ནི་སྤྱིའི་མཚན་ཉིད་དོ་ཞེས་འབྱུང་བའི་ཕྱིར་རོ། ། ་དེ་བས་ན་སྤྱིའི་མཚན་ཉིད་ཀྱི་འབྲེལ་པ་ཡོད་དེ། རྣམ་པར་རྟོག་པའི་རྣམ་པར་ཤེས་པ་ལ་སོ་སོར་སྣང་བའི་དོན་ནི་སྤྱིའི་མཚན་ཉིད་ཅེས་བཤད་པ་ཡིན་ནོ། །དེ་བས་ན་རྣམ་རྟོག་ལ་སྣང་བའི་དུམ་པའི་རྣམ་པ་ལས་བུམ་པ་ཞེས་བྱ་བའི་སྒྲ་འབྱུང་བ ་སྟེ། རྒྱུ་དང་འབྲས་བུའི་འབྲེལ་པ་ཡོད་དོ། །འཆད་བ་པོས་སྨས་པའི་བུམ་པའི་སྒྲ་ལས་ཀྱང་ཉམས་པའི་རྣམ་པར་ཤེས་པ་ལ་བུམ་པའི་རྣམ་པ་སྐྱེ་ཞེས་གོ་བཟློག་པས་ཀྱང་རྒྱུ་དང་འབྲས་བུའི་འབྲེལ་པ་ཡོད་དོ། །སྒྲ་རྣམས་རྣམ་རྟོག་ལས་འབྱུང་བ་དང ་སྒྲ་ལས་རྣམ་རྟོག་རྣམས་འབྱུང་བའོ་ཞེས་བཤད་པའི་ཕྱིར་རོ། །དེ་ལྟར་དངོས་པོའི་འབྲེལ་པ་བཀག་ནས་སྒྲ་དང་དོན་གྱི་རྣམ་པར་རྟོག་པའི་འབྲེལ་པ་བསྟན་ཏོ། །རྗོད་པ་ཀུན་རྫོབ་ཀྱིས་སྒྲ་དང་དོན་གཉིས་བྱས་པའི ་ཐ་སྙད་ཐམས་ཅད་འདི་ཡིན་ནོ། །ཞེས་ཤིན་ཏུ་ཕལ་ཆེན་ཐལ་བས་ཆོག་གོ་།ཇི་སྐད་དུ་གང་ཕྱིར་འབྲེལ་པ་བསྟན་པ་ཡིས། །ཉན་པ་པོ་རྣམས་འཇུག་པར་འགྱུར། །དེ་ཕྱིར་བསྟན་བཅོས་ཐམས་ཅད་ཀྱི། །འབྲེལ་པ་སྔོན་དུ་བཤད ་པ་ཡིན་ཞེས་བཤད་པ་ཕྱིར་རོ། །དགོས་པ་བསྟན་པར་མ་བྱས་པས། །དམན་པ་ཡང་ནི་འཇུག་མི་འགྱུར་ཞེས་བྱ་བའི་ཚིག་གིས་དགོས་པ་ནི་ངེས་པར་བརྗོད་པར་བྱ་སྟེ་དེ་ཡང་ཐོས་པ་ལ་སོགས་པ་རབ་ཀྱིས་ཐ་མལ་པའི་ལུས་སྤངས ་ནས་འཇིག་རྟེན་ལས་འདས་པའི་ལྷའི་སྐུ་ཐོབ་པའི་མཚན་ཉིད་དོ་ཞེས་བྱ་བ་སྟེ། རང་གི་དོན་ཕུན་སུམ་ཚོགས་པའོ། །དེའི་དགོས་པ་ཡང་བསྟན་པ་ལ་སོགས་?་རྣམ་པར་འགྲོ་བའི་དོན་བྱེད་པའི་མཚན་ཉིད་དེ་གཞན་གྱི་དོན་ཕུན་སུམ་ཚོགས ་པའོ། །ཇི་སྐད་དུ། འགྲོ་བ་མ་ལུས་རང་བཞིན་མངོན་མཛད་པའི། །དེ་བཞིན་གཤེགས་ཉིད་གང་གི་ཞར་ལ་བྱུང་ཞེས་བཤད་པ་ལྟ་བུའོ། །གཞན་དག་ན་རེ་ཕྱིན་ཅི་མ་ལོག་པའི་རྟོགས་པའི་མཚན་ཉིད་ནི་དགོས་པ་ཡིན་ལ། ་དེ་ཁོང་དུ་ཆུད་པས་ཡི་དམ་གྱི་ལྷའི་སྐུ་ཐོབ་པ་ནི་དེའི་དགོས་པ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ། གཞན་གྱི་དོན་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཞན་གྱི་དོན་གྱི་བྱ་བ་གཙོ་བོ་ཡིན་ནོ་ཞེས་བརྗོད་པ་ལ་སོགས་པ་ལྔ ་པོ་བསྟན་ཏེ། །ཡང་ན་རབ་ཏུ་བྱེད་པ་འདིའི་དངོས་པོ་གསུམ་ནི་གཙོ་བོ་ཡིན་ཏེ། བྱ་བ་དང་བྱ་བའི་འབྲས་བུར་འགྱུར་བ་ནི་སྐྱེ་བར་འགྱུར་པའོ། །མཚན་མའི་ཁམས་ནི་རྣམ་པ་ལྔར། །བྱང་ཆུབ་རྡོ་རྗེ་ས་གསུངས་པ་ཡིན་ཞེས་པ་ནི ་དང་པོར་ས་ཆུ་ལ་ཐིམ་པར་གྱུར་པ་ལས་སྨིག་རྒྱུའི་སྣང་བ་སྐྱེ་བར་འགྱུར་བ་ནི་དང་པོའོ། །དེ་བཞིན་དུ་ཆུ་མེ་ལ་ཐིམ་པར་གྱུར་པ་ལས་དུ་བ་ལྟ་བུ་སྟེ་གཉིས་པའོ། །མེ་རླུང་ལ་ཐིམ་པར་གྱུར་པ་ལས་ནམ་མཁའ་ལྟར་སྣང་བ་སྟེ་གསུམ་པའོ། །ཁམས ་ཕྲ་བ་སྣང་བ་ལ་ཐིམ་སྣང་བ་དང་སྣང་བ་མཆེད་པ་སྣང་བ་ཐོབ་པ་ལ་ཐིམ་པར་གྱུར་པ་ལས་མར་མེ་ལྟར་འབར་བ་སྟེ་བཞི་པའོ། །སྣང་བ་ཐོབ་པ་འོད་གསལ་དུ་ཆུ་ལ་ཐིམ་པ་འམ་མར་ལ་མར་ཐིམ་པ་ལྟར་གྱུར་པ་ལས་ནི་སེམས་ནི་འགོག་པའི་རྡོ་རྗེ ་གྱུར་ཞེས་བྱའོ། །དེར་གྱུར་པ་ལས་སྤྲིན་མེད་པའི་ནམ་མཁའ་ལྟ་བུར་རྟག་ཏུ་སྣང་བའི་འོད་གསལ་ཉི་མ་དང་ཟླ་བ་དང་མེ་དང་ནོར་བུའི་འོད་ལྟར་ཤིན་ཏུ་གསལ་བ་དོན་དམ་པའི་མཚན་ཉིད་ཡེ་ཤེས་ཀྱི་མིག་གིས་མཐོང་བར་འགྱུར་ཏེ། དེ་ནི ་མཚན་མ་ལྔ་པའོ། །དེ་ཡང་ལས་ཀྱི་མཛའ་རྣམ་པར་འབྱེད་པ་ལས། དང་པོས་ནི་ཆུ་ལ་ཐིམ། ཆུ་ཡནཧ་མེ་ལ་ཐིམ་པར་གྱུར། །མེ་ནི་རླུང་ལ་ཐིམ་པར་གྱུར། །རླུང་ཡང་རྣམ་པར་ཤེས་ལ་འཇུག་།རྣམ་ཤེས་གཟུང་བ་དེ་ཉིད་ནི། ། ་འོད་གསལ་བ་ཡང་འཇུག་པར་འགྱུར་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་རྣམ་པར་ཤེས་པ་གསུམ་རྣམ་དག་སྟེ། སྟོང་པ་བཞི་གཅིག་ཏུ་གྱུར་པ་ལ་ནི་འོད་གསལ་ཆེན་པོ་དང། དོན་དམ་ཆེན་པོ་དང་ཆོས་ཀྱི་དབྱིངས་དང། དེ་བཞིན ་ཉིད་དང། བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་དང།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། མྱ་ངན་ལས་འདས་པ་དང། སངས་རྒྱས་དང། ལས་དང་སྐྱེ་བ་ལ་རྣམ་པར་གྲོལ་བ་དང། ཐམས་ཅད་སྟོང་པ་དང་མངོན་པར་བྱང་ཆུབ་པ་དང་ཡང ་དག་པའི་མཛའ་ཞེས་བྱའོ། །དོན་དམ་པའི་བདེན་པ་བཤད་པ་སྟེ། ཡན་ལག་ལྔ་པའོ།། །།ཟུང་འཇུག་གི་ཏིང་ངེ་འཛིན་བརྟན་པར་བྱ་བའི་ཕྱིར་བརྟན་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བརྟན་འགྱུར་ནི་ཡང་དག་པའི ་མཛའ་སྟེ་བརྟན་པར་འགྱུར་བའོ། །རྡོ་རྗེ་ལམ་ཡང་དག་པའི་མཛའ་དེ་ཉིད་ཡིན་པས་དེ་ནམ་མཁའ་ཨི་ཁམས་སུ་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྤྲོ་བར་བྱའོ། །ཅི་འདྲ་བ་སྤྲོ་བར་བསྟན་པར་བྱ་བའི ་ཕྱིར་རྗེས་སུ་དྲན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་སྔོན་རྗེས་སུ་དྲན་པའི་སྨིག་རྒྱུ་ལྟ་བུ་ལ་སོགས་པའི་རྣམ་པར་ཡང?་དག་པའི་མཛའ་ཐོབ་པ་དེ་དང་འདྲ་བའི་སྣང་བ་ཐོབ་པ་སྟོད་པ་ཆེན་པོ་མུན་པ་ལྟ་བུའི་ངོ་བོ་ཉིད་ལས་སྣང་བ་སྤྲོ་བར་བྱའོ། །དེ་མས་སྣང་བ ་མཆེད་པ་ཤིན་ཏུ་སྟོང་པ་ཉི་མའི་འོད་ཟེར་ལྟར་ཚ་བའི་ངོ་བོ་ཉིད་ཀྱི་སྣང་བ་སྤྲོ་བར་བྱའོ། །དེ་ལས་སྣང་བ་སྟོང་པ་ཟླ་བའི་འོད་ཟེར་ལྟར་བསིལ་བའི་ངོ་བོ་ཉིད་ཀྱི་སྣང་བ་སྤྲོ་བར་བྱའོ། །སྤྲོ་བ་དེ་ལ་རྗེས་སུ་དྲན་པ་ཞེས་ཀྱང་བཤད་དོ། །དེ་ཡང་དཔལ་མཆོག་དང་པོ ་ལས། ནམ་མཁའ་ལས་ནི་ནམ་མཁའ་བྱུང། །ཐམས་ཅད་སྟོང་པ་ནམ་མཁའ་ཆེ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་སྟོང་པ་བཞི་གཅིག་ཏུ་གྱུར་པ་ལ་ནི་ནམ་མཁའ་ཨི་ཚོགས་སྣང་པ་ལྟ་བུས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ཏེ། མངོན་དུ་གྱུར་པ་དེའི ་ཚེ་ནི་ཟུང་འཇུག་གི་ཏིང་ངེ་འཛིན་ལ་གནས་པ་དང། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་གནས་པ་དང། རྫོགས་པའི་ཏིང་ངེ་འཛིན་ལ་གནས་པ་དང། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་པ་དང། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང། སྤྱད ་བ་བྱས་པ་དང། རྫོགས་པར་སངས་རྒྱས་པ་དང། གཉིས་སུ་མེད་པའི་ཡེ་ཤེས་དང། དེ་ཁོ་ན་ཉིད་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང། མི་གནས་པའི་མྱ་ངན་ལས་འདས་པ་དང། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་ཞེས ་བྱའོ། །སློབ་བཞིན་པའི་རྣལ་འབྱོར་པའི་ཏིང་ངེ་འཛིན་དེ་ལྟ་བུ་ལ་ཞུགས་པས་ཀྱང་འདོད་ཆགས་དང་བཅས་པའི་ལམ་གྱི་སྤྱོད་པ་ལ་སོགས་པ་གང་ཡང་རུང་པ་གཉིས་སུ་མེད་པའི་དོན་གྱིས་སྤྱད་པར་བྱའོ། །ཇི་སྲིད་དང་པོའི་སེམས་བསྐྱེད་པ་ནས ་བཟུང་སྟེ་ཟུང་འཇུག་གི་ཏིང་ངེ་འཛིན་འདི་མངོན་སུམ་དུ་མ་གྱུར་པའི་བར་དེ་སྲིད་དུ་ནི་བརླབ་པར་བྱ་བའི་བར་ལམ་ཡིན་པར་ཤེས་པར་བྱའོ། །དེ་ཡང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ལས། གང་གིས་དཔའ་པར་འགྲོ་བའི་ཏིང་ངེ་འཛིན་ཐོབ་པའི་སྐྱེས ་བུ་དམ་པ་དེ་དག་ནི་སངས་རྒྱས་ཐམས་ཅད་ཀྱི་ཡུལ་དུ་མཆིས་པ་ལགས་བུ་དང། བྱ་བའི་འབྲས་བུའི་འབྲས་བུའོ། །དེ་ལས་མདོར་བསྡུས་པ་འདི་ལེའུ་བཅུ་བདུན་པ་ལས་བསྡུས་པ་ནི་བྱ་བའོ། །བདེ་བླག་ཏུ་རྟོགས་པ་ནི་བྱ་བའི་འབྲས་བུའོ། ་དེ་རྟོགས་པས་དཔལ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པ་ནི་བྱ་བའི་འབྲས་བུའི་འབྲས་བུ་ཡིན་ནོ་ཞེས་ཁ་ཅིག་ཟེར་རོ། །དེ་ལ་དང་པོ་བགེགས་ཞི་བར་བྱ་བའི་ཕྱག་བཙལ་བར་བྱ་སྟེ། གང་གི་ཕྱིར་མངོན་པར་འདོད་པའི་ལྷ་ལ་ཕྱག་འཚལ་བ་སྔོན་དུ་འགྲོ་བ་ནི ་འཇུག་པ་ཡིན་ནོ་ཞེས་དམ་པ་རྣམས་ཀྱི་སྦྱོང་པ་ཡིན། །དེ་ལ་བགེགས་རྣམ་པ་གསུམ་སྟེ། ལུས་ཀྱི་ནི་རིམས་ལ་སོགས་པའོ། །དག་གི་ནི་ཚིག་རྩུབ་ལ་སོགས་པའོ། །སེམས་ཀྱི་ནི་འདོད་ཆགས་ལ་སོགས་པའོ། །ཡང་ན་བེམས་པོ་དང་བེམས་པོ་མ ་ཡིན་པ་དང། གཉི་གའི་རང་བཞིན་ནི་བགེགས་སོ། །བེམས་པོ་ན་ནི་གྲང་བ་དང་དྲོ་བ་ལ་སོགས་པའོ། །བེམས་པོ་མ་ཡིན་པ་ནི་རྒྱལ་པོ་རྩོད་པ་ལ་སོགས་པའོ། །གཉི་ག་ནི་གཉིས་གས་སྤུལ་པའོ། །ཇི་སྐད་དུ་ཤིན་ཏུ་ཆར་དང་ཆེར་དཀོན་དང། །བྱི ་བ་ཆག་ནེ་ཚེ་དང། །ཕན་ཚུན་རྩོད་པའི་རྒྱལ་པོ་རྣམས། །དྲུག་པོ་རྣམ་པར་འཚེ་བར་བཤད་ཅེས་འབྱུང་ངོ། །བགེགས་རྣམས་དེ་དག་ཐམས་ཅད་བཅོམ་ལྡན་འདས་ལ་ཕྱག་འཚལ་བས་རབ་ཏུ་ཞི་བར་འགྱུར་རོ། །འདིར་རིགས་པ་ནི་ཕྱག་འཚལ ་བར་བྱས་ནས་སྐྱེས་བུ་ཆེན་པོ་ལ་རབ་ཏུ་བསྟོད་པས་བསོད་ནམས་ཐོབ་ཅིང་བསོད་ནམས་མ་ཡིན་པ་ལྡོག་པས་མི་དགེ་བ་ལས་བྱུང་བའི་ཕྱི་དང་ནང་གི་བགེགས་རྣམས་ཉེ་བར་ཞི་བར་འགྱུར་རོ། །ཞེས་བདེ་བས་བསྟན་བཅོས་རྫོགས་པར་འགྱུར་རོ་ཞེས ་འགལ་བ། དམིགས་པ་འམ། འགལ་བའི་འབྲས་བུ་དམིགས་པའི་ཕྱག་འཚལ་བས་བགེགས་ཉེ་བར་ཞི་བར་འགྱུར་རོ། །དཔེར་ནི་གྲང་བའི་རེག་པ་མེད་དེ་མེ་ཡོད་པའི་ཕྱིར་དང་དེ་བཞིན་དུ་འདི་ན་བ་མོའི་རེག་པ་མེད་དུ་བ ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་བཞིན་ནོ། །ཁམས་གསུམ་སྤྱོད་པ་ལས་གྲོལ་མཁའ་དང་མཉམ་གྱུར་དངོས་ཀུན་ངོ་བོ་ཉིད། །དག་ཅིང་ཞི་བ་རྣམས་དབེན་བདེ་མཆོག་རང་བཞིན་རྣལ་འབྱོར་པ་ཉིད་ཡུལ། །རྟོགས་དཀའ་བརྟག་པར་དཀའ་ ་ལ་བདག་གཞན་རབ་ཕན་ཁྱབ་ཅིང་སྤྲོས་པ་མེད། །རྒྱལ་བ་རྣམས་ཀྱི་ཞི་པ་མཉམ་མེད་མཉམ་སྐུ་མི་རྟོགས་ཚུལ་གཅིག་ལ་ཕྱག་འཚལ་ཞེས་སྨོས་པ་ལས། རྒྱལ་བ་ནི་སངས་རྒྱས་ཀྱི་སྐུ་ཏེ། སྐུ་གསུམ་ལ་ཕྱག་འཚལ་བ་ནི་འདུད་དེ ་ཇི་ལྟ་བུ་ཡིན་ཞེ་ན། ཁམས་གསུམ་སྤྱོད་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རྣམས་སོ། །དེ་རྣམས་ལས་གྲོལ་བ་ནི་བྲལ་བའོ། །དེ་བཞིན་དུ་མཁའ་དང་མཉམ་གྱུར་པ་ནི་ནམ་མཁའ་དང་འདྲ་བར་གནས་པའོ། །བུམ་པའི་ནམ་མཁའ་དང་འདྲ ་བའི་ཕྱོགས་གཅིག་པ་ཡིན་ནམ་ཞེ་ན་མ་ཡིན་ཏེ། དངོས་པོས་ཀུན་གྱི་ངོ་བོ་ཉིད་ཅེས་བྱ་བ་ནི་སེམས་ཅན་དང། སྣོད་ཀྱི་འཇིག་རྟེན་དག་གི་ཆོས་ཉིད་ཀྱི་རང་བཞིན་ནོ། །དེས་ནི་ཆོས་ཀྱི་སྐུའི་རང་བཞིན་གྱི་ཕྱག་འཚལ་བར་བསྟན་ཏོ། །སངས་རྒྱས ་ཀྱི་ཞིང་ཡོངས་སུ་དག་པས་ན་དག་པའོ། །འོད་གསལ་བའི་རང་བཞིན་ཡིན་པས་ན་ཞི་བའོ། །ཆོས་ཀྱི་སྐུ་ལས་བྱུང་བས་ན་རྣམ་དབེན་པའོ། །ཆོས་ཀྱི་བདུད་རྩིས་གང་བས་ན་བདེ་མཆོག་གི་རང་བཞིན་ནོ། །ས་ཐོབ་པའི་བྱང་ཆུབ་སེམས་དཔའ་ཨི ་སྤྱོད་ཡུལ་ཡིན་པས་ན་རྣལ་འབྱོར་པ་ཉིད་ཡུལ་ལོ། །དེས་ནི་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་གྱི་ཕྱག་འཚལ་བར་བསྟན་ཏོ། །སེམས་དང་སེམས་ལས་བྱུང་བའི་ཆོས་དང་བྲལ་བས་ན་རྟོགས་དཀའ་བརྟག་པར་དཀའ་བ་སྟེ། སྐུ་དང ་གསུང་གི་ངོ་བོ་ཡིན་པའི་ཕྱིར་རོ། །སྐྱེ་བ་ལ་སོགས་པ་བསྟན་པས་བདག་ལ་རབ་ཕན་ནོ། །སེམས་ཅན་གྱིས་དོན་བྱ་བ་བསྟན་པས་གཞན་ལ་རབ་ཕན་ནོ། །ཀུན་ཏུ་འགྲོ་བས་ན་ཁྱབ་པ་པ་སྟེ། དགོན་པོ་ལ་འབང་པའི་མེ་བཞིན་ནོ། །ཆོས་ཀྱི་སྐུ་རྒྱུར་གྱུར་པར་ན ་སྤྲོས་བ་མེད་པའོ། །ངེས་ནི་སྤྲུལ་པའི་སྐུའི་རང་བཞིན་གྱིས་ཕྱག་འཚལ་བར་བསྟན་ཏོ། །ཉེ་བར་བསྡུ་བར་བཤད་པར་བྱ་སྟེ། ཞི་བ་ནི་ཆོས་ཀྱི་སྐུའོ། །མཉམ་མེད་ནི་དེ་ཉིད་ཏོ། །དེ་དང་མཉམ་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །སེམས ་དང་བྲལ་བའི་ཕྱིར་མི་རྟོགས་ཚུལ་གཅིག་ཅེས་བྱ་བ་ནི་སྤྲུལ་པའི་སྐུའོ། །དེ་ལྟར་རྒྱལ་པ་རྣམས་ཀྱིས་རྣམ་པ་གསུམ་གྱི་སྐུ་ལ་ཕྱག་འཚལ་ལོ་ཞེས་ཡི་གེའི་དོན་ཏོ། །ཁམས་གསུམ་སྤྱོད་པ་ལས་འགྲོལ་བ་ནི་བགེགས་བསྐྲད་པའོ། ། ་མཁའ་དང་མཉམ་པར་གྱུར་པ་ནི་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །དངོས་ཀུན་ངོ་བོ་ཉིད་ནི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་གྱི་ཡེ་ཤེས་ཀྱི་ས་གཞིའི་ངོ་བོའོ། །དག་པ་ནི་རིན་ཆེན་སྣ་བདུན་གྱི་རང་བཞིན་གྱི་གཞལ་ཡས་ཁང་གིས ་ངོ་བོའོ། །ལྷག་པར་མོས་པའི་དཀྱིལ་འཁོར་གྱི་རང་བཞིན་ཡིན་པས་ན་ཞི་བའོ། །དོན་དམ་པའི་དཀྱིལ་འཁོར་གྱི་ངོ་བོ་ཡིན་པས་ན་རྣམ་དབེན་ནོ། །གདན་གྱི་དབྱེ་བའི་ངོ་བོ་ཡིན་པས་ན་བདེ་མཆོག་རང་བཞིན་ཏོ། །ཆོས་ཀྱི་དབྱིངས་ཀྱི ་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་ན་རྣལ་འབྱོར་པ་ཉིད་ཡུལ་ལོ། །ཡི་གེ་གསུམ་གྱི་བདག་ཉིད་ཡིན་པས་ན་རྟོགས་དཀའ་པའོ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་རྣམ་པ་ཡིན་པས་ན་བརྟག་པར་དཀའ་ཨོ། །སྤྲོ་བའི་བདག་ཉིད་ཡིན་པས་ནི་བདག་དང་གཞན་ལ་རབ ་ཕན་ནོ། །དེའི་ང་རྒྱལ་གྱི་བདག་ཉིད་ཡིན་པས་ན་ཁྱབ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་བསྡུས་པས་ན་སྤྲོས་མེད་པའོ། །རྒྱལ་བའི་སྐུ་ནི་དཔལ་རྡོ་རྗེ་འཆང་གི་སྐུ་འགྲུབ་པ་སྟེ་རྣལ་འབྱོར་རོ། །ཡེ་ཤེས་སེམས་དཔའ་དང ་ཏིང་ངེ་འཛིན་སེམས་དཔའ་ཨི་ངོ་བོ་ཡིན་པ་ན་ཞི་བ་སྟེ། རྗེས་སུ་རྣལ་འབྱོར་རོ། །མཉམ་མེད་ནི་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་རྣམས་ཀྱིས་བྱིན་གྱིས་བརླབས་པས་ན་མཉམ་མེད ་མཉམ་པ་སྟེ། ཤིན་ཏུ་རྣལ་འབྱོར། །སྐུ་གསུང་ཐུགས་བྱིན་གྱིས་བརླབས་པས་ན་མི་རྟོག་ཚུལ་གཅིག་ཅེས་བྱ་བ་སྟེ། རྣལ་འབྱོར་ཆེན་པོའོ། །དེ་ལྟར་དང་པོའི་སྦྱོར་བའི་བདག་ཉིད་ཡིན་པས་ན་སྤྱིའི་དོན་ཏོ། །ཁམས་གསུམ ་སྤྱོད་པ་ལས་གྲོལ་བ་ཞེས་བྱ་བ་ནི་རླུང་གསུམ་ཉེ་བར་བསྡུས་པས་གཅིག་ཏུ་གྱུར་པའོ། །མཁའ་དང་མཉམ་གྱུར་པ་ནི་འདོད་པའི་གདུགས་ཀྱི་རྩ་ལ་གནས་པ་སྟེ། རྩ་དབུ་མ་ལས་གནས་པའོ། །དངོས་ཀུན་ངོ་བོ་ཉིད་ཅེས་བྱ་བ་ནི་སྦྱོད ་པ་དང་མི་སྤྱོད་བའི་བདག་ཉིད་དོ། །སྣ་ཡི་རྩེ་མོར་ཡུངས་ཀར་བསམ། །འགྲོ་དང་མི་འགྲོ་ཡུངས་ཀར་ལ་ཞེས་བཤད་པའི་ཕྱིར་རོ། །ཀུན་ད་ལྟར་དཀར་བ་ཡིན་པས་ན་དག་པའོ། །རྣམ་པར་མི་རྟོག་པའི་ངོ་བོ་ཡིན་པས་ན་ཞི་བའོ། ། ་ཡུངས་ཀར་གྱི་ཚད་ཙམ་ཡིན་པའི་ཕྱིར་རྣམ་དབེན་ནོ། །ཐབས་དང་ཤེས་རབ་སྙོམས་པར་འཇུག་པ་ལས་བྱུང་བས་ན་བདེ་མཆོག་རང་བཞིན་ནོ། །རང་རིག་པས་ན། རྣལ་འབྱོར་པ་ཉིད་ཡུལ་ལོ། །རགས་པ་དང་ཕྲ་བའི་རྣམ་པར་རྟོགས་པ་དང ་བྲལ་བས་ན་རྟོགས་དཀའ་བརྟག་པར་དཀའ་བའོ། །སྤྲོ་བ་དང་བསྡུ་བ་དག་གིས་འགྲོ་བའི་དོན་མཛད་པས་ན་བདག་དང་གཞན་ལ་རབ་ཕན་ནོ། །འགྲོ་བ་སྐྱེད་པའི་རྒྱུ་གྱུར་པས་ན་ཁྱབ་པའོ། །ཕུང་པོ་དང་དབང་པོ་དང་རླུང་ཉེ་བར་བསྡུས ་བས་ན་སྤྲོས་པ་མེད་པའོ། །དེ་ཉིད་ཀྱི་ཕྱིར་ཕུང་པོ་རྣམས་ཀྱི་ཉེ་བར་གྲགས་པའི་རྒྱལ་བ་རྣམས་ཉེ་བར་བསྡུས་པས་ན་རྒྱལ་བའི་སྐུ་སྟེ། ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་རང་བཞིན་ནོ། །དེ་ཉིད་བཤད་པ་བཞིན་པ ་ནི་གསང་བའི་སྣ་རྩེ་ལ་གནས་པའོ། །མཉམ་མེད་མཉམ་པ་ནི་སྙིང་ཀའི་པདྨའི་ནང་ན་གནས་པའོ། །མི་རྟོག་ཚུལ་གཅིག་ཅེས་བྱ་བ་ནི་ཀུན་རྫོབ་སྣའི་རྩེ་ལ་གནས་པའོ། །ཕྱག་འཚལ་བ་ནི་ཉམས་སུ་མྱོང་བ་སྟེ་སྦས་པའོ། །སྣང་བ་གསུམ ་དང་བྲལ་བས་ན་ཁམས་གསུམ་སྦྱོད་པ་ལས་གྲོལ་བའོ། །འོད་གསལ་བའི་རང་བཞིན་ཡིན་པས་ནམ་མཁའ་དང་མཉམ་གྱུར་པའོ། །བརྟན་པ་དང་གཡོ་བའི་ངོ་བོ་ཡིན་པས་ན་དངོས་ཀུན་ངོ་བོ་ཉིད་དོ། །ཤེས་རབ་ཀྱི་རང་བཞིན་དང་བྲལ་བས་ན་དག་པའོ།། ་ཐབས་ཀྱི་རང་བཞིན་དང་བྲལ་བས་ན་ཞི་བའོ། །མི་རིག་པའི་རང་བཞིན་དང་བྲལ་བས་ན་རྣམ་དབེན་ནོ། །ཕྱག་རྒྱའི་ཐབས་ཀྱིས་ཐོབ་པས་ན་བདེ་མཆོག་རང་བཞིན་ནོ། །རྫོགས་པའི་རིམ་པའི་རྣལ་འབྱོར་པས་བླང་བར་བྱ་བས་ན་རྣལ་འབྱོར་པ་ཉིད་ཡུའོ། །ཕ ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་པ་རྣམས་ཀྱིས་མི་ཤེས་པས་ན་རྟོགས་དཀའ་ཨོ། །བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱིས་རྟོགས་པར་དཀའ་བས་ན་བརྟག་པར་དཀའ་བའོ། །བདག་དང་གཞན་ལ་ཕན་འདོགས་པའི་རྒྱུ་གྱུར་པས་ན་བདག་གཞན་རབ ་ཕན་ནོ། །ཆོས་ཀྱིས་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་ན་ཁྱབ་པའོ། །སྣང་བ་ལ་སོགས་པའི་གསལ་བ་གསུམ་བྲལ་བས་ན་སྤྲོས་པ་མེད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཡིན་པས་ན། རྒྱལ་བ་རྣམས་ཀྱི་སྐུའོ། །ཟླ་བའི ་སྣང་བ་ཡིན་པས་ན་ཞི་བའོ། །ཉི་མ་ལྟར་སྣང་བ་ཡིན་པས་ན་མཉམ་མེད་མཉམ་པའོ། །མཚམས་ཀྱི་སྣང་བ་དང་དེ་དག་དང་བྲལ་བ་ན་མི་རྟོག་ཚུལ་གཅིག་ཅེས་བྱ་བ་སྟེ་སྦས་པའོ། །སྣང་བ་ཉེ་བར་ཐོབ་པ་ལ་སོགས་པ་དང་བྲལ་བའོ་བསྒོམས ་པ་ལས་བྱུང་བས་ན་ཁམས་གསུམ་སྤྱོད་པ་ལས་གྲོལ་བའོ། །འོད་གསལ་བ་ལས་གྱུར་པས་ནམ་མཁའ་དང་མཉམ་གྱུར་པའོ། །སྒྱུ་མའི་དཔེ་བཅུ་གཉིས་དང་མཚུངས་པས་ན་དངོས་ཀུན་ངོ་བོ་ཉིད་དོ། །ཆོས་ཀྱི་སྐུར་བདག་བྱིན་གྱིས་བརླབས་པས་ན ་དག་པའོ། །ལོངས་སྤྱོད་རྫོགས་པའི་སྐུར་བདག་བྱིན་གྱིས་བརླབS་པS་ན་ཞི་བའོ། །སྤྲུལ་པའི་སྐུར་བདག་བྱིན་གྱིས་བརླབས་པས་ན་རྣམS་དབེན་ནོ། །རང་རིགས་པས་ན་བདེ་བ་མཆོག་རང་བཞིན་ནོ། །ས་བཅུ་པ་ལ་ཡེ་ཤེས ་ཀྱི་དབང་ཉིད་ཐོབ་པས་ན་རྣལ་འབྱོར་པ་ཉིད་ཡུལ་ལོ། །བདག་དང་གཞན་གྱི་རྒྱུད་ལ་གནས་པའི་རྣམ་པར་རྟོག་པ་བཅོམ་པས་ན་རྟོགས་དཀའ་བརྟག་པར་དཀའ་བའོ། །སྒྱུ་མ་ལྟ་བུ་ཡིན་ན་ཡང་བདག་དང་གཞན་ལ་ཕན་པར་མཛད་པས་ན་བདག་གཞན ་རབ་ཕན་ནོ། །ཆུའི་ཟླ་བ་དང་འདྲ་བས་ན་ཁྱབ་པའོ། །འོད་གསལ་བ་ལས་བྱུང་བས་ན་སྤྲོས་པ་མེད་པའོ། །དེ་ཉིད་ཀྱི་ཕྱིར་མོས་པའི་དབྱེ་བས་ན་དེ་བཞིན་གཤེགས་ལྔའི་སྐུ་འཆང་བསན་རྒྱལ་བ་རྣམས་ཀྱི་སྐུའོ། །དམ་ཚིག་སེམས་དཔའ་ཨི་ངོ་བོ ་ཡིན་པས་ན་ཞི་བའོ། །ཡེ་ཤེས་སེམས་དཔའ་ཨི་ངོ་བོ་ཡིན་པས་ན་མཉམ་མེད་མཉམ་པའོ། །ཏིང་ངེ་འཛིན་སེམས་དཔའ་ཨི་ངོ་བོ་ཡིན་པས་ན་རྟོག་མེད་ཚུལ་གཅིག་སྟེ་སྤྲས་པའོ། །ཆགས་པ་དང་ཆགས་པ་དང་བྲལ་བ་དང། ཆགས་པ་བར་མ་དང་བྲལ ་བས་ན་ཁམས་གསུམ་སྤྱོད་པ་ལས་གྲོལ་བའོ། །ནམ་མཁའ་སྤྲོས་པ་ཐམས་ཅད་པ་ཡིན་པས་ན་ནམ་མཁའ་དང་མཉམ་གྱུར་པའོ། །ཁམས་གསུམ་གྱི་བདག་ཉིད་ཡིན་པས་ན་དངོས་ཀུན་ངོ་བོ་ཉིད། ཆགས་པ་སྤོང་བས་ན་དག་པའོ། །ཆགས་པ ་དང་བྲལ་བས་རྣམ་དབེན་ནོ། །ལྷན་ཅིག་སྐྱེས་པའི་ཕྱིར་བདེ་མཆོག་གི་རང་བཞིན་ནོ། །རྣལ་འབྱོར་གྱི་མངོན་སུམ་གྱི་ཚང་མས་རྟོགས་པས་ན་རྣལ་འབྱོར་པ་ཉིད་ཡུལ་ལོ། །སྨིག་རྒྱུ་ལ་སོགས་པའི་རྟགས་མེད་པས་རྟོགས་དཀའ་ཨོ། །ཕྲ་བའི་ལྟ་བས ་རྟོགས་པས་བརྟག་དཀའ་བའོ། །དེ་ལས་ལྡང་བ་ནི་བདག་དང་གཞན་གྱི་དོན་གྲུབ་པས་ན་བདག་གཞན་རབ་ཕན་ནོ། །ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱིས་ནམ་མཁའ་ཨི་ཁམས་ཐམས་ཅད་ཁྱབ་པས་ན་ཁྱབ་པའོ། །དོན་དམ་པ་བྱང་ཆུབ་སེམས་ནི ་རྣམ་པར་རྟོག་པ་དང། བྲལ་བས་སྤྲོས་པ་མེད་པའོ། །དེ་ཉིད་ཀྱི་ཕྱིར་རྒྱལ་བ་རྣམས་ཀྱི་སྐུ་ནི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུའོ། །ཞི་བ་ནི་རིལ་པོར་འཛིན་པའི་ཏིང་ངེ་འཛིན་གྱིས་རྟོགས་པའོ། །མཉམ་མེད་མཉམ་པ་ནི་རྗེས་སུ་གཞིག་པའི་ཏིང་ངེ ་འཛིན་གྱིས་ཐོབ་པའོ། །ཐམས་ཅད་ཀྱི་འབྲས་བུ་ཡིན་པས་ན་?་རྟོག་ཚུལ་གཅིག་གོ་།ཕྱག་འཚལ་ཞེས་བྱ་བ་ནི་བདག་ཉིད་དུ་བྱས་པ་དེ། མཐར་ཐུགས་པའོ། །ཁམས་གསུམ་སྤྱོད་པ་ལས་གྲོལ་བ་ནི་འཇིག་རྟེན་གྱི་ཆོས་བརྒྱད་དང་བྲལ་བའོ། ། ་མཁའ་དང་མཉམ་གྱུར་པ་ནི་ས་བཅུ་གཉིས་པ་ཐོབ་པའོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་རང་བཞིན་ཡིན་པས་ན་དངོས་ཀུན་ངོ་བོ་ཉིད་དོ། །ཀུན་རྫོབ་ཀྱི་རྣམ་པར་རྟོག་པ་སྤོང་བས་ན་དག་པའོ། །དོན་དམ་པའི་རྣམ་པར་རྟོག་པ་དང་བྲལ་བས་ན་ཞི་བའོ། ། ་བདེ་བ་གཉིས་དང་གཉིས་སུ་མེད་པས་ན་རྣམ་དབེན་ནོ། །ཆོས་ཀྱི་བདུད་རྩིའི་ཆར་འབེབས་པས་ན་བདེ་མཆོག་རང་བཞིན་ནོ། །ཟབ་པ་མེད་པའི་ཡེ་ཤེས་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་ཁོང་དུ་ཆུད་པས་ན་རྣལ་འབྱོར་པ་ཉིད་ཡུལ་ལོ། །འཇིག་རྟེན་ལས་འདས་པའི ་ཡེ་ཤེས་ཀྱི་ཡུལ་ཡིན་པས་ན་རྟོགས་དཀའ་ཨོ། །དེའི་རྗེས་སུ་ལས་ཐོབ་པའི་ཡེ་ཤེས་ཀྱི་རྣམ་པ་ཡིན་པས་ན་བརྟག་དཀའ་བའོ། །སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཕན་འདོགས་པས་ན་བདག་གཞན་རབ་ཕན་ནོ། །མཛའ་གཉིས་དང་བྲལ་བས་ན་ཁྱབ་པའོ། ། ་དེ་ཉིད་ཀྱི་ཕྱིར་སྤྲོས་པ་མེད་པའོ། །རྒྱལ་བ་རྣམས་ཀྱི་སྐུ་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད། །ཕུང་པོ་ལྷག་མ་དང་བཅས་པ་དང། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་རྣམ་པར་རྟོག་པ་མེད་པས་ན་ཞི་བའོ། ། ་རྣམ་པ་བཅས་པ་དང་རྣམ་པ་མེད་པ་ལ་སོགས་པ་སྤོང་བ་ན་མཉམ་མེད་མཉམ་པའོ། །འབྲས་བུའི་ངོ་བོ་ཡིན་པས་ན་མི་རྟོགས་ཚུལ་གཅིག་གོ་།ཕྱག་འཚལ་ཞེས་བྱ་བ་ནི་དེའི་བདག་ཉིད་དུ། འཇུག་པར་བྱ་ཞེས་པའི་དོན་དེ་མཐར་ཐུག་པའོ། །དེ་ནཾ་བཤད ་པ་རྣམ་པ་བཞིའོ། །ཡང་ན་ཁམས་གསུམ་སྤྱོད་བ་ལས་གྲོལ་ཞེས་བྱ་བ་ནི་ཐུགས་རྡོ་རྗེ་འཆང་གི་རང་བཞིན་ནོ། །མཁའ་དང་མཉམ་གྱུར་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་ནོ། །དངོས་ཀུན་ངོ་བོ་ཉིད་ཅེས་བྱ་ནི ་འོད་དཔག་ཏུ་མེད་པའི་ངོ་བོའོ། །དག་པ་ནི་རྣམ་པར་སྣང་མཛད་ཀྱི་རང་བཞིན་ནོ། །ཞི་བ་ནི་དོན་གྲུབ་པའི་རང་བཞིན་ནོ། །རྣམ་དབེན་ནི་སྤྱན་གྱི་རང་བཞིན་ནོ། །བདེ་མཆོག་རང་བཞིན་མཱ་མ་ཀཱིའི་ངོ་བོའོ། །རྣལ་འབྱོར་པ་ཉིད་ཡུལ་ནི་གོས་དཀར་མོའི་བདག་ཉིད་དོ། ་རྟོགས་དཀའ་ནི་སྒྲོལ་མའི་བདག་ཉིད་དོ། །བརྟག་པར་དཀའ་བ་ནི་གཤིན་རྗེ་མཐར་བྱེད་ཀྱི་བདག་ཉིད་དོ། །བདག་གཞན་རབ་ཕན་ནི་ཤེས་རབ་མཐར་བྱེད་ཀྱི་བདག་ཉིད་དོ། །ཁྱབ་པ་ནི་པདྨ་མཐར་བྱེད་ཀྱི་བདག་ཉིད་དོ། །སྤྲོས་པ་མེད་པ་ནི་བགེགས་མཐར་བྱེད་ཀྱི ་བདག་ཉིད་དོ། །ཞི་བ་ནི་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་རང་བཞིན་ནོ། །མཉམ་མེད་མཉམ་པ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པ་མཆོད་པའི་ལྷ་མོ་ལྔའི་རང་བཞིན་ནོ། །མི་རྟོག་ཚུལ་གཅིག་ནི་ཁྲོ་བོའི་རྒྱལ་པོ་བཅུའི་རང ་བཞིན་ནི། དེ་དང་འདྲ་བ་རྒྱལ་བ་རྣམས་ཀྱི་སྐུ་ནི། རྡོ་རྗེ་འཆང་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་ལ་ཕྱག་འཚལ་བ་ནི་འདུད་ཅེས་བྱ་བ་ཚིག་གི་དོན་ཏེ་སྒྲ་ཇི་བཞིན་པའོ། །ཁམས་གསུམ་སྤྱོད་པ་ལས་གྲོལ་བ་ནི་ནང་སྟོང་པ་ཉིད་ཀྱི ་རང་བཞིན་ནོ། །མཁའ་དང་མཉམ་གྱུར་པ་ནི་ཕྱི་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །དངོས་ཀུན་ངོ་བོ་ཉིད་ནི་ཕྱི་ནང་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞི་བ་ནི་ཆེན་པོ་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །རྣམ་དབེན་ནི་དོན་དམ ་པ་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །བདེ་མཆོག་རང་བཞིན་ནི་འདུས་བྱས་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །རྣལ་འབྱོར་པ་ཉིད་ཡུལ་ནི་འདུས་མ་བྱས་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །རྟོགས་དཀའ་བ་ནི་མཛའ་ལས་འདས་པ་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །བརྟག ་པར་དཀའ་བ་ནི་དོར་བ་མེད་པ་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །བདག་གཞན་རབ་ཕན་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཁྱབ་པ་ནི་རང་བཞིན་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །སྤྲོས་པ་མེད་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞི་བའི ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །མཉམ་མེད་མཉམ་པ་ནི་མི་དམིགས་པ་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །མི་རྟོག་ཚུལ་གཅིག་ནི་དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །དེ་ལྟར་སྟོང་པ་ཉིད་བཅུ་དྲུག་གི་རང་བཞིན་རྒྱལ་བ་རྣམས ་སྐུ་ནི་རྡོ་རྗེ་སེམས་དཔའ་ཨི་ལ་ཕྱག་འཚལ་ཞེས་སྒྲ་ཇི་བཞིན་མ་ཡིན་པའོ། །ཁམས་གསུམ་སྤྱོད་པ་ལས་གྲོལ་བ་ནི་སྣང་བ་ཆུད་པའི་བདག་ཉིད་དོ། །མཁའ་དང་མཉམ་གྱུར་པ་ནི་སྣང་བའི་བྲང་གི་བདག་ཉིད་དོ། །དངོས་ཀུན་ངོ་བོ་ཉིད་ནི་སྣང་བ་རབ ་ཀྱི་བདག་ཉིད་དོ། །དག་པ་ནི་སྣང་བ་རབ་ཀྱི་རབ་ཀྱི་བདག་ཉིད་དོ་ཞི་བ་ནི་སྣང་བ་མཆེད་པ་ཆུང་བའི་རང་བཞིན་ནོ། །རྣམ་དབེན་ནི་སྣང་བ་མཆེད་པ་འབྲིང་གི་བདག་ཉིད་དོ། །བདེ་མཆོག་རང་བཞིན་ནི། སྣང་བ་མཆེད་པ་རབ་ཀྱི་བདག་ཉིད། །རྣལ་འབྱོར་པ་ཉིད ་ཡུལ་ནི་སྣང་བ་མཚད?་པ་རབ་ཀྱི་རབ་ཀྱི་བདག་ཉིད། །རྟོགས་དཀའ་ནི་སྣང་བ་ཉེ་བར་ཐོབ་པ་ཆུང་ངུའི་བདག་ཉིད་དོ། །བརྟག་པར་དཀའ་བ་ནི་སྣང་བ་ཉེ་བར་ཐོབ་བ་འབྲིང་གི་བདག་ཉིད་དོ། །བདག་གཞན་རབ་ཕན་ནི་སྣང་བ་ཉེ་བར་ཐོབ་བ་རབ་ཀྱི ་བདག་ཉིད་དོ། །ཁྱབ་པ་ནི་སྣང་བ་ཉེ་བར་ཐོབ་པའི་རབ་ཀྱི་རབ་ཀྱི་བདག་ཉིད་དོ། །སྤྲོས་པ་མེད་པ་ནི་འོད་གསལ་བ་ཆུང་ངུའི་བདག་ཉིད་དོ། །ཞི་བ་ནི་འོད་གསལ་བ་འབྲིང་གི་བདག་ཉིད་དོ། །མཉམ་མེད་མཉམ་པ་ནི་འོད་གསལ་བ་རབ་ཀྱི་བདག་ཉིད་དོ། །མི་རྟོག ་ཚུལ་གཅིག་ནི་འོད་གསལ་བ་རབ་ཀྱི་རབ་ཀྱི་བདག་ཉིད་དོ། །དེ་རྣམས་ཀྱི་དབྱེ་བ་ནི་ཉི་བར་གྱི་ཟླ་བའི་སྣང་བ་དང། ཟླའི?་ཕྱེད་ཀྱི་སྣང་བ་དང་། སྤྲིན་དང་བཅས་པའི་ཟླ་བ་སྣང་བ་དང། སྤྲིན་མེད་པའི་ཟླ་བའི་སྣང་བ་བཞིན་དུ་སྣང་བའི་ཡེ་ཤེས་སོ། །དེ ་བཞིན་དུ་ཉི་མ་ཤར་བའི་སྣང་བ་དང། ཉི་མ་ནུབ་བཞིན་པའི་སྣང་བ་དང། སྤྲིན་དང་བཅས་པའི་ཉི་མའི་སྣང་བ་དང། སྤྲིན་མེད་པའི་ཉི་མ་སྣང་བ་ལྟ་བུ་སྣང་བ་མཆེད་པའི་ཡེ་ཤེས་སོ། །སྲོད་ཀྱི་མཚམས་དང་ནང ་བར་གྱི་མཚམས་དང། སྤྲིན་དང་བཅས་པའི་མཚམས་དང། སྤྲིན་མེད་པའི་མཚམས་ལྟ་བུ་ནི་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས། །མར་ངོ་ཕྱོགས་ཀྱི་ནམ་མཁའ་དང། ཡར་ངོ་ཕྱོགས་ཀྱི་ནམ་མཁའ་དང། སྤྲིན་དང་བཅས་པའི་ནམ་མཁའ་དང། ་སྤྲིན་མེད་པ་ཡི་ནམ་མཁའ་ལྟ་བུ་ནི་འོད་གསལ་བའི་ཡེ་ཤེས་ཏེ། དགོངས་པས་བཤད་པའོ། །ཁམས་གསུམ་སྤྱོད་པ་ལས་གྲོལ་བ་ནི་སྲོག་གི་རླུང་ཀུན་ཏུ་རྒྱུ་བ་དང་བྲལ་བའོ། །མཁའ་དང་མཉམ་གྱུར་ནི་ཐུང་དུ་སེལ་བའི་རླུང་གི་ཀུན་ཏུ་རྒྱུ་བ་དང ་བྲལ་བའོ། །དངོས་ཀུན་ངོ་བོ་ཉིད་ནི་མེ་དང། མཉམ་པའི་རླུང་ཀུན་ཏུ་རྒྱུ་བ་དང་བྲལ་བའོ། །དག་པ་ནི་གྱེན་དུ་རྒྱུ་བའི་རླུང་ཀུན་ཏུ་རྒྱུ་བ་དང་བྲལ་བའོ། །ཞི་བ་ནི་ཁྱབ་བྱེད་ཀྱི་རླུང་ཉེ་བར་སྡུད་པར་བྱེད་པའོ། །རྣམ་དབེན་ནི་རྒྱུ་བ་དང་བྲལ་པའོ། ། ་བདེན་ཆོག་རང་བཞིན་ནི་རྣམ་པར་རྒྱུ་བ་དང་བྲལ་བའོ། །རྣལ་འབྱོར་པ་ཉིད་ཡུལ་ནི་ཡང་དག་པར་རྒྱུ་བ་དང་བྲལ་བའོ། །རྟོགས་དཀའ་ནི་རབ་ཏུ་རྒྱུ་བ་དང་བྲལ་བ་དང་།བརྟག་པར་དཀའ་བ་ནི་ངེས་པར་རྒྱུ་བ་དང་བྲལ་བའོ། །བདག་གཞན་རབ ་ཕན་ནི། ལུས་ཀྱི་ཉེ་བར་རླུང་ཉེ་བར་སྡུད་པའོ། །ཁྱབ་པ་ནི་ངག་གི་རླུང་ཉེར་སྡུད་པའོ། །སྤྲོས་པ་མེད་པ་ནི་སེམས་ཀྱི་རླུང་ཉེ་བར་སྡུད་པའོ། །དེ་ལ་ལུས་ཀྱི་རླུང་ནི་འགྲོ་བ་དང། བསྐུལ་བ་དང། བརྐྱང་པའི་མཚན་ཉིད་དོ། །ངག་གི་རླུང་ནི་རྟོག ་དཔྱོད་ཀྱི་མཚན་ཉིད་ཏོ། །བརྟགས་ཤིང་དཔྱད་ནས་ཚིག་རྗོད་པ་ཡིན་ནོ། །ཞེས་རིགས་པས་སོ། །སེམས་ཀྱི་རླུང་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་བདག་ཉིད་དོ། །ཞི་བ་ནི་འཇུག་པ་མེད་པའོ། །མཉམ་མེད་མཉམ་པ་ནི་གནས་པ་མེད་པའོ། ་མི་རྟོག་ཚུལ་གཅིག་ནི་འབྱུང་བ་མེད་པའོ། །དེ་ལྟ་བུའི་རྒྱལ་བ་རྣམས་ཀྱི་སྐུ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཉེ་བར་སྡུད་པར་བྱེད་པ་མ་ནིང་གི་བཟླས་པའི་བདག་ཉིད་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ་ཞེས་དགོངས་པ་མ་ཡིན་པའོ། ། ་ཁམས་གསུམ་སྤྱོད་པ་ལས་གྲོལ་བ་ནི་འཆི་བ་ལས་ཕ་རོལ་ན་དེ་བཞིན་གཤེགས་པ་མེད་དོ་ཞེས་རྣམ་པར་རྟོག་པ་དང་བྲལ་པའོ། །མཁའ་དང་མཉམ་གྱུར་པ་ནི་འཆི་བ་ལས་ཕ་རོལ་ན་དེ་བཞིན་གཤེགས་པ་ཡོད་དོ་ཞེས་རྣམ་པར ་རྟོག་པ་དང་བྲལ་བའོ། །དངོས་ཀུན་ངོ་བོ་ཉིད་ནི་འཆི་བ་ལས་ཕ་རོལ་ན་དེ་བཞིན་གཤེགས་པ་ཡོད་པའང་ཡིན། མེད་པ་ཡང་ཡིན་ཞེས་རྣམ་པར་རྟོག་པ་དང་བྲལ་བའོ། །ངག་པ་ནི་འཆི་བ་ལས་ཕ་རོལ་ན་དེ་བཞིན་གཤེགས་པ ་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ཞེས་རྣམ་པར་རྟོག་པ་དང་བྲལ་བའོ། །ཞི་བ་ནི་འཇིག་རྟེན་གྱི་མཛའ་དང་ལྡན་པ་ཞེས་རྣམ་པར་རྟོག་པ་དང་བྲལ་བའོ། །རྣམ་དབེན་ནི་འཇིག་རྟེན་མཛའ་དང་ལྡན་པའང་མ་ཡིན་ནོ། །ཞེས ་རྣམ་པར་རྟོག་པ་དང་བྲལ་བའོ། །བདེ་མཆོག་རང་བཞིན་ནི་འཇིག་རྟེན་ནི་མཛའ་དང་ལྡན་པ་ཡང་ཡིན་མཛའ་དང་མི་ལྡན་པ་ཡང་ཡིན་མཛའ་དང་མི་ལྡན་པ་ཡང་ཡིན་ཞེས་རྣམ་པར་རྟོག་པ་དང་བྲལ་བའོ། །རྣལ་འབྱོར་པ་ཉིད་ཡུལ་ནི་འཇིག་རྟེན་ནི་མཛའ་དང་ལྡན་པ་ཡང ་མ་ཡིན། ཞེས་རྣམ་པར་རྟོག་པ་དང་བྲལ་བའོ། །རྟོགས་དཀའ་ནི་འཇིག་རྟེན་རྟག་པ་ཡིན་ནོ་ཞེས་རྣམ་པར་རྟོག་པ་དང་བྲལ་བའོ། །བརྟག་པར་དཀའ་ནི་འཇིག་རྟེན་མི་རྟག་པའོ་ཞེས་རྣམ་པར་རྟོག་པ་དང་བྲལ་བའོ། །བདག་གཞན་རབ་ཕན ་ནི་འཇིག་རྟེན་ནི་རྟག་པ་ཡང་ཡིན་མི་རྟག་པ་ཡང་ཡིན་ཞེས་རྣམ་པར་རྟོག་པ་དང་བྲལ་བའོ། །ཁྱབ་པ་ནི་འཇིག་རྟེན་ནི་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ཞེས་རྣམ་པར་རྟོག་པ་དང་བྲལ་བའོ། །དེ་ཉིད་ཀྱི་ཕྱིར་སྤྲོས་པ་མེད་པའོ། །སྟོང་པ ་ཉིད་ཀྱི་རང་བཞིན་ཡིན་པས་ན་ཞི་བའོ། །མཚན་མ་མེད་པས་ན་མཉམ་མེད་མཉམ་པའོ། །སྨོན་པ་མེད་པས་ན་མི་རྟོག་ཚུལ་གཅིག་གོ་།རྒྱལ་བ་རྣམས་ཀྱི་སྐུ་ནི་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ནི་དྲང་བའི་དོན་? ་ཁམས་གསུམ་སྤྱོད་པ་ལས་གྲོལ་བ་ནི་རྡོ་རྗེ་འཆང་ཆེན་པོའི་བཟླས་པའི་རང་བཞིན་ནོ། །མཁའ་དང་མཉམ་གྱུར་ནི་ཐུགས་ཀྱི་བཟླས་པའི་རང་བཞིན་ནོ། །དངོས་ཀུན་ངོས་ཉིད་ནི་ངག་གི་བཟླས་པའི་རང་བཞིན་ནོ། །དག་པ་ནི་སྐུའི་བཟླས་པའི ་རང་བཞིན་ནོ། །ཞི་བ་ནི་རིན་ཆེན་བཟླས་པས་རང་བཞིན་ནོ། །རྣམ་དབེན་ནི་དོན་ཡོད་བཟླས་པའི་རང་བཞིན་ནོ། །བདེ་མཆོག་རང་བཞིན་ནི་ཞེ་སྡང་བཟླས་པའི་རང་བཞིན་ནོ། །རྣལ་འབྱོར་པ་ཉིད་ཡུལ་ནི་འདོད་ཆགས་བཟླས་པའི་རང་བཞིན་ནོ། ། ་རྟོགས་དཀའ་ནི་གཏི་མུག་བཟླས་པའི་རང་བཞིན་ནོ། །བརྟགས་པར་དཀའ་ནི་ཁྲོ་བོའི་བཟླས་པའི་རང་བཞིན་ནོ། །བདག་གཞན་རབ་ཕན་ནི་མ་ནིང་གི་བཟླས་པའི་རང་བཞིན་ནོ། །དེ་ཉིད་ཀྱི་ཁྱད་པར་ནི་ཁྱབ་པ་སྟེ། འོད་གསལ་བའི་ངོ་བོ་ཡིན་པའི ་ཕྱིར་རོ། །སྤྲོས་པ་མེད་པ་ནི་ངག་གི་སྤྲོས་པ་ལས་འདས་པའོ། །འཇུག་པ་ལ་སོགས་པ་དང་བྲལ་བས་ཞི་བ་དང་མཉམ་མེད་མཉམ་པ་དང་མི་རྟོག་ཚུལ་གཅིག་སྟེ་ངེས་པའི་དོན་ཏོ། །དེ་ལྟར་དོན་བཅུ་བཞི་སྟོན་པར་བྱེད་པའི་ཕྱག་འཚལ ་བའི་ཚིག་གིས་རྒྱུད་ཀྱི་དོན་མ་ལུས་པར་བསྟན་ཏོ། །ད་ནི་སྔར་བསྟན་པའི་བརྗོད་པ་ལ་སོགས་པ་བཤད་པར་བྱ་སྟེ་དཔལ་ལྡན་འདུས་པའི་རྒྱུད་ཀྱི་ནི། དོན་བསྡུས་རྟོགས་པར་བྱ་བའི་ཕྱིར། །སེམས་ཅན་ཀུན་ལ་ཕན་བསྐྱེད་པ། ་མདོར་བྱས་བདག་གིས་བཤད་པར་བྱ་ཞེས་བྱ་བ་ནི་མདོར་བྱས་པ་ཞེས་བྱ་བསྒྲུབ་པའི་ཐབས་ནི་བདག་གིས་བཤད་པར་བྱ་སྟེ་དབྱེ་པར་བྱ་བའོ། །འོན་གལ་ཏེ་སྒྲུབ་པའི་ཐབས་འདིས་དཔལ་འདུས་པའི་རྒྱུད་ཀྱི་དོན་བསྡུས་པ་ཡིན་ན་དེ ་གཞུང་གིས་བསྡུས་སམ་དོན་གྱིས་བསྡུས་གལ་ཏེ་གཞུང་གིས་བསྡུས་ན་དེའི་ཚེ་དོན་རྫོགས་པར་བསྡུས་པར་མི་འགྱུར་རོ། །གལ་ཏེ་དོན་གྱིས་བསྡུས་ན་དེའི་ཚེ་རབ་ཏུ་བྱེད་པས་ཅི་ཞིག་བྱ་ཞེ་ན་སྨྲས་པ་གཞུང་དང་དོན་གྱིས་བསྡུས་སོ། །འོན་གཞུང། ། ་ཉུང་པས་དོན་རྒྱས་པ་ཇི་ལྟར་བསྡུ་བར་ནུས་ཞེས་ན། སྨྲས་པ་ཚིག་གི་དོན་ཟབ་མོ་ཡིན་པའི་ཕྱིར་དོན་རྒྱས་པ་ཡང་བསྡུས་ཏེ་།དཔེར་ན་ཇི་ལྟར་སོར་གདུབ་ཀྱི་མེ་ལོང་ལ་གླང་པོ་ཆེའི་གཟུགས་བརྙན་སྣང་བ་དེ་བཞིན་དུ་ཚིག་ཉུང་བ་ལ་ཡང་དོན་མང་པོ་བསྡུས་པར ་ཤེས་པར་བ་སྟེ། ཆོས་གང་རྒྱུ་ལས་བྱུང་བ་ལ་ཞེས་བྱ་བ་ལ་སོགས་པ་བཞིན་ནོ། །ཕུ་བུ་ན་རེ་ཡིད་མེ་ཆེས། །ལྔ་ལེན་ན?་རོ་བུང་མེད་འཇམ། །ཟླ་པ་ན་རེ་ཞུ་ན?་བཟའ་། །སེར་སྐྱ་ན་རེ་སྲོག་ཆགས་རྩེ་ཞེས་བྱ་བའི་མདོས་རྒྱལ་པོའི་བསྟན་བཅོས་དང་འདོད་པའི ་བསྟན་བཅོས་དང། སྨན་པའི་བསྟན་བཅས་དང། ཆོས་ཀྱི་བསྟན་བཅོས་ཏེ། འབུམ་ཕྲག་བཞི་ཇི་ལྟར་བསྡུས་པ་དེ་བཞིན་དུ་འདིར་ཡང་བསྡུས་པ་ཡིན་ནོ། །འོན་རང་དབང་གིས་བཤད་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དཔལ་ལྡན་འདུས་པའི་རྒྱུད་ཀྱི་ནི་ཞེས་ཧཱུཾ་བྱ ་པ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཡིན་པས་ན་དཔལ་ལྡན་ནམ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཙོ་བོར་གྱུར་པས་ན་དཔལ་ལྡན་ནོ། །སངས་རྒྱས་ལྔ་ཡང་དག་པར་སྦྱོར་བ་ནི་འདུས་པ་སྟེ། ཡི་གེའི་དོན་ཏོ། །ཡི་གེ་གསུམ་འདུས་པས་ན ་ཏེ། སྤྱིའི་དོན་ཏེ། །སྟོང་པ་ཉིད་བསྒོམ་པ་ནི་འདུས་པ་སྟེ། ཡང་སྤྱིའི་དོན་ཏོ། །ཐབས་དང་ཤེས་རབ་སྙོམས་པར་འཇུག་པ་ནི་འདུས་པ་སྟེ། སྤྲས་པའོ། །ཡེ་ཤེས་གསུམ་ཉེ་བར་འདུས་པ་ནི་འདུས་པ་སྟེ། །ཡང་སྦས་པའོ། །སྣང་བ་ཉེ་བར་ཐོབ་པ་ལ་སོགས་པ་འདུས་པ ་?་འདུས་པ་སྟེ། ཡང་སྦས་པའོ། །བྱང་ཆུབ་ཀྱི་སེམས་འཛིན་པ་ནི་འདུས་པ་སྟེ། མཐར་ཐུག་པའོ། བདེན་པ་གཉིས་འདུས་པ་ནི་འདུས་པ་སྟེ། ཡང་མཐར་ཐུག་པའོ། །ལེའུ་བཅོ་བརྒྱད་ཀྱི་བདག་ཉིད་ཀྱི་རྒྱུད་ནི་བདུས་པ་སྟེ་སྒྲ་ཇི་བཞིན་པའོ། །ས་ནི་སྲོག་གི་རླུང་ངོ། །མེ་ནི་ཐུར་དུ ་སེལ་བའི་རླུང་ངོ། །ཛི་ནི་མེ་དང་མཉམ་པའི་རླུང་ངོ། །སྒྲ་ཇི་བཞིན་མ་ཡིན་པའོ། །ཡེ་ཤེས་གསུམ་ཉེ་བར་བསྡུས་པ་ནི་ལུས་པ་སྟེ། དགོངས་པས་བཤད་པའོ། །ཕྱིར་མི་ལྡོག་པའི་དབང་བསྐུར་བའི་?་ཚངས་པའི་སྒོ་ནས་དེ་བཞིན ་གཤེགས་བ་ཐམས་ཅད་འཇུག་པ་ནི་འདུས་བ་སྟེ། དགོངས་པ་མ་ཡིན་པའོ། །སྐུ་རྡོ་རྗེ་འཆང་ལ་སོགས་པ་དཀྱིལ་འཁོར་བསྒོམ་པ་ནི་འདུས་པ་སྟེ། དྲང་བའི་དོན་ཏོ། །ལུས་ལ་སོགས་པའི་རྣམ་པར་རྟོག་པ་ཉེ་བར་བསྡུས་པ་ནི་འདུས་པ་སྟེ། ངེས་པའི་དོན ་ཏོ། །ཡང་སྐུའི་དཀྱིལ་འཁོར་འདུས་པ་ནི་འདི་ལྟ་སྟེ་།གཟུགས་ཀྱི་ཕུང་པོ་ནི་རྣམ་པར་སྣང་མཛད་དོ། །ཚོར་བའི་ཕུང་པོ་ནི་རིན་ཆེན་འབྱུང་ལྡན་ནོ། །འདུ་ཤེས་ཀྱི་ཕུང་པོ་ནི་འོད་དཔག་ཏུ་མེད་པའོ། །འདུ་བྱེད་ཀྱི་ཕུང་པོ་ནི་དོན་ཡོད་པར་གྲུབ་པའོ། །རྣམ་པར་ཤེས ་པའི་ཕུང་པོ་ནི་མི་བསྐྱོད་བའོ། །སའི་ཁམས་ནི་སངས་རྒྱས་སྤྱན་ནོ། །ཆུའི་ཁམས་ནི་མཱ་མ་ཀཱིའོ། །མེའི་ཁམས་ནི་གོས་དཀར་མོ། །རླུང་གི་ཁམས་ནི་དམ་ཚིག་སྒྲོལ་མའོ། །མིག་གི་དབང་པོ་ནི་སའི་སྙིང་བོའོ། །རྣ་བའི་དབང་པོ་ནི་ལག་ན་རྡོ་རྗེའོ། །སྣའི་དབང ་པོ་ནི་ནམ་མཁའ་ཨི་སྙིང་པོའོ། །ལྕེའི་དབང་པོ་ནི་འཇིག་རྟེན་དབང་ཕྱུག་གོ་།ལུས་ཀྱི་དབང་པོ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ། །ཡིད་ཀྱི་དབང་པོ་ནི་འཇམ་དཔལ་ལོ། །ཚིགས་ཀུན་ནི་ཀུན་ཏུ་བཟང་པོའོ། །རྩ་རྒྱུད་ཐམས་ཅད་དང་རྩ་བདུན་ཁྲི་ཉིས་སྟོང་ནི་བྱམས ་པའོ། །གཟུགས་ནི་གཟུགས་རྡོ་རྗེ་མའོ། །སྒྲ་ནི་སྒྲ་རྡོ་རྗེ་མོའོ། །དྲི་ནི་དྲི་རྡོ་རྗེ་མོའོ། །རོ་ནི་རོ་རྡོ་རྗེ་མའོ། །རེག་བྱ་ནི་རེག་བྱ་རྡོ་རྗེ་མའོ། །དཔུང་པ་གཡས་པའི་རྩ་བར་ནི་གཤིན་རྗེ་མཐར་བྱེད་དོ། །དཔུང་པ་གཡོན་པར་ནི་གཞན་གྱིས་མི་ཐུབ་པའོ། །ཁའི་པདྨར་ནི་རྟ ་མགྲིན་ནོ། །གསང་བར་ནི་བདུད་རྩི་འཁྱིལ་པའོ། །ལག་པར་གཡས་པ་ནི་མི་གཡོ་བའོ། །ལག་པར་གཡོན་པར་ནི་འདོད་པའི་རྒྱལ་པོའོ། །པུས་མོ་གཡས་པར་ནི་དབྱིག་སྔོན་ནོ། །པུས་མོ་གཡོན་པར་ནི་སྟོབས་པོ་ཆེའོ། །ཚངས་པའི་སྒོར་ནི་གཙུག་ཏོར་འཁོར་ལོ ་སྒྱུར་བའོ། །རྐང་པའི་དཀྱིལ་འཁོར་ལ་གནོད་མཛེས་ཀྱི་རྒྱལ་པོ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གྱི་སྐུའི་དཀྱིལ་འཁོར་ནི་འདུས་པ་སྟེ། སྒྲ་ཇི་བཞིན་པའོ། །ཡང་ན་གསུང་གི་དཀྱིལ་འཁོར་འདུས་པ་འདི་ལྟ་སྟེ། ཨ་ཨཱ་ནི་མི་བསྐྱོད ་པ་དང་མཱ་མ་ཀཱིའོ། །ི་ཨའི་ནི་རྣམ་པར་སྣང་མཛད་དང་སྤྱན་ནོ། །ུ་ཨའུ་ནི་རིན་ཆེན་འབྱུང་ལྡན་དང་གཞན་མཱ་མ་ཀཱིའོ། །རི་རཱི་ནི་འོད་དཔག་ཏུ་མེད་པ་དང་གོས་དཀར་མོའི། །ལི་ལཱི་ནི་དོན་ཡོད་གྲུབ་པ་དང་སྒྲོལ་མའོ། །ེ་ནི་གཤིན་རྗེ་མཐར་བྱེད་དོ། །ི་ནི་ཤེས་རབ ་མཐར་བྱེད་དོ། །ོ་ནི་པདྨ་མཐར་བྱེད་དོ། །ཽ་ནི་བགེགས་མཐར་བྱེད་དོ། །ཀ་ཁ་ག་གྷ་ར་ནི་མི་བསྐྱོད་པ་དང་སྤྱན་ལ་སོགས་པའོ། །ཙ་ཚ་ཛ་ཛཧ་ཉ་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར། ཊ་ཋ་ཌ་ཌཧ་ཎ་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་རོ། །ཏ་ཐ་ད་དྷ་ན་ནི་འོད་དཔག་ཏུ ་མེད་པའི་དཀྱིལ་འཁོར་རོ། །པ་ཕ་བ་བྷ་མ་ནི་དོན་ཡོད་གྲུབ་པའི་དཀྱིལ་འཁོར། །ཡ་ར་ལ་ཝ་ཤ་ཥ་ས་ཧ་ཨཾ་ཨ(རྒྱུད་འགྲེལ་པ་སྟེ། སྤྱིའི་དོན་ཏོ། །ཡང་ན་ཐུགས་ཀྱི་དཀྱིལ་འཁོར་འདུས་པ་ནི་འདི་ལྟ་སྟེ། ཞེ་སྡང་ནི་མི་བསྐྱོད་བའོ། །གཏི་མུག་ནི་རྣམ་པར་སྣང་མཛད་དོ། །འདོད་ཆགས་ནི་འོད་དཔག་ཏུ་མེད་པའོ། །ང་རྒྱལ་ནི་རིན་ཆེན་འབྱུང་ལྡན་ནོ། །ཕྲག་དོག་ནི་དོན་ཡོད་པར་གྲུབ་བའོ། །བདག ་ཏུ་ལྟ་བ་ནི་སྤྱན་ནོ། །བདག་ཏུ་རྨོངས་པ་ནི་མཱ་མ་ཀཱིའོ། །བདག་ཏུ་ང་རྒྱལ་བ་ནི་གོས་དཀར་མོའོ། །བདག་ལ་ཆགས་པ་ནི་སྒྲོལ་མའོ། །ཁྲོ་བ་ནི་སའི་སྙིང་པོའོ། །ཁོན་དུ་འཛིན་པ་ནི་བྱམས་པའོ། །འཆིག་པ་ནི་ལག་ན་རྡོ་རྗེའོ། །འཆབ་པ་ནི་མཱ་མ་ཀཱིའི་སྙིང་པོའོ། ། ་རྒྱགས་པ་ནི་འཇམ་དཔལ། །རྣམ་པར་འཚེ་བ་ནི་འཇིག་རྟེན་དབང་ཕྱུག་།རྒྱུ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ། །གཡོ་ནི་ཀུན་ཏུ་བཟང་པོའོ། །ངོ་ཚ་མེད་པ་ནི་གཤིན་རྗེ་མཐར་བྱེད་དོ། །ཁྲེལ་མེད་པ་ནི་ཤེས་རབ་མཐར་བྱེད་དོ། །ཕྲག་དོག་ནི་པདྨ་མཐར་བྱེད་དོ། །སེར་ ་སྣ་ནི་བགེགས་མཐར་བྱེད་དོ། །རྣམ་པར་གཡེང་བ་ནི་མི་གཡོ་བའོ། །འགྱོད་པ་ནི་འདོད་པའི་རྒྱལ་པོའོ། །བྱིང་བ་ནི་དབྱུག་སྔོན་ནོ། །རྒོད་པ་ནི་སྟོབས་པོ་ཆེའོ། །རྟོག་པ་ནི་སྣོད་མཛེས་སོ། །དཔྱོད་པ་ནི་གཙུག་ཏོར་འཁོར་ལོ་སྒྱུར?་བ་སྟེ། ཐུགས་ཀྱི ་དཀྱིལ་འཁོར་ཞེས་བྱ་བ་སྟེ། ངེས་པའི་དོན་ཏོ། །དེ་དང་འདྲ་བའི་དཔལ་ལྡན་འདུས་པ་ནི། རྒྱུད་ཀྱི་ངོ་བོ་ཡིན་བས་ན་རྒྱུད་དོ། །དེ་ནི་རྣམ་པ་གསུམ་སྟེ་རྒྱུའི་རྒྱུད་དང་།འབྲས་བུའི་རྒྱུད་དང། ཐབས་ཀྱི་རྒྱུད་དོ། །དེ་ལ་རྒྱུའི་རྒྱུད་ནི་རིམ་པ་གཉིས་བསྒོམ་པའོ། །འབྲས ་བུའི་རྒྱུད་ནི་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་མཚན་ཉིད་དོ། །ཐབས་ཀྱི་རྒྱུད་ནི་བྱང་ཆུབ་སེམས་བསྐྱེད་པ་ལ་སོགས་པའི་མཚན་ཉིད་དོ། །དེ་ཉིད་ཀྱི་ཕྱིར་རྡོ་རྗེ་འཆང་ཡང་རྣམ་པ་གསུམ་སྟེ། རྒྱུའི་རྡོ་རྗེ་འཆང་དང། འབྲས་བུའི་རྡོ་རྗེ་འཆང་དང། ཐབས་ཀྱི་རྡོ་རྗེ ་འཆང་ངོ། །དེ་ལ་རྒྱུའི་རྡོ་རྗེ་འཆང་ཆེན་པོ་སྟེ་དྲུག་པའོ། །འབྲས་བུའི་རྡོ་རྗེ་འཆང་ནི་སྙིང་ག་ལས་མི་བསྐྱོད་པ་སྤྲོ་ཞིང་དེ་དང་རྗེས་སུ་འཇུག་པས་བྱུང་བ་ནི་ཐུགས་རྡོ་རྗེ་འཆང་ངོ། །ཐབས་ཀྱིས་རྡོ་རྗེ་འཆང་ནི་འཁོར་ལོས་བསྒྱུར་བའི་དཀྱིལ་འཁོར་གྱི་རང་བཞིན་ནོ། །དེ་ནི་རྒྱུད་ལ ་གཏན་ལ་དབབ་པའོ། །དེ་ནས་ལས་འཛིན་པས་ཏེ་དཔལ་ལྡན་ཡང་ཡིན་ལ་འདུས་པ་ཡང་ཡིན་པས་ན་དཔལ་ལྡན་འདུས་པའོ། །དཔལ་ལྡན་འདུས་པ་ཡང་ཡིན་ལ་རྒྱུད་ཀྱང་ཡིན་པས་ན་དཔལ་ལྡན་འདུས་པའི་རྒྱུ་དེ་གཞི་མཐུན་པ་གཉིས་སོ། །དེའི་འབྲེལ་པ ་དང་ལྡན་པ་དོན་བསྡུས་པ་ནི་བརྗོད་པར་བྱ་བའི་ངོ་བོ་སྒྲ་དང་དོན་གྱི་རྒྱན་གྱི་རང་བཞིན་མཛའ་དྲུག་སྟེ། དགོངས་པས་བཤད་པ་ལ་སོགས་པའི། དེ་ཉིད་རྗོད་པར་བྱ་བ་ཡིན་པས་ན་དོན་ཏོ། །དེ་རྟོགས་པར་བྱ་བའི་ཕྱིར་ནི་དེ་ཉིད་ཁོང་དུ་ཆུང་པར་བྱ་བའི་ཕྱིར་རོ། ་སེམས་ཅན་ཀུན་ལ་ཕན་སྐྱེད་པ་ཞེས་བྱ་བ་ནི་དེ་ལ་སེམས་ཅན་ཀུན་ནི་གང་ཟག་ལྔ་སྟེ་ཙན་དན་དང་ཨུ་པ་ལ་དང་།པད་མ་དཀར་པོ་དང་།པདྨ་དང། རིན་པོ་ཆེ་དང། དེ་ལ་ཙན་དན་ནི་བེམས་པོ་ལྟ་བའོ། །ུཏཔལ་ལ་ནི་དབང་པོ་དམན་པའོ། །པདྨ་དཀར་པོ་ནི་དབང་པོ ་བར་པའོ། །པདྨ་ནི་དབང་པོ་རལ?་པོ། །རིན་པོ་ཆེ་ལྟ་བུ་ནི་དབང་པོ་རབ་ཀྱི་རབ་བོ། །དེ་ལ་དང་པོ་བཞི་པོ་ལ་བསྐྱེད་པའི་རིམ་པ་བཤད་པའི་རིགས་པ་དང་།ལྔ་པ་ལ་ནི་རྫོགས་པའི་རིམ་པ་བཤད་པའི་རིགས་སོ་ཞེས་འདིར་གང་གཟུང་བར་འགྱུར་ཞེ་ན་སྨྲས་པ། འདིར ་རེ་ཤིག་རབ་ཏུ་བྱེད་པ་འདིས་ཙན་དན་གྱི་བེམས་པོ་ཉིད་བསལ་ནས། ཡང་དག་པའི་ལྟ་བ་ལ་འཇུག་གོ་།ུཏཔལ་གྱི་དབང་པོ་དམན་པ་ཉིད་བསལ་ནས་བར་པ་ཉིད་དུ་སྐྱེད་དོ། །པདྨ་དཀར་པོའི་བདེ་བར་རྟོགས་པས་འཁྲུལ་པ་ཟློག་ཅིང་དབང་པོ་རྣོ་བ་ཉིད་དུ་བྱེད་དོ། ། ་དབང་པོ་རྣོ་བའི་པདྨ་ལ་བསྒོམ་པའི་རང་བཞིན་ཤེས་རབ་བསྐྱེད་དེ་རིན་པོ་ཆེ་ལྟ་བུ་ནི་རང་གི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པ་ལ་ཡང་ཡིད་དགའ་བ་དང་རྗེས་སུ་དྲན་པ་ཙམ་བྱེད་དོ། །ཞེས་གང་ཟག་ལྔ་ནི་སེམས་ཅན་ཀུན་གྱི་སྒྲས་བསྟན་ཏོ། །དེ་རྣམས་ལ་ཕན་སྐྱེད་པ་ནི ་སྔར་བཤད་པའི་རིམ་པས་ཕན་འདོགས་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེ་གང་ཡིན་ཞེ་ན། མདོར་བྱས་པ་ནི་མདོར་བསྡུས་པ་ཞེས་བྱ་བ་སྒྲུབ་པའི་ཐབས་ཏེ། བདག་གིས་བཤད་པ་ནི་སོ་སོར་བསྟན་པ་ཡིན་གྱི། རང་བཟོད་བརྩམས་པ་མ་ཡིན་ནོ། ། ་དེ་ནི་ལུང་དང་རྟོགས་པའི་བདག་ཉིད་སྟོན་པའི་གསུང་གི་རྗེས་སུ་འབྲང་བ་ཡིན་ནོ། །སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། ལུང་དང་རྟོགས་པའི་བདག་ཉིད་དོ་ཞེས་བཤད་པའི་ཕྱིར་རོ། །དེས་ནི་བརྗོད་པ་ལ་སོགས་པ་ལྔ་པོ་བསྟན་པ་ཡིན་ཏེ། དེ་ལ་མདོར་བྱས ་ཞེས་བྱ་བ་ནི་བརྗོད་པའོ། །དོན་བསྡུས་ཞེས་བྱ་བ་ནི་བརྗོད་པར་བྱའོ། །བརྗོད་བྱ་རྗོད་འབྲེལ་པ་ནི། །མ་བསྟན་པར་ཡང་དོན་གྱིས་རྟོགས། །འཇིག་རྟེན་འབྲེལ་པའི་སྒྲ་དག་ནི། །གཉིས་ལ་གནས་ཏེ་རིང་ཐུང་བཞིན། །སེམས་ཅན་ཀུན་ལ་ཕན་བསྐྱེད ་པ་ཞེས་བྱ་བ་ནི་དགོས་པའི་དགོས་པ་སྟེ། གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །དགོས་བ་ནི་དོན་གྱིས་རྟོགས་པ་སྟེ། རང་གི་དོན་ཕུན་སུམ་ཚོགས་པ་མ་ཐོབ་པའི་སྐྱེས་བུས་གཞན་གྱི་དོན་ཇི་ལྟར་བྱེད་ནུས་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ན་རེ་དོན ་བསྡུས་རྟོགས་པར་བྱ་བའི་ཕྱིར་ཞེས་བྱ་བའི་རྟོགས་པའི་ཚིག་གིས་དགོས་པ་འཆད་པར་བྱེད་དེ་དེ་ལ་དོན་བསྡུས་པ་ནི་མངོན་དུ་རྟོག་ལ་བསྒོམ་པའི་རང་བཞིན་གྱི་ཤེས་རབ་ཀྱིས་བསྒོམ་ཞིང་རྡོ་རྗེ་འཆང་གི་སྐུ་ཐོབ ་པར་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །དེ་ལྟར་བརྗོད་པ་ལ་སོགས་པ་ལྔ་པོ་བསྟན་ནས། སྒྲུབ་པའི་ཐབས་འདི་གང་ལས་བསྡུས་པ་དེ་ཉིད་ལས་ཉོན་མོངས་པ་རྣམས་ལས་གྲོལ་བའི་རྒྱུ་དང་ཐར་པ་ཐོབ་པའི་རྒྱུ་ཡིན་ནོ་ཞེས་རྒྱུད་ཀྱི་ཕན་ཡོན ་བསྟན་བར་བྱ་བའི་ཕྱིར་བཤད་པར་བྱ་སྟེ། ཐོགས་མེད་བག་ཆགས་ཉེས་བ་རྣམས། །འགོ་གསུམ་རྣམ་པར་རྨོངས་བྱེད་པ། །བློ་དང་ལྡན་པས་དེ་བལྟས་ཏེ། །རྣལ་འབྱོར་རྒྱུད་ཀྱིས་སྦྱང་བར་བྱ་ཞེས་སྨོས་པ་ལ། གང་ལ་ཐོག་མ་མེད་པ་དེ་ནི ་ཐོག་མ་མེད་པའོ། །དེས་ནི་དངོས་པོ་ཐམས་ཅད་རྟེན་ཅིང་འབྲེལ་པ་ལས་བྱུང་བ་ཡིན་གྱིས། དབང་ཕྱུག་ལ་སོགས་པས་སྤྲུལ་པ་ནི་མ་ཡིན་ནོ་ཞེས་བསྟན་ཏེ། དབང་ཕྱུག་ལ་སོགས་པ་རྣམས་དཔྱད་ན་མེད་པའི་ཕྱིར་རོ། །དེ་ལ་དབང་ཕྱུག་ཅེས ་བྱ་བ་ན་རྟག་པ་ཡིན་ནམ་མི་རྟག་པ་ཡིན་གལ་ཏེ་རྟག་པ་ཡིན་ན་དངོས་པོ་རྣམས་ཇི་ལྟར་སྐྱེད་པར་བྱེད་དེ། སྐྱེད་པ་པོའི་རིམ་དང་ཅིག་ཅར་གྱི་དོན་གྱིས་བྱ་བ་བྱུང་ན་རྟག་པ་ཉིད་དང་བྲལ་བར་འགྱུར་རོ། །དེ་བས་ན་དེ་ནི་བྱེད་པ་པོ་ཉིད་མ་ཡིན་ནོ། ། ་བྱེད་པ་ཡིན་ན་རྟག་པ་ཉམས། །རྟག་པ་ཡིན་ན་བྱེད་པ་མིན། །ཕན་ཚུན་རྣམ་པར་འགལ་བ་ཉིད། །ཇི་ལྟར་གཅིག་ལ་རིགས་པར་འགྱུར། །འདིར་སྦྱོར་བ་ནི་གང་དང་གང་དོན་གྱི་བྱ་བ་བྱེད་པ་དེ་ནི་མི་རྟག་པ་སྟེ་བུམ་པ་བཞིན་ནོ། །རིམ་པ་དང་ཅིག ་ཆང་གྱིས་འགྲོ་བ་དབང་ཕྱུག་གིས་བྱེད་ཞེས་རང་བཞིན་གྱི་གཏན་ཚིགས་ཀྱི་སྦྱོར་བའོ། །གཞན་ཡང་ཉེ་བར་ལེན་པའི་ཕུང་པོ་ལྔ་ལས་ལྡོག་པའི་དབང་ཕྱུག་གཞན་ནི་མ་མཐོང་ངོ། །དེ་བསམ་མཐོང་བ་དེ་ནི་ཇི་ལྟར་སྟོབས་ཀྱིས་འཇོག་པར་བྱེད ་ཆོས་ཅན་མེད་པ་དེ་ལ་རྟག་པ་དང་བྱེད་བ་ཉིད་མི་རིགས་ཏེ། ཆོས་ཅན་མེད་པའི་ཕྱིར་རོ། །བདག་ཅེས་བྱ་བ་དངོས་པོ་མེད། །བྱེད་པ་པོ་ཞེས་ཇི་ལྟར་བརྗོད། །ཆོས་ཅན་ཡོད་ན་ཆོས་རྣམས་ནི། །འཇིག་རྟེན་པ་ནི་རྟོགས་པར་བྱེད་ཅེས་བྱང་ཆུབ་སེམས་ཀྱི ་རྣམ་འགྲེལ་ལས་གསུངས་པའི་ཕྱིར་རོ། །འདིར་སྦྱོར་པ་ནི་གང་དང་གང་ཆོས་ཅན་དེ་དང་དེ་མི་རྟག་པའི་ཆོས་དང་འབྲེལ་པ་ཡོད་བུམ་པའི་བྱས་པ་དང་མི་རྟག་པ་བཞིན་ནོ། །ཕུང་པོ་ལྔ་ལ་ལྡོག་པའི་དབང་ཕྱུག་ནི་མི་དམིགས་པས་དེའི་རྟག་པ་དང་བྱེད་པ ་ཉིད་ཀྱང་མེད་དོ་ཞེས་རང་བཞིན་མི་དམིགས་པའི་སྦྱོར་བའོ། །རིགས་པ་དང། བྱེ་བྲག་པ་རྣམས་ཀྱི་འདོད་པའི་བདག་ཀྱང་ལོག་པར་རྟགས་པ་ཡིན་ནོ། །དེ་ལ་དེ་རྣམས་འདི་སྐད་སྨྲ་སྟེ། བདག་ཉིད་ཕུང་པོ་དང་བདག་ལ་ཕུང་པོ་དང། ཕུང་པོ་ལ་བདག་དང་མེ ་དང་བུད་ཤིང་བཞིན་དུ་ཕུང་པོ་དང་བདག་ཐ་མི་དང་པོ་སྟེ། རྟོག་བཞིའོ། །གཟུགས་ཀྱི་ཕུང་པོ་ལ་སོགས་པའི་བྱེ་བས་རྣམ་པ་ཉི་ཤུ་འཇིག་ཚོགས་ལ་ལྟ་བ་མི་རིགས་ཏེ། རིགས་པས་ནི་མ་གྲུབ་པའི་ཕྱིར་རོ། །གལ་ཏེ་ཕྱོགས་དང་པོ་ཡིན་ན་དེའི་ཚེ ་ཟུང་པ་རྣམས་མི་རྟག་པས་བདག་ཀྱང་མི་རྟག་པར་ཐལ་བར་འགྱུར་རོ། །བར་པ་ཕྱོགས་གཉིས་པོ་འདི་མི་རིགས་ཏེ། རྟག་པ་དང་མི་རྟག་པ་ལ་རྟེན་པའི་འབྲེལ་པ་མི་རིགས་པའི་ཕྱིར་རོ། །གལ་ཏེ་ཤིང་བཅད་བས་བྱ་རོག་མ་བཅད་པ་དང། བྱ་རོག་ཤི་བས ་ཤིང་མི་འཇིག་གོ་ཞེས། ཇི་ལྟར་རྟེན་དང་རྟེན་པའི་འབྲེལ་པ་མི་འགྲུབ་ཅེས་ཟེར་ན། དེ་ནི་མི་འདྲ་སྟེ། བྱ་རོག་དང་ཤིང་དག་མི་རྟག་པའི་ཕྱིར་རོ། །ཕྱི་རོལ་གྱི་དངོས་པོ་རྣམས་ལ་སྔར་བཤད་པའི་ཚད་མས་མི་རྟག་པ་ཉིད་གྲུབ་བོ། །མེ་དང་བུད་ཤིང་བཞིན་ཡང ་མི་རིག་སྟེ། བུད་ཤིང་འཇིག་ན་མོ་འབྱུང་བས་ཐ་དད་མི་འགྲུབ་པའི་ཕྱིར་རོ། །དེ་བཞིན་དུ་བདག་འཇིག་པས་ཕུང་པོ་འབྱུང་བ་དང། ཕུང་པོ་འཇིག་པས་བདག་འབྱུང་བའི་ཕྱིར་།དཔྱོད་པ་པས་བརྟགས་པའི་ཞི་བའི་ཚངས་པ་དང། སྣ་ཚོགས་ཀྱི་ཚངས་པ ་ནི་མི་རིགས་ཏེ། བྱས་པ་ཡིན་པས་མི་རྟག་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གྲངས་ཅན་གྱིས་བརྟགས་པའི་དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྔའི་བདག་ཉིད་ཀྱི་སྐྱེས་བུ་རྟག་པར་བཤད་པ་མི་རིགས་ཏེ། རང་བཞིན་ཉིད་ལ་དེ་ཁོ་ན་ཉིད ་ཐམས་ཅད་བྱུང་ན་དེའི་དགོས་པ་མེད་པའི་ཕྱིར་རོ། །དེའི་རྟོགས་པ་ཉིད་དགོས་པ་ཡིན་ནོ། །ཞེས་ཟེར་ན་དེ་ནི་ཡང་དག་པ་མ་ཡིན་ཏེ། དེའི་བྱ་བ་ན་བློས་བཟུང་བ་ཡིན་ན་ཇི་ལྟར་གཞན་གྱི་བྱ་བ་བྱེད་པའི་སྐྱེས་བུ་ཡིན། དེའི་ལྟ་བ་པོ་ཉིད་གཙོ་བོ་ཡིན་ནོ ་ཞེས་ཟེར་ན་དེ་ནི་མི་རིགས་ཏེ། ལྟ་བ་པོ་ཉིད་ནི་མིག་ལ་སོགས་པའི་བྱ་བ་ཡིན་ནོ་ཞེས་དེ་བྱེད་ན་དེ་དང་འདྲ་བར་ཐལ་བར་འགྱུར་བས་མི་རྟག་པ་ཉིད་དུ་འགྱུར་རོ། །བཏང་སྙོམས་ཡིན་ན་སྐྱེས་བུ་ཉིད་མེད་པར་རིགས་ཀྱིས་ཡོད་པ་ནི་མ་ཡིན་ནོ། །འབྱུང ་བ་སེམས་སུ་སྨྲ་བ་རྣམས་ལ་ཡང་བེམས་པོའི་ངོ་བོ་ཐལ་བར་འགྱུར་བས་འགྲོ་བ་དང་འོང་བ་ལ་སོགས་པ་མེད་པར་འགྱུར་རོ། །རྗེས་སུ་དཔག་པའི་ཚད་མ་མ་ཡིན་ནོ་ཞེས་ཚད་མས་གང་གིས་སུན་འབྱིན་པ་དེ་ཉིད་རྗེས་སུ་དཔག་པ་ཡིན་ནོ་ཞེས་འཇིག་རྟེན ་རྒྱད་པན་ལ་ནི་རང་གི་ཚིག་དང་འགལ་བ་ཡིན་ནོ། །ཕྱོགས་ཀྱི་གོས་ཅན་ངོ་ཚ་མེད་པས་ཀྱང་ཞོ་ཡང་རྔ་མོ་ཡིན་ལ། རྔ་མོ་ཡང་ཞི་ཡིན་ནོ་ཞེས་དངོས་པོ་ཐམས་ཅད་ཡོངས་སུ་འགྱུར་ན་མི་འགྱུར་བའི་ཆོས་ཅན་གང་ཟག་ཇི་ལྟར་ཡིན་།དེ་དང་འདྲ ་བ་གཞན་དག་དུ་མ་ཡང་མི་རིགས་པར་སྨྲ་བ་མི་རུང་ངོ། །དེ་ལྟར་བདག་ལ་སོགས་པ་བཀག་ནས་།དངོས་པོ་ཐམས་ཅད་རྟེན་ཅིང་འབྲེལ་པ་ལས་བྱུང་ཞེས་སྒྲུབ་བོ། །དེ་ཉིད་ཀྱི་ཕྱིར་།ཐོག་མ་མེད་པའི་བག་ཆགས་ལས་བྱུང་བའི་ཉེས་པ་ནི། ་སེམས་ཀྱི་རྒྱུད་རྙོག་པར་བྱེད་པས་ན་འདོད་ཆགས་ལ་སོགས་པའོ། །འོ་ན་ཐོག་མ་མེད་པའི་བག་ཆགས་ཉིད་ནི་བདག་ལ་སོགས་པ་ཡིན་ནོ་ཞེས་ཟེར་ན་དེ་ནི་ཡང་དག་པ་མ་ཡིན་སྟེ། གང་གི་ཕྱིར་བག་ཆགས་ཞེས་བྱ་བ་བརྟེན་ཅིང་འབྲེལ ་པ་ལས་བྱུང་བའི་དངོས་པོའི་འཁྲུལ་པས་མེད་པར་ཡང་བྱིས་པ་རྣམས་ཀྱི་བཏགས་སོ། །དོན་དམ་པར་ནི་དེ་ཉིད་སྟོང་པའོ། །དེ་ཉིད་ཀྱི་ཕྱིར་དངོས་པོ་སྟོང་པ་ལ་ཆོས་རྣམས་སྟོང་པ་འབྱུང་བ་དང། རྒྱུ་དང་འབྲས་བུ་ནི་བརྫུན་པའི་རང་བཞིན་ནོ། །དེ་དེ་བརྟེན་ནས ་གང་སྐྱེ་བ། །དེ་ནི་དེ་ཉིད་སྐྱེ་བ་མིན། །གང་ཞིག་རང་བཞིན་མ་སྐྱེས་པ། །དེ་ནི་ཇི་ལྟར་སྐྱེད་པ་ཡིན་ཞེས་བཤད་པ་དང། དེ་བཞིན་དུ་སྟོང་པ་ཡི་ནི་ཆོས་རྣམས་ལ། །ཆོས་རྣམས་སྟོང་པ་ཉིད་དུ་འབྱུང། །ཞེས་བཤད་པའི་ཕྱིར་རོ། །གང་གི་ཕྱིར་དེ ་ལྟར་གྱུར་པའི་དངོས་པོ་རྣམས་ལས་སྟོང་པའི་རང་བཞིན་གྱི་འཇིག་རྟེན་ཕ་རོལ་ལ་སོགས་པ་ཐ་སྙད་དུ་བྱས་ཏེ། ཁ་ཏོན་མར་མེ་མེ་ལོང་བརྒྱ། །བྲག་ཆ་མེ་ཤེལ་ས་བོན་རྒྱུར། །ཕུང་པོ་སོ་སོར་ཆགས་པ་དང། །མི་འཕོ་མཁས་པས་ངེས ་གཟུང་བྱ་ཞེས་བཤད་པའི་ཕྱིར་རོ། །དེ་ལྟར་ཐོག་མ་མེད་པའི་བག་ཆགས་ཀྱི་ཉེས་པ་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དགུ་བཅུ་རྩ་བརྒྱ་དེ་ཉིན་དང་མཚན་མོ་རང་བཞིན་བརྒྱ་དྲུག་ཅུའི་ངོ་བོ་སེམས་ཅན་གྱི་ཁམས་ཐམས་ཅད་ལ ་འགྲོ་དྲུག་གི་སྲིད་པའི་འཁོར་ལོའི་འཁོར་བའི་རྒྱུ་ཡིན་ནོ། །དེ་རྣམས་རྣམ་པར་དཔྱད་ན་ཕྱི་ལ་སོགས་པའི་དབྱེ་བས་རང་བཞིན་མེད་དེ། དེ་ལ་ཉོན་མོངས་པ་རྣམས་ནི་ཡུལ་ན་མི་གནས་ཏེ། ཡུལ་ནི་བེམས་པོ་ཡིན་པའི་ཕྱིར་རོ། །དབང་པོ་ལ་མི་གནས ་ཏེ། དབང་པོ་རྣམས་སེམས་ལས་བྱུང་བ་མ་ཡིན་པའི་ཕྱིར་རོ། །སེམས་ལ་མི་གནས་ཏེ་།རྟེན་དང་བརྟེན་པ་དག་ལ་མེད་བའི་ཕྱིར་རོ། །རྒྱུ་དང་རྐྱེན་མེད་ན་འབྲས་བུ་གང་ལས་འབྱུང། དེ་ལྟར་རང་བཞིན་པའི་ཐོག་མ་མེད་པའི་བག་ཆགས་ལས་བྱུང་བའི་ཉེས ་པས་འགྲོ་བ་གསུམ་རྣམ་པར་རྨོངས་པ་སྟེ། རྨུགས་པར་བྱེད་པ་ཡིན་ནོ། །དེ་རྣམས་ཐབས་གང་གིས་སྤངས་པར་བྱ་ཞེ་ན་།སྨྲས་པ། བློ་དང་ལྡན་པས་དེ་བལྟས་ཏེ་ཞེས་བྱ་བ་ནི་དེ་ལྟར་ཡང་བཤད་པའི་ཁྱད་པར་གྱིས་ཉེས་པ་དེ་རྣམས་ཡང་དག་པར ་བལྟས་ཏེ། ཐོས་པ་ལ་སོགས་པའི་རང་བཞིན་གྱི་ཤེས་རབ་ཀྱི་ཕྱིས་ན་ཅི་མ་ལོག་པར་བརྟགས་ལ། རྣལ་འབྱོར་རྒྱུད་ཀྱིས་སྦྱང་བར་བྱ་ཞེས་བྱ་བ་ནི་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱིས་སྤང་བར་བྱའི། ཉན་ཐོས་ལ་སོགས་པའི ་ཐེག་པས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།གང་གི་ཕྱིར་ཉན་ཐོས་པ་ནི་མི་སྡུག་པ་བསྒོམ་པ་ཙམ་གྱིས་རུས་པའི་ཀེང་རུས་ཙམ་དེ་ཁོ་ན་ཉིད་བསྒོམ་པར་བྱེད་དེ། དེ་ནི་ཡང་དག་པ་མ་ཡིན་ཏེ། བག་ཆགས་བྱུང་ན་ཡང་འཁོར་བའི་རྒྱ་མཚོར་ལྟུང་བའི ་ཕྱིར་སྲིན་བུ་བཞིན་ནོ། །དེ་ནི་དགུན་གྱི་དུས་སུ་མི་འགུལ་བར་འགྱུར་ཞིང་དཔྱིད་ཀྱི་དུས་སུ་འགུལ་བ་དེ་བཞིན་དུ་ཉན་ཐོས་པ་ནི་འགོག་པའི་སྙོམས་པར་འཇུག་པ་ལ་ཞུགས་ཏེ། ཡང་ཉོན་མོངས་པ་འབྱུང་བས་འཁོར་བ་པར་འགྱུར་རོ་ཞེས་དེ ་རྣམས་ཀྱི་དེ་ཁོ་ན་ཉིད་དང་དེ་ཐོབ་པའི་རྒྱུ་ཡང་དག་པ་མ་ཡིན་ནོ། །རྣལ་འབྱོར་སྤྱོད་པ་རྣམས་ཀྱང་རྣམ་པ་དང་བཅས་པ་དང། རྣམ་པ་མེད་པའི་དབྱེ་བས་རྣམ་པ་གཉིས་ཀྱི་རྣམ་རིག་ཙམ་ཆོས་ཀྱི་སྐུར་འདོད་པ་དེ་རྣམས་ཀྱི་ཡེ་ཤེས་ནི ་ཡང་དག་པ་མ་ཡིན་ཏེ། གང་གི་ཕྱིར་གཅིག་དང་དུ་མ་དང་བྲལ་བས་ཕྱི་རོལ་གྱི་དོན་མེད་ན། འཛིན་པར་བྱེད་པ་རྣམ་རིག་ནི་ཇི་ལྟར་རིགས། གལ་ཏེ་རྣམ་པ་དང་བཅས་པ་ཡིན་ན། ཇི་ལྟར་དོན་མེད་དོ། གལ་ཏེ་རྣམ་པ་མེད་པ་ཡིན་ན ་སྟོང་པ་ཉིད་རིགས་ཀྱི་རྣམ་རིགས་ནི་མ་ཡིན་ནོ། །ཇི་སྲིད་དམིགས་པ་སོ་སོར་སྣང་བ་དེ་སྲིད་རྣམ་པར་རྟོག་པའི་ངོ་བོ་ཡིན་པས་ན་འཁོར་བའི་ཕྱོགས་སོ། །སྤྲོས་པ་ཐམས་ཅད་རབ་ཏུ་ཞི་བ་ན་མྱ་ངན་ལས་འདས་པ་ཡིན་ནོ། །ཇི་སྐད་དུ་རྐྱེན ་གཞན་མེད་པ་ཞི་བསྟེ?། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །ཐ་དད་དོན་མི་རྣམས་མི་རྟོག་།དེ་ནི་ཡང་དག་མཚན་ཉིད་དོ་ཞེས་བཤད་པའི་ཕྱིར་རོ། །དེ་བས་རྣལ་འབྱོར་སྤྱོད་པའི་ཕྱོགས་ཀྱི་ཐར་པ་ནི་མ་དག་པ་ཡིན་ནོ། །དབུ་མ་པ་རྣམས་ཀྱང ་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་ཁས་བླངས་པས་ཆོས་ཀྱི་དབྱིངས་ཐ་མི་དད་པ་ཡང་ཐ་མལ་པའི་ལུས་སྤངས་པས་ཡུན་རིང་པོས་བྱང་ཆུབ་ཐོབ་པར་འགྱུར་ཏེ། ཐབས་ལ་མི་མཁས་པའི་ཕྱིར་རོ། །དེ་ལ་དེ་རྣམས ་ནི་སེམས་ཅན་གཅིག་གི་ཕྱིར་གོས་ལ་སོགས་པ་སྦྱིན་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་འདོད་པ་དེ་རྣམས་ཀྱི་སྦྱིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ཏེ། སེམས་ཅན་གྱི་ཁམས་ཐམས་ཅད་ལ་ཡོངས་སུ་བཟུང་བ་མེད་པའི་ཕྱིར་རོ། །དེ་བས་ན ་བསྐལ་པ་གྲངས་མེད་གསུམ་གྱིས་བྱང་ཆུབ་ཐོབ་པ་ཡིན་ནོ་ཞེས་ཉོན་མོངས་རྣམ་པར་དག་པའི་ཕྱིར་ཐེག་པ་ཆེན་པོ་ནི་མྱུར་བའི་ཐབས་མ་ཡིན་ནོ། བྱ་བའི་རྒྱུད་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱང་སྤྲོས་པ་མར་པས་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་པ ་བཞིན་དུ་ཤེས་པར་བྱའོ། །དེ་བས་ན་རྣལ་འབྱོར་ཆེན་པོའི་རྒྱུད་ཉིད་ནི་ཉེས་པ་དེ་རྣམས་སྦྱོར་བའི་ཐབས་ཡིན་ནོ། །དེ་ལ་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་བཅོམ་ལྡན་འདས་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པའི་རང ་བཞིན་ཡིན་ནོ་ཞེས་བསྒོམ་པས་དེ་ཡོངས་སུ་གྱུར་ཅིང་དེའི་ཡེ་ཤེས་ཐོབ་ནས་ཚེ་འདི་ཉིད་དུ་རྡོ་རྗེ་འཆང་ཉིད་ཐོབ་པར་འགྱུར་རོ། །དེ་བཞིན་དུ་ཞེ་སྡང་ནི་ཞེ་སྡང་ཆེན་པོའི་ཏིང་ངེ་འཛིན་གྱིས་དང། འདོད་ཆགས་ནི་འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་གྱིས་དང་།གཏི ་མུག་ནི་གཏི་མུག་ཆེན་པོའི་ཏིང་ངེ་འཛིན་གྱིས་ལྡོག་སྟེ་འགལ་བའི་ཆོས་ཀྱིས་ཉོན་མོངས་པ་རྣམས་སྦྱང་བར་བྱ་སྟེ། རྣ་བ་ལ་ཞུགས་པའི་ཆུ་ནི་གཞན་གྱིས་དགུག་པ་བཞིན་དང་ཡན་ལག་ཚིག་པ་ནི་མེད་བསྒོས?་པ་བཞིན་ནོ་ཞེས་རྣལ་འབྱོར་ཆེན་པོའི ་རྒྱུད་ནི་རྣམ་པ་སྣ་ཚོགས་པའི་ཐབས་དང་ལྡན་པ་ཡིན་ནོ། །དེ་ལ་རྡོ་རྗེ་དང་པདྨ་སྙོམས་པར་འཇུག་པས་འདོད་ཆགས་ལ་སོགས་པ་སྤོང་བར་འགྱུར་བ་དང་ཁྲོ་བོའི་ཏིང་ངེ་འཛིན་གྱིས་ཞེ་སྡང་སྤོང་བར་འགྱུར་ཏེ། དེ་དག་གི་རང་བཞིན་ཡོངས་སུ་ཤེས་པའི་ ་ཕྱིར་རོ། །རང་བཞིན་མི་ཤེས་པ་རྣམས་ལ་སྤོང་བ་རྣམས་ཀྱིས་དགོས་པ་མེད་དོ། །འོ་ན་རྣལ་འབྱོར་གྱི་རྒྱུད་ནི་རྣལ་འབྱོར་པའི་རྒྱུད་ཇི་ལྟར་ཡིན་ཞེ་ན། སྔ་མའི་ཚིག་མི་མངོན་པས་བདེན་པར་ཁྲོས་པ་ལ་ཁྲོས་པ་བཞིན་ནོ།། ་རྣལ་འབྱོར་ཞེས་བྱ་བ་དོན་གང་ཞིག་ཡིན་ཞེ་ན། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་ནི་རྣལ་འབྱོར་ཏེ། ཡི་གེའི་དོན་ཏོ། །ཐབས་དང་ཤེས་རབ་སྙོམས་པར་འཇུག་པ་ནི་རྣལ་འབྱོར་ཏེ་སྤྱིའི་དོན་ཏོ། །རྡོ་རྗེ་དང་པདྨ་སྙོམས་པར་འཇུག་པ་ནི་རྣལ ་འབྱོར་ཏེ། སྦས་བའོ། །འོད་གསལ་བ་དང་གཉིས་སུ་མེད་པ་རྟོགས་པ་ནི་རྣལ་འབྱོར་ཏེ་མཐར་ཐུག་པའོ། །སོ་སོར་བསྡུད་དང་བསམ་གཏན་དང། །སྲོག་དང་རྩོལ་པ་འཛིན་པ་དང། །རྗེས་སུ་དྲན་དང་ཏིང་འཛིན་ནི། །ཡན་ལག་དྲུག་གི་རྣལ་འབྱོར་བཤད ་ཅེས་པ། དགོངས་པ་མ་ཡིན་པའོ། །དཀྱིལ་འཁོར་བཞི་འབྱུང་བ་ནི་རྣལ་འབྱོར་ཏེ། དགོངས་པས་བཤད་པའོ། །ལེའུ་བཅུ་བདུན་གྱིས་རྒྱུད་ནི་རྣལ་འབྱོར་ཏེ། སྒྲ་ཇི་བཞིན་བའོ། །སེམས་ཀྱི་རྟོག་པ་འགོག་པ་ནི་རྣལ་འབྱོར་ཏེ། ངེས་པའི་དོན ་ཏོ། །ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་ཞེས་ནི་བཤད་པ་ཡིན་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ན་རྣལ་འབྱོར་གྱི་རྒྱུད་ནི་ཉོན་མོངས་པ་ཐམས་ཅད་སྦྱང་བའི་ཕྱིར་ཐབས་ཡིན་ནོ་ཞེས་རབ་ཏུ་བསྒྲུབས་ནས་ད་ནི་དེའི་རྗེས་སུ་འབྲང་བས ་ལུས་ཀྱི་ཉོན་མོངས་པ་སྤང་བར་བྱ་བའི་ཕྱིར་བཤད་པར་བྱ་སྟེ། འདོད་པ་ལྔ་ནི་ཡོངས་སྤངས་ནས་དཀའ་ཐུབ་ཀྱིས་ནི་མ་གདུངས་པར། རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲངས་ལ། །བདེ་བས་བྱང་ཆུབ་བསྒྲུབ་པར་བྱ་ཞེས་སྨོས་པ་ལ། །རྣལ་འབྱོར་རྒྱུད ་ཀྱི་རྗེས་འདྲངས་ལ་ཞེས་བྱ་བ་ནི་རྣལ་འབྱོར་ཆེན་པོའི་རྒྱུད་ལ་བརྟེན་ནས་སོ། །བདེ་བས་ནི་འདོད་པའི་ཡོན་ཏན་དང་ལོངས་སྤྱོད་ཀྱི་སྒོ་ནས་སོ། །བྱང་ཆུབ་ནི་རྡོ་རྗེ་འཆང་གི་གོ་འཕང་སྟེ། བསྒྲུབ་པར་བྱ་བ་ནི་རྫོགས་པར་བྱའོ། །ཅིའི་ཕྱིར་ཞེ་ན། འདོད་པའི་ཡིན་ནོ ་?་ལྔ་ནི་གཟུགས་ལ་སོགས་པ་ཡོངས་སུ་སྤངས་ཏེ་བྲལ་ནས་དཀའ་ཐུབ་ཀྱིས་ནི་ལུས་ངལ་བའི་རྒྱུར་གྱུར་པ་བརྟུལ་ཞུགས་དང་སྤངས་པའི་ཡོན་ཏན་ལ་སོགས་པས་ལུས་མ་གདུངས་པར་བྱའོ། །བདེ་བ་དང་ལྡན་པའི་སེམས་ནི་མཉམ་པར་བཞག་པ ་འགྱུར་རོ་ཞེས་འབྱུང་བའི་ཕྱིར་རོ། །མཉམ་པར་བཞག་པའི་སེམས་ཀྱིས་ཡང་དག་པར་གྱུར་པ་ཤེས་པར་འགྱུར་རོ། །འོ་ན་འདོད་པའི་ཡོན་ཏན་ལྔ་ནི་སེམས་རྣམ་པར་གཡེང་པའི་རྒྱུ་ཡིན་པས་ན་།དེ་རྣམས་ཀྱི་ཇི་ལྟར་བྱང་ཆུབ་ཐོབ་པར་འགྱུར་ཞེན?་སྨྲས ་པ། ཐབས་ལ་མཁས་པ་དང་ལྡན་པའི་བྱང་ཆུབ་སེམས་རྣམས་ཀྱི་ཉོན་མོངས་པ་རྣམས་ནི་ཕན་འདོགས་པར་གྱུར་པ་ཡིན་ཏེ། དཔེར་ན་ཀེ་ཏ་ཀེའི་མེ་ཏོག་སྤོས་ཀྱིས་གླང་པོས་ཟོས་ན་གླ་རྩིའི་ངོ་བོར་འགྱུར་རོ། །དེ་ཉིད་ཐ་མལ་པའི་གླང་པོས་ཟོས་ན་མི ་གཙང་བར་ཡོངས་སུ་འགྱུར་རོ། །དེ་བཞིན་དུ་དཀོན་མཆོག་བརྩེགས་པའི་མདོ་ལས་ཀྱང་འདི་ལྟ་སྟེ། འོད་སྲུངས་བུ་རམ་ཤིང་དང་འབྲས་ས་ལུའི་ཞིང་ལ་ལུད་ཀྱི་ཕན་འདོགས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཉོན་མོངས་པ་རྣམས ་ཕན་འདོགས་པར་འགྱུར་རོ། །དེ་བཞིན་དུ་དུག་གི་དེ་ཁོ་ན་ཉིད་མི་ཤེས་པའི་སྐྱེས་བུས་དུག་ཟོས་ན་འཆི་བར་འགྱུར་རོ། །དེ་ཉིད་དུག་གི་དེ་ཉིད་ཤེས་བས་ཟོས་ན་བདུད་རྩི་ཉིད་དུ་འགྱུར་རོ། །རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས། འདོད་ཆགས ་ཞེ་སྡང་གཏི་མུག་ནི། །འཇིག་རྟེན་ལ་ནི་དུག་ཆེན་གསུམ། །དུག་ཉིད་རྣམ་པར་བཅོམ་པ་ཡིས། །དུག་ནི་དུག་ཉིད་མེད་པར་བྱས། །ཞེས་བཤད་པའི་ཕྱིར་རོ། །དོན་ཡོད་གྲུབ་པའི་རྒྱུད་ལས་ཀྱང། གང་གིས་རྨོངས་པ་འཆིང་འགྱུད་བ། །དེས་ནི་མཁས་པ་གྲོལ ་བར་འགྱུར། །དེ་ལྟར་བྱང་ཆུབ་བསྒོམ་པ་ཡི། །ཐམས་ཅད་རྣམ་པར་ལྡོག་པ་ཡིན་ཞེས་གསུངས་སོ། །འདིར་མན་ངག་ནི་རོ་ཞིག་ལས་དང་པོའི་རྣལ་འབྱོར་པ་སྤྲོས་ལ་དང་བཅས་པའི་སྤྱོད་པ་ལ་གནས་པར་གྱུར་པས་ལྷ་ཁང་སུམ་བརྩེགས་ཀྱི་འོག་ཁང་དུ ་བཟའ་བ་ལ་སོགས་པ་བཞག་སྟེ། བར་ཁང་དུ་རོལ་མོ་ལ་སོགས་པ་བཞག་སྟེ། ཁང་ཐོག་ཏུ་རྣམ་པ་སྣ་ཚོགས་པའི་གདན་ལ་འདུག་སྟེ་།དམ་ཚིག་གི་ཕྱག་རྒྱ་བཞི་ལོ་བཅུ་གཉིས་པའམ། བཅུ་དྲུག་པ་འམ་ཉི་ཤུ་ལོན་པ ་གཟུགས་བཟང་བ་ལེགས་པར་བརྒྱན་པ་དཀྱིལ་འཁོར་དུ་རིམ་གྱིས་བཞག་ལ་།དང་པོའི་སྦྱོར་བ་ལ་སོགས་པ་རིམ་གྱིས་ལྷའི་རྣམ་པར་ཐམས་ཅད་བྱས་ལ་བཟའ་བ་བཏུང་བ་ལ་སོགས་པ་དང་བདུད་རྩི་མྱང་བས་ཚིམ་པར་བྱས་ལ། བུད་བའི ་དྲ་བ་ལ་སོགས་པས་བདེ་བ་ཉམས་སུ་མྱོང་ཞིང་སྣང་བ་ལ་སོགས་པའི་རིམ་གྱིས་འོད་གསལ་བ་མངོན་དུ་བྱའོ། །དེ་བས་ན་རྒྱུད་འདི་ཉིད་ལས་བདེ་བས་བྱང་ཆུབ་བསྒྲུབ་པར་བྱའི?། ལུས་གདུངས་པས་ནི་མ་ཡིན་ནོ་ཞེས་སོ། །ད་ནི་རྣལ་འབྱོར་པ་རྣམས་ཀྱི་དབང ་བསྟན་པར་བྱ་བའི་ཕྱིར་བཤད་པར་བྱ་སྟེ། དེས་ན་འདི་ནི་སྡོམ་གནས་འདི། །རྟག་ཏུ་མི་ཕྱེད་བརྟུལ་ཞུགས་གང། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །བསྒྲུབ་པ་དག་ཀྱང་བརྩམ་པར་བྱ་ཞེས་སྨོས་པ་ལ། དོན་ནི་འདི་ཡིན་ཏེ། དེས་ན་ནི་སྔར་བཤད་པའི་བདེ་བའི ་ཐབས་ཀྱི་རྒྱུ་ཡིས་སོ། །འདིར་དཔལ་གསང་བ་འདུས་པའི་རྒྱུད་ལ་སྡོམ་པ་གསུངས་པ་གང་ཡིན་པ་དེ་རྣམས་ལ་གནས་པའི་རྣལ་འབྱོར་པ་གང་ཡིན་པ་དེ་ནི་བརྟུལ་ཞུགས་སོ། །རྟག་ཏུ་ནི་དུས་གསུམ་དུ་ཡང་མི་ཕྱེད་པ་སྟེ་ཕྱིར་མི་ལྡོག་པས་བཅོམ་ལྡན་འདས་སྐུ ་གསུང་ཐུགས་ཀྱི་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའི་སྒྲུབ་པ་སྟེ། མངོན་དུ་བྱེད་པའི་ཐམས་བརྩམ་པ་ནི་བརྩམ་པར་བྱའོ། །དོན་ནི་འདི་ཡིན། རེ་ཞིག་དང་པོ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་བསྒྲུབ་པའི་དོན་དུ་སྙིང་རྗེ་ཆེན་པོའི་དབང་གིས ་བྱང་ཆུབ་སེམས་བསྐྱེད་ཅིང་གཏོང་བ་ལ་སོགས་པ་ལ་འཇུག་པ་ཟབ་པ་དང་རྒྱ་ཆེའི་བདག་ཉིད་ཀྱི་སྔགས་ཀྱི་ཐེག་པ་ཆེན་པོ་ལ་མོས་པ་དང་ལྡན་པ་རྡོ་རྗེ་སློབ་དཔོན་གྱི་སྤྱན་སྔར་ཕྱིན་ཏེ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་སྔོན་དུ་འབྲོ ་བ་མཎྜལ་བྱས་ནས་མཆོད་ཅིང་གསོལ་བ་གདབ་པ་མང་པོར་བྱས་ནས། མགུ་བར་གྱུར་པའི་སློབ་དཔོན་དེས་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་བྲི་བ་སྔོན་དུ་འགྲོ་བར་སློབ་དཔོན་དང། གསང་བ་དང། ཤེས་རབ་དང། ཞི་པའི་དང་བསྐྲ་དང། བཟའ་?་བར ་བྱས་པ་དང། བསྲུང་བའི་དམ་ཚིག་དང། སྡོམ་པ་སྦྱིན་པའི་སྔོན་དུ་འགྲོ་བས་དབང་བསྐུར་བའི་རྡོ་རྗེ་བརྟུལ་ཞུགས་དང། སྤྱོད་པའི་བརྟུལ་ཞུགས་དང། རིག་པའི་བརྟུལ་ཞུགས་དང་ལྡན་པ། ཕ་རོལ་རྒོལ་བ་རྣམས་ཀྱིས་མི་བཟློག་པ། དཔལ་གསང་བ་འདུས ་པའི་རྒྱུད་ཕྱིན་ཅི་མ་ལོག་པ་བཤད་པ་རྣམ་པ་བཞི་ལ་སོགས་པའི་རིམ་གྱིས་བླ་མའི་ཞལ་ནས་ཁོང་དུ་ཆུད་དེ་རིག་པ་བཞིའི་རིམ་གྱིས་བསམས་ལ་བདག་དང་གཞན་ལ་ཕན་པའི་ཕྱིར་སློབ་དཔོན་གྱི་སྤྱན་སྔར་ཕྱིན་ཏེ་།མཆོད་པ་རྣམ་པ་ལྡས་མཆོད ་ཅིང་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་སློབ་དཔོན་དམ་པ་འཁོར་བའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དགྲོལ་བའི་དོན་དུ་ཐུགས་རྗེ་བསྐྱེད་པ་བདག་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་བ་བསྒྲུབ་པར་འདོད་དེ། དེ་བས་ན་སློབ་དཔོན་གྱི་ཞལ་སྔ་ནས ་ཕྱིས་དབེན་བར་བསྒོམ་པར་བྱ་བའི་ཕྱིར་བདག་ལ་རྗེས་སུ་གནང་བར་མཛོད་ཅིག་ཅེས་གསོལ་བ་གདབ་པར་བྱའོ། །དེའི་རྗེས་ལ་སློབ་མ་འདི་སྐལ་བ་དང་ལྡན་པ་ཡིན་ནོ་ཞེས་ངེས་པར་བྱས་ལ། རྡོ་རྗེ་སློབ་དཔོན་གྱིས་དེ་ལ་སྨྲ་བར་བྱ་སྟེ། རིགས་ཀྱི་རང ་དང་གཞན་ལ་ཕན་པའི་ཕྱིར་དབེན་པ་ལ་འདུག་སྟེ། ཇི་ལྟར་ཐོས་པ་དེ་བཞིན་དུ་བསྒོམ་པའི་རང་བཞིན་གྱི་ཤེས་རབ་ཀྱི་རྡོ་རྗེ་འཆང་གི་དཀྱིལ་འཁོར་བསྒྲུབ་པར་གྱིས་ཤིག་ཅེས་དེས་རྗེས་སུ་གནང་བས་དེའི་ཞབས་ལ་གཏུགས་ཏེ། ཁྱེད་ཀྱིས་བཀས ་རྡོ་རྗེ་འཆང་གི་དཀྱིལ་འཁོར་བདག་ལ་མྱུར་དུ་བསྒྲུབ་ཤིག་ཅེས་སྨྲས་ལ་དབེན་པར་སོང་སྟེ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བསྒྲུབ་པར་བྱ་བའི་ཕྱིར་བསྒོམ་པ་ལ་བརྩོན་པར་བྱའོ་ཞེས་ངག་གི་དོན་ཏོ། །དེ་ལྟར་རྗེས་སུ་གནང་བ་བྱང་ཆུབ་སྒྲུབ་པའི་ཕྱིར་སྣོད་དུ ་རུང་བ་ཡིན་ཀྱིས་གཞན་དུ་ནི་མ་ཡིན་ནོ། །འདིར་སྡོམ་པའི་སྒྲ་ནི་ཉེ་བར་མཚོན་པའི་དོན་ཏེ། དམ་ཚིག་ལ་གནས་པ་ཡང་བཤད་པར་བྱའོ། །དེ་ལ་རིགས་པའི་དབང་བསྐུར་ལ། རིགས་ལྔའི་དམ་ཚིག་ནི་དཀོན་མཆོག་གསུམ་ལ ་སྐྱབས་སུ་འགྲོ་བ་དང། རྡོ་རྗེ་དང་དྲིལ་བུ་དང། སློབ་དཔོན་འཛིན་པ་དང། སྦྱིན་པ་བཞི་དང། དམ་པའི་ཆོས་རྣམ་པ་གསུམ་འཛིན་པ་དང། ཅི་ནུས་པས་མཆོད་པའི་ཆོ་གའོ། །སྡོམ་པ་ནི་ལྔ་སྟེ། མི་དགེ་བ་བཅུ་སྤང་བ་དང། ཐེག་པ་དམན་པ་ལ ་འདོད་པ་མི་བྱེད་པ་དང། ཆང་སྤང་བ་དང། སེམས་ཅན་གྱི་དོན་ལ་རྒྱབ་ཀྱིས་ཕྱོགས་པ་སྤོང་བ་དང། ལྷ་ལ་སོགས་པའི་མཚན་མ་ལ་སོགས་མི་འགོམ་པའོ། །ཕྱིར་མི་ལྡོག་པའི་དབང་བསྐུར་བ་ལ་དམ་ཚིག་ནི་བཅུ་བཞི་སྟེ། སློབ་དཔོན་ལ ་སྨོད་པ་དང། བདེ་བར་གཤེགས་པའི་བཀའ་ལས་འདའ་བ་དང། རྡོ་རྗེ་སྤུན་ལ་སྨོད་པ་དང། བྱམས་པ་ཆེན་པོ་སྤོང་བ་དང། བྱང་ཆུབ་ཀྱི་སེམས་གཏོང་བ་དང། ཐེག་པ་གསུམ་ལ་སྨོད་པ་དང། སྐལ་བ་མེད་པ་ལ་གསང་བའི་ཆོས་སྟོན་པ་དང། རང་གི་ ་ཕུང་པོ་སྨོད་པ་དང། ཆོས་རང་བཞིན་མེད་པ་ལ་སོམ་ཉི་ཟ་བ་དང། གདུག་པ་ཅན་ལ་བྱམས་པ་དང། ཆགས་པ་དང་བྲལ་བ་དང། ཆོས་རྣམས་ལ་མཛའ་གཉིས་གཞག་པ་དང། དད་པའི་སེམས་སྨོད་པ་དང་ཇི་སྙེད་པའི་དམ་ཚིག་ལ་མི་བསྟེན་པ་དང། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་བུད་མེད་ལ་སྨོད་པའོ་ཞེས་རྩ་བའི་ལྟུང་བ་བཅུ་བཞི་སྤང་བ་ནི་དམ་ཚིག་གོ་།མི་དགའ་བ་རིག་པ་བསྟེན་པ་དང། དམ་ཚིག་རྣམས་མི་སྦྱོར་བ་དང། ཚོགས་ཀྱི་དཀྱིལ་འཁོར་ལ་བརྩོད་པ་དང། དད་པའི ་སེམས་སྨོད་པ་དང། ཞག་བདུན་གྱི་བར་དུ་ཉན་ཐོས་པའི་ནང་ན་གནས་པ་དང། རྣལ་འབྱོར་པའི་ང་རྒྱལ་དང། དད་པ་དང་ལྡན་པའི་སེམས་ཅན་རྣམས་ལ་ལོག་པའི་ཆོས་སྟོན་པ་དང། མ་ངེས་པ་ལ་ཆོས་སྟོན་པ་དང། སྦྱོར་བ་ལ་གསང་བ་སྟོན་པ་དང། ་སྣོད་མ་ཡིན་པ་ཟབ་མོའི་ཆོས་སྟོན་པ་སྟེ། ཁ་ན་མ་ཐོ་པ་བཅུ་མི་བྱེད་པ་ནི་སྡོམ་པའོ། །གསང་བའི་དབང་བསྐུར་བ་ལ་དམ་ཚིག་གསུམ་སྟེ། རྡོ་རྗེའི་དེ་ཁོ་ན་ཉིད་དང། དྲིལ་བུའི་དེ་ཁོ་ན་ཉིད་དང། ཕྱག་རྒྱའི་དེ་ཁོན་ཉིད་དོ། །སྡོམ་པ་གསུམ་སྟེ། ་སྒྲོན་མ་མྱང་བ་དང། ལྕགས་ཀྱུ་མྱང་བ་དང། བྷ་ག་ལ་ཙུམ་མ་ནའོ། །ཤེས་རབ་ཀྱི་དབང་བསྐུར་བ་ལ་དམ་ཚིག་ལྔ་སྟེ། སྲོག་གཅོད་པ་དང། མ་བྱིན་པར་ལརྣ་པ་དང་འདོད་པས་ལོག་པར་སྤྱོད་པ་དང། བརྫུན་དུ་སྨྲ་བ་དང། ཕྲ་མའོ། །སྡོམ ་པ་ནི་ལྔའོ། །གཏི་མུག་གི་སྡོམ་པ་དང། ཞེ་སྡང་གི་སྡོམ་པ་དང། འདོད་ཆགས་ཀྱི་སྡོམ་པ་དང། ང་རྒྱལ་གྱི་སྡོམ་པ་དང། ཕྲག་དོག་གི་སྡོམ་པའོ། །དེ་རྣམས་ལ་གནས་པར་གྱུར་ན་ཞེས་བྱ་བའི་ཐ་ཚིག་།དེ་བཞིན་དུ་མི་ཕྱེད་པ་ཞེས་བྱ་བ ་ནི་ཉན་ཐོས་ལ་སོགས་པས་མི་གཡོ་བ་སྟེ་དྲང་བའི་དོན་ཏོ། །བྱང་ཆུབ་ཀྱི་སེམས་མི་གཏོང་བ་ནི་མི་ཕྱེད་པ་སྟེ། དེས་པའི་དོན་ཏོ། །སྤྱོད་པའི་བརྟུལ་ཞུགས་གསལ་བ་མི་ཕྱེད་པ་སྟེ། སྒྲ་ཇི་བཞིན་པའོ་ཀུ་གོ་ད་ཧ་ན་ལ་བསྟེན་པ་ནི་མི་ཕྱེད་པ ་སྟེ། སྒྲ་ཇི་བཞིན་མ་ཡིན་པའོ། །འདོད་པའི་གདུགས་ལ་གནས་པ་ནི་དགོངས་པས་བཤད་པའོ། །གཉིས་མེད་པའི་ཡེ་ཤེས་ལ་དགའ་བ་ནི་དགོངས་པས་མ་ཡིན་པའོ། །དམ་ཚིག་དང་སྡོམ་པ་ལ་བརྟེན་པ་ནི་ཡི་གེའི་དོན་ཏོ། དཀྱིལ ་འཁོར་གྱི་འཁོར་ལོ་བསྒོམ་པ་ལ་བརྩོན་པ་ནི་སྤྱིའི་དོན་ཏོ། །སྙོམས་པར་འཇུག་པ་ལ་མཁས་པ་སྟེ། སྦས་པའོ་པདྨ་ཅན་དང་དུད་ཅན་དང་ཨུཏཔལ་ཅན་དང་སྦྱོར་བའི་དབྱེ་བས་འདོམས་ལ་དགའ་བ་སྟེ། མཐར་ཐུག་པའོ། །རྡོ་རྗེའི་བརྟུལ ་ཞུགས་དང་སྤྱོད་པའི་བརྟུལ་ཞུགས་དང། རིག་པའི་བརྟུལ་ཞུགས་དང་ལྡན་པ་ནི་བརྟུལ་ཞུགས་ཏེ། དྲང་བའི་དོན་ཏོ། །འོད་གསལ་བརྟོགས་པས་བརྟུལ་ཞུགས་ཏེ། དེས་པའི་དོན་ཏོ། །རལ་ཅན་གཅེར་བུ་མགོ་རེག་དང། །གཙུག་པུར་ཅན་དང་འདྲུ? ་བ?་བྲལ། །རྟ་བ་ནི་དེ་དེ་སྣ་ཚོགས་པས་མངོན་པར་བྱང་ཆུབ་འདོད་པ་ཡིན་ཞེས་བཤད་པའི་ཕྱིར་རོ། །སྐུ་རྡོ་རྗེ་ནི་རྣམ་པར་སྣང་མཛད་དོ། །གསུང་རྗོ་རྗེ་ནི་འོད་དཔག་ཏུ་མེད་པའོ། །ཐུགས་རྡོ་རྗེ་ནི་མི་བསྐྱོད་པ་སྟེ། ཡི ་གེའི་དོན་ཏོ། །སྐུ་རྡོ་རྗེ་ནི་ཡི་གེ་ཨོཾ་མོ། །གསུང་རྡོ་རྗེ་ནི་ཡི་གེ་ཨཱའོ། །ཐུགས་རྡོ་རྗེ་ནི་ཡི་གེ་ཧཱུཾ་སྟེ་།སྤྱིའི་དོན་ཏོ། །སྐུ་རྡོ་རྗེ་ནི་རུས་སྦལ་གྱི་རྩ་དང། གསུང་རྡོ་རྗེ་ནི་ཟླ་བའི་རྩ་དང། ཐུགས་རྡོ་རྗེ་འདོད་པའི་གདུགས་ཀྱི་རྩ་སྟེ་ཤས་པའོ། །སྐུ་རྡོ་རྗེ་ནི་ཆགས ་བ་དང། གསུང་རྡོ་རྗེ་ནི་ཆགས་པ་དང་བྲལ་བ་དང། ཐུགས་རྡོ་རྗེ་ནི་ཆགས་པ་བར་མ་སྟེ། མཐར་ཐུག་པའོ། །སྐུ་རྡོ་རྗེ་ནི་ཁྲག་དང། གསུང་རྡོ་རྗེ་ནི་ཤུ་གྲ་དང། ཐུགས་རྡོ་རྗེ་ནི་དྲི་ཆབ་སྟེ། དགོངས་པས་བཤད་པའོ། །སྐུ་རྡོ་རྗེ་ནི་སྣང་བའོ། ། ་གསུང་རྡོ་རྗེ་ནི་སྣང་བ་མཆེད་པའོ། །ཐུགས་རྡོ་རྗེ་ནི་སྣང་བ་ཉེ་བར་ཐོབ་པ་སྟེ། དགོངས་པ་པ་ཡིན་པའོ། །སྐུ་རྡོ་རྗེ་ནི་ཁྲུ་ཉི་ཤུ་པའི་དཀྱིལ་འཁོར་དང། གསུང་རྡོ་རྗེ་ནི་ཁྲུ་བདུ་དྲུག་པའི་དཀྱིལ་འཁོར་དང། ཐུགས་རྡོ་རྗེ་ནི་ཁྲུ་གཉིས་པའི་དཀྱིལ ་འཁོར་ཏེ། སྒྲ་ཇི་བཞིན་པའོ། །སྐུ་རྡོ་རྗེ་ནི་ཚངས་པའོ། །གསུང་རྡོ་རྗེ་ནི་དབང་ཕྱུག་ཆེན་པོ་དང། །ཐུགས་རྡོ་རྗེ་ནི་ཁྱབ་འཇུག་སྟེ། སྒྲ་ཇི་བཞིན་མ་ཡིན་པའོ། །སྐུ་རྡོ་རྗེ་ནི་ཞི་བ་དང། གསུང་རྡོ་རྗེ་ནི་དབང་དང། ཐུགས་རྡོ་རྗེ་ནི་མངོན་སྤྱོད། དྲང ་བའི་དོན་ཏོ། །སྐུའི་རྡོ་རྗེ་ནི་སྐུའི་རྡོ་རྗེ་དཀྱིལ་འཁོར་དང། གསུང་རྡོ་རྗེ་ནི་གསུང་གི་དཀྱིལ་འཁོར་དང་ཐུགས་རྡོ་རྗེ་ནི་ཐུགས་ཀྱི་དཀྱིལ་འཁོར་ཏེ་ངེས་པའི་དོན་ཏོ། །མན་ངག་ཇི་ལྟ་བ་བཞིན་དུ་བསྒོམ་པ་ནི་བསྒྲུབ་པ་ཞེས་བྱ་བའི་?་ཆོག་གོ་།དེ་ནི་སྙིང ་རྗེ་ཆེན་པོ་མངོན་སྤྱོད་དུ་གྱུར་པ་སྔོན་དུ་འགྲོ་བས་ཁྱད་པར་གྱིས་གནས་ལ་བརྟེན་པ་བཤད་པར་བྱ་སྟེ། དགོན་པ་ཆེན་པོའི་ས་ཕྱོགས་ནི་མེ་ཏོག་འབྲས་བུ་སོགས་བརྒྱན། རི་བོ་དབེན་བ་དག་ཏུ་ནི། །དངོས་གྲུབ་ཐབས་ཅད་བསྡུས་པས་སྒྲུབ། ། ་ཅེས་སྨོས་བ་ལ་འདིར་དང་པོའི་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་ལ། ཕྱིས་གནས་ལ་བརྟེན་པར་བྱ་སྟེ། དགོན་པ་ཆེན་པོའི་ས་ཕྱོགས་ནི་ཁྱད་པར་གྱི་གནས་ཡིན་ཏེ། རྫིང་བུ་ལ་སོགས་པས་ཡིད་འཕྲོག་པའི་ཕྱིར་རོ། །མེ་ཏོག་འབྲས་བུ་སོགས་ཀྱིས་བརྒྱན་པ ་ནི་རི་བོའི་ཁྱད་པར་རོ། །དབེན་པ་ནི་གཞན་ཡང་དབེན་པའི་ས་ལའོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་བའི་དངོས་གྲུབ་ཐམས་ཅད་བསྡུས་པ་ནི་གང་དུ་བསྡུས་བར་གྱུར་པ་དེ་ནི་དངོས་གྲུབ་ཐམས་ཅད་བསྡུས་པ་སྟེ། སངས་རྒྱས་ཉིད་དོ། །སྒྲུབ་པ་ནི་བསྒྲུབ་པར ་བྱ་བ་སྟེ། དྲང་བའི་དོན་དུ། ནམ་མཁར་རྟོགས་པའི་སྦྱོར་བ་ཡིན། །ཕུང་པོ་དགོན་པ་ཆེན་པོར་འདོད། །གནས་མེད་གནས་ཀྱི་སྦྱོར་བ་ཡིས། །སའི་ཕྱོགས་ནི་གནས་ཆེན་པོ། །དཔག་བསམ་ཤིང་ལྟར་ལོངས་སྤྱོད་ནི། །སྣ་ཚོགས་དངོས་གྲུབ་མེ་ཏོག་ཅན། །སྤྲུལ ་པའི་འབྲས་བུ་ཀུན་མཛེས་པའི། །ཡང་དག་བྱང་ཆུབ་རི་བོ་ཡིན། །རང་བཞིན་མེད་པ་དབེན་པ་ལ། །སངས་རྒྱས་མཛེས་ཏེ་བསྒྲུབ་པར་བྱ་ཞེས་ངེས་པའི་དོན་ཏོ། །དཀོན་པ་ཆེན་པོ་ནི་ཆོས་འབྱུང་གི་ཕྱག་རྒྱ་སྟེ། དེའི་ས་ཕྱོགས་ནི་འདོད་པའི་གདུགས་སོ། །འབྲས ་བུ་ནི་བྱང་ཆུབ་ཀྱི་སེམས་འཇིག་པ་ཟླ་བ་མེའི་རྩའོ། །མེ་ཏོག་ནི་རང་འབྱུང་གི་མེ་ཏོག་འཛག་པ་རུས་སྦལ་མའི་རྩའོ། །སོགས་པའི་སྒྲས་ནི་བཤད་གཅི་དང་ལྡན་པའི་ལྷས་བྱིན་མ་དང། ནོར་རྒྱལ་མའི་རྩ་གཟུང་ངོ། །དེ་རྣམས་ཀྱིས་བརྒྱན་པའི་བྷ་ག་ལའོ། ། ་རི་བོ་ནི་སོར་བཞིའི་ཚད་ཙམ་གྱི་མོའི་དབང་པོའི་རྩའོ། །དེ་ཉིད་ཆགས་པ་ལ་སོགས་པ་སྤོང་བར་བྱེད་པས་ན་དབེན་པའོ། །དེ་ལ་དངོས་གྲུབ་ཐམས་ཅད་བསྡུས་པ་ནི་ཐིག་ལེ་ཙམ་གྲུབ་པ་སྟེ། དགོངས་པས་བཤད་པའོ། །དགོན་པ་ཆེན་པོ་ནི་གསང་བའི་དཀྱིལ ་འཁོར་རོ། །དེ་ཉིད་ལ་ཕྱོགས་ནི་གསང་བ་ཡིན་པའི་ཕྱིར་རོ། །མེ་ཏོག་འབྲས་བུ་སོགས་ཀྱིས་བརྒྱན་པ་ནི་ལྟེ་བའི་དཀྱིལ་འཁོར། །རི་བོ་ནི་སྙིང་གའི་དཀྱིལ་འཁོར། །དབེན་པ་ནི་མགྲིན་པའི་དཀྱིལ་འཁོར་རོ། །དེ་ལ་བསྒྲུབ་པ་སྟེ། དགོངས་པ་མ་ཡིན་པའོ། །དགོན ་པ་ཆེན་པོ་ནི་འདོད་པའི་གདུགས་ཀྱི་ནམ་མཁའ་ཨོ། །ས་ཕྱོགས་ནི་ལྷ་བྱིན་མའི་ནམ་མཁའ་ཨོ། །མེ་ཏོག་འབྲས་བུ་སོགས་ཀྱིས་བརྒྱན་པ་ནི་ཟླ་བ་ནམ་མཁའ་ཨོ། །ངོ་བོ་ནི་དུས་སྤལ་མའི་ནམ་མཁའ་ཨོ། །དབེན་པ་ནི་ངོར་གྱལ་མའི་ནམ་མཁའ་སྟེ། ་སྒྲ་ཇི་བཞིན་མ་ཡིན་པའོ། །ཇི་སྐད་དུ། བྷ་གའི་དབུས་ན་ནམ་མཁའ་གང། །ནམ་མཁའ་ལྔ་ཡིས་བརྒྱན་པ་སྟེ། །ལྟེ་བ་གེ་སར་དང་ལྡན་པ། །འདབ་མ་བརྒྱད་ཀྱིས་རྣམ་པར་མཛེས། །ཤུ་ཀྲའི་གཟུགས་ཅན་བདུད་རྩི་ནི། །དེར་གནས་རྟག་ཏུ་འཇིག ་པར་འགྱུར་ཞེས་བཤད་པའི་ཕྱིར་རོ། །དགོན་པ་ཆེན་པོའི་ནི་དབྱངས་སོ། །མེ་ཏོག་འབྲས་བུ་སོགས་ཀྱིས་བརྒྱན་ལ་ནི། །གསལ་བྱེད་རྣམས་སོ། །དེ་རྣམས་ཀྱི་ཉེ་བར་མཚོན་པ་ནི་རི་བོ་དབེན་པ་སྟེ་ལུས་སོ། །དེ་ལ་བསྒྲུབ་པར་བྱ་སྟེ། སྒྲ་ཇི་བཞིན་པའོ། ། ་དགོན་པ་ཆེན་པོ་ནི་པདྨ་ཅན་ནོ། །ས་ཕྱོགས་ནི་དུང་ཅན་ནོ། །མེ་ཏོག་འབྲས་བུ་སོགས་ཀྱིས་བརྒྱན་པ་ནི་ཨུཏཔལ་ཅན་ནོ། །རི་བོ་དབེན་པ་ནི་བའོ། །དེ་ལ་པདྨ་ཅན་ནི་འབྲིང་གི་པདྨའོ། །དུད་ཅན་ནི་ཡོན་པོའི་པདྨའོ། །ུཏཔ་ལ་ཅན་ནི་ཕྲ་མོའི་པདྨའོ། །བ ་ནི་རྒྱས་པའི་པདྨའོ། །དེ་རྣམས་ལ་དངོས་གྲུབ་ཐམས་ཅད་བསྡུས་པ་བསྒྲུབ་པར་བྱ་སྟེ། སྦས་པའོ། །དགོན་པ་ཆེན་པོ་ནི་ལས་ཀྱི་ཕྱག་རྒྱའོ། །ས་ཕྱོགས་ནི་དམ་ཚིག་གི་ཕྱག་རྒྱའོ། །མེ་ཏོག་འབྲས་བུ་སོགས་ཀྱིས་བརྒྱད་པ་ནི་ཡེ་ཤེས ་ཀྱི་ཕྱག་རྒྱའོ། །རི་བོ་དབེན་པ་ནི་ཕྱག་རྒྱ་ཆེན་པོའོ། །དེ་རྣམས་ལ་སྒྲུབ་པ་སྟེ། ཡི་གེའི་དོན་ཏོ། །དགོན་པ་ཆེན་པོ་ནི་སྙིང་གར་ཡི་གེ་ཧཱུཾ་ངོ། །མེ་ཏོག་འབྲས་བུ་སོགས་ཀྱིས་བརྒྱན་པ་ནི་ལྐོག་མར་ཡི་གེ་ཨཱ(རྒྱུད་འགྲེལ་ཡི་གེ་ཨོཾ་མོ། །དེ་ལ་བསྒྲུབ་པ་སྟེ་སྤྱིའི་དོན་ཏོ། །དགོན་པ་ཆེན་པོ་ནི་ཆོས་ཀྱི་སྐུའོ། །མེ་ཏོག་འབྲས་བུ་སོགས་ཀིས་བརྒྱན་པ་ནི་ཡེ་ཤེས་ཀྱི་སྐུའོ། །རི་བོ་དབེན་པ་ནི་དེ་དང་ཐ་མི་དད་པ་རྡོ་རྗེའི་སྐུའོ། །དེ་ལ་བསྒྲུབ་པར་བྱ་སྟེ་མཐར་ཐུག ་པའོ། །དེ་ལ་བསྡུས་པའི་དོན་ནི་འདི་ཡིན་ཏེ། རེ་ཞིག་དང་པོར་སྐྱེ་བོས་དབེན་པའི་ས་ཕྱོགས་སུ་བདུད་རྩི་ལྡས་གྲུ་བཞི་པའི་དཀྱིལ་འཁོར་བྱུགས་ལ། དེར་བྱ་འགན་ལ་སོགས་པ་འཇམ་ནཔའི་སྟན་ལ་འདུག་སྟེ། སྡུག་བསྔལ་དུ་མས་མནན་པའི ་ཁམས་གསུམ་པ་མངོན་དུ་བྱས་ལ། སེམས་ཅན་ཐམས་ཅད་བདེ་བ་དང་སྦྱོར་འདོད་པའི་རྣམ་པ་བྱམས་པ་དང། སེམས་ཅན་ཐམས་ཅད་སྡུག་བསྔལ་ཐམས་ཅད་དང་བྲལ་བར་འདོད་པའི་རྣམ་པའི་སྙིང་རྗེ་དང་འཕགས་པ་དང་སོ་སོ་སྐྱེ་བོའི ་བསོད་ནམས་ལ་རྗེས་སུ་ཡི་རང་བའི་རྣམ་པ་འམ། སེམས་ཅན་ཐམས་ཅད་བྱང་ཆུབ་ལ་གཞུག་པར་བགྱི་ཞེས་དེའི་རྣམ་པ་དགའ་བ་དང། སེམས་ཅན་ཐམས་ཅད་ལན་ཅིག་སྣོད་མིན་པ་སྟེ། སྨིན་པའི་དུས་གདུལ་བར་བགྱི་ཞེས་བཏང ་སྙོམས་ཏེ། རྣམ་པར་སྡང་བ་དང། རྣམ་པར་འཚེ་བ་དང། རྣམ་པར་མི་དགའ་བ་དང། འདོད་པའི་འདོད་ཆགས་རྣམས་ཀྱི་གཉེན་པོར་གྱུར་བ་མཛའ་ཡས་པའི་སེམས་ཅན་རྣམས་ལ་དམིགས་པ་ཚད་མེད་བ་བཞི་སྟེ། རྣལ་འབྱོར ་བསྲུང་བའི་དོན་དུ་བསྒོམ་པར་བྱའོ། །ཇི་སྐད་དུ། བྱམས་པ་དང། སྙིང་རྗེ་དང། དགའ་བ་དང། བཏང་སྙོམས་ནི་བདེ་བ་དང། སྡུག་བསྔལ་བ་དང། བསོད་ནམས་དང། བསོད་ནམས་མ་ཡིན་པའི་ཡུལ་ལ་བསྒོམས་པས་སེམས་དང་བར ་འགྱུར་ཞེས་འབྱུང་ངོ། །ད་ནི་གནས་བསྲུང་བར་བྱ་བའི་ཕྱིར་བསྒོམ་པ་བཤད་པར་བྱ་སྟེ། འཇམ་བའི་སྟན་ལ་འདུག་ནས་ནི། སེམས་པའི་སྐྱིལ་ཀྲུང་ལེགས་གནས་ཏེ། །ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་གནས། །གནས་བསྲུང་བ་ནི་བསམ་པར་བྱ ་ཞེས་སྨོས་པ་ལ། རྣལ་འབྱོར་བསྲུང་བའི་འོག་ཏུ་རྣལ་འབྱོར་པས་ཅིག་ཅར་དུ་བཅོམ་ལྡན་འདས་ཞལ་གཅིག་པ། ཕྱག་གཉིས་པ། རྡོ་རྗེ་དང་དྲིལ་བུ་འཆང་བ་དཀར་ཞིང་ཞི་པ་རྡོ་རྗེ་འཆང་ཆེན་པོ་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གིས་གནས་པ ་བསྒོམ་པར་བྱའོ། །དེ་ནས་བགེགས་བསྐྲད་པར་མངོན་པར་དགོངས་ནས། ཐུགས་ཀ་ནས་སྤྲོས་པའི་ཅུང་ཟད་ཁྲོས་པའི་ཨིནད་ནཱི་ལའི་ཁ་དོག་འདྲ་བའི་ཞེ་སྡང་རྡོ་རྗེ་དང་དབྱེར་མེད་པར་བྱས་ལ་བཅོམ་ལྡན་འདས་དེ་ཉིད ་དུ་བདག་ཉིད་བསྒོམ་པར་བྱ་སྟེ། གང་གི་ཕྱིར་ཁྲོ་བོའི་དཀྱིལ་འཁོར་ནི་ཞེ་སྡང་རྡོ་རྗེ་ལས་བྱུང་ངོ་ཞེས་དེ་ཉིད་བསྒོམ་པར་བྱ་བར་རིགས་ཀྱི་མི་བསྐྱོད་པ་ནི་མ་ཡིན་ནོ། །ཐུགས་རྡོ་རྗེའི་དབྱེ་བ་གཉིས་ཏེ། ཞེ་སྡང་རྡོ་རྗེ་དང་མི་བསྐྱོད་པའོ། ། ་དེ་ལ་ཞེ་སྡང་རྡོ་རྗེ་ནི་མཆེ་བ་རྣམ་པར་གཙིགས་པ་ཁ་དོག་མཐིང་ནག་གོ་།མི་བསྐྱོད་པ་ནི་སྒེག་ཅིང་ཞི་བ་ཨིནྡྲ་ནཱི་ཀའི་ཁ་དོག་གོ་།གནས་བསྲུང་བ་ནི་ཕྱོགས་བཅུའི་བགེགས་རབ་ཏུ་ཞི་བའི་མཚན་ཉིད་བསམ་པར་བྱ་ཞེས་དྲང་བའི་དོན་ཏོ། ་འཇམ་པའི་སྟན་ནི་ཤེས་རབ་ཀྱི་མཚོ་སྐྱེས་ཀྱི་ཟེ་འབྲུ་སྟེ། འདོད་པའི་གདུགས་ཀྱི་རྩའོ། །དེ་ལ་འདུག་ནས་ནི་དེའི་རེག་པ་ཙམ་ལ་དགའ་བའོ། །སེམས་དཔའ་ཨི་སྐྱིལ་མོ་ཀྲུང་ནི་རྡོ་རྗེ་པདྨ་སྙོམས་པར་འཇུག་པ་སྟེ། དེས་ལེགས་གནས་ཏེ་བདེ ་བར་གནས་པར་གྱུར་ནས་སོ། །ཞེ་སྡང་རྡོ་རྗེ་ནི་ཉོན་མོངས་པ་ཐམས་ཅད་བཅོམ་པའི་མཚན་ཉིད་འོད་གསལ་བ་སྟེ། དེ་ཉིད་ཏིང་འཛིན་ནི་སེམས་རྩེ་གཅིག་བསྐྱེད་པའི་ཕྱིར་རོ། །དེར་གནས་པ་ནི་འཇུག་པར་འགྱུར་ཞིང། གནས་བསྲུང་པ་ནི་སྒོ ་བཅུའི་གནས་ལས་སྲོག་ལ་སོགས་པ་རླུང་བཅུ་འགོག་པ་བསམ་པར་བྱ་ཞེས་ངེས་པའི་དོན་ཏོ། །ད་ནི་དེ་ཉིད་བསྟན་པར་བྱ་པའི་ཕྱིར་བཤད་པར་བྱ་སྟེ། འབར་བའི་འོད་འཕྲོ་འཇིགས་པར་བྱེད། །ཉི་མ་ལ་གནས་ཧཱུཾ་ལས་བྱུང། ། ་གཡོན་བརྐྱང?་དང་ཡིས?་གནས་པས་གནས། །ཁྲོ་བོ་བཅུ་ནི་སྤྲོ་བར་བྱ། །ཞེས་སྨོས་པ་ལ་སྔར་བཤད་པའི་ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་ལ་དམིགས་ཏེ། ཐུགས་ཀ་ནས་རང་དང་འདྲ་བའི་རེག་བྱ་རྡོ་རྗེ་མ་སྤྲོས་ལ་དེའི་བྷ་གར་ཧཱུཾ་ཡོངས་སུ་གྱུར་པ་ལས་སྣ ་ཚོགས་རྡོ་རྗེའི་སྟེང་དུ་རམ་ཡོངས་སུ་གྱུར་པ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་སྙིང་གའི་པདྨ་ལ་གནས་པའི་ཏིང་ངེ་འཛིན་སེམས་དཔའ་ཨི་ཡིག་འབྲུ་ལས་འོད་ཟེར་གྱི་འཁོར་ལོ་བ་སྤུའི་བུ་ག་ཐམས་ཅད་ལ་སྤྲོས་ལ་ལྕགས་ཀྱུའི་རྣམ ་པ་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་གནས་པའི་ཁྲོ་བོའི་རྒྱལ་པོ་རྣམས་བཀུག་ཅིང་དག་གི་ལམ་ནས་ཞུགས་ཏེ་རྩ་དབུས་མའི་ལམ་ནས་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་སྤྲོས་ལ་ཐིག་ལེ་ཡོངས་སུ་གྱུར་པ་ལས་བྱུང་བའི་ཡི་གེ་ཧཱུཾ ་བཅུ་བསྒོམས་ཏེ། དེ་ཡོངས་གྱུར་པ་ལས་གཅིགས་པའི་རྡོ་རྗེ་བཅུ་ལ་ར་བའི་འོད་འཕྲོ་བ་ཧཱུཾ་གིས་མཚན་པ་བསམས་ཏེ། སྤྲོ་བ་དང་བསྡུ་བ་སྔོན་དུ་འགྲོ་བར་ཡོངས་སུ་གྱུར་པ་ལས་བྱུང་བའི་གཤིན་རྗེ་མཐར་བྱེད་ལ་སོགས་པ་ཁྲོ་བོ་བཅུ་ཇི་ལྟར ་བཤད་པའི་དབྱིབས་དང་ཁ་དོག་དང་ཕྱག་མཚན་དང་ལྡན་པ་སྐྱེད་ལ། དེ་རྣམས་སྐྱེད་པའི་སྔོན་དུ་ཧཱུཾ་ལས་བྱུང་བ་གནོད་མཛེས་ཀྱི་རྒྱལ་པོ་ཞལ་གསུམ་ཕྱག་དྲུག་པ་ཁ་དོག་སྔོན་པོ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་གནས་པར་བསམས་ཏེ། དེ་ནས ་ལྷ་མོའི་བ་སྤུའི?་བུག་ཐམས་ཅད་ཀྱི་སྒོ་ནས་ཁྲོ་བོ་བཅུ་གཅིག་སྤྲོས་ཏེ། བདག་ཉིད་ཀྱི་ཕྱོགས་བཅུ་དང་མདུན་དུ་ཉི་མའི་དཀྱིལ་འཁོར་ལ་གནས་པར་བསམ་པར་བྱའོ། །དེ་ལ་གཤིན་རྗེ་མཐར་བྱེད་ནི་སྔོན་པོ་སྔོན་པོ་དང་དཀར་པོ་དང་དམར་པོའི་ཞལ ་མངའ་བ། དབྱུག?་ཐོ་དང། འཁོར་ལོ་དང། རྡོ་རྗེ་དང་པདྨ་དང་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་དྲིལ་བུ་འཆན་བ། མ་ཧེའི་སྟེང་དུ་གཤིན་རྗེ་མནན་ནས་གཡས་བརྐྱང་གིས་གནས་པའོ། །ཤེས་རབ་མཐར་བྱེད་དཀར་པོ། །དཀར་པོ་དང། ་སྔོན་པོ་དང། དམར་པོའི་ཞལ་མངའ་བ། དབྱིག་པ་དང། རལ་གྲི་དང། རྡོ་རྗེ་དང། ནོར་བུ་དང། སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་དྲིལ་བུ་འཛིན་པ། ཁྱབ་འཇུག་གི་སྟེང་དུ་གཡོན་བརྐྱང་བས་གནས་པའོ་པདྨ་མཐར་བྱེད་དམར་པོ། དམར་པོ་དང ་སྔོན་པོ་དང། དཀར་པོའི་ཞལ་མངའ་བ། པདྨ་དང་རལ་གྲི་དང། རྡོ་རྗེ་དང། ནོར་བུ་དང། སྡིགས་མཛུབ་དང་བཅས་པའི་ཞགས་པ་དང། དྲིལ་བུ་འཆད་བ་ལྷ་ཆེན་པོའི་སྟེང་དུ་རྐང་པ་མཉམ་པས་གནས་པའོ། །བགེགས ་མཐར་བྱེད་ནི་ལྗང་ཁུ། ལྗང་ཁུ་དང་སྔོན་པོ་དང། དམར་པོའི་ཞལ་མངའ་བ་རྡོ་རྗེ་དང། རལ་གྲི་དང། པདྨ་དང། ནོར་བུ་དང། སྡིགས་མཛུབ་ཞགས་པ་དང། དྲིལ་བུ་འཆང་བ་ལོག་འདྲེན་གྱི་སྟེང་དུ་མི་མཉམ་པའི་རྐང་པས་གནས་པའོ། །མི་གསོལ ་དང། འདོད་པའི་རྒྱལ་པོ་དང། དབྱུག་སྔོན་དང། སྟོབས་པོ་ཆེ་དང། གནོད་མཛས་དང་གཙུག་ཏོར་འཁོར་ལོ་ཏེ། ཞལ་གསུམ་ཕྱག་དྲུག་པ། །ཁ་དོག་ནག་པོ། གཡོན་བརྐྱང་པས་ཉི་མ་ལ་གནས་པ། གཙོ་བོའི་ཕྱག་གིས་ལྕགས་ཀྱུ་དང་རྩེ ་གསུམ་དབྱུག་པ་དང། རལ་གྲི་དང། འཁོར་ལོ་དང། རྡོ་རྗེ་འཆང་བ་དང། ལྷག་མ་རྣམས་ཀྱིས་གཤིན་རྗེ་མཐར་བྱེད་ལ་སོགས་པ་བཞིན་དུ་ཕྱག་མཚན་འཛིན་པ་བསྒོམ་པར་བྱའོ། །ཁྲོ་བོ་དེ་དག་ཀྱང་མིའུ་ཐུང་ལྟོ་འཕྱང་བ། སྐུ་རྒྱས་པ། ་མཆུ་བ་རྣམ་པར་གཙིགས་བ་ཧ་ཧར་སྒྲོག་པ། སྐྲ་འབར་བ་གྱེན་དུ་བརྫེས་པ། ཉི་མ་དང། ཟླ་བ་དང། མེའི་རང་བཞིན་སྤྱན་གསུམ་པ། སྨིན་མ་དང། སྨ་ར་དང། དབུ་སྐྲ་ཁམ་པ། རལ་པའི་ཐོར་ཚུགས་འཇོག་པས་བཅིངས་པ། པདྨ ་དང་པདྨ་ཆེན་པོས་རྣ་ཆ་བྱས་པ། ནོར་རྒྱས་ཀྱིས་བུས་ཚངས་སྐུར་བཏང་བ། དུད་སྐྱོང་དང་རིགས་ལྡན་དག་གིས་རྐང་གདུབ་བྱས་པ། མཛའ་ཡས་ཀྱིས་སྟག་ཏི་ལྤགས་པའི་ཤམ་ཐབས་བཅིངས་པ་ཧུ་ལུ་ཏས་བྱས་པའི་གདུ་བུས་བརྒྱན་པ། ་ཧ་ཧར་རྒོད་པས་བྲག་རྣམས་འཇིག་པ། སོ་རྣམས་ཀྱིས་མཆུ་འཛིན་པ་བསམ་པར་བྱའོ། །དེ་ཉིད་ཀྱི་ཕྱིར་ཧཱུཾ་ལས་བྱུང་ཞེས་བྱ་བ་?་ནི་ཧཱུཾ་བཅུ་ལས་བྱུང་བའོ། །གཡོན་བརྐྱང་བ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། སྔར་བཤད་པའི་སྟངས་ཐབས ་ཀྱིས་གནས་པ་ཞེས་བྱ་བའི་དོན་ཏོ། །འབར་བའི་འོད་འཕྲོ་འཇིགས་པར་བྱེད་ཅེས་བྱ་བ་ནི་མཛའ་ཡས་པའི་ཁྲོ་བོའི་རྒྱལ་པོ་སྤྲོ་བར་བྱེ་བའོ། །བཅུ་ཞེས་བྱ་བ་ནི་གནོད་མཛེས་ཀྱི་རྒྱལ་པོ་བཅུ་གཅིག་པ་ཡང་སྤྲོ་བར་བྱའོ། །དེ་ལ་བཀའ་སྦྱིན་པར་བྱ་བའི ་ཕྱིར་བཤད་པར་བྱ་སྟེ། ཕྱོགས་བཅུའི་དཀྱིལ་འཁོར་རྩེ་མོར་ནི། །རིམ་པ་བཞིན་དུ་བསམ་བྱ་སྟེ། །བགེགས་ཀུན་རྣམ་པར་གཞིག་པའི་ཕྱིར། །གནོད་མཛེས་བཀའ་སྩལ་ཕུར་བུས་ཅེས་སྨོས་པ་ལ། ཁྲོ་བོ་བཅུ་པོ་དེ་དག་ཕྱོགས་བཅུའི་དཀྱིལ་འཁོར ་རྩེ་མོར་ཏེ། བདག་ཉིད་ཀྱི་ཕྱོགས་བཅུའི་མཐར་རིམ་པ་བཞིན་ནི་རིམ་པ་ཇི་ལྟར་བཞིན་དུ་ལ་སོགས་པར་རིམ་གྱིས་བསམ་པར་བྱ་སྟེ་ཞེས་བྱ་བ་ནི་དགོད་ཅིང་གསལ་བར་བལྟས་ལ། དེའི་ནང་དུ་བཅུ་གཅིག་པ་གནོད་མཛེས་ནི་བཀའ་ཉན་གྱི་གཟུགས ་ཅན་བཀའ་སྩལ་པ་ནི་བཀའ་བྱིན་ནས་བགེགས་ཀུན་ནི་འཇིག་རྟེན་སྐྱོད་བ་སྟེ། དབང་པོ་ལ་སོགས་པ་དེ་རྣམས་འཇིག་པར་བྱ་བའི་ཕྱིར་ཕུར་བུས་གདབ་པ་ནི་ཕུར་བུས་གདབ་པའི་ཆོག་བྱ་སྟེ། དྲང་བའི་དོན་ཏེ། འོད་གསལ་བ་ལ་སྐད་ཅིག་མ་བཅུ་སྟེ། ་སྨིག་རྒྱུ་ལ་སོགས་པ་རྟགས་ལྔ་དང། དེ་འདས་པའི་སྐད་ཅིག་མ་ལྔའོ། །དེ་རྣམས་རླུང་བཅུཔོའི་བགེགས་འགོག་པར་བྱེད་པས་ན་ཕུར་བུ་སྟེ། འོད་གསལ་བ་སྔོན་དུ་བྱེད་པ་ནི་གནོད་མཛེས་ཏེ། དེས་པའི་དོན་ཏོ། །ཕུར་བུ་གདབ་པའི་སྔགས ་བཤད་པར་བྱ་སྟེ། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ་ཧཱུཾ་ཕཊ། གྲིཧྞ་གྲིཧྞ་ཧཱུཾ་ཧཱུཾ་ཕཊ། གྲིཧྞ་པ་ཡ་གྲིཧྞ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨཱ་ན་ཡ་ཧོ་བྷ་ག་བཱན་བིདྱ་རཱ་ཛ་?་ཧཱུཾ་ཧཱུཾ་ཕཊ། ཅེས་སྨོས་པ་ལ། དེ་ནས་ཞེ་སྡང་རྡོ་རྗེ་བགེགས་ཀྱི་བདག་པོ་དགུག་པར་བྱ་བའི་དོན་དུ་སྡིགས ་མཛུབ་དང་མཐེ་བོང་ནི་ཕྱག་རྒྱས་ཕྱོགས་བཅུར་བསྐུལ་བའི་ཕྱིར་སྔགས་འདིས་གནོད་མཛེས་ལ་བཀའ་སྩལ་ཏོ། ཨོཾ་ནི་རྡོ་རྗེ་འཆང་བའོ། །སུཾ་བྷ་ན་བོད་པའོ། །ནི་སུཾ་བྷ་བགེགས་གནོད་པའོ། །ཧཱུཾ་ནི་མི་བསྐྱོད་པའི་སྙིང་པོའོ། །ཧཱུཾ་གཉིས་པ་ནི་སྙིང་པོ ་བསྐུལ་བའོ། །ཕཊ་ནི་གསོད་པ་ལའོ། །གྲིཧྞ་གྲིཧྞ་ནི་སོང་བ་རྣམས་ཆིངས་ཤིག་ཆིངས་ཤིག་པའོ། །གྲིཧྞ་པ་ཡ་ནི་འཁོར་རྣམས་ཀྱིས་ཆིངས་ཤིག་པའོ། །བཅིངས་ནས་བདག་གི་གམ་དུ་ཨཱ་ན་ཡ་ཧོ་ཞེས་ཁྲིད་ཅིག་པའོ།། ་བྷ་ག་བྷན་བཛྲ་ཞེས་བྱ་བ་ནི་དང་བས་དགུག་པའོ། །ལྷག་མ་ནི་སྔར་བཞིན་ནོ། །སྔགས་དེ་གནོད་མཛེས་ཀྱི་རྒྱལ་པོ་ཐལ་མོ་སྦྱོར་ཞིང་ཉན་པར་བསྒོམ་པར་བྱའོ། །སོང་ནས་ཅི་བྱེད་ཅེ་ན། སྨྲས་པ་ཁྲོ་བོའི་གཟུགས་ཅན་འདི་ཡིས་ནི། བགེགས་ཀྱི ་དབང་པོ་ཉིད་བཀུག་ནས། །བློ་དང་ལྡན་པས་སྦྱོར་བ་ཡིས། །ཆོ་ག་བཞིན་དུ་ཕུར་བུས་གདབ་ཅེས་སྨོས་པ་ལ། ཁྲོ་བོའི་གཟུགས་ཅན་དེ་ཉིད་ནི་གནོད་མཛེས་ཀྱི་རྒྱལ་པོའི་གཟུགས་དང། ཁྲོ་བོ་བཅུའི་གཟུགས་ཀྱིས་སོ། །བགེགས་ཀྱི་དབང་པོ་ནི ་བརྒྱ་བྱིན་ལ་སོགས་པའོ། །བཀུག་པ་ནི་མནན་ནས་སོ། །བློ་དང་ལྡན་པ་ནི་དྲན་པ་དང་ལྡན་པའི་དང་ཚུལ་ཅན་གྱི་རྣལ་འབྱོར་པས་སོ། །སྦྱོར་བ་ཡིས་ནི་ཕུར་བུས་གདབ་པའི་སྦྱོར་བའི་ཏིང་ངེ་འཛིན་གྱིས་སོ། །ཆོག་བཞིན་དུ་ནི་ལེའུ་བཅོ་ལྔ་པ་ལས ་གསུངས་པའི་བསམ་གཏན་གྱིས་དེ་རྣམས་ཕུར་བུས་གདབ་པར་བྱའོ། །དེའི་དོན་ནི་འདི་ཡིན་ཏེ། ཞེ་སྡང་རྡོ་རྗེའི་བཀའ་བླངས་ལ་གནོད་མཛེས་ཀྱི་རྒྱལ་པོས་རྡོ་རྗེ་སེམས་དཔའ་ཕྱོགས་བཅུར་སྤྲོས་ལ། དེས་བརྒྱ་བྱིན་ལ་སོགས་པ་འཇིག་རྟེན ་སྐྱེད་བ་རྣམས་དགུག་ཅིང་ཞེ་སྡང་རྡོ་རྗེའི་ཕྱོགས་བཅུར་འཇོག་པར་བྱེད་པར་བསམས་པར་བྱའོ། །དེ་ལ་ཤར་ཕྱོགས་སུ་བརྒྱ་བྱིན་དཀར་པོ་གདོང་གཅིག་པ་ལག་པ་གཉིས་པ། རྡོ་རྗེ་དང་ཨུརྤ་ལ་འཛིན་པ། གླང་པོ་ཆེ་ལ་གནས་པ། བདེ་སོགས་མ་དང ་བཅས་པ། ལྷོ་ཕྱོགས་སུ་གཤིན་རྗེ་ཁ་དོག་སྔོན་པོ་གདོད་གཅིག་པ། ལག་པ་གཉིས་པ། དབྱིག་པ་དང་མི་མགོ་འཛིན་པ། མ་ཧེ་ལ་གནས་པ་ནག་མོ་དང་བཅས་པ། ནུབ་ཕྱོགས་སུ་ཆུ་ལྷ་དཀར་པོ་གདོང་གཅིག་པ། ལག་པ་གཉིས་པ། ལག་པ ་གཉིས་ཀྱིས་ཀླུའི་ཞགས་པ་འཛིན་པ། ཆུ་སྲིན་ལ་ཞོན་པ་མཛེས་མ་དང་བཅས་པའོ། །བྱང་ཕྱོགས་སུ་རྣམ་ཐོས་སྲས་དམར་པོ་གདོང་གཅིག་པ། ལག་པ་གཉིས་པ་སེང་གེའི་རྒྱལ་མཚན་དང་ནི་ལེའི་གཏེར་འཛིན་པ་སེང་གེའི་ཁྲི་ལ་གནས་པ། ཟླ་བའི་འོད ་དང་བཅས་པའོ། །མེའི་མཚམས་སུ་མེ་ལྷ་དམར་པོ། གདོང་གཅིག་པ་ལག་པ་གཉིས་པ། གྷུནདྷེ་དང། ཕྲེང་བ་འཛིན་པ། ནེ་ཙོ་ལ་ཞོན་པ་སྭཱཧཱ་མ་དང་བཅས་པའོ། །བདེན་བྲལ་གྱི་མཚམས་སུ་བདེན་བྲལ་ནག་པོ། གདོང་གཅིག་པ། ལག་པ་གཉིས་པ ་རལ་ཕུབ?་འཛིན་པ། ཡི་དགས་ལ་གནས་པ། རྣམ་པར་གཙིགས་མ་དང་བཅས་པའོ། །རླུང་གི་མཚམས་སུ་རླུང་ལྷ་ལྗང་གུ་གདོང་གཅིག་པ། ལག་པ་གཉིས་པ། རྒྱལ་མཚན་འཛིན་པ། ཤྭ་བ་ལ་གནས་ཤིང་རླུང་མ་དང་བཅས་པའོ། །དབང་ལྡན ་གྱི་མཚམས་སུ་དབང་ལྡན་དཀར་པོ་གདོང་གཅིག་པ། ལག་པ་གཉིས་པ། མ་ཏུ་ལུང་ག་དང་རྩེ་གསུམ་འཆང་བ། ཁྱུ་མཆོག་ལ་ཞེན་པ། ཨུ་མ་དང་བཅས་པའོ། །སྟེང་དུ་ཚངས་པ་དང་ཉི་མ་དང་ཟླ་བ་སྟེ་གདོང་གཅིག་པ་ལག་པ་གཉིས་པ། སེར ་པོ་དང། དམར་པོ་དང་དཀར་པོའོ། །གྷུནདྷེ་དང་ཕྲེང་བ་དང་པདྨ་དང། ཀུ་མུ་ཏ་འཛིན་པ། དད་པ་དང་རྟ་དང་ཀུ་མུ་ཏ་ལ་གནས་པ། གྲགས་མ་དང་འོད་ལྡན་མ་དང་བེ་རྫི་དང་བཅས་པའོ། །འོག་ཏུ་ཐགས་བཟང་རིས་ནག་པོ་གདོང་གཅིག་པ། ལག་པ ་གཉིས་པ་རལ་གྲི་དང་སྡིགས་མཛུབ་འཛིན་པ་གླང་པོ་ལ་ཞོན་པ་སའི་ལྷ་མོ་ཡང་ལུས་ཕྱེད་ཐོབ་པ་སེར་མོ་ལག་པ་གཉིས་ཀྱིས་གསེར་གྱི་བུམ་པ་འཛིན་པ་དེ་དག་ཐམས་ཅད་བུ་སྨད་དང་འཁོར་དང་བཅས་པ། ཀུན་ཙོ་དུ་མ་བྱེད་པ་བསམ་པར་བྱའོ། ་དེ་ནས་ཞེ་སྡང་རྡོ་རྗེའི་བཀས་གནོད་མཛས་ཀྱི་རྒྱལ་པོས་ཁྲོ་བོ་བཅུ་སྨད་རྡོ་རྗེ་རྩེ་གཅིག་པ་ལྟ་བུ་སྟོང་ཁྲོ་བོའི་རྣམ་པ་ཅན་བླངས་ཏེ། རྟ་མགྲིན་གྱི་རང་བཞིན་གྱི་ཐོ་བས་བརྒྱ་བྱིན་ལ་སོགས་པའི་སྤྱི་བོར་གདབ་ཅིང་རྡུང་བཞིན་པར་བསམ་པར་བྱའོ། ། ་ཕུར་བུས་གདབ་པའི་དུས་སུ་ཁྲོ་བོ་བཅུ་བཅོམ་ལྡན་འདས་བདུད་རྩི་འཁྱིལ་པ་དང་འདྲ་བ། ཨུཏཔ་ལ་སྔོན་པོ་ལྟ་བུ་བསམ་པར་བྱ་སྟེ། བདུད་རྩི་འཁྱིལ་པ་ནི་ལས་ཐམས་ཅད་པ་ཡིན་པའི་ཕྱིར་རོ། །དེ་ནས་ཁྲོ་བོའི་རྒྱལ་པོ་དེ ་རྣམས་ཀྱིས་བགེགས་དེ་དག་ས་འོག་བདུན་གྱི་བར་དུ་སོན་པར་དུ་གནོན་པར་བསམ་པར་བྱའོ། །དེ་ལས་བྱུང་བའི་ཁྲོ་བོ་འབར་བའི་ཚོགས་ཀྱིས་ཁྱུད་མོ་ལྕགས་རིའི་མཐར་དེ་རྣམས་ཀྱི་འཁོར་གནོད་སྦྱིན་དང། སྲིན་པོ་དང། འབྱུང་པོ་དང། ཤ་ཟ ་དང། ཡི་དགས་དང། སྨྱོ་བྱེད་དང། གྲུལ་བུམ་ལ་སོགས་པ་བསྲེག་ཅིང་ཐལ་བར་གྱུར་པ་ཁྲོ་བོའི་ཞལ་ནས་བྱུང་བའི་ཡི་གེ་ཧཱུཾ་གི་དབུགས་ཀྱི་རླུང་གིས་ཁྱེར་པ་མི་སྣང་བར་བྱས་པར་བསྒོམ་པར་བྱའོ་ཞེས་འཁོར་དང་བཅས་པའི་བགེགས་རབ་ཏུ ་ཞི་བ་བསྟན་ནོ། །དེ་ཉིད་བཤད་པར་བྱ་བའི་ཕྱིར། །རྡོ་རྗེ་བདུད་རྩི་རྒྱལ་པོ་ཆེ། །ུཏཔལ་སྔོན་པོའི་འདབ་མའི་མདོག་།འབར་འཕྲེང་འཁྲིགས་པའི་འོད་ལྡན་པ། །རྡོ་རྗེ་ཕུར་བུས་རྣམ་པར་བསྒོམ་ཞེས་སྨོས་པ་ལ། ཕུར་བུས་གདབ་པའི་དུས་སུ་སྒྲུབ་པ ་པོས་རྡོ་རྗེ་བདུད་རྩི་ནི་བདུད་རྩི་འཁྱིལ་པ་སྟེ། དེ་ཉིད་རྒྱལ་པོ་ཆེ་སྟེ་ཁྲོ་བོ་ཐམས་ཅད་ཀྱི་ནང་ན་གཙོ་བོར་གྱུར་པ་ལས་ཐམས་ཅད་ཀྱི་རིགས་ལས་བྱུང་བའི་ཕྱིར་རོ། །ུཏཔལ་སྔོན་པོ་འདབ་མའི་མདོག་ནི་ཁ་དོག་ལྗང་གུའོ། །འབར་འཕྲེང་འཁྲིགས ་པའི་འོད་ལྡན་པ་ཞེས་བྱ་བ་ནི་ཁྲོ་བོའི་འབར་བ་སྤྲོ་བར་བྱེད་པའོ། །རྡོ་རྗེ་ཕུར་བུ་ནི་ཁྲོ་བོའི་རྒྱལ་པོ་བཅུའི་རང་བཞིན་དུ་བསམ་པར་བྱའོ། །གལ་ཏེ་ཁ་དོག་གིས་བདུད་རྩི་འཁྱིལ་པ་དང་འདྲ་བར་བསྒོམ་ན་དེ་རྣམས་ཀྱི་དབྱིབས་ཇི་ལྟ་བུ་ཡིན་ཞེ་ན། ་སྨྲས་པ་ལྟེ་བའི་ཕྱོགས་ནས་སྨད་ཀྱི་ཆ། །རྩེ་མོ་ལྟ་བུར་རྣམ་བསམ་ཞིང། །སྟོད་ནི་ཁྲོ་བོའི་དབྱིབས་ཅན་ཏེ། །ཞལ་གསུམ་ཕྱག་དྲུག་ལྟ་བུ་བསྒོམ། །ཞེས་སྨོས་པ་ལ། ཁྲོ་བོ་བཅུ་པོ་དེ་དག་སྟེང་དུ་ནི་ལྟེ་བའི་བར་དུ་ཞལ་གསུམ་ཕྱག་དྲུག་པ་ལྟ ་བུའོ། །དེ་ལྟེ་བ་མན་ཆད་ནི་རྡོ་རྗེ་རྩེ་གཅིག་པ་ལྟ་བུ་བསམ་པར་བྱའོ། །གང་གིས་བགེགས་རྣམས་ཕུར་བུས་བཏབ་པར་གྱུར་ཏེ། དྲང་བའི་དོན་ཏོ། །འདོད་པའི་གདུགས་དང། རུ་སྦལ་མ་དང། ཟླ་བ་མ་སྟེ་རྩ་གསུམ་ལྟེ་བ་ཡན་ཆད་ཆ་གཉིས་ཀྱིས་གནས་པས ་ཕྱག་དྲུག་པ་ལྟ་བུའོ། །སྙོམས་པར་འཇུག་པའི་དུས་སུ་རོ་གཅིག་པར་འགྱུར་བས་རྩེ་གཅིག་པའི་རྡོ་རྗེ་ལྟ་བུར་གྱུར་པ་དེའི་ཚེ་སྣང་བ་ལ་སོགས་པའི་བགེགས་ལ་ཕུར་བུས་བཏབ་པར་འགྱུར་རོ་ཞེས་པ་ངེས་པའི་དོན་ཏོ། །དེ་ཉིད་སྤྲོ་བར་བྱ་བའི་ཕྱིར ་བཤད་པར་བྱ་སྟེ། དེ་ཡི་གསང་སྔགས་ལེགས་བརྗོད་ལ། །བལྟས་པས་འོག་ཏུ་བགེགས་ཀྱི་ཚོགས། །རྡོ་རྗེའི་ཕུར་བུས་ངེས་བཏབ་ན། །བགེགས་ཀྱི་ལུས་ལ་མི་གཡོ་འགྱུར་ཞེས་སྨོས་པ་ལ། རྡོ་རྗེ་བདུད་རྩི་འཁྱིལ་པའི་གཟུགས་ཀྱིས་གནོད ་མཛེས་ཀྱི་རྒྱལ་པོས་མགོ་བོ་ནས་བརྩམས་ཏེ་རྐང་པའི་མཐིལ་གྱི་བར་དུ་ཕུར་བུས་བཏབ་ནས་ས་འོག་བདུན་གྱི་བར་དུ་སོན་པར་བལྟས་ཏེ། དེ་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར། སྔགས་འདི་བརྗོད་པར་བྱ་སྟེ་དྲང་བའི་དོན་ཏོ། །རྣམ་པར་རྟོགས ་པའི་ཚོགས་ཞི་བར་འགྱུར་ན་འོད་གསལ་བའི་བདག་ཉིད་ཀྱི་སྔགས་ཡིད་ཀྱིས་བསམ་པར་བྱ་སྟེ། ངེས་པའི་དོན་ཏོ། །སྔགས་དེ་ཉིད་བཤད་པར་བྱ་སྟེ། ཨོཾ་གྷ་གྷ་གྷ་ཏ་ཡ་གྷ་ཏ་ཡ་སརྦ་དུཥྚཾ་ཧཱུཾ་ཕཊ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ་ཕཊ་ཧཱུཾ ་ཧཱུཾ་བཛྲ་ཀཱི་ལ་ཡ་བཛྲ་དྷ་ར་ཨཛྙཱ་པ་ཡ་ཏི། སརྦ་བི་གྷྞཱཾ?་ཀཱ་ཡ་བཱཀ་ཙིཏྟཾ་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་སྨོས་པ་ལ། ཞེ་སྡང་རྡོ་རྗེའི་རང་བཞིན་གྱི་རྣལ་འབྱོར་པས་སྔགས་འདི་བརྗོད་པས་བཀའ་བསྒོ་བར་བྱ་སྟེ། ཨོཾ་ནི་བཤད་ཟིན་ཏོ། །གྷ་གྷ་ཞེས་བྱ་བ ་ལ་སོགས་པ་ནི་སོད་ཅིག་པའོ། །སརྦ་དུཥྚ་ནི་དབང་པོ་ལ་སོགས་པའོ། །ཧཱུཾ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ཀཱི་ལ་ཡ་ནི་སྤྱི་བོར་ཕུར་བུས་ཐོབ་ཅིག་པའོ། །སརྦ་བཱ་པཾ་ཞེས་བྱ་བ་ནི་ཁྱབ་འཇུག་ལ་སོགས་པའོ། །བཛྲ་ཀཱི་ལ་ཡ་ཞེས་བྱ་བ་ནི་ཁྲོ་བོ ་བཅུ་བོ་དཔའ་ཨོ། །བཛྲ་དྷ་རོ་ཨཛྙཱ་པ་ཡ་ཏི་ཞེས་བྱ་བ་ནི་བདག་ཞེ་སྡང་རྡོ་རྗེ་བཀའ་སྩལ་པའོ། །སརྦ་བིགྷཱཾ་ཞེས་བྱ་བ་ནི་སྔར་བཤད་པ་རྣམས་ཀྱིའོ། །ཀཱ་ཡ་བཱཀྩི་ཏྟཾ་ནི་ལུས་ལ་སོགས་པའོ། །བཛྲ་ཀཱི་ལ་ཡ་ནི་དབྱེ་བ་གྱིས ་ཤིག་པའོ། །ཧཱུཾ་གསུམ་ནི་ལུས་ལ་སོགས་པ་ཕུར་པུས་བཏབ་པའི་ཕྱིར་རོ། །ལྷག་མ་ནི་སྔ་མ་བཞིན་ནོ། །སྔགས་ཀྱི་ཚིག་གཉིས་པོ་དེ་དག་གིས་བགེགས་རྣམས་ལ་ཕུར་བུས་བཏབ་པ་དང། གཅིག་གིས་ནི་བརྡུང་བར་བྱ་སྟེ། དྲང་བའི་དོན་ཏོ། །རྣམ ་པར་རྟོག་པ་ཐམས་ཅད་སེལ་པ་ནི་ཕུར་བུས་བཏབ་པ་དང། འོད་གསལ་བ་ལ་བརྟན་པ་ནི་བརྡུང་བར་བྱ་སྟེ། ངེས་པའི་དོན་ཏོ། །བརྡུང་བ་ནི་ཇི་ལྟར་བྱེད་ཅེ་ན་སྨས་པ། རྡོ་རྗེ་ཐོབ་ཕྱག་བསྣམས་པའི། །གནོད་མཛེས་རྒྱལ་པ་རྣམ་པར་བསམ། ། ་རྡོ་རྗེ་མེ་ནི་སྔགས་བཅས་པས། །རྣམ་པར་འཕྲོ་བ་ངེས་པར་བསྒོམ་ཞེས་སྨོས་པ་ལ། གནོད་མཛེས་ཀྱི་རྒྱལ་པོ་ཡང་རྡོ་རྗེ་ལྕགས་ཀྱུ་ཡོངས་སུ་གྱུར་པས་རྡོ་རྗེ་ཐོ་པ་ལག་ན་བསྣམས་པ་བསྒོམ་པར་བྱའོ། །དེ་ཡང་རྟ་མགྲིན་གྱི་རང་བཞིན་ཞེས ་མན་ངག་གོ་།རྡོ་རྗེ་ཐོ་བ་དེ་ཡང་རྡོ་རྗེའི་མེ་འཕྲོ་བར་བྱེད་པར་བསམ་མོ། །རྡོ་རྗེ་ཐོ་བ་ངེས་དེ་དག་བརྡུང་ཞིང་ས་འོག་བདུན་དུ་སོན་པར་བསམས་ཏེ། ཁྲོ་བོའི་སྐུ་ལས་བྱུང་པའི་འབར་བའི་ཚོགས་ཀྱི་བགེགས་ལ་དབུགས་ཀྱི་རླུང་གིས་ཐལ་བ་ད ་ཁྱེར་བར་བྱའོ། །ཞེས་དྲང་པའི་དོན་ཏོ། །གནོད་མཛེས་ཀྱིས་རྒྱལ་པོ་ནི་རྩི་དབུས་མ་སྟེ། དེ་ཉིད་རྡོ་རྗེའི་ཐོ་བའི་དབྱིབས་ཅན་འོད་གསལ་བའི་མེ་འཕྲོ་བ་བསམ་པ་ནི་ངེས་པའི་དོན་ཏོ། །དེ་ཉིད་བཤད་པ་གདུག་པ་ཚིག་པས་ཕན་ཚུན་དུ་། ཏོ། །དེ་ཉིད་བཤད་པ་གདུག་པ་ཚིག་པས་ཕན་ཚུན་དུ། ་འབྲོས་འབྲོས་པར་གྱུར་པར་རྣམ་པར་བསམ་ཞེས་བྱ་བ་ནི་ཕན་ཚུན་ཏེ་བདག་པོ་རྣམས་ཕུར་བུས་བཏབ་ན་འཁོར་རྣམས་ཀྱང་འཇིགས་པ་དང་ལྡན་པར་གྱུར་ཞིང་འབྲོས་པར་གྱུར་པར་བལྟས་ཏེ། སྔ་མའི་རིམ་གྱིས་བསྲེག་པར་བྱ་སྟེ། དྲང་པའི ་དོན་ཏོ། །སྣང་བ་གསུམ་སྤངས་པར་གྱུར་ན། དེའི་འཁོར་དུ་གྱུར་པའི་རང་བཞིན་བརྒྱ་དྲུག་ཅུ་འབྲོས་པར་གྱུར་པ་ནི་མི་སྣང་བར་གྱུར་པར་བསམ་པར་བྱ་སྟེ། ངེས་པའི་དོན་ཏེ། །ཉེ་བར་བསྡུ་བ་བཤད་པར་བྱ་སྟེ། ཕྱོགས་བཅུར་ཕུར་བུས་བཏབ ་ནས་ནི། སྟེང་འོག་ཡང་དག་བྱིན་གྱིས་བརླབ་ཅེས་བྱ་བ་ནི་དེ་ལྟར་སྔར་བཤད་པའི་རིམ་གྱིས་ཕྱོགས་བཅུར་ཕུར་གུས་བཏབ་པར་བསྟན་ཏོ། །འོ་ན་ཕྱོགས་བརྒྱད་ནི་རབ་ཏུ་གྲགས་པ་སྟེ། ཇི་ལྟར་ཕྱོགས་བཅུ་ཞེས་བཤད་ཅེས། སྨས་པ་སྟེང་འོག་ཡང ་དག་བྱིན་གྱིས་བརླབ་ཅེས་བྱ་བ་ནི་སྟེང་འོག་དང་ལྷན་ཅིག་ཕྱོགས་བཅུར་ཕུར་དུས་གདབ་པས་སྐྱོན་མེད་དོ། །དེ་ཉིད་བཤད་པ་ཡང་དག་བྱིན་བརླབ་པ་ནི་ཕུར་བུས་གདབ་པར་བྱ་ཞེས་བྱ་བའི་ཐ་ཚིག་།དེ་ནས་ཡེ་ཤེས་སེམས་དཔའ་ཨི་ས་བོན་ལས་འོད་ཟེར ་གྱི་འཁོར་ལོ་སྤྲོས་ལ་ལྕགས་ཀྱུའི་རྣམ་པ་དེས་ཁྲོ་བོ་བཅུ་གཅིག་པོ་བཀུག་ཅིང་རང་གི་སྙིང་གར་བཅུག་སྟེ་ཐབས་དང་ཤེས་རབ་འབའ་ཞིག་ཏུ་གནས་པར་བལྟ་བར་བྱའོ། །དེ་ལྟར་བྱས་ན་ཡང་གལ་ཏེ་ལས་དང་པོ་པ་ཡིན་པའི་ཕྱིར་བགེགས་ཞི་བར ་མ་གྱུར་ན་དེའི་ཚེ་ཇི་ལྟར་བྱེད་ཅེ་ན། སྨྲས་པ། དམ་པའི་དོན་དུ་སྲིད་གསུམ་ནི། དངོས་པོ་མེད་པར་བསྒོམ་པར་བྱ་ཞེས་བྱ་བ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པ་ནི་སྲིད་གསུམ་མོ། །གཅིག་དང་དུ་མ་དང་བྲལ་བས་ན་སྟོང་པ། དབང་ཕྱུག་ལ་སོགས ་པ་རྒྱུ་མེད་པས་ན་མཚན་མ་མེད་པ། རྟོག་པ་དང་བྲལ་བས་སྨོན་པ་མེད་པ་སྟེ། དེ་ཉིད་ཀྱིས་ཕྱིར་དངོས་པོ་མེད་པ་སྟེ། འདི་ཉིད་ཀྱི་ངོ་བོ་ཞེས་བརྗོད་དུ་མི་ནུས་པ་ཐམས་ཅད་སྟོང་པའི་རང་བཞིན་དུ་བསྒོམ་པར་བྱའོ། །ཇི་སྐད་དུ་གཟུགས་ནི་དབུ་བ་ལྟ་བུར་བཤད།། ་ཅིང་བ་ཆུ་པུང་དང་མཚུངས་པ། །འདུ་ཤེས་སྨིག་རྒྱུ་ལྟ་བུར་སྟེ། །འདྲུ་བྱེད་ཆུ་ཤིང་དང་འདྲ་པ། །རྒྱུ་མ་ལྟ་བུར་རྣམ་པར་ཤེས། །དེ་ལྟར་ཕུང་པོ་རྣམས་བསྟན་པའོ་ཞེས་འབྱུང་ངོ། །དེ་བཞིན་དུ་རང་བཞིན་བྲལ་པ་སྟོང་པ་ཉིད་ཡིན་ཏེ། རྒྱུ་དང་བྲལ་བས་དེ་བཞིན ་མཚན་མ་མེད། །རྟོག་པ་མེད་པས་དངོས་པོ་མ་ལུས་ནི། །སྨོན་པ་ལས་ནི་ངེས་པར་གྲོལ་བ་ཡིན་ཞེས་འབྱུང་ངོ། །དེ་བཞིན་དུ་རང་ལས་མ་ཡིན་གཞན་ལས་མིན་གཉི་ག་ལས་མིན་རྒྱུ་མེད་མིན། དངོས་པོ་གང་དག་གང་ན་ཡང། ་སྐྱེ་བ་ནམ་ཡང་ཡོད་མ་ཡིན་ཞེས་འབྱུང་ངོ། །དངོས་པོ་འདི་དག་རང་བཞིན་མེད། །གཅིག་དང་དུ་མ་དང་བྲལ་ཕྱིར་གཟུགས་བརྙན་བཞིན་ཞེས་གཞན་ལས་ཀྱང་འབྱུང་ངོ། །འདིར་མན་ངག་ནི་ཐབས་དང་ཤེས་རབ་སྙོམས་པར་འཇུག་པས་ཡབ་ཡུམ ་ཞུ་སྟེ་སྟོང་པ་ཉིད་ཀྱི་རང་བཞིན་དུ་བདག་ཉིད་བསམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་སྤྲོས་ཏེ་བཤད་པར་བྱ་པའི་ཕྱིར། དངོས་པོ་མེད་པས་སྒོམ་པ་མེད། །བསྒོམ་པར་བྱ་བ་སྒོམ་པ་མིན། །དེ་བས་དངོས་པོ་དངོས་མེད་པས། །སྒོམ ་པ་དམིགས་སུ་མེད་པའོ། །ཞེས་སྨོས་པ་ལ། བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་མེད་ན་སྒོམ་པ་ནི་མེད་དེ། བསྒོམ་པར་བྱ་བ་མེད་པའི་ཕྱིར་རོ། །བསྒོམ་པར་བྱ་བ་སྒོམ་པ་མིན་ཞེས་བྱ་བ་ནི། གང་ཡོད་པའི་སྒོམ་པ་དེ་ཡང་སྒོམ་པ ་མ་ཡིན་ཏེ། སྒོམ་པ་མེད་པས་ཀྱང་ཡོད་པའི་ཕྱིར་རོ། །དེ་བས་ན་དངོས་པོ་དང་དངོས་པོ་མེད་པ་དང་ལྡན་པ་ནི་དངོས་པོ་མ་ཡིན་ནོ། །དེ་བས་ན་བསྒོམ་པར་བྱ་བ་དང། སྒོམ་པ་པོ་དང། སྒོམ་པ་ནི་མི་དམིགས་ཏེ། ཡི་གེའི་དོན་ཏོ། །སྟེང་ལ ་སོགས་པའི་དབྱེ་བས་ཆོས་ཐམས་ཅད་སེལ་ཅིང་འདུས་བྱས་དང་འདུས་མ་བྱས་པའི་ཆོས་རྣམས་སྟོང་པ་ཞེས་བསྒོམ་པ་གང་ཡིན་པ་སྟེ། སྟོང་པ་ཉིད་ལ་མངོན་པར་ཞེན་པའི་ལྟ་བ་ཡིན་པའི་ཕྱིར་རོ། །མཚན་མ་སེལ་བར་བྱ་བའི་ཕྱིར ་བསྒོམ་པར་བྱ་བ་སྒོམ་པ་མིན་ཞེས་སྨོས་ཏེ། རྒྱུ་དང་འབྲས་བུའི་རྣམ་པ་ལ་མངོན་པར་ཞེན་པའི་སྒོམ་པ་གང་ཡིན་པ་དེ་ཡང་མི་རིགས་ཏེ། རྒྱུ་དང་འབྲས་བུ་གཉིས་སུ་མེད་པའི་ཕྱིར་རོ། །སྨོན་པ་སེལ་པར་བྱ་བའི་ཕྱིར་དེ་བས་དངོས་པོ ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ཕྱིའི་རྣམ་པའི་སྨོན་པའི་འབྲས་བུ་གང་ཡིན་པ་དེ་ནི་ཡོད་པ་མ་ཡིན་ཏེ། སྨོན་པ་ལ་སོགས་དམིགས་པ་མེད་པའི་ཕྱིར་རོ། །དེ་བས་ན་ཕྱིའི་དངོས་པོའི་རྣམ་པའི་བསྒོམ་པ་དམིགས་སུ་མེད་པ་ནི་ཡོད་པ་མ ་ཡིན་ཏེ། སེམས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །སྤྱིའི་དོན་ཏོ། །དངོས་པོ་མེད་པ་ནི་ཕུང་པོ་ལ་སོགས་པ་གང་ཡིན་པ་དེ་རྣམས་མེད་པས་བསྒོམ་པར་གྱུར་པ་སེམས་ཅན་གང་ཡིན་པ་དེ་ནི་མེད་དེ། མ་དག་པ་དང་རྟག་ཏུ་མེད་པའི་ཕྱིར་རོ། །ཀུན་རྫོབ ་ཀྱི་བདེན་པ་སེལ་བར་བྱ་བའི་ཕྱིར། བསྒོམ་པར་བྱ་བ་སྒོམ་པ་མིན་ཞེས་སྨོས་ཏེ། ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་ཀྱི་ལྷའི་སྐུ་བསྒོམ་པ་གང་ཡིན་པ་དེ་ནི་མི་རིགས་ཏེ། འོད་གསལ་བས་རྣམ་པར་དག་པར་བྱ་བའི་ཕྱིར་རོ། །དེ་པས་ན་ཀུན་རྫོབ་ཀྱི ་བདེན་པ་ཙམ་གྱི་དངོས་པོ་ནི་དངོས་པོ་མ་ཡིན་ཏེ་བདེན་པ་གཉིས་དབྱེར་མེད་པའི་ཕྱིར་རོ། །དེས་ན་བསྒོམ་པ་ནི་བདེན་པ་གཉིས་ཀྱི་རྣམ་པའི་སྒོམ་པ་དམིགས་པ་མེད་པ་སྟེ། དཀའ་བས་དམིགས་པ་ཞེས་བྱ་བ་སྟེ། སྤས་པའོ། །དངོས་པོ་མེད་པ་ནི ་དོན་དམ་པའི་བདེན་པ་སྒོམ་པ་མེད་དེ། ཐོག་མ་ནས་ངག་པའི་ཕྱིར་རོ། །ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་སྒོམ་པ་གང་ཡིན་པ་དེ་ནི་བསྒོམ་པར་བྱ་བ་མ་ཡིན་ཏེ། བདེན་པ་མ་ཡིན་པའི་ཕྱིར་རོ། །དེ་བས་ན་བདེན་པ་གཉིས་ཀྱི་བདག་ཉིད་ཀྱི ་དངོས་པོ་ནི་བསྒོམ་པར་བྱ་བ་མ་ཡིན་ནོ། །བདེན་པ་གཉིས་སུ་མེད་པར་བྱ་བ་མཐོང་བ་ཙམ་གྱིས་ཐར་པ་ཡིན་པའི་ཕྱིར་རོ། །དེས་ན་སྒོམ་པ་པོ་དང། སྒོམ་པ་དང། བསྒོམ་པར་བྱ་བ་མངོན་པར་ཞེན་པ་འདི་ནི་ཟུང་འཇུག་གི་རིམ་པ་ཁོང་དུ་ཆུད ་པས་མི་དམིགས་སོ། །ཞེས་ཐར་ཐུག་པའོ། །དངོས་པོ་མེད་པ་ནི་ལྟ་བ་དྲུག་ཅུ་རྩ་གཉིས་མེད་ན་དེ་ལ་མངོན་པར་ཞེན་པའི་མཚན་ཉིད་ཀྱི་སྒོམ་པ་མེད་དེ། དེའི་རང་བཞིན་མི་དམིགས་པའི་ཕྱིར་རོ། །ཕུང་པོ་ལྔ་དང། སྐྱེ་མཆེད་བཅུ་གཉིས་དང ་ཁམས་བཅོ་བརྒྱད་ནི་ཡོད་དོ་ཞེས་ཉན་ཐོས་པ་རྣམས་ཀྱི་སྒོམ་པ་གང་ཡིན་པ་དེ་ནི་སྒོམ་པ་མ་ཡིན་ཏེ། གཅིག་དང་དུ་མ་དང་བྲལ་བས་དེ་རྣམས་མེད་པའི་ཕྱིར་རོ། །དེ་བས་ན་རྣམ་པ་འདིས་དངོས་པོ་ནི་ཕུང་པོ་ལྔ་ལ་སོགས ་པའི་མཚན་ཉིད་དངོས་པོ་མེད་པ་སྟེ། རྫས་སུ་ཡོད་པ་མ་ཡིན་ཏེ། དེ་པས་ན་བསྒོམ་པ་ནི་དེ་ལས་ལྡོག་པའི་ཕྱིར་མི་སྡུག་པ་ལ་སོགས་པ་དམིགས་པ་མེད་པ་སྟེ། སྒྲ་ཇི་བཞིན་པའོ། །དངོས་པོ་མེད་པ་ནི་ཆོས་ཐམས་ཅད་མེད་པས་ཆོས་ལ ་མངོན་པར་ཞེན་པའི་མཚན་ཉིད་ཀྱི་སྒོམ་པ་མེད་དོ་ཞེས་སྟོང་པའོ། །བསྒོམ་པར་བྱ་བ་ནི་ཀུན་བརྟགས་ཀྱི་སྒོམ་པ་སྟེ། སྒོམ་པ་མ་ཡིན་ནོ། །ཞེས་ཤིང་ཏུ་སྟོང་པའོ། །དེ་བས་ན་དངོས་པོ་ནི་གཞན་དབང་གི་མཚན་ཉིད་གང་ཡིན་པ་དེ་ནི་དངོས་པོ་མ ་ཡིན་ཏེ། རྫས་མ་ཡིན་ནོ་ཞེས་སྟོང་པ་ཆེན་པོའོ། །བསྒོམ་པ་དམིགས་སུ་མེད་པ་ནི་ཡོངས་སུ་གྲུབ་པའི་སྒོམ་པ་རྟགས་པ་མ་ཡིན་ནོ། །ཞེས་ཐམས་ཅད་སྟོང་པ་སྟེ། སྒྲ་ཇི་བཞིན་པ་མ་ཡིན་པའོ། །དངོས་པོ་མེད་པའི་རྙེད་པའོ། །སྒོམ་པ་མིན་པ་ནི་མ ་རྙེད་པའོ། །བསྒོམ་པར་བྱ་བ་ནི་བདེ་བའོ། །སྒོམ་པ་མིན་པ་ནི་སྡུག་བསྔལ་ལོ། །དེ་ལྟར་དངོས་པོ་ནི་གྲགས་པའོ། །དངོས་པོ་མེད་པ་ནི་མ་གྲགས་པའོ། །བསྒོམ་པ་ནི་བསྟོད་པའོ། །དམིགས་སུ་མེད་པ་ནི་སྨོད་པ་སྟེ། དགོངས་པས་བཤད ་པའོ། །དངོས་པོ་མེད་པ་ནི་ལས་ཀྱི་ཕྱག་རྒྱས་སྤངས་ནས་སྒོམ་པ་མེད་པ་སྟེ། དེའི་སྤྲོས་པ་ནི་སྒོམ་པ་མི་རིགས་ཏེ། བསྐྱེད་པའི་རིམ་པར་ཐལ་བར་འགྱུར་བའི་ཕྱིར་རོ། །བསྒོམ་པར་བྱ་བ་སྒོམ་མིན་ནི་དམ་ཚིག་གི་ཕྱག་རྒྱའི་སྒོམ་པ་ནི ་འཇིག་རྟེན་ལས་འདས་པ་མ་ཡིན་ཏེ། སྔགས་ལ་སོགས་པས་སྦྱོང་བ་ལ་བལྟོས་པའི་ཕྱིར་རོ། །དེ་བས་ན་དངོས་པོ་ནི་ཡེ་ཤེས་ཀྱི་ཕྱག་རྒྱའི་བསྒོམ་པ་ཡང་དངོས་པོ་མ་ཡིན་ཏེ། དོན་དམ་པ་མ་ཡིན་གྱིས་བརྟགས་པའི་ཕྱིར་རོ། །དེ་བས་ན་སྒོམ ་པ་ནི་ཕྱག་རྒྱ་ཆེན་པོའི་བསྒོམ་པ་དམིགས་སུ་མེད་པ་སྟེ། ཕྱག་རྒྱ་གསུམ་གྱི་རྣམ་པར་རྟོག་པ་དེ་ལ་མི་དམིགས་སོ་ཞེས་དགོངས་པ་མ་ཡིན་པའོ། །འཇིག་ཚོགས་ཀྱི་ལྟ་བ་དངོས་པོ་མེད་ན་མཐར་འཛིན་པའི་ལྟ་བའི་སྒོམ་པ་མེད་དོ། །བསྒོམ་པར་བྱ་བ་ནི་ལོག ་པའི་ལྟ་བའི་རྟོག་པ་ནི་མི་དམིགས་ཏེ། བརྫུན་པ་ཡིན་པའི་ཕྱིར་རོ། །དེ་བས་ན་ལྟ་བས་མཆོག་ཏུ་འཛིན་པའི་དངོས་པོ་ནི་དངོས་པོ་ཡིན་པས་མེད་དེ། དེ་བས་ན་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བའི་མཚན་ཉིད་ཀྱི་སྒོམ་པ་ནི་དམིགས་གིས ་པ་མེད་པ་སྟེ། དྲང་པའི་དོན་ཏོ། །དངོས་པོ་མེད་པ་ནི་རྣམ་རིག་ཙམ་མེད་པས་བསྒོམ་པ་མེད་པ་སྟེ། དེ་ཐོབ་པར་བྱེད་པའི་ལམ་གྱི་སྒོམ་པ་མེད་དོ། །བསྒོམ་པར་བྱ་བ་སྒོམ་པ་མིན་ནི་སྟོང་པ་ཉིད་ཀྱི་བསྒོམ་པ་ཡང་མི་རིགས་ཏེ། བཅོ་བརྒྱད་ལ་བལྟོས་པའི ་ཕྱིར་དང་ཆད་པའི་ཕྱོགས་ཡིན་པའི་ཕྱིར་རོ། །དེ་བས་དངོས་པོ་དངོས་མེད་པ་ནི་བསྐྱེད་པའི་རིམ་པའི་སྒོམ་པའི་བདག་ཉིད་དོན་དམ་པ་མ་ཡིན་ཏེ། བརྟགས་པའི་ཕྱིར་རོ། །དེ་བས་ན་རྫོགས་པའི་རིམ་པ་སྒོམ་པ་ནི་དམིགས་པ་མེད་པ་སྟེ། སྤྲོས་པ་མེད་པའི་ཕྱིར་དང ་ངོ་བོ་ཉིད་ཀྱིས་གྲུབ་པའི་ཕྱིར་རོ། །ཞེས་ངེས་པའི་དོན་ཏོ། །དེ་ཉིད་བསྡུ་བར་བྱ་བའི་ཕྱིར། །ཚིགས་བཅད་འདི་ཡིས་རྒྱུ་མི་རྒྱུའི། །བདག་ཉིད་ཅན་རྣམས་སྟོང་པར་བསྒོམ། །ཞེས་སྨོས་ཏེ། ཚིགས་བཅད་འདི་ཡིས་ནི་སྔར་བཤད་པས་སོ། །རྒྱུ་དང་མི་རྒྱུའི ་བདག་ཉིད་ཅན་ནི་བརྟན་པ་དང་གཡོ་བའི་བདག་ཉིད་ཅན་གྱི་ཁམས་གསུམ་པ་སྟོང་པ་ཉིད་དུ་བསམ་པར་བྱའོ། །དེའི་རིམ་པ་ནི་རང་གི་ཐུགས་ཀ་ནས་འོད་ཟེར་གྱི་འཁོར་ལོ་སྤྲོས་ལ་དེ་སྣོད་དང་བཅུད་ཀྱི་འཇིག་རྟེན་གཉིས་དགུག་ཅིང་དེར་གཅུག་ལ་ཐབས ་དང་ཤེས་རབ་སྙོམས་པར་འཇུག་པས་བདག་ཉིད་སྟོང་པ་ཉིད་དུ་བསྒོམ་མོ། །དེ་བས་ན་འོད་གསལ་བའི་སེམས་ལ་བགེགས་འབྱུང་པ་གང་ཡིན་པ་དེ་ནི་གནས་མ་ཡིན་གྱི་ཀླགས་སྐབས་ཀྱང་མ་ཡིན་ནོ། །དེ་ནི་བགེགས་རབ་ཏུ་ཞི་བར་བྱ་བའི་ཐབས ་དམ་པ་ཡིན་ནོ། །ཐིག་ལེ་ཙམ་ལུས་པར་གྱུར་རམ་ཞེ་ན། མ་ཡིན་ཏེ། ཐིག་ལེ་ཡང་སྒྲ་ལ་ཐིམ་པ་དང། སྒྲ་ནི་སྒྲ་ཙམ་ལ། སྒྲ་ཙམ་ནི་འོད་གསལ་བ་ལ་ཞེས་རྣམ་རིག་ཙམ་དུ་ཐལ་བར་མི་འགྱུར་ཏེ། གཞུང་མཁན་ནི་དབུ་མ་པ ་ཡིན་པའི་ཕྱིར་རོ། །དེ་ནི་ཡན་ལག་གསུམ་པའོ། །ང་ནི་ཆད་པའི་ལྟ་བ་སེལ་བའི་ཕྱིར་དང། འགྲོ་བའི་དོན་བྱ་བའི་ཕྱིར་བསྐྱེད་པའི་རིམ་པ་བཤད་པར་བྱ་སྟེ། དེའི་དང་པོ་ཡེ་ཤེས་ཀྱིས་གཞི་བསྒོམ་པ་ནི། ཆོ་གའི་སྦྱོར་བ་འདི་ཡིས་ནི། །ཡེ ་ཤེས་ས་གཞི་བྱིན་གྱིས་བརླབ་ཅེས་སྨོས་ཏེ། འདིར་དང་པོ་རྟེན་གྱི་དཀྱིལ་འཁོར་བསྒོམ་པར་བྱ་བ་དང། ཕྱི་ནས་རྟེན་པའི་དཀྱིལ་འཁོར་ལོ། །རྟེན་གྱི་དཀྱིལ་འཁོར་གང་ཡིན་པ་དེ་ནི་ཡེ་ཤེས་ཀྱི་ས་གཞི་སྟེ། དེ་བཞིན་གཤེགས་པ ་ལྔའི་ངོ་བོ་ནམ་མཁའ་དང། རླུང་དང་མེ་དང་ཆུ་དང། སའི་དཀྱིལ་འཁོར་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་སོགས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་སྣོད་ཀྱི་འཇིག་རྟེན་ནི་གླིང་བཞི་དང་རི་རབ་ཀྱི་རང་བཞིན་ཡིན་ནོ་ཞེས་དེའི ་རྣམ་པར་དག་པས་ཡེ་ཤེས་ཀྱི་ས་གཞི་བསྒོམ་པར་བྱའོ། །དེ་ཉིད་བསྟན་པ་ནི་ནམ་མཁའ་ཨི་ཁམས་ཀྱི་དབུས་གནས་པར། ཧཱུཾ་གཉིས་ས་བོན་ཨཾ་ལས་བྱུང། །རྡོ་རྗེ་གཉིས་དང་ཡང་དག་ལྡན། །རླུང་གི་དཀྱིལ་འཁོར་བསྒོམ་པར་བྱ་ཞེས་སྨོས ་ཏེ། དང་པོ་ཧཱུཾ་ལས་བྱུང་བའི་ཆོས་འབྱུང་གི་ཕྱག་རྒྱའི་སྟེང་དུ་ཧཱུཾ་གཉིས་གྱིས་མཚན་པའི་ཡི་གེ་ཡཾ་སྔོན་པོ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་གཉིས་ཀྱིས་མཚན་པའི་རླུང་གི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ནས་ཧཱུཾ་གཉིས་ས་བོན་རམ་ལས་བྱུང། ་རྡོ་རྗེ་གཉིས་ཀྱིས་ཡང་དག་མཚན། །མེ་ཡི་དཀྱིལ་འཁོར་ཉིད་ཀྱང་ནི། །དེའི་སྟེང་དུ་རྣམ་པར་བསམ་ཞེས་སྨོས་ཏེ། རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་གཉིས་ཀྱི་མཚན་པ་ཡི་གེ་རཾ་དམར་པོ་ཡོངས་སུ་གྱུར་པ་རྡོ་རྗེ་གཉིས་ཀྱིས་མཚན་པ་མེའི་དཀྱིལ ་འཁོར་བསྒོམ་པར་བྱའོ། །དེ་ནས་ཧཱུཾ་གཉིས་ས་བོན་བཾ་ལས་བྱུང། །རྡོ་རྗེ་གཉིས་དང་ཡང་དག་ལྡན། །ཆུའི་དཀྱིལ་འཁོར་ཉིད་ཀྱང་ནི། །དེ་ཡི་སྟེང་དུ་རྣམ་པར་བསམ་ཞེས་སྨོས་ཏེ། མེ་ཡི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་གཉིས་ཀྱིས་མཚན་པ་པཾ་དཀར་པོ ་ལས་སྐྱེས་པའི་རྡོ་རྗེ་གཉིས་ཀྱིས་མཚན་པའི་ཆུའི་དཀྱིལ་འཁོར་བསྒོམ་མོ། །དེ་ནས་ཧཱུཾ་གཉིས་ས་བོན་ལཾ་ལས་བྱུང། །རྡོ་རྗེ་གཉིས་དང་ཡང་དག་ལྡན། །ས་ཡི་དཀྱིལ་འཁོར་ཉིད་ཀྱང་ནི། །དེ་ཡི་སྟེང་དུ་ཡང་དག་བསམ། ཞེས་སྨོས་ཏེ། ཧཱུཾ ་གཉིས་ཀྱིས་མཚན་པའི་ལཾ་སེར་པོ་ལས་བྱུང་བ་ཆུའི་དཀྱིལ་འཁོར་གྱི་སྟེང་དུ་སའི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ནས་དཀྱིལ་འཁོར་བཞི་པོ་ཡང་དག་བསྡུ། རྡོ་རྗེའི་ས་གཞིའི་དཀྱིལ་འཁོར་ལ་ཞེས་སྨོས་ཏེ། ཆོས་འབྱུང་པའི་ཕྱག ་རྒྱ་སྤངས་ནས། ལྷག་མ་རླུང་གི་དཀྱིལ་འཁོར་ལ་སོགས་བཞི་གཅིག་ཏུ་གྱུར་པས་ཡེ་ཤེས་ཀྱིས་གཞིར་གྱུར་པར་བསམ་མོ། །འདིར་ཞལ་གྱི་མན་ངག་ནི་དང་པོ་ཐམས་ཅད་སྟོང་པའི་རང་བཞིན་འོད་གསལ་བ་ལས་ཅིག་ཅར་དུ་སྤྲིན་མེད་པའི ་ནམ་མཁའ་ཨི་དབུས་ནས་སྤྲིན་གྱི་དུམ་བུ་བཞིན་དུ་ཡི་གེ་ཧཱུཾ་བསྒོམས་ནས་དེ་ཡོངས་སུ་གྱུར་པས་ཁམས་གསུམ་གྱི་རང་བཞིན་གྱི་ཕྱག་རྒྱ་ཆོས་འབྱུང་དཀར་པོ་ནང་ཁོང་སྟོང་ནམ་མཁའ་ཨི་ཁམས་གྱི་རང་བཞིན་བསམས་ཏེ། དེའི་སྟེང་དུ་ཁ་དོག་དཀར་པོ ་དབྱངས་དང་པོ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་དེ་ཉིད་ལ་ཁྱབ་ནས་གནས་པ་བལྟས་ཏེ། དེའི་དབུས་སུ་ཧཱུཾ་སྔོན་པོ་བཀོད་ལ། དེ་ལས་འཕྲོས་པའི་དབྱངས་དང་གསལ་བྱེད་ཕྲེང་བ་དཀར་པོ་དང། དམར་པོ་ཤེས་རབ་དང་ཐབས་ཀྱི་རང་བཞིན ་བསམས་ཏེ། ཧཱུཾ་སྤངས་ནས་དབྱངས་དང་གསལ་བྱེད་ཡོངས་སུ་གྱུར་ཅིང། ལྷ་མོ་དང་ཐབས་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ལྷ་སུམ་ཅུ་རྩ་གསུམ་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་ཞལ་གསུམ་ཕྱག་དྲུག་པ་ཞི་བ་སྙོམས་པར་འཇུག་པའི་བདེ་བ ་ཉམས་སུ་མྱོང་བ་སེམས་དཔའ་གསུམ་གྱི་བདག་ཉིད་བསམ་མོ། །དེ་ནས་ཆགས་པ་ཆེན་པོ་ལས་བྱུང་བའི་སྒྲས་ནམ་མཁའ་ཨི་ཁམས་ན་གནས་པའི་དེ་བཞིན་གཤེགས་པའི་ཚོགས་དགུག་ཅིང་དག་གི་ལམ་ནས་ཞུགས་ཏེ ་དེ་མ་ཐག་ཏུ་ཞུ་ཞིང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རོ་གཅིག་པར་བསམ་མོ། །ཧཱུཾ་དང་བཅས་པའི་ཟླ་བའི་དཀྱིལ་འཁོར་ཡང་ཆོས་འབྱུང་ལ་ཐིམ་མོ། །ཆོས་འབྱུང་ནི་དབུས་སུ་སྔོན་པོ་དང། གཡོན་དང་གཡས་ཕྱོགས་སུ་དཀར་པོ་དང་དམར་པོ་སྟེ། ནམ ་མཁའ་ཨི་ཁམས་ཞེས་བྱ་བའི་དོན་ཏོ། །དེའི་སྟེང་དུ་ཧཱུཾ་གཉིས་ཀྱིས་མཚན་པའི་ཡི་གེ་ཡཾ་སྔོན་པོ་བཀོད་དེ། དེ་ཡོངས་སུ་གྱུར་པ་ལས་བ་དན་གྱི་མཚན་པ་གཞུག་གི་དབྱིབས་ཅན་རྡོ་རྗེ་གཉིས་དང་ལྡན་པས་འོག་ནས་བརྩམས་ཏེ། མཛའ་ཡས་པར ་རླུང་གི་དཀྱིལ་འཁོར་སྔོན་པོ་བསམ་མོ། །དེའི་སྟེང་དུ་བཅོམ་ལྡན་འདས་དོན་ཡོད་པར་གྲུབ་པའི་ས་བོན་ཡི་གེ་ཁ་བཀོད་ལ་དེ་ཡོངས་སུ་གྱུར་པ་ལས་ཁ་དང་བཅས་པའི་རལ་གྲི་བསམས་ལ། དེ་འོད་ཟེར་གྱི་མེ་ཏོག་ཅན་གྱི་སངས་རྒྱས་ཀྱི ་ཞིང་ན་གནས་པའི་དོན་ཡོད་གྲུབ་པའི་དཀྱིལ་འཁོར་བཀུག་ཅིང་བཅུག་ལ། དེ་ཡོངས་སུ་གྱུར་པ་ལས་དོན་ཡོད་གྲུབ་པ་ཞལ་གསུམ་ཕྱག་དྲུག་པ་ལྗང་གུ་སྒྲོལ་མ་དང་སྙོམས་པར་འཇུག་པ་སེམས་དཔའ་གསུམ་གྱི་བདག་ཉིད་ལྟ་སྟེ། ་དགའ་བའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་འཇུག་པ་སྔོན་དུ་འགྲོ་བར་ཞུ་སྟེ། རླུང་གི་དཀྱིལ་འཁོར་དང་ཐ་མི་དད་པར་བསྒོམ་མོ། །དེ་ནས་རླུང་གི་དཀྱིལ་འཁོར་ཉིད་ཡོངས་སུ་གྱུར་པ་ལས་ཧཱུཾ་གཉིས་དང་ལྡན་པའི་ཡི་གེ་རི?་བྱུང་ཞིང་དེ་ལས་སྐྱེས་པ ་དམར་པོ་གྲུ་གསུམ་ལ་འབབ་པའི་ཕྲེང་བས། མཚན་པ་མེའི་དཀྱིལ་འཁོར་བསྒོམ་སྟེ། དེའི་སྟེང་དུ་ཡི་གེ་ཨཱ:ཡོངས་སུ་གྱུར་པ་ལས་པདྨ་འདབ་མ་བརྒྱད་བ་དམར་པོ་དེ་ཉིད་ཀྱི་མཚན་པ་བསམས་ལ། དེའི་འོད་ཟེར་གྱིས་བདེ་བ་ཅན་གྱིས་སངས་རྒྱས་ཀྱི་ཞིང་ལS ་འོད་དཔག་ཏུ་མེད་པ་བཀུག་ཅིང་བཅུག་ལ་དེ་ཡོངས་སུ་གྱུར་པ་ལས་འོད་དཔག་ཏུ་མེད་པ་ཞལ་གསུམ་ཕྱག་དྲུག་པ་དམར་པོ་གོས་དཀར་མོ་དང་སྙོམས་པར་འཇུག་པ་བསམས་ཏེ། དཔའ་བའ་ཨི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་འཇུག་པ་སྔོན་དུ་འགྲོ་བར ་ཞུ་ཞིང་ཡང་མེའི་དཀྱིལ་འཁོར་བསམ་མོ། །དེ་ནས་མེའི་དཀྱིལ་འཁོར་ཉིད་ཧཱུཾ་གཉིས་ཀྱི་མཚན་པ་བཾ་དཀར་པོར་གྱུར་ཅིང་དེ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་རྡོ་རྗེ་གཉིས་ཀྱིས་མཚན་པ། འོ་མའི་རྒྱ་མཚོ་དང་འདྲ་བ་རྦ་རླབས་འགྲོ་བ ་བསམས་ཏེ། དེའི་དབུས་སུ་ཧཱུཾ་སྔོན་པོ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་བསམས་ཏེ། དེའི་འོད་ཟེར་གྱིས་སྔོན་པར་དགའ་བའི་སངས་རྒྱས་ཀྱི་ཞིང་ན་བཞུགས་པའི་མི་བསྐྱོད་པ་བཀུག་ཅིང་བཅུག་ལ། དེ་ལས་བྱུང་བཞལ་གསུམ་ཕྱག་དྲུག་པ་སྔོན་པོ་མི་བསྐྱོད ་བ་མཱ་མ་ཀཱི་དང་བཅས་པར་བསྒོམས་ཏེ། དགའ་བའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་འཇུག་པ་སྔོན་དུ་འགྲོ་བར་ཞུ་ཞིང་ཡང་ཆུའི་དཀྱིལ་འཁོར་བསམ་མོ། །དེ་ནས་ཆུའི་དཀྱིལ་འཁོར་ཉིད་ཧཱུཾ་གཉིས་ཀྱིས་མཚན་པ་ལཾ་སེར་པོར་གྱུར་ཅིང་དེ ་ལམ་བྱུང་བར་དང་ཆེན་གྱི་པ་འཁོར་གྲུ་བཞི་པ་བསམས་ཏེ། དེའི་སྟེང་དུ་ཨོཾ་དཀར་པོ་ལས་རྩིབས་བརྒྱད་པའི་འཁོར་ལོ་དེ་ཉིད་ཀྱིས་མཚན་པ་བསམས། དེའི་འོད་ཟེར་གྱིས་འོག་མིན་ནས་རྣམ་པར་སྣང་མཛད་སྤྱན་མ་དང་བཅས་པ་བཀུག་ཅིང ་བཅུག་ལ་དེ་ཡོངས་སུ་གྱུར་པ་ལས་ཞལ་གསུམ་ཕྱག་དྲུག་ལ་དཀར་པོ་རྣམ་པར་སྣང་མཛད་སྤྱན་མ་དང་སྙོམས་པར་འཇུག་པ་བསྒོམས་ལ་དགའ་བའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་འཇུག་པ་སྔོན་དུ་འགྲོ་བར་ཞུ་ཞིང་ཡང་དབང་ཆེན་གྱིས་དཀྱིལ ་འཁོར་བསམ་མོ། །དེའི་སྟེང་དུ་ཏྲཾ་ལས་ཟུར་དྲུག་པའི་རིན་པོ་ཆེའི་འོད་ཟེར་གྱིས་རིན་ཆེན་འབྱུང་གནས་ན་གནས་པའི་རིན་ཆེན་འབྱུང་ལྡན་མཱ་མ་གྱི?་དང་བཅས་པ་དགུག་ཅིང་བཅུག་ལ། དེ་ཡོངས་སུ་གྱུར་པ་ལས་རིན་ཆེན་འབྱུང་ལྡན་སྙོམས་པར་འཇུག་པ ་བསམ་སྟེ། དེ་བཞིན་གཤེགས་པ་འཇུག་པ་སྔོན་དུ་འགྲོ་བར་ཞུ་ཞིང་དབང་ཆེན་གྱི་དཀྱིལ་འཁོར་ཉིད་ནམ་མཁའ་བཞིན་དུ་རྒྱ་ཆེ་བར་བསྒོམ་སྟེ། དྲང་བའི་དོན་ཏོ། །ཚངས་པའི་བུ་ག་ནི་མཆོད་སྦྱིན་གྱི་ཕྱག་རྒྱའོ། །ལྟེ་བར ་རླུང་གི་དཀྱིལ་འཁོར་དང། །ལྐོག་མར་མེའི་དཀྱིལ་འཁོར་དང། སྙིང་གར་ཆུའི་དཀྱིལ་འཁོར་དང་གསང་པར་དབང་ཆེན་གྱི་དཀྱིལ་འཁོར། །གཡས་པ་ལས་བྱུང་པའི་འོད་ཟེར་ནི་མེའི་དཀྱིལ་འཁོར་ཉིད་དོ། །ཞེས་བཤད་པའི་ཕྱིར་ཏེ། ངེས ་པའི་དོན་ཏོ། །དེ་ཉིད་བཤད་པ་དཀྱིལ་འཁོར་བཞི་པོ་ཡང་དག་བསྡུ། །རྡོ་རྗེ་ས་གཞིའི་དཀྱིལ་འཁོར་ལ། །སྟེང་དུ་དབང་ཆེན་གྱི་དཀྱིལ་འཁོར་ཉིད། །འབྱུང་བ་བཞི་ཡི་རང་བཞིན་ཏེ། དྲང་བའི་དོན་ཏོ། །ལྐོག་མ་ལ་སོགས་པའི་དཀྱིལ་འཁོར ་བཞི་ཉེ་བར་སྡུད་པར་བྱེད་པ་རྡོ་རྗེ་ས་གཞིའི་དཀྱིལ་འཁོར་ཏེ། རྡོ་རྗེ་ས་གཞིའི་དཀྱིལ་འཁོར་ནི་འོད་གསལ་བ་སྟེ། ངེས་པའི་དོན་ཏོ། །ད་ནི་ཡེ་ཤེས་སེམས་དཔའ་བསྒོམ་པ་བསྟན་པར་བྱ་བའི་ཕྱིར། དེ་ལ་བྷཱུཾ་ལས་བྱུང་བ་ཡི། །གཞལ ་ཡས་ཁང་པ་རྣམ་པར་བསྒོམ། །ཟུར་བཞི་དང་ནི་སྒོ་བཞི་དང། །རྟ་བབས་བཞི་ཡིས་མཛེས་བྱས་ལ། །ཐིག་བཞི་དང་ནི་ཡང་དག་ལྡན། །ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། །དྲ་བ་དྲ་བ་ཕྱེད་པ་དང། །རྡོ་རྗེ་ནོར་བུ་ཟླ་ཕྱེད་བརྒྱན། །གྲཝ་ཡི་མཚམས་ནི ་ཐམས་ཅད་དང། །སྒོ་དང་སྒོ་ཁྱུད་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་རྣམས་ཀྱིས་སྤྲས། །ཕྱི་ཡི་དཀྱིལ་འཁོར་ཐིག་?་བྱ་།བུམ་པ་ཀ་བ་རྡོ་རྗེ་ཆེ། །བྲེ་ཡི་ཕྲེང་ལ་བྱ་རྣམས་གནས། །བ་དན་དྲིལ་བུས་མཛེས་བྱས་ལ། །རྔ་ཡབ་སོགས་ཀྱིས་རྣམ་པར་བརྒྱན ་ཅེས་སྨོས་ཏེ། ཚིགས་སུ་བཅད་པ་བཞི་པོས་གཞལ་ཡས་ཁང་སྒོམ་པ་བཤད་པར་བྱ་སྟེ། དེ་ལ་ཞེས་བྱ་བ་ནི་རྡོ་རྗེའི་དཀྱིལ་འཁོར་གྱི་སྟེང་དུ་ཁ་དོག་སེར་པོས་ཡི་གེ་སུམ་བཀོད་ལ། དེ་ལས་རིའི་རྒྱལ་པོ་རི་རབ་རྩེ་མོ་བརྒྱད་ཀྱིས་མཛེས་པ། རིན་པོ་ཆེ་སྣ ་བཞིའི་རང་བཞིན་རྒྱལ་པོ་ཆེན་པོ་ལ་སོགས་པ་ལྷའི་རིས་དྲུག་གིས་བརྒྱན་པ། དགའ་པོ་ལ་སོགས་བ་ནགས་ཆེལ་ཆེན་པོའི་ཚོགས་དང་ལྡན་པ་བསམས་ཏེ། དེའི་སྟེང་དུ་སྤྲིན་སྒྲ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེའི་འཆང་ཟུངས་ལས་མ་ལས་བྱུང ་བའི་སྣ་ཚོགས་པདྨའི་ཟེའུ་འབྲུར་བྷྲུཾ་ཡོངས་སུ་གྱུར་པ་ལས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་གྱི་མཆོད་རྟེན་གྱི་བུམ་པའི་ནང་དུ་ཧཱུཾ་བཀོད་ལ་སྤྲོ་བ་དད་བསྡུ་བ་སྔོན་དུ་འགྲོ་བར་ཡོངས་སུ་གྱུར་པ་ལས་བྱུང་བའི་རྩིབས་བརྒྱད་པའི་འཁོར་ལོའི་ལྟེ་བར་ས་བོན་དེ ་ཉིད་ལས་བྱུང་བའི་འོད་ཟེར་གྱི་ཕྲེང་བས་རྣམ་པར་སྣང་མཛད་ཀྱི་རིགས་བཀུག་ཅིང་བཅུག་ལ། དེ་ཡོངས་སུ་གྱུར་པ་ལས་སྐུ་རྡོ་རྗེ་དཀར་པོ་ཀུན་ཏུ་ཞལ་དཀར་པོ་སྤྱན་དང་བཅས་པའི་སེམས་དཔའ་གསུམ་གྱི་བདག་ཉིད་འཁོར་ལོ་དང། དྲིལ་བུ་འཆང་བ་བསམས ་ཏེ། ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་གྱི་འཁོར་ལོས་བཀུག་པའི་སངས་རྒྱས་ཞུགས་པ་བཞུགས་སྟེ། ཐིག་ལེ་ཉིད་དུ་གྱུར་པ་བལྟས་ཏེ། ཐིག་ལེའི་དྲོད་ཀྱིས་མཆོད་རྟེན་དང། སྣ་ཚོགས་པདྨ་དང། སྣ་ཚོགས་རྡོ་རྗེ་དང། རི་རབ་དབང་ཆེན ་གྱི་དཀྱིལ་འཁོར་གཅིག་ཏུ་གྱུར་པ་ལས་བྱུང་པའི་གཞལ་ཡས་ཁང་པ་འོག་ཏུ་ཧཱུཾ་ཧ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེའི་སྟེང་ན་གནས་པར་བསམ་པར་བྱའོ། །ཞེས་ཚིག་གི་དོན་ཏོ། །དེ་ཡང་ཇི་ལྟ་བུ་ཡིན་ཞེ་ན། ཟུར་བཞི་པའི་ནང་དུ་ཁྱུད་མོ ་ལྕགས་རིའི་མཐར་ཁྱབ་བ་སོར་བཞི་དང་ལྡན་པ་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས་རྣམ་པར་དག་པའི་ཕྱིར་རོ། །སྒོ་བཞི་ནི་ཕྱོགས་རེ་རེས་སྒོ་དང་བཅས་པ་སྟེ། རྣམ་པར་ཐར་པའི་སྒོ་བཞི་དང། དྲན་པ་ཉེ་བར་བཞག་པ་རྣམ་པར་དག་པའི་ཕྱིར་རོ། །རྟ ་བབས་བཞི་ནི་སྒོའི་སྟེང་དུ་དབྱིབས་ཀྱི་ཁྱད་པར་ཏེ། ངས་མཛེས་པ་ནི་སྤྲས་ཏེ། བསམ་གཏན་བཞི་རྣམ་པར་དག་པའི་ཕྱིར། དེ་བཞིན་དུ་ཐིག་བཞི་ཚངས་པའི་ཐིག་གཉིས་ལས་བྱུང་བ་འམ། ཕྱོགས་ཀྱི་ཐིག་ལེ་གཞི་ལས་བྱུང་བ་ནི་དེ་དང་ལྡན་པ་སྟེ། ་ཚངས་པའི་གནས་བཞི་རྣམ་པར་དག་པའི་ཕྱིར་རོ། །ཀ་བ་བརྒྱད་ནི་འཁོར་ལོས་སྒྱུར་བའི་རེའུ་མིག་གི་ཤར་ལ་སོགས་པ་རྣམས་ལ་གནས་པ་དེ་རྣམས་ཀྱིས་མཛེས་པ་ནི། རྣམ་པ་སྣ་ཚོགས་པའི་རིན་པོ་ཆེ་དང་ལྡན་པ་དང། ་རྡོ་རྗེ་མེ་ལོང་ལ་སོགས་པས་མཆེན་པའི་ཕྱིར་ཏེ། བསམ་གཏན་གྱི་རྣམ་པར་ཐར་པ་རྣམ་པར་དག་པའི་ཕྱིར་རོ། །དེ་བཞིན་དུ་དྲ་བ་ནི་གཙོ་བོ་དང་བཅས་པ་དང། དྲ་བ་ཕྱེད་པ་ནི་གཙོ་བོ་མེད་པ་དང། ཟླ་བ་ཕྱེད་པ་དང། རྡོ་རྗེ་རིན་པོ་ཆེ་སྟེ། དེ་རྣམས ་ཀྱིས་བརྒྱན་པ་ནི་བརྒྱན་པ་སྟེ་བྱང་ཆུབ་ཀྱི་ཡན་ལག་བདུན་རྣམ་པར་དག་པའི་ཕྱིར་རོ། །དེ་བཞིན་དུ་གྲའི་མཚམས་ཐམས་ཅད་ནི་ཕྱོགས་བཞིའི་མཚམས་དང། དེ་བཞིན་དུ་སྒོ་ཁྱུད་ནི་ཕྱིའི་ཆ་དང། མཚམས་ནི་ནང་གི་ཆ་སྟེ། དེ་རྣམས་རྡོ་རྗེ ་རིན་ཆེན་ཅུང་ཟད་འཕྱང་བ། རིན་པོ་ཆེ་མཚན་པ་རྡོ་རྗེས་སྒྲས་པ་ནི་འོད་འཕྲོ་བ་སྟེ། ཡེ་ཤེས་ལྔའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་བུམ་པ་ནི་སྒོ་རེ་རེར་ལོགས་གཉིས་གཉིས་ལ་གནས་པ་གསེར་གྱི་བུམ་པ་བརྒྱད་དེ། དེ་ལ་ཤར་གྱི་སྒོར ་རྒྱལ་བ་དང་བཀྲ་ཤིས། ལྷོར་ཆོ་འཕྲུལ་དང། དངོས་གྲུབ་བོ། །ནུབ་ཏུ་རྒྱལ་བ་དང་ཞི་པའོ། །བྱང་དུ་གྲུབ་པ་དང་སྤྲུལ་པ་སྟེ། ཞི་བ་ལ་སོགས་པའི་དངོས་གྲུབ་བརྒྱད་ཀྱི་བདག་ཉིད་ཡིན་ཕྱིར་རོ། །ཀ་བ་ནི་སྒོ་རེ་རེ་ལ་གཉིས་གཉིས་ཡིན་པས་ན་བརྒྱད་དེ། དེ ་རྣམས་ཀྱི་བརྒྱན་པ་ནི་སྔ་མ་བཞིན་ནོ། །རྡོ་རྗེ་ཆེན་པོ་ནི་རྡོ་རྗེ་བཅུ་གཅིག་སྟེ་ས་རྣམ་པར་དག་པའི་ཕྱིར་རོ། །བྲེའི་ཕྲེད་ལ་བྱ་རྣམས་གནས་ཞེས་བྱ་བ་ནི། རྟ་བབས་ཀྱི་རྩེ་མོར་ཤར་ཕྱོགས་སུ་རྨ་བྱ་གཉིས་དང། ལྷོ་ཕྱོགས་སུ་དང་པ་གཉིས་དང། ནུབ་ཕྱོགས་སུ ་དུར་པ་གཉིས་དང། བྱང་ཕྱོགས་སུ་ཤར་ཤང་བེའུ་གཉིས་གནས་ཏེ། འདོད་ཆགས་རྣམ་པར་དག་པའི་ཕྱིར་རོ། །དེ་བཞིན་དྲིལ་བུ་དང་བཅས་པའི་བ་དན་ནི་དྲིལ་བུ་བ་དན་ཏེ། རྒྱལ་མཚན་གྱི་རྩེ་མོར་འཇུག་པའི་དབྱངས་དང། བ་དན་དང་གཡེར་ཁའི་དྲ་བ ་དང་ལྡན་པའོ། །དེ་བཞིན་དུ་རྔ་ཡབ་ལ་སོགས་པ་ནི་རྔ་ཡབ་དང། མེ་ཏོག་གི་ཕྲེང་བ་ལ་སོགས་པ་སྟེ། དེ་རྣམས་ཀྱིས་རྣམ་པར་བརྒྱན་པ་ནི་བརྒྱན་པ་སྟེ། གསུང་རབ་ཡན་ལག་དགུ་རྣམ་པར་དག་པ་སྟེ། དྲང་བའི་དོན་ཏོ། །དེ་ལ་རི་རབ་ནི་ལུས་ཏེ། སྒོ་བརྒྱད་ནི་? ་མོ་བརྒྱད་དོ་སྣ་ཚོགས་རྡོ་རྗེ་དང་སྣ་ཚོགས་པདྨ་ནི་དབང་པོ་གཉིས་ཏེ། བུད་མེད་དང་སྐྱེས་པའི་དབྱེ་བས་སོ། །གཞལ་ཡས་ཁང་ནི་ལུས་ཉིད་དོ། །ཟུང་བཞི་པ་ནི་མདུན་དང་རྒྱབ་དང། གཡས་དང་གཡོན་གྱི་ཆའོ། །སྒོ་བཞི་ནི་ཁ་དང། གསང་བ་དང། ལྟེ་བ་དང། ་ཚངས་པའི་སྒོའོ། །རྟ་བབས་བཞི་ནི་མིག་གཉིས་དང་རྩ་བ་གཉིས་སོ། །ཐིག་བཞི་ནི་དུས་སྤལ་མ་དང། ཟླ་བ་མ་དང། ལྷ་སྦྱིན་མ་དང། ནོར་རྒྱས་མའོ། །ཀ་བ་བརྒྱད་ནི་དཔུང་པ་གཉིས་དང། ལག་དང་གཉིས་དང་བརླ་གཉིས་སོ། །དྲ་བ་ནི་རྩ་རགས་པའོ། །དྲ་བ ་ཕྱེད་པ་ནི་རྒྱུས་ཏེ། བདུན་ཁྲི་ཉིས་སྟོང་ངོ། །ཤེས་རབ་ཀྱི་ཆ་ཉེ་བར་བསྡུས་པས་ཐབས་ཀྱི་ཆ་ནི་བྱང་ཆུབ་ཀྱི་སེམས་ཏེ་ཟླ་བ་ཕྱེད་པའོ། །རྡོ་རྗེ་ནི་གསང་པའི་རྡོ་རྗེའོ། །རིན་ཆེན་ནི་དེའི་རྩེ་མོའོ། །གྲཝའི་ཆ་ནི་གཡོན་གྱི་སྒོ་དང། སྒོ་ཁྱུད་མཚམས་ནི་སྣ ་བུག་གཡས་ཀྱི་སྒོའོ། །དེ་རྣམས་ལ་རྡོ་རྗེ་ནི་རྣམ་པར་ཤེས་པའོ། །རིན་ཆེན་ནི་དེ་ལས་འཛག་པའི་རྫས། །དེ་དང་ལྡན་པའོ། །བུམ་པ་ནི་ལྟོ་བའོ། །ཀ་བ་ནི་སྒལ་བུའོ། །རྡོ་རྗེ་ཆེན་པོ་ནི་ཁམས་དྲུག་གོ་།བྱ་རྣམས་ནི་རླུང་བཅུ་སྟེ། གཡོ་བའི་ཕྱིར་རོ། །དྲིལ ་བུ་ནི་ལྕེ་སྟེ་སྒྲ་སྒྲོགས་པའི་ཕྱིར་རོ། །བ་དན་ནི་རྩ་དབུས་མའོ། །རྔ་ཡབ་ནི་སྒྲའི་ཚོགས་སོ། །སོགས་པའི་སྒྲས་ནི་མེ་ཏོག་གི་ཕྲེང་བ་ནི་རྒྱུ་མའོ། །རི་དགས་ནི་རྣམ་པར་ཤེས་པའི་ཚོགས་བརྒྱད། ངེས་པའི་དོན་ཏོ། །བདག་ཉིད་ཕྱག་རྒྱད་ལྡན་པ་ནི། །ཞལ ་གསུམ་ཕྱག་དྲུག་ལྟ་བུ་ལ། །ིནྡྲ་ནཱི་ལའི་འོད་མཉམ་པ། །དཀྱིལ་འཁོར་དབུས་སུ་བསྒོམ་པར་བྱ། །རྣམ་སྣང་མཛད་དང་ལ་རིན་ཆེན་དོད། །འོད་དཔག་མེད་དང་ལས་ཀྱི་རྒྱལ། །ཞལ་གསུམ་ཕྱག་དྲུག་ལྟ་བུར་ནི། །ཤར་ལ་སོག་སྤའི་ཕྱོགས་སུ་བསམ། །གཏི་ ་མུག་དགའ་སོགས་ལྷ་མོ་རྣམས། །ཞལ་གསུམ་ཕྱག་དྲུག་ལྟ་བུར་ནི། །མེ་ཡི་ཕྱོགས་ནས་བརྩམས་ནས་སུ། རིམ་པ་ཇི་བཞིན་ངེས་པར་དགོད། །དེ་བཞིན་གཟུགས་རྡོ་རྗེ་ལ་སོགས། །ཕྱི་ཡི་མཚམས་ནི་རྣམ་པ ་བཞིར། །རེག་བྱ་རྡོ་རྗེ་ཉིད་ཀྱང་ནི། །རྡོ་རྗེ་སེམས་དཔའ་དང་ལྡན་གནས། །བྱམས་པ་ས་ཡི?་སྙིང་པོ་སྟེ། །ཤར་གྱི་སྣམ་བུར་དགོད་པར་བྱ། །ཕྱག་ན་རྡོ་རྗེ་མཁའ་སྙིང་པོ། །བརྟུལ་ཞུགས་ཅན་གྱི་ལྷོ་རུ་དགོད། །འཇིག་རྟེན་དབང་ཕྱུག་འཇམ་པའི ་དབྱངས། །ནུབ་ཏུ་ཡང་ནི་དགོད་པར་བྱ། །སྒྲིབ་པ་ཐམས་ཅད་སེལ་བ་དང། །ཀུན་ཏུ་བཟང་པོ་བྱང་ཕྱོགས་སུ། །གཤིན་རྗེ་གཤེད་ནི་ཤར་གྱི་སྒོར། །གཞན་གྱིས་མི་ཐུབ་ལྷོ་ཕྱོགས་སུ། །ནུབ་ཕྱོགས་སུ་ནི་རྟ་མགྲིན་ཏེ། །བདུད་རྩི་འཁྱིལ་པ་བྱང་དུའོ། ། ་མི་གཡོ་འདོད་པའི་རྒྱལ་པོ་དང། །དབྱུག་སྔོན་དང་ནི་སྟོབས་པོ་ཆེ། །ཤར་ལྷོའི་མཚམས་སོགས་ནས་བརྩམས་ཏེ། །རིམ་པ་བཞིན་དུ་དགོད་པར་བྱ། །གནོད་མཛེས་རྒྱལ་པོ་ཁྲོ་བོ་ཆེ། །དེ་ཡི་འོག་ཏུ་རྣམ་པར་བསམ། །གཙུག་ཏོར་འཁོར ་ལོས་སྒྱུར་རྒྱལ་ཡང། །དེ་བཞིན་སྟེང་དུ་རབ་ཏུ་བསྒོམ། །ཆོ་ག་ཇི་བཞིན་དཀྱིལ་འཁོར་བ། །དེ་ལྟར་ལྷག་པར་མོས་བསམས་ནས་ཞེས་སྨོས་ཏེ། གཞལ་ཡས་ཁང་གི་དབུས་སུ་པཾ་ལས་བྱུང་བའི་སྣ་ཚོགས་པདྨའི་ལྟེ་བ་ལས་བྱུང་བའི་འོད ་ཟེར་གྱིས། སྣ་ཚོགས་པདྨ་སུམ་ཅུ་སྤྲོས། །དེ་རྣམས་ཀྱི་ལྟེ་བར་ར་དང་དབྱངས་ཡིག་དང་པོ་ལས་བྱུང་བའི་ཉི་མ་དང། ཟླ་པའི་གདན་བསམ་མོ། །དེ་ལ་དབུས་དང་ཤར་ཕྱོགས་སུ་ཟླ་བ་གཉིས་དང། ལྷོ་དང་ནུབ་དང་བྱང་ཕྱོགས་སུ་ཉི་མ་གསུམ་མོ། །མཱ་མ་ཀཱིའི ་གནས་སུ་ཉི་མའི་དཀྱིལ་འཁོར་དང་སྤྱན་ལ་སོགས་པའི་ཟླ་བ་གསུམ་མོ། །ཕྱག་ན་རྡོ་རྗེའི་ཉི་མའི་དཀྱིལ་འཁོར་དང་བྱང་ཆུབ་སེམས་དཔའ་ལྷག་མ་རྣམས་ཀྱི་ཟླ་བའི་གདན་ནོ། །མཆོད་པའི་ལྷ་མོའི་ཟླ་བའི་གདན་དང། ཁྲོ་བོ་བཅུ་ནི་ཉི་མའི་གདན་ནོ ་དེ་ལྟར་གདན་གྱི་དབྱེ་བ་བསྒོམས་ནས། ཕྱི་ནས་ཟླ་བའི་དབུས་སུ་མི་བསྐྱོད་པ་ཞལ་གསུམ་ཕྱག་དྲུག་པ། ཁ་དོག་སྔོན་པོ་ཅིག་ཅད་དུ་བྱུང་བ་དེ་དང་འདྲ་བའི་རེག་བྱ་རྡོ་རྗེ་མ་དང་སྙོམས་པར་ཞུགས་ལ། རྡོ་རྗེ་དང་འཁོར་ལོ་དང། པདྨ་དང་།ནོར་བུ་དང་།རལ ་གྲི་དང་།དྲིལ་བུ་འཆང་པ། སེམས་དཔའ་གསུམ་དང་ལྡན་པར་བདག་ཉིད་པས་མོ། །དེ་བཞིན་དུ་ཤར་ལ་སོགས་པའི་ཕྱོགས་བཞིར་ཁ་དོག་དང་ཕྱག་ཞལ་དང་ཕྱག་མཚན་འཆད་པར་འགྱུར་བའི་རྣམ་པར་སྣང་མཛད་ལ་སོགས་པ་བཞི་བསྒོམ་མོ། ། ་མེའི་མཚམས་ལ་སོགས་པ་ལ་རྣམ་པར་སྣང་མཛད་ལ་སོགས་པའི་ལྷ་མོ་བཞི་ཞལ་གསུམ་པ་ལ་སོགས་པ་ལྟ་བུར་བསྒོམ་མོ། །མཆོད་པའི་ལྷ་མོ་བཞི་པོ་ཡང་སྤྱན་ལ་སོགས་པ་བཞིན་དུ་དབྱིབས་དང་ཁ་དོག་དང་ལྡན་པ་བསྒོམ་མོ། །ཤར་ལ་སོགས ་པའི་སྣམ་བུ་རྣམས་ལ་བྱང་ཆུབ་སེམས་དཔའ་བྱམས་པ་དང་སའི་སྙིང་པོ་ནི་དཀར་པོའོ། །ཕྱག་ན་རྡོ་རྗེ་དང་ནམ་མཁའ་ཨི་སྙིང་པོ་ནི་སྔོན་པོའོ། །འཇིག་རྟེན་དབང་ཕྱུག་དང་འཇམ་དཔལ་ནི་དམར་པོའོ། །སེལ་བ་དང་ཀུན་ཏུ་བཟང་པོ་ནི་ལྗང་གུ་སྟེ། རིགས ་དང་མཐུན་པའི་ཁ་དོག་།ཡང་ན་སའི་སྙིང་པོ་ནི་དཀར་པོ། བྱམས་པ་ནི་དམར་པོ། ཕྱག་ན་རྡོ་རྗེ་སྔོན་པོའོ། །ནམ་མཁའ་སྙིང་པོ་སེར་པོ། འཇིག་རྟེན་དབང་ཕྱུག་དམར་པོ། འཇམ་དཔལ་དཀར་པོ། སེལ་བ་ལྗང་གུ་ཀུན་ཏུ་བཟང་པོ་དམར་པོའོ། །གཤིན ་རྗེ་མཐར་བྱེད་ནག་པོ། ཤེས་རབ་མཐར་བྱེད་དཀར་པོ། པདྨ་མཐར་བྱེད་དམར་པོ། བགེགས་མཐར་བྱེད་ནི་ལྗང་གུའོ། །མི་གཡོ་བ་ལ་སོགས་པ་དྲུག་ནི་ནག་པོའོ། །ཞལ་གསུམ་པ་ལ་སོགས་པ་སྔ་མ་བཞིན་ནོ། །དེ་ལ་དེ་བཞིན་གཤེགས་པ་དང་ལྷ ་མོ་རྣམས་ནི་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་གནས་པའོ་བྱང་ཆུབ་སེམས་དཔའ་དང་མཆོད་པའི་ལྷ་མོ་རྣམས་ནི་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་ཅན་ནོ། །གཤིན་རྗེ་མཐར་བྱེད་ནི་གཡས་བརྐྱང་བ། ཤེས་རབ་མཐར་བྱེད་ནི་གཡོན་བརྐྱང་བ། རྟ་མགྲིན་ནི་རྐང་པ་མཉམ་པ ་འཁྱིལ་པ་ནི་རྐང་པ་མི་མཉམ་པ་དང། མི་གཡོ་བ་ལ་སོགས་པ་ཁྲོ་བོ་དྲུག་ནི་གཡོན་བརྐྱང་བས་གནས་པའོ་མི་བསྐྱོད་པ་ན་དྲག་པོ་དང་ཞི་བ་དང། སྒེག་པའི་ཉམས་འཆད་པའོ། །རྣམ་པར་སྣང་མཛད་ལ་སོགས་བ་ནི་ཞི་བའི? ་ཉམས་འཆང་བའོ། །རིགས་ཀྱི་ཡུམ་ནི་ཞི་བ་དང་སྒེག་པའི་ཉམས་འཆང་བའོ། །མཆོད་པའི་ལྷ་མོ་ནི་སྒེག་པའི་ཉམས་འཆང་བ་དང། བྱང་ཆུབ་སེམས་དཔའ་ནི་ཞི་བའི་ཉམས་འཆང་བའོ། །ཁྲོ་བོ་རྣམས་ནི་དྲག་པོ་དང་དཔའ་པོ་དང་འཇིགས་སུ་རུང་བའི་ཉམS ་འཆང་བའོ། །དེ་བཞིན་གཤེགས་པ་དང་ལྷ་མོ་དང། བྱང་ཆུབ་སེམས་དཔའ་ནི་རྡོ་རྗེའི་ཟློས་པས་རང་གིS་སྙིང་པོ་རྗོད་བཞིན་པ་དང། ཁྲོ་བོ་རྣམས་ནི་ཁྲོ་བོའི་བཟླས་པ་ཡི་གེ་ཧཱུཾ་རྗོད་བཞིན་པའོ། །དཀྱིལ་འཁོར་པ་ཐམས་ཅད་ནི་དབུས་ཀྱི་གཙོ་བོ་ལ་མངོན་པར ་བལྟས་པ་དང། གཙུག་ཏོར་འཁོར་ལོ་སྒྱུར་བ་ནི་སྟེང་དུ་ཞལ་བལྟས་པ་དང། གནོད་མཛེས་རྒྱལ་པོ་ནི་འོག་ཏུ་ཞལ་བལྟས་པའོ། །དེ་རྣམས་ནི་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀར་སྣ་ཚོགས་པདྨ་དང་ཟླ་བ་དང། ཉི་མ་ལ་གནས་པའི་རང་རང་གི་མཚན་མ ་ལ་རང་རང་གི་ཡིག་འབྲུའི་ཐིག་ལེ་རེ་རེ་རེ་ལྷ་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་ཕྲ་མོ་རྣལ་འབྱོར་གྱིས་བསྒོམ་བཞིན་པ་བསམ་པར་བྱའོ། །བསྡུས་ན་དེ་བཞིན་གཤེགས་པ་ནི་སྟོང་ཕྲག་གཅིག་དང་ཉི་ཤུ་རྩ་བཞིར་འགྱུར་རོ། །ཞེས་པ་སྟེ ་དྲང་བའི་དོན་ཏོ། །འདོད་པའི་གདུགས་ནི་མི་བསྐྱོད་པ་སྟེ། དེ་ཉིད་སྟོང་དང་བྲལ་དང་འོག་གི་དབྱེ་བ་སྣང་བ་ལ་སོགས་པའི་རང་བཞིན་ཡིན་པས་ཞལ་གསུམ་པའོ། །སྨིག་རྒྱུ་ལ་སོགས་པ་རྟགས་ལྔ་དང། འོད་གསལ་བ་ནི་ཕྱག་དྲུག་པའོ། །དུས་སྦལ་ལ་སོགས ་པ་ནི། རྣམ་པར་སྣང་མཛད་ལ་སོགས་པའོ། །དཀྱིལ་འཁོར་བཞིའི་རྩ་ནི་སྤྱན་ལ་སོགས་པའོ། །མིག་དང་རྣ་བ་དང། སྣ་དང་ལྕེ་དང་ལུས་དང་ཡིད་དང། ཡན་ལག་ཐམས་ཅད་ཀྱི་ཚིགས་དང། རྩ་རྒྱུས་ཐམས་ཅད་ཀྱི་རྩ་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། ། ་མིག་གཡོན་པའི་རྩ་ནི་གཟུགས་རྡོ་རྗེ་མ། རྣ་བ་གཡོན་པའི་རྩ་ནི་སྒྲ་རྡོ་རྗེ་མ་དང། སྣ་གཡོན་པའི་རྩ་ནི་དྲི་རྡོ་རྗེ་མ་དང། ལྕེའི་རྩ་ནི་རོ་རྡོ་རྗེ་མ་དང་།རྡོ་རྗེའི་དབུས་ཀྱི་རྩ་ནི་རེག་བྱ་རྡོ་རྗེ་མའོ། །དཔུང་པ་གཉིས་དང་ལག་དར་གཉིས་དང་ཁ་དང་གསང་བ་དང་པུས་མོ ་གཉིས་དང། ཚངས་པའི་སྒོ་དང་རྐང་པའི་མཐིལ་གྱི་རྩ་ནི་ཁྲོ་བོ་བཅུའོ། །སྟེང་ལ་སོགས་པའི་དབྱེ་བས་ཞལ་གསུམ་ལ་སོགས་པ་སྟེ། སྔ་མ་བཞིན་ཏེ། ངེས་པའི་དོན་ཏོ། །སྤྲོས་པ་སྤང་བར་བྱ་བའི་ཕྱིར་།དོན་དམ་པའི་དཀྱིལ་འཁོར་གྱི་བསྒོམ་པ་བཤད་པར ་བྱ་སྟེ། སླར་ཡང་ཁ་སྦྱར་སྦྱོར་བ་ཡིས། །རང་གི་ལུས་ལ་དེ་རྣམས་གཞུག་ཅེས་སྨོས་པ་ལ། དེ་ལྟར་སྔར་བཤད་པའི་རིམ་པས་ལྷག་པར་མོས་པའི་དཀྱིལ་འཁོར་བྱིན་གྱིས་བརླབས་ལ། སླར་ཡང་ཁ་སྦྱར་སྦྱོར་བ་ཡིས་ཞེས་བྱ་བ་ནི་ལུས་ཀྱི་དཀྱིལ་འཁོར་དང ་ཕྱི་རོལ་གྱི་དཀྱིལ་འཁོར་གཅིག་ཏུ་གྱུར་པས་རང་གི་ལུས་ལ་དེ་རྣམས་ནི་དཀྱིལ་འཁོར་པ་རྣམས་གཞུག་པར་བྱ་སྟེ། དྲང་བའི་དོན་ཏོ། །སླར་ཡང་ཁ་སྦྱར་སྦྱོང?་བ་ཡིས་ཞེས་བྱ་བ་ནི་ཁ་སྦྱོར་ནི་བཞི་སྟེ་ཁ་གཉིས་ཀྱི་ཁ་སྦྱོར་དང་།དབང་པོ་གཉིས་ཀྱི་ཁ་སྦྱོར་དང་རྩ ་གཉིས་ཀྱི་ཁ་སྦྱོར་དང་བྱང་ཆུབ་ཀྱི་སེམས་གཉིས་ཀྱི་ཁ་སྦྱོང་ངོ། །དེའི་སྦྱོར་བ་ནི་དེ་དག་གཅིག་ཏུ་གྱུར་པས་དེ་རྣམས་ནི་རྩ་སུམ་ཅུ་རྩ་གཉིས་རང་གི་ལུས་ནི་དབུས་མ་ལ་གཞུག་པ་མི་སྣང་བར་བྱས་ཏེ། དེས་པའི་དོན་ཏོ། །ཕྱིའི་དཀྱིལ་འཁོར་དང། ལུས་ཀྱི ་དཀྱིལ་འཁོར་དང། དག་གི་དཀྱིལ་འཁོར་དང། སེམས་ཀྱི་དཀྱིལ་འཁོར་ཏེ་ཁ་སྦྱར་རོ། །དེ་རྣམས་ཀྱི་སྦྱོར་བ་ནི་གཅིག་ཏུ་གྱུར་པས་སོ། །དེ་རྣམས་ནི་དཀྱིལ་འཁོར་བཞི་སྟེ། རང་གི་ལུས་ནི་རང་གི་ལུས་ལ་འཇུག་པར་བྱ་སྟེ། ཡི་གེའི་དོན་ཏོ། །སྟོང་པ་ཉིད་དང་སྙིང ་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཁ་སྦྱོར་གྱིས་རང་གི་ལུས་ནི་ཆོས་དང། ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་ཀྱི་རྡོ་རྗེ་འཆང་ཆེན་པོ་ལ་འཇུག་པར་བྱ་སྟེ། སྤྱིའི་དོན་ཏོ། །ཁ་སྦྱོར་གྱི་སྦྱོར་བ་སྟེ་སྣང་བ་ནི་སྣང་བ་མཆེད་པ་ལ་འཇུག་གོ་སྣང་བ ་མཆེད་པ་ནི་སྣང་བ་ཉེ་བར་ཐོབ་པ་ལའོ། །སྣང་བ་ཉེ་བར་ཐོབ་པ་ནི་འོད་གསལ་ཏེ། སྦས་པའོ། །ཱ་ན་ཨཱ(རྒྱུད་འགྲེལ་དཀྱིལ་འཁོར་ལོ་ནི་ལྟེ་བའི་ནམ་མཁའ་ལ་ཏེ་སྦས་པའོ། །ཆགས་པ་དང་བྲལ་བ་ནི་ཆགས་པ་ལའོ། །ཆགས་པ་ནི་ཆགས་པ་བར་པ་ལའོ། །ཆགས་པ་བད?་པ་ནི་འོད་གསལ་བ་སྟེ། མཐར་ཐུག་པའོ། །ཀུན་རྫོབ་དང་དོན་དམ་པ་ཁ་སྦྱོང་གྱི་སྦྱོར་བ་ནི་ཐ ་མི་དད་པའི་ཏིང་ངེ་འཛིན་གྱིས་དེ་རྣམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་དེ། རང་གི་ལུས་ལ་འཇུག་པར་བྱ་སྟེ། རྣམ་པར་མི་རྟོག་པར་བྱ་བ་ནི་མཐར་ཐུག་པའོ། །དེ་ཉིད་བཤད་པར་བྱ་སྟེ། ལུས་ཀྱི་འཁོར་ལོར་རྫོགས་སངས་རྒྱས། །རིམ་པ ་ཇི་བཞིན་ཡང་དག་བསམ། །དོན་དམ་པ་ཡི་རྡོ་རྗེ་ཡིས། །དེ་བཞིན་ཉིད་ལ་གཞུག་བྱ་བས། །དེ་བཞིན་གཤེགས་པའི་ཚོགས་བསད་ན། །དངོས་གྲུབ་རབ་མཆོག་གྲུབ་པར་འགྱུར། །ཞེས་སྨོས་ཏེ། ལྷག་པར་མོས་པའི་བདག་ཉིད་ཀྱི་ལུས་ཀྱི ་དཀྱིལ་འཁོར་ལ་སྔར་བཤད་པའི་རིམ་གྱིས་རྫོགས་པའི་སངས་རྒྱས་སུམ་ཅུ་རྩ་གཉིས་བཤད་པ་གང་ཡིན་པ་དེ་རྣམས་རིམ་པ་ཇི་བཞིན་དུ་ནི་ཕྱིན་ཅི་མ་ལོག་པའི་རིམ་གྱིས་ཡང་དག་པར་བསམ་པ་ནི། རྣམ་པར་བསྒོམས་ཏེ། སླར་ཡང ་ཁ་སྦྱར་སྦྱོར་བའི་ཏིང་ངེ་འཛིན་ནི་དོན་དམ་པའི་རྡོ་རྗེ་སྟེ། རང་བཞིན་མེད་པའི་བདག་ཉིད་ཀྱི་དེ་ནི་འོད་གསལ་བ་ལ་འཇུག་པར་བྱའོ། །དེ་ཉིད་བཤད་པ་དེ་བཞིན་གཤེགས་པའི་ཚོགས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་ཚོགས་ཏེ། བསང ་པ་ནི་གང་གི་ཚེ་མི་སྣང་བར་བྱས་པ་དེའི་ཚེ་དངོས་གྲུབ་རབ་མཆོག་ནི་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་གྱུར་ཏེ། དགོངས་པས་བཤད་པའོ། །དེ་ཉིད་ཚད་མ་ཉིད་དུ་བྱས་པའི་ཕྱིར་བཤད་བར་བྱ་སྟེ། འདི་དོན་རྡོ་རྗེ་ཕྲེང་བ་ལས་གསལ་བ་རུ་ནི ་རྣམས་ཕྱེ་སྟེ། ཞེས་སྨོས་ཏེ། འདི་དོན་ནི་དོན་དམ་པའི་དཀྱིལ་འཁོར་གྱི་དོན་ཏོ། །རྡོ་རྗེ་ཕྲེང་བ་ཞེས་པ་ནི་རྣལ་འབྱོར་ཆེན་པོའི་རྒྱུད་ལས་གསལ་བ་རུ་ནི་རྣམས་ཕྱེད་སྟེ། རབ་ཏུ་གསལ་བར་བྱས་སོ་ཞེས་ལུང་གི་ཚད་མ་ཉིད་དུ་སྟོན་ཏོ། །དེ་ཉིད་བཤད ་པ། གཟུགས་ཕུང་གཏོགས་ལ་མེ་ལོང་དང། །སའི་ཁམས་དང་མིག་དབང་པོ། །གཟུགས་ཀྱང་རིགས་ནི་ལྔ་པ་སྟེ། །ཁྲོ་བོ་བྱམས་པ་ཡང་དག་ལྡན་ཞེས་སྨོས་པ་ལ། གཟུགས་ཀྱི་ཕུང་པོ་ལ་རྣམ་པར་སྣང་མཛད་བསྡུ་པ་དང། དེ་ཉིད་མེ་ལོང་ལྟ་བུའི ་ཡེ་ཤེས་སོ། །སའི་ཁམས་ལ་སྤྱན་ནོ། །མིག་གི་དབང་པོ་སའི་སྙིང་པོའོ། །གཟུགས་ལ་གཟུགས་རྡོ་རྗེ་མོའོ། །ཁྲོ་བོ་གཉིས་ནི་གཤིན་རྗེ་མཐར་བྱེད་དང། མི་གཡོ་བ་ནི་དཔུང་པ་གཡས་པ་དང་པུས་མོ་གཡས་པ་ལའོ། །བྱམས་པ་ནི་རྩ་རྒྱུས་ཐམས་ཅད ་ལའོ། །ངེས་ནི་ཤར་ཕྱོགས་ཀྱི་ཆ་དང། མེའི་མཚན་གྱི་ཆ་ལ་གནས་པའི་དཀྱིལ་འཁོར་པ་རྣམས་བསྡུ་བར་བསྟན་ཏོ། །དེ་བཞིན་དུ་ཚོར་བའི་ཕུང་པོ་མཉམ་ཉིད་དང་ཆུ་ཁམས་རྣ་བའི་དབང་པོ་དང། སྒྲ་ཡང་རིགས་ནི་ལྔ་པ་སྟེ། ཁྲོ་བོ་གཉིས་དང་ཡང་དག ་ལྡན་ཞེས་སྨོས་ཏེ། ཚེར་བའི་ཕུང་པོ་ལ་རིན་ཆེན་འབྱུང་ལྡན་དང། དེ་ཉིད་མཉམ་བ་ཉིད་ཀྱི་ཡེ་ཤེས་སོ། །ཆུའི་ཁམས་ལ་མཱ་མ་ཀཱིའོ། །རྣ་བའི་དབང་པོ་ལ་ཕྱག་ན་རྡོ་རྗེ་དང། ནམ་མཁའ་ཨི་སྙིང་པོའོ། །སྒྲ་ལ་སྒྲ་རྡོ་རྗེ་མའོ། །ཁྲོ་པོ་གཉིས་ནི་གཤིན་རྗེ་མཐར ་བྱེད་དང། འདོད་པའི་རྒྱལ་པོ་སྟེ། དཔུང་པ་གཡོན་པ་དང་པུས་མོ་གཡོན་པ་ལ་འཇུག་གོ་།ངེས་ནི་ལྷོའི་ཕྱོགས་དང་བདེན་བྲལ་མཚམས་ཀྱི་དཀྱིལ་འཁོར་བ་རྣམས་བསྡུ་བ་བསྟན་ཏོ། །འདུ་ཤེས་སོ་སོར་རྟོག་པ་དང། །སྦྱིན་ཟ་སྣ་ཡི་དབང་པོ ་དང། དྲི་ཡང་རིགས་ནི་སྔ་པ་སྟེ། །ཁྲོ་བོ་གཉིས་དང་ཡང་དག་ལྡན་ཞེས་སྨོས་ཏེ། འདུ་ཤེས་ལ་འོད་དཔག་ཏུ་མེད་པ་དང། དེ་ཉིད་སོ་སོར་རྟོག་པའི་ཡེ་ཤེས་སོ། །མེའི་ཁམས་ལ་གོས་དཀར་མོའོ། །སྣའི་དབང་པོ་ལ་འཇིག་རྟེན་དབང་ཕྱུག་གོ་། ་ཡིད་ལ་འཇམ་དཔལ་ལོ། །དྲི་ལ་དྲི་རྡོ་རྗེ་མའོ། །ཁྲོ་བོ་གཉིས་ནི་པདྨ་མཐར་བྱེད་དང། དབྱུག་པ་སྔོན་པོའོ་ཁ་དང་ལག་བར་གཡས་པ་ལ་འཇུག་གོ་།འདུ་བྱེད་བྱ་བ་ནན་ཏན་སྒྲུབ། །རླུང་དང་ལྕེ་ཡི་དབང་པོ་དང། །དེ་ཡང་རིཌ ་ནི་ལྔ་པ་སྟེ། ཁྲོ་པོ་གཉིས་དང་ཡང་དག་ལྡན་ཞེས་སྨོས་ཏེ། འདུ་བྱེད་ལ་དོན་ཡོད་པར་གྲུབ་པ་བསྡུ་བ་དང། དེ་ཉིད་བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་སོ། །རླུང་གི་ཁམས་ལ་སྒྲོལ་མའོ། །ལྕེའི་དབང་པོ་ལ་སེལ་བའོ། །ཚིགས་ཐམས་ཅད་ལ ་ཀུན་ཏུ་བཟང་པོའོ། །རོ་ལ་རྡོ་རྗེ་མའོ། །ཁྲོ་བོ་གཉིས་ནི་བགེགས་མཐར་བྱེད་དང། སྟོབས་པོ་ཆེ་ཏེ་།གསང་བ་དང་ལག་དར་གཡོན་པ་ལ་འཇུག་གོ་།དེས་ནི་བྱང་ཕྱོགས་དང་དབང་ལྡན་གྱི་མཚམས་ཀྱི་དཀྱིལ་འཁོར་པ་རྣམས་བསྡུ་བ་བསྟན་ཏོ། ་སྟེང?་འོག་ཁྲོ་པོར་ཡང་དག་ལྡན། །རང་བཞིན་གྱིས་ནི་སྣང་བ་ཉིད། །རྣམ་ཤེས་ཕུང་པོར་ཞུགས་པ་སྟེ། རྣམ་ཤེས་ཀྱང་ནི་འོད་གསལ་བའོ་ཞེས་སྨོས་ཏེ། སྟེང་དུ་ནི་ཚངས་བའི་སྒོར་རོ། །ཁྲོ་བོ་ནི་གཙུག་ཏོར་འཁོར་ལོ་སྒྱུར་བ་བསྡུའོ། །འོག་ནི་རྐང ་པའི་མཐིལ་ལ་ཁྲོ་བོ་ནི་གནོད་མཛེས་ཀྱི་རྒྱལ་པོ་འཇུག་གོ་།རང་བཞིན་སྣང་བ་ནི་རང་བཞིན་བརྒྱ་དྲུག་ཅུ་སྟེ། རྣམ་པར་ཤེས་པའི་ཕུང་པོ་ལའོ། །རྣམ་པར་ཤེས་པའི་ཕུང་པོ་ནི་མི་བསྐྱོད་པ་དང་མཱ་མ་ཀཱིའོ། །འོད་གསལ་བ་ལ་འཇུག་གོ་།འདིར ་ནི་འདི་སྐད་བཤད་བ་ཡིན་ཏེ། དབྲལ་བ་ལས་སྤྲོས་པའི་འོད་ཟེར་གྱིས་རྣམ་པར་སྣང་མཛད་དགུག་ཅིང་དེ་ཉིད་དུ་གཞུག་པ་དང། ཤ་དང་རུས་པའི་འོད་ཟེར་གྱིས་སྤྱན་མའོ། །མིག་གཡས་པའི་འོད་ཟེར་གྱིས་སའི་སྙིང་པོའོ། །མིག་གཡོན ་པའི་འོད་ཟེར་གྱིས་གཟུགས་རྡོ་རྗེ་མའོ། །རྩ་རྒྱུས་ཐམས་ཅད་ཀྱི་འོད་ཟེར་གྱིས་བྱམས་པའོ། །དཔུང་པ་གཡས་པའི་འོད་ཟེར་གྱིས་གཤིན་རྗེ་མཐར་བྱེད་དོ། །དཔུང་པ་གཡོན་པའི་འོད་ཟེར་གྱི་མི་གཡོ་བའོ། །དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས ་ཐོབ་པ་ནི་རྒྱུ་མཐུན་པའི་འབྲས་བུའོ། །ལྟ་བའི་འོད་ཟེར་ཀྱིས་རིན་ཆེན་འབྱུང་ལྡན་ནོ། །ཤུ་ཀྲ་ངང་ཆུ་ལ་སོགས་པའི་འོད་ཟེར་གྱིས་མཱ་མ་ཀཱིའོ། །རྣ་བ་གཡས་པའི་འོད་ཟེར་གྱིས་ཕྱག་ན་རྡོ་རྗེ་དང་ནམ་མཁའ་ཨི་སྙིང་པོའོ། །རྣ་བ་གཡོན་པའི་འོད་ཟེར་གྱིས ་སྒྲ་རྡོ་རྗེ་མའོ། །དཔུང་པ་གཡོན་པའི་འོད་ཟེར་གྱིས་ཤེས་རབ་མཐར་?། ལག་པར་གཡོན་པའི་འོད་ཟེར་གྱི་ས་འདོད་པའི་རྒྱལ་པོའོ། དེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཐོབ་པ་རྒྱུ་མཐུན་པའི་འབྲས་བུའོ། །ལྷོག་མའི་རྩའི་འོད་ཟེར་གྱིས་འོད ་དཔག་ཏུ་མེད་པ་དང་དྲོ་བའི་རིག་པའི་འོད་ཟེར་གྱིས་གོས་དཀར་མོ། །སྙིང་གའི་པདྨའི་འོད་ཟེར་གྱིས་འཇམ་པའི་རྡོ་རྗེའོ། །སྣའི་འོད་ཟེར་གྱིས་འཇིག་རྟེན་དབང་ཕྱུག་གོ་།ལུས་ཀྱི་དྲིའི་འོད་ཟེར་གྱིས་དྲི་རྡོ་རྗེ་མའོ། །ཁའི་འོད་ཟེར་གྱིས་པདྨ་མཐར་བྱེད་དོ། ་པུས་མོ་གཡས་པའི་འོད་ཟེར་གྱིས་དབྱིག་སྔོན་ནོ། །དེས་ནི་སོ་སོར་རྟོགས་པའི་ཡེ་ཤེས་ཐོབ་པ་ནི་རྒྱུ་མཐུན་པའི་འབྲས་བུའོ། །གསང་བའི་འོད་ཟེར་གྱིས་དོན་ཡོད་པར་གྲུབ་པའོ། །འགྲོ་བ་ལ་སོགས་པའི་འོད་ཟེར་གྱིས་སྒྲོལ་མའོ། །རྡོ་རྗེ ་རྩེ་མོའི་འོད་ཟེར་གྱིས་སེལ་བའོ། །ལྕེའི་འོད་ཟེར་གྱིས་རོ་རྡོ་རྗེ་མའོ། །ཚིགས་ཐམས་ཅད་ཀྱི་འོད་ཟེར་གྱིས་ཀུན་ཏུ་བཟང་པོའོ། །གསང་བའི་འོད་ཟེར་གྱིས་བདུད་རྩི་འཁྱིལ་པའོ། །དཔུས་མོ་གཡོན་པའི་འོད་ཟེར་གྱིས་སྟོབས་པོ་ཆེའོ།། ་ཚངས་པའི་སྒོའི་འོད་ཟེར་གྱིས་གཙུག་ཏོར་འཁོར་ལོས་སྒྱུར་བའོ། །རྐང་པའི་འོག་གི་འོད་ཟེར་གྱིས་གནོད་མཛེས་འཇུག་པར་བྱའོ། །དེས་ནི་བྱ་བ་ནན་ཏན་སྒྲུབ་པའི་ཡེ་ཤེས་ཐོབ་པ་ནི་རྒྱུ་མཐུན་པའི་འབྲས་བུའོ། །དེ་ནས་རེག་བྱ་རྡོ་རྗེ་མ་དང ་སྙོམས་པར་ཞུགས་པའི་རིམ་གྱིས་ཚངས་པའི་བུ་བ་ནས་བྱང་ཆུབ་ཀྱི་སེམས་འཛག་པ་དང། ཡན་ལག་གི་ཚིག་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་ཕྱིན་པ་དང། རྡོ་རྗེའི་དཀྱིལ་དུ་བྱང་ཆུབ་ཀྱི་སེམས་འབབ་པའི་ཚེ་ཤེས་རབ་དང། ཐབས་ ་དང་མ་རིག་པའི་རང་བཞིན་སྤངས་ལ། རྣམ་པར་ཤེས་པ་གསུམ་ནུབ་ཅིང། འོད་གསལ་བའི་སྔོན་དུ་འགྲོ་བས་དང་།ཆུ་དང་།མེ་དང། རླུང་ནམ་མཁའ་ཨི་རྣམ་པར་དག་པས་རྟགས་ལྔ་མ་མཐོང་སྟེ། ཐམས་ཅད་སྟོང་པ་འོད་གསལ་ལ ་ཉམས་སུ་མྱོང་ཞིང་ཡབ་ཡུམ་ཞུ་ནས་ཐིག་ལེར་འགྱུར་ཞིང་ཐིག་ལེར་ཡང་སྒྲ་དང་སྒྲ་ཙམ་གྱིས་ཐིམ་ལ་རང་དང། གཞན་གྱི་དབྱེ་བ་མཆོག་ཏུ་འཛིན་པ་མེད་པས་འབབ་ཞིག་དྲི་མ་མེད་པ། མཛའ་ཡས་པ། ནམ་མཁའ་དང་མཚུངས་པའི་ཡེ་ཤེས་མངོན ་དུ་བྱའོ། །འདིས་ཆོས་ཀྱི་དབྱིངས་ཡེ་ཤེས་མངོན་དུ་བྱ་བ་ནི་རྒྱུ་མཐུན་པའི་འབྲས་བུ་དང་།རྣམ་པར་ཤེས་པའི་ཕུང་པོ་ཡང་གནས་སུ་འགྱུར་རོ། །ཞེས་དོན་དམ་པའི་དཀྱིལ་འཁོར། དེ་ཉིད་བརྟན་པར་བྱ་བའི་ཕྱིར། །མྱ་ངན་འདས་བཅས་ཀུན་སྟོང ་དང། ཆོས་ཀྱི་སྐུར་ཡང་བཤད་པ་ཡིན། །བསྟན་པར་བྱ་བའི་དོན་དུ་ནི། །གསང་སྔགས་འདི་ནི་བརྗོད་པར་བྱ། །ཞེས་སྨོས་ཏེ། དེ་ཉིད་མྱ་ངན་འདས་པ་སྟེ། མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་མཚན་ཉིད་དོ། །དེ་ཉིད་ཀུན་སྟོང་ནི་དེ་ཁོ་ན ་ཉིད་བཞི་བའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དེ་ཉིད་ཆོས་ཀྱི་སྐུ་བཤད་པ་ཡིན་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྣམ་པ་ཡིན་པའི་ཕྱིར་རོ། །གང་གི་ཚེ་བསྐལ་པ་གྲངས་མེད་པ་གསུམ་གྱི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཉིད་ཐོབ ་པ་དེའི་ཚེ། སྔགས་ཀྱི་ཐེག་པ་ལ་དེ་ལས་ཁྱད་པར་གང་ཡིན་ཞེས་རྟོག་སྟེ། སྔགས་ཀྱི་ཐེག་པ་ལ་སྔགས་ཀྱི་མཐུ་བཤད་པར་བྱ་སྟེ། དེ་ཁོ་ན་ཉིད་དེ་བསྟན་པའི་དོན་ནི་མི་གཡོ་བར་བྱ་བའི་ཕྱིར་འོག་ནས་བཤད་པའི་སྔགས་འདི་བརྗོད་པར་བྱ་སྟེ། ་ནང་གི་བཟླས་པ་དང། རྡོ་རྗེའི་ཚིག་གིས་ཤེས་ཚིག་གི་ལྷག་མའོ། །སྔགས་བརྗོད་པར་བྱ་སྟེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ་ཞེས་བྱ་བ་ལ། ཨོཾ་ནི་རྣམ་པར་སྣང་མཛད་དོ། །ཤུ་ནྱ་ཏཱ་ནི་རིན་ཆེན་འབྱུང་ལྡན་ནོ། །ཛྙཱ་ནི་འོད་དཔག་ཏུ་མེད་པའོ།། ་བཛྲ་ནི་མི་བསྐྱོད་པའོ། །སྭ་བྷཱ་བ་ཨཱཏྨ་ཀ་ནི་དོན་ཡོད་གྲུབ་པའོ། ། ཧཾ་ཞེས་བྱ་བ་ནི་དྲུག་པ་རྡོ་རྗེ་འཆང་ཆེན་པོའོ། །དེས་ནི་དེ་བཞིན་གཤེགས་པ་དྲུག་གི་ང་རྒྱལ་བྱ་སྟེ། རྡོ་རྗེ་འཆང་ནི་ཀུན་གྱི་བདག་ཉིད་ཡིན་པའི་ཕྱིར་རོ། །ཡང་ན་ཨོཾ་ཤཱུ་ནྱ་ཏཱ་ཞེས་བྱ་བ་ནི་སྟོང ་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོའོ། །ཛྲ?་ན་བཛྲ་ནི་མཚན་མ་མེད་བའི་རྣམ་པར་ཐར་པའི་སྒོའོ། །སྦབྷཱ་བ་ཨཱཏྨ་ཀོ་ནི་སྨོན་པ་མེད་པའི་རྣམ་པར་ཐད་པའི་སྒོའོ། །དེའི་རང་བཞིན་དུ་ཨ་ཧཾ་ཞེས་ང་རྒྱལ་བྱའོ། །ཉེ་བར་བསྡུ་བ་བཤད་པར་བྱ་སྟེ། འདི་ནི་དོན་དམ་དཀྱིལ ་འཁོར་ཏེ། །སྣང་བ་མེད་ཅིང་མཚན་ཉིད་མེད། །དོན་དམ་པ་བདེན་པ་ཞེས་བྱ་བ། །དེ་བཞིན་གཤེགས་པ་ཀུན་གྱིས་གནས་ཞེས་སྨོས་ཏེ། དེ་ནི་སྔར་བཤད་པའོ། །དོན་དམ་པའི་དཀྱིལ་འཁོར་ཕུང་པོ་ལྔ་དང། དབང་པོ་དང་།ཡུལ་དང་ཁམས་ཉེ་བར་སྡུད ་པར་བྱེད་པའོ། །མཛའ་དྲུག་ལས་ཀྱང། ལྔ་བཅུ་ནས་བརྩམས་ཏེ། ཕུང་པོ་ལ་སོགས་པ་བཏུང་བར་བྱའོ། །དེའི་དོན་འདི་ཡིན་ཏེ། གཟུགས་ནི་རྣམ་པ་གཉིས་ཏེ། ཁ་དོག་གི་རྣམ་པ་བཅུ་གཉིས་དང། དབྱིབས་ཀྱི་བདག་ཉིད་བརྒྱད་དོ། །དབང་པོའི་དབྱེ་བས ་ཚོར་བ་ནི་བཅོ་བརྒྱད་དོ། །འདུ་ཤེས་ནི་གཅིག་གོ་དགེ་བ་དང་མི་དགེ་བ་དང། ལུས་ལུང་དུ་མ་བསྟན་པའི་འདུ་བྱེད་རྣམ་པ་གསུམ་མོ། །ཀུན་གཞི་ལ་སོགས་པའི་དབྱེ་བས་རྣམ་པར་ཤེས་པ་ནི་བརྒྱད་དེ། ལྔ་བཅུ་དེ་དག་དོན་དམ་པའི་བསྒོམ་པས་བཏུང་བའི་ན་བསྡུ ་བར་བྱ་ལ་ཞེས་བྱ་བའི་དོན་ཏོ། །སྙིང་པོར་གྱུར་པས་ན་དཀྱིལ་འཁོར་རོ། །རང་བཞིན་དང་སྣང་བ་བྲལ་བསན་སྣང་བ་མེད་པའོ། །མཚན་ཉིད་ནི་བཞི་སྟེ། སྐྱེ་བ་དང། གནས་པ་དང། རྒ་བ་དང། མི་རྟག་པའོ། །དེ་དང་བྲལ་བསན་མཚན་ཉིད་མེད་པས་ཏེ་། ་འདུས་མ་བྱས་པའི་ཕྱིར་རོ། །དེ་ཉིད་དོན་དམ་པའི་བདེན་པ་སྟེ། ཀུན་རྫོབ་ཉེ་བར་བསྡུས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་ཀུན་གྱི་གནས་ཏེ། སྐྱེ་བའི་གནས་ཡིན་ལ། སྔར་བཤད་པའི་རིམ་པས་ཐམས་ཅད་དེ་ཉིད་དུ་བསྡུ་ཞིང། འོག་ནས ་བཤད་པའི་རིམ་པས་དེ་ཉིད་ནས་འབྱུང་བའི་ཕྱིར་རོ། །ད་ནི་ཆད་པའི་ཕྱོགས་སྤངས་བར་བྱ་བའི་ཕྱིར། དོན་དམ་པའི་བདེན་པ་ལས་ལྡང་བ་བསྟན་པར་བྱ་སྟེ། འོད་གསལ་བར་ནི་རབ་ཞུགས་ནས། །ལྡང་བའི་ཡང་ནི་བསྟན ་པར་བྱ་ཞེས། །སྨོས་ཏེ། སྔར་བཤད་པའི་རིམགྱིས་འོད་གསལ་བ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་ཞུགས་པའི་རྣལ་འབྱོར་པ་གང་ཡིན་པ་དེའི་དེ་ལས་ལྡང་བ་ནི་འོག་ནས་བཤད་པའི་རིམ་གྱིས་ལྷའི་སྐུ་འཛིན་པ་བསྟན་པར་བྱ་བ་ནི་བཤད་པར ་བྱ་སྟེ། སྔ་མའི་སྨོན་ལམ་འབྲས་བུར་བཅས་པ་དང། ཆད་པའི་ལྟ་བ་སྤོང་བ་དང། སེམས་ཅན་གྱི་དོན་བྱ་བའི་ཕྱིར་རོ། །དེ་ཉིད་བཤད་པ་སྔགས་ཀྱི་སྐུ་ཡི་སྦྱོར་བ་ཡིས། །ལྷ་ཡི་གཟུགས་ལ་དམིགས་པའི་ཕྱིར་ཞེས་སྨོས་ཏེ། སྔགས་ཡོངས ་སུ་གྱུར་པ་ལ་སྐྱེས་པའི་སྐུ་ནི་སྔགས་ཀྱི་སྟེ། རྡོ་རྗེ་འཆང་ལ་སོགས་པའི་མཚན་ཉིད་དོ། །དེའི་སྦྱོར་བ་ནི་བསྒོམ་པའི་རང་བཞིན་གྱི་ཤེས་རབ་ཀྱི་མངོན་དུ་བྱེད་པའོ། །དེས་ལྷའི་གཟུགས་ནི་ལྷ་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར། །དེ་ལ ་དམིགས་པ་ནི། སྤྲོ་བ་སྔོན་དུ་འགྲོ་བར་བསྒོམ་པ་སྟེ། དེའི་ཕྱིར་དེ་ནི་དེའི་དོན་དུའོ། །དེས་ནི་ཏིང་ངེ་འཛིན་གསུམ་བསྟན་པ་ཡིན་ནོ། །དེ་ལ་སྔགས་ཀྱི་སྐུའི་སྦྱོར་བ་ནི་དང་པོའི་སྦྱོར་བའོ། །ལྷའི་གཟུགས་ལ་དམིགས་པའི་ཕྱིར་ནི་དཀྱིལ་འཁོར ་རྒྱལ་བ་མཆོག་དང། ལས་རྒྱལ་བ་མཆོག་བསྟན་ཏོ། །དེ་ཉིད་བཤད་པ་ནམ་མཁའ་ཨི་ཁམས་ཀྱི་དབུས་གནས་པར། ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱ། །སྔགས་པས་ཀྱང་ནི་དེ་སྟེང་དུ། །ཟླ་བའི་དཀྱིལ་འཁོར་རྣམ་པར་བསམ། །དེར ་ཡང་པདྨ་འདབ་མ་བརྒྱད། །ཁ་དོག་དམར་པོ་བསྒོམ་པར་བྱ་ཞེས་སྨོས་ཏེ། འདིས་ནི་གདན་གྱི་དབྱེ་བ་བཤད་པར་བྱ་སྟེ། རེ་ཞིག་དང་པོ་སྣ་ཚོགས་པདྨའི་སྟེང་དུ་ཡི་གེ་ཧཱུཾ་སྔོན་པོ་བཀོད་ལ་དེའི་འོད་ཟེར་གྱིས་ནམ་མཁའ་ལས་མི་བསྐྱོད་པའི ་རིགས་བཀུག་ཅིང་བཅུག་ལ། དེ་ཡོངས་སུ་གྱུར་པ་ལས་ཆ་བཅུ་གཉིས་པ་ཉི་མའི་དཀྱིལ་འཁོར་བསྐལ་པའི་མེ་ལྟར་འབར་བ་དཔེ་བྱད་གྱི་རང་བཞིན་བསྒོམ། །དེ་ནས་དེའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཨོཾ་དཀར་པོ་བཀོད་ལ། དེའི་འོད་ཟེར ་གྱིས་ནམ་མཁའ་ལས་རྣམ་པར་སྣང་མཛད་ཀྱི་རིགས་བཀུག་ཅིང་བཅུག་ལ་དེ་ཡོངས་སུ་གྱུར་པ་ལས་ཆ་བཅུ་དྲུག་གི་རང་བཞིན་དཀར་པོ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་གྱིས་ངོ་བོ་ཟླ་བའི་དཀྱིལ་འཁོར་བསམ་མོ། །དེ་ནས་ཟླ་བའི་དཀྱིལ་འཁོར ་གྱི་སྟེང་དུ། ཁ་དོག་དམར་པོའི་ཡི་གེ་ཨ་བཀོད་ལ་དེའི་འོད་ཟེར་གྱིས་ནམ་མཁའ་ལས་འོད་དཔག་ཏུ་མེད་པའི་རིགས་བཀུག་ཅིང་བཅུག་ལ་དེ་ཡོངས་སུ་གྱུར་པ་ལས་པདྨ་དམར་པོ་འདབ་མ་བརྒྱད་བ་བསི?་སྟེ། དྲང་བའི་དོན་ཏོ། །མི་བསྐྱོད་པའི་རང་བཞིན ་ཉི་མའི་དཀྱིལ་འཁོར་དང། རྣམ་པར་སྣང་མཛད་ཀྱི་རང་བཞིན་ཟླ་བའི་དཀྱིལ་འཁོར་དང། འོད་དཔག་ཏུ་མེད་པའི་རང་བཞིན་པདྨའོ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཉི་མ་དང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ཟླ་བ་དང། སོ་སོར ་རྟོགས་པའི་ཡེ་ཤེས་ཀྱི་རང་བཞིན་པདྨའོ། །མངོན་སྤྱོད་ནི་ཉི་མ་དང་། ཞི་བ་ནི་ཟླ་བ་དང། དབང་ནི་པདྨའོ། །སེམས་ཀྱི་རང་བཞིན་ཉི་མ་དང། ལུས་ཀྱི་རང་བཞིན་ཟླ་བ་དང། ངག་གི་རང་བཞིན་པདྨའོ། །ཁྲག་གི་ཁམས་ནི་ཉི་མ་དང། ཤུ་ཀྲའི ་ཁམས་ནི་ཟླ་བ་དང། དེ་དག་གི་རྟེན་ནི་པདྨའོ། །དབུས་མའི་རྩ་ཉི་མ་དང། གཡོན་པའི་ཟླ་བ་དང། གཡས་པདྨའོ། །འདོད་པའི་ཁམས་ནི་ཉི་མ་དང། གཟུགས་གྱི་ཁམས་ནི་ཟླ་བ་དང། གཟུགས་མེད་པའི་ཁམས་ནི་པདྨའོ། །ལོངས་སྤྱོད་རྫོགས་པའི ་སྐུ་ནི་ཉི་མ་དང། སྤྲུལ་པའི་སྐུ་ནི་ཟླ་བ་དང། ཆོས་ཀྱི་སྐུ་ནི་པདྨའོ། །སྣང་བ་ནི་ཟླ་བ་དང། སྣང་བ་མཆེད་པ་ནི་ཉི་མ་དང་སྣང་བ་ཉེ་བར་ཐོབ་པ་ནི་པདྨའོ། །ཆགས་པ་བྲལ་བ་ནི་ཟླ་བ་དང། ཆགས་པ་ནི་ཉི་མ་དང། ཆགས་པ་བར་མིན་པདྨའོ། ། ་ཚུལ་ཁྲིམས་ནི་ཟླ་བ་དང། ཏིང་ངེ་འཛིན་ནི་ཉི་མ་དང། ཤེས་རབ་ནི་པདྨའོ། །སྟོང་པ་ཉིད་ནི་ཉི་མ་དང། སྙིང་རྗེ་ནི་ཟླ་བ་དང། གཉི་ག་ནི་པདྨའོ། །འཇམ་པ་ནི་ཟླ་བ་དང། རྣོ་བ་ནི་ཉི་མ་དང། གཉི་ག་ནི་པདྨའོ། ། ་ཀུན་བརྟགས་ནི་ཉི་མ་དང། གཞན་དབང་ནི་ཟླ་བ་དང། ཡོངས་སུ་གྲུབ་པ་ནི་པདྨའོ། །མོ་རྟགས་ནི་ཟླ་བ་དང། ཕོ་རྟགས་ནི་ཉི་མ་དང། མ་ནི་བརྟགས་ནི་པདྨའོ། །མཚན་མོ་ནི་ཟླ་བ་དང། ཉི་མོ་ནི་ཉི་མ་དང། མཚམས་ནི་པདྨའོ།། ་ཨཾ་ཟླ་བ་དང། ཨ་ཉི་མ་དང། གཉི་ག་མེད་པ་ནི་པདྨའོ། །ཤེས་རབ་ཟླ་བ་དང། ཐབས་ཉི་མ་དང། གཉི་གའི་བདག་ཉིད་པདྨའོ། །ཧཱུཾ་ཉི་མ་དང། ཨོཾ་ཟླ་བ་དང། ཨ་པདྨའོ། །སྟོང་པ་ཟླ་བ་དང། ཤིན་ཏུ་སྟོང་པ་ཉི་མ་དང།? ་ཆེན་པོ་སྟོང་པ་པདྨའོ། །ཁྱབ་བྱེད་ཟླ་བ་དང། ཁྱབ་བྱ་ཉི་མ་དང། གཉི་ག་ནི་པདྨའོ། །སྟོང་པ་ཉིད་ཟླ་པ་དང། མཚན་མ་མེད་པ་ཉི་མ་དང། སྨོན་པ་མེད་པ་ནི་པདྨའོ། །ཚངས་པ་ནི་ཟླ་བ་དང། དབང་ཕྱུག་ཆེན་པོ་ནི་ཉི་མ་དང། ཁྱབ ་འཇུག་ནི་པདྨའོ། །འདས་པ་ནི་ཟླ་བ་དང། དེ་ལྟར་བྱུང་བ་ནི་ཉི་མ་དང། མ་འོངས་པ་ནི་པདྨའོ། །ཞེ་སྡང་ཟླ་བ་དང། འདོད་ཆགས་ཉི་མ་དང། གཏི་མུག་ནི་པདྨའོ། །ཆུའི་ཁམས་ནི་ཟླ་བ་དང། མེའི་ཁམས་ནི་ཉི་མ་དང། སའི་ཁམས་ནི ་པདྨའོ། །གཟུགས་ཀྱི་ཕུང་པོ་ཟླ་བ་དང། རྣམ་པར་ཤེས་པའི་ཕུང་པོ་ཉི་མ་དང། འདུ་ཤེས་ཀྱི་ཕུང་པོ་ནི་པདྨའོ། །ས་བླ་ནི་ཟླ་བ་དང། ས་སྟེང་ནི་ཉི་མ་དང། ས་འོག་ནི་པདྨའོ། །དམ་ཚིག་སེམས་དཔའ་ནི་ཟླ་བ་དང། ཡེ་ཤེས་སེམས ་དཔའ་ནི་ཉི་མ་དང། ཏིང་ངེ་འཛིན་སེམས་དཔའ་ནི་པདྨའོ། །སེམས་ཅན་ལ་དམིགས་པ་ནི་ཟླ་བ་དང། ཆོས་ལ་དམིགས་པ་ནི་ཉི་མ་དང། དམིགས་པ་མེད་པ་ནི་པདྨའོ། །དཔྱིད་ནི་ཟླ་བ་དང། སོག?་ནི་ཉི་མ་དང། སྟོན་ཀ་ནི་པདྨའོ། །བདེ་བའི་དུས་ནི་ཟླ་བ ་དང། སྡུག་བསྔལ་གྱི་དུས་ནི་ཉི་མ་དད་བསམ་གྱི་ས་མི་ཁྱབ་པའི་དུས་ནི་པདྨའོ། །ཆ་དང་བཅས་པ་ཟླ་བ་དང། ཆ་ཆེད་པ་ནི་ཉི་མ་དང། གཉི་ག་དང་བྲལ་བ་ནི་པདྨའོ། །དེ་ལྟར་རིགས་བརྒྱའི་དབྱེ་བས་བཅོམ་ལྡན་འདས་ཀྱི་གདན་གྱི་དབྱེ་བ་བསྟན་ཏེ། ངེས ་པའི་དོན་ཏོ། །ཆོས་ཀྱི་དབྱིངས་ཀྱི་བསྒོམ་པ་བཤད་པར་བྱ་སྟེ། པདྨའི་སྟེང་དུ་སྔགས་ཆེན་པོ། ཡི་གེ་གསུམ་ཡང་རྣམ་པར་བསམ་ཞེས་སྤོས་པ་ལ་དེ་ནས་པདྨ་འདབ་མ་བརྒྱད་པ་དམར་པོའི་ལྟེ་བར་དཀར་པོ་དང། དམར་པོ་དང། ནག་པོའི་ཡི་གེ་གསུམ ་བཀོད་ལ། དེ་ཡོངས་སུ་གྱུར་པ་ལས་སེམས་སོ་སོར་རྟོག་པའི་བདག་ཉིད་ཀྱི་ཟླ་བའི་དཀྱིལ་འཁོར་ཉིད་བསམ་པར་བྱ་ཞེས་མན་ངག་གོ་།དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ནས་ཀུན་རྫོབ་ཀྱི་བདེན་པ་དོན་དམ་པ་ཉིད་དུ་བསྒྲུབ ་པར་བྱ་བ་བཤད་པར་བྱ་སྟེ། སྔགས་དང་པདྨ་ཉི་མ་དག་།ཟླ་བའི་དཀྱིལ་འཁོར་ལ་ཞུགས་པས་ཞེས་སྨོས་པ་ལ། སྔགས་ནི་ཨོཾ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་དང། དེ་བཞིན་དུ་པདྨ་དང་ཉི་མའི་དཀྱིལ་འཁོར་གསུམ་པོ་དེ་དག་ཀྱང་ཟླ་བའི ་དཀྱིལ་འཁོར་ནི་ཡི་གེ་གསུམ་པོ་ཡོངས་སུ་གྱུར་པ་ལས་སྐྱེས་པ་ལ་ཞུགས་པར་བསམ་པར་བྱའོ། །དེས་ནི་སྐུ་གསུང་ཐུགས་ཅིག་ཏུ་གྱུར་པའི་མཚན་ཉིད་ཀྱི་ཆོས་ཀྱི་དབྱིངས་དེ་ཁོ་ན་ཉིད་མངོན་དུ་བྱས་པར་བསྟན་ཏེ། དགོངས་པ་མ་ཡིན་པའོ། །ཉེ་བར ་བསྡུ་བའི་སྒོ་དེ་ཉིད་ཁྱད་པར་བཤད་ཟླ་བའི་དཀྱིལ་འཁོར་ཀུན་རྫོགས་པ། བྱང་ཆུབ་སེམས་སུ་རྣམ་པར་བརྟག་ཅེས་སྨོས་ལ། གདན་གསུམ་པོ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ ་རྫོགས་པས་ཀུན་ཏུ་རྫོགས་པ་གང་ཡིན་པ་དེ་ནི་བདེན་པ་གཉིས་ཀྱི་བདག་ཉིད་ཡིན་པས་ན་བྱང་ཆུབ་ཀྱི་སེམས་ཏེ། དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་བརྡ་རྣམ་པར་བརྟག་པ་སྟེ། རྗེས་སུ་དྲན་པར་བྱའོ། །ཕྱོགས་གཉིས་པོ་ལས་རྣམ་གྲོལ་བའི་རྣམ་རྟོགས ་མུན་པ་སེལ་བྱེད་པ། །ཉོན་མོངས་དྲི་མ་ཀུན་ལ་དག་།ཟླ་པ་བཞིན་དུ་སེམས་ཟླ་བའོ་ཞེས་བཤད་པའི་ཕྱིར་རོ། །དེ་ཁོ་ན་ཉིད་བསྡུས་པ་ལས་ཀྱང་བཅོམ་ལྡན་འདས་ཟླ་བའི་དཀྱིལ་འཁོར་ལྟ་བུར་སེམས་མཐོང་ཞེས་འབྱུང་ངོ། ། ་དེའི་ཁྱབ་པ་ཉིད་དུ་བསྟན་པའི་ཕྱིར། རྒྱུ་དང་མི་རྒྱུ་ཐམས་ཅད་ཀྱང། །དེ་ཉིད་དུ་ནི་རྣམ་བསམ་ཞིང་ཞེས་སྨོས་ཏེ། ཟླ་བའི་དཀྱིལ་འཁོར་དེ་ཉིད་ལ་རྒྱུ་བ་དང་མི་རྒྱུ་བའི་རང་བཞིན་ཐམས་ཅད་ནི་ཁམས་གསུམ་པར་གནས་པར་བསམས་པ་སྟེ་།ཆེས ་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས་ཐམས་ཅད་ལ་ཁྱབ་པའི་ཕྱིར་ཏེ། དྲང་བའི་དོན་ཏོ། །ས་ལ་སོགས་བའི་མི་རྒྱུ་པའི་ཁམས་དང་བཤད་གཅི་ལ་སོགས་པ་རྒྱུ་པ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བས་ཁམས་ཐམས་ཅད་ཁྱབ་བའི་ཕྱིར་ཏེ། ངེས ་པའི་དོན་ཏོ། །དེ་ཉིད་བརྟན་པར་བྱ་པའི་ཕྱིར་སྔགས་བརྟན་པ། བརྟན་པར་བྱ་བའི་དོན་དུ་ནི། གསང་སྔགས་འདི་ནི་བརྗོད་པར་བྱ་ཞེས་སྨོས་ཏེ། ལས་དང་པོ་པ་ཡིན་པས་ཆོས་ཀྱི་དབྱིངས་མངོན་དུ་མ་གྱུར་ན་དེའི་ཚེ་ཉིད་བརྟན་པར་བྱ་བའི་དོན ་དུ་འོག་ནས་བཤད་པའི་སྔགས་བརྗོད་དེ། རྡོ་རྗེའི་ཚིགས་ཤེས་ཚིགས་ལྷག་མ་སྟེ། སྒྲ་ཇི་བཞིན་པའོ། །སྔགས་བརྗོད་པ་ནི། ཨོཾ་དྷརྨཱ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ། ཨོཾ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་ཉིད་ནི་དྷརྨཱ་དྷཱ་ཏུ་སྟེ་འོད་གསལ་བའོ།། ་དེའི་སྭ་བྷཱ་བ?་ནི་རྣམ་པར་མི་རྟོག་པ་ཉིད་དོ། །ཱཏྨ་ཀོཉཧཾ་ནི་དེའི་བདག་ཉིད་ང་སྟེ། དགོངས་པ་མ་ཡིན་པའོ། །སྐུ་བསྐྱེད་པའི་ཕྱིར་དེ་ནས་རྣལ་འབྱོར་པ་ཡིས་ཀྱང། ཟླ་བའི་དབུས་སུ་ཡི་གེ་གསུམ་བསམ་ཞེས་སྨོས་ཏེ། །དེ་ནས་ཆོས་ཀྱི་དབྱིངས ་ཀྱི་རང་བཞིན་གྱི་སྐུ་གསུང་ཐུགས་གཅིག་ཏུ་གྱུར་པ་ལས་བྱུང་བའི་ཟླ་བའི་དབུས་སུ་ཁ་དོག་དཀར་པོ་ལས་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་གྱིས་ཡི་གེ་གསུམ་བསམ་པ་ནི་དགོད་པ་སྟེ། སྒྲ་ཇི་བཞིན་པའོ། །དེ་ནས་ཡི་གེ་གསུམ ་ལས་བྱུང། །ཀུན་ང?་ཟླ་བ་དཀར་དང་མཚུངས། །དང་པོའི་མགོན་པོ་བསམས་ནས་ཀྱང་ཞེས་སྨོས་པ་ལ། དེ་ནས་ཡི་གེ་གསུམ་ལས་འོད་ཟེར་གྱི་ཚོགས་སྤྲོས་ལ། དེ་ཉིད་གྱིS་རྣམ་པར་སྣང་མཛད་ལ་སོགས་པ་འཁོར་དང་བཅས་པ་བཀུག་ཅིང་དེ་ཉིད་དུ ་བཅུག་སྟེ་།རྡོ་རྗེ་རྩེ་ལྔར་པདྨ་དམར་པོ་བསམ་མོ། །དེའི་རྣམ་པར་དག་པ་ནི་སྟེང་གི་རྩེ་ལྔ་ནི་མི་བསྐྱོད་པ་ལ་སོགས་པ་དང། འོག་གི་རྩེ་ལྔ་པ་ནི་རེག་བྱ་རྡོ་རྗེ་མ་ལ་སོགས་པའོ། །སྟེང་གི་རྩེ་མོའི་འོག་ཏུ་པདྨ་འདབ་མ་བརྒྱད་པ་ནི་བྱམས་པ་ལ་སོགས་པ་དང། ་འོག་མའི་རྩེ་མོའི་འོག་ཏུ་པདྨ་འདབ་མ་བརྒྱད་པ་ནི་གཟུགས་དང། སྒྲ་དང། དྲི་དང། རོ་རྡོ་རྗེ་མ་དང། བྱམས་པ་དང། སྙིང་རྗེ་དང་།དགའ་བ་དང། བཏང་སྙོམས་ཀྱི་ལྷ་མོའོ། །སྟེང་དང་འོག་གི་ཆུ་སྲིན་གྱི་ཁ་ནི་གཤིན་རྗེ་གཤེགས་ལ་སོགས་པ ་བརྒྱད་དོ། །སྟེང་དང་འོག་གི་དབུ་མའི་རྩའི་རྩེ་མོ་ནི། གཙུག་ཏོར་དང་གནོད་མཛེས་རྒྱལ་པའོ། །ཆང་ཟུངས་ལ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང། སྙོམས་པར་ཞུགས་པ་ནི་རྡོ་རྗེ་འཆང་ངོ། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན ་རྡོ་རྗེ་བསམ་ལ། བཛྲ་ཨཱཏྨ་ཀོཉཧཾ་ཞེས་ང་རྒྱལ་བྱ་སྟེ། དེའི་རྩེ་མོར་ཧཱུཾ་བཀོད་ཅིང་སྤྲོ་བ་དང་བསྡུ་བའི་རིམ་གྱིས་འགྲོ་བའི་དོན་བྱས་ཏེ། སངས་རྒྱས་གྱི་ཞིང་ལ་འཇུག་ཅིང། དེ་བཞིན་གཤེགས་པ་ཐམས་ཅད་ཞུགས་པ་སྔོན་དུ་འགྲོ་བར་རྡོ་རྗེ ་ལས་བྱུང་བའི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ། ཞལ་གསུམ་ཕྱག་དྲུག་པ་བཞི་དཀར་པོ་རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་པ་ཞལ་དཀར་པོ་དང། དམར་པོ་དང་སྔོན་པོ་མངའ་བ་འོད་གསལ་བའི་ཡེ་ཤེས་ཀྱིས་རྣམ་པ་རང་གི་སྐུ་ལས་བྱུང་བའི་འོད ་ཟེར་གྱི་འཁོར་ལོས་ནམ་མཁའ་ཨི་ཁམས་ཀྱི་དཀྱིལ་དེ་བཞིན་གཤེགས་པ་དང། ལྟ་མོ་དང་ཁྲོ་བོའི་ཚོགས་ཀྱིས་གང་བར་མཛད་པ་བསམ་པར་བྱ་སྟེ། སྤྱིའི་དོན་ཏོ། །དེ་ནི་ཡན་ལག་བཅུ་པའི་རྣལ་འབྱོར་རོ། །ཉེ་བར་བསྡུ་བ་བཤད་པར་བྱ་སྟེ། དེ་ལྟར་ ་རྣལ་འབྱོར་དམིགས་ནས་ནི་ཞེས་སྨོས་པ་ལ། དེ་བཞིན་གཤེགས་པའི་རིགས་དྲུག་པ་སྐྱེ་བའི་བར་དུ་རྣལ་འབྱོར་གྱི་ཏིང་ངེ་འཛིན་ཏེ་དང་པོའོ།། །།རྗེས་སུ་རྣལ་འབྱོར་བཤད་པར་བྱ་སྟེ། རྗེས་སུ ་རྣལ་འབྱོར་བརྩམ་པར་བྱ་ཞེས་སྨོས་ཏེ། རྣལ་འབྱོར་གྱི་ཕྱི་ནས་འབྱུང་བས་རྗེས་སུ་རྣལ་འབྱོར་ཏེ། ཡི་གེའི་དོན་ཏོ། །དེ་ཉིད་བཤད་པ། མི་བསྐྱོད་པ་ནི་རྗེས་སུ་ཞུགས་པ། ཞལ་གསུམ་ཕྱག་དྲུག་འབར་བ་དང། །ིཎདྲ་ནཱི་ལའི་འོད་འབར ་བའི། །རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ། ཞེས་སྨོས་ཏེ། དེ་ནས་བཅོམ་ལྡན་འདས་དབུས་ཀྱི་གཙོ་བོ་རྡོ་རྗེ་འཆང་གི་ཐུགས་ཀ་ནས་འོད་ཟེར་སྤྲོས་ཏེ། དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མི་བསྐྱོད་པ་བསྒོམས་ལ་དེ ་དང་རྗེས་སུ་ཞུགས་པ་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་ཐུས་རྡོ་རྗེའི་རྣམ་པ་ཨིནྡྲ་ནཱི་ལ་ནོར་བུ་དང་འདྲ་བ་ཞེ་སྡང་གི་རིགས་ཡིན་པས་ན་ཁྲོ་བོ་འབར་བ་སྤྲོ་བ་རྣམ་པར་ཐར་པ་གསུམ་རྣམ་པར་དག་པས་ཞལ་གསུམ་པ། ཕ་རོལ ་ཏུ་ཕྱིན་པ་དྲུག་རྣམ་པར་དག་པས་ཕྱག་དྲུག་པ་བསམ་མོ། །དེ་ནས་དེའི་སྙིང་གར་པཾ་ལས་བྱུང་བའི་སྣ་ཚོགས་པདྨའི་ལྟེ་བར་དབྱངས་དང་པོ་ལས་བྱུང་བའི་ཟླ་བ་ལ་ཡི་གེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་ལྔ་པ་ལས་བྱུང་བའི་ཐུགས་རྡོ་རྗེ ་འཆང་དེ་དང་འདྲ་བར་བསམས་ཏེ། དེའི་ཐུགས་ཀར་ཡང་དེ་བཞིན་དུ་སྣ་ཚོགས་པདྨ་དང། ཟླ་བ་ལ་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ལས་ཡི་གེ་ཧཱུཾ་ཉིད་བསམ་པར་བྱ་སྟེ། ཡེ་ཤེས་སེམས་དཔའ་དང། ཏིང་ངེ་འཛིན་སེམས་དཔའ་བསྒོམ་པ ་ནི་རྗེས་སུ་རྣལ་འབྱོར་ཏེ་ཏིང་ངེ་འཛིན་གཉིས་པའོ། །དེ་ཉིད་ཀྱི་ཕྱག་མཚན་བསྟན་པའི་ཕྱིར། །རྡོ་རྗེ་འཁོར་ལོ་པདྨ་རྣམས། གཡས་པའི་ཕྱག་ཏུ་བསམ་པར་བྱ། །དྲིལ་བུ་རིན་ཆེན་རལ་གྲི་ནི། །གཡོན་པའི་ཕྱག་ཏུ་བསམ་པར་བྱ། །ཞེས་སྨོས་ཏེ། ་དེ་ལ་རྡོ་རྗེ་ནི་མི་བསྐྱོད་པའི་ཕྱག་མཚན་ཏེ། ཡེ་ཤེས་ལྔའི་རང་བཞིན་ནོ། །འཁོར་ལོ་རྣམ་པར་སྣང་མཛད་ཀྱི་ཕྱག་མཚན་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བའི་རང་བཞིན་ནོ། །པདྨ་ནི་འོད་དཔག་ཏུ་མེད་པའི་ཕྱག་མཚན་ཏེ། འདོད་ཆགས་ལ་སོགས ་བའི་འདམ?་གྱིས་མི་གོས་པའི་ཤེས་རབ་ཀྱི་རང་བཞིན། །དྲིལ་བུ་ནི་སྲིད་པ་རྣམ་པར་དག་པ་ཤེས་རབ་ཀྱི་ངོ་བོ་ཉིད་དོ། །ཡིད་བཞིན་ནོར་བུ་རིན་ཆེན་འབྱུང་ལྡན་གྱི་ཕྱག་མཚན་ཏེ། བསམ་པ་ཐམས་ཅད་རྫོགས་པར་བྱེད་པའི་ཡེ་ཤེས་སོ། །རལ་གྲི་ནི ་དོན་ཡོད་པར་གྲུབ་པའི་ཕྱག་མཚན་ཏེ། ཉོན་མོངས་པ་སྦྱོད་པའི་ཤེས་རབ་བོ། །དེ་ལྟར་རིགས་དྲུག་གི་མཚན་མ་འཛིན་པ་བཅོམ་ལྡན་འདས་པདྨ་དང་ཉི་མའི་དབུས་སུ་བཞུགས་པ་བསྒོམ་མོ། །ཞེས་རྗེས་སུ་རྣལ་འབྱོར་རོ། །ཤིན་ཏུ་རྣལ་འབྱོར་གྱི་བསྒོམ ་པ་བཤད་པར་བྱ་སྟེ། དེ་ནས་ཕུང་པོ་ལ་སོགས་པའི། །དབྱེ་བ་ཤེས་པས་སྣང་མཛད་སོགས། །གནོད་མཛེས་བར་དུ་ས་བོན་གྱི། །དགོད་པས་ཡང་དག་ཉིད་དུ་དགོད་ཅེས་སྨོས་ཏེ། དེ་ནས་ཞེས་བྱ་བ་ནི་རྗེས་སུ་རྣལ་འབྱོར་གྱི་འོག་ཏུ་ཕུང་པོ་ལ་སོགས ་པ་ནི་ཕུང་པོ་དང། སྐྱེ་མཆེད་དང། ཁམས་དང། ཡན་ལག་དང། ཉིང?་ལག་ལའོ། །དགོས་པ་ནི་ས་བོན་གྱི་ཡི་གེ་དགོད་པ་སྟེ། མཚོན་པར་བྱའོ། །ས་བོན་ཡོངས་སུ་གྱུར་པ་ལས་སྣང་མཛད་སོགས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དང། ལྷ་མོ ་དང། བྱང་ཆུབ་སེམས་དཔའ་དང། ཁྲོ་བོ་སྟེ། གནོད་མཛེས་ཀྱི་བར་དུ་བསྒོམ་མོ། །དེ་ཉིད་རྣམ་པར་སྣང་མཛད་སོགས། །གནོད་མཛེས་པར་ཞེས་བཤད་པ་ཡིན་ནོ། །ས་བོན་དགོད་པ་ནི་ཨོཾ་ལ་སོགས་པའི་ས་བོན་དགོད་པས་སོ། །ཡང་དག་ཅེས་བྱ་བ་ནི ་རང་བཞིན་རྗེས་སུ་དྲན་པས་སོ། །ཡང་ན་གང་དང་གང་གི་འདོག་དང། གཟུགས་ལ་སོགས་པའི་དང་དེའི་རིམ་པ་དེ་ཉིད་ཀྱིས་བསམ་མོ་།རྒྱས་པར་བཤད་པར་བྱ་སྟེ། རྣམ་སྣང་མཛད་འདིའི་ས་བོན་ནི། ཁ་དོག་དཀར་པོ་ཡི་གེ་ཨོཾ། །གཟུགས་ཕུང་ངོ་བོ་ཉིད ་གྱིས་ནི། སྔགས་ཤེས་པས་ནི་སྤྱི་བོར་དགོང་ཅེས་སྨོས་ཏེ། དང་པོར་སྤྱི་བོར་པདྨ་དང་ཟླ་བའི་སྟེང་དུ་ཨོཾ་དཀར་པོ་བཀོད་ལ། དེའི་འོད་ཟེར་གྱིས་ནམ་མཁའ་ནས་རྣམ་པར་སྣང་མཛད་ཀྱི་རིགས་བཀུག་ལ་དེ་ཉིད་དུ་བཅུག? ་སྟེ། དེ་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་ཞལ་གསུམ་ཕྱག་དྲུག་པ་ཞི་པ་དཀར་པོའོ། །གཟུགས་ཀྱི་ཕུང་པོ་རྣམ་པ་དེ་དག་པའི་རང་བཞིན་འོག་ནས། བཤད་པའི་ཕྱག་མཚན་འཛིན་པ། སེམས་དཔའ་གསུམ་གྱི་བདག་ཉིད་ཅན། ་ཏིང་ངེ་འཛིན་སེམས་དཔའ་ཨི་ཡི་གེ་ཨོཾ་གྱི་ཐིག་ལེར་ལྷ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་དང་བཅས་པ་མཛའ་ཡས་པའི་སངས་རྒྱས་ཀྱི་འོད་ཟེར་གྱིས་ཕྱོགས་བཅུ་ཁྱབ་བར་བྱེད་པ་བསྒོམས་ན་དེའི་མེ་ལོང་ལྟ་བུའི་ཡེ་ཤེས་འབྱུང་པར། ་འགྱུར་རོ། །འདུ་ཤེས་བྱིན་གྱིས་བརླབ་པ་བཤད་པར་བྱ་སྟེ། ཨཱ:ནི་མགོན་པོ་འོད་དཔག་མེད། །འདུ་ཤེས་ཕུང་པོ་བདག་ཉིད་ཅན། །མདོག་དམར་ཁ་ལ་བསམས་ནས་ནི། །དག་གི་དབང་ཕྱུག་ཉིད་ཐོབ་འགྱུར་ཞེས་སྨོས་ཏེ། དེ་ནས ་ལྐོག་མའི་དབུས་སུ་པདྨ་འདབ་མ་བརྒྱད་པ་དམར་པོ་དང་ཉི་མའི་སྟེང་དུ་ཨཱ(རྒྱུད་འགྲེལ་གསུམ་ཕྱག་དྲུག་པ་དམར་པོ་ཞི་བ་འདུ་ཤེས་ཀྱི་ཕུང་པོའི་རང་བཞིན་འོག་ནས་བཤད་པའི་ཕྱག་མཚན་འཛིན་པ། སེམས་དཔའ་གསུམ་གྱི་བདག་ཉིད་ཅན། ཏིང་ངེ་འཛིན་སེམས་དཔའ་ཨི་ཐིག་ལེར་ལྷ་སུམ་ཅུ་རྩ་གཉིས་དང་བཅས ་པ་སངས་རྒྱས་མཛའ་ཡས་པའི་འོད་ཟེར་གྱིས་ཕྱོགས་བཅུ་ཁྱད་པར་བསྒོམས་ན་དེའི་ཚེ་སོ་སོར་རྟོག་པའི་ཡེ་ཤེས་དང་ཐོབ་པ་དང། ངག་གི་དབང་ཕྱུག་ཉིད་ཐོབ་པར་འགྱུར་རོ། །རྣམ་པར་ཤེས་པའི་ཕུང་པོའི་བྱིན་གྱིས ་བརླབ་པ་བཤད་པར་བྱ་སྟེ། མི་བསྐྱོད་པའི་ཡི་གེ་ཧཱུཾ། །རབ་ཏུ་བཟང་པོའི་མཐིང་ཤིང་མདོག་།རྣམ་ཤེས་ཕུང་པོའི་ངོ་བོ་ཉིད། །སྔགས་པ་སྙིང་གར་རྣམ་པར་དགོང་ཅེས་སྨོས་ཏེ་སྙིང་གའི་སྟེང་དུ་པདྨ་དང། ཉི་མའི་དཀྱིལ་འཁོར་གྱིས་སྟེང་དུ་?་ལས་བྱུང ་བའི་མི་བསྐྱོད་པ་ཞལ་གསུམ་ཕྱག་དྲུག་པ་སྔོན་པོ་རྣམ་པར་ཤེས་པའི་ཕུང་པོའི་ངོ་བོ་འོག་ནས་བཤད་པའི་ཕྱག་མཚན་འཛིན་པ། ཏིང་ངེ་འཛིན་སེམས་དཔའ་ཨི་ཐིག་ལེར་ལྷ་སུམ་ཅུ་རྩ་གཉིས་དང་བཅས་པ་སངས་རྒྱས་མཛའ་ཡས་པའི་འོད་ཟེར་གྱིས ་སོགས?་བཅུ་ཁྱབ་པ་བསྒོམས་ནས་དེའི་ཚེ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་འབྱུང་བར་འགྱུར་རོ། །ཚེར?་པ་བྱིན་གྱིས་བརླབ་པ་བཤད་པ་ནི། རིན་ཆེན་མགོན་པོའི་ཡི་གེའི་སྭཱ། ཚང?་པའི་ཕུལ་པོའི་ངོ་བོ་ཉིད། །ཚོར་པ་དག་པའི་རྒྱུན་ཅན་ནི། །ཁ་དོག་སེར་པོ ་?་ཅེས་སྨོས་ཏེ། དེ་ནས་ལྟེ་བར་པདྨ་དང་ཉི་མའི་སྟེང་དུ་ཁ་དོག་སེར་པོའི་ཡི་གེ་སྭཱ་དགོད་ཅིང། དེ་ལས་བྱུན་བའི་རིན་ཆེན་འབྱུང་ལྡན་ཞི་བ་སེར་པོ་ཞལ་གསུམ་ཕྱག་དྲུག་པ་ཚོར་བའི་ཕུང་པོའི་ངོ་བོ་འོག་ནས་བཤད་པའི་ཕྱག་མཚན་འཛིན་པ། ་?་སེམས་དཔའ་གསུམ་གྱི་བདག་ཉིད་ཏིང་ངེ་འཛིན་སེམས་དཔའ་ཨི་ཐིག་ལེར་ལྷ་སུམ་ཅུ་རྩ་གཉིས་དང་བཅས་པ་སངས་རྒྱས་མཛའ་ཡས་པའི་འོད་ཟེར་གྱིས་ཕྱོགས་བཅུ་ཁྱབ་པར་བསྒོམས་ན་དེའི་ཚེ་མཉམ་པ་ཉིད་ཀྱི་ཡེ་ཤེས་འབྱུང་ངོ། །འདུ་བྱེད་རྣམ ་པར་དག་པ་བཤད་པར་བྱ་སྟེ། རྐང་པ་གཉིས་ལ་ཡི་གེ་ཧཱ། འདུ་བྱེད་ཕུང་པོའི་ངོ་བོ་ཉིད། ལས་ཀྱི་མགོན་པོ་དེ་ཉིད་ནི། སྔགས་པས་ཁ་དོག་ལྗང་གུར?་དགོད་ཅེས་སྨོས་ཏེ། དེ་ནས་རྐང་པ་གཉིས་ཀྱིས་སྟེང་དུ་ཁ་དོག་ལྗང་གུའི་ཧཱ་གཉིས་བཀོར?་ལ། ་དེ་ཡོངས་སུ་གྱུར་པ་ལས་དོན་ཡོད་གྲུབ་པ་ཞལ་གསུམ་ཕྱག་དྲུག་པ་ཞི་པ་ལྗང་ཁུ་འདུ་བྱེད་ཀྱི་ཕུང་པོའི་ངོ་བོ་འོག་ཅས་བཤད་པའི་ཕྱག་མཚན་འཛིན་པ། སེམས་དཔའ་ཨི་གསུམ་གྱི་བདག་ཉིད་ཏིང་ངེ་འཛིན་སེམས་དཔའ་ཨི་ཐིག་ལེར་ལྷ་སུམ་ཅུ་རྩ་གཉིས་དང ་བཅས་པ་སངས་རྒྱས་མཛའ་ཡས་པའི་འོད་ཟེར་སྤྲོ་བས་ཕྱོགས་བཅུ་ཁྱབ་པར་བསྒོམས་ན། དེའི་ཚེ་བྱ་བ་ནན་ཏན་བསྒྲུབ་པའི་ཡེ་ཤེས་འབྱུང་ངོ་ཞེས་ཕུང་པོ་བྱིན་གྱིས་བརླབ་པའོ། །ཁམས་བྱིན་གྱིས་བརླབ་པའི་ཕྱིར ་བཤད་པར་བྱ་སྟེ། སྔགས་པས་གཏི་མུག་དགའ་སོགས་ནི། ས་ལ་སོགས་པ་རབ་ཏུ་བཞག་།སྲ་དང་གཤེར་དང་དྲོ་བ་དང། །གཡོ་བ་ཉིད་ཤེས་རིམ་པ་བཞིན་ཞེས་སྨོས་ཏེ། ལུས་པོ་འདི་ལ་ཤ་དང། རུས་པ་ལ་སོགས་པ་སྲ་བའི་རང ་བཞིན་ནི་ས་སྟེ། དེ་ལ་མོ་ཧཱ་རཱ་ཏི་ཞེས་པའི་སྔགས་ལས་བྱུང་བ་སངས་རྒྱས་སྤྱན་དཀར་མོ་ཞལ་གསུམ་ཕྱག་དྲུག་པ་རྣམ་པར་སྣང་མཛད་དང། སྙོམས་པར་ཞུགས་པ་བདེ་བ་འཆང་ཆེན་པོའི་དབང་གི་ཞུ་སྟེ། ཡང་ཤ་དང་རུས་པ་ལ ་སོགས་པར་ཡོངས་སུ་གྱུར་ཏེ། དེ་ལ་མོ་ཧཱ་རཱ་ཏི་ཞེས་སྔགས་དགོད་པར་བྱ་སྟེ། དེའི་ཚེ་སའི་ཁམས་རྣམ་པར་དག་པར་འགྱུར་རོ། །དེ་ནས་དྭེ་ཥ་རཱ་ཏི་ཞེས་བྱ་བའི་སྔགས་ལས་བྱུང་པ་ཆུ་དང་ཁྲག་ལ་སོགས་པ་ཞུ་བའི་རྫས་ལ་མཱ་མ་ཀཱི ་བཀོད་དེ། མི་བསྐྱོད་པ་དང་ལྷན་ཅིག་ཏུ་ཞུ་ཞིང། ཡང་ཁྲག་ལ་སོགས་པའི་རང་བཞིན་དུ་ཡོངས་སུ་གྱུར་ཏེ། ཡང་དྭེ་ཥ་རཱ་ཏི་ཞེས་སྔགས་བཀོད་ན། དེའི་ཆེ་ཆུའི་ཁམས་རྣམ་པར་དག་པར་འགྱུར་རོ། །དེ་ནས་སྲོག་གི་དབང་པོ་དང། ཉེ་བའི་དྲོ ་བའི་རེག་པ་རང་བཞིན་གྱིས་མོའི་ཁམས་ལ་རཱ་ག་ར་ཏི་ཞེས་བྱ་བའི་སྔགས་དགོད་པ་སྔོན་དུ་འགྲོ་བ་སོགས་དཀར་མོ་དམར་པོ་ཞལ་གསུམ་ཕྱག་དྲུག་པ་བསྒོམས་ཏེ། འོད་དཔག་ཏུ་མེད་པ་དང་ལྷན་ཅིག་ཞུ་སྟེ། སླར་ཡང་མེའི་ཁམས་སུ་གྱུར ་ཅིང་དེ་ཉིད་ལ་རཱ་ག་རཱ་ཏཾ་ཞེས་བྱ་བའི་སྔགས་བཀོད་ན། དེའི་ཚེ་མེའི་ཁམས་རྣམ་པར་དག་པར་འགྱུར་རོ། །དེ་ནས་རྩའི་ཁོང་སྟོང་གི་ནང་དུ་རྒྱུ་བའི་རླུང་གི་ཁམས་ལ་བཛྲ་རཱ་ཏི་ཞེས་བྱ་བའི་སྔགས་དཀོད་པ་སྔོན་དུ་འགྲོ་བ་ལས་བྱུང་བ་སྒྲོལ་མ་ཞལ ་གསུམ་པ་ཕྱག་དྲུག་པ་ལྗང་གུ་དོན་ཡོད་གྲུབ་པ་དང་བཅས་པར་བསྒོམས་ཏེ། སྙོམས་པར་ཞུགས་པས་ཞུ་ཞིང་ཡང་རླུང་གི་ཁམས་སུ་འགྱུར་ཞིང་དེ་ཉིད་ལ་བཛྲ་རཱ་ཏི་ཞེས་བྱ་བའི་སྔགས་བཀོད་ན། དེའི་ཆེ?་རླུང་གི་ཁམས་རྣམ་པར་དག་པར་འགྱུར་རོ། །སྐྱེ་མཆེད ་བྱིན་གྱིས་བརླབ་པ་བཤད་པར་བྱ་སྟེ། ཐལིཾ་ནི་མིག་ཏུ་བཀོད་ནས་ནི། །སའི་སྙིང་པོ་རྣམ་པར་བསྒོམ། །ོཾ་ནི་རྣ་བ་དག་ལ་དགོད། །ཕྱག་ན་རྡོ་རྗེ་བསྒོམ་བར་བྱ། །ོཾ་ནི་སྣ་ལ་རྣམ་བཀོད་དེ། །ནམ་མཁའ་ཨི་སྙིང་པོ་རབ་ཏུ་བསྒོམ། །ོཾ་ནི་ལྕེ་ལ་བཀོད་ནས་ནི། ། ་འཇིག་རྟེན་དབང་པོར་བརྟག་པར་བྱ། །ཡིད་ལ་ཨོཾ་དང་ཧཱུཾ་བཀོད་དེ། །འཇམ་པའི་དབྱངས་ནི་རབ་ཏུ་བསྒོམ་ཡི་གེ་ཨོཾ་ནི་ལུས་ཀུན་ལའང། བསྒོམས་པས་སྒྲིབ་སེལ་དྲན་པར་བྱ། །མཾ་ཡིག་རྩ་རྒྱུས་ལ་བཀོད་དེ། །བྱམས་པ་ཉིད་དུ་ཡོངས་སུ་བརྟག་།ཚིགས ་ཀུན་ལ་ནི་སམ་བཀོད་དེ། །ཀུན་ཏུ་བཟང་པོ་བསམ་པར་བྱ་ཞེས་སྨོས་ཏེ། ཚིགས་སུ་བཅད་པ་བཞིས་སྐྱེ་མཆེད་དྲུག་དང་རྩའི་འཁོར་ལོ་དང་ཚིགས་ཐམས་ཅད་ལ་དགོད་པ་བཤད་པར་བྱ་སྟེ། དེ་ལ་དང་པོ་མིག་གི་དབང་པོ་སྟོང་པ་ཉིད་དུ་བསྒོམས་ལ ་སྟོང་པའི་གནས་སུ་ཡི་གེ་ཟླིཾ་དཀར་པོ་དགོད་ཅིང་དེ་ཡོངས་སུ་གྱུར་པ་ལས་སའི་སྙིང་པོ་ཞལ་གསུམ་ཕྱག་དྲུག་པ་ཞི་བ་དཀར་པོ་འཆང་པར་གྱུར་པའི་ཕྱག་མཚན་འཛིན་པ། སེམས་དཔའ་གསུམ་གྱི་བདག་ཉིད་ཡེ་ཤེས་སེམས་དཔའ་ཨི་ས་བོན་གྱི ་ཐིག་ལེར་ལྷ་སུམ་ཅུ་རྩ་གཉིས་དང་བཅས་པ་སངས་རྒྱས་མཛའ་ཡས་པའི་འོད་ཟེར་སྤྲོས་པས་ཕྱོགས་བཅུ་ཁྱབ་པར་བསམས་ན་དེའི་ཚེ་ཐ་མལ་པའི་མིག་གི་དབང་པོ་ལོག་ནས་ལྷའི་མིག་ཏུ་འགྱུར་རོ། །དེ་བཞིན་དུ་རྣ་བའི་དབང་པོ་སྟོང་པར ་བསྒོམས་ནས། སྟོང་པའི་གནས་སུ་ཨོཾ་སྔོན་པོ་བཀོད་ལ་དེ་ཡོངས་སུ་གྱུར་པ་ལས་ཕྱག་ན་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ་ཞི་བ་སྔོན་པོའོ་གནས་འཆང་བའི་ཕྱག་མཚན་འཛིན་པ། སེམས་དཔའ་གསུམ་གྱི་བདག་ཉིད་ཡེ་ཤེས་སེམས་དཔའ་ཨི་ས ་བོན་གྱི་ཐིག་ལེར་ལྷ་སུམ་ཅུ་རྩ་གཉིས་དང་བཅས་པ་སངས་རྒྱས་མཛའ་ཡས་པའི་འོད་ཟེར་སྤྲོས་པས་ཕྱོགས་བཅུ་ཁྱབ་པར་བསམས་ན་དེའི་ཚེ་ཐ་མལ་པའི་རྣ་བའི་དབང་པོ་ལོག་ནས་ལྷའི་རྣ་བ་ཐོབ་པར་འགྱུར་རོ།། ་དེའི་རྗེས་ལ་སྣའི་དབང་པོ་སྟོང་པར་བསྒོམས་ལ། སྟོང་པའི་གནས་སུ་ཡི་གེ་ཨོཾ་སེར་པོ་བཀོད་ལ་དེ་ལས་ནམ་མཁའ་ཨི་སྙིང་པོ་ཞལ་གསུམ་ཕྱག་དྲུག་པ་ཞི་བ་སེར་པོ་འོག་ནས་འཆང་པའི་ཕྱག་མཚན་འཛིན་པ། སེམས་དཔའ་གསུམ་གྱི་བདག ་ཉིད་ཡེ་ཤེས་སེམས་དཔའ་ཨི་ས་བོན་གྱིS་ཐིག་ལེར་ལྷ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་སངས་རྒྱས་མཛའ་ཡས་པའི་འོད་ཟེར་སྤྲོས་པས་ཕྱོགས་བཅུ་ཁྱབ་པར་བསྒོམས་ན། དེའི་ཆེ་ཐ་མལ་པའི་སྣའི་དབང་པོ་ལོ་གནས། ལྷའི་སྣ་ཐོབ་པར ་འགྱུར་རོ། །དེ་བཞིན་དུ་ལྕེའི་དབང་པོ་སྟོང་པ་ཉིད་དུ་བསྒོམས་ལ་སྟོང་པའི་གནས་སུ། ཨོཾ་དམར་པོ་ལས་འཇིག་རྟེན་དབང་ཕྱུག་ཞལ་གསུམ་ཕྱག་དྲུག་པ་ཞི་བ་དམར་པོ་འོག་ནས་འཆང་པའི་ཕྱག་མཚན་ཉིད་འཛིན་པ། སེམས་དཔའ་གསུམ ་གྱི་བདག་ཉིད་ཡེ་ཤེས་སེམས་དཔའ་ཨི་ས་བོན་གྱིས་ཐིག་ལེར?་ལྷ་སུཾ་ཅུ་རྩ་གཉིས་དང་བཅས་པ་སངས་རྒྱས་མཛའ་ཡས་པའི་འོད་ཟེར་སྤྲོས་པས་ཕྱོགས་བཅུ་ཁྱབ་པར་བསམས་ན། དེའི་ཚེ་ཐ་མལ་པའི་ལྕེའི་དབང་པོ་ལོག་ནས ་ལྷའི་ལྕེ་ཐོབ་པར་འགྱུར་རོ། །དེ་ནས་ཡིད་ཀྱི་གནས་སྙིང་གར་ཨོཾ་དང་བཅས་པའི་ཧཱུཾ་ཡོངས་སུ་གྱུར་པ་ལས་ཁ་དོག་དེ?་དཀར་པོ་ཞལ་གསུམ་ཕྱག་དྲུག་པའི་འཇམ་པའི་དབྱངས་འོག་ནས་འཆད་པའི་ཕྱག་མཚན་འཛིན་པ། ་སེམས་དཔའ་གསུམ་གྱི་བདག་ཉིད་ཡེ་ཤེས་སེམས་དཔའ་ཨི་ས་བོན་ཐིག་ལེར་ལྷ་སུམ་ཅུ་རྩ་གཉིས་དང་བཅས་པ་སངས་རྒྱས་མཛའ་ཡས་པའི་འོད་ཟེར་སྤྲོས?་པས་ཕྱོགས་བཅུ་ཁྱབ་པར་བསམས་ན། དེའི་ཚེ་ཐ་མལ་པའི་ཡིད་ལོག་ནས ་གཞན་གྱི་སེམས་ཤེས་པ་དང། འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བའི་ཤེས་པ་ཐོབ་པར་འགྱུར་རོ། །དེའི་རྗེས་ལ་ལུས་ཀུན་ན་གསང་བའི་རྡོ་རྗེའི་མཐར་ཡི་གེ་ཨོཾ་ཡོངས་སུ་གྱུར་པ་ལས་ཞལ་གསུམ་ཕྱག་དྲུག་པ་ཞི་བ་ལྗང་གུ་? ་ཐམས་ཅད་རྣམ་པར་སེལ་བ་འོག་ནས་འཆད་པའི་ཕྱག་མཚན་འཛིན་པ། སེམས་དཔའ་གསུམ་གྱི་བདག་ཉིད་ཡེ་ཤེས་སེམས་དཔའ་ཨི་ས་བོན་གྱི་ཐིག་ལེར་ལྷ་སུམ་ཅུ་རྩ་གཉིས་དང་བཅས་པ། སངས་རྒྱས་མཛའ་ཡས་པའི་འོད་ཟེར་སྤྲོས ་པས་ཕྱོགས་བཅུ་ཁྱད་པར་བསམས་ན། དེའི་ཚེ་ཐ་མལ་པའི་ལུས་ལོག་ནས་ལྷའི་སྐུ་ཐོབ་པར་འགྱུར་རོ། །དེ་ནས་རྩ་རྒྱུས་ཐམས་ཅད་ལ་ཡི་གེ་མཻཾ་ལས་བྱམས་པ་ཞལ་གསུམ་ཕྱག་དྲུག་པ་ཞི་བ་དམར་པོ་འོག་ནས་འཆད་པའི་ཕྱག་མཚན་འཛིན ་པ། སེམས་དཔའ་གསུམ་གྱི་བདག་ཉིད་ཡེ་ཤེས་སེམས་དཔའ་ཨི་ས་བོན་ཐིག་ལེར་ལྷ་སུམ་ཅུ་རྩ་གཉིས་དང་བཅས་པ་སངས་རྒྱས་མཛའ་ཡས་པའི་འོད་ཟེར་སྤྲོས་པས་ཕྱོས་བཅུ་ཁྱབ་པར་བསམས་ན། །དེའི་ཚེ་རྩའི་ཁོང?་སྟོད་ལོག?་ནས་མི ་བྱེད་པའི་སྐུ་ཐོབ་པར་འགྱུར་རོ། །དེ་ནས་ཡན་ལག་ཐམས་ཅད་ཀྱིས་ཚིགས་ལ་སམ་དམར་པོ་ལས་ཀུན་ཏུ་བཟང་པོ་ཞལ་གསུམ་ཕྱག་དྲུག་པ་ཞི་བ་དམར་པོ་འོག་ནས་འཆད་པའི་ཕྱག་མཚན་འཛིན་པ། སེམས་དཔའ་གསུམ་གྱི་བདག་ཉིད་ཡེ་ཤེས ་སེམས་དཔའ་ཨི་ས་བོན་གྱི་ཐིག་ལེར་ལྷ་སུམ་ཅུ་རྩ་གཉིས་དང་བཅས་པ། སངས་རྒྱས་མཛའ་ཡS་པའི་འོད་ཟེར་སྤྲོས་པས་ཕྱོགས་བཅུ་ཁྱབ་པར་བསམས་ན། དེའི་ཚེ་རྡོ་རྗེའི་སྐུ་ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་བརྒྱད་པོ་དེ་དག་ཡོངས་སུ་གྱུར་ནས་ཡང ་མིག?་སོགས་པར་སྔར་བཤད་པའི་ཡི་གེ་འབྲུ་རྣམས་དགོད་པར་བྱའོ། །ཁ་ཅིག་ན་རེ་མི་འགྱུར་བ་ཉིད་ཡིན་ནོ་ཞེས་ཟེར་རོ་ཡན་ལག་དང་ཉིད་ལག་ལ་དགོད་པ་བཤད་པ་བྱ་སྟེ། ལག་པ་གཡས་པར་གཤིན་རྗེ་གཤེད། གཡོན་པར་གཞན་གྱིས་མི་ཐུབ་པ། ་རྟ་མགྲིན་ཁ་ལ་བསམས་པར་བྱ། །རྡོ་རྗེ་ལ་ནི་བདུད་རྩི་འཁྱིལ། །དཔུང་པ་གཡས་པར་མི་གཡོ་བ། །གཡོན་པར་འདོད་པའི་རྒྱལ་པོའོ། །པུས་མོ་གཡས་པར་བསམ་པ་ནི། །དབྱུག་པ་སྔོན་པོ་ཆེར་འབང་བ། །པུས?་མོ་གཡོན་པད ་སྟོབས་པོ་ཆེ། །སྤྱི་བོར་གཙུག་ཏོར་འཁོར་ལོ་སྒྱུར། །གནོད་མཛེས་རྒྱལ་པོ་བསམས་པ་ནི། །རྐང་པ་གཉིས་ལ་དགོང་པར་བྱ་ཞེས་སྨོས་པ་ལ། དཔུང་པ་གཡས་པ་དང། གཡོན་པ་དང། ཁ་དང་གསང་པ་དང། ལག་ངར་གཉིས་དང། པུས་མོ་གཉིས ་དང?་ཚངས་པའི་སྒོ་དང། རྐང་པའི་མཐིལ་ལ་ཡི་གེ་ཧཱུཾ་སྔོན་པོ་བཅུ་དགོད་པ་འམ། ཡང་ན་ཡ་མཱནྟ་ཀྲིཏ། པཛྙནྟ་ཀྲིཏ། པདམཱནྟ་ཀྲིཏ། པིགྷྣཱཾ་ཏ་ཀྲིཏ་དང། ཧཱ་སྭཱ་ཨཱ(རྒྱུད་འགྲེལ་འཆད་པར་འགྱུར་བའི་ཕྱག་མཚན་དང་ཁ་དོག་འཛིན་པ་ཁྲོ་བོ་བཅུ་ཞལ་གསུམ་ཕྱག་དྲུག་པ། སེམས་དཔའ་གསུམ་གྱི་བདག་ཉིད་ཡེ་ཤེས་སེམས་དཔའ་ཨི་ས་བོན་གྱི་ཐིག་ལེར་ལྷ་སུམ་ཅུ་རྩ་གཉིས་དང་བཅས་པ། སངས་རྒྱས་མཛའ་ཡས ་པའི་འོད་ཟེར་སྤྲོས་པས་ཕྱོགས་བཅུ་ཁྱབ་པར་བསམས་ན། དེའི་ཚེ་འབར་བ་དང་སྣང་བ་དང། བློག་སྟོན་པ་དང། གསལ་བ་དང། ཆར་འབེབས་པ་དང། མི་སྣང་བ་དང། གཟུགས་སྒྱུར་བ་དང། སྐད་ཅིག་གཅིག་གིས་གླིང་བཞི་བསྐོར་བ་དང། ་མཁའ་སྤྱོད། ས་འོག་སྤྱོད་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཉེ་བར་བསྡུ་བ་བཤད་པར་བྱ་སྟེ། དགོད་བྱས་དེ་ནས་སྔགས་པ་ཡིས། །ཕུང་པོ་ལ་སོགས་ཆོ་ག་བཞིན། །སྐུའི་དཀྱིལ་འཁོར་རྫོགས་གྱུར་ནས། །རྣལ་འབྱོར་ཆེན་པོ་ཡང་དག ་བསམ་ཞེས་སྨོས་པ་ལ། དགོད་བྱས་ནི་ཤིན་ཏུ་རྣལ་འབྱོར་གྱི་རིམ་གྱིས་ལྷ་སུམ་ཅུ་རྩ་གཉིས་ཀྱི་འཁོར་ལོ་བཀོད་ནས་སོ། །ཕུང་པོ་ལ་སོགས་པ་ནི་ཕུང་པོ་དང། ཁམས་དང། སྐྱེ་མཆེད་དང། ཡན་ལག་དང། ཉིད་ལག་ལའོ། །ཆོ་ག་བཞིན ་ནི་སྔར་བཤད་པའི་རིམ་པས་སོ། །དེས་ནི་ལུས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་འགྱུར་རོ། །ལུས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་བར་གྱུར་ནས། རྣལ་འབྱོར་ཆེན་པོ་ནི་སྐུ་ལ་སོགས་པ་ཕྱིན་གྱིས་བརླབ་པའི་བདག་ཉིད་ཀྱི་ཏིང་ངེ་འཛིན་ནོ། །ཡང་དག ་བསམ་ནི་བསྒོམ་པར་བྱའོ། །དེ་ཉིད་བཤད་པ་ཟླ་བའི་དཀྱིལ་འཁོར་ཡང་དག་རྫོགས། །སྤྱི་བོའི་དབུས་སུ་གནས་པར་བསམ། །དེར?་ནི་ཡི་གེ་ཨོཾ་དཀར་པོ། །འོད་ཟེར་ལྡན་ནི་རབ་འཕྲོ་བའོ་ཞེས་སྨོས་པ་ལ། རེ་ཞིག་དང་པོ་སྤྱི་བོའི་དབུས་སུ་གླང་བའི་ནང་རྩེལ ་དགོང་དབྱངས་དང་པོ་ལས་བྱུང་བ་ཟླ་བའི་དཀྱིལ་འཁོར་ཡང་དག་རྫོགས་ནི་ཉའི་ཟླ་བ་དང་འདྲ་བ་བསྒོམ་མོ། །དེའི་སྟེང་དུ་ཁ་དོག་དཀར་པོའི་ཡི་གེ་ཨོཾ་ནི་རྣམ་པར་སྣང་མཛད་ཀྱི་ས་བོན་འོད་ཟེར་ལྷ་སྤྲོས་པར་བྱེད་པ་ནི་ལྷ་སུམ་ཅུ་རྩ་གཉིས་ཀྱི་བདག ་ཉིད་དུ་བསྒོམས་ཏེ། དེ་ལས་འོད་ཟེར་གྱི་འཁོར་ལོ་སྤྲོས་ལ་ནམ་མཁར་དེ་ཡོངས་སུ་གྱུར་པ་ལས་སྤྱན་མཛའ་ཡས་པའི་སྤྱན་གྱི་ཚོགས་ཀྱིས་བསྐོར་བ་བསྒོམས་ཏེ། འོག་མིན་གྱི་གནས་སུ་སོང་ནས་དེ་ལས་ཡེ་ཤེས་ཀྱི་རྣམ་པར་སྣང་བ་ལ་མཆོད ་པ་ལྔ་དང་སྙོམས་པར་འཇུག་པས་མཆོད་ཅིང་མགྲིན་པར་ལག་དང་གྱི་ཞགས་པ་བཅུག་སྟེ་འོག་ཏུ་བཀུག་ཅིང་དེའི་འཁོར་དུ་མ་ཡང་སྤྲུལ་པའི་སྤྱན་གྱི་ཚོགས་ཀྱིས་བཀུག་པར་བསམས་ལ། ཤར་ཕྱོགས་ཀྱི་སྒོའི་མདུན་དུ་པཾ་ལས་སྐྱེས་པའི ་སྣ་ཚོགས་པདྨ་དང་། ལས་སྐྱེས་བའི་ཟླ་བའི་དཀྱིལ་འཁོར་ལ་ཞུགས་སུ་གསོལ་ལ། སྙིང་ག་ནས་མཆོད་པའི་ལྷ་མོ་སྤྲོ་ཞིང་མཆོད་ན། དཔལ་ལྡན་སངས་རྒྱས་སྐུ་འཆང་བ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་གསོལ་པ ་བཏབ་ནས། དཔའ་རླབས་བཞིན་དུ་ཨོཾ་གྱི་ཐིག་ལེར་ཞུགས་ལ། སངས་རྒྱས་ཀུན་གྱི་སྐུ་གང་ཡིན་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པས་ང་རྒྱལ་བྱས་ལ་བརྟེན་པར་བྱེད་པའི་སྔགས་བརྗོད་པ་བྱ་སྟེ། སྐུ་བྱིན་གྱིས་བརླབ་པའོ། །དེ་ལྟར ་གྱུར་ནས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བརྒྱད་ནས་སྤྲས་པའི་བདག་ཉིད་ཐོབ་པར་འགྱུར་རོ་ཞེས་ཕན་ཡོན་ནོ། །དེ་ཉིད་བཤད་པ། དེ་ནས་ལྷ་མོ་ཕྱུང་ནས་ནི། །བདག་ལོའི་རབ་ཏུ་སྦྱོར་བ་ཡིས། ། ་སྤྱན་ནི་དུ་མ་བསམས་ནས་ནི། །ནམ་མཁའ་ཐམས་ཅད་རབ་ཏུ་གང་ཞེས་སྨོས་པ་ལ། ལྷ་མོ་ནི་སྤྱན་གཙོ་མོའོ། །བདག་པོའི་སྦྱོང་བ་ཡིས་ན་དབུས་ཀྱི་གཙོ་བོ་ལ་འཁྱུང་ནས་གནས་པའོ། །སྤྱན་དུ་མ་ནི་ངེས་སྤྲོས་པའི་སྤྱན?་མས་པོ་སྟེ། འཁོར ་གྱི་རང་བཞིན་ནོ། །ནམ་མཁའ་ཐམས་ཅད་རབ་ཏུ་དགང་ཞེས་བྱ་བ་ནི་ནམ་མཁའ་ཨི་ཁམས་མ་ལུས་པ་ཁྱབ་ཅིང་ལག་ན་མཆོད་པ་ཐོགས་པའོ། །དེ་ནས་སྐུའི་རྡོ་རྗེ་ནི། ནམ་མཁའ་གང་བར་བཞུགས་བསམས་ཏེ། ཞེས་སྨོས་པ་ལ། དེ་ནས་འོག་མིན ་གྱིས་གནས་ཐོབ་ནས་སྐུ་རྡོ་རྗེ་ནི་རྣམ་པར་སྣང་མཛད་ལ་མཆོད་ཅིང་སྙོམས་པར་འཇུག་པ་ཆེན་པོས་མཆོད་ལ། ནམ་མཁའ་གང་བར་བཞུགས་པ་ནི་སངས་རྒྱས་ཀྱི་ཞིང་ལས་བྱུང་ཞིང་གང་དུ་བསྒྲུབས་པའི་གནས་དེའི་ནམ་མཁའ་ལ་ཁྱབ་ནས་བཞུགས ་པར་བསམ་པར་བྱའོ། །དེ་དབུས་བདག་པོ་བསྒོམ་པ་ནི། བདག་ཉིད་ཀྱི་ནི་མདུན་དུ་གནས་ཞེས་སྨོས་ཏེ། དེ་ནས་བར་སྣང་ནམ་མཁའ་ལ་བཀུག་ཅིང་བདག་ཉིད་ཀྱི་མདུན་དུ་ཞེས་བྱ་བ་ནི་ཤར་ཕྱོགས་ཀྱི་སྒོའི་མདུན་དུ་པདྨ་དང་ཟླ་བའི་སྟེང་དུ་བཞུགས་སུ ་གསོལ་བར་བྱ་བ་ནི་བལྟ་བར་བྱ་བའོ། །མཆོད་པ་བྱས་ནས་གསོལ་བ་གདབ་པའི་ཕྱིར་བཤད་པ། དེ་ནས་སྔགས་པས་ཚིགས་བཅད་འདིས། གཉིས་བརྗོད་ནས་ནི་གསོལ་བ་གདབ་ཅེས་སྨོས་ཏེ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ། དཔེ་བྱང་བརྒྱད?་ཅུས་སྐུ་སྤྲས་པ། སྔགས་པ་ནི་བསྒོམ་པ་མི་བརྗོད་པའི་ངང་ཚུལ་གྱིས་འོག་ནས་འཆད་པའི་ཚིགས་སུ་བཅད་པ་གཉིས་བརྗོད་གསོལ་བ་གདབ་པ་ནི་ངོན་དུ་གཉེར་བའོ ་དེ་ཉིད་བཤད་པ། དཔལ་ལྡན་སངས་རྒྱས་སྐུ་འཆང་བ། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུས་ནི་མཛད་དུ་གསོལ་ཞེས་སྨོས་ཏེ་སངས་རྒྱས་ཀྱི་སྐུ་ནི་རྡོ་རྗེའི་སྐུ་སྟེ། དེ་འཆང་བས་ན་སངས་རྒྱས ་སྐུ་འཆད་པའོ། །དཔལ་ནི་སྤྱན་ཏེ་དེ་དང་ལྡན་ནོ། །རྡོ་རྗེ་གསུམ་ནི་སྐུ་རྡོ་རྗེ་ལ་སོགས་པ་སྟེ། དེ་དང་མི་ཕྱེད་པར་བསྒོམས་པ་ནི་ཐ་མི་དད་པའི་རང་བཞིན་ནོ། །བཅོམ་ལྡན་འདས་སྐུ་རྡོ་རྗེ་ནི་ཁྱེད་བདག་ལ་བྱིན་གྱིས་བརླབ་པའི་གནས་ནི་ཡང་དག ་པར་བྱིན་གྱིས་བརླབ་པར་མཛད་དུ་གསོལ་ཞེས་གསོལ་བ་བཏབ་པའོ། །འཁོར་རྣམས་ལ་ཡང་བཤད་པ། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང?་བདག་བྱིན་གྱིས་བརླབས་ནས་སུ།། ་རྡོ་རྗེ་སྐུས་ནི་མཛད་དུ་གསོལ་ཞེས་པ་ནི་གོས་སླའོ། །གསོལ་བ་བཏབ་ཅིང་ཞུས་པ་བཤད་པ་སྟེ་སྤྱན་དང་ལྷན་ཅིག་ལྡན་པ་ཡིན། རྣམ་པར་སྣང་མཛད་བསམས་ནས་སུ། །དེ་བཅུག་ནས་ནི་བྱིན་བརླབས་ཏེ། །ཕུང་པོ་ལྔའི་རབ་བཀད་པའོ། ། ་ཞེས་སྨོས་ཏེ། མཆོད་པའི་མཐར་ཡང་ཨོཾ་གྱི་འོད་ཟེར་གྱིས་སྤྱན་དང་ལྡན་པའི་རྣམ་པར་སྣང་མཛད་གཞུག་ཅིང་བྱིན་གྱིས་བརླབས་ཏེ་ང་རྒྱལ་བྱའོ། །སངས་རྒྱས་ཀུན་གྱི་སྐུ་གང་ཡིན། །ཕུང་པོ་ལྔ་ཡིས་རབ་བཀང་པ། །སངས་རྒྱས་སྐུ་ཡི ་ངོ་བོ་ཡིས། །བདག་ཀྱང་ང་དང་འདྲ་བར་ཤོག་ཅེས་སྨོས་པ་ལ། སངས་རྒྱས་ཀུན་ནི་རྣམ་པར་སྣང་མཛད་ཀྱི་རིགས་ཅན་གྱི་སྐུ་ནི་རྡོ་རྗེའི་སྐུའོ། །ཇི་ལྟ་བུ་ཡིན་ཞེ་ན། ཕུང་པོ་ལྔ་ཡིས་རབ་བཀད་བ་ནི་ཡེ་ཤེས་ལྔའི་རང་བཞིན་དང། དེའི་རྒྱུ་མཐུན ་པར་འགྱུར་བ་འཇིག་རྟེན་ལས་འདས་པའི་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་ལྔས་རབ་བགང་བ་ནི་གང་པའོ། །དེ་བཞིན་དུ། བདག་ཀྱང་དེ་དང་འདྲ་བར་ཤོག་ཅེས་བྱ་བ་ནི་གྲུབ་པར་གྱུར་ཅིག་བའོ། །སངས་རྒྱས་སྐུའི་ངོ་བོ་ཡིས་ཞེས ་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་རིགས་ཀྱི་སྐུའི་རྣམ་པས་སོ། །སྔགས་བཤད་པ། ཨོཾ་སརྦ་ཏ་ཐ་ག་ཏ་ཀཱ་ཡ་བཛྲ་སྭ་བྷ་བ་ཨཱདམ་ཀོཉ་ཧི་ནི་དེའི་རང་བཞིན་ཡིན་ཞེས་བསྟན་པར་བྱ་བའོ། །དག་བྱིན་གྱིས་བརླབ་པ་བཤད་པར་བྱ་སྟེ། ཨཱརྣ་ནི་ཁ་དོག་དཀར་ལྡན་པ། ་པའི་སྐུའི་རང་བཞིན་ནོ། །དེའི་སྭ་བྷཱ་ནི་མཚན་ལ་སོགས་པས་བརྒྱན་པ་ཉིད་དང། མི་འཇིགས་པ་ཉིད་དོ། །ཱཏྨ་ཀོཉཧཾ་ནི་དེའི་རང་བཞིན་ཡིན་ནོ་ཞེས་བསྟན་པར་བྱ་བའོ། །དག་བྱིན་གྱིས་བརླབ་པ་བཤད་པར་བྱ་སྟེ། ཨཱརྣ་ནི་ཁ་དོག་བསྔར?་ལྡན་པ། ་ལྕེའི་དབུས་སུ་གནས་བསམས་ཏེ། གོས་དཀར་ཞེས་བྱ་ནམ་མཁའ་རུ། །སྤྲོས་ནས་ནམ་མཁའ་ཨི་ཁམས་རྣམས་?་ཞེས་སྨོས་ཏེ། རེ་ཞིག་དང་པོ་ལྐུག་གོ་མའི་དབུས་སུ་པཾ་ལས་སྐྱེས་པའི་པདྨ་འདབ་མ་བརྒྱད་པའི་ལྟེ་པར་ཡི་གེ་ཨཱ:དབང་པོ་ལས ་འོད་ཟེར་སྤྲོས་ལ་དེ་ཡོངས་སུ་གྱུར་པ་ལས་གོས་དཀར་མོ་མཛའ་ཡས་བའི་གོས་དཀར་མོས་བསྐོར་བ་བསྒོམས་ཏེ། བདེ་བ་ཅན་གྱི་བར་དུ་འགྲོ་ཞིང་དེ་ལ་མཆོད་པ་རྣམ་པ་ལྔས་ཡེ་ཤེས་ཀྱི་འོད་དཔག་ཏུ་མེད་པ་ལ་མཆོད་ཅིང་འཁྱུད་ལ། ་སྙོམས་པར་འཇུག་པའི་མཆོད་པས་མཆོད་ལ། མགྲིན་པར་ལག་དར་གྱིས་ཞགས་པས་དགུག་ཅིང་དེའི་འཁོར་རྣམས་དུ་མ་ཡང་སྤྲུལ་པའི་གོས་དཀར་མོའི་ཚོགས་ཀྱིས་བཀུག་པར་བསམས་ལ། ཤར་གྱི་སྒོའི་མདུན་དུ་པཾ་ལས་སྐྱེས ་པའི་པདྨ་དང་ཟླ་བ་ལ་བཞུགས་སུ་གསོལ་ཞིང་རང་གི་སྙིན་གནས་སྔ་མ་བཞིན་དུ་མཆོད་པའི་ལྷ་མོ་སྤྲོ་ཞིང་མཆོད་ལ། ཆོས་གྱི་གསུང་ལཾ་དཔལ་དང་ལྡན་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱི་གསོལ་བ་བཏབ་ལ་འོད ་ཟེར་གྱི་དཔའ་རླབས་བཞིན་དུ་ཨཱ:ཱི་ཐིག་ལེར་དག་གི་ལམ་ནས་ཞུགས་ལ་དག?་ཞིག་རྡོ་རྗེ་ཆོས་ཀྱི་ནི་ཞེས་བྱ་བ་ལ་སོགས་པས་ང་རྒྱལ་བྱ་ལ་བརྟན་པར་བྱེད་བའི་སྔགས་བརྗོད་བར་བྱའོ། །ཞེས་གསུང་བྱིན་གྱིས་བརླབ་བའོ། །དེ་ལྟར་གྱུར་ན ་གཡས་སུ་འཁྱིལ་བའི་དུང་དང་འདྲ་བ་མགྲིན་པ་དང་གདོང་གི་དཀྱིལ་འཁོར་འབྱོག་པར་བྱེད་པའི་ལྕེ་དང་བསྟན་བཅོས་སྣ་ཚོགས་རྩོམ་པ་གཞུང་དང་དོན་དང་ངེས་ཚིག་དང་སོ་སོར་སྣང་བ་རྣམས་ཀྱི་གཞིར་གྱུར་པར་ངག་འགྱུར་རོ། །ཞེས་ཕན་ཡིན་ནོ། ། ་དེ་ཉིད་བཤད་པ། གསུང་གི་རྡོ་རྗེ་སྔགས་པས་ནི། །ནམ་མཁའ་ཨི་དབུས་སུ་བཞུགས་པ་ལ། །དེ་ནས་སྔགས་པས་ཚིགས་བཅད་ནི། །གཉིས་གཙོ་དེ་བས་ནི་གསོལ་བ་གདབ་ཅེས་སྨོས་པ་ལ། ལྷ་མོའི་མཆོད་པའི་མཐར་གསུང་རྡོ་རྗེ་ནི་འོད་དཔག་ཏུ་མེད་པ་སྟེ། ་འོད་དཔག་ཏུ་མེད་པའི་འཁོར་དང་བཅས་པ་འགུགས་ཤིང་ནམ་མཁའ་ཨི་དབུས་སུ་སྔ་མ་བཞིན་དུ་པདྨ་དང། ཟླ་བའི་དབུས་སུ་བཞུགས་པ་ལྟས་ལ། མཆོད་ཅིང་འོག་ནས་བཤད་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་གསོལ་བ་གདབ་པར་བྱའོ། །ཆོས་ཀྱི་གསུང ་ལམ་དཔལ་དང་ལྡན། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་གསུང་གིས་མཛད་དུ་གསོལ་ཞེས་སྨོས་པ་ལ། གསུང་རབ་ཡན་ལག་དགུའི་རང་བཞིན་ཡིན་པས་ན། ཆོས་ནི་འོད་དཔག་ཏུ་མེད་པའོ། །དེ་ཉིད་གསུང ་གི་ལཾ་སྟེ་ངག་གི་དབང་ཕྱུག་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་སྐུ་རྡོ་རྗེ་ལ་སོགས་པ་དང་དབྱེར་མེད་བསན་རྡོ་རྗེ་མི་ཕྱེད་གསུམ་བསྒོམ་པའོ། །རྡོ་རྗེ་གསུམ་གྱིས་བདག་ལ་བྱིན་གྱིས་བརླབ་པ་ནི་གསུང་བྱིན་གྱིས་བརླབ་པ་མཛད་དུ་གསོལ། ཞེས་གསོལ་བ་བཏབ ་པའོ། །འཁོར་རྣམས་ལ་བཤད་པར་བྱ་སྟེ། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་གསུང་གིས་མཛད་དུ་གསོལ་ཞེས་པ་ནི་སླའོ། །ཞུགས་པ་བརྟན་པར ་བྱ་སྟེ། གོས་དཀར་མོ་རང་ལྷན་ཅིག་ཉིད། །རང་གི་གཙོ་བོར་ཡང་དག་ལྡན། །ལྕེ་ལ་ཞུགས་པར་རབ་བསམས་ཏེ། །གསུང་གིས་བྱིན་གྱིས་བརླབས་པ་བརྩམ་ཞེས་སྨོས་ཏེ། མཆོད་པའི་མཐར་ཨ:ཱི་འོད་ཟེར་གྱིས་རང་གཙོ་བོ་དང་བཅས་པའི་གོས་དཀར ་མོའི་ཚོགས་དཔའ་རླབས་བཞིན་དུ་ངག་གི་ལམ་ནས་ཞུགས་ཤིང་ང་རྒྱལ་བྱའོ། །རྡོ་རྗེ་ཆོས་ཀྱི་གསུང་གང་ཡིན། །ངེས་པའི་ཚིག་ནི་ཕུན་སུམ་ཚོགས། །བདག་གི་ཚིགས་ཀྱང་དེ་འདྲ་ཞིང། །ཆོས་འཛིན་པ་དྲང?་བསྟན? ་པར་ཤོག་ཅེས་སྨོས་པ་ལ། །རྡོ་རྗེ་ཆོས་ནི་འོད་དཔག་ཏུ་མེད་པའོ། །དེ་ཇི་ལྟར་ཕུན་སུམ་ཚོགས་པ་ནི་གཞུང་དང། དོན་དམ་ཚིག་དང། སོ་སོའི་སྣང་བ་ཡང་དག་པར་རིག་པ་དེ་བཞིན་དུ་བདག་ཀྱང་འགྱུར་ཞེས་ང་རྒྱལ་བྱའོ། །སྔགས་བཤོད? ་པ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཱ་ཀ་བཛྲ་སུ་བྷཱ་བ་ཨཱཏྨ་ཀོཉཧཾ་ཞེས་སྨོས་ཏེ། ཨོཾ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་ཉིད་སརྦ་ཏ་ཐཱ་ག་ཏ་བཱཀ་བཛྲ་ནི་འོད་དཔག་ཏུ་མེད་པ་སྟེ་དེ་ཉིད་མི་ཕྱེད་པ་ཡིན་པས་བཛྲའོ། །དེའི་སྭ་བྷཱ་བ་ནི་ཡན་ལག་དྲུག་ཅུ་ལ་སོགས ་པ་དང་ལྡན་པ་ཉིད་དོ། །དེའི་ཨཱཏྨ་ཀོཉཧཾ་ནི་བརྟན་པར་བྱའོ། །ཐུགས་བྱིན་གྱིས་བརླབ་པ་བཤད་པར་བྱ་སྟེ། སྔགས་པས་སྙིང་གར་ཟླ་བ་ཡི། །གཟུགས་བརྙན་འབར་བ་བསམ་བྱ་སྟེ། དེར་ནི་མཐིང་ཤིང་ལྟ་བུ་ཡི། །འོད་ཟེར་ལྔ་ལྡན་ཧཱུཾ་དགོད་དོ ་ཞེས་སྨོས་པ་ལ། རེ་ཞིག་དང་པོ་སྙིང་གའི་པཾ་ལ་སྐྱེས་པའི་སྣ་ཚོགས་པདྨའི་ལྟེ་བར་དབྱངས་དང་པོ་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་མཐིང་ཤིང་གི་འོད་དང་འདྲ་བའི་ཡི་གེ་ཧཱུཾ་འོད་ཟེར་མཛའ་ཡས་པ་སྤྲོ་ཞིང་ལྷ་སུམ་ཅུ ་རྩ་གཉིས་དང་བཅས་པ་བསྒོམས་ཏེ། དེ་ལས་འོད་ཟེར་སྤྲོ་ཞིང། དེ་ཡོངས་སུ་གྱུར་པ་ལས་མཛའ་ལས་པའི་མཱ་མ་ཀཱིའི་ཚོགས་ཀྱིས་སྐོར་བའི་མཱ་མ་ཀཱི་བསྒོམས་ལ། མངོན་པར་དགའ་བའི་བར་དུ་གཤེགས་ནས་དེ་ལ་ཡེ་ཤེས་ཀྱི་མི ་བསྐྱོད་པ་ལ་མཆོད་པ་རྣམ་པ་ལྔ་དང། སྙོམས་པར་འཇུག་པའི་མཆོད་བས་མཆོད་ལ། མགྲིན་པར་ལག་དར་གྱི་ཞགས་པས་བགུག་གཅིགན་དེའི་འཁོར་དུ་མ་ཡང་སྤྲུལ་པའི་མཱ་མ་ཀཱིའི་ཚོགས་ཀྱིས་དཀུག་པར་བསམས་ལ། ཤར་ཕྱོགས་ཀྱི ་སྒོའི་མདུན་དུ་པཾ་ལས་སྐྱེས་བའི་པདྨ་དང་ཟླ་བའི་སྟེང་དུ་བཞུགས་སུ་གསོལ་ཏེ། རང་གི་སྙིང་ག་ནས་སྔ་མ་བཞིན་དུ་མཆོད་པའི་ལྷ་མོ་སྤྲོ་ཞིང་མཆོད་ལ། དཔལ་ལྡན་རྡོ་རྗེ་ཐུགས་འཆོད་བ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱི་གསོལ ་བ་བཏབ་ལ། འོད་ཟེར་གྱིས་དཔའ་རླབས་བཞིན་དུ་ཧཱུཾ་གི་ཐིག་ལེར་ནུ་མ་གཉིས་ཀྱི་ལམ་ནས་ཞུགས་ལ་ཀུན་ཏུ་བཟང་པོའི་ཐུགས་གང་ཡིན་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་ང་རྒྱལ་བྱས་ལ། བརྟན་པར་བྱེད་པའི་སྔགས་བརྗོད་པར་བྱ་སྟེ ་ཐུགས་བྱིན་གྱིས་བརླབ་པའོ། །དེ་ལྟར་གྱུར་ན་གསལ་བ་ཟླ་བའི་དཀྱིལ་འཁོར་དང་འདྲ་བ་ཉོན་མོངས་པ་ཤེས་བྱ་བའི་སྒྲིབ་པ་དང་བྲལ་བ་འདས་པ་དང། མ་འོངས་པ་དང་ད་ལྟར་བྱུང་བའི་དུས་གསུམ་ལ་གནས་པའི་དངོས་པོ་མཁྱེན་པའི་ཐུགས་སུ ་འགྱུར་རོ། །ཞེས་ཕན་ཡོན་ནོ། །དེ་ཉིད་བརྟན་པ། དེ་ནས་ལྷ་མོ་མཱ་མ་ཀཱི། ཚོགས་དང་བཅས་པའང་བྱུང་བར་ཞེས་སྨོས་ཏེ། དེ་ནས་ཞེས་བྱ་བ་ནི་ཧཱུཾ་ལས་སོ། །མཱ་མ་ཀཱི་ནི་དབུས་ཀྱིས་གཙོ་བོ་ཉིད་དོ། །ཚོགས་དང་བཅས་པ་ནི་འཁོར་དང་བཅས་པ་མཛའ་ཡས་པའི ་མཱ་མ་ཀཱི་དབྱུང་བ་ཞེས་བྱ་བའི་དོན་ཏོ། །དེ་ནས་དེ་མངོན་པར་དགའ་བར་སོང་ནས་སྔ་མ་བཞིན་དུ་མི་བསྐྱོད་པ་དགུག་ཅིང་ཤར་གྱི་སྒོར་པདྨ་དང་ཟླ་བ་ལ་གནས་པ་ལ་གསོལ་བ་གདབ་པར་བྱ་བའི་ཕྱིར་བཤད་པ། དེ་བཞིན་ཐུགས་ཀྱི་རྡོ་རྗེ་བསྒོམ། ། ་དེ་ལ་སྔོན་བཞིན་གསོལ་བ་གདབ་ཅེས་སྨོས་ཏེ། ཐུགས་རྡོ་རྗེ་ནི་མི་བསྐྱོད་པ་དེ་བཞིན་དུ་བསམས་ལ། སྔ་མ་བཞིན་དུ་མི་བསྐྱོད་པས་བསྐོར་བ་བལྟས་ལ། གསོལ་བ་གདབ་པ་ནི་དོན་དུ་གཉེར་བའོ། །སྔོན་བཞིན་དུ་སྐུ་དང་གསུང་རྡོ་རྗེ་ལ་གསོལ་བ ་བཏབ་པ་བཞིན་ནོ། །དེ་ཉིད་བཤད་པ་དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་བས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ་ཞེས་སྨོས་ཏེ། ཡེ་ཤེས་ལྔའི་རང་བཞིན་གྱིས་ཐུགས་རྡོ་རྗེ་སྟེ་མི ་ཕྱེད་པའི་ཕྱིར་རོ། །དེ་འཆང་བ་ནི་ཐུགས་རྡོ་རྗེ་འཆང་སྟེ་མི་བསྐྱོད་དཔའ་ཨོ་དཔལ་ནི་མཱ་མ་ཀཱི་སྟེ་དེ་དང་ལྡན་པས་ན་དཔལ་ལྡན་ནོ། །རྡོ་རྗེ་གསུམ་ནི་སྐུ་ལ་སོགས་པའི་རྡོ་རྗེ་སྟེ། དེང་དང་མི་ཕྱེད་པར་བསྒོམས་པས་ནི་ཐ་མི་དད་པའི ་རང་བཞིན་ཁྱོད་ཀྱིས་བདག་ལ་བྱིན་གྱིས་བརླབ་པའི་གནས་མཛད་དུ་གསོལ་ཞེས་གསོལ་བ་བཏབ་པའོ། །འཁོར་རྣམས་ལ་ཡང་བཤད་པར་བྱ་སྟེ། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། ། ་དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ་ཞེས་བྱ་བ་ནི་གོ་སླའོ། །གསོལ་བ་བཏབ་ནས་ཞུགས་པ་བཤད་པར་བྱ་སྟེ། མཱ་མ་ཀཱི་ཚོགས་མ་ལུས་པ། །རྡོ་རྗེ་ཐུགས་དང་ཡང་དག་ལྡན། །སྙིང་གར་ཡང་ནི་བཙུག་ནས་སུ། ། ་ཐུགས་ཀྱིས་བྱིན་གྱིས་བརླབས་པ་བརྩམ་ཞེས་སྨོས་ཏེ། སྔ་མ་བཞིན་དུ་འོད་ཟེར་གྱི་འཁོར་ལོས་མཆོད་པ་སྔོན་དུ་འགྲོ་བར་མཱ་མ་ཀིའི་ཚོགས་དང་བཅས་པའི་མཱ་མ་ཀཱི་ཞུགས་པར་ང་རྒྱལ་བྱའོ། །ཀུན་ཏུ་བཟང་པོའི་ཐུགས་ནི་གང། ། ་གསང་བའི་དབང་པོ་བློ་ལྡན་པ། །བདག་ཀྱང་དེ་དང་འདྲར་གྱུར་ཅིག། རྡོ་རྗེ་འཛིན་དང་འདྲ་བར་ཤོག་ཅེས་སྨོས་ཏེ། ཀུན་ནི་ཐོག་མ་བར་མ་དང། མཛའ་མར་མངོན་པར་མཐོབ་དང་ངེས་པར་ལེགས་པའི་མཚན་ཉིད་གང་ལས་བྱུང་བ་དེ་ནི ་ཀུན་ཏུ་བཟང་པོ་སྟེ། བཅོམ་ལྡན་འདས་མི་བསྐྱོད་པ་ཡིན་གྱིས། བྱང་ཆུབ་སེམས་དཔའ་ཨི་ནི་མ་ཡིན་ཏེ། འདིར་མི་དགོས་པའི་ཕྱིར་རོ། །དེའི་ཐུགས་གང་ཡིན་པ་ནི་ཡེ་ཤེས་ལྔའི་བདག་ཉིད་དོ། །ཇི་ལྟ་བུ་ཞེ་ན། གསང་བའི་དབང་པོ་སྟེ། ། ་གསང་བ་ནི་གསུམ་སྟེ། སྐུ་གསུང་ཐུགས་ཀྱི་རྡོ་རྗེའོ། །དེ་རྣམས་ཀྱི་དབང་པོ་ནི་བདག་པོ་སྟེ་ཐུགས་རྡོ་རྗེའོ། །དེ་བཞིན་དུ་བློ་ནི་མཱ་མ་ཀཱི་སྟེ། དེ་གང་ལ་ཡོད་པ་དེ་ནི་བློ་ལྡན་པའོ། །བློ་དང་ལྡན་པ་དེ་ཇི་ལྟ་བུའི་ཐུགས་མངའ་བ་དེ་བཞིན་དུ ་བདག་ཀྱང་རྡོ་རྗེ་འཆང་དང་འདྲ་བ་སྟེ་སྔར་བཤད་པའི་མི་སྐྱོད་པ་དང་མཚུངས་པར་ཤོག་ཅེས་ང་རྒྱལ་བྱའོ། །སྔགས་བཤད་པར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་བྷཱ་?་ཨཱཏྨ་ཀོཉཧཾ་ཞེས་སྨོས་ཏེ། ཨོཾ་ནི་རྡོ་རྗེ་འཆང་ངོ། །སརྦ་ཏ་ཐཱ་ག་ཏ་ཙི?་? ་མི་བསྐྱོད་པ་སྟེ། སྭ་བྷཱ་བ་ན་དིའི་རང་བཞིན་བདག་ཡིན་ནོ་ཞེས་བསྟན་པར་བྱའོ། །ཐ་མི་དང་པར་བཤད་པར་བྱ་སྟེ། དེ་ལྟར་རིགས་གསུམ་དབྱེ་བ་ཡིན་ནོ། །སོ་སོར་བྱིན་གྱིས་བརླབས་ནས། །བློ་དང་ལྡན་པས་གསང་སྔགས་འདིས། །སྔར་ཡང་ཐམས་ཅད་བདག ་ཉིད་བྱ། །ཞེས་སྨོས་ཏེ། དེ་ལྟར་སྔར་བཤད་པའི་རིམ་གྱིས་སོ་སོར་བྱིན་གྱིས་བརླབས་པ་ནི་སྐུ་ལ་སོགས་པ་སོ་སོར་བྱིན་གྱིས་བརླབས་ནས། རིགས་གསུམ་གྱི་དབྱེ་བ་ཞེས་བྱ་བ་ནི་སྐུ་ལ་སོགས་པ་རིགས་གསུམ་གྱི་དབྱེ་བས་བྱིན་གྱིས་བརླབས་ལ། ་སླར་ཡང་ནི་ཐམས་ཅད་བདག་ཉིད་དེ་སྐུ་ལ་སོགས་པ་ཐ་མི་དད་པར་བྱིན་གྱིས་བརླབས་ལ་སྔགས་འདིས་ནི་འོག་ནས་བཤད་པར་བྱའོ། །བློ་དང་ལྡན་པ་ནི་རྣལ་འབྱོར་གྱིས་སྒོམ་པ་ལ་མཁས་པས་སོ། །སྔགས་བཤད་པར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏཱ ་ཀཱ་ཡ་བཱཀ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉ་ཧཾ་ཞེས་སྨོས་ཏེ། ཨོཾ་ནི་བཤད་ཟིན་ཏོ། །སརྦ་ཏ་ཐཱ་ག་ཏ་ཀ་ཡ་ལ་སོགས་པ་རྡོ་རྗེའི་སྐུ་གསུང་ཐུགས་ནི་ཡེ་ཤེས་ལྔའི་རང་བཞིན་གང་ཡིན་པ་དེ་རྣམས་རྡོ་རྗེ་སྟེ་མཾ་ཕྱེད་པའོ། །དེ་རྣམས་ཀྱིས་སྭ་བྷཱ་བ ་ནི་སྔར་བཤད་པའི་མཚན་ལ་སོགས་བས་བརྒྱན་པ་སྟེ། དེའི་བདག་ཉིད་ང་ཡིན་ནོ་ཞེས་ང་རྒྱལ་བྱའོ། །སྔར་བཤད་པའི་སེམས་དཔའ་གསུམ་ཅར་ཉེ་བར་བསྡུ་བར་བྱ་བའི་ཕྱིར་བཤད་པར་བྱ་སྟེ། དེ་ལྟར་བདག་ཉིད་བྱིན་བརླབས་ནས། །ཟླ ་བའི་དཀྱིལ་འཁོར་དབུས་གནས་པའི། །མཚན་མ་དྲུག་དང་ཡང་དག་ལྡན། །དམ་ཚིག་སེམས་དཔའ་བསམ་པར་བྱ་ཞེས་སྨོས་ཏེ། དང་པོ་སྦྱོར་པའི་ཡན་ལག་དང་པོས་རྫོགས་པ་དམ་ཚིག་སེམས་དཔའ་གང་ཡིན་པ་དེ་ནི་སྔར་བཤད་པའི་རྡོ་རྗེ ་ལ་སོགས་པ་མཚན་མ་དྲུག་དང་ལྡན་པ་ཟླ་བའི་དཀྱིལ་འཁོར་ལ་གནས་པ་བསྒོམ་པར་བྱའོ། །ཞེས་སྤྲུལ་པའི་སྐུ་བསྟན་པའོ།། །།སྙིང་གའི་དབུས་ན་ཕྲ་བ་ཡི། །ཡེ་ཤེས་སེམས་དཔའ་རྣམ་པར ་བསྒོམ། །ཏིང་འཛིན་སེམས་དཔའ་ཞེས་བྱ་བའི། །ཡི་གེ་ཧཱུཾ་ནི་དེ་རུ་དགོད་ཅེས་སྨོས་ཏེ། སྔར་བཤད་པའི་དམ་ཚིག་སེམས་དཔའ་ཨི་ཐུགས་ཀར་པཾ་ལས་སྐྱེས་པའི་པདྨ་ལ་གནས་པའི་ཟླ་བ་ལ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས ་དེ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་བསྒོམས་ལ། དེའི་ཐུགས་ཀར་པདྨ་དང་ཟླ་བ་ལ་གནས་པའི་རྡོ་རྗེའི་རྩེ་མོར་ཧཱུཾ་གི་ཐིག་ལེར་ལྷ་སུམ་ཅུ་རྩ་གཉིས་དང་བཅས་པར་དགོང་པར་བྱའོ། །ཞེས་ལོངས་སྤྱོད་རྫོགས་པ་དང་ཆོས་ཀྱི་སྐུ་བསྟན ་ཏེ། །འདིར་ནི་གྲངས་ཀྱི་རིམ་པ་འདི་ཡིན་ཏེ། རྣལ་འབྱོར་གྱི་ཕྱོགས་སུ་རྡོ་རྗེ་འཆང་གཅིག་གོ་།རྗེས་སུ་རྣལ་འབྱོར་གྱི་ཕྱོགས་སུ་ཡེ་ཤེས་སེམས་དཔའ་དང་ཏིང་ངེ་འཛིན་སེམས་དཔའ་ཨི་དབྱེ་བས་རྣམ་པ་གསུམ། ཤིན་ཏུ་རྣལ་འབྱོར་གྱི་ཕྱོགས་སུ་ལྷ ་སུམ་ཅུ་རྩ་གཉིས་བཀོད་པས་སུམ་ཅུ་རྩ་ལྔར་འགྱུར་རོ། །རྣལ་འབྱོར་ཆེན་པོའི་ཏིང་ངེ་འཛིན་གྱིས་སུམ་ཅུ་རྩ་བརྒྱད་དུ་འགྱུར་རོ། །འོག་ནས་བཤད་པའི་དཀྱིལ་འཁོར་རྒྱལ་བ་མཆོག་གིས་ཕྱོགས་སུ་ཡེ་ཤེས་ཀྱི་འཁོར་ལོ་འཇུག་པ་དང། ་རྒྱས་གདབ་པའི་ལྷ་གཉིས་ཏེ། ལྷ་བཞི་བཅུའི་མཚན་ཉིད་དོ། །རེ་རེ་ཡང་ལྷ་བཞི་བཅུའི་དབྱེ་བས་བརྒྱ་ཕྲག་བཅུ་གཉིས་དང་བརྒྱད་ཅུར་འགྱུར་རོ། །ཡང་རེ་རེ་ཐབས་དང་ཤེས་རབ་ཀྱིས་དབྱེ་བས་སྟོང་ཕྲག་གཉིས་དང་ལྔ་བརྒྱ་དྲུག་ཅུར་འགྱུར་རོ། ་དེ་ནི་དབུས་ཀྱི་གཙོ་བོ་གཅིག་པུ་ལ་གྲངས་ཀྱི་རིམ་པས་ཤེས་པར་བྱའོ། །དཀྱིལ་འཁོར་རྣམས་ལ་གྲངས་དེ་ལྟ་བུས་བདུན་ཁྲི་བཞི་སྟོང་བརྒྱད་བརྒྱར་འགྱུར་ཏེ་མི་བསྐྱོད་པའི་དཀྱིལ་འཁོར་རོ། །རྣམ་པར་སྣང་མཛད་ལ་སོགས་པའི་དབང་དུ ་བྱས་ན་དཀྱིལ་འཁོར་སུམ་ཅུ་རྩ་གཉིས་ནི་སྔར་བཤད་པའི་རྩིས་ཀྱི་བགྲངས་ན་འབུམ་ཕྲག་ཉི་ཤུ་རྩ་གཉིས་དང་སྟོང་ཕྲག་ཉི་ཤུ་རྩ་བརྒྱད་དང། བརྒྱ་ཕྲག་ཉི་ཤུ་རྩ་ལྔ་དང། བཞི་བཅུར་འགྱུར་རོ། །རྩིས་སོ་ཉེ་བར་བསྡུ་བ ་བཤད་པར་བྱ་སྟེ། སེམས་དཔའ་གསུམ་གྱི་བདག་ཉིད་ཅན། དེ་ལྟར་རྣལ་འབྱོར་ཆེ་སྐྱེད་ནས་ཞེས་སྨོས་ཏེ། དེ་ལྟར་ཞེས་བྱ་བ་ནི་སྔར་བཤད་པའི་རིམ་གྱི་རྣལ་འབྱོར་ཆེན་པོ་སེམས་དཔའ་གསུམ་གྱི་བདག་ཉིད་བསྐྱེད་ལ་ཕྱི་ནས་དཀྱིལ་འཁོར་རྒྱལ ་བ་མཆོག་བསྒོམ་པར་བྱ་བའི་ཕྱིར་བཤད་པར་བྱ་སྟེ། ཆོ་གའི་སྦྱོར་བ་འདི་ཡིས་ནི། །ཕྱག་རྒྱ་བསྒྲུབ་པ་བརྩམ་པར་བྱ་ཞེས་སྨོས་ཏེ། འོག་ནས་བཤད་པའི་ཆོ་གའི་སྦྱོར་བ་ནི་བསྒོམ་པའི་རིམ་པས་ཕྱག་རྒྱ་བསྒྲུབ་པ་ནི་དེའི་དབྱེ་བ་ཡོངས་སུ་ཤེས ་པའི་མཚན་ཉིད་ལ་བརྩོན་པ་ནི་བརྩམ་པར་བྱའོ། །དང་པོ་ཕྱག་རྒྱའི་དབྱེ་བ་བསྟན་པར་བྱ་སྟེ། བུ་མོ་གཟུགས་བཟང་ཕུན་སུམ་ཚོགས། །སྨེ་ཤ་ཅན་ནི་བདག་ཉིད་ཆེ། །བུ་མོ་ཨུཏ་པ་ལ་མཐིང་ཀའི་མདོག་།མིག་ཡངས་དམ་པ་བརྙེད་ནས་ནི་ཞེས་སྨོས ་ལ། བུ་མོ་ཞེས་བྱ་བ་ནི་ལོ་བཅུ་གཉིས་ལོན་བཅུ་།མིག་ཡངས་ཤེས་བྱ་བ་ནི་སྐྲག་པའི་ཤ་བའི་མིག་དང་མཚུངས་པའོ། །ཡང་ན་མིག་ཡངས་པ་ནི་གསང་བའི་པདྨ་གང་ལ་ཡོད་པ་དེ་ནི་མིག་ཡངས་ཏེ། པདྨ་ཅན་ཡིན་གྱི་དུང་ཅན་མ་དང་རིགས་ཅན་མ ་ཡིན་ནོ། །ས་བའི་ཐ་ཚིག་གོ་།དེ་བཞིན་དུ་གཟུགས་ནི་ན་ཚོད་ཡན་ལག་དང་ཉེར་ལག་གི་མཚན་ཉིད་དོ། །བཟང་བ་ནི་ལོ་བཅུ་གཉིས་ལོན་པའོ། །དེ་དག་གི་ཕུན་སུམ་ཚོགས་པ་ནི་བརྒྱན་པ་སྟེ། བཅོས་མའི་ཕྱིའི་རྒྱན་གྱིས་བརྒྱན་པ་ནི་མ་ཡིན་ནོ། །དེ་བཞིན་དུ ་ཨུཏཔ་ལ་མཐིང་གའི་མདོག་ཅེས་བྱ་བ་མི་བསྐྱོད་པའི་རིགས་ཀྱི་ཁ་དོག་དང་མཐུན་པའོ། །སྨེ་ཤ་ཅན་ཞེས་བྱ་བ་ནི་སྨེ་ཤ་ཅན་གྱི་བུ་མོའོ། །བདག་ཉིད་ཆེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པའོ། །ཡང་ན་རྣལ་འབྱོར་པ་ཡིའོ། །རྙེད ་ན་ནི་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བ་འམ། རྨི་ལམ་དུ་མཐོང་བའོ། །གཞན་ཡང་ཇི་ལྟ་བུ་ཡིན་ཞེ་ན། མཉམ་པར་བཞག་ཅིང་ལེགས་པར་སླབས། །སྒྲུབ་པ་པོ་ལ་ཤིན་ཏུ་མོས་ཤེས་སྨོས ་ཏེ། དམ་ཚིག་དང་སྡོམ་པ་ལ་ཕ་རོལ་ཏུ་ཕྱིན་པས་ན་ལེགས་པར་བསླབས་པའོ། །དེ་བཞིན་དུ་སྒྲུབ་པ་པོ་ནི་དེ་ཉིད་ལེན་པའི་རྣལ་འབྱོར་པ་ལ་ཤིན་ཏུ་མོས་པ་ནི་ཆགས་པ་དང་བཅས་པའམ་དད་པ་དང་ལྡན་པའོ། །དེ་ནི་མི་བསྐྱོད ་པའི་རིགས་ཀྱིས་ཕྱག་རྒྱའི་དབྱེ་བའོ། །ཁྲུས་མཁན་དང་གར་མཁན་གྱི་བུ་མོ་དག་ནི་སྐུའི་རིགས་དང། གསུང་གི་རིགས་ཀྱི་ཕྱག་རྒྱ་སྟེ། ཉི་ཤུ་ལོན་པ་དང། བཅུ་དྲུག་ལོན་པ་ནི་འདིར་མི་དགོས་པའི་ཕྱིར་མ་བསྟན་ཏོ། །དེ་ནི་ཕྱག ་རྒྱའི་དབྱེ་བའོ། །འདུས་བྱས་པ་བཤད་བར་བྱ་སྟེ། ཨོཾ་ནི་སྤྱི་བོར་བསམ་པར་བྱ་།ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་མན་ངག་ནི་འདི་ཡིན་ཏེ་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་ལ་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་པ་པོས་དུར་ཁྲོད་དུ་སོང ་སྟེ། ཟླ་བ་གསུམ་གྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་དོན་ནམ་མཁའ་ལས་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བ་ཡིན་ཏེ། ཆེ་གེ་མོ་ཞེས་བྱ་བའི་སྒྲུབ་པ་པོ་ཆེ་གེ་མོ་ཞེས་བྱ་བའི་ཡུལ་ནས། ཆེ་གེ་མོ་ཞེས་བྱ་བའི་ཕྱག་རྒྱ་བླངས་ཏེ། ་དེ་དང་ལྷན་ཅིག་ཏུ་སྙོམས་པར་འཇུག་པའི་རིམ་གྱིས་དཀྱིལ་འཁོར་རྒྱལ་མཆོག་བསྒོམས་ན་རང་བཞིན་གྱི་དོན་སྒྲུབ་པ་ལ་ནུས་པ་དང་ལྡན་པར་འགྱུར་རོ་ཞེས་ཐོས་ནས་མཚན་མ་དེ་དག་གིས་རིགས་དང། ན་ཚོད་དང་མཚན་ཉིད་དང། ཡི ་དམ་དུ་བསྒོམ་པ་དང། ཁ་དོག་ལ་སོགས་པས་ཉེ་བར་མཚོན་ལ། རང་གི་སྙིང་ནས་རེག་བྱ་རྡོ་རྗེ་མ་སྤྲོས་ནས་དེའི་ཆོས་འབྱུང་དུ་པདྨ་དང་ཟླ་བའི་དཀྱིལ་འཁོར་དག་བཀོད་ལ། དམ་ཚིག་གི་ཕྱག་རྒྱ་ཡང་དེའི་གཡོན་ཕྱོགས་སུ་བཞག་ལ། ཏིང་ངེ་འཛིན ་སེམས་དཔའ་ཨི་ས་བོན་ལས་མེའི་རང་བཞིན་གྱི་འོད་ཟེར་སྣ་ཁུང་གཡས་པ་ལས་ཕྱུང་སྟེ། དེའི་རྐང་པའི་འོག་ཏུ་ཡཾ་ལས་སྐྱེས་པའི་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་རཾ་ལས་སྐྱེས་པའི་མེའི་དཀྱིལ་འཁོར་འབར་བ་དང། འོད་ཟེར་ངེས་དེའི་ལུས་པོ ་སྲེག་ཅིང་རླུང་གིས་ཀྱང་ཐལ་བ་ཁྱེར་བར་བསམས་ཏེ། དེའི་རྣམ་པར་ཤེས་པ་ཡང་གསལ་ཞིང་མར་མེའི་རྩེ་མོ་ལྟ་བུར་བལྟས་ལ། ཡང་སྣ་ཁུང་གཡོན་པ་ནས་སྤྲོས་པའི་འོད་ཟེར་ཁ་དོག་སྔོན་པོ་ལྕགས་ཀྱུའི་རྣམ་པས་བཅིངས་ཤིང ་བཀུག་ལ་བཅུག་སྟེ། རྩ་དབུས་མར་ཞུ་བའི་གཟུགས་སུ་བསྒོམ་སྟེ། སྔར་བཤད་པའི་རེག་བྱ་རྡོ་རྗེ་མའི་ཆོས་འབྱུང་གི་དབུས་སུ་ཁམ་ཡོངས་སུ་གྱུར་པ་ལས་རེག་བྱ་རྡོ་རྗེ་མ་སྤྲོས་ལ་སེམས་དཔའ་གསུམ་གྱི་བདག་ཉིད་དུ་བྱས་ཏེ། མགོ་པོ་དང ་ལྐོག་མ་དང། སྙིང་ག་དང། ལྟེ་བ་དང། རྐང་པ་གཉིས་ལ་ཨོཾ་ལ་སོགས་པ་ཡོངས་སུ་གྱུར་པ་སངས་རྒྱས་ལྔ་སྤྱན་ལ་སོག་པ་དང་སྙོམས་ཞུགས་པ་སེམས་དཔའ་གསུམ་གྱི་བདག་ཉིད་ལྷའི་འཁོར་ལོ་མ་ལུས་བར་བཀོད་པར ་བསམ་པར་བྱའོ། །ནུ་མ་གཉིས་རྩེ་མ་མཆུ་གཉིས་དང་ནི། །བྷ་ག་བྷ་གའི་ཁོང་སྟོང་ནང་དུ་ནི། །རིམ་པ་ཇི་བཞིན་རིགས་ཀྱི་ལྷ་མོ་ཡིས། །ཕྱུང་བའི་སྔགས་ནི་ངེས་པར་དགོད་པར་བྱ། །དེ་ཡོངས་སུ་གྱུར་པ་ལས་སྤྱན་ལ་སོགས་པའི་རིགས ་ཀྱི་ལྷ་མོ་བཞི་སེམས་དཔའ་གསུམ་གྱི་བདག་ཉིད་རང་རང་གི་བདག་པོ་ལ་འཁྱུད་པ། ཆགས་པ་ཆེན་པོའི་མེས་བཞུས་པ། ནུ་མ་ལ་སོགས་པའི་དངོས་པོ་ཡོངས་སུ་གྱུར་པ་ལས་ཡང་ཕྱུང་བའི་སྔགས་དགོད་པ་བསྒོམ་པར་བྱའོ། །མིག་དང་རྣ་བ་དང་སྣ་དང ་ལྕེ་རྩ་དང། །སྙིང་ཀ་དང་ནི་རྩ་རྒྱུས་ཚིགས་རྣམས་ལ། །གཟུགས་རྡོ་རྗེ་སོགས་ལྷ་མོ་རྣམས་ཀྱང་ནི། ས་སྙིང་ལ་སོགས་པས་ནི་འཁྱུད་པར་དགོད། །དེ་ལ་མིག་གཉིས་ལ་ཛ:ཡོངས་སུ་གྱུར་པ་ལས་གཟུགས་རྡོ་རྗེ་མ་སའི་སྙིང་པོས་འཁྱུད་པའོ། །རྣ་བ ་གཉིས་ལ་ཧཱུཾ་ཡོངས་སུ་གྱུར་པ་ལས་སྒྲ་རྡོ་རྗེ་མ་ཕྱག་ན་རྡོ་རྗེ་དང་བཅས་པའོ་སྣ་གཉིས་ལ་བཾ་ཡོངས་སུ་གྱུར་པ་ལས་དྲི་རྡོ་རྗེ་མ་ནམ་མཁའ་ཨི་སྙིང་པོ་དང་བཅས་པའོ། །ལྕེ་ལ་ཧོ:ཡོངས་སུ་གྱུར་པ་ལས་རྡོ་རྗེ་མ་འཇིག་རྟེན་དབང ་ཕྱུག་དང་བཅས་པའོ། །བྷ་གའི་རྩེ་མོར་ཁཾ་ཡོངས་སུ་གྱུར་པ་ལས་རེག་བྱ་རྡོ་རྗེ་མ་སྒྲིབ་སེལ་དང་ལྡན་པའོ། །སྙིང་གར་རཾ་ཡོངས་སུ་གྱུར་པ་ལས་སྙིང་རྗེ་ལྷ་མོ་འཇམ་དཔལ་དང་བཅས་པའོ། །རྩ་རྒྱུས་མཻ་ཡོངས་སུ་གྱུར་པ་ལས་བྱམས་པའི་དང་མོ ་བྱམས་པ་དང་བཅས་པའོ། །ཚིགས་རྣམས་ལ་གཾ་ཡོངས་སུ་གྱུར་པ་ལས་ཆོས་ཀྱིས་དབྱིངས་ཀྱི་རྡོ་རྗེ་མ་ཀུན་ཏུ་བཟང་པོ་དང་ལྡན་པ་བཀོད་ལ། དེ་རྣམས་ཡོངས་སུ་གྱུར་པ་ལས་ཡང་མིག་ལ་སོགས་པ་ས་བོན་དེ་རྣམས་ཀྱི་མཚན་པར་བསཾ ་པར་བྱའོ། །དེ་བཞིན་དུ་པུང་པ་གཡས་པ་དང། གཡོན་པའི་རྩ་བ་དང། ཁ་དང། གསང་བ་དང། དེ་བཞིན་དུ་རྗེ་དང་གཡས་པ་དང། གཡོན་པ་དང། པུས་མོ་གཡས་པ་དང། གཡོན་པ་དང། སྤྱི་བོ་དང་རྐང་པའི་མཐིལ་ལ་རྡོ་རྗེ་རོ་ལངས ་མ་དང། ཁྲོ་གཉེར་མ་དང། གཞན་གྱིས་མི་ཐུབ་མ་དང། རལ་པ་གཅིག་མ་དང། སྣ་ཚོགས་རྡོ་རྗེ་མ་དང། སྣ་ཚོགས་རིན་ཆེན་མ་དང། སྣ་ཚོགས་པདྨ་དང། སྣ་ཚོགས་ལས་མ་དང་ནམ་མཁའ་རྡོ་རྗེ་མ་དང། ས་འཛིན་མ་སྟེ། ་ཁྲོ་བོའི་རྒྱལ་པོ་བཅུའི་བཙུན་མོ་ཡི་གེ་ཧཱུཾ་བཅུ་ལས་བྱུང་བ་གཤིན་རྗེ་གཤེད་ལ་སོགས་པ་རང་རང་གི་བདག་པོས་འཁྱུད་པ་སྔ་མ་བཞིན་དུ་ལྷའི་འཁོར་ལོ་བསྒོམ་པར་བྱའོ། །དེས་ནི་ཕྱག་རྒྱའི་སྐུ་པདྨའི་ནང་དུ་བསྐྱེད་ལ། དབང་པོ ་གཉིས་ཀྱི་ལམ་ནས་ཕྱུང་ལ། རེག་བྱ་རྡོ་རྗེའི་སྐུ་ལ་མར་ལ་མར་བཅུག་པ་བཞིན་དུ་གཅིག་ཏུ་གྱུར་པ་ལས་ཕྱག་རྒྱ་བསྒོམ་པར་བྱའོ། །དེ་ཉིད་བཤད་པ། ཨོཾ་ནི་སྤྱི་བོར་དགོད་པར་བྱ། ཨཱ:ནི་ངག་གི་ལམ་ལ་དགོད། །ཧཱུཾ་ནི་སྙིང་གར་བསམ་བྱ་ཞིང། ་ལྟེ་བར་སྭཱ་དང་རྐང་གཉིས་ཧཱ་ཞེས་སྨོས་པ་ལ། མགོ་པོ་ལ་སོགས་པ་ལ་ས་བོན་དེ་དག་ཡོངས་སུ་གྱུར་པ་ལས་ཕྱག་རྒྱ་དང་བཅས་པའི་དེ་བཞིན་གཤེགས་པ་བསྒོམ་པར་བྱའོ། །ཞེས་ཕུང་པོ་བྱིན་གྱིས་བརླབ་པའོ། །ཁམས་?་གྱིས་བླབ་པར་བྱ ་སྟེ། སྤྱན་དང་མཱ་མ་ཀཱི་དང་ནི། དེ་བཞིན་དུ་ནི་གོས་དཀར་མོའོ། །སྒྲོལ་མ་ཡང་ནི་སྔགས་པ་ཡིས། །ས་ལ་སོགས་པར་རྣམ་པར་དགོད་ཅེས་སྨོས་པ་ལ། དེ་ནས་མོ་ཧཱ་རཱ་ཏི་ལ་སོགས་པ་ལྷ་མོ་བཞི་ཕྱུང་པའི་སྔགས་ཡོངས་སུ་གྱུར་པ་ལས་རིགས་ཀྱི ་ཡུམ་བཞི་ནུ་མ་ལ་སོགས་པར་བསྒོམས་པར་བྱའོ། །དེ་ཡོངས་སུ་གྱུར་པ་ལས་ཀྱང་ས་བོན་དེ་རྣམས་ཀྱིས་མཚན་པའི་ནུ་མ་ལ་སོགས་པ་བཞིན་ནོ། །སྐྱེད་ཆེད་བྱིན་གྱིས་བརླབ་པ་བཤད་པར་བྱ་སྟེ། ལྷ་མོ་རྡོ་རྗེ་གཟུགས་ལ་སོགས། །དེ་ཉིད་ལ་ནི ་རྣམ་བསམས་ལ། །ས་སྙིང་ལ་སོགས་དེ་རྣམས་དང། །སྙོམས་པར་འཇུག་པ་བསྒོམ་པར་བྱ་ཞེས་སྨོས་ཏེ། མིག་ལ་སོགས་པའི་སྐྱེ་མཆེད་དྲུག་དང། རྩ་རྒྱས་དང་ཚིགS་རྣམས་ལ་ཛ:ལ་སོགས་ཡོངས་སུ་གྱུར་པ་ལས་གཟུགས་རྡོ་རྗེ་མ་ལ་སོགས ་པའི་སའི་སྙིང་པོ་ལ་སོགས་པས་འཁྱུད་པ་བདེ་བ་ཆེན་པོའི་དབང་གིས་ཞུ་ཞིང་ཡང་ས་བོན་དེ་རྣམས་ཀྱིས་མཚན་པ་མིག་ལ་སོགས་པར་བསྒོམ་པར་བྱའོ། །ཡན་ལག་དང་ཉིད་ལག་ལ་དགོད་པ་བཤད་པ་ནི། ལག་གཡས་རྡོ་རྗེ་རོ་ལངས་མ། ། ་གཡོན་ལ་གཞན་གྱིས་མི་ཐུབ་མ། །དེ་ཡི་ཁར་ནི་ཁྲོ་གཉེར་མ། །གསང་བར་རལ་པ་གཅིག་མའོ། །གཞན་ཡང་དཔུང་པ་གཡས་པར་ནི། །དེ་བཞིན་གཤེགས་ཡུམ་རྡོ་རྗེ་མ། །གཡོན་དུ་སྣ་ཚོགས་རིན་ཆེན་གྱི། །ཕྱག་རྒྱ་དག་ནི་བསྒོམ་པར་བྱ། །པུས་མོ་གཡས ་ལ་གནས་པ་ཡང། །སྣ་ཚོགས་པདྨ་དེ་བཞིན་གཤེགས། །གཡོན་པ་ལ་ནི་སྣ་ཚོགས་ལས། །སྤྱི་བོར་ནམ་མཁའ་རྡོ་རྗེ་མ། །རྐང་པ་གཉིས་ལ་ས་ཡིན་ནི། །ས་འཛིན་ལྷ་མོ་གཞག་པར་བྱ་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་བཅུ་པོ་ཡོངས་སུ་གྱུར་པ་ལས་གཤིན་རྗེ་གཤེད་བ་ ་སོགས་པས་འཁྱུད་པའི་རྡོ་རྗེ་རོ་ལངས་མ་ལ་སོགས་པ་ཞལ་གསུམ་ཕྱག་དྲུག་པ་རང་རང་གི་བདག་པོ་དང་འདྲ་བའི་ཁ་དོག་དང། ཕྱག་མཚན་དང་སྟངས?་སྟབས་དང་བཅས་པ། དཔུང་པ་གཡས་པ་ལ་སོགས་པ་ལ ་དགོད་དོ། །འོ་ན་ཐབས་བྱིན་གྱིས་བརླབས་པའི་དུས་སུ་དེ་བཞིན་གཤེགས་པ་འབའ་ཞིག་བསྒོམ་པར་བྱ་སྟེ། ཕྱག་རྒྱ་བྱིན་གྱིས་བརླབས་པའི་དུས་སུ་ཇི་ལྟར་སྙོམས་པར་འཇུག་པ་དང་བཅས་པ་ལྷ་མོ་རྣམས་བསྒོམ་པར་བྱ་ཞེ་ན། སྨྲས་པ། ཕྱག་རྒྱ ་རྣམས་ནི་སྒེག་པའི་རོ་གཙོ་བོ་ཡིན་ནོ། །ཞེས་དེ་བྱིན་གྱིས་རློབ་པར་བྱེད་པའི་ལྷའི་འཁོར་ལོ་ཡང་དེ་བཞིན་དུ་བསྒོམ་པར་བྱའོ། །ཐབས་རྣམས་ནི་ཞི་བའི་ཉམས་གཙོ་བོར་གྱུར་པས་ལྷ་མོ་རྣམས་ཀྱི་ནང་དུ་ཆུད་པའི་སྙོམས་པར་འཇུག་པ་དང་བཅས་པ ་ཡིན་ནོ་ཞེས་སྐྱོན་མེད་དོ། །ཕྱག་རྒྱ་འདུས་སུ་བྱས་ནས་རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་པ་བཤད་པར་བྱ་སྟེ། དེ་ལྟར་འདུ་བྱས་རྣལ་འབྱོར་པས། །རྡོ་རྗེ་པདྨ་ཡང་དག་ཙམ་ཞེས་སྨོས་ཏེ། དེ་ལྟར་ནི་སྔར་བཤད་པའི་རིམ་གྱིས་ལྷ་མོ་དེ་ནི་ཕྱག་རྒྱར་འདུས་བྱས ་ལ། ཕྱི་ནས་རྡོ་རྗེ་དང་པདྨ་འདུས་པ་བརྩམ་པར་བྱའོ། །ཐབས་དང་ཤེས་རབ་འདུས་མ་བྱས་པ་ནི་ཐ་མལ་པའི་སྐྱེས་བུ་བཞིན་མ་དག་པར་ཐལ་བར་འགྱུར་རོ་ཞེས་དེའི་འདུས་བྱས་པ་བརྩམ་པར་བྱའོ། །དེའི་རིམ་པ་ནི་འདི་ཡིན་ཏེ། རེ་ཤིག་དང་པོ་རང ་གིས་བསང་བའི་གནས་སྟོང་པར་བསྒོམས་ལ་དེ་ནས་ཁ་དོག་སྔོན་པོའི་ཡི་གེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་ལྔ་པ་ཡི་གེ་ཨོཾ་གྱིས་རྩེ་མོར་མཚན་པ་འོད་ཟེར་ལྔ་འཕྲོ་བར་བྱེད་པར་བསམས་ལ། ཕྱག་རྒྱའི་པདྨ་ཡང་སྟོང་པ་ཉིད་དུ་བསྒོམས་ལ། ་དེ་ཉིད་ཨ་ཡོངས་སུ་གྱུར་པ་ལས་པདྨ་འདབ་མ་བརྒྱད་པ་དེའི་རྩེའི་རྩེ་མོའི་ཆར་ངེས་པར་བྱེད་ཕཊ་སེར་པོ་བཀོད་ལ་དེ་དག་ཀྱང་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དུ་བསམས་ལ་རྗེས་སུ་ཆགས་པ་བརྩམ་པར་བྱ་སྟེ་དྲང་བའི་དོན་ཏོ། །རྩ་ལྔ་རང་བཞིན ་གྱིས་གསང་བ་རྡོ་རྗེ་དང། རྩ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་ཆོས་འབྱུང་གི་ཕྱག་རྒྱ་སྟེ། ངེས་པའི་དོན་ཏོ། །དེ་ནས་རྗེས་སུ་ཆགས་པའི་ཆོ་ག་བསྒོམ་པར་བྱའོ། །དེ་ཉིད་བཤད་པ། ཧཱུཾ་སྔགས་ཀྱི་རྡོ་རྗེ་ནི། རྩེ་མོ་ལྔ་པ་བསམ་པར་བྱ། །དེ་ཚེ་དེ་ཡི་རྩེ་དབུས་སུ། །ཡི ་གེ་ཨོཾ་ནི་རྣམ་པར་བསྒོམ། །དེ་བཞིན་པདྨ་འདབ་མ་བརྒྱད། །ཡི་གེ་ཨ་ལས་བྱུང་བ་བསམ། །འོད་ཟེར་ལྔ་ཡིས་ཁྱབ་བསམ་ལ། །དེ་འོག་བསྒྲུབ་པ་བརྩམ་པར་བྱ་ཞེས་སྨོས་པ་ལ། ཧཱུཾ་སྔོན་པོ་ལས་བྱུང་བ་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་ལྔའི་རང་བཞིན་ཡིན་པས ་ན་རྩེ་ལྔ་པའོ། །རྩ་དབུས་མ་ལ་ནི་རྩ་དབུས་མའི་རྩེ་མོར་རོ། །ོཾ་ནི་རྣམ་པར་སྣང་མཛད་ཀྱི་ས་བོན་ཏེ། སའི་ཁམས་ཀྱི་རང་བཞིན་ཡིན་པའི་ཕྱིར་དང། སྲ་བ་དང་ལྕི་བ་ཡིན་པའི་ཕྱིར་རོ། །འདབ་མ་བརྒྱད་པ་ནི་སྡེ་ཚན་བརྒྱད་པའི་རང་བཞིན་དང། རྩ་བརྒྱད་པའི ་རང་བཞིན་ནོ། །ཱ:ནི་དག་གི་དབང་ཕྱུག་གི་ས་བོན་ཏེ། འདོད་ཆགས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །འོད་ཟེར་ལྔ་དང་ལྡན་པ་ནི་གཉི་ག་ཡང་ཞེས་ཚིག་གི་ལྷག་མའོ། །དེ་འོག་བསྒྲུབ་པ་ཞེས་བྱ་བ་ནི་སྙོམས་པར་འཇུག་པ་བརྩམ་པར་བྱའོ། །རྗེས་སུ་ཆགས ་པའི་ཆོ་ག་བཤད་པ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ་ཞེས་སྨོས་པ་ལ། རེ་ཞིག་དང་པོ་རྡོ་རྗེ་དང་པདྨ་འདུས་བྱས་ལ་ཡེ་ཤེས་ཀྱི་གསང་བའི་རྡོ་རྗེ་ལས་ཁ་དོག་ལྔ་པ་འོད་ཟེར་སྤྲོས་ལ། དམ་ཚིག་རྡོ་རྗེ་ལས་བྱུང་ཞིང། དམ ་ཚིག་གི་ལྷ་མོའི་པདྨ་ལས་ཡེ་ཤེས་ཀྱི་ལྷ་མོའི་པདྨར་ཞུགས་ཏེ། ཡེ་ཤེས་དང་དམ་ཚིག་གི་ལྷ་མོའི་དག་གི་ལམ་ནས་བྱུང་ཞིང་དམ་ཚིག་དང། ཡེ་ཤེས་སེམས་དཔའ་ཨི་དག་གིས་ལམ་ནས་ཞུགས་ཏེ། ཡང་རང་གིས་གསང་བའི་གནས་སུ་ཕྱིན་པར ་བསམ་པར་བྱའོ། །དེ་ནས་ཡེ་ཤེས་ཀྱི་ལྷ་མོའི་པདྨའི་ལྟེ་བའི་འོད་ཟེར་དང། དམ་ཚིག་གི་ལྷ་མོའི་ལྟེ་བའི་པདྨའི་འོད་ཟེར་ཕྱུང་ཞིང་ཐབས་ཀྱི་དམ་ཚིག་སེམས་དཔའ་ཨི་རྡོ་རྗེ་ལས། ཡེ་ཤེས་ཀྱི་གསང་བའི་རྡོ་རྗེའི་ནང་དུ་ཞུགས་ཏེ། ཡང་ཡེ་ཤེས་དང་དམ ་ཚིག་གིས་ཞལ་ནས་བྱུང་ཞིང་ལྷ་མོའི་གཉིས་པོའི་ངག་གི་ལམ་ནས་རང་གི་གསང་པའི་གནས་སུ་ཕྱིན་པར་བསམ་པར་བྱའོ། །དེ་ལ་ཕྱག་རྒྱའི་གསང་བར་འོད་ཟེར་ཐོབ་ན་སྣང་བའི་ཡེ་ཤེས་སོ། །ལྟེ་བར་སྣང་བ་མཆེད་པའི ་ཡེ་ཤེས་སོ། །སྙིང་གར་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་སོ། །ལྐོག་མར་འོད་གསལ་བའོ། །ཐབས་ཀྱིས་ལྐོག་མར་སྣང་བའི་ཡེ་ཤེས་སོ། །སྙིང་གར་སྣང་བ་མཆེད་པའི་ཡེ་ཤེས་སོ། །ལྟེ་བར་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་སོ། །གསང་བར་འོད་གསལ་པའོ། ་ཡང་ལྷ་མོས་སྤྲོས་པའི་དུས་སུ་ཐབས་ཀྱི་གསང་བར་སྣང་བའི་ཡེ་ཤེས་སོ། །ལྟེ་བར་སྣང་བ་ཉེ་བ་མཆེད་པའི་ཡེ་ཤེས་སོ། །སྙིང་གར་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་སོ། །ལྐོག་མར་འོད་གསལ་བ་སྟེ། ངེས་པའི་དོན་ཏོ། །རྗེས་སུ་ཆགས་པའི་ཆོ་ག་འདིས ་ཕན་ཚུན་སྐུ་གཉིས་གསལ་བ་དང་དགའ་བའི་རང་བཞིན་དུ་བསྒོམ་པར་བྱའོ། །སེམས་རྩེ་གཅིག་པ་ཐོབ་ནས་སྔགས་བརྗོད་པར་བྱ་སྟེ། ཨོཾ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་ཉིད་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ནི་བདེ་བ་ཆེན་པོས་དགའ་བ་སྟེ། དེ་ཉིད་མི་ཕྱེད ་པས་ན་བཛྲའོ། །དེའི་སྭ་ཧཱ་བྷཱ་བ་ནི། འོད་གསལ་བ་ཁོང་དུ་ཆུད་པ་སྟེ། དེའི་བདག་ཉིད་པ་ཡིན་ནོ་ཞེས་ང་རྒྱལ་བྱའོ། །དེས་ནི་བསྙེན་པ་དང། ཉེ་བར་བསྒྲུབ་པར་བསྟན་ཏོ། །བསྒྲུབ་བྱ་སྒྲུབ་པ་སྦྱོར་བ་ནི་གང་ཕྱིར་བསྙེན་པ་ཞེས་བཤད་དོ། །རྡོ་རྗེ་པདྨ་སྦྱོར་བ་ཡིས ་ཉེ་བར་སྒྲུབ་པ་ཞེས་བཤད་དོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ནས་སྒྲུབ་པའི་ཡན་ལག་བཤད་པར་བྱ་སྟེ། རྡོ་རྗེ་འཛིན་པའི་ང་རྒྱལ་ལེགས་འཆང་སྟེ། ཧཱུཾ་གི་གླུ་ཡིས་ཀྱང་ནི་བསྐྱོད་བྱ་ཞིང། །རང་གི་བྱང་ཆུབ་སེམས་ཉིད་བྱུང་བའི་ཚེ། །དེས་ནི་ཕཊ་ཀྱིས ་གསང་སྔགས་བརྗོད་པར་བྱ་ཞེས་སྨོས་པ་ལ། དང་པོ་མིག་ལ་སོགས་པའི་ཕྱག་རྒྱས་པདྨ་བསྐུལ་ཞིང་རྩ་རྣམས་གཤེད་པར་བྱ་སྟེ། དྲོ་བའི་རེག་པའི་རྟགས་ཀྱིས་བྱང་ཆུབ་ཀྱི་སེམས་བྱུང་བ་ཉེ་བར་མཚོན་ཏེ། ལྕེ་རྡོ་རྗེས་ཅུང་ཟད་མྱང་ཞིང་རྡོ་རྗེ ་འགྲེང་བར་འགྱུར་བས་པདྨ་རྡོ་རྗེ་དག་སྟོང?་ཏེ། གཡོན་པ་བརྩམས་ནས་ཁ་གཉིས་དང། དབང་པོ་གཉིས་ལས་བྱུང་བའི་སྒྲ་ནི་ཧཱུཾ་གི་རང་བཞིན་དུ་དམིགས་ལ། རྡོ་རྗེ་འཆང་གི་ང་རྒྱལ་བས་འཆང་བས་བདེ་བ་ཆེན་པོའི་སྒྲ་དང། སྦྱོར་པའི་སྒྲ་དང། ཏིང་ངེ་འཛིན ་སེམས་དཔའ་ཨི་ས་བོན་གྱི་འོད་ཟེར་གྱིས་བར་སྣང་ནམ་མཁའ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཞུགས་ཏེ། རྩ་དབུས་མར་བྱང་ཆུབ་ཀྱིས་སེམས་ཞུ་པར་བྱས་ལ་ཚངས་པའི་སྒོ་ནས་བྱང་ཆུབ་ཀྱི་སེམས་འཛགS་ནས་སྣང་བ་དང་ཡན་ལག་ཀུན་ཁྱབ ་པའི་དུས་སུ་སྣང་བ་མཆེད་པ་དང། རྡོ་རྗེའི་དཀྱིལ་དུ་སྣང་བ་ཉེ་བར་ཐོབ་པ་དང། རྡོ་རྗེའི་རྩེ་མོར་འོད་གསལ་བ་མྱོང་ཞིང་ཕཊ་ཀྱི་སྒྲའི་རང་བཞིན་པདྨའི་ནང་དུ་བྱང་ཆུབ་སེམས་ཀྱི་ཐིག་ལེའི་རྣམ་པར་ཕབ་པར་བྱའོ། །མཆོད་པའི་ཆོ་ག་བཤད་པར་བྱ་སྟེ། ཕྱུང ་ནས་སྔགས་པས་སླར་ཡང་ནི། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །བྱང་ཆུབ་སེམས་ཀྱི་མཆོད་ནས་ནི། གསང་སྔགས་འདི་ནི་བརྗོད་པར་བྱ་ཞེས་སྨོས་ཏེ་ཕྱུང་ནས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སྤྲོ་བའི་མཐར་རོ། །དེས་ཕྱོགས་བཅུ་ན ་བཞུགས་པའི་སངས་རྒྱས་རྣམས་ཏེ། དེ་བཞིན་གཤེགས་པ་རྣམས་མཆོད་པར་བྱ་ཞིང་མཆོད་པའི་མཐར་འོག་ནས་འབྱུང་བའི་སྔགས་བརྗོད་དོ། །མན་ངག་ནི་པདྨའི་ནང་དུ་བྱང་ཆུབ་ཀྱི་སེམས་ཡོངས་སུ་གྱུར་པ་བཛྲ་དྷྲིག་ཅེས་བྱ་ལ་སོགས་པའི་སྔགS ་རྣམས་ལས་དེ་བཞིན་གཤེགས་པ་ལྔ་ཞལ་གསུམ་ཕྱག་དྲུག་པ་རང་གི་རིག་མ་དང་འཁྱུད་པ་བསྒོམས་ཏེ། རེག་པའི་བདེ་བ་ལ་ཞུགས་ཞིང་བྱུང་བ་མཆོད་པའི་ལྷ་མོ་ཕྱི་དང་ནང་གི་མཆོད་པའི་རྫས་དང་བཅས་པ་བསམ་ལྷ་མོ་བ་སྤུའི་བུ་གནས་ཕྱུང་ཞིང ་ནམ་མཁའ་ཨི་ཁམས་ན་གནས་པའི་དེ་བཞིན་གཤེགས་པ་རྣམས་ལ་ཕྱི་དང་ནང་དང་གསང་བའི་མཆོད་པས་མཆོད་ལ། མཆོད་པའི་མཐར་སྔགས་བརྗོད་ཅིང། དེ་བཞིན་གཤེགས་པ་དང། ལྷ་མོ་དེ་རྣམས་འོད་ཟེར་གྱིས་རང་གི་ཁར་བཅུག་པར་བྱའོ། ། ་ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ་ཞེས་པ་ལས། ཨོཾ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་ནི་སརྦ་ཏ་ཐཱ་ག་ཏའི་རང་བཞིན་ནོ། །དེ་ལ་པཱུ་ཛ་ནི་མཆོད་པ་སྟེ། སྔར་བཤད་པའི་རྣམ་པ་གསུམ་དང། བླ་ན་མེད་པའོ ་དེ་ཉིད་མ་ཕྱེད་པས་ན་བཛྲའོ། །དེའི་སྭ་བྷཱ་བ་ནི་བདེ་བ་ཆེན་པོ་བསྐྱེད་པ་སྟེ། དེའི་བདག་པ་ཡིན་ནོ། །ཞེས་ང་རྒྱལ་བྱའོ། །དེ་ནི་སྤྲོས་པའི་ཆོག་བཤད་པར་བྱ་སྟེ། རང་སྔགས་ས་ཡིག་ལས་བྱུང་བ། །རྡོ་རྗེ་གསུམ་གྱིས་བྱིན་བརླབས་བདག་།པདྨའི ་དབུས་སུ་བསྐྱེད་ནས་ནི། །སླར་ཡང་ཞེ་སྡང་རྡོ་རྗེར་གྱུར་ཅེས་སྨོས་ཏེ། དེ་ནས་རྡོ་རྗེ་འཆང་གིས་ང་རྒྱལ་གྱིས་སྔར་བསྡུས་པའི་དེ་བཞིན་གཤེགས་པ་རྣམས་ཐིག་ལེའི་གཟུགས་སུ་ལྷ་མོའི་པདྨ་དང་ཟླ་བར་སྤྲོས་ལ་དེ་ཡོངས་སུ་གྱུར་པ་ལས་བཛྲ་དྷྲིཀ ་ཅེས་བྱ་བ་ལ་སོགས་པའི་སྔགས་ལས་བྱུང་བའི་རང་གི་མཚན་མ་ལས་སྤྲོས་པའི་མི་བསྐྱོད་པ་ལ་སོགས་པ་སེམས་དཔའ་གསུམ་གྱི་བདག་ཉིད་ཅན། ཡེ་ཤེས་སེམས་དཔའ་ཨི་ས་བོན་གྱི་ཐིག་ལེར་ལྷ་སུམ་ཅུ་རྩ་གཉིས་བཀོད་ལ། ་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང། ཤིན་ཏུ་རྣལ་འབྱོར་དང། རྣལ་འབྱོར་ཆེན་པོའི་རིམ་གྱིས་རྫོགས་པ་དེ་རྣམས་ཀྱིས་སྤྱི་བོར་རྡོ་རྗེ་བདུད་རྩིས་དབང་བསྐུར་ལ། སྤྱི་བོར་དབང་གི་བདག་པོ་དམ་ཚིག་སེམས་དཔའ་ས་རྒྱས་བཏབ་སྟེ། ་ཕྱི་རོལ་ཏུ་ཕྱུང་ཞིང་ཞེ་སྡང་ལ་སོགས་པའི་སྤྱོད་པ་ཅན་གྱི་སེམས་ཅན་གྱི་ཁམས་སྤྱོར་ཞིང་སངས་རྒྱས་ཀྱི་ཞིང་ལ་རབ་ཏུ་འཇུག་པ་སྔོན་དུ་འགྲོ་བ་གཤེགས་ཏེ། དབུས་ཀྱིས་གཙོ་བོ་ལ་འཇུག་པ་དང། ཤར་ཕྱོགས་ལ་སོགས་པར ་བཞུགས་པར་བྱའོ། །དེ་ཉིད་བཤད་པ། རང་སྔགས་ཡི་གེ་ནི། འོག་ནས་མཆད་པའི་ཕྱུང་པའི་སྔགས་སོ། །དེ་ནས་བྱུང་བ་ནི་མཚན་མ་ལས་བྱུང་བའོ། །རྡོ་རྗེ་གསུམ་གྱིས་བྱིན་གྱིས་བརླབས་པ་ནི་སེམས་དཔའ་གསུམ་གྱི་བདག་ཉིད་དོ། །པདྨའི་དབུས་སུ་ནི ་རེག་བྱ་རྡོ་རྗེ་མའི་ཆོས་འབྱུང་གི་ནང་དུའོ། །ཞེ་སྡང་རྡོ་རྗེ་ནི་ཐུགས་རྡོ་རྗེ་འཆང་དུ་འགྱུར་བའོ། །དེ་ཉིད་བཤད་པ། བཛྲ་དྷྲིཀ་སྔགས་ལས་བྱུང་བ་ཡི། །མི་བསྐྱོད་རྡོ་རྗེ་ཅན་བསམས་པ། །མགོན་པོ་རལ་པའི་ཐོར་ཚུགས་འཆང། །མི་བསྐྱོད་པས་ནི་དབུ་བརྒྱན ་བྱས་ཞེས་སྨོས་པ་ལ། ཐིག་ལེ་ཡོངས་སུ་གྱུར་པ་ལས་བྱུང་བའི་བདྲ་དྷྲིཀ་ཅེས་བྱ་བའི་སྔགས་དང། དེ་ལས་བྱུང་བའི་རྡོ་རྗེ་འབར་བ་དེ་ཉིད་ཀྱིས་མཚན་པའོ། །དེ་ནས་སྤྲོ་བ་དང་བསྡུ་བ་དང། གནས་པ་དང། བརྟན་པ་དང། རྗེས་སུ་ཆགས་པ་སྔོན་དུ་འགྲོ་བར ་ཡོངས་སུ་གྱུར་པ་ལས་བྱུང་བ་སེམས་དཔའ་གསུམ་གྱིས་བདག་ཉིད་ལྷ་སུམ་ཅུ་རྩ་གཉིས་གྱིས་བྱིན་གྱིས་བརླབས་པ་མི་བསྐྱོད་པའི་གཟུགས་ཅན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་དམིགས་པ་ནི་བསམ་པར་བྱའོ། །རལ་པའི་ཐོར་ཚུགས་འཆད ་བ་ནི་ཐུབ་པའི་ཆ་ལུགས་སོ། །མི་བསྐྱོད་པ་ནི་ཅོད་པན་བྱས་ཞེས་བྱ་བ་ནི་དག་གི་རིགས་ཀྱིས་མཚན་མའོ། །ཁ་དོག་ལ་སོགས་པ་བཤད་པ། མཐིང་བཞིན་བཟང་མོའི་མདོག་ལྟར་སྣང། །སྔོ་ནག་དམར་དང་དཀར་བའི་ཞལ། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། ་ཕྱག་དྲུག་པར་ནི་རྣམ་པར་བསྒོམ་ཞེས་སྨོས་ཏེ། མཐིང་ཤིང་བཟང་པོ་ནི་རྒྱལ་པོའི་མཐིང་ཤིང་སྟེ། དེ་དང་མཚུངས་པའི་སྔོན་པོ་སྟེ། བྱམས་པ་རྣམ་པར་དག་པ་དང་མངོན་སྤྱོད་ཀྱི་ཕྱིར་རོ། །དབུས་མ་ནི་ནག་པོ་སྟེ། ཐུགས་རྡོ་རྗེའི་རང་བཞིན་ནོ། །གཡོན་པ་ནི ་དམར་པོ་སྟེ། གསུང་རྡོ་རྗེའི་རང་བཞིན་ནོ། །གཡས་པ་ནི་དཀར་པོ་སྟེ་སྐུ་རྡོ་རྗེའི་རང་བཞིན་ནོ། །རྒྱན་རྣམས་ཐམས་ཅད་ནི་དྲ་བ་དང། བུ་དང། རྐང་གདུབ་དང། རྣ་ཆ་དང་དཔུང་རྒྱན་ལ་སོགས་པས་བརྒྱན་པ་སྟེ། བྱང་ཆུབ་ཀྱི་ཡན་ལག་ཐོབ་པའི་ཕྱིར་རོ། །ཕ་རོལ་ཏུ ་ཕྱིན་པ་དྲུག་རྣམ་པར་དག་པ་ལྟེ། དྲང་བའི་དོན་ཏོ། །རྩ་དབུས་མ་ནི་ནག་པོ་སྟེ་ཆུ་རྒྱུད་པའི་པ་ཧ་ཡིར་རོ། །གཡས་པ་ནི་དཀར་པོ་སྟེ། སྟེང་དུ་བྱང་ཆུབ་ཀྱི་སེམས་འཛག་པའི་ཕྱིར་རོ། །གཡོན་པ་ནི་དམར་པོ་སྟེ་སྟེང་དུ་ཁྲག་འཛག་པའི་ཕྱིར་རོ། །རྩ་གཉིས་པོ་དེ་དག ་གི་འོག་ཏུ་རཀྟ་དང་ཤུ་ཀྲ་རྒྱུ་བ་སེ་མན་ངག་གོ་ཕྱག་མཚན་བཤད་པར་བྱ་རྡོ་རྗེ་འཁོར་ལོ་པདྨ་ནི། །གཡས་པའི་ཕྱག་ཏུ་བསམ་བྱ་ཞིང། །དྲིལ་བུ་རིན་ཆེན་རལ་གྲི་ནི། །དེའི་གཡོན་ལ་བསམ་པར་བྱ་ཞེས་སྨོས་པ་ལ། ་རྡོ་རྗེ་ནི་མི་བསྐྱོད་པའི་ཕྱག་མཚན་ནོ། །འཁོར་ལོ་ནི་རྣམ་པར་སྣང་མཛད་ཀྱི་ཕྱག་མཚན་ནོ། །པདྨ་ནི་འོད་དཔག་ཏུ་མེད་པའི་ཕྱག་མཚན་ནོ། །དྲིལ་བུ་ནི་རྡོ་རྗེ་འཆང་ཆེན་པོའི་ཕྱག་མཚན་ནོ། །རིན་པོ་ཆེ་ནི་རིན་ཆེན་འབྱུང་ལྡན་གྱི་ཕྱག་མཚན་ནོ། །རལ་གྲི ་དོན་ཡོད་གྲུབ་པའི་ཕྱག་མཚན་ཏེ། དྲང་བའི་དོན་ཏོ། །རྩ་གསུམ་ནི་སྟེང་དང་འོག་གི་དབྱེ་བས་རྡོ་རྗེ་ལ་སོགས་པའི་རྣམ་པ་སྟེ། ངེས་པའི་དོན་ཏོ། །དེ་བཞིན་དུ་འོག་མ་ལ་ཡང་ངོ། །ཕྱི་རོལ་ཏུ་སྤྲོ་བ་བཤད་པར་བྱ་སྟེ། འདི་ནི་སྙིང་པོས་ཕྱུང་ནས ་ནི། །ཕྱོགས་བཅུ་རྣམས་སུ་གཟིགས་ཀྱང། ཆོས་ཀྱི་སྐུ་འཁོར་ལོ་སྐོར་པ་དང། སངས་རྒྱས་མཛད་པ་ཀུན་མཛད་དེ། །སེམས་ཅན་མ་ལུས་ལེགས་སྦྱངས་ནས། །ཞེ་སྡང་རྡོ་རྗེ་ལ་གནས་འཇོག་།སླར་བྱོན་རྡོ་རྗེ་མགོན་པོ་ཡིས། །སྤྱན་སྔར་དུ་ནི ་འདུག་པར་འགྱུར་ཞེས་སྨོས་པ་ལ། ཚིགས་སུ་བཅད་པ་གཉིས་ཀྱིས་ཕྱི་རོལ་ཏུ་སྤྲོ་བ་དང། སེམས་ཅན་གྱི་དོན་མཛད་པ་དང། ཡང་གཤེགས་པ་རྣམས་བསྟན་ཏེ། སྙིང་པོས་ཞེས་བྱ་བ་ནི་ལྷ་མོའི་པདྨ་ནས་སོ། །ཕྱོགས་བཅུར་གཟིགས་པ་ནི ་མ་གྲོལ་པ་ལ་སོགས་པ་དགྲོལ་བའི་དོན་དུའོ། །སངས་རྒྱས་མཛད་པ་ཞེས་བྱ་བ་ནི་ཞེ་སྡང་གི་སྤྱོད་པ་ཅན་གྱི་སེམས་ཅན་སྦྱོང་བའོ། །དེ་ནས་ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་ནི་སྔགས་ཀྱི་ཐེག་པ་ཆེན་པོའི་ཆོས་སྟོན་པ་བསྐོར་ནས་སོ། །སྦྱངས་པ ་ནི་ཞེ་སྡང་ལས་བཟློག་ནས་སོ། །ཞེ་སྡང་རྡོ་རྗེ་ནི་མི་བསྐྱོད་པའིའོ། །གནས་ནི་མངོན་པ་དགའ་བའི་སངས་རྒྱས་ཀྱི་ཞིང་སྟེ། དེ་ལ་གནས་པ་ནི་འཇོག་པར་མཛད་ནས་སོ། །རྡོ་རྗེ་མགོན་པོ་ནི་རྡོ་རྗེ་འཆང་ཆེན་པོའི་སྤྱན་སྔར་ཏེ། སྔར་བཤད་པའི་ཤང? ་ཕྱོགས་ཀྱི་རེའུ་མིག་ལས་གནས་པ་བསམ་པའོ། །དབུས་ཀྱི་གཙོ་བོ་དང་མི་བསྐྱོད་པ་དག་ཐ་མི་དད་པར་བཤད་པར་བྱ་སྟེ། སྔགས་པས་དེ་ནི་སྙིང་ཀ་རུ། །རྗེས་ཞུགས་བདག་ཉིད་རྣམ་བསྒོམས་པས། །སྔ་མའི་གཟུགས་ནི་ཡོངས་གྱུར་ནམ། །ཞེ་སྡང་རྡོ་རྗེའི ་གནས་ན་བཞུགས་ཞེས་སྨོས་པ་ལ་།དེ་ནས་དཀྱིལ་འཁོར་ལོའི་མཛད་པའི་ནུས་པ་དང་ལྡན་པ་ཡིན་པས་མི་བསྐྱོད་པ་དེ་འོ་མ་དང་ཆུ་བཞིན་དུ་གཅིག་ཏུ་བྱས་ནས་བདག་ཉིད་སྔ་མའི་གཟུགས་ཡོངས་སུ་ལོག་སྟེ། རྡོ་རྗེ་འཆང་གི་གཟུགས་ཡོངས་སུ་སྤངས་ཏེ། ཞེ ་སྡང་རྡོ་རྗེའི་གནས་ལ་གནས་པར་བསམ་པར་བྱའོ་ཞེས་འབྲས་བུའི་རྡོ་རྗེ་འཆང་གི་བསྒོམ་པ་བསྟན་ཏོ། །དེ་ཉིད་ཀྱི་ཁྱད་པར་བཤད་པ་ཨིནྡྲ་ནཱི་ལའི་འོད་འབར་བ། ཉི་མའི་དཀྱིལ་འཁོར་དབུས་ན་བཞུགས། །དཔའ་བོ་རང་གི་ཕྱག་རྒྱས་འཁྱུད། །རྒྱན ་རྣམས་ཀུན་གྱིས་རྣམ་པར་བརྒྱན་ཞེས་སྨོས་ཏེ། ཨིནྡྲ་ནཱི་ལ་ཞེས་བྱ་བ་ནི་རིན་པོ་ཆེ་རྒྱ་མཚོ་ལས་བྱུང་བའོ། །ིནྡྲ་ནཱི་ལའི་མདོག་ནི་དེ་དང་འདྲ་བས་ཏ། དྲག་པོའི་ལས་དང་མཐུན་པའི་ཕྱིར་རོ། །ཉི་མའི་དཀྱིལ་འཁོར་དབུས་གནས་པ་ཞེས་བྱ་བ་ནི་ཐབས་ཀྱི ་རང་བཞིན་དང་རྣ་བའི་ཕྱིར་རོ། །རང་གི་ཕྱག་རྒྱས་འཁྱུད་པ་ནི་སྔར་བཤད་པའི་རེག་བྱ་རྡོ་རྗེ་མས་སོ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན་ཞེས་བྱ་པ་ནི་འཁོར་ལོ་སྒྱུར་བའི་གཉེན་པོ་ཡིན་པའི་ཕྱིར་རོ། །གཞན་ཡང་ཇི་ལྟ་བུ་ཡིན་ཞེ་ན་སྨྲས་པ། དྲག་པོ་ཞི ་དང་འདོད་ཆགས་ཆེ། །ཞལ་གསུམ་གྱིས་ནི་རྣམ་མཛེས་པའི། །ཞེ་སྡང་རྡོ་རྗེའི་ཏིང་འཛིན་གནས། །དཀྱིལ་འཁོར་ཐམས་ཅད་སྤྲོ་བར་བྱ། །ཞེས་སྨོས་སྟེ། དང་པོའི་ཞལ་ནི་དྲག་པོ་སྟེ། གདུལ་དཀའ་བ་དུལ་བའི་ཕྱིར་རོ། །གཡས་པ་ནི་ཞི་བ་སྟེ། རྣམ ་པར་སྣང་མཛད་བདག་པོ་ཡིན་པས་ཞི་བ་མཛད་པའི་ཕྱིར་རོ། །ཆགས་པ་ཆེ་ནི་གཡོན་པ་སྟེ། འོད་དཔག་ཏུ་མེད་པ་བདག་པོ་ཡིན་པས་ན་དབང་མཛད་པའི་ཕྱིར་རོ། །དེ་ལྟ་བུའི་ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པས་དཀྱིལ་འཁོར་ ་ཐམས་ཅད་ནི་སུམ་ཅུའི་བདག་ཉིད་ཀྱི་དཀྱིལ་འཁོར་ཐམས་ཅད་སྤྲོ་བ་ནི་པདྨའི་ནང་དུ་སྤྲོ་པར་བྱ་བའོ། །དེ་ཉིད་སྤྲོ་བ་བཤད་པར་བྱ་སྟེ། ཛི་ན་ཛི་ཀ་སྔགས་ལས་བྱུང་བའི། །གཙོ་བོ་རྣམ་པར་སྣང་མཛད་དབྱུང། །མི ་བསྐྱོད་པས་ནི་དབུ་རྒྱན་བྱས། །སྟོན་ཀ་ཟླ་ཟེར་ལྟར་སྣང་ཞིང། །གཙུག་ཏོར་ཅོད་པན་དག་གིས་བརྒྱན། །དཀར་དང་ནག་དང་དམར་བའི་ཞལ། །ཕྱག་དྲུག་ཞི་བའི་ཚུལ་ཅན་ཏེ། །འཁོར་ལོ་རིན་ཆེན་པདྨ་དག། གཡས་པ་ཡི་ནི་ཕྱག་ལ་བསཾ། ་དྲིལ་བུ་རིན་ཆེན་རལ་གྲི་ནི། །དེ་ཡི་གཡོན་དུ་རྣམ་པར་བསམ། །ཞེས་སྨོད་པ་ལ། སྔ་མ་བཞིན་དུ་ལྷ་མོའི་པདྨའི་དབུས་སུ་ཐིག་ལེ་ཡོངས་སུ་གྱུར་པ་ལས། ཛིན་ཛིཀ་སྔགས་ལས་བྱུང་བའི་རྣམ་བར་སྣང་མཛད་སེམས་དཔའ་ཨི་གསུམ་གྱི ་བདག་ཉིད། །གཙོ་བོ་ནི་རང་གི་རིགས་ཀྱི་བདག་པོའོ། །སྤྲོ་བ་ནི་ཕྱུང་བར་བྱའོ། །སྟོན་ཀའི་ཟླ་ཟེར་ནི་འོད་དེ་།དེ་དང་འདྲ་བ་ནི་ཞི་བ་མཛད་པའོ། །རལ་པའི་ཐོར་ཚུགས་ནི་སྔ་མ་བཞིན་ནོ། །གཞན་ཡང་ཞལ་དང་པོ་ནི་དཀར་པོ་སྟེ། ཞི་བ་ཡིན་པའི་ཕྱིར་རོ། ། ་ཞལ་གཡས་པ་དང་གཡོན་པ་ནི་ནག་པོ་དང་དམར་པོ་སྟེ། ཐུགས་རྡོ་རྗེ་དང་གསུང་རྡོ་རྗེ་སྟེ། མངོན་སྤྱོད་དང་དབང་མཛད་པའི་ཕྱིར་རོ། །ཕྱག་དྲུག་ནི་བཤད་ཟིན་ཏོ། །ཞི་བའི་ཚུལ་ཅན་ནི་ནད་ཐམས་ཅད་འཇོམས་པའི་ཕྱིར་རོ། །ཕྱག་གཡས་པའི ་དང་པོ་ལ་འཁོར་ལོ། རྩིབས་བརྒྱད་པ་དཀར་པོ་སྟེ། ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་དང། སྒྲིབ་པ་དྲི་མ་འཇོམས་པའི་ཕྱིར་རོ། །གཡས་པའི་གཉིས་པའི་རྡོ་རྗེ་སྔོན་པོ་སྟེ། མངོན་པར་བྱང་ཆུབ་པའི་རང་བཞིན་ཡིན་པའི་ཕྱིར་རོ། །གཡས་པའི ་གསུམ་པ་ལ་པདྨ་དཀར་པོ་ནི་ཞི་བ་དང་མཐུན་པའི་ཕྱིར་རོ། །རྩ་བའི་ཕྱག་གཡོན་པ་ལ་དྲིལ་བུ་སྟེ། རང་བཞིན་མེད་པར་སྟོན་པའོ། །གཡོན་པ་གཉིས་ལ་རིན་ཆེན་ཏེ། བསམ་པ་ཐམས་ཅད་རྫོགས་པའོ། །གཡོན་པའི་གསུམ་པ་ལ་རལ་གྲི་ནི་ཉོན ་མོངས་པའི་ཞགས་པ་གཅོད་པ་སྟེ། དོན་ཡོད་གྲུབ་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ཕྱི་རོལ་ཏུ་སྤྲོ་བ་བཤད་པར་བྱ་སྟེ། དེ་བཞིན་ཐུགས་ཀ་ལས་བྱུང་སྟེ། གཏི་མུག་སྤྱོད་གནས་སེམས་ཅན་རྣམས། །ཡང་དག་སྦྱངས་ཏེ་སླར་བྱོན་ནས། ཤར་ཕྱོགས ་ཀྱི་ནི་ཟླ་བར་བཞུགས་ཤེས་སྨོས་ཏེ། ཐུགས་ཀ་ལས་ནི་ལྷ་མོའི་པདྨ་ལས་སོ། །གཏི་མུག་སྤྱོད་པ་ལ་གནས་པ་ནི་གཏི་མུག་གི་རིགས་ཅན་ནོ། །སེམས་ཅན་ནི་ཁམས་གསུམ་པའོ། །སྦྱང་བ་ནི་སྤྲུལ་པ་དང། སྟོན་པ་ལ་སོགས་པ་དྲི་མ་མེད་པར་བྱས་པའོ། ་བྱོན་པ་ནི་རང་གི་སངས་རྒྱས་ཀྱི་ཞིང་ལས་སོ། །ཤར་ཕྱོགས་ནི་ཤར་ཕྱོགས་ཀྱི་རེ་མིག་ལའོ། །ཟླ་བར་ནི་སྣ་ཚོགས་པདྨ་དང། ཟླ་བ་དང་འཁོར་ལོའི་སྟེང་དུ་བཞུགས་པར་བསམ་པར་བྱའོ། །རིན་ཆེན་འབྱུང་ལྡན་གྱི་སྤྲོ་བ་བཤད་པར་བྱ་སྟེ། ་རཏན་དྷྲིཀ?་སྔགས་ལས་བྱུང་བའི། །རིན་ཆེན་ཏོག་ནི་མཁས་པས་དབྱུང། །ཞི་བ་ཐོར་ཚུགས་ཅོད་པན་འཆང། །མི་བསྐྱོད་པས་ནི་དབུ་བརྒྱན་བྱས། །སེར་དང་གནག་དང་དཀར་བའི་ཞལ་ཕྱག་དྲུག་པ་ནི་རྣམ་པར་བསྒོམ། ཡིད་བཞིན་ནོར་བུ་རྡོ་རྗེ ་དང། འཁོར་ལོ་དེ་ཡི་གཡས་སུ་བསྒོམ། །དྲིལ་བུ་པདྨ་སེར་པོ་དང། །རལ་གྲི་གཡོན་དུ་བསྒོམ་པར་བྱ་ཞེས་སྨོས་པ་ལ་སྔ་མ་བཞིན་དུ་ལྷ་མོའི་པདྨའི་དབུས་སུ་ཐིག་ལེ་ཡོངས་སུ་གྱུར་པ་ལས། རཏན་དྷྲིཀ་སྔགས་བྱུང་བའི་རིན་པོ་ཆེ་ཟུར་དྲུག་པ་ལས ་རིན་ཆེན་ཏོག་དབྱུང་བ་སྤྲོ་བར་བྱའོ། །རལ་པའི་ཐོར་ཚུགས་འཆང་བ་ནི་སྔ་མ་བཞིན་ནོ། །ཞི་བ་ནི་དབུལ་བའི་སེམས་ཅན་རྣམས་རྒྱས་པའི་ཕྱིར་རོ། །བྱམས་པ་དང་ཆོས་དང། མི་འཇིགས་པ་དང། ཟང་ཟིང་གི་སྦྱིན་པས་འཇིགས་པ ་ཞི་བའོ། །མི་བསྐྱོད་པ་ནི་རྡོ་རྗེ་འཆང་ཆེན་པོའི། དེ་དབུ་བརྒྱན་བྱས་པ་སྟེ་བརྒྱན་པའོ། །མཁས་པ་ནི་མི་བརྗེས་པའི་ངང་ཚུལ་གྱིས་སོ། །གཞན་ཡང་ཞལ་དང་པོ་ནི་སེར་པོ་སྟེ། རྒྱས་པར་མཛད་པའི་ཕྱིར་རོ། །གཡས་པ་དང་གཡོན་པ་ནི་ནག་པོ ་དང་དཀར་པོ་སྟེ། ཐུགས་དང་སྐུའི་བདག་ཉིད་དེ། དྲག་པོ་དང་ཞི་བ་མཛད་པའི་ཕྱིར་རོ། །ཕྱག་དྲུག་གི་དོན་ནི་བཤད་ཟིན་ཏོ། །དེ་ནི་རིན་ཆེན་དཔལ་གྱིའོ། །རིན་ཆེན་ནི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པའོ། །པདྨ ་སེར་པོ་ནི་རྒྱས་པར་བྱེད་པའོ། །ལྷག་པའི་དོན་ནི་སྔ་མ་བཞིན་ནོ། །ཕྱི་རོལ་དུ་སྤྲོ་བ་ལ་སོགས་པ་བཤད་པར་བྱ་སྟེ་།ཐུགས་ཀ་ལས་བྱུང་སྟེ། །ང་རྒྱལ་གནས་ལ་གནས་པ་རྣམས། །ཡང་དག་སྦྱངས་ནས་ལྷོའི་ཆར། །རིན་ཆེན་དབུས་སུ ་བཞུགས་པར་འགྱུར་ཞེས་སྨོས་ཏེ། ཐུགས་ཀ་ནས་ནི་པདྨ་ནས་སོ། །ང་རྒྱལ་གནས་ལ་གནས་པ་ནི། ང་རྒྱལ་དང་བཅས་པའི་སེམས་ཅན་རྣམས་བསྟན་པ་ལ་སོགས་པས་སྦྱངས་ཏེ། བྱོན་ཞིང་ལྷོ་ཕྱོགས་ཀྱི་རེ་མིག་ལ་གནས་པ་པདྨ ་དང་ཉི་མ་དང་ཟུར་དྲུག་པའི་རིན་པོ་ཆེའི་སྟེང་དུ། གནས་པར་བསམ་པར་བྱའོ། །འོད་དཔག་ཏུ་མེད་པ་སྤྲོ་བ་བཤད་པར་བྱ་སྟེ། ཨཱ་རོ་ལིཀ་སྔགས་ལས་བྱུང་བའི། །མཛའ་ཡས་རྡོ་རྗེ་ཅན་དབྱུང་སྟེ། །ཞི་བ་པདྨ་རཱ་གའི་མདོག། མི་བསྐྱོད་པས ་ནི་དབུ་བརྒྱན་བྱས་ཞེས་སྨོས་ཏེ། སྔ་མ་བཞིན་དུ་ལྷ་མོའི་པདྨའི་དབུས་སུ་ཐིག་ལེ་ཡོངས་སུ་གྱུར་པ་ལས། ཨཱ་རོ་ལིཀ་སྔགས་ལས་བྱུང་བ་པདྨ་འདབ་མ་བརྒྱད་པ་ལས་འོད་དཔག་ཏུ་མེད་པ་སེམས་དཔའ་གསུམ་གྱི་བདག་དབྱུང་བ་ནི་སྤྲོ ་བར་བྱ་བའོ། །པདྨ་རཱ་ག་ནི་ནོར་བུ་སྟེ་དེའི་མདོག་ནི་དེ་དང་མཚུངས་པ་སྟེ། དབང་མཛད་པའི་ཕྱིར་རོ། །ཞི་བ་ནི་སྒེག་པའི་རོ་གཙོ་བོར་གྱུར་པའོ། །མི་བསྐྱོད་པ་ནི་སྔ་མ་བཞིན་ནོ། །དེ་ནས་གཞན་ཡང་མགོན་པོ་རལ་པའི་ཐོར་ཚུགས་འཆང། ། ་དམར་དང་གནག་དང་དཀར་བའི་ཞལ། །སྒེག་པའི་ཉམས་དང་ཡང་དག་ལྡན། །ཕྱག་དྲུག་པ་ནི་རྣམ་པར་བསྒོམ་ཞེས་སྨོས་པ་ལ། རལ་པའི་ཐོར་ཚུགས་ཀྱི་དོན་ནི་བཤད་ཟིན་ཏོ། །པདྨའི་རིགས་ཀྱི་བདག་པོ་ཡིན་པས་ན་མགོན་པོའོ། ། ་རྩ་བའི་ཞལ་ནི་དམར་པོ་སྟེ། །དབང་མཛད་པའི་ཕྱིར་རོ། །ཞལ་གཡས་པ་དང་གཡོན་པ་ནི་ནག་པོ་དང་དཀར་པོ་སྟེ། རྣམ་པར་དག་པ་སྔར་བཤད་ཟིན་ཏོ། །སྒེག་པའི་ཉམས་དང་ལྡན་པ་ནི་ཆགས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ཕྱག་དྲུག་གི་དོན ་ནི་བཤད་ཟིན་ཏོ། །ཕྱག་མཚན་བཤད་པར་བྱ་སྟེ། གཡོན་པའི་ཕྱག་གིས་དྲིལ་བུ་དང་པདྨའི་སྡོང་བཱུང་འཛིན་པར་མཛད། པདྨ་ཐུགས་ཀའི་ཕྱོགས་གནས་པ། །གཡས་པ་ཡི་ནི་འཛིན་པར་མཛད་ཅེས་པ་ལ། །དྲིལ་བུ་ནི་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པའི་རང་བཞིན་ཕྱག་གཡོན་པས་འཛིན་པས་དེའི་ཕྱོགས་གཅིག་ལས་བྱུང་བའི་པདྨའི་འདབ་མ་བརྒྱད་པ་ནི་མཚོ་སྐྱེས་ཏེ། ཐུགས་ཀྱི་ཕྱོགས་གཉིས་ཀར་ཕྱག་གཡས་པའི་མཐེ་བོ་དང། གུང་མོ་དང། མཛུབ་མོ་དག་གི་ལྟེ་བ་ནས་བརྩམS ་ཏེ། །འདབ་མའི་བར་དུ་དབྱེ་བར་མཛད་པར་བསྒོམ་པར་བྱའོ། །ཇི་ལྟར་པདྨ་དམར་པོ་འདི། །གནས་ཀྱི་སྐྱོན་གྱིས་མི་གོས་པ། །དངོས་པོའི་སྐྱོན་ནི་ཚོགས་པས་ན། །དེ་བཞིན་ཁམས་གསུམ་དག་པའོ། །ཞེས་བྱ་བ་དངོས་པོའི་རང་བཞིན་སྟོན་པ་མཛད ་པ་པདྨ་དབྱེ་བའི་ཕྱག་རྒྱ་སྟེ་དྲང་བའི་དོན་ཏོ། །གཡོན་ཕྱོགས་སུ་གནས་པའི་ཤེས་རབ་ཀྱིས་ཆོས་འབྱུང་གི་པདྨའི་གཡས་ཕྱོགས་ཀྱི་ཐབས་ཀྱི་རང་བཞིན་གྱིས་རྩེ་ལྔ་པའི་གསང་བའི་རྡོ་རྗེའི་ཕྱག་གིས་དབྱེ་བར་མཛད་པ་ཞེས་པ་ནི་ངེས་པའི་དོན ་ཏོ། །ཕྱག་མཚན་ལྷག་མ་བཤད་པར་བྱ་སྟེ། རྡོ་རྗེ་འཁོར་ལོ་གཡས་གཉིས་ལ། །རིན་ཆེན་རལ་གྲི་གཡོན་གཉིས་ལ་ཞེས་སྨོས་ཏེ། ཕྱག་མཚན་གྱི་དོན་ནི་སྔར་བཤད་ཟིན་ཏོ། །ཕྱི་རོལ་སྤྲོ་བ་བཤད་པར་བྱ་སྟེ། སྔོན་བཞིན་འདོད ་ཆགས་ཅན་སྤྱངས་ནས། །རྒྱབ་ཀྱི་པདྨ་ལ་ཞུགས་གྱུར་ཅེས་སྨོས་ཏེ། སྔོན་བཞིན་ནི་པདྨ་ལས་བྱུང་ནས་སོ། །འདོད་ཆགས་ཅན་ནི་ཐ་མལ་པའི་འདོད་ཆགས་ཅན་ནོ། །སྦྱངས་པ་ནི་བསྟན་པ་ལ་སོགས་པས་སོ། །རྒྱབ་ཀྱི་ནི་སངས་རྒྱས་ཀྱི་ཞིང་ལས་བྱུང ་ཞིང། ནུབ་ཕྱོགས་སུ་པདྨ་དང་ཉི་མ་དང། པདྨའི་སྟེང་དུ་བཞུགས་པར་བསམ་པར་བྱའོ། །དོན་ཡོད་གྲུབ་པ་སྤྲོ་བ་བཤད་པར་བྱ་སྟེ། པྲཛྙཱ་དྷྲིཀ་སྔགས་ལ་བྱུང་བའི། །སྔགས་པས་དོན་ཡོད་རྡོ་རྗེ་ཅན། །མགོན་པོ་སྐུ་མདོག ་ལྗང་གུ་དབྱུང། །ཐོར་ཚུགས་ཅོད་པན་དག་གིས་བརྒྱན་ཅེས་སྨོས་ཏེ། སྔ་མ་བཞིན་དུ་ལྷ་མོའི་པདྨར་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཡོངས་སུ་གྱུར་པ་ལས་པྲཛྙཱ་དྷྲིཀ?་སྔགས་ལས་བྱུང་བའི་རལ་གྲི་ལས་བྱུང་བ་སེམས་དཔའ་གསུམ་གྱི་བདག་ཉིད ་མགོན་པོ་ནི་ལས་ཀྱི་རིགས་ཀྱི་བདག་པོ་བསམ་པར་བྱའོ། །ཐོར་ཚུགས་ཅོད་པན་ནི་སྔ་མ་བཞིན་ནོ། །གཞན་ཡང་ལྗང་དང་གནག་དང་དཀར་བའི་ཞལ། །ཕྱག་དྲུག་འོད་ཟེར་རྣམ་པར་འཕྲོ་ཞེས་པ་ལས་དང་པོའི་ཞལ་ནི་དམར་པོ་སྟེ། དགུག་པར་མཛད ་པའི་ཕྱིར་རོ། །ཞལ་གཡས་པ་དང་གཡོན་པ་ནི། གནག་པ་དང་དཀར་བ་སྟེ། ཐུགས་དང་སྐུའི་རིགས་ཀྱི་དྲག་པོ་དང་ཞི་བ་མཛད་པའི་ཕྱིར་རོ། །ཕྱག་དྲུག་ནི་སྔ་མ་བཞིན་ནོ། །འོད་ཟེར་འཕྲོ་བ་ནི་འོད་ཟེར་ལྔས་ཁྱབ་པ་སྟེ། ལས་ཐམས་ཅད་པ་ཡིན་པའི ་ཕྱིར་རོ། །ཕྱག་མཚན་བཤད་པར་བྱ་སྟེ། རལ་གྲི་སྣ་ཚོགས་རྡོ་རྗེ་དང། འཁོར་ལོ་གཡས་སུ་བསྒོམ་པར་བྱ། །ཕྱག་གཡོན་ན་ནི་དྲིལ་བུ་དང། །དེ་བཞིན་པད་ལྗང་ནོར་བུའོ་ཞེས་སྨོས་པ་ལ། ཉོན་མོངས་པ་གཅོད་པའི་ཤེས་རབ་ནི་རལ་གྲིའོ། ། ་མངོན་པར་བྱང་ཆུབ་པ་རྣམ་པ་ཉི་ཤུ་ནི་སྣ་ཚོགས་རྡོ་རྗེའོ། །པདྨ་ལྗང་གུ་ནི་ལས་ཐམས་ཅད་པ་ཡིན་པའི་ཕྱིར་རོ། །དྲིལ་བུ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །མཛད་པ་བཤད་པར་བྱ་སྟེ། །ལོག་པའི་ངག་ཅན་སེམས་ཅན་རྣམས། །རྣམ་པར་སྦྱངས ་ནས་སླར་བྱོན་ཏེ། །དེ་བཞིན་བྱང་གི་ཕྱོགས་སུ་ནི། །སྣ་ཚོགས་རྡོ་རྗེ་དགྲ་ལ་བཞུགས། ཤེས་པ་ལ་སྔ་མ་བཞིན་དུ་ཆོས་འབྱུང་ཞིང་ལོག་པའི་ཚིག་ཅན་གྱི་སེམས་རྣམས་བསྟན་པ་ལ་སོགས་པས་སྦྱངས་ཤིང་སངས་རྒྱས་ཀྱི་ཞིང་ལ་འཇུག་ཅིང ་སླར་ལོག་ནས་བྱང་ཕྱོགས་སུ་པདྨ་དང་ཉི་མ་དང་སྣ་ཚོགས་རྡོ་རྗེ་ལ་བཞུགས་པར་བསམ་པར་བྱའོ། །ཉེ་བར་བསྡུ་བ་བཤད་པར་བྱ་སྟེ། །ཞེ་སྡང་གཏི་མུག་དེ་བཞིན་ཆགས། །ཡིད་བཞིན་ནོར་བུ་དམ་ཚིག་སྟེ། །རིགས་ནི་ལྔ་པོ་འདི་བདག་?། །འདོད་དང ་ཐར་པ་རབ་བསྒྲུབ་པའོ། །ཞེས་པ་ལ་ཞེ་སྡང་རྣམ་པར་དག་པ་མི་བསྐྱོད་པ་དང། གཏི་མུག་རྣམ་པར་དག་པ་ནི་རྣམ་པར་ན་མཛད་དང། འདོད་ཆགས་རྣམ་པར་དག་པ་ནི་འོད་དཔག་ཏུ་མེད་པ་དང་ཡིད་བཞིན་ནོར་བུ་རིན་ཆེན་འབྱུང་ལྡན་ནོ། །དམ་ཚིག་ཉམས ་པ་རྣམས་སླར་ཡང་དམ་ཚིག་གསོ་བར་བྱེད་པས་ན་དམ་ཚིག་ནི་དོན་ཡོད་གྲུབ་པའོ། །རིགས་ལྔ་པོ་དེ་དག་ནི་ཉོན་མོངས་པ་རྣམ་པར་དག་པའོ། །འདོད་པ་ནི་བདེ་བའི་ཐབས་ཀྱིས་ཐར་པ་སྒྲུབ་པ་སྟེ། མི་གནས་པའི་མྱ་ངན་ལས་འདས་པའི ་དབྱིངས་ཐོབ་པར་བྱེད་པའོ། །ཡང་འདོད་པ་དང་ཐར་པ་ནི་འདོད་པ་དང་ཐར་པ་དག་སྟེ། ལོངས་སྤྱོད་དང་གྲོལ་བའོ། །དེ་དག་འགྲུབ་པ་ནི་རྩོལ་བའོ། །དེ་ནི་ཉེ་བར་མཚོན་པ་ཙམ་ཡིན་ཏེ། ཆོས་ཀྱི་དབྱིངས་དང་མེ་ལོང་དང་མཉམ་པ་ཉིད་དང། སོ ་སོར་རྟོག་པ་དང་བྱ་བ་ནན་ཏན་སྒྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་དང། ཀུན་གཞི་དང། ཉོན་མོངས་ཅན་གྱི་ཡིད་དང། འཇུག་པ་དང། གཟུགས་ལ་སོགས་པའི་རྣམ་པར་དག་པ་དང། །གཟུགས་དང། ཚོར་བ་དང། འདུ་ཤེས་དང། འདུ་བྱེད ་དང། རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་དག་པ་དག་ཞི་བ་དང། རྒྱས་པ་དང། དབང་དང་མངོན་སྤྱོད་དང། དགུག་པ་རྣམ་པར་དག་པ་དང། ཚུལ་ཁྲིམས་དང། ཏིང་ངེ་འཛིན་དང། ཤེས་རབ་དང། རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡི ་ཤེས་མཐོང་བའི་རང་བཞིན་དང། ས་དང། ཆུ་དང། མེ་དང། རླུང་དང། ནམ་མཁའ་དང་།གཟུགས་དང། སྒྲ་དང། དྲི་དང་།རོ་དང། རེག་བྱ་དང། མིག་དང། རྣ་བ་དང། སྣ་དང། ལྡེ་དང། ལུས་དང། སེམས་ཅན་དང། དོན་དང། བདག་དང། ་རྣམ་པར་རྟོག་པ་དང། འཇུག་པའི་རྣམ་པར་ཤེས་པ་རྣམ་པར་དག་པའི་རང་བཞིན་ཤེས་པར་བྱའོ། །ལྷ་མོ་རྣམས་ཀྱིས་སྤྲོ་བ་བཤད་པར་བྱ་སྟེ། མོ་ཧ་རཱ་ཏི་སྔགས་ལས་བྱུང། །ལྷ་མོའི་སྤྱན་ནི་དབྱུང་པར་བྱ། ་དཀར་ཞིང་ཞི་བའི་ཉམས་དང་ལྡན། །རྣམ་པར་སྣང་མཛད་ཀྱིས་སྤྱི་བོར་མཚན་ཞེས་སྨོས་ཏེ། སྔ་མ་བཞིན་དུ་ལྷ་མོའི་པདྨའི་དབུས་སུ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཡོངས་སུ་གྱུར་པ་ལས་མོ་ཧཱ་རཱ་ཏིའི་སྔགས་ལས་འཁོར་ལོ་རྩིབས་བརྒྱད ་པ་ལས་བྱུང་བའི་ལྷ་མོ་སྤྱན་སེམས་དཔའ་གསུམ་གྱི་བདག་ཉིད་དབྱུང་བ་ནི་སྤྲོ་བར་བྱའོ། །ཇི་ལྟ་བུ་ཡིན་ཞེ་ན། དཀར་པོ་ཞེས་བྱ་བ་ནི་ཞི་བ་མཛད་པའི་ཕྱིར་རོ། །ཞི་བའི་ཉམས་དང་ལྡན་པ་ནི་རྒྱུ་དེ་ཉིད་ལས་སོ། །རྣམ་པར་སྣང་མཛད་ཀྱིས་མཚན་པ་ནི ་རང་གི་བདག་པོའི་ཅོད་པན་ཅན་ཏེ། རིགས་རྗེས་སུ་དྲན་པའི་ཕྱིར་རོ། །གཞན་ཡང། །དཀར་དང་གནག་དང་དམར་བའི་ཞལ། །ཕྱག་དྲུག་པ་ནི་རྣམ་པར་བསྒོམ། །འཁོར་ལོ་རྡོ་རྗེ་དེ་བཞིན་དུ། །ུཏཔལ་དཀར་པོ་གཡས་སུ་བསམ། །དྲིལ་བུ་དེ་བཞིན་རིན་ཆེན ་དང་།རལ་གྲི་གཡོན་དུ་བསྒོམ་པར་བྱ་ཞེས་སྨོས་པ་ལ། ཨུཏཔལ་དཀར་པོ་ནི་ཞི་བ་དང་མཐུན་པའི་ཕྱིར་རོ། །ཞལ་དཀར་པོ་ལ་སོགས་པ་དང། འཁོར་ལོ་གསོགས་པའི་དོན་ནི་བཤད་ཟིན་ཏོ། །འདི་ནས་ཕྱི་རོལ་ཏུ་སྤྲོ་བ་བཤད་པར་བྱ་སྟེ། ་དེ་བཞིན་ཐུགས་ཀ་ནས་བྱུང་སྟེ། །ཕྱོགས་བཅུ་དག་ཏུ་གཟིགས་ནས་ནི། །གདོན་དང་ནད་གདུངས་འཇིག་རྟེན་རྣམས། །ཐུགས་རྗེ་ཆེན་པོས་ཞི་མཛད་དེ། །སླར་བྱོན་ནས་ནི་ཟླ་དཀྱིལ་དུ། །ཤར་གྱི་མཚམས་སུ་བཞུགས་པར་གྱུར་ཅེས་སྨོས་པ་ལ། ་ཐུགས་ཀ་ནས་ཞེས་པ་ནི་པདྨའི་དབུས་ནས་སོ། །ཕྱོགས་བཅུར་གཟིགས་པ་ནི་ནད་དང་ལྡན་པའི་ནད་ཞི་བར་བྱ་བའི་དོན་དུའོ། །གདོན་ནི་རབ་ཏིའི་གདོན་དང་ལ་སོགས་པས་བྱས་བའོ། །ནད་རིམས་ལ་སོགས་པ་སྟེ། དེ་རྣམས་ཀྱི་གདུངས་པ་ནི ་མནན་པའི་འཇིག་རྟེན་པ་གང་ཡིན་པ་དེ་ལ་བདུད་རྩིའི་འོད་ཟེར་སྤྲོ་བས་ཞི་མཛད་པ་ནི། རབ་ཏུ་ཞི་བར་བྱས་ནས་རང་གི་སངས་རྒྱས་ཀྱི་ཞིང་ལ་འཇོག་ཅིང། སླར་ལོག་སྟེ་ཤར་ལྷོའི་མཚམས་སུ་སྣ་ཚོགས་པདྨའི་དང། ཟླ་བ་དང། འཁོར་ལོ་ལ་བཞུགས་བར ་བསམ་པར་བྱའོ། །མཱ་མ་ཀཱིའི་སྤྲོ་བ་བཤད་པར་བྱ་སྟེ། དྭེ་ཥ་རཱ་ཏི་སྔགས་ལས་བྱུང། །ལྷ་མོ་མཱ་མ་ཀཱི་དབྱུང་སྟེ། །ུཏཔལ་སྔོན་པོའི་འདབ་ལྟར་སྔོ། །བཞིན་བཟངས་ཤིན་ཏུ་ཡིད་དུ་འོད་ཞེས་སྨོས་པ་ལ། སྔ་མ་བཞིན་དུ་ལྷ་མོའི་པདྨའི་པདྨའི་? ་ཐིག་ལེ་ཡོངས་སུ་གྱུར་པས་དྭ་ཥ་རཱ་ཏིའི་སྔགས་ལས་བྱུང་བ་རྡོ་རྗེ་རྩེ་ལྔ་པ་ལས་ལྷ་མོ་མཱ་མ་ཀཱི་སྤྲོ་བར་བྱ་སྟེ། ཇི་ལྟ་བུ་ཡིན་ཞེ་ན་ཨུཏཔལ་སྔོན་པོའི་འདབ་ལྟར་སྔོ་བའོ་ཁ་དོག་སྔོན་པོའོ་དེ་བཞིན་དུ་བཞིན་བཟངས་ནི་ཞལ་མཛེས་པའོ། །ཉིད་ཀྱི་ཕྱིར ་ཡིད་དུ་འོང་བ་ནི་བཅོམ་ལྡན་འདས་མི་བསྐྱོད་པ་འམ་རིན་ཆེན་འབྱུང་ལྡན་གྱི་ཐུགས་འཕྲོས་པ་སྟེ། མཱ་མ་ཀཱི་ནི་རིགས་གཉིས་ཡིན་པའི་ཕྱིར་རོ། །གཞན་ཡང་ཇི་ལྟ་བུ་ཞེ་ན། གནག་དང་དཀར་དང་དམར་བ་སྟེ། །མི་བསྐྱོད་པས་ནི་དབུ་བརྒྱན་བྱས། །རྡོ་རྗེ ་འཁོར་ལོ་དེ་བཞིན་དུ། །ུཏཔལ་སྔོན་དམར་གཡས་པ་ལ། །དྲིལ་བུ་རིན་ཆེན་རལ་གྲི་ནི། །གཡོན་པའི་ཕྱག་ན་བསྣམས་པར་མཛད་ཅེས་སྨོས་པ་ལ། ཞལ་ནག་པོ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །མི་བསྐྱོད་པས་ནི་དབུ་བརྒྱན་བྱས་པ་ནི་རང་གི ་བདག་ཉིད་ཅན་ནོ། །གང་གི་ཚེ་རིན་ཆེན་འབྱུང་ལྡན་གྱི་རིགས་ཡིན་ན། དེའི་ཚེ་རིན་ཆེན་འབྱུང་ལྡན་གྱི་ཅོད་པན་བྱའོ། །རྡོ་རྗེ་ལ་སོགས་པ་དོན་ནི་བཤད་?་ཏོ། །སྔོན་པོ་དང་དམར་པོ་འདྲེས་པར་གྱུར་པ་ན་སེར་པོ་དང་ནག་པོ་སྣང་བར་འགྱུར་ཏེ། གཉི་གའི ་རིགས་ཀྱིས་རྟགས་བཤད་པར་བྱ་སྟེ། བགེགས་ཆེན་འཇིགས་པས་གཟིར་བ་རྣམས། །ཐུགས་རྗེ་ཆེན་པོ་བསུང་མཛད་པར། །བྱུང་ནས་སླར་ནི་བྱོན་ནས་སུ། །ལྷོ་ནུབ་ཏུ་ནི་བཞུགས་པར་གྱུར་ཅེས་སྨྲོས་ཏེ། བགེགས་ཆེན་པོ་ནི་སྲིན་པོ་ལ་སོགས་པ་སྟེ། ་དེ་རྣམས་ཀྱིས་འཇིགས་པ་ནི་རྨི་ལམ་ངན་པ་དེ་རྣམས་ཀྱི་བཟིར་བ་ནི་གནོད་པ་གང་ཡིན་པ་དེ་རྣམས་ལ་བསྲུང་བ་མཛད་ནས་སོ། །སྲིན་པོ་ལ་སོགས་པ་བསྐྲད་ཅིང་རང་གི་སངས་རྒྱས་ཀྱི་ཞིང་ནས་ལོག་ཅིང་ལྷོ ་ནུབ་ནི་བདེན་བྲལ་གྱི་མཚམས་སུ་སྣ་ཚོགས་པདྨ་དང། ཉི་མ་དང། །རྡོ་རྗེའི་སྟེང་དུ་བཞུགས་པར་བསམ་པར་བྱའོ། །གོས་དཀར་མོའི་སྤྲོ་བ་བཤད་པར་བྱ་སྟེ། རཱ་ག་རཱ་ཏིའི་སྔགས་ལས་བྱུང། །གོས་དཀར་མོ་ནི་དབྱུང་བྱ་སྟེ། །ཞལ ་ནི་དམར་དང་གནག་དང་དཀར། །པདྨ་རཱ་གའི་འོད་དང་ལྡན་ཞེས་སྨོས་ཏེ། སྔ་མ་བཞིན་དུ་ལྷ་མོའི་པདྨའི་དབུས་སུ་ཐིག་ལེ་ལས་རཱ་ག་རཱ་ཏི་ཡོངས་སུ་གྱུར་པ་ལས་པདྨ་དམར་པོ་ལས་བྱུང་བའི་གོས་དཀར་མོ་པདྨ་རཱ་གའི་ནོར་བུའི་ཁ་དོག་དང་འདྲ ་བ་སྒྲོ་བར་བྱའོ། །དམར་པོ་ལ་སོགས་ཞལ་གྱི་དོན་ནི་བཤད་ཟིན་ཏོ། །གཞན་ཡང་འོད་དཔག་མེད་བཅས་རལ་པའི་ཚོགས། །ཕྱག་དྲུག་པ་ནི་རྣམ་བསྒོམས་ཏེ། །གཡོན་པའི་དྲིལ་བུང་བཅས་པ་ཡིས། །ུཏཔལ་སྡོང་བུ་འཛིན་མཛད ་ལམ?་ཐུགས་ཀར་གནས་པའི་ཨུཏཔལ་ལ། །དམར་པོ་གཡས་ཀྱིས་འཛིན་པར་མཛད་ཅེས་སྨོས་པ་ལ། རལ་པ་རྣམས་ཀྱིས་ཚོགས་ནི་རལ་པའི་ཚོགས་སོ། །འོད་དཔག་ཏུ་མེད་པ་དང་བཅས་པའི་རལ་པའི་ཚོགས་གང་ལ་ཡོད་པ་དེ་ནི ་འོད་དཔག་མེད་དང་བཅས་པའི་རལ་པའི་ཚོགས་ཏེ། རང་གི་བདག་པོའི་ཅིང་པན་ཞེས་བྱ་བའི་དོན་ཏོ། །ཕྱག་དྲུག་གི་དོན་ནི་བཤད་ཟིན་ཏོ། །ཕྱག་གཡོན་པ་དྲིལ་བུ་དང་བཅས་པས་ཕྱོགས་གཅིག་ཏུ་པདྨའི་སྡོང་བུ་བཟུང་སྟེ། ཕྱག ་གཡས་པས་ཐུགས་ཀར་ཁ་དོག་དམར་པོ་ཉིད་དབྱེ་བར་མཛད་པར་བསམ་པར་བྱའོ། །རྣམ་པར་དག་པ་ནི་འོད་དཔག་ཏུ་མེད་པ་བཞིན་ནོ། །ཕྱག་མཚན་ལྷག་མ་རྣམས་བཤད་པར་བྱ་སྟེ། རྡོ་རྗེ་འཁོར་ལོ་གཡས་དག་ལ། །ནོར་བུ་རལ་གྲི ་གཡོན་པ་ལ། །བསྣམས་པར་མཛད་པ་བྱུང་ནས་ནི། །གདོན་གྱིས་ཉེན་པ་ཞི་མཛད་དེ། །སླར་བྱོན་པདྨའི་དབུས་ཉིད་དུ། །ནུབ་བྱང་མཚམས་སུ་བཞུགས་པར་འགྱུར་ཅེས་སྨོས་ཏེ། རྡོ་རྗེ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །གདན་? ་ཉེན་པ་ནི་དབུལ་བའི་གདོན་གྱིས་ཉེན་པ་ལ་ཞི་མཛད་པ་ནི་རྒྱས་པར་མཛད་ནས་སོ། །ཡང་ན་དབང་དུ་མ་གྱུར་པའི་གདོན་གྱིས་ཉིན་པོ་ལ་ཞི་མཛད་པ་སྟེ། དབང་དུ་མཛད་ནས་སངས་རྒྱས་ཀྱི་ཞིང་ལས་བྱུང་སྟེ། རླུང་གི་མཚམས་སུ་སྣ་ཚོགས་པདྨ ་དང། ཟླ་བ་དང། མཚོ་སྐྱེས་ལ་བཞུགས་པར་བསམ་པར་བྱའོ། །སྒྲོལ་བའི་སྤྲོ་བ་བཤད་པར་བྱ་སྟེ། བཛྲ་རཱ་ཏིའི་སྔགས་ལས་བྱུང། །ཡིད་འོང་སྒྲོལ་ལམ་དབྱུང་བྱ་སྟེ། །ལྗང་དང་གནག་དང་དཀར་བའི་ཞལ། །དུར་བའི་ལོ་མའི་འོད་དང་མཉམ་ཞེས་སྨོས་ཏེ ་ས་སྔ་མ་བཞིན་དུ་ལྷ་མོའི་པདམེའི་དབུས་སུ་ཐིག་ལེ་ཡོངས་སུ་གྱུར་པ་ལས་བཛྲ་ཏའི་སྔགས་ལས་འབྱུང་བའི་ཨུཏཔལ་ལས་སྐྱེས་པ་དུར་བའི་ལོ་མ་བཞིན་ནི་ལྗང་སྐྱའི་ལྷ་མོ་སྒྲོལ་མ་སྤྲོ་བར་བྱ་སྟེ། ལྗང་གུ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །གཞན་ཡང་དོན་ཡོད་གྲུབ་པས ་ནི་གཙུག་ཏོར་བྱས། །ཕྱག་དྲུག་བར་ནི་རྣམ་པར་བསྒོམ། །སྣ་ཚོགས་རྡོ་རྗེ་འཁོར་ལོ་དང། ཨུཏཔལ་?་དཀར་པོ་གཡས་པན། །དྲིལ་བུ་རིན་ཆེན་རལ་གཏི་ནི། །བརྟུལ་ཞུགས་ཅན་གྱིས་གཡོན་དུ་བསམ་ཞེས་སྨོས་ཏེ། དོན་ཡང་ཅེས་བྱ་བ་ནི་རང་གི་བདག ་པོས་སོ། །ཕྱག་དྲུག་ལ་སོགས་པའི་དོན་བཤད་ཟིན་ནོ། །བྱ་བ་བཤད་པར་བྱ་སྟེ། སེམས་ཅན་ཐམས་ཅད་དབང་མཛད་དེ། །སྣ་ཚོགས་རྡོ་རྗེའི་སྟན་ལ་ཡང། །བྱུང་ནས་སླར་ནི་བྱོན་ནས་སུ། །བྱང་ཤར?་མཚམས་སུ་བཞུགས་པར་གྱུར་ཅེས་སྨོས་པ་ལ། ་སེམས་ཅན་ཐམས་ཅད་ནི་འཇིགས་པ་ཆེན་པོ་བརྒྱད་འདི་ལྟ་སྟེ། སེང་གེ་དང་གླང་པོ་དང། མེ་དང། སྤྲུལ་དང། ཆོམ་རྐུན་དང། བཙོན་?་དང། རྒྱ་མཚོ་དང། ཤ་ཟའི་འཇིགས་པའོ། །ཁ་ཅིག་ན་རེ་མཛེ་དང། དབུལ་བའི་འཇིགས་པ་དང་བཅས་པའི ་འཇིགས་པ་ཆེན་པོ་བཅུ་ཡིན་ནོ། །ཞེས་ཟེར་རོ། །དེ་རྣམས་དབང་དུ་བྱས་པ་ནི་སེལ་ནས་སོ། །བྱུང་ནས་ནི་པདྨ་ལས་སོ། །བྱོན་ནས་ནི་སངས་རྒྱས་ཀྱི་ཞིང་ལས་སོ། །བྱང་ཤར་མཚམས་སུ་ནི་དབང་ལྡན་གྱི་མཚམས་སུ་སྣ་ཚོགས་ལ?་དང ་ཟླ་བ་དང། སྣ་ཚོགས་རྡོ་རྗེ་ལ་བཞུགས་པར་བསམ་པར་བྱའོ། །ཡུམ་བཞི་པོ་དེ་རྣམས་ཀྱིས་རྣམ་པར་དག་པ་བཤད་པར་བྱ་སྟེ། དེ་ལས་སའི་ཁམས་དང། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། སྙིང་རྗེ་ཆེན་པོ་དང། ཐབས་ཀྱི་ཕ་རོལ ་ཏུ་ཕྱིན་པ་རྣམ་པར་དག་པའི་རང་བཞིན་ནི་གཏི་མུག་དགའ་མ་སྟེ། རྣམ་པར་སྣང་མཛད་ཀྱི་རང་སྣང་བའི་རིག་པ་དེ་དང་མཚུངས་པ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། སྙིང་རྗེ་ཆེན་པོ་དང་བྲལ་བའི་སེམས་ཅན་རྣམས་སྡུག་བསྔལ་མ ་ལུས་པ་ལས་སྐྱོབ་པ་ལས་སྦྱར་ཞིང་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྟན་ནས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཁུང་ཐེག་པ་དང། མཉམ་པ་ཉིད་ཀྱིས་རང་གི་སྐྱོན་དགུག་པ་དང། སེམས་ཅན་གྱི་དོན་ལ་འཇུག་པ་དང། མྱུར་དུ་དང ་བདེ་བར་བྱང་ཆུབ་ཐོབ་པ་རྣམ་པ་གསུམ་གྱིས་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་སྦྱར་ཞིང་རིང་དུ་སོང་བའི་ས་ལ་སེམས་ཅན་རྣམས་འཇོག་ཅིང་མེའི་མཚམས་ལ་ཞི་བ་མཛད་པའོ། །ཞེ་སྡང་དགའ་མ་ནི་བྱམས་པ་ཆེན་པོ་དང། ་རྣམ་པར་ཐར་པ་མཚན་མ་མེད་པ་དང། ཆུའི་ཁམས་དང། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའི་ལྷ་མོ་མཱ་མ་ཀཱི་སྟེ། མི་བསྐྱོད་པའི་རང་གི་རིག་མ་དེ་དང་འདྲ་བ་བྱམས་པ་ཆེན་པོ་དང། སྨོན་ལམ་དང་བྲལ་བའི་སེམས་ཅན ་ཐམས་ཅད་ལ་ཕན་པ་དང། བདེ་བ་ལ་ངེས་པར་སྦྱར་ཞིང་ཆོས་ཐམས་ཅད་མཚན་མ་མེད་པ་ཉིད་དུ་སྐྱེས་ལ། སེམས་ཅན་ཐམས་ཅད་ཀྱི་སྲིད་པ་ཉེ་བར་ཞི་བ་ལ་སོགས་པའི་དོན་གྱི་བྱ་བ་དང་ཐུགས་མཉམ་པ་ཉིད་ཀྱི་ཚོགས་ཀྱི་རྒྱུད་དང། ་སེམས་ཅན་གྱི་དོན་གྱི་རྒྱུ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཞེས་བྱ་བ་རྣམ་པ་གསུམ་གྱིས་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་སྦྱར་ཞིང་མི་གཡོ་པའི་ས་ལ་འཇོག་ཅིང་བདེན་བྲལ་གྱི་མཚམས་སུ་གདུལ་དཀའ་བ་འདུལ་བར ་མཛད་པའོ། །འདོད་ཆགས་དགའ་མ་ཞེས་བྱ་བ་དགའ་བ་ཆེན་པོ་དང། རྣམ་པར་ཐར་པ་སྨོན་པ་མེད་པ་དག?་མེའི་ཁམས་དང། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ནི་གོས་དཀར་མོ་སྟེ། འོད་དཔག་ཏུ་མེད་པའི་རང་སྣང་བའི་རིག་མ་དེ་དང་འདྲ་བ་དགའ་ ་བ་ཆེན་པོ་དང་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བའི་སེམས་ཅན་རྣམས་སངས་རྒྱས་ཀྱིS་ཆོས་ཀྱི་དགའ་བས་ཡང་དག་པར་རབ་ཏུ་སྦྱོར་ལ།། རང་རིག་ལས་ལྡོག་པའི་ཆོས་ཐམས་ཅད་མེད་པའི་ཕྱིར་ཆོས་ཐམས་ཅད་སྨོན་པ་མེད་པ་ཉིད་གསལ ་བར་བྱས་ལ། འདར་བ་སེལ་བ་དང། སྨིན་པ་ལ་སོགས་པའི་བྱ་བས་མེ་དང་མཚུངས་པ་དང། དེ་བཞིན་དུ་ལས་ལས་ལྡོག་པ་དང། ཉོན་མོངས་པ་བཅོམ་པ་དང། བདུད་དང་ཕ་རོལ་རྒོལ་བ་རྣམས་འཇོམས་པར་བྱེད་པ། རྣམ་པ་གསུམ ་གྱིས་སྟོབས་ཀྱིས་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་སྦྱར་ཞིང་ལེགས་པའི་བློ་གྲོས་ཀྱི་ས་ལ་འཇོག་ཅིང་རླུང་གི་མཚམས་སུ་རྒྱས་པར་མཛད་པའོ། །རྡོ་རྗེ་དགའ་མ་ཞེས་བྱ་བ་བཏང་སྙོམས་ཆེན་པོ་དང། རང་བཞིན་གྱི་འོད་གསལ་བའི་རྣམ་པར ་ཐར་པ་དང། རླུང་གི་ཁམས་དང། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་སྒྲོལ་མ་སྟེ། བཏང་སྙོམས་ཆེན་པོ་དང། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བའི་སེམས་ཅན་རྣམས་རྙེད་པ་དང། མ་རྙེད་པ་དང། བདེ་བ་དང། སྡུག་བསྔལ ་དང། གྲགས་པ་དང། མ་གྲགས་པ་དང། བསྟོད་པ་དང། སྨོད་པ་ལ་བཏང་སྙོམས་དང། སེམས་ཅན་ཐམས་ཅད་ཀྱི་གདུང་བ་རབ་ཏུ་ཞི་བ་ལ་སོགས་པའི་བྱ་བས་རླུང་འདྲ་བའི་སེམས་ཉིད་རབ་ཏུ་སྦྱར་ཏེ། ཉོན་མོངས་པ་རྣམས་གློ་བུར་བ་ཡིན ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་རང་བཞིན་གྱིས་འོད་གསལ་བར་བྱས་ལ་རྣམ་པར་མི་རྟོག་པ་དང། རྟོག་པ་མཉམ་པ་ཉིད་དུ་རྟོགས་པ་དང། སེམས་ཅན་གྱི་དོན་གྱི་ཐབས་ལྐོག་ཏུ་གྱུར་པ་མ་ཡིན་པ་ཞེས་པ་རྣམ ་པ་གསུམ་གྱི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་སྦྱོར་ཞིང་ཆོས་ཀྱི་སྤྲིན་ཀྱི་ས་ལ་འཇོག་ཅིང་དབང་ལྡན་གྱི་མཚམས་སུ་དབང་མཛད་པ་སྟེ། དྲང་བའི་དོན་ཏོ། །སྣང་བ་དང། ཟླ་བའི་སྣང་བ་དང། མོ་རྟགས་དང། གཞན་དབང་དང་།རྗེས་སུ ་འཇུག་པའི་དབྱངས་དང། འཇམ་པ་དང། ཆགས་པ་དང་བྲལ་བ་ལ་སོགས་པ་རང་བཞིན་གྱིས་གཉེན་པོ་སྟོང་པ་ཉིད་ཀྱི་རང་བཞིན་ནི་སྤྱན་ནོ། །སྣང་བ་མཆེད་པ་དང། ཉི་མའི་སྣང་བ་དང། ཕོ་རྟགས་དང། ཀུན་རྟགས་དང། ཚེག་དྲག་དང ་བར་པ་དང། འདོད་ཆགས་ལ་སོགས་པའི་རང་བཞིན་གྱིས་གཉེན་པོ་ཤིན་ཏུ་སྟོང་པའི་ངོ་བོ་ནི་ལྷ་མོ་མཱ་མ་ཀཱིའོ། །སྣང་བ་ཉེ་བར་ཐོབ་པ་དང། མཚམས་ཀྱི་སྣང་བ་དང། མ་ནིང་གི་རྟགས་དང། ཐིག་ལེ་དང་ཚེག་དྲག་དང། བྲལ་བ་དང། ཡོངས་སུ ་རྫོགས་པ་དང། མ་རིག་པ་ལ་སོགས་པ་རང་བཞིན་གྱིས་གཉེན་པོ་སྟོང་པ་ཆེན་པོའི་རང་བཞིན་ནི་གོས་དཀར་མོའོ། །སྣང་བ་ལ་སོགས་པ་དང་བྲལ་བ་དང་ཟླ་བ་དང་ཉི་མ་དང། མཚམས་ཀྱི་སྣང་བ་མེད་པ་དང། ཕོ་དང་མོ་དང། མ་ནིང་གི་རྟགས་མེད་པ་དང། རྗེས་སུ་འཇུག་པའི་དབྱངས་དང། ཚེག་དྲག་དང་དེ་མེད་པ། མ་ཡིན་པ་དང། རང་བཞིན་གསུམ་དང་བྲལ་བ་དང། འཇམ་པ་དང། བར་མ་དང། རབ་སྤོང་བ་དང། ཆགས་པ་བྲལ་བ་དང། ཆགས་པ་དང་ཆགས་པ ་བར་པ་དང་བྲལ་བ་དང། སྟོང་པ་དང་ཤིན་ཏུ་སྟོང་པ་དང། སྟོང་པ་ཆེན་པོའི་གཉེན་པོ་ཐམས་ཅད་སྟོང་པའི་རང་བཞིན་ནི་སྒྲོལ་མ་སྟེ། ངེས་པའི་དོན་ཏོ། །མཆོད་པའི་ལྷ་མོའི?་སྤྲོ་བ་བཤད་པར་བྱ་སྟེ། རྣལ་འབྱོར་པས་ནི་རིམ་གཉིས་པར། རྡོ་རྗེ ་གཟུགས་ལ་སོགས་པ་དབྱུང་ཞེས་སྨོས་ཏེ་རིམ་པ་གཉིས་པ་ནི་ཆ་ཆེན་བཞི་ལས་ཕྱི་རོལ་གྱི་ཆ་ཆེན་གཅིག་ལ་མོའི་མཚམས་ལ་སོགས་པ་བཞི་བོར་ཆ་ཆུང་གཅིག་ལ་རྡོ་རྗེ་རབ་བྲིས་ལ་ལྷག་མ་རྣམས་གཟུགས་རྡོ་རྗེ་མ་ལ་སོགས་པ ་དགོད་དོ། །དེ་ཉིད་བཤད་པ། མེའི་ཕྱོགས་སུ་དགོད་བྱ་བ། །རྡོ་རྗེ་གཟུགས་ནི་ཡིད་འོང་བ། །ཞལ་གསུམ་ཕྱག་དྲུག་དཀར་བ་སྟེ། །དབུ་བརྒྱན་རྣམ་པར་སྣང་མཛད་དཔལ། །གཉིས་ཀྱིS་མེ་ལོང་འཛིན་མཛད་དེ། །ལྷག་མ་གཏི་མུག་དགའ་དང་མཚུངས ་ཤེས་པ་ལ་སྔ་མ་བཞིན་དུ་ལྷ་མོའི་པདྨར་ཐིག་ལེ་ཡོངས་སུ་གྱུར་པའི་ཛ་ལ་བྱུང་བའི་མེ་ལོང་ལས་སྐྱེས་པ་རྡོ་རྗེ་གཟུགས་སེམས་དཔའ་གསུམ་གྱི་བདག་ཉིད་ཡིད་དུ་འོང་པ་ལ་ནི་ཆུ་ཤེལ་གྱི་ནོར་བུའི་འོད་དང་ལྡན་པས་སེམས་འཕྲོག་པ་རྣམ་པར ་སྣང་མཛད་ཀྱི་ཅོད་པན། རྩ་བའི་ཕྱག་གཉིས་ཀྱིས་ཤེལ་གྱི་ནོར་བུའི་མེ་ལོང་གི་ནར་གི་དཀྱིལ་འཁོར་ལ་བཞུགས་པའི་དེ་བཞིན་གཤེགས་པ་དང། ལྷ་མོ་རྣམས་ཀྱི་སྐུ་གསལ་བར་མཛད་པ། ཕྱག་ལྷག་མ་རྣམས་ཀྱིས་བདག་པོ་སྤྱན་མ ་དང་འདྲ་བའི་ཕྱག་མཚན་འཛིན་པ་སྤྲོས་ཏེ། དེས་ནི་གཟུགས་ལ་མངོན་པར་ཞེན་པའི་སེམས་ཅན་གྱི་ཁམས་སྦྱངས་པ་ལ་བྱུང་སྟེ། མེའི་མཚམས་སུ་པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པ་བསམ་པར་བྱའོ། །སྒྲ་རྡོ་རྗེ་མའི་སྤྲོ་བ་བཤད ་པར་བྱ་སྟེ། །བདེན་བྲལ་ཕྱོགས་དགོད་ལྷ་མོ་ནི། །རྡོ་རྗེ་སྒྲ་སྟེ་ཕྱག་དྲུག་པ། །ཞལ་གསུམ་སྐུ་མདོག་སེར་མོ་སྟེ། །དབུ་བརྒྱན་རིན་ཆེན་འབྱུང་ལྡན་ཡིན། །ཕྱག་གཉིས་ཀྱིས་ནི་པོ་བང་བསྣམས། །ལྷག་མ་མཱ་མ་ཀཱི་དང་མཚུངས་ཤེས་སྨོས་པ། ་སྔ་མ་བཞིན་དུ་ལྷ་མོའི་པདྨའི་དབུས་སུ་ཐིག་ལེ་ཡོངས་སུ་གྱུར་བའི་ཧཱུཾ་ལས་བྱུང་བའི་པི་བར་ལས་སྒྲ་རྡོ་རྗེ་སེམས་དཔའ་གསུམ་གྱི་བདག་ཉིད་རིན་ཆེན་འབྱུང་ལྡན་གྱི་ཅོད་པན་ཅན། རྩ་བའི་ཕྱག་གིས་རྒྱུད་མངས་བསྒྲེངས་བའི་སྒྲས་ནང་གི་དེ་བཞིན ་གཤེགས་པའི་སྙན་ཚིམ་ཞིང་ཐུགས་བདེ་བས་རྩེ་གཅིག་པ་ཉིད་སྐྱེད་པར་བྱེད་པ། ཕྱག་ལྷག་མ་རྣམས་ཀྱིས་མ་མཱ་ཀཱི་དང་འདྲ་བའི་ཕྱག་མཚན་སྤྲོས་ཏེ། དེས་ནི་སྒྲ་ལ་མངོན་པར་ཞེན་གྱི་སེམས་ཅན་གྱི་ཁམས་སྦྱངས ་ནས་སླར་ལོག་སྟེ་བདེན་བྲལ་གྱི་མཚམས་སུ་སྣ་ཚོགས་པདྨ་དང་ཟླ་བ་ལ་བཞུགས་པར་བསམ་མོ། །དྲི་རྡོ་རྗེ་མ་སྤྲོས་པ་བཤད་པར་བྱ་སྟེ། རླུང་གི་ཕྱོགས་དགོད་ལྷ་མོ་ནི། །རྡོ་རྗེ་དྲི་སྟེ་ཕྱག་དྲུག་པ། །ཞལ་གསུམ་སྐུ་མདོག་དམར་མོ་སྟེ། །འོད ་དཔག་མེད་ཀྱི་ཐོར་ཚུགས་འཆང། །ཕྱག་གཉིས་ཀྱིས་ནི་དུད་བསྣམས་སྟེ། །ལྷག་མ་གོས་དཀར་མ་དང་མཚུངས་ཞེས་སྨོས་པ་ལ། སྔ་མ་བཞིན་དུ་ལྷ་མོའི་པདྨའི་དབུས་སུ་ཐིག་ལེ་ཡོངས་སུ་གྱུར་པའི་བཾ་ལས་བྱུང་བའི་དུང་ཕོར་ལས ་སྐྱེས་པའི་དྲི་རྡོ་རྗེ་མ་སེམས་དཔའ་གསུམ་གྱིས་སྐུ་བདག་ཉིད་ཅན་པདྨ་རཱ་གའི་ནོར་བུ་དང་འདྲ་བ་དག་གིས་དབང་ཕྱུག་གི་ཅོད་པན་ཅན་རྩ་བའི་ཕྱག་དག་གིས་ག་བུར་དང། གུར་ཀུམ་དང། ཙན་དན་དང། གླ་རྩི་དང། ཡང་དག་པ་སྦྱར་བའི ་དྲིས་གང་བའི་ཚེས་བརྒྱད་པའི་རྣམ་པ་དང་མཚུངྒས་པའི་དུད་ཕོར་འཛིན་པ་སྤྲོས་ཏེ། ལྷག་མ་རྣམས་ཀྱིས་གོས་དཀར་མོ་དང་འདྲ་བའི་ཕྱག་མཚན་འཆད་བ། དེས་ནི་དྲིལ་མངོན་པྲ་ཞེན་པའི་སེམས་ཅན་གྱི་ཁམས་སྦྱངས་ཏེ་རླུང ་གི་མཚམས་སུ་སྣ་ཚོགས་པདྨ་དང། ཟླ་བའི་དཀྱིལ་འཁོར་ལ་བཞུགས་པར་བསམ་མོ། །རོ་རྡོ་རྗེ་མའི་སྤྲོ་བ་བཤད་པར་བྱ་སྟེ། དབང་ལྡན་ཕྱོགས་དགོད་ལྷ་མོ་ནི། །རྡོ་རྗེ་རོ་ཏེ་ཕྱག་དྲུག་པ། ཞལ་གསུམ་ཁ་དོག་ལྗང་གུ་སྟེ། །དབུ ་རྒྱན་ལ་ནི་རྔ་སྒྲ་བཞུགས། །ཕྱག་གཉིས་ན་ནི་རོ་ཡི་སྣོད། །ལྷག་མ་སྒྲོལ་མ་ལྟ་བུ་ཡིན་ཞེས་སྨོས་ཏེ་སྔ་མ་བཞིན་དུ་ལྷ་མོའི་པདྨར་ཐིག་ལེ་ཡོངས་སུ་གྱུར་པ་ལས་ཧོ(རྒྱུད་འགྲེལ་སེམས་དཔའ་གསུམ་གྱིས་བདག་ཉིད་ཨུཏཔལ་སྔོན་པོ་དང་ནམ་མཁའ་ལྡིང་གི་ནོར་བུ་དང་འདྲ་བ་དོན་ཡོད་གྲུབ་པའི་ཅོད་པན་རྩ་བའི་ཕྱག་གིས་རོ་དྲུག་གིས་གང་བའི་རིན་པོ་ཆེའི་སྣོད་ཕུལ་བས་དེ་བཞིན་གཤེགས་པ་རྣམས་ཚིམ་པར་བྱེད་པ། ་ཕྱག་ལྷག་མ་རྣམས་ཀྱིས་སྒྲོལ་མ་དང་འདྲ་བའི་ཕྱག་མཚན་འཛིན་པ་སྤྲོས་ཏེ། རོལ་མངོན་པར་ཞེན་པའི་སེམས་ཅན་གྱི་ཁམས་སྦྱངས་ལོག་ནས་དབང་ལྡན་དུ་སྣ་ཚོགས་པདྨ་དང་ཟླ་བ་ལ་བཞུགས་པར་བསམ་མོ། །རེག་བྱ་རྡོ་རྗེ་མའི་གནས ་བཤད་པར་བྱ་སྟེ། རྡོ་རྗེ་སེམས་དཔའ་ལེགས་འཁྱེད་དེ། །འཁོར་ལོའི་དབུས་ན་རྣམ་བཞུགས་པར། །རེག་བྱ་རྡོ་རྗེ་བསམ་བྱ་སྟེ། །ཞལ་སོགས་བདག་པོ་ལྟ་བུའོ། །ཞེས་པ་ལ། དཀྱིལ་འཁོར་རྒྱལ་མཆོག་གི་དང་པོ་ཕྱག་རྒྱ་འདུས་པའི་དུས་སུ ་དམ་ཚིག་ཕྱག་རྒྱ་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་ནི་རེག་བྱ་རྡོ་རྗེ་མའོ། །དེ་ནི་རྡོ་རྗེ་སེམས་དཔའ་སྟེ། །མི་བསྐྱོད་པ་ལ་ལེགས་པར་འཁྱུད་བ་ནི་བརྟན་པར་འཁྱུད་ཅིང་འཁོར་ལོའི་དབུས་སུ་གནས་པའོ། །དེ་ཉིད་ཀྱི་ཕྱིར་ཞལ་ལ་སོགས ་བདག་པོ་ལྟ་བུའོ། །ཞེས་བྱ་བ་ནི་ཞལ་ལོགས་པ་འདྲ་བ་ཞེས་བྱ་བའི་ཐ་ཚིག་གོ་།དེ་བས་ན་དེའི་སྤྲོ་བའི་ཆོག་མ་བཤད་དོ། །དེ་ནས་སེར་སྣཻ་གཉེན་པོའི་དབང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་སྟེ། གཟུགས་རྡོ་རྗེ་མའོ། །སེར་སྣ་གཙོ་བོ ་གྱུར་པ་ཆོས་དང་ཁ་ཟས་དང། བྱམས་པ་ཞེས་བྱ་བ་རྣམ་པ་གསུམ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་སྦྱར་ཞིང་རབ་ཏུ་དགའ་བའི་ས་ལ་འཇོག་སྟེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མེ་ལོང་གིས་སྟོན་པ་ཕྱིའི་མཚམས་ལ ་གནས་པའོ། །ཚུལ་ཁྲིམས་འཚལ་པའི་གཉེན་པོར་གྱུར་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་དག་པ་ནི་སྒྲ་རྡོ་རྗེ་མ་སྟེ་ཚུལ་ཁྲིམས་འཆལ་བ་རྣམས་ནི་སྡོམ་པའི་ཚུལ་ཁྲིམས་དང། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས ་པན། ཞལ་གསུམ་ཕྱག་དྲུག་པ་སེམས་དཔའ་གསུམ་གྱི་བདག་ཉིད་སྤྱན་གསུམ་པ་བདུད་རྩི་འཁྱིལ་པ་བསམས་པར་བྱའོ། །འབར་བའི་འོད་ནི་ལྗང་བ་དང་དམར་ཁྲོ་བོ་འབར་བ་སྟེ། དེ་རྣམས་ཀྱིས་ན་རྣམ་པར ་བརྒྱན་པ་སྟེ། ཁྲོ་བོ་དང་མཐུན་པའི་ཐུགས་བསྟན་ཏེ། བགེགས་སྐྲོད་པའི་ཕྱིར་རོ། །ཞལ་གདངས་པས་ནི་རྣམ་པར་འགྱུར་ཞེས་བྱ་བ་ཞེལ་རྣམ་པར་ཕྱེ་ཞིང་ཧ་ཧར་དགོད་པ་དྲག་པོ་འབྱིན་པའོ། །དེའི་ཕྱག་མཚན་བཤད་པར་བྱ་སྟེ། སྣ་ཚོགས ་རྡོ་རྗེ་འཁོར་ལོ་དང། །གཏུན་ཤིང་རྣམས་ནི་གཡས་པ་ན། །སྡིགས་མཛུབ་ཞགས་པ་བསྣམས་པ་དང། དྲིལ་བུ་དགྲ་སྟ་གཡོན་ན་བསྣམས་ཤེས་སྨོས་ཏེ། རྩ་བའི་ཕྱག་གིས་སྣ་ཚོགས་རྡོ་རྗེ་བསྣམས་པ་དང། ལྷག་མ་སྔ་མ་བཞིན ་ནོ་མཛད་པ་བཤད་པར་བྱ་སྟེ། བགེགས་ནི་བསྐྲད་ནས་བྱས་ནས་སུ། །གཡོན་བརྐྱང་བའི་གནས་པ་ཡིས། །པདྨ་ཉི་མ་མནན་ནས་ནི། །བྱང་གི་ཕྱོགས་སུ་བཞུགས་པར་གྱུར་ཅེས་པ་ལ། བགེགས་ནི་དབང་ཕྱུག་ཆེན་པོའི་འཁོར་རྣམས་ཏེ། ་དགའ་བྱེད་དབང་ཕྱུག་དང་ནག་པོ་ཆེན་པོ་དང་བྷྲིང?་གི་རི་ཏི་དང། གཞོན་ནུ་ཀར་ཏི་ཀ་ལ་སོགས་པའོ། །དེ་རྣམས་བསྐྲད་པ་ནི་སྡིགས་མཛུབ་མཛད་ནས་བྱོན་ཏེ་བྱང་ཕྱོགས་སུ་སྣ་ཚོགས་པདྨ་དང། ལོག་འདྲེན་དང་ཉི་མ་ལ་བཞུགས་པར་བསམ ་པར་བྱའོ། །མི་གཡོ་སྤྲོ་བ་བཤད་པར་བྱ་སྟེ། རང་གི་གསང་སྔགས་ལས་བྱུང་བའི། །མི་གཡོ་བ་ཡང་དབྱུང་བར་བྱ། །སྤྱན་གསུམ་ཨིནྡྲ་ནི་ལའི་མདོག་།དབུ་རྒྱན་རྣམ་པར་སྣང་མཛད་དཔལ་ཞེས་སྨོས་ཏེ། སྔ་མ་བཞིན་དུ་ལྷ་མོའི ་པདྨར་ཐིག་ལེ་ཡོངས་སུ་གྱུར་པ་ལས། ཨོཾ་ལས་བྱུང་བ་རལ་གྲི་ལས་སྐྱེས་པའི་ཨིནྡྲ་ནཱི་ལའི་མདོག་ཅན། ཁྲོ་བོ་མི་གཡོ་བ་ཞེས་གསུམ་ཕྱག་དྲུག་པ་སྤྱན་གསུམ་པ་སེམས་དཔའ་གསུམ་གྱི་བདག་ཉིད་རྣམ་པར་སྣང་མཛད་ཀྱི་དབུ ་རྒྱན་ཅན་སྤྲོ་བར་བྱའོ། །གཞན་ཡང་མཆེ་བ་རྣམ་པར་གཙིགས་པའི་ཞལ། ཞལ་ནི་གནག་དང་དམར་དང་དཀར། །མོ་ཟད་ཧ་ཧ་ཞེས་བཞེད་སྒྲ། །གསུས་ཁྱིམ་ཆེ་ཞིང་སྟོབས་པོ་ཆེ། །ཞེས་པ་ལ་མཆེ་བ་བཞི་པོ་གཙིགས་པའི་ཞལ་གང་ལ་ཡོད་པ་དེ ་ལ་དེ་སྐད་ཅེས་བྱའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །དེའི་ཕྱག་མཚན་བཤད་པར་བྱ་སྟེ། རལ་གྲི་རྡོ་རྗེ་འཁོར་ལོ་རྣམས། །གཡས་པའི་ཕྱག་ན་བསྣམས་པར་མཛད། །སྡིགས་མཛུབ་དང་ནི་དགྲ་སྟ་དང། །ཞགས་པ་གཡོན་གྱི་ཕྱག་ན་བསྣམས ་ཞེས་སྨོས་ཏེ། དེ་ལ་རྩ་པའི་ཕྱག་གིས་རལ་གྲི་འཛིན་པ་དང། ལྷག་མ་ནི་སྔ་མ་བཞིན་ནོ། །མཛད་པ་བཤད་པར་བྱ་སྟེ། ཡཾ་སོགས་འཇིགས་པའི་གནོད་བཅོམ་སྟེ། གཡོན་བརྐྱང་པ་ཡིས་གནས་པ་ཡིས། །པདྨ་ཉི་མ་ལ་གནས་ནས། ། ་ཤར་ལྷོའི་མཚམས་སུ་བཞུགས་པར་འགྱུར་ཅེས་སྨོས་ཏེ། ཡིས་ལ་སོགས་པ་ནི་མེ་ལྷས་སྤྲུལ་པའི་བགེགས་རྣམས་ཏེ། རླུང་དང་མཁྲིས་པ་དང། བད་ཀན་དང། འདུས་པ་ལས་བྱུང་བའི་ཞག་གཅིག་པ་དང། ཞག་གཉིས་པ་དང། ཞག ་གསུམ་པ་དང། ཞག་བཞི་པ་ལ་སོགས་པའི་འཇོམས་པ་ནི་བཀའ་སྟེ། བྱོན་ནས་ཤར་ལྷོའི་མཚམས་སུ་སྣ་ཚོགས་པདྨ་དང། ཉི་མ་ལ་བཞུགས་པར་བསམ་པར་བྱའོ། །འདོད་པའི་རྒྱལ་པོ་སྤྲོ་བ་བཤད་པར་བྱ་སྟེ། རང་གིས་གསང་སྔགS ་ལས་བྱུང་བ། །བརྟུལ་ཞུགས་ཅན་གྱིས་འདོད་རྒྱལ་དབྱུང། །དྲག་པོ་ཨིནྡྲ་ནཱ་ལའི་མདོག་།རིན་ཆེན་འབྱུང་ལྡན་དབུ་རྒྱན་ཅན་ཞེས་སྨོས་ཏེ། སྔ་མ་བཞིན་དུ་ལྟ་མོའི་པདྨར་ཐིག་ལེ་ཡོངས་སུ་གྱུར་པ་ལས་ལྕགས་ཀྱུ་ལས་བྱུང་བ་སྔོན་པོ ་རིན་ཆེན་འབྱུང་ལྡན་གྱིས་ཅོད་པན་ཅན་འདོད་པའི་རྒྱལ་པོ་སྤྲོ་བར་བྱའོ། །ཇི་ལྟ་བུ་ཡིན་ཞེ་ན། ཞལ་ནི་གནག་དང་དཀར་དང་དམར། །སྤྱན་གསུམ་མཆེ་བ་འཇིགས་སུ་རུང། །ཕྱག་གཉིས་རྡོ་རྗེ་ཧཱུཾ་མཛད་ཀྱི། །ཕྱག་རྒྱ་དག་ནི་མཆིང?་པར་མཛད ་ཅེས་སྨོས་ཏེ། ནག་པོ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །རྡོ་རྗེ་ཁུ་ཚུར་གཉིས་བཟློག་ལ་མཛུབ་མོ་འཁྱུད་ཅིང་ལུ་གུ་རྒྱུད་དུ་བཅིངས་ཏེ་མཐེ་བོ་གཉིས་སུ་གུང་མོའི་རྩ་བའི་ཚིགས་ལ་གཙུགས་ཏེ། སེར་མོ་ལྷག ་མ་རྣམས་བརྐྱང་པ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱའོ། །ཕྱག་མཚན་ལྷག་མ་བཤད་པར་བྱ་སྟེ། རྡོ་རྗེ་རལ་གྲི་གཡས་དག་ལ། །གཡོན་ན་ཞགས་པ་ལྕགས་ཀྱུའོ། །བདེན་བྲལ་བགེགས་ནི་འཇིག་པའོ། །གཡོན་བརྐྱང་གནས་པས་ཉི་མར ་བཞུགས་ཞེས་པ་ལ། རྡོ་རྗེ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །སྲིན་པོ་ལ་སོགས་པ་བགེགས་འཇོམས་ཤིང་སྣ་ཚོགས་པདྨ་དང་ཉི་མལ་གཡོན་བརྐྱང་པས་གནས་པར་བསམ་མོ། །དབྱུག་སྔོན་གྱི་སྤྲོ་བ་བཤད་པར་བྱ་སྟེ། ་རང་སྔགས་ཡི་གེ་ལས་བྱུང་བ། །བརྟུལ་ཞུགས་ཅན་གྱིས་དབྱུག་སྔོན་བསྐྱེད། །སྤྱན་གསུམ་སྤྲིན་སྔོན་ལྟ་བུ་སྟེ། །འོད་དཔག་མེད་ཀྱི་དབུ་བརྒྱན་ཅན། །ཞལ་ནི་སྔོ་དང་དམར་དང་དཀར། །མི་བཟད་ཧེ་ཧ་ཞེས་བཞད་སྒྲ་ཞེས་བྱ་བ་ལ། །སྔ ་མ་བཞིན་དུ་ལྷ་མོའི་པདྨར་ཐིག་ལེ་ཡོངས་སུ་གྱུར་པ་ལས་ཨ་ལས་བྱུང་བ། །དབྱུག་པོ་ལས་སྐྱེས་པ་ཞལ་གསུམ་ཕྱག་དྲུག་སྤྱན་གསུམ་པ་སྤྲིན་གྱི་མདོག་འཇིགས་བྱེད་ཀྱི་རྣམ་པ་འོད་དཔག་ཏུ་མེད་པའི་ཅོད་པན་ཅན་ཁྲོ་བོའི་རྒྱལ་པོ ་དབྱུག་སྔོན་སྤྲོ་བར་བྱའོ། །དེའི་ཕྱག་མཚན་བཤད་པར་སྟེ། དབྱུག་པ་རལ་གྲི་འཁོར་ལོ་ནི། །གཡས་པའི་ཕྱག་ན་བསྣམས་པར་མཛད། །སྡིག་སྙིང་གར་སྡིགས་མཛུབ་རལ་གྲི་དད། །དགྲ་སྟ་རྣམས་ནི་གཡོན་ན་བསྣམས། ། ་ཞེས་པ་ལ་རྩ་བའི་ཕྱག་གིས་དབྱིག་པ་སྔོན་པོ་བསྣམས་པ་དང། རལ་གྲི་ལ་སོགས་པ་ནི་སྔ་མ་བཞིན་ནོ། །མཛད་པ་བཤད་པར་བྱ་སྟེ། ཡམས་ཀྱི་འཇིགས་པ་བསལ་ནས་ནི་གཏུམ་མོ་གཡོན་བརྐྱང་གནས་པ་ཡིས། པདྨ་ཉི་མ་ལ ་གནས་ཏེ། ནུབ་བྱང་མཚམས་སུ་བཞུགས་པར་གྱུར་ཅེས་སྨོས་ཏེ། ཡམས་ནི་རྣམ་པར་འཚེ་བ་སྟེ། འབྲས་དང། འབྲུམ་བུ་དང། ལུང་པ་ལ་སོགས་པ་སྟེ། དེ་རྣམས་ལས་འཇིགས་པ་ནི་འཆི་བའི་འཇིགས་པ་སྟེ། སེམས་ཅན་རྣམས་ཀྱི ་འཇིག་ཅིང་བསལ་ནས་བྱོན་ཏེ། རླུང་གི་མཚམས་སུ་སྣ་ཚོགས་པདྨ་དང། ཉི་མའི་བཞུགས་པར་བསམ་མོ། །སྟོབས་པོ་ཆེའི་སྤྲོ་བ་བཤད་པར་བྱ་སྟེ། རང་སྔགས་ཡི་གེ་ལས་བྱུང་བ། རྔ་སྒྲ་ཡིད་ནི་དབུ་བརྒྱན་ཅན། །སྟོབས་པོ་ཆེ་ནི ་སྔགས་པས་དབྱུང། །ུཏཔལ་སྔོན་པོའི་མདོག་འདྲ་བ་ཞེས་སྨོས་པ་ལ་སྔ་མ་བཞིན་དུ་ལྷ་མོའི་པདྨར་ཐིག་ལེ་ཡོངས་སུ་གྱུར་པ་ལས་ཧ་ལས་བྱང་བ་རལ་གྲི་ཡོངས་སུ་གྱུར་པ་ལས་ཁ་དོག་སྔོན་པོ་ཞལ་གསུམ་ཕྱག་དྲུག་པ། སྤྱན ་གསུམ་པ་སེམས་དཔའ་གསུམ་གྱི་བདག་ཉིད་སྟོབས་པོ་ཆེ་སྤྲོ་བར་བྱའོ། །ཇི་ལྟ་བུ་ཡིན་ཞེ་ན། རྔ་སྒྲ་ནི་རྟ་མཆོག་སྟེ། །དོན་ཡོད་གྲུབ་པ་དེའོ་ཅོད་པན་ནི་དབུ་རྒྱན་གདལ་ཡོད་པ་དེ་སྤྲོ་བར་བསྡུ་བྱའོ། །གཞན་ཡང་ཇི་ལྟ་བུ ་ཡིན་ཞེ་ན། ཞལ་ནི་གནག་དང་དམར་དང་དཀར། །སྤྱན་གསུམ་འཇིགས་པའི་སྒྲ་དང་ལྡན། །ཡན་ལག་ཐམས་ཅད་སྒྲུལ་གྱིས་བརྒྱན། །གསུས་ཁྱིམ་ཆེ་ཞིང་འཇིགས་པར་མཛད་ཅེས་སྨོས་ཏེ། ནག་པོ་ལ་སོགས་པའི་ཞལ་གྱི་ཁ་དོག་ནི ་སྔ་མ་བཞིན་ནོ། །འཇིགས་པའི་སྒྲ་དང་ལྡན་པ་ནི་བསྐལ་པའི་མཐར་སྦྱིན་གྱི་འབྲུག་སྒྲ་ལྟ་བུར་བྱེད་པའོ། །ཡན་ལག་ཐམས་ཅད་སྦྲུལ་གྱིས་བརྒྱན་པ་ནི་འཇོག་པོ་ལ་སོགས་པའི་ཀླུའི་རྒྱལ་པོས་སྐུ་བརྒྱན་པར་སྟེ། དྲན་པོ་ཡིན་པའི་ཕྱོར་རོ། ། ་ལྷག་མ་ནི་གོ་སླའོ། །ཕྱག་མཚན་རྣམས་བཤད་པར་བྱ་སྟེ། དབྱུག་པ་རལ་གྲི་འཁོར་ལོ་ནི། །གཡས་པའི་ཕྱག་ན་བསྣམས་པར་མཛད། །སྙིང་གར་སྡིགས་མཛུབ་རལ་གྲི་དང། །ཞགས་པ་དགྲ་སྟག་ཡོན་ན་བསྣམས། ཞེས་སྨོས་པ་ལ ་རྩ་བའི་ན་རལ་གྲི་དང། ལྷ་མོ་ནི་སྔ་མ་བཞིན་ནོ། །མཛད་པ་བཤད་པར་བྱ་སྟེ། གཡོན་བརྐྱང་བ་ཡི་གནས་པ་སྟེ། །མཁའ་འགྲོ་ལ་སོགས་འཇིགས་འཇོམས། །པདྨ་ཉི་མ་ལ་གནས་ཏེ། །བྱང་ཤར་མཚམས་སུ ་བཞུགས་པར་གྱུར་ཅེས་སྨོས་ཏེ། པདྨའི་ནང་ནས་བྱུང་ཞིང་ཁྱབ་འཇུག་དང། དྲག་པོ་དང་ཚངས་པ་དང། བརྒྱ་བྱིན་གྱི་སྤྲུལ་པའི་ཚངས་མོ་དང། ཕག་མོ་དང། གཞོན་ནུ་མ་དང། དབང་མོ་དང། ཆུ་ལྷ་མོ་དང། རླུང་ལྷ་མོ་དང། རྩ་མུནྟྲི ་ལ་སོགས་པས་བྱས་པའི་འཇིགས་པ་སེལ་ཞིང་བྱིན་ཏེ། སྣ་ཚོགས་པདྨ་དང། ཉི་མ་ལ་བཞུགས་པར་བསམ། །གཙུག་ཏོར་འཁོར་ལོ་སྒྱུར་བ་སྤྲོ་བར་བཤད་པར་བྱ་སྟེ། རང་སྔགས་ཡི་གེ་ལས་བྱུང་བའི། །གཙུག་ཏོར་འཁོར ་ལོ་སྒྱུར་བ་དབྱུང། །མཁའ་ལྟར་སྔོ་བསངས་འཇིགས་པའོ། །མི་བསྐྱོད་པ་ཡིས་དབུ་བརྒྱན་བྱས། །ཞལ་ནི་སྔོ་དང་དཀར་དང་དམར། །གཙོ་བོ་སྤྱན་གསུམ་གསུས་པ་འཆང། ཞེས་སྨོས་པ་ལ། སྔ་མ་བཞིན་དུ་ལྷ་མོའི་པདྨར་ཐིག་ལེ་ཡོངས་སུ ་གྱུར་པ་ལས་བྷྲུཾ་ལས་སྐྱེས་པའི་འཁོར་ལོ་ལས་བྱུང་བ་གཙུག་ཏོར་འཁོར་ལོ་སྒྱུར་བ་ཞལ་གསུམ་ཕྱག་དྲུག་པ་ནམ་མཁའ་ཨི་མདོག་ཅན་ཐུབ་དབང་གི་ཅོད་པན་སྤྲོ་བར་བྱའོ། །དེའི་ཕྱག་མཚན་བཤད་པར་བྱ་སྟེ། གཡས་དང་གཡོན་གྱི་ཕྱག ་གཉིས་ཀྱིས། །སྤྱི་བོར་གཙུག་ཏོར་འཛིན་པར་མཛད། །རྡོ་རྗེ་པདྨ་གཡས་དག་ལ། །སྡིགས་མཛུབ་རལ་གྲི་གཡོན་ན་བསྣམས་ཞེས་སྨོས་པ་ལ་རྩ་པའི་ཕྱག་གཉིས་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྡུ་བའི་རང་བཞིན་རིན་ཆེན ་ཐམས་ཅད་ཀྱི་ངོ་བོ། །གཙུག་ཏོར་སྤྱི་བོར་འཆང་བ་སྟེ། རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ལྡན་རྣམ་པར་དག་པའི་ཕྱིར་རོ། །ལྷག་མ་ནི་གོ་སླའོ། །མཛད་པ་བཤད་པར་བྱ་སྟེ། འཚེ་བ་ཐམས་ཅད་རྣམ་འཇིག་ཅིང། །གཏུམ་པོ་གཡོན་རྐྱང་གནས ་པ་ཡིས། །པདྨ་ཉི་མ་ལ་གནས་ཏེ། །ཚངས་པའི་གནས་སུ་དེ་བཞུགས་སོ། །ཞེས་སྨོས་པ་ལ། སེམས་ཅན་ཐམས་ཅད་ཀྱི་འཚེ་བ་ཐམས་ཅད་ནི། ལྷ་དང། དྲི་ཟ་དང། རིག་པ་འཛིན་པས་བྱས་པའི་སྟེང་ནས་བྱང་སྟེ། དེ་ནས་སྦྱང་ཞིང་བྱོན་ཏེ་ཚངས་པའི་གནས་ནི་? ་སྣང་གི་ནམ་མཁའ་ཨི་སྟེང་དཱུམ། ཡང་ན་པདྨ་མཐར་བྱེད་ཀྱིས་ཅུང་ཟད་རྒྱབ་ཏུ་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་བཞུགས་པར་བསམ་པར་བྱའོ། །གནོད་མཛེས་ཀྱི་སྤྲོ་བ་བཤད་པར་བྱ་སྟེ། རང་སྔགས་ཡི་གེ་ལས་བྱུང་བ། བརྟུལ་ཞུགས་ཅན་གྱིས་གནོད་མཛེས་དབྱུང ་སྤྱན་གསུམ་ནམ་མཁའ་བཟང་པོའི་མདོག་།ཞལ་ནི་གནག་དང་དཀར་དང་དམར། །གསུས་ཁྱིམ་ཚེ་ཞིང་འཇིགས་པའི་ཞལ། །མི་བསྐྱོད་པས་ནི་དབུ་རྒྱན་བྱས་ཞེས་སྨོས་པ་ལ། སྔ་མ་བཞིན་དུ་ལྷ་མོའི་པདྨར་ཐིག་ལེ་ཡོངས་སུ་གྱུར་པ་ལས་སྤྲིན་སྒྲ་ལས་བྱུང་པ ་དབང་བའི་རྡོ་རྗེ་ལས་སྐྱེས་པ། གནོད་མཛེས་རྒྱལ་པོ་སྔོན་པོ་མི་བསྐྱོད་པའི་ཅོད་པན་ཅན། ཞལ་གསུམ་ཕྱག་དྲུག་པ་སྤྱན་གསུམ་པ་སྤྲོ་བར་བྱའོ། །དེའི་ཕྱག་མཚན་བཤད་པར་བྱ་སྟེ། རྡོ་རྗེ་འཁོར་ལོ་རིན་ཆེན་ནི། །གཡས་པའི་ཕྱག་ན་འཛིན་པར་མཛད ་སྙིང་གར་སྡིག་མཛུབ་ཞགས་པ་དང། པདྨ་རལ་གྲི་གཡོན་ནུ་བསྣམས་ཞེས་པ་རྩ་བའི་ཕྱག་གིས་འབར་བའི་རྡོ་རྗེ་དང་ལྷག་མ་ནི་གོ་སླའོ། །མཛད་པ་བཤད་པར་བྱ་སྟེ། རྒྱུ་བ་དང་ནི་གནས་པའི་དུག་།ཀ་ལ་ཀུ་ཊ་སོགས་ཀུན་དང། །བགེགས་ཀྱི་བདག་པོ་ཀུན་བཅོཾ ་སྟེ། །ཐམས་ཅད་ཞི་བར་མཛད་ནས་ནི། །མ་ལུས་བཀའ་ནི་རྫོགས་བྱས་ནས། །གཡོན་བརྐྱང་བ་ཡི་གནས་པ་ཡིས། །པདྨ་ཉི་མ་ལ་གནས་ཏེ། །སའི་འོག་ཏུ་དེ་བཞིན་བཞུགས་སོ་ཞེས་སྨོས་ཏེ། པདྨའི་ནང་ནས་བྱུང་ཞིང་སེམས་ཅན་ཐམས་ཅད་ཀྱི་སྲོག་ཟད ་པར་བྱེད་པ་ཀཱ་ལ་ཀུ་ཊ་ལ་ལ་སོགས་པ་བརྟན་པ་དང་གཡོ་བའི་བདག་ཉིད་དང། མཆེ་བའི་དུག་དང། ལྟ་བའི་དུག་དང། རེག་པའི་དུག་དང། དྲན་པའི་དུག་ཀྱང་བཅོམ་ཞིང་བསལ་ཏེ། །དེ་བཞིན་དུ་བགེགས་ནི་འཇོག་པོ་ལ་སོགས་པ་ཀླུའི་རྒྱལ་པོ་སྟེ། དེ་རྣམས་བཅོམ ་ཞིང་ཞི་བསྐྱེས་ནས་ནི། དེ་བཞིན་དུ་བཅོམ་ལྡན་འདས་དཀྱིལ་འཁོར་གྱི་བདག་པོ་བགེགས་ཐམས་ཅད་འགུགས་པའི་ཕྱིར་དཀའ་བ་རྫོགས་ཏེ། ས་འོག་གམ་གཤིན་རྗེ་མཐར་བྱེད་ཅུང་ཟད་གྱི་རྒྱབ་ཏུ་སྣ་ཚོགས་པདྨ་པ་ཉི་མ་ལ ་བཞུགས་པར་བསམ་མོ། །ཁྲོ་བོའི་རྒྱལ་པོ་དྲུག་པོ་དེ་དག་ཁ་དོག་ནག་པོ་གཡོན་བརྐྱང་བར་བསྒོམ་པར་བྱ་སྟེ། ཞེ་སྡང་གི་རིགས་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ཡིན་ན་རྣམ་པར་སྣང་མཛད་ལ་སོགས་པའི་དབུ་རྒྱན་དེ་རྣམས་ཇི་ལྟར་རིགས་ཤེ་ན། ་སྨྲས་པ། རྟེན་དང་རྗེས་སུ་མཐུན་པའི་ཕྱིར་རོ། །དེ་ལ་མི་ལ་སོགས་པ་རྣམ་པར་ཤེས་པའི་ཚོགས་དྲུག་རྣམ་པར་དག་པའི་ཁྲོ་བོ་དེ་རྣམས་ཡིན་ནོ། །ཞེས་ལུང་ངོ། །དེ་ལྟར་རྟེན་གྱི་ཕྱོགས་རྣམ་པར་དག་པས་ནི་རྣམ་པར་སྣང་མཛད་ལ་སོགས་ཅོད་པན ་ཅན་ཡིན་ལ་བརྟེན་པའི་ཆོས་རྣམ་པར་དག་པས་ནི་ཁ་དོག་ནག་པོ་དང་གཡོན་བརྐྱང་བ་ཉིད་ཡིན་ནོ་ཞེས་སྐྱོན་མེད་དོ། །དེ་རྣམས་ཀྱི་རྣམ་པར་དག་པ་ནི་མ་དང་པ་དང། ཕུང་པོའི་བདུད་དང། འཇིགས་ཚོགས་སུ་བལྟ་བ་དང་ཤེས་བྱའི་སྒྲིབ་པའི་གཉེན ་པོ་དང་པའི་རང་བཞིན་ནི་གཤིན་རྗེ་མཐར་བྱེད་དེ། རྟོག་པའི་གཤིན་རྗེ་བཀག་པར་བྱེད་པས་སོ། །ལེ་ལོ་དང་ཉོན་མོངས་པའི་བདུད་དང། མཐར་འཛིན་པའི་ལྟ་བ་དང། ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་བརྩོན་འགྲུས་ཀྱིས་རང་བཞིན་ཤེས ་རབ་མཐར་བྱེད་དེ་བློ་ངན་པ་བཀག་པར་བྱེད་པའི་ཕྱིར་རོ། །བརྗེད་དེས་པ་དང། འཆི་བདག་གི་བདུད་ལོག་པའི་ལྟ་པ་དང་སྐྱེ་བའི་སྒྲིབ་པའི་གཉེན་པོ་དྲན་པའི་རང་བཞིན་པདྨ་མཐར་བྱེད་དེ། པདྨ་བཞིན་དུ་མ་གོས་པས་སྔར་བཤད་པའི་ཉོན་མོངས ་པ་གཅོད་པའི་ཕྱིར་རོ། །རྣམ་པར་གཡེང་བ་དང། ལྷའི་བུའི་བདུད་དང། ལྟ་བ་མཆོག་ཏུ་འཛིན་པ་དང། ལས་ཀྱི་སྒྲིབ་པའི་གཉེན་པོ་ཏིང་ངེ་འཛིན་གྱི་རང་བཞིན་བགེགས་མཐར་བྱེད་དེ། སྔར་བཤད་པའི་རྣམ་པར་རྟོག་པ་རྣམས་བཅོམ་པའི་ཕྱིར་རོ།། ་མིག་གི་རྣམ་པར་ཤེས་པའི་རྣམ་པར་རྟོག་པའི་གཉེན་པོ་ཤེས་རབ་ཀྱི་དབང་པོའི་རང་བཞིན་མི་གཡོ་བའོ་རྣམ་པར་ཤེས་པའི་གཉེན་པོ་དད་པའི་སྟོབས་ཀྱིS་རང་བཞིན་ནི་འདོད་པའི་རྒྱལ་པོའོ། །སྣའི་རྣམ་པར་ཤེས་པའི་གཉེན་པོ་བརྩོན་འགྲུས་ཀི་སྟོབས ་ཀྱི་རང་བཞིན་ནི་དབྱུག་སྔོན་ནོ། །ལྕེའི་རྣམ་པར་ཤེས་པའི་གཉེན་པོ་དྲན་པའི་སྟོབས་ཀྱི་རང་བཞིན་ནི་སྟོབས་པོ་ཆེའོ། །ལུས་ཀྱིས་རྣམ་པར་ཤེས་པའི་གཉེན་པོ་ཏིང་ངེ་འཛིན་གྱི་སྟོབས་ཀྱི་རང་བཞིན་ནི་གཙུག་ཏོར་འཁོར་ལོ་སྒྱུར་བའོ། །ཡིད་ཀྱི་རྣམ་པར་ཤེས་པའི ་གཉེན་པོ་ཤེས་རབ་ཀྱི་སྟོབས་ཀྱི་རང་བཞིན་ནི་གནོད་མཛེས་རྒྱལ་པོ་སྟེ། དྲང་བའི་དོན་ཏོ། །སྲོག་ལ་སོགས་པ་རླུང་བཅུ་བཀག་པ་ནི་ཁྲོ་པོ་བཅུག་སྟེ་ངེས་པའི་དོན་ཏོ། །དེ་ནས་རང་གི་སྙིང་གནས་འོད་ཟེར་གྱི་འཁོར་ལོ་སྤྲོས་ལ་ངེས་དེ་བཞིན་གཤེགས་པ ་རྣམས་མཆོད་ཅིང་བཀུག་སྟེ་གསོལ་བ་བཏབ་ལ་ཕྱིར་མི་ལྡོག་པའི་དབང་བསྐུར་བླངས་ལ་སླར་ཡང་དཔའ་རླབས་བཞིན་དུ་རང་རང་གི་ཏིང་ངེ་འཛིན་སེམས་དཔའ་ལ་ཚངས་སྒོ་ནས་ཞུགས་ཏེ་སྤྱི་བོ་ནས་ཅིག་ཅར་དུ་བྱུང་བའི་འོད་ཟེར་གྱིས་ཚོགས་ཀྱིས་དམ་ཚིག ་སེམས་དཔའ་རྒྱས་བཏབ་པའི་རང་བཞིན་གྱི་དེ་བཞིན་གཤེགས་པ་རྣམས་ཡེ་ཤེས་སེམས་དཔས་རྒྱས་བཏབ་པར་བྱའོ། །ཞེས་ཡན་ལག་གཉིས་པོ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་སྒྲུབ་ཐབས་ལས་ཤེས་པར་བྱའོ། །སྐུ་ནི་ཕྱག་རྒྱ་ཆེན་པོ་སྟེ། ལས་ཀྱི་ཕྱག་རྒྱ ་གསུམ་ཡིན་དང། །ཐུགས་ནི་ཆོས་ཀྱི་ཕྱག་རྒྱ་སྟེ། ཤེས་རབ་མཆོག་ནི་དམ་ཚིག་མཆོག་ཅེས་བཤད་པས་ཕྱག་རྒྱ་བཞིས་རྒྱས་བཏབ་པ་བསྒོམ་པར་བྱའོ། །དེ་ལ་སེམས་ནི་དྲག་པོ་དང། ཞི་བ་དང། འོད་གསལ་པའི་དབྱེ་བས་རྣམ་པ་གསུམ་མོ། །གསུང ་ཡང་ཁྲོ་བོ་དང། རྡོ་རྗེ་དང་དགའ་བའི་དབྱེ་བས་རྣམ་པ་གསུམ་མོ། །སྐུ་ཡང་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་དབྱེ་བས་རྣམ་པ་གསུམ་མོ། །ཤེས་རབ་མཆོག་ནི་རྣམ་པ་གསུམ་གྱི་ཕྱག་རྒྱའོ། །ཡང་ན་དགུག་པ་ལ་སོགས་པ་བཞིའམ་སྤྱན་ལ་སོགས ་པ་བཞི་པའོ། །གཞལ་ཡས་ཁང་དེའི་ཤར་ཕྱོགས་ཀྱི་སྒོར་ལྷའི་དབང་པོ་ནི་གདུགས་འཛིན་པའོ། །ལྷོ་ཕྱོགས་སུ་ཁྱབ་འཇུག་རྔ་ཡབ་ཐོགས་པའོ། །ནུབ་ཕྱོགས་སུ་ལྷ་ཆེན་པོ་བ་དན་ཐོགས་པའོ། །བྱན་གི་སྒོར་ཚངས་པ་དབྱིག་པ ་ཐོགས་པ་སྟེ། ཕྱིའི་འཁོར་རོ། །དེའི་ཕྱི་རོལ་ནི་རིན་པོ་ཆེའི་རྫིང་བུ་ལ་བྱུང་བའི་བཻ་དཱུ་རྱའི་སྡོང་བུ་ཅན་གསེར་གྱི་པདྨའི་ལྟེ་བར་བཞུགས་པ། བསམ་གཏན་ལ་ཆགས་པ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས། དེའི་ཕྱི་རོལ་ཏུ་ཆོས ་གོས་ཀྱི་སྤྱི་བོར་བཀབ་པ་སྤྱོད་ལམ་ཞི་བའི་རང་སངས་རྒྱས་དང། དེའི་ཕྱི་རོལ་ཏུ་འདོད་ཆགས་དང་བྲལ་བའི་ཆ་ལུགས་འཕགས་པ་ཉན་ཐོས་དང། དེའི་ཕྱི་རོལ་ཏུ་སྐུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ལོ་བཅུ་དྲུག་ལོན་པའི་བྱང་ཆུབ་སེམས ་དཔའ་གྲངས་མེད་པ་དང། དེའི་ཕྱི་རོལ་ཏུ་རིན་པོ་ཆེ་སྣ་བདུན་ཏེ། དེ་ལ་འཁོར་ལོ་ཆེན་པོ་ནི་པོ་ཤ་རཱ་གའི་ལྟེ་བ་ཅན། རྩིབས་བཻ་ཌཱུརྱའི་རྩིབས་ཀྱི་མཛའ་པདྨ་རཱ་གའི་རང་བཞིན་པདྨའི་གདན་ལ་གནས་པའོ། །གླང་པོ་རིན་པོ་ཆེ་ནི་དཀར་པོ་མཆེ ་པ་དྲུག་པ་རྣམ་པ་སྣ་ཚོགས་ཀྱི་རྒྱན་གྱིས་བརྒྱན་པ། པུས་མོ་གཉིས་ས་ལ་གཙུགས་ཏེ་གྱེན་དུ་བསྒྲེང་བའི་སྣའི་ཀ་བས་བིད་ཀྱི་སྒྲ་སྒྲོགས་པའོ། །རྟ་རིན་པོ་ཆེ་རྨ་བྱ་བའི་མདོག་ཅན་ལྔ་དང་རིན་པོ་ཆེའི་སྲབ་ཀྱིས་འོད་ཟེར་གྱིས་འཇའ་ཙོན་དང ་འདྲ་བའོ། །བཙུན་མོ་རིན་པོ་ཆེ་ནི་ཁ་དོག་ལྗང་གུ་ལོ་བཅུ་གཉིས་ལོན་པ་ནུ་མ་རྒྱས་པའི་ཁུར་གྱིས་སྟོང་གྱི་ཆ་མདུད་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རིན་པོ་ཆེའི་ཕྲེང་བ་འབུལ་བར་བྱའོ། །ཁྱིམ་བདག་རིན་པོ་ཆེ་ནི་ཁ་དོག་སེར་པོ་རྣམ་པ་ས ་ཚོགས་ཀྱི་གདན་ལ་གནས་པ། རིན་པོ་ཆོས་བཀང་བའི་སྣོད་འབུལ་བའོ། །དམག་མི་རིན་པོ་ཆེ་ནི་ནག་པོ་ཁྲབ་དང་རྨོག་གྱོན་པ་རལ་གྲི་དང་མདུང་ཐོགས་པའོ། །ཡིད་བཞིན་ནོར་བུ་རིན་པོ་ཆེ་ནི་སེར་པོ་ཟུར་དྲུག་པ་རྣམ་པ་སྣ་ཚོགས་ཀྱི་འོད་ཟེར་གྱིས་སི? ་རིན་པོ་ཆེའི་སྤྲིན་སྤྲོ་བར་བྱེད་པ་བསམ་མོ། །དེའི་ཕྱི་རོལ་ཏུ་ལྷ་དང་ཀླུ་དང། གནོད་སྦྱིན་དང། དྲི་ཟ་དང། ལྷ་མ་ཡིན་དང། ནམ་མཁའ་ཨི་ལྡིང་དང་མི་འམ་ཅི་དང། ལྷོ་འཕྱེ་ཆེན་པོ་དང་ཐལ་མོ་སྦྱར་བ་སྟེ། ལ་ལ་ནི་རྣམ་པ་སྣ་ཚོགས་པའི་མཆོད་པ་ཐོགས་པ་དང། ? ་ལ་ནི་རྣམ་པ་སྣ་ཚོགས་པའི་རིན་པོ་ཚེ་ཐོགས་པ་དང། ལ་ལ་ནི་རྣམ་པ་སྣ་ཚོགས་པའི་རོལ་མོ་བརྡུང་བས་ཕྱོགས་བཅུ་ཁྱབ་དང། ལ་ལ་ནི་དགའ་བའི་དབང་གིས་མཆོད་པའི་དོན་དུ་གར་བྱེད་པ་དང། ལྷ་དང་ཀླུ་རི་བུ་མོ་རྣམས་ཀྱང་མགོ་བོ་བཅུ་དེ་རིན་པོ་ཆེའི ་སྣོད་རྣམས་སུ་ལྷའི་ཁ་ཟས་རོ་དྲུག་པ་འབུལ་བར་བྱེད་པའོ། །ཤར་གྱི་སྒོའི་ལོགས་གཉིས་སེང་གེ་གཉིས་དང། ལྷོར་གླང་པོ་ཆེ་གཉིས་དང་ནུབ་ཏུ་རྨ་བྱ་གཉིས་དང། བྱང་དུན་མཁའ་ལྡིང་གཉིས་བསྒོམ་པར་བྱའོ། །གཞལ་ཡས་ཁང་གི་བ་དན་ཡང།། སྲིད་པའི་རྩེ་མོའི་བར་དུ་ཁྱབ། །གླིང་བཞི་འཁྱུད་ཀོར་ཀུན་ཁྱབ་པའི། །སྒོ་བཞི་དག་ཀྱང་བསྒོམ་པར་བྱ། །ཞེས་དཀྱིལ་འཁོར་རྒྱལ་བ་མཆོག་སྟེ། ཏིང་ངེ་འཛིན་གཉིས་པའོ།། །།ད་ནི་ཡན་ལག་བཅུ་གཉིས་ལ་ལས་ཀྱི་རྒྱལ་བ ་མཆོག་བསྟན་པར་བྱ་སྟེ་ལྷ་ནི་སུམ་ཅུ་གཉིས་རང་བཞིན། །དཀྱིལ་འཁོར་ཐམས་ཅད་བསྐྱེད་ནས་ནི། །འཁོར་ལོའི་དབུས་སུ་གནས་གྱུར་ནས། དེ་ནས་ཕྲ་མོའི་རྣལ་འབྱོར་བརྩམ་ཞེས་སྨོས་པ་ལ། སྔར་བཤད་པའི་རིམ་གྱིས་ལྷ་སུམ་ཅུ་རྩ ་གཉིས་བདག་ཉིད་ཀྱི་དཀྱིལ་འཁོར་བསྐྱེད་ཅིང་སྤྲོས་པ་ལ། སེམས་ཅན་གྱི་དོན་དང་སེམས་བརྟན་པར་བྱ་བའི་ཕྱིར་འཁོར་ལོ་དབུ་སུ་གནས་པ་ནི་འཁོར་ལོ་སྒྱུར་བའི་གཟུགས་སུ་གྱུར་ཏེ། ཕྲ་མོའི་རྣལ་འབྱོར་ནི་འོག་ནས་བཤད་པའི་ཏིང་ངེ ་འཛིན་གྱི་ཁྱད་པར་བརྩམ་པར་བྱའོ། །དགོངས་པ་མ་ཡིན་པའོ་དེ་ཉིད་གསལ་བར་བྱ་བའི་ཕྱིར་བཤད་པར་བྱ་སྟེ། སྣ་ཡི་རྩེ་མོར་ཡུངས་ཀར་བསམ། །འགྲོ་དང་མི་འགྲོ་ཡུངས་ཀར་ལ། །གསང་བའི་མཆོག་གིས་བརྟགས་པ་ཡིས། །ཡེ་ཤེས་མཆོག་གི ་གནས་བསྒོམ་མོ་ཞེས་སྨོས་པ་ལ། སྣའི་རྩེ་མོར་ནི་རེག་བྱ་རྡོ་རྗེ་མའི་ཆོས་འབྱུང་བའི་ནང་གི་རྩ་དབུས་མ་ལའོ། །ཡུངས་ཀར་ནི་བྱང་ཆུབ་ཀྱི་སེམས་ཀྱིས་ཕྲ་མོའི་ཐིག་ལེ་ལའོ། །ཡུངས་ཀར་དེ་ལས་འགྲོ་དང་མི་?་གཞལ ་ཡས་ཁང་དང་བཅས་པའི་ལྷ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཀྱིས་ལྷའི་འཁོར་ལོ་བསྒོམས་པར་བྱའོ། །དེ་ཡང་ཇི་ལྟ་བུ་ཡིན་ཞེ་ན། ཡེ་ཤེས་མཆོག་གི་གནས་ནི་ཡེ་ཤེས་ལྔའི་གཞི་སྟེ་དེའི་རང་བཞིན་ནོ། །དེ་ལ་དེའི་གསལ་བ་ཉིད་གང་ཡིན་པ ་དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དང། ཁམས་ཐམས་ཅད་རོ་གཅིག་པ་གང་ཡིན་པ་དེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་དང། དེའི་བདེ་བ་ཆེན་པོ་མྱོང་བ་གང་ཡིན་པ་དེ་ནི་སོ་སོར་རྟོགས་པའི་ཡེ་ཤེས་དང། དེའི་སྤྲོ་བ་དང་བསྡུ་བ་གང་ཡིན་པ་དེ་ནི ་བྱ་བ་ནན་ཏན་སྒྲུབ་པའི་ཡེ་ཤེས་དང། དེའི་འོད་གསལ་བའི་ཆ་གང་ཡིན་པ་དེ་ནི་ཆོས་དབྱིངས་ཀྱི་ཡེ་ཤེས་སོ་མཆོག་གི་ཡིད་དགའ་བ་སྟེ་བདེ་བའི་རྒྱུ་མཐུན་པའོ། །གསང་བའི་ཐབས་དང་ཤེས་རབ་གཉིས་སུ་མེད་པ་ཐོབ་པའོ། །ཡེ་ཤེས་ཀྱིས ་བརྟགས་པ་ནི་རྣལ་འབྱོར་པ་རྣམས་ཀྱིས་རང་རིག་པའི་ཡེ་ཤེས་བརྟགས་པའོ། །གཞན་ཡང་ཇི་ལྟ་བུ་ཡིན་ཞེ་ན། རིན་ཆེན་ཁ་དོག་སྣ་ལྔ་པ། །ཡུངས་ཀར་གྱི་ནི་འབྲུ་ཚེད་ཙམ། །སྣའི་རྩེ་མོར་ནན་ཏན་དུ། །རྣལ་འབྱོར་རིགས་པས་རྟག་ཏུ་སྒོམ ་ཞེས་སྨོས་ཏེ། རིགས་ལྔའི་ངོ་བོ་ཡིན་པས་ན་ཁ་དོག་སྣ་ལྔ་པའོ། །རང་དང་གཞན་གྱི་དོན་གྱི་རྒྱུར་གྱུར་པ་དང། འགྲོ་བ་སྐྱེ་བོའི་རྒྱུར་གྱུར་པས་ནི་རིན་ཆེན་ནོ། །ཡུངས་ཀར་གྱི་ནི་འབྲུ་ཚོད་ཙམ་ཞེས་བྱ་བ་ནི་སྐྲའི་རྩེ་མོའི་བརྒྱ་སྟོང་གི་ཆའི་ཚད་ཙམ་མོ། ། ་སྣའི་རྩེ་མོ་ནི་སྔར་བཤད་པ་ལའོ། །ནན་ཏན་ནི་སྐུ་གསུང་ཐུགས་བསྡམས་པས་སོ། །རྣལ་འབྱོར་རིགས་པ་ནི་རྩེ་གཅིག་པ་ལ་གཞོལ་པས་སོ། །རྟག་ཏུ་ནི་མཚན་མ་ཐོབ་པའི་བར་དུ་སྟེངས་དགོངས་པ་མ་ཡིན་པའོ། །སྤྲོ་བ་བཤད་པར་བྱ་སྟེ། རིན་ཆེན་བརྟན ་པར་གྱུར་ནས་སྤྲོ། །བརྟན་པར་མ་གྱུར་དེ་མི་སྤྲོ། །སངས་རྒྱས་འབར་བའི་འོད་མཉམ་པའི། །རབ་མཆོག་སྤྲིན་ནི་སྤྲོ་བར་བྱ་ཞེས་སྨོས་ཏེ། ཕྱི་རོལ་གྱི་ཡུལ་མི་དམིགས་པས་མི་མྱོང་བར་དེ་ལ་རྩེ་གཅིག་པ་ཉིད་ནི་བརྟན་པ་སྟེ། གང་གི་ཚེ་རིན་ཆེན་ཐིག ་ལེ་སྒྲོ་བར་བྱའོ། །བརྟན་པར་མ་གྱུར་པར་ནི་བསྒོམ་པར་བྱ་བ་སྤྲོ་བར་མི་བྱ་སྟེ། བརྟན་པར་མ་གྱུར་པའི་ཕྱིར་རོ། །རབ་མཆོག་ནི་ཧཱུཾ་ལ་སོགས་པའི་ཡི་གེ་རྣམས་སོ། །སྤྲིན་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང། ལྷ་མོ་དང་ཁྲོ་བོའི་ཚོགས་སོ། །སངས ་རྒྱས་འབར་བ་ནི་ཁ་དོག་ལྔ་པའི་འོད་ཟེར་གྱི་ཚོགས་སོ། །འོད་མཉམ་པ་ནི་དེའི་ཕྱག་མཚན་ཏེ་རྡོ་རྗེ་ལ་སོགས་པ་སྤྲོ་བར་བྱ་སྟེ། གཞན་གྱི་དོན་ཕུན་སུམ་ཚོགས་པ་བཤད་དོ། །འདིར་མན་ངག་གི་འདི་ཡིན་ཏེ། རེ་ཞིག་དང་པོ་རང་སྣང་བའི་ཆོས་འབྱུང ་པའི་པདྨ་དང་ཟླ་བའི་སྟེང་དུ་སྙོམས་པར་འཇུག་པའི་སྦྱོར་བས་ནམ་མཁའ་ཨི་ཁམས་མ་ལུས་བན་གནས་པའི་སངས་རྒྱས་ཀྱི་ཚོགས་དགུག་ཅིང་བཅུག་སྟེ། རྩ་དབུས་མར་ཐིམ་ཞིང་བྱང་ཆུབ་ཀྱི་སེམས་ཞུ་བར་གྱུར་པ་སྤྲོས་ལ། སྐྲའི་རྩེ་མོའི་ཚད ་ཙམ་གྱི་ཐིག་ལེ་ཐོ་རངས་ཀྱི་སྐར་མ་དང་འདྲ་བའི་སེམས་དཔའ་གསུམ་གྱི་བདག་ཉིད་ལྷ་སུམ་ཅུ་རྩ་གཉིས་དང་བཅས་པ་བསམས་ཏེ། ཆགས་པ་ཆེན་པོའི་དབང་གིས་རང་གིས་ལུས་ངག་ཡིད་ཀྱང་དེ་ཉིད་དུ་ཞུགས་ལ་ཡེ་ཤེས་སེམས ་དཔའ་ཨི་ས་བོན་གྱི་ཐིག་ལེའི་དབུས་སུ་ཡིད་མི་གཡོ་བར་བྱས་ལ་ཆོས་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་མངོན་དུ་བྱས་ཏེ། ཕྲ་བ་དང་རག་པའི་རྣམ་པར་རྟོག་པ་མེད་ཅིང་ཕྱིའི་ཡུལ་གྱིས་མ་བསྒྲིབས་པར་གནས་པར་བྱའོ། །དེ་ལ་རྣམ་པ་སྣ་ཚོགས ་ཀྱིས་གོས་གྱོན་པའི་འདོད་མའི་གཟུགས་མཐོང་ན་ཡང་མིག་གི་རྣམ་པར་ཤེས་པ་མི་འབྱུང་བ་དང། པི?་བང་ལ་སོགས་པའི་སྒྲས་ཀྱང་རྣ་བའི་རྣམ་པར་ཤེས་པ་མི་འབྱུང་བ་དང། གུར་གུམ་ལ་སོགས་པའི་དྲིས་སྣའི་རྣམ་པར་ཤེས་པ་མི་བསྐྱོད ་པ་དང། རྣམ་པ་སྣ་ཚོགས་པ་དང་ལྡན་པའི་རོའི་ཁ་ཟས་མི་མྱང་བ་དང་མྱང་ན་ཡང་ལྕེའི་རྣམ་པར་ཤེས་པ་མི་འབྱུང་བ་དང། ཀ་ཙ་ལིན་དི་དང། རར་ལ་སོགས་པ་དང། ནས་སོ་བཞོན་པའི་འདོད་མའི་རྒྱས་པ་དང། ་སྲ་བ་དང། མཐོ་བ་གསེར་གྱི་བུམ་པ་དང་འདྲ་བའི་ནུ་མའི་རེག་པས་ཀྱང་རེག་བྱའི་བློ་མི་སྐྱེ་བ་དང་ལུས་ཀྱིས་རྣམ་པར་ཤེས་པའི་བློ་མི་འབྱུང་ངོ། །དེ་བཞིན་དུ་ལྕག་དང་ལག་པས་བརྡུང་བ་ལ་སོགས་པས་སྡུག་བསྔལ་མི་ཚོར་བ་དང། ཙན ་དན་གྱིས་བྱུག་པ་ལ་སོགས་པས་བདེ་བ་མི་ཚོར་བ་དང། བཀྲེས་སྐོམ་དང། གྲང་བ་དང། དྲོ་བ་དང་། རྣམ་པར་འཚོ་བའི་སེམས་ཅན་རྣམས་ཀྱིས་གནོད་པ་དང། རླུང་དང། ཚད་བ་དང། ཆར་བ་ལ་སོགས་པས་མི་གནོད་པར་འགྱུར་རོ། །དེ ་བཞིན་དུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་མཐོང་བ་དང། དེ་ལུང་སྟོན་པ་ཡང་མྱོང་སྟེ། ཆེ་གེ་མོ་ཞེས་བྱ་བའི་སྒྲུབ་བ་པོ་ལོངས་ཤིག་།རབ་ཏུ་གནས་པ་དང། དཀྱིལ་འཁོར་དྲི་བ་དང་བཤད་པ་དང། སློབ་མ་བསྡུ་བ་ལ་སོགས་པ ་གྱིས་ཤིག། གང་གི་ཕྱིར་ཁྱོད་ལས་གཞན་རྩེ་གཅིག་པའི་སྒྲུབ་པ་པོ་མེད་དོ། །ཞེས་རྨི་ལམ་བཞིན་དུ་ལུང་བསྟན་པ་ཐོས་ཤིང་ལྡང་བར་འགྱུར་རོ། །དེའི་ཐིག་ལེའི་རྣལ་འབྱོར་བསྟན་པར་འགྱུར་བས་དང་པོ་ཁ་དོག་ལྔ་པའི་འོད་ཟེར་གྱིས་ནམ ་མཁའ་བཀང་བར་བྱས་ལ་ཡང་བསྡུས་ཏེ། དེ་ནས་ཧཱུཾ་ལ་སོགས་པའི་ཡེ་ཤེས་རྡོ་རྗེ་ལ་སོགས་པ་ཕྱག་མཚན་དང་དཀྱིལ་འཁོར་བའི་ལྷ་སྤྲོ་ཞིང་འགྲོ་བའི་དོན་བྱས་ལ་བསྡུས་ཏེ་ལྡང་བར་བྱའོ། །ཞེས་རྡོ་རྗེ་འཆང་ཆེན་པོའི་ཕྲ་མོའི་རྣལ ་འབྱོར་རོ། །དེ་བཞིན་དུ་མཱ་མ་ཀཱིའི་པདམོའི་ལྟེ་བར་ཡུངས་ཀར་གྱི་ཚད་ཙམ་གྱི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་དབུས་སུ་རྡོ་རྗེ་རྩེ་ལྔ་པ་ཕྲ་མོའི་ཆད་གཟུངས་ལ་ཐུགས་རྡོ་རྗེའི་དཀྱིལ་འཁོར་བསམས་ཏེ། སྔ་མ་བཞིན་དུ་བརྟགས་དམིགས་པ་སྔོན ་དུ་འགྲོ་བར་ཡི་གེ་འབྲུ་དང། འོད་དང་མཚན་མ་དང་ཕྱག་རྒྱ་ཆེན་པོ་སྤྲོ་ཞིང་འགྲོ་བའི་དོན་བྱས་ནས་བསྡུ་བ་ནི་མི་བསྐྱོད་པའི་ཕྲ་མོའི་རྣལ་འབྱོར་རོ། །དེ་བཞིན་དུ་སྤྱན་གྱི་པདྨའི་ལྟེ་བར་ཕྲ་མོའི་ཐིག་ལེའི་དབུས་སུ་ཙན་ཀའི་ཚད་ཀྱི་རྩིབས་བཅུ་གཉིས་པའི ་འཁོར་ལོའི་ལྟེ་བར་རྟག་པའི་དཀྱིལ་འཁོར་བསྒོམ་སྟེ། སྔ་མ་བཞིན་དུ་རྟགས་མཐོང་བ་སྔོན་དུ་འགྲོ་བར་འོད་དང་ཡིག་འབྲུ་དང། མཚན་མ་དང་ཕྱག་རྒྱ་ཆེན་པོ་སྤྲོ་ཞིང་འགྲོ་བའི་དོན་བྱའོ། །ཞེས་རྣམ་པར་སྣང་མཛད་ཀྱི་ཕྲ་མོའི་རྣལ་འབྱོར་རོ། ། ་དེ་བཞིན་དུ་མཱ་མ་ཀཱིའི་ཆོས་འབྱུང་ལ་ཡུངས་ཀར་གྱི་ཚད་ཙམ་གྱི་ཕྲ་མོའི་ཐིག་ལེའི་དབུས་སུ་རྡུལ་ཕྲ་རབ་ཀྱི་ཚད་ཙམ་གྱི་ཟུར་དྲུག་པའི་རིན་པོ་ཆེའི་དཀྱིལ་དུ་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་དམིགས་ལ། སྔ་མ་བཞིན་དུ་རྟགས་མཐོང ་བ་སྔོན་དུ་འགྲོ་བ་འོད་དང། ཡིག་འབྲུ་དང། ཕྱག་མཚན་དང། ཕྱག་རྒྱ་ཆེན་པོ་སྤྲོ་ཞིང་འགྲོ་བའི་དོན་བྱའོ་ཞེས་རིན་ཆེན་འབྱུང་ལྡན་གྱི་ཕྲ་མོའི་རྣལ་འབྱོར་རོ། །དེ་ནས་གོས་དཀར་མོའི་ཆོས་འབྱུང་གི་ནང་དུ་ཙ་ན་ཀའི་ཚད་ཙམ་གྱི་ཕྲ་མོའི ་ཐིག་ལེའི་དབུས་སུ་དེའི་ཚད་ཙམ་གྱི་པདྨ་འདབ་མ་བརྒྱད་པ་གེ་སར་དང་བཅས་པའི་ལྟེ་བར་དག་གི་དབང་ཕྱུག་གི་དཀྱིལ་འཁོར་དམིགས་ལ། སྔ་མ་བཞིན་དུ་མཚན་མ་མཐོང་བ་སྔོན་དུ་འགྲོ་བར་འོད་དང། ཡིག་འབྲུ་དང། མཚན་མ་དང། ་ཕྱག་རྒྱ་ཆེན་པོ་སྤྲོ་ཞིང་འགྲོ་བའི་དོན་བྱའོ། །ཞེས་འོད་དཔག་ཏུ་མེད་བའི་ཕྲ་མོའི་རྣལ་འབྱོར་རོ། །དེ་བཞིན་དུ་དམ་ཚིག་སྒྲོལ་མའི་ཆོས་འབྱུང་ལ་རྡུལ་ཕྲ་རབ་ཀྱི་ཚད་ཙམ་གྱི་ཕྲ་མོའི་ཐིག་ལེའི་དབུས་སུ་རལ་གྲི་སྔོན་པོའི་དཀྱིལ་ལ་དོན་ཡོད་གྲུབ ་པའི་དཀྱིལ་འཁོར་དམིགས་ལ། སྔ་མ་བཞིན་དུ་མ་མཐོང་བ་སྔོན་དུ་འགྲོ་བའི་འོད་དང་ཡིག་འབྲུ་དང། མཚན་མ་དང། ཕྱག་རྒྱ་ཆེན་པོ་སྤྲོ་ཞིང་འགྲོ་བའི་དོན་བྱའོ། །ཞེས་དོན་ཡོད་གྲུབ་པའི་ཕྲ་མོའི་རྣལ་འབྱོར་རོ། །དེ་ནི་ཡན་ལག་གཅིག ་གོ། བཟླས་པའི་ཆོག་བཤད་པར་བྱ་སྟེ། །སློང་མོ་ཟ་ཞིང་མི་ཟླ་སྟེ། །མ་བསླངས་ལ་ཆགས་མི་བྱ། །འདོད་པ་ཀུན་ལ་ལོངས་སྤྱོད་ཅིང། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས་ཞེས་སྨོས་པ་ལ་སློང ་མོ་ཟ་བ་ནི། །སློད་མོ་ཟ་བའི་དད་ཚུལ་གྱི་བཟླས་པར་མི་བྱ་སྟེ། བརྗོད་པར་མི་བྱའོ། །སློང་མོ་ཟ་བ་ནི་ཉེ་བར་མཚོན་པའི་དོན་དེ། དེ་བས་ན་སློད་མོ་ཟ་བ་བཞིན་དུ་ཚོལ་ཁྲོ་ལ་སོགས་པ་དམན་པའི་འཚོ་བས་བཟླ་བར་མི་བྱའོ། །མ ་བསླངས་པ་ལ་ཆགས་པར་མི་བྱ་བ་ནི་སློང་བའི་ཁ་ཟས་ལ་ཆགས་པར་མི་བྱའོ། །ཇི་སྲིད་ཀྱི་ལུ་འཚོ་བ་དེ་སྲིད་ཀྱིས་ཆོག་ཤེས་པ་བཟླ་བར་བྱའོ། །བཟླ་བར་བྱ་བ་ནི་ནང་གི་བཟླས་པ་དང། ཕྱིའི་བཟླས་པ་བྱའོ། །ཅི་བཟླ ་ཞེ་ན་སྔགས་ཞེས་བྱ་བ་ནི་དཀྱིལ་འཁོར་བ་དང། གཙོ་བོ་སུམ་ཅུ་རྩ་གཉིས་ཀྱི་སྔགས་བཟླ་བར་བྱའོ། །ཇི་ལྟར་བཟླ་བར་ཞེ་ན། ཡན་ལག་མ་ཉམས་པ་ཞེས་བྱ་བ་ནི་རྡོ་རྗེའི་ཚིག་གིས་ཡིད་ཀྱིས་བཟླས་པར་བྱ་བ་དང། ཕྱིའི ་བཟླས་པ་ནི་ཁྲོ་བོའི་བཟླས་པས་བྱའོ་དེ་ལྟར་གྱུར་ན་འདོད་པ་ཀུན་ལ་ལོངས་སྤྱོད་ཅིང་ཞེས་སྔགས་པར་འགྱུར་རོ། །ཀུན་གྱིས་འདོད་པས་ན་འདོད་པ་ཀུན་གྱི་རྡོ་རྗེ་འཆང་ངོ། །དེའི་ལོངས་སྤྱོད་པ་ནི་འདོད་པའི་དབང་ཕྱུག་ལ་སོགས་པ ་ཚོ་འཕྲུལ་གྱི་ཁྱད་པར་ཏེ། དེ་རྣམས་བྱེད་པ་ནི་མངོན་དུ་བྱེད་པ་སྟེ། མངོན་དུ་བྱེད་པ་ཞེས་བྱ་བའོ། །བསྡུས་པའི་དོན་ནི་འདི་ཡིན་ཏེ། ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀར་སྣ་ཚོགས་པདྨ་དང་ཟླ་པའི་དབུས་སུ་ཨོཾ་བཛྲ་དྷྲིཀ་ཅེས་བྱ་བ་ལ ་སོགས་པ་བཅོམ་ལྡན་འདས་མི་བསྐྱོད་པའི་སྔགས་གྱེན་དུ་འགྲེད་བ་ཤེལ་ལྟར་དག་པ་སྔགས་ཀྱི་ཡི་གེའི་ཁོང་སྟོང། སྲོག་དང་རྩོལ་བའི་རླུང་ཁ་དོག་དམར་པོ་སྲད་བུ་དང་ལྡན་པ་བཀོད་དེ་ཡེ་ཤེས་སེམས་དཔའ་ནས་དམ་ཚིག ་སེམས་དཔའ་ཨི་ཞལ་དུ་སྤྲོས་ཏེ། དམ་ཚིག་གི་ལྷ་མོའི་ཞལ་ནས་ཡེ་ཤེས་ཀྱི་ལྷ་མོའི་ཞལ་དུ་ཞུགས་ཏེ། རྩ་དབུས་མའི་ནང་ནས་ཡེ་ཤེས་ཀྱིས་ལྷ་མོའི་པདྨ་དང། དམ་ཚིག་གི་ལྷ་མོའི་པདྨའི་ལམ་ནས་ཕྱུང་སྟེ། དམ་ཚིག ་སེམས་དཔའ་ཨི་གསང་བ་རྡོ་རྗེ་དང། ཡེ་ཤེས་སེམས་དཔའ་ཨི་གསང་བའི་རྡོ་རྗེའི་སྟེང་གི་ལམ་ནས་ཡང་སྙིང་གའི་ཟླ་བའི་དཀྱིལ་འཁོར་དུ་ཕྱིན་པར་བསམ་མོ། །ཞི་པ་དང་རྒྱས་པ་བསྒྲུབ་པ་ལ་སྟེང་གི་རིམ་པས་སྤྲོ་བ་དང། འོག་ཏུ ་བསྡུ་བར་བྱའོ། །དབང་དང་དགུག་པ་དང། དྲག་པོའི་ལས་ལ་འོག་ནས་སྤྲོ་བ་དང། སྟེང་དུ་བསྡུ་བ་སྟེ་རིམ་པའོ། །དེ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པ་དཀྱིལ་འཁོར་སུམ་ཅུའི་བཟླས་པ་ཤེས་པར་བྱའོ། །སྔགས་ཀྱི་ཕྲེང་བ་ནི ་མུ་ཏིག་གི་འཕྲེང་བ་བཞིན་དུ་ཡོངས་སུ་འཁོར་བ་ཇི་སྲིད་མི་སྐྱོ་བ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་ངག་གི་བཟླས་པ་བྱ་སྟེ། ལག་པ་གཡས་པ་དང། གཡོན་པའི་དཀྱིལ་ལ་རིམ་པ་ཇི་ལྟ་བ་བཞིན་དུ་དབྱངས་དང་པོ་དང། རེ་བ ་ཡོངས་སུ་གྱུར་པ་ལས་ཟླ་བ་དང་ཉི་མའི་དཀྱིལ་འཁོར་དེ་དག་གི་མཚན་པ་བསྒོམས་ཏེ། གཡོན་པའི་སོར་མོ་རྣམས་ལ་རང་རང་གི་ས་བོན་ཡོངས་སུ་གྱུར་པ་ལས་སྤྱན་ལ་ལ་སོགས་པ་བཀོད་དེ། གཡས་པའི་སོར་མོ་རྣམས་ལ། དེ་བཞིན་དུ་རང་གིས ་ཆོས་ཀྱི་ཡི་གེ་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་ལ་སོགས་པ་དགོང་ཅིང་པདྨའི་ལག་སྐོར་ལྔ་བྱས་ལ་དགྲ་བཅོམ་པའི་རང་བཞིན་གྱི་རིལ་བུ་ཅན་ཤེལ་གྱི་འཕྲེང་བ་བླངས་ཏེ། ཡི་གེ་བརྒྱ་པ་མངོན་པར་བཟླས་ལ་དཀྱིལ་འཁོར ་པ་སུམ་ཅུ་རྩ་གཉིས་ཀྱིས་བཟླས་པ་མྱུར་བ་ཡང་མ་ཡིན་དལ་བ་ཡང་མ་ཡིན་པར་ཞི་བའི་ངོ་བོ་རང་གི་རྣ་བས་ཐོས་པ་བཟླས་པར་བྱའོ། །དེའི་སྙིང་པོ་འདི་ཡིན་ཏེ། ཨོཾ་བཛྲཾ་དྷྲིཀ་ཨཱ(རྒྱུད་འགྲེལ་ཧཱུཾ་སྭཱཧཱ། ཨོཾ་རཏན་དྷཱིཀ་ཨཱ་ཧཱུཾ་སྭཱཧཱ། ཨོཾ་པྲཛྙཱ་དྷྲི་ཀ་ཨཱ(རྒྱུད་འགྲེལ་ཀྱི་ལྷ་མོ་རྣམས་ཀྱིའོ། །ོཾ་ཛ་རཱུ་བ་བཛྲ་ཨཱ:ཧཱུཾ་སྭཱཧཱ། ཨོཾ་ཧཱུཾ་ཤབད?་ར་བཛྲེ་ཨཱ:ཧཱུཾ་སྭཱཧཱ། ཨོཾ་བཾ་གནདྷ་བཛྲེ་ཨཱ:ཧཱུཾ་སྭཱཧཱ། ཨོཾ་ཧོ:རཱ་ས་བཛྲ་ཨཱ:ཧཱུཾ་སྭཱཧཱ། ཨོཾ་ཁཾ་སྤཱརཤེ་བཛྲ་ཨཱ:ཧཱུཾ་སྭཱཧཱ། མཆོད་པའི་ལྷ་མོ་རྣམས་ཀྱིའོ། །ོཾ་ཧྲཱི?་ཀྵི་ཏི ་གརྦྷ་ཨཱ:ཧཱུཾ་སྭཱཧཱ། ཨོཾ་མཾ་མཻ་ཏྲི་ཡ་བཛྲ་ཨཱ:ཧཱུཾ་སྭཱཧཱ། ཨོཾ་ཨོཾ་བཛྲ་པཱ་ཎི་ཨཱ:ཧཱུཾ་སྭཱཧཱ། ཨོཾ་ཨོཾ་ཁ་གརྦྷ་ཨཱ:ཧཱུཾ་སྭཱཧཱ། ཨོཾ་ཨོཾ་ལོ་ཀེ་ཤྭཱ་རི་ཨཱ:ཧཱུཾ་སྭཱཧཱ། ཨོཾ་ཨོཾ་མཉྫུ་གྷོ་ཥ་ཨཱ:ཧཱུཾ་སྭཱཧཱ། ཨོཾ་ཨོཾ་སརྦབ་ནི་བ་ར་ཎིའི་སྐིཾ?་བྷེ་ནི་ཨཱ:ཧཱུཾ་སྭཱཧཱ། ཨོཾ་སཾ? ་ས་མནྟ་བྷ་དྲ་ཨཱ:ཧཱུཾ་སྭཱཧཱ། བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །ོཾ་ཡ་མཱནྟྲི་ཀྲ་ཏ་ཨཱ:ཧཱུཾ་ཕཊ་སྭཱཧཱ། ཨོཾ་པྲདམཱནྟ་ཀྲིཏ་ཨཱ:ཧཱུཾ་ཕཊ་སྭཱཧཱ། ཨོཾ་པད་མཱནྟ་ཀྲིཏ་ཨཱ:ཧཱུཾ་ཕཊ་སྭཱཧཱ། ཨོཾ་བིགྷྣཱ?་ཏ་ཨཱ:ཧཱུཾ་སྭཱཧཱ། ཨོཾ་ཨོཾ་ཨ་ཙ་ལ་ཨ་ཧཱུཾ་ཕཊ་སྭཱཧཱ། ་ཨོཾ་?་རཱ་ཛ་ཨཱ:ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱ:ནཱི་ལ་དཎྜ་ཨཱ:ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱ་མཧཱ་བ་ལ་ཨཱ:ཧཱུཾ་ཕཊ་སྭཱཧཱ། ཨོཾ་བྷྲུཾ་ཨུཥྣི་ཥ་ཙཀྲ?་བརྟི་ནི་ཨཱ:ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཧཱུཾ་སུཾ་དྷ་རཱ་ཛ་ཨཱ:ཧཱུཾ་ཕཊ་སྭཱཧཱ། ཁྲོ་བོ་རྣམས་ཀྱིའོ། །འདི་དག་ནི་སྙིང་པོའོ ་ཨོཾ་ཨཱ:བཾ་ཧཱུཾ། ཨོཾ་ཨཱ:བུཾ་ཧཱུཾ། ཨོཾ་ཨཱ:རཱཾ་ཧཱུཾ། ཨོཾ་ཨཱ:ཛཾ་ཧཱུཾ། ཨོཾ་ཨཱ:བཾ་ཧཱུཾ། དེ་བཞིན་གཤེགས་པ་རྣམས་ཀྱི་ཉེ་བའི་སྙིང་པོའོ། །ོཾ་ཨཱ:ལཾ་ཧཱུཾ་ཨོཾ་ཨཱ་མཾ:ཧཱུཾ། ཨོཾ་ཨཱ:པཾ་ཧཱུཾ། ཨོཾ་ཨཱ:ཏཾ་ཧཱུཾ། ལྷ་མོ་རྣམས་ཀྱི་ཉེ་བའི་སྙིང་པོའོ། །ོཾ ་ཨཱ:ཐལི་ཧཱུཾ། ཨོཾ་ཨཱ:མཾ་ཧཱུཾ། ཨོཾ་ཨཱ:ཛཾ་ཧཱུཾ། ཨོཾ་ཨཱ:ཁཾ་ཧཱུཾ། ཨོཾ་ཨཱ:གྷཾ་ཧཱུཾ། ཨོཾ་ཨཱ:མཾ་ཧཱུཾ། ཨོཾ་ཨཱ:ཀྵཾ་ཧཱུཾ། ཨོཾ་ཨཱ:སཾ་ཧཱུཾ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉེ་བའི་སྙིང་པོའོ། །ོཾ་ཨཱ:ཛ:ཧཱུཾ། ཨོཾ་ཨཱ:ཧཱུཾ་ཧཱུཾ། ཨོཾ་ཨཱ:ཧཱུཾ་བཾ་ཧཱུཾ་ཧཱུཾ། ཨོཾ་ཨཱ:ཧོ:ཧཱུཾ། ཨོཾ་ཨཱ: ་ཁཾ་ཧཱུཾ། མཆོད་པའི་ལྷ་མོ་རྣམས་ཀྱི་ཉེ་བའི་སྙིང་པོའོ། །ོཾ་ཨཱ:ཡཾ་ཧཱུཾ། ཨོཾ་ཨཱ:པྲ་ཧཱུཾ། ཨོཾ་ཨཱ:པཾ་ཧཱུཾ། ཨོཾ་ཨཱ:བི་ཧཱུཾ། ཨོཾ་ཨཱ:ོཾ་ཧཱུཾ། ཨོཾ་ཨ:སྭཱཧཱུཾ། ཨོཾ་ཨཱ:འ་ཧཱུཾ། ཨོཾ་ཨ:ཧ་ཧཱུཾ། ཨོཾ་ཨཱ:བྷྲུཾ?་ཧཱུཾ། ཨོཾ་ཨཱ:ཧཱུཾ་ཧཱུཾ། ཁྲོ་བོ་རྣམས་ཀྱི་ཉེ་བའི་སྙིང་པོའོ། ། ་སྙིང་པོ་དང་ཉེ་བའི་སྙིང་པོ་དེ་དག་འབུམ་བཟླས་པས། ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་བྱེད་པར་འགྱུར་རོ། །ཇི་སྐད་དུ། འབུམ་ཕྲག་བཟླས་པས་འགྲུབ་པར་འགྱུར་ཞེས་གསུངས་པའི་ཕྱིར་རོ། །ཕྲེང་བའི་དབྱེ་བ་ནི་ལས་ཀྱིས་དབྱེ་བ་སྟེ། དེ་སྐད་དུ ་ཤེལ་དང་དུང་དང་མུ་ཏིག་དང། །དེ་བཞིན་ཁམས་ནི་དཀར་པོ་སྟེ། ཞི་བའི་ལས་ལ་བློ་ལྡན་པས། །འབྲས་བུ་གྲུབ་ཕྱིར་བླང་པར་བྱས། །གསེར་དང་དངུལ་དང་ཟངས་མིན། །རྒྱས་པའི་ལས་ལ་རྒྱལ་བས་གསུངས། །དབང་ལ་གུར་གུམ་བླ་རྩི་དང། །བཞི ་མཉམ་རང་བཞིན་ཤེས་པར་བྱ། །དགུག་པ་ལ་ནི་རུ་དྲཀྵ། །སྡང་བ་ལ་སོགས་གླང་པོའི་རུས། །རྩ་བ་ཡི་ནི་སྔགས་བཟླས་ཕྱིར། །མུ་ཏིག་རིན་ཆེན་རང་བཞིན་ཤེལ། །ལས་ཀུན་རབ་ཏུ་འགྲུབ་པའི་ཕྱིར། །བོ་དེ་རྩེ་ནི་འདོད་པ་ཡིན། །གཞན་ལས་ཀྱང། ་རྟ་ཡིས་རུས་པས་གསོད་པ་དང། །ཁྭ་ཡི་རུས་པས་དགུག་པ་སྟེ། །བྲམ་ཟེའི་དུས་པས་རེངས་པ་དང། །ཁྱི་ཡི་རུས་པས་ངག་རབ་ཡིན། །ཞེས་གསུངས་པ་དང། དེ་བཞིན་དུ་མཐེ་བོ་མཛུབ་མོ་སྦྱོར་བ་ཡིས། རྒྱལ་བ་ཡིས་ནི་ཞི་བ་གསུངས། །མཐེ་བོ་གུད་མོ་སྤྱོད ་པ་ཡིས། །རྒྱས་པའི་ལས་ནི་འགྲུབ་པར་འགྱུར། །མཐེ་བོ་སྲིན་ལག་སྦྱོར་བ་ཡིས། །དབང་གི་ལས་ནི་འགྲུབ་པ་སྟེ། །མཐེ་པོ་མཐེའུ་ཆུང་སྦྱོར་བ་ཡིས། །མཁས་པས་དགུག་པའི་དོན་དུ་བཟླ། །གཡས་དང་གཡོན་པའི་མཐེ་བོང་ནི། །གཉིས་པོས་གསོད ་པའི་ལས་འགྲུབ་འགྱུར། །ལག་པ་གཡས་པ་ཉིད་ཀྱིས་ནི། །བགྲང་ཕྲེང་ཡང་དག་བླང་བྱ་སྟེ། །ཐབས་དང་རྗེས་སུ་མཐུན་པས་ན། །རྣལ་འབྱོར་དབང་པོས་བཟླ་བར་བྱ་ཞེས་བཤད་པའི་ཕྱིར་རོ། །བཟླས་པའི་ཆོག་རྫོགས་ནས། ཟ་མ་ཏོག་གི་ནང་དུ་སྦ་བར་བྱ་སྟེ། ། ་ཇི་སྐད་དུ་བྲིས་སྐུ་འམ་ནི་ཡང་ན་གླེགས་བམ་སྟེ། ཡང་ན་བགྲང་ཕྲེང་རྡོ་རྗེ་ལ་སོགས་པ། །སོ་སོར་སྐྱེ་བོས་གལ་ཏེ་བག་མེད་པས། །མཐོང་ན་དེ་ནི་དམྱལ་བར་འགྲོ་བ་ཡིས། །རྣལ་འབྱོར་པ་ནི་ལེ་ལོ་བྱེད་པ་ན། ། ་དམ་ཚིག་དང་ནི་སྡོམ་པ་ཉམས་པར་འགྱུར། །རིམས་དང་དུག་དང་འབྱུང་སོགས་ཀྱིས་གསོད་པའི། །འོག་ཏུ་འདོད་དང་དུ་འབོད་དམྱལ་བར་ལྟུང་ཞེས་གསུངས་སོ། །སྔར་བཤད་པའི་དོན་བསྡུ་པར་བྱ་བའི་ཕྱིར། །བརྗོད་ནས་རྡོ་རྗེ་སྤྲོ་བ་སྟེ། ། ་རྫོགས་ནས་བསྡུ་བ་ཀུན་ཏུ་བྱ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །དོན་དམ་པའི་བཟླས་པར་བཤད་ཅེས་པ་ལ། བརྗོད་པ་ནི་ཞལ་གཉིས་པོ་ནས་བྱུང་ནས་སོ། །སྤྲོ་བ་ནི་ལྷ་མོའི་ཞལ་གཉིས་པོ་ལ་ཞུགས་ནས་སོ། །རྫོགས་པ་ནི་སྤྲོ ་བར་མཐར་རོ། །བསྡུ་བ་ཀུན་ཏུ་བྱ་བ་ནི་པདྨ་གཉིས་ལས་གསང་བའི་རྡོ་རྗེ་གཉིས་ཀྱི་བསྡུ་བའོ། །དེ་ནི་སངས་རྒྱས་ཐམས་ཅད་ཀྱིས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིའོ། །དོན་དམ་པ་ནི་ནང་གི་བདག་ཉིད་ཀྱི་བཟླས་པ་སྟེ་དགོངས་པ ་མ་ཡིན་པའོ། །དེ་ནི་ཡན་ལག་གཉིས་པའོ། །བྱ་བ་བྱས་ནས་འོད་དུ་ཞུ་བའི་ཆོ་ག་བཤད་པར་བྱ་སྟེ། ཕྲ་མོའི་རྣལ་འབྱོར་བཟླས་པ་ཡང། །ཅི་འདོད་པར་ནི་རྣམ་གཉིས་བྱ། །སླར་ཡང་སྔགས་པ་བདག་ཉིད་ནི། །དེ་བཞིན་ཉིད་ལ ་ཞུགས་པར་བྱ་ཞེས་སྨོས་པ་ལ། །སྔར་བཤད་པའི་ཕྲ་མོའི་རྣལ་འབྱོར་དང་བཟླས་པ་བྱས་ལ། ཕྱི་ནས་སྔགས་པ་བདག་ཉིད་ཤེས་རབ་དང་བཅས་པ་དེ་བཞིན་ཉིད་ནི་འོད་གསལ་བའི་མཚན་ཉིད་མྱ་ངན་ལས་འདས་པའི་དབྱིངས་ལ་ཞུགས་པ་ནི ་ཐིམ་པར་བྱའོ། །འདིར་མན་ངག་ནི་འདི་ཡིན་ཏེ་དང་པོ་སྦྱོར་བའི་ཏིང་ངེ་འཛིན་གྱིས་རང་གི་དོན་བསྒྲུབས་ལ། དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་གྱིས་གཞན་གྱི་དོན་རྫོགས་ལ་ཕྲ་མའི་རྣལ་འབྱོར་གྱིས་སེམས་བརྟན་པས་ཏིང་ངེ ་འཛིན་གཉིས་པོ་ལ་དམིགས་པ་ཉེ་བར་མཚོན་ནས་བཟླས་པས་ཀྱང་སྔགས་སྦྱངས་ཏེ། དེ་བས་ནང་ནི་བྱ་བ་བྱས་བདག་ཡིན་ནོ་ཞེས་རྟོགས་ཏེ། བདག་གི་རྒྱུ་མཐུན་པར་གྱུར་པའི་དཀྱིལ་འཁོར་པ་རྣམས་སེམས་ཅན་གྱི་དོན་བྱེད་པར་འགྱུར་རོ ་ཞེས་བསམས་ནས་བུ་དང་ཚ་བོ་ཡོང་བས་སྐྱེས་བུ་དགའ་བ་བཞིན་དུ་མྱ་ངན་ལས་འདས་པ་ཐོབ་པར་འདོད་པས་རེག་བྱ་རྡོ་རྗེ་མ་དང་སྙོམས་པར་ཞུགས་པས་ཡབ་ཡུམ་གཉིས་ཀ་ཡང་ཞུ་སྟེ་ཐིག་ལེ་དང། སྒྲ་དང། སྒྲ་ཙམ་གྱི་དབྱེ ་པས་ཁམས་ཕྲ་བ་ལ་ཞུགས་ཏེ། སྤྲིན་མེད་པའི་ནམ་མཁའ་དང་འདྲ་བ་ཐམས་ཅད་སྟོང་པའི་རང་བཞིན་གྱིས་བདག་ཉིད་དུ་བསྒོམ་པར་བྱའོ། །ཞེས་ཡན་ལག་གསུམ་པའོ། །ལྷ་མོ་རྣམས་ཀྱི་བསྐུལ་བར་བཤད་པར་བྱ་སྟེ། ་དེ་ནས་དཀྱིལ་འཁོར་གནས་པ་ཡིས། །ལྷ་མོས་བདག་པོ་མ་མཐོང་པས། །ཚིགས་སུ་བཅད་པ་བཞི་ཡིས་ནི། །བདེ་བ་ཆེན་པོ་སྐུལ་བར་བྱེད་ཅེས་སྨོས་པ་ལ། །དེ་ནས་ཚངས་པའི་གནས་བཞིའི་རང་བཞིན་གྱི་ལྷ་མོ་སྤྱན་ལ་སོགས ་པས་བདག་པོ་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་གྱིས་མི་བསྐྱོད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཞུགས་པས་མཐོང་བ་ནི་དབུས་ཀྱི་རེ་མིག་སྟོང་པར་བལྟས་ཏེ་བཅོམ་ལྡན་འདས་བདེ་བ་ཆེན་པོ་ནི་འོད་གསལ་བའི་ཏིང་ངེ་འཛིན་ལ ་ཞུགས་པ། འོག་ནས་བཤད་པའི་ཚིགས་སུ་བཅད་པ་བཞི་པོས་སྐུལ་བར་བྱེད་པ་ནི་ལྡང་བར་བྱེད་པ་སྟེ། ཚིག་འཇམ་པ་དང་དབྱངས་སྙན་པ་ཞེས་བྱ་བ་ནི་ཚིག་གི་ལྷ་མོའོ། །འདིའི་དགོངས་པ་ནི་འདི་ཡིན་ཏེ། སྔར་གྱི་སྨོན་ལམ་གྱིས ་བག་ཆགས་ཀྱི་ཤུགས་གྱིས་དེའི་སོ་སོར་སྣང་བ་ཉིད་ལྷ་མོ་རྣམས་བཅོམ་ལྡན་འདས་ལ་སྐུལ་བར་བྱེད་པར་བསམ་མོ། །ལྷ་མོ་རྣམས་སྐུལ?་བར་བྱེད་པ་ཅིའི་ཕྱིར་ཞེ་ན་སྨྲས་པ་འདིར་འདོད་པའི་ཁམས་ལ་ཕལ་ཆེར་བུད་མེད་ཀྱི་ཚིགས? ་གིས་བསྐུལ་བས་ཞུགས་བ་མཐོང་གི། སྐྱེས་པའི་ཚིག་གིས་བསྐུལ་བ་ནི་མ་ཡིན་ཏེ། འདོད་པའི་ཁམས་ནེ་དེའི་རང་བཞིན་ཡིན་པའི་ཕྱིར་དང། ཐབས་དང་ཤེས་རབ་དབྱེར་མེད་པའི་ཕྱིར་སྐྱོན་མེད་དོ། །ཚིགས་སུ་བཅད ་པ་བཞི་པོ་དེ་ཉིད་རིམ་གྱིས་བཤད་པར་བྱ་སྟེ། སེམས་ཅན་ཁམས་ན་གནས་པའི་དབང་ཕྱུག་ཁྱོད་ནི་རྡོ་རྗེའི་ཐུགས། །དགའ་བ་ཡིད་འོང་དོན་ཆེན་འདོད་པས་བདག་ལ་བསྐྱབ་ཏུ་གསོལ། །མགོན་པོ་གལ་ཏེ་དེ་རིང་བདག་ནི ་གསོན་པར་མཆིས་བཞེད་ན། སེམས་ཅན་ཡབ་ཆེན་གཉེན་མཆོག་བདག་ལ་དགྱེས་པར་མཛད་དུ་གསོལ་ཞེས་སྨོས་པ་ལ། འདི་ནི་སྤྱན་གྱི་ཚིགས་བཅད་པ་སྟེ། ཁྱོད་ནི་མདུན་དུ་གནས་པ་བཞིན་དུ་བལྟས་ནས་བསྐུལ་བ་སྟེ། ་རྡོ་རྗེ་ཐུགས་ནི་ཐུགས་ཀྱི་དབང་ཉིད་ཐོབ་པའོ། །ཁམས་གསུམ་པའི་ཆོས་ཀྱི་རྒྱལ་སྲིད་ཐོབ་པའི་ཕྱིར་གནས་ཀྱི་དབང་ཕྱུག་གོ་།སེམས་ཅན་གྱི་ཁམས་ནི་འབྱུང་བ་ཐམས་ཅད་ཀྱི་རང་བཞིན་གྱིས་བདག་པོ་ཡིན་པའི་ཕྱིར་རོ། །དགའ་པ ་ནི་རོལ་པ་སྟེ། །དེ་ལ་ཡིད་འོང་ནི་དགའ་བ་སྐྱེད་པས་དགའ་བ་ཡིད་འོང། །དོན་ཆེན་ནི་མཆོག་ཏུ་དགའ་བ་སྟེ། །འདོད་པས་ན་དོན་ཆེན་འདོད་པའོ། །དེ་ལྟ་བུའི་དགའ་བ་ཡིད་འོང་དོན་ཆེན་འདོད་པ་ནི་འཁྱུད་པ་ལ་སོགས་པས་སོ། །བདག ་ལ་བསྐྱབ་ཏུ་གསོལ་བ་ནི་རོལ་པར་མཛད་དུ་གསོལ་ཅེས་པའོ། །སེམས་ཅན་ཐམས་ཅད་ཀྱི་རྒྱུར་གྱུར་པས་ཡབ་ཆེན་ནི་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པ་དང། བདེ་བ་མཛད་པའི་ཕྱིར་རོ། །བདག་ནི་གསོན་པར་མཆིས་བཞེད ་པ་ནི་གསོན་པར་འདོད་པའོ། །མགོན་པོ་ནི་གཙོ་བོའོ། །བདག་ལ་དགྱེས་པར་མཛད་པ་ནི་རོལ་པར་མཛད་དུ་གསོལ་བའོ། །མཱ་མ་ཀཱིའི་བསྐུལ་བ་བཤད་པར་བྱ་སྟེ། །རྡོ་རྗེ་སྐུ་ཁྱོད་བཀའ་ཨི་འཁོར་ལོ་སེམས་ཅན་ཀུན་ལ་ཕན། །སངས་རྒྱས ་དོན་དུ་བྱང་ཆུབ་མཆོག་གྲུབ་རབ་ཏུ་ཕན་པར་གཟིགས། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །འདོད་ཆགས་དམ་ཚིག་ཆགས་པས་བདག་ལ་དགྱེས་པར་མཛད་དུ་གསོལ། །ཞེས་སྨོས་པ་ལ། མི་འཇིགས་པའི་སྐུ ་ཡིན་པས་ན་རྡོ་རྗེའི་སྐུའོ། །བཀའ་ཨི་འཁོར་ལོ་སེམས་ཅན་ཀུན་ལ་ཕན་པ་ནི་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པ་སྟེ། བཀའ་ཨི་འཁོར་ལོ་སྐོར་བར་བྱེད་པའི་ཕྱིར་རོ། །སངས་རྒྱས་དོན་དུ་བྱང་ཆུབ་མཆོག་གྲུབ་རབ་ཏུ་ཕན་པར་གཟིགས་པ་ནི་སངས ་རྒྱས་ནི་ཕུང་པོ་ལྔའོ། །དོན་ནི་ཀུན་རྫོབ་ཀྱི་བདེན་པའོ། །བྱང་ཆུབ་ནི་དོན་དམ་པའི་བདེན་པའོ། །དེ་དག་གིས་མཆོག་ཏུ་གྲུབ་པ་ནི་བདེ་བ་ཆེན་པོའི་སྐུའོ། །རབ་ཏུ་ཕན་པར་གཟིགས་པ་ནི་སེམས་ཅན་རྣམས་ལ་ཕན་པར་མཛད་པའི་དགོངས་པས ་གསལ་བར་མཛད་པའོ། །འདོད་ཆགས་ནི་འདོད་ཆགས་སྤྱོད་པའི་རྣམ་པས་སོ། །དམ་ཚིག་ཆགས་པ་ནི་འདོད་ཆགས་ཀྱི་སྤྱོད་པའི་རང་བཞིན་གྱིས་བདག་ལ་དགྱེས་པར་མཛད་པ་ནི་རོལ་པར་མཛོད་ཅིག་པའོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ ་ནི་སྔ་མ་བཞིན་ནོ། །གོས་དཀར་མོའི་བསྐུལ་བ་བཤད་པར་བྱ་སྟེ། ཁྱོད་ནི་རྡོ་རྗེ་གསུང་ཏེ་ཀུན་ལ་ཕན་ཞིང་ཐུགས་བརྩེ་བ། །འཇིག་རྟེན་དག་གིས་དགོས་པའི་དོན་མཛད་པ་ལ་རྟག་ཏུ་བརྩོན། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར ་མཆིས་བཞེད་ན། །སྤྱོད་པ་དྲི་མེད་ཀུན་ཏུ་བཟང་པོ་བདག་ལ་དགྱེས་པར་མཛད་ཅེས་སྨོས་པ་ལ། །ཁྱོད་ནི་རྡོ་རྗེ་གསུང་སྟེ་ནི་གསུང་གི་དབང་ཕྱུག་ཉིད་ཐོག་པའི་ཕྱིར་རོ། །ཀུན་ནི་སེམས་ཅན་གྱི་ཁམས་ལ་ཕན་པ་ཐུགས་བརྩེ་བ་ནི་ཐུགས་རྗེ ་ཆེན་པོའི་བདག་ཉིད་དོ། །དེ་ཉིད་ཀྱི་ཕྱིར་ཆངས་པའི་གནས་བཞིས་འཇིག་རྟེན་པ་ཡི་དོན་མཛད་པ་ཡི་ཕྱིར། །རྟག་ཏུ་བརྩོན་པ་ནི་དུས་ཐམས་ཅད་དུ་ཡང་དག་པར་གཞོལ་པའོ། །བདག་ལ་དགྱེས་པར་མཛོད་ཅེས་པ་ནི་བསྟེན་པར་མཛོད་ཅིག ་པའོ། །བདེ་བའི་སྤྱོད་པས་ཀུན་ཏུ་ནི་སེམས་ཅན་གྱི་ཁམས་ལའོ། །བཟང་པོ་ནི་དགེ་པ་མཛད་པས་ན་ཀུན་ཏུ་བཟང་པོའོ། །གཞན་ནི་བཤད་ཟིན་ཏོ། །སྒྲོལ་མའི་བསྐུལ་བ་བཤད་པར་བྱ་སྟེ། ཁྱོད་ནི་རྡོ་རྗེའི་ཐུགས་ཏེ ་དམ་ཚིག་མཆོག་གི་ཕན་དོན་ཆེ། །ཡང་དག་རྫོགས་སངས་རྒྱས་ཀྱི་གསུངས་མཆོག་མཉམ་པ་ཉིད་གཟིགས་པ། མགོན་པོ་གལ་ཏེ་དེ་རིང་བདག་ཉིད་གསོན་པར་མཆི་བཞེད་ན། ཡོན་ཏན་རིན་ཆེན་མང་པོའི་གཏེར་གྱུར་བདག་ལ་དབྱས ་པར་མཛོད་ཅེས་བྱ་བ་ནི་ཁྱོད་ནི་རྡོ་རྗེའི་ཐུགས་ཏེ་ནི་དོན་ཡོད་གྲུབ་པའི་སྒོ་ནས་པོས་པའོ། །རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར?་བ་ལས། །དཀྱིལ་འཁོར་གྱི་ལྷ་ཕྱུང་ཞིང། །ཞེ་སྡང་ལ་སོགས་པ་ལ་སྤྱོད་པའི་སེམས་ཅན་གྱི་ཁམས་སྦྱངས ་པའི་ཕྱིར་རྡོ་རྗེའི་ཐུགས་སོ། །ལས་ཀྱི་རིགས་ཀྱི་བདག་པོ་ཡིན་པའི་ཕྱིར་དམ་ཚིག་མཆོག་གོ་།འདོད་ཆགས་ཀྱི་སྤྱོད་པ་ཅན་གྱི་སེམས་ཅན་རྣམས་ལ་འདོད་ཆགས་རྣམ་པར་དག་པའི་ཐབས་ཀྱིས་ཐར་པ་རྩོལ་བས་ན་ཕན་དོན་ཆེའི། །ཤཱཀྱའི ་རིགས་ཀྱི་གཙོ་བོར་གྱུར་པས་ན་ཡང་དག་པར་རྫོགས་སངས་རྒྱས་ཀྱི་མཆོག་གོ་།ཡང་ན་བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་ཀྱིས་འགྲོ་བ་མ་ལུས་པའི་དོན་མཛད་པས་ན་ཡང་དག་རྫོགས་ཀྱི་མཆོག་གོ་།རང་དང་གཞན་གྱི་དབྱེ་བ་ལ་དམིགས ་པ་དང་བྲལ་ཟས་ཀྱང་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བསན་མཉམ་ཉིད་གཟིགས་པའོ། །ཡོན་ཏན་རིན་ཆེན་མང་པོའི་གཏེར་གྱུར་བདག་ལ་དགྱེས་པར་མཛོད་ཅེས་པ་ནི། རྟེན་པར་མཛོད་ཅིག་པའོ། །གང་ཕྱིར་འདོད་ཆགS ་དང། འདོད་ཆགས་བྲལ་བ་དང། འདོད་ཆགས་བར་པ་དང། འོད་གསལ་བ་སྐྱེད་པར་བྱེད་དོ་ཞེས་བདག་ཉིད་ལ་བསྔགས་པར་བྱེད་དེ། མགོན་པོ་གལ་ཏེ་བདག་ནི་དེ་རིང་གསོན་པར་མཆིས་བཞེད་ན་ཞེས་བྱ་བ་ནི་འདོད་ཆགས ་དང་ཞེ་སྡང་དང། གཏི་མུག་གི་ཐབས་ཀྱིས་རྡོ་རྗེ་སེམས་དཔའ་ལྟ་བུའི་ཚེ་དང། སྲོག་སྦྱིན་པས་གསོན་པར་མཛོད་ཅེས་དགོངས་པ་སྟེ། ཡན་ལག་བཞི་པའོ། །དེ་ལྟར་ཚད་མེད་པ་རྣམ་པ་བཞིའི་རང་བཞིན་གྱི་ལྷ་མོ་རྣམས་ཀྱིས་བསྐུལ? ་བར་གྱུར་པ་ལྔ་པ་སྨོན་ལམ་གྱི་རྒྱུན་གྱི་ཤུགས་ཀྱིས་སྟོང་པ་ཉིད་ཀྱི་རྣལ་འབྱོར་ལས་ལྡང་སྟེ། སླར་ཡང་དྲག་པོ་དང་ཞི་བ་དང་ཆགས་པ་ཆེན་པོ་ཉིད་ཉམས་དང་ལྡན་པས་སེམས་དཔའ་གསུམ་གྱི་བདག་ཉིད་དང་ལྡན་པའི་རྡོ་རྗེ་སེམས་དཔའ་ཨི ་འཁོར་ལོའི་དབུས་སུ་གནས་པར་བདག་ཉིད་བསྒོམ་པར་བྱ་སྟེ། ཡན་ལག་ལྔ་པའོ།། །།དེ་ཉིད་བཤད་པར་བྱ་སྟེ། དེ་ལྟར་ཡང་དག་ཡོན་ཏན་ནི། །བརྗོད་པས་མགོན་པོ་དེ་བསྐུལ་ནས། །མི་བསྐྱོད་ལ་སོགས་ངོ་བོ་ཡིས། །དེ ་བཞིན་གཤེགས་པ་བསྟོད་པར་མཛད་ཅེས་སྨོས་པ་ལ། འདིར་ཚིགས་སུ་བཅད་པ་ཕྱེད་ཀྱིས་ཡན་ལག་ལྔ་པ་བསྟན་ཏོ། །ཡང་དག་ཡོན་ཏན་བརྗོད་པས་ནི་ཡང་དག་པར་གྱུར་པའི་ཡོན་ཏན་གྱི་ཚོགས་ལ་བསྟོད་པས་བསྐུལ་བ་ནི་ལྡང་བ་སྟེ། མགོན་པོ་ནི ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་མི་བསྐྱོད་པ་ཡིན་ལ། དེ་བཞིན་གཤེགས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་བཞི་སྟེ། བསྟོད་པར་མཛད་པ་ནི་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པའི་རང་བཞིན་གྱིས་ཚིག་གི་རྒྱུན ་གྱིས་བསྟོད་པ་མཛད་པ་བསྒོམ་པར་བྱའོ། །དེ་ཉིད་རྒྱས་པར་བཤད་པར་བྱ་སྟེ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །གསང་བའི་རྡོ་རྗེ་ལ་ཕྱག་འཚལ་ཞེས་སྨོས་ཏེ། ་ཉོན་མོངས་པ་ཐམས་ཅད་ཀྱི་ཆགས་ཀྱིས་མི་བསྐྱོད་པ་ནི་མི་གཡོ་བའོ། །རྡོ་རྗེ་ནི་ཐུགས་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྟོང་པ་བཞིའི་བདག་ཉིད་ཡིན་པས་ན་ཡེ་ཤེས་ཆེའོ། །རྡོ་རྗེ་ནི་མི་བསྐྱོད་པ་ལ་སོགས་པའོ། །དེ་རྣམས་འཛིན ་པས་ན་རྡོ་རྗེ་དབྱིངས་སོ། །བདེན་པ་གཉིས་ཀྱིས་དབྱེ་བ་ལ་ཡོངས་སུ་མཁས་པས་མཁས་ཆེན་པོའོ། །དོན་དམ་པའི་དཀྱིལ་འཁོར་དང་སྐུའི་དཀྱིལ་འཁོར་དང། ཕྱུང་བའི་དཀྱིལ་འཁོར་གྱི་རང་བཞིན་ཡིན་པས་ན་དཀྱིལ ་འཁོར་གསུམ་མོ། །སྐུ་རྡོ་རྗེ་ལ་སོགས་པའི་ནང་ན་གཙོ་བོར་གྱུར་པས་རྡོ་རྗེ་གསུམ་མཆོག་གོ་།གསང་བའི་རྡོ་རྗེ་ནི་དམ་ཚིག་གི་དེ་ཁོ་ན་ཉིད་ཁོ་བོ་ཅག་ལ་བསྟན་དུ་གསོལ་ཞེས་མི་བསྐྱོད་པའི་སྒོ་ནས་བསྟོད་པའོ། །རྣམ་པར ་སྣང་མཛད་དག་ཆེན་པོ། །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་གྱིས་ནི་འོད་གསལ་མཆོག་།སྟོན་པ་རྡོ་རྗེ་ཕྱག་འཚལ་ལོ་ཞེས་སྨོས་ཏེ། འོད་གསལ་བའི་མེས་སྣང་བར་མཛད་པས་ན་རྣམ་པར་སྣང་མཛད་དོ། །དེ་ཉིད་ཀྱི་ཕྱིར་དག ་པ་ཆེན་པོའོ། །དེ་རྣམས་ཀྱི་རྣམ་པར་དག་པའི་རང་བཞིན་དྲུག་པ་ཡིན་པས་ན་ཞི་བའོ། །མཆོག་ཏུ་དགའ་བའི་བདག་ཉིད་ཡིན་པས་ན་དགའ་བ་ཆེན་པོའོ། །རང་བཞིན་གྱིས་འོད་གསལ་བས་ན་རང་བཞིན་དག་པའོ། །མཆོག ་ནི་ཆོས་ཏེ་སྟོན་པ་ནི་གསལ་བར་མཛོད་ཅིག་པའོ། །རྡོ་རྗེ་ནི་བོད་པའོ། །དེ་ནི་རྣམ་པར་སྣང་མཛད་ཀྱི་སྒོ་ནས་བསྟོད་པའོ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པ་གོས་པ་མེད། ་རྡོ་རྗེ་སྐུ་ལ་ཕྱག་འཚལ་ལོ་ཞེས་སྨོས་ཏེ། རིན་ཆེན་ནི་རིན་པོ་ཆེའི་རིགས་ཅན་ནོ། །དེ་རྣམས་གསལ་བར་མཛད་པས་ན་རིན་ཆེན་རྒྱལ་པོའོ། །མཉམ་པ་ཉིད་ཀྱི་རང་བཞིན་ཡིན་པས་ན་རབ་ཏུ་ཟབ་པའོ། །དེ་ཉིད་ཀྱིས་ཕྱིར ་ནམ་མཁའ་རྡོ་རྗེ་དྲི་མ་མེད་པའོ། །ཐོག་མ་ན་དག་པས་ན་རང་བཞིན་དག་པའོ། །ཆོས་ཐམས་ཅད་ཀྱི་ས་མ་རེག་པས་ན་གོས་པ་མེད་པའོ། །སྐུ་རྡོ་རྗེ་ནི་རིན་ཆེན་འབྱུང་ལྡན་གྱི་སྒོ་ནས་བསྟོད་པའོ། །རྡོ་རྗེ་མི་འཆི་རྒྱལ་པོ་ཚ། ། ་མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་བརྙེས་པ། །རྡོ་རྗེ་གསུང་ལ་ཕྱག་འཚལ་ལོ་ཞེས་སྨོས་ཏེ། རྡོ་རྗེ་མི་འཆི་བ་ནི་པདྨའི་རིགས་ཅན་ནོ། །དེ་རྣམས་ཀྱི་བདག་པོ་ཡིན་པས་ན་རྒྱལ་པོ་ཆེའོ། །སོ་སོར་རྟོག་པའི་བདག་ཉིད ་ཡིན་པས་ན་རྟོག་པའོ། །དེ་བས་ནམ་མཁའ་རྡོ་རྗེ་འཛིན་པའོ། །འདོད་ཆགས་ནི་འཁོར་བ་ལ་ཆགས་པའི་མཚན་ཉིད། དེའི་ཕ་རོལ་ནི་མཛའ་ཨོ། །དེ་ཕྱིན་པ་ནི་སོན་པའི་ཤེས་རབ་པོ། །དེ་བརྙེས་པ་ནི་འདོད་ཆགས་ཕ་རོལ་ཕྱིན་བརྙེས་ཐོབ་པའོ། ་དེ་ནི་འོད་དཔག་ཏུ་མེད་པའི་སྒོ་ནས་བསྟོད་པའོ། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་བྱེད་པ། །དག་པའི་རང་བཞིན་ལས་བྱུང་བ། །རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ཞེས་སྨོས་ཏེ། དོན་དང་ལྡན་པའི ་ཡེ་ཤེས་སྩོལ་བས་ན་དོན་ཡོད་རྡོ་རྗེ་སྟེ། །དོན་ཡོད་གྲུབ་པའི་རིགས་རྣམས་རྫོགས་སངས་རྒྱས་ནི་དེ་རྣམས་མཆོད་པར་བྱ་བ་སྟེ། དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས་སོ། །སྒྲུབ་པོའི་སྐྱེས་བུ་ལ་སོགས་པའི་ལས་ཀྱིས་བསམ ་པ་རྫོགས་པས་ན། བསམ་པ་ཐམས་ཅད་རྫོགས་བྱེད་པའོ། །དག་པའི་རང་བཞིན་འོད་གསལ་བ་སྟེ། དེ་ལས་བྱུང་བའི་ན་དག་པའི་རང་བཞིན་ལས་བྱུང་བའོ། །དེ་དང་འདྲ་བའི་རྡོ་རྗེ་སེམས་དཔའ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་དོན་ཡོད ་གྲུབ་པའི་སྒོ་ནས་བསྟོད་པ་སྟེ། དགོངས་པ་མ་ཡིན་པའོ། །ཡན་ལག་དྲུག་པའོ། །དཀྱིལ་འཁོར་གྱི་འཁོར་ལོ་བསྡུ་བ་བཤད་པ་ནི་དེ་ནས་སངས་རྒྱས་ཀྱིས་བསྟོད་འཁོར་ལོ་རྗེས་ཆགས་ནས། །མཆོག་ཏུ་གསང་བ་ནི་ཇི་བཞིན་དོན ་བཤད་ནས། །རང་སྐུའི་འཁོར་ལོ་ལ་ནི་འཁོར་ལོ་གཞུག་།མགོན་པོ་བདེ་བ་ཆེན་པོ་གཅིག་པུ་བཞུགས་ཞེས་སྨོས་ཏེ། དེ་ནས་ཞེས་བྱ་བའི་ཚིག་གིས་ཕྲད་ནི་ཆོ་ག་གཞན་གྱི་དོན་དུའོ། །སངས་རྒྱས་ཀྱིས་བསྟོད་པ་ནི་དེ་བཞིན་གཤེགS ་པ་ལྔའི་སྒོ་ནས་བསྟོད་པ་མཛད་ནས་སོ། །འཁོར་ལོ་རྗེས་ཆགས་ནི་དཀྱིལ་འཁོར་གྱི་འཁོར་ལོའོ། །འདོད་པ་ཐམས་ཅད་ཀྱི་ལོངས་སྤྱོད་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ། འཁྱུད་པ་དང་ཙུམ་པ ་ན་དང་ཙུ་ཤ་ཎ་དང་སོ་དང་སེན་མོ་གདབ་པ་དང། ཐབས་དང་ཤེས་རབ་སྙོམས་པར་འཇུག་པས་ཚིམ་ནས་སོ། །དེ་བཞིན་དུ་ཇི་བཞིན་དོན་ནི་ཕྱིན་ཅི་མ་ལོག་པ། །གསང་པ་མཆོག་ནི་དེ་ཁོ་ན་ཉིད་དེ་བཤད་ནས་ནི་བསྟན་པར ་མཛད་ནས་ཏེ། ངེས་མའི་ཚིག་གི་སྒོ་ན་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོན་པ་ནི་འདི་ལྟ་སྟེ། ཨ་ནི་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ཏེ་ཐོག་མ་ནས་མ་སྐྱེས་པའི་ཕྱིར་རོ། །ཞེས་བྱ་བ་ནས་བརྩམས་ཏེ། ཀྵ་ནི་ཆོས ་ཐམས་ཅད་ཀྱི་སྒོ་ཡིན་ཏེ། ཉེས་པ་ཐམས་ཅད་ཟད་པའི་ཕྱིར་རོ། །ཞེས་བྱ་བའི་བར་དུ་གསང་བ་མཆོག་བསྟན་ནས། ཕྱི་ནས་སྤྲོས་འདིས་ཅི་ཞིག་བྱ་ཞེས་དགོངས་ཏེ། རང་སྐུའི་འཁོར་ལོ་ནི་སྔར་བཤད ་པའི་ཤིན་ཏུ་རྣལ་འབྱོར་གྱི་མཚན་ཉིད་ལ། འཁོར་ལོ་ནི་ཕྱི་རོལ་གྱི་དཀྱིལ་འཁོར་བའི་ལྷའི་འཁོར་ལོ་འོད་ཟེར་གྱི་སྒོ་ནས་ཞུགས་ཏེ། དེ་རྣམས་ཀྱང་ཡེ་ཤེས་གསུམ་ལས་བྱུང་བའི་འོད་ཟེར་གྱི་ལྕགས ་ཀྱུས་དགུག་ཅིང་དེ་ཉིད་ལ་ཞུགས་ཏེ། ཨོཾ་དང་ཨཱ:ཡང་ཧཱུཾ་ལ་ཐིམ་ཞིང་མགོན་པོ་བདེ་བ་ཆེན་པོ་གཅིག་པུ་ནི་རེག་བྱ་རྡོ་རྗེ་མ་དང་སྙོམས་པར་ཞུགས་པར་བལྟ་སྟེ། །ཡི་གེ་ཧཱུཾ་གི་དབུས་སུ་ཡང་འོད་ཟེར་གྱིས ་ཁམས་གསུམ་པ་དང་རང་གི་བདག་ཉིད་བཀུག་ཅིང་བཅུག་ལ་ཧཱུཾ་ཙམ་ལ་དམིགས་པས་གནས་པར་བྱའོ། །དེ་ཉིད་བཤད་པ། དེ་ལྟར་རྣལ་འབྱོར་བཞི་བྱེད་རྣལ་འབྱོར་པ། ཧཱུཾ་གི་སྙིང་པོས་འཇིག་རྟེན་དབ ་ཏུ་བསྒོམ། །དེ་བྱུང་འགྲོ་ཀུན་རྡོ་རྗེ་སེམས་དཔའ་བསམ། །ལངས་ནས་འགྲོ་ལ་བལྟས་ཏེ་ཇི་བཞིན་སྐྱོང་ཅེས་སྨོས་ཏེ། རྣལ་འབྱོར་བཞི་བྱེད་ནི་སྔར་བཤད་པའི་རྣལ་འབྱོར་བཞི་པ་དང་པོ་སྦྱོར་བའི་ཏིང་ངེ་འཛིན་བསྒོམས? ་པར་བྱེད་པའོ། །དེ་ཡང་ཉེ་བར་མཚོན་པ་ཡིན་ཏེ། དཀྱིལ་འཁོར་རྒྱལ་བ་མཆོག་དང། ལས་ཀྱིས་རྒྱལ་བ་མཆོག་ཀྱང་བསྒོམ་པའོ། །རྣལ་འབྱོར་པ་ནི་སྒྲུབ་པ་པོའོ། །འཇིག་རྟེན་ནི་སྣོད་དང་སེམས་ཅན་གྱི་འཇིག ་རྟེན་ཏེ། སྔར་བཤད་པའི་རིམ་གྱིས་ཧཱུཾ་གི་སྙིང་པོ་ནི་ཡི་གེ་ཧཱུཾ་བཞུགས་པ་ནི་བསམ་པར་བྱའོ། །གཞན་ཡང་ཡན་ལག་ལྷག་མ་རྫོགས་པར་བྱ་བའི་ཕྱིར་དྲི?་ལས་བྱུང་བ་ནི་དེ་ཡོངས་སུ་གྱུར་པ་ལས་བྱུང་པའི་རྡོ་རྗེ་སེམས ་དཔའ་ནི་མི་བསྐྱོད་པ་རེག་བྱ་རྡོ་རྗེ་མ་དང་བཅས་པ་བརྟན་པ་དང་གཡོ་པོའི་བདག་ཉིད་བསམས་ནས། ལངས་ནས་ནི་ཏིང་ངེ་འཛིན་ལས་ལངས་ཏེ། །འགྲོ་བ་ལ་བལྟས་པ་ནི་དེའི་གཅིག་པུར་སོ་སོར་སྣང་བའི་བརྟན ་པ་དང། གཡོ་བའི་འགྲོ་བ་ལ་བལྟ་བའི་བློ་དང་ལྡན་པའོ། །ཇི་བཞིན་སྤྱོད་ནི་མཉམ་པར་གཞག་པའི་བློ་དང་ལྡན་པས་སྤྱོད་ལམ་བཞི་དམིགས་པར་བྱ་བ་འམ། ཡང་ན་གང་ཟག་དང་ཆོས་བདག་མེད་པར ་རྟོགས་པར་བྱའོ་ཞེས་ཡར་ལག་བདུན་པའོ།། །།ཚིམ་པར་བྱ་པའི་ཆོ་ག་བཤད་པར་བྱ་སྟེ། །སྔགས་པས་ཏིང་ངེ་འཛིན་དམིགས་པའི་ཚེ། །གང་ཚེ་ལས་ནི་སྐམས ་གྱུར་ན། །ལུས་ངག་ཡིད་ནི་ཚིམ་པའི་རྣལ་འབྱོར་འདི་ནི་བསྒོམ་པར་བྱ་ཞེས་སྨོས་པ་ལ། ཏིང་ངེ་འཛིན་ནི་སྔར་བཤད་པའི་ཏིང་ངེ་འཛིན་གསུམ་སྟེ། ཡུན་རིང་བ་དང། རྒྱུན་འཆད ་བས་དམིགས་པ་ནི་བསྒོམ་པར་བྱ་བའི་ཕྱིར་རོ། །གང་གིས་ལུ་སྐམས་པ་ནི་ཁམས་ཟད་པར་གྱུར་ན་དེའི་ཚེ་ལུས་ལ་སོགས་པ་ཚིམ་པ་ནི་ཚིམ་པར་བྱེད་པའི་རྣལ་འབྱོར་འདི་ནི་འོག་ནས་བཤད་པའི་ཏིང་ངེ་འཛེམ?་བསྒོམ ་པར་བྱ་བའི་ནྟཏ་གྱིས་བསམ་པར་བྱ་སྟེ། གཞན་དུ་ན་ཁམས་ལོག་པས་བར་ཆོད་དུ་འགྱུར་རོ། །དེ་ཉིད་བཤད་པ། མཐོ་གང་ཙམ་གྱིས་སྤགས་པ་རུ། །སྤྱི་བོར་དཀྱིལ་འཁོར་བརྟག་པར་བྱ། །བདུད་རྩི་ལྔ་ནི་ངེས་འབེབས་པའི། །ོཾ་ནི་དོན? ་རུ་བརྟོག་པར་བྱ་ཞེས་སྨོས་ཏེ། །མཐོ་གང་ཙམ་ནི་སོར་བཅུ་གཉིས་ཀྱི་ཚད་ཙམ་མོ། །སྤགས་པ་ནི་སྤགས་ནས་སོ། །སྤྱི་བོར་ནི་མགོ་བའི་སྟེང་དུ་བར་སྣང་ལའོ། །དཀྱིལ་འཁོར་བརྟག་པ་ནི་ཆ་བཅུ་དྲུག་ཡོངས་སུ་གྱུར་པ་ལས་ཟླ་བའི ་དཀྱིལ་འཁོར་བསྒོམ་པའོ། །དེ་རུ་ནི་ཟླ་བའི་དཀྱིལ་འཁོར་གྱིས་དབུས་སུའོ། །ོཾ་ནི་རྣམ་པར་སྣང་མཛད་ཀྱི་ས་བོན་འོད་ཟེར་འབར་བ་དགོད་གཅིག་།བདུད་རྩི་ལྔ་ནི་ཡེ་ཤེས་ལྔའི་རང་བཞིན་གྱི་བདུད་རྩི་ཚངས་པའི་སྒོ་ནས་ཕབ ་པ་ནི་ཀུན་ཏུ་སྤྱོད་པའི་རིམ་གྱིས་ཕབ་པར་བྱའོ། །ཕན་ཡོན་བཤད་པར་བྱ་བ་སྟེ། རྡོ་རྗེའི་སྦྱོར་བ་འདི་ཡིས་ནི། །སྐད་ཅིག་གིས་ནི་གཞིན་ཅན་འགྱུར། །ལུས་ངག་ཡིད་ཀྱིས་བདེ་བ་ཉིད། ཐོབ་པར་འགྱུར་ཏེ་ཐེ་ཚོམ་མེད། ཅེས་པ ་ལ། འདི་ཡིས་ནི་སྔར་བཤད་པའི་རྡོ་རྗེ་རྣལ་འབྱོར་ཏེ། མི་ཕྱེད་པ་ནི་ཚིམ་པའི་ཚོགས་སོ། །གཟི་ཅན་ནི་ཉི་མ་ཤར་བའི་འོད་དང་འདྲ་བའོ། །སྐད་ཅིག་གིས་ནི་བདུད་རྩི་མྱང་བ་ཙམ་གྱིས་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ལུས་ངག་ཡིད་ཀྱི ་བདེ་བ་ཉིད་ནི་སྤྱོད་པ་བཟང་བ་དང། ལས་སུ་རུང་བ་དང། དྲན་པ་དང། བརྟན་པ་ཉིད་དུ་འགྱུར་སྒྲ་ཇི་བཞིན་པའོ། །དེ་ནི་ཡན་ལག་བརྒྱད་པའོ།། །།ནང་གི་སྦྱིན་སྲེག་བཤད་པ་ནི། །དེ་ལྟར་གོམས་པའི་སྔགས་པ་ཡིས།། ་?་པ་དང་ནི་དེ་བཞིན་གསང། །སྙིང་ག་ལྐོག་མ་དག་སྦྱངས་ནས། །དེ་བཞིན་གཤེགས་རྣམས་ཚིམ་པར་བྱ་ཞེས་སྨོས་ཏེ། འདིར་འཇིག་རྟེན་པའི་གཙང་བ་དང་མི་གཙང་བའི་རྟོག་པ་སྤོང་བའི་ཕྱིར་དང། །ཆེ་རིང་བ་དང་ནད་མེད་པ་དང། བདེ་བ་ཐོབ ་པའི་ཕྱིར་དང། དེ་བཞིན་དུ་བསམ་གཏན་གྱི་ཟས་ཀྱི་ཕྱིར་དང། །ཁམ་གྱི་ཟས་སྤང་པར་བྱ་བའི་ཕྱིར་བདུད་རྩི་ལྔས་ནང་གིས་སྦྱིན་སྲེག་བརྩམ་པར་བྱའོ། །དེ་ལྟར་གོམས་པ་ནི་སྔར་བཤད་པའི་ཏིང་ངེ་འཛིན་ལ་གོམས་པས་སོ། །སྦྱངས་པ་དང་ནི ་སང་བ་ནི། ཉེ་བར་མཚོན་པ་སྟེ། སྦར་བར་ཡང་བྱའོ། །སྙིང་ག་ལྐོག་མ་དག་ནི་ལག་པ་ཡང་སྦྱར་བར་བྱ་སྟེ། དེ་བཞིན་གཤེགས་པ་ནི་ཕུང་པོ་རྣམས་ཚིམ་པར་བྱའོ། །ཞེས་མདོར་བསྟན་པའོ། །རྒྱས་པར་བཤད་པར་བྱ་སྟེ། ཡི་གེ་ཧཱུཾ་གིས ་སྒྲུབ?་པ་སྟེ། ཡི་གེ་ཨཱ་ཡིས་བསད་པར་བྱ། །ོཾ་གྱིས་མནན་ཞིང་སྤང་བར་སྟེ། འདི་ནི་བཟའ་བ་སྒྲུབ་པ་ཡིན་ཞེས་སྨོས་ཏེ། །རེ་ཞིག་དང་པོ་ཡི་གེ་ཡམ་ལས་རླུང་གི་དཀྱིལ་འཁོར་དང་རམ་ལས་པདྨའི་མེའི་དཀྱིལ་འཁོར་ལ་པཾ་ལས་པདྨའི ་སྣོད་དུ་མར་བི་ཤུ་མུའི་ས་བོན་དང། གོ་ཀུད་ཧ་ན་དང་བཅས་པའི་ས་བོན་བཀོད་དེ། ཡི་གེ་བཅུ་ཡོངས་སུ་གྱུར་པ་ལས། ག་བུར་དང་གླ་རྩི་དང། བཞི་མཉམ་པ་དང། རང་བྱུང། རྩ་མཆོག་གི་རྫས་དང། གདོང་འགུལ་བ་དང། སྙིང་མོའི་བུ་དང། ་སྣ་ཅན་དང། མགྱོགས་པ་དང་དྲང་སོང་གི་བུ་ལས་སྐྱེས་པའི་བེ་ཤ་ཏ་བསྒོམས་ཏེ། བཅུ་འདྲེས་ཤིང་སྒྲོན་མ་ལྔ་བསམ་ལ། །དེའི་སྟེང་དུ། ཨོཾ་ཨཱ:ཧཱུཾ་སྭཱ་ཧཱ་ཞེས་ས་བོན་ལྔ་བཀོད་དེ། དེ་ཉིད་ཀྱི་འོད་ཟེར་གྱིས་ནམ་མཁའ་ན་བཞུགས་པའི་རྣམ ་པར་སྣང་མཛད་ལ་སོགས་པའི་རིགས་བཀུག་ལ་དེ་ཉིད་དུ་བཅུག་སྟེ། དེ་ལས་བྱུང་བའི་རྣམ་པར་སྣང་མཛད་ལ་སོགས་པ་ཞལ་གསུམ་ཕྱག་དྲུག་པ་སེམས་དཔའ་གསུམ་གྱི་བདག་ཉིད་དཀྱིལ་འཁོར་པ་མ་ལུས་པར་བཀོད་པར ་བསམས་ཏེ། སྙོམས་པར་ཞུགས་པའི་དབང་གིས་ཞུ་ཞིང་བྱང་ཆུབ་ཀྱི་སེམས་ཀྱི་དཔའ་རླབས་སུ་གྱུར་པར་བསྟས་ཏེ། དེ་ལ་ཡི་གེ་ཧཱུཾ་སྔོན་པོ་དགོད་ཅིང་དེ་སྦྱངས་པར་བྱས་ལ་དག་གི་དབང་ཕྱུག་གི་ས་བོན་གྱི་སད་པ་ནི། ་གཡས་དང་གཡོན་དུ་བཀོར་པས་ཡི་གེ་ཨོཾ་དགོད་ཅིང་འོད་ཟེར་ལྔ་འཕྲོ་བར་བསམས་ལ། །དེ་ཉིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཞུགས་ཤིང་བདུད་རྩི་སྒྲུབ་པ་བསྒོམ་མོ། །དེ་ཉིད་ཀྱི་ཕྱིར་འདི་ནི་བཟའ་བ་སྒྲུབ་པ་སྟེ། བདུད ་རྩི་ལྔའི་ཁ་ཟས་སྒྲུབ་པའོ། །དེ་ནས་ལྐོག་མའི་ཕྱོགས་སུ་ཧྲཱི་དམར་མོ་ཡོངས་སུ་གྱུར་པ་ལས་པདྨ་འདབ་མ་བརྒྱད་པ་དམར་པོ་བསམས་ཏེ་།དེའི་ལྟེ་བར་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་མོ་ལྔ་པ་བསམས་ལ། དེའི་རྩེ་མོ་དབུས་མ་ལ་ཡི་གེ ་ཨོཾ་བཀོད་ཅིང་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀར་རཾ་ལས་སྐྱེས་པའི་གྲུ་གསུམ་གྱི་དབུས་སུ་ཁ་དོག་དམར་པོའི་ལྕེ་གསུམ་སྤྲོ་བའི་སྤྲིན་སྒྲ་བསམས་ཏེ། ཁ་ནི་མེ་ཐབ་དང། ལག་པ་གཡོན་པ་དང་གཡས་པ་ནི་དགང ་གཟར་དང། བླུགས་གཟར་ཏུ་བསམས་པའི་ཆོ་ག་བཞིན་དུ་ཡི་གེ་དགོད་པ་བསམས་ཏེ། བདུད་རྩིའི་སྣོད་བླངས་ཏེ། ཨོཾ་སྭ་བྷཱ་བ་ཤུདྷཱ། སདྷ་རྨམ་སྭ་བྷཱ་བ་ཤུདྡྷོཉ་ཧཾ་ཞེས་བྱ་བ་འདིས་རང་བཞིན་དག་པར་ལྷག་པར་སྨོས་ཏེ། ་དཀྱིལ་འཁོར་པ་རྣམས་ལ་སུམ་ཅུ་གཉིས་ཀྱི་ཐིགས་པ་སྲིན་ལག་དང་མཐེ་བོ་དག་གིས་ཕུལ་ལ། དག་གི་པདྨའི་ལམ་ནས་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀའི་མེ་ལ། །བསྲེགས་པར་བྱའོ། །དེ་ནི་ནང་གི་སྦྱིན་སྲེག་གོ།། ་དེ་དུས་བརྩམས་ཏེ་དེ་ནི་རྟོག་པ་མེད། །དེ་ཡི་ཁ་དོག་དབྱིབས་དང་མཚན་ཇི་བཞིན།། བསམ་གྱིས་མི་ཁྱབ་རྣམས་པར་སྨིན་པའི་སྐུ། །བྱ་བ་བྱས་པས་སྡོམ་པ་དེ་ལ་ཐོབ་ཅེས་རྡོ་རྗེ་ཧཱུཾ་མཛད་ཀྱི་སྒྲུབ་ཐབས་ལས་གསུངས་པའོ།། ་དེ་ཉིད་བཤད་པ། དང་པོ་ལྐོག་མར་པདྨ་བསམ། །དེ་ལ་ཡི་གེ་ཧཱི་ལས་བྱུང། འདབ་མ་བརྒྱད་པའི་པདྨ་ནི། ལྟེ་བའི་སྟེང་དུ་ཧཱུཾ་ཡིག་བསམས་ཤེས་མོས་ཏེ། །ལྐོག་མའི་པདྨ་ནི་ལྕེ་རྩའོ། །ཧྲཱི:ལས་བྱུང་ཞེས་བྱ་བ་ནི་ཁ་དོག་དམར་པོའི་ཧྲཱི:མས? ་བྱུང་བའོ། །པདྨ་འདབ་མ་བརྒྱད་པ་ནི་ངག་གི་རྣམ་པར་དག་པ་སྟེ། དག་གི་དབང་ཕྱུག་གི་མཚན་མ་ཡིན་པའི་ཕྱིར་རོ། །ལྟེ་པའི་སྟེང་དུ་ནི་པདྨའོ། །ཧཱུཾ་ནི་རྣམ་པར་ཤེས་པ་དང་བཅས་པ་ལྕེའི་དབང་པོ་བསྐྱེད་པའི་ཕྱིར་རོ། །དེ་ནས་ཅི་བྱ་ཞེས ་ན། བཤད་པ་ཧཱུཾ་ཡིག་ལས་བྱུང་རྡོ་རྗེ་ཆེ། །རྩེ་ལྔ་པ་ནི་རྣམ་པར་བསྒོམ། །ལྐོག་མ་སྦྱོང་བའི་ཡི་གེ་ཨོཾ། །དབུས་མའི་རྩེ་ཡི་རྩེ་མོར་དགོད་ཅེས་སྨོས་ཏེ། ཧཱུཾ་ཡིག་ལས་བྱུང་བ་ནི་ཁ་དོག་སྔོན་པོ་སྤྲིན་སྒྲ་ལས་བྱུང་བའོ། །རྡོ་རྗེ་ཆེ་ནི ་ལྕེའི་དབང་པོ་རྣམ་པར་དག་པའི་རང་བཞིན་ནོ། །རྩེ་ལྔ་ནི་བདུད་རྩི་ལྔ་མྱང་བའི་ཕྱིར་རོ། །དབུས་མའི་རྩེའི་རྩེ་ནི་རྡོ་རྗེ་ལྕེའི་རྩེ་མོའོ། །ཡི་གེ་ཨོཾ་ནི་འཇུག་པའི་རང་བཞིན་དགོད་པར་བྱའོ་ལྐོག་མ་སྦྱོང་བ་ཞེས་ཉེ་བར་བསྡུ་བའོ། །སྙིང ་ཀ་སྦྱང་བ་བཤད་པར་བྱ་སྟེ། སྙིང་ཀར་སྤྲིན་སྒྲ་བསམས་ནས་ནི། དེ་ལས་མི་ལྕེ་སྤྲོ་བར་བྱ། ཞེས་བྱ་བ་སྨོས་ཏེ་སྤྲིན་ནི་ཡི་གེ་ཧཱུཾ་སྟེ་ཁ་དོག་དང་སྒྲས་སྦྱིན་དང་འདྲ་བའི་ཕྱིར། །སྙིང་གར་ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀར་གྲུ་གསུམ་གྱི ་དབུས་སུའོ། །མེ་ལྕེ་ཞེས་བྱ་བ་ནི་མེ་ལྕེ་གསུམ་སྟེ། སྐུ་གསུང་ཐུགས་ཀྱི་རང་བཞིན་ནོ། །དེ་ལས་སྤྲོ་བ་ནི་གྱེན་དུ་སྤྲོ་བ་བསྒོམ་པར་བྱའོ། །ཚིམ་པའི་ཆོ་ག་བཤད་པར་བྱ་སྟེ། །དེ་ལས་བཟཱ་བ་བསྲེག་པ་ནི། །ནང་གི་སྦྱིན་སྲེག་འདི་ཡིན་ནོ་ཞེས་སྨོས་ཏེ། ་དེ་ལ་ནི་དམ་ཚིག་དང་ཡེ་ཤེས་སེམས་དཔའ་ཨི་ཞལ་ནས་སྤྲིན་སྒྲ་འབར་བའི་མེ་ལའོ། །བསྲེག་པ་ནི་དགང་བླུགས་དབུལ་པའོ། །དེ་བས་ན་ནང་གི་སྦྱིན་སྲེག་ནི་ཕྱིའི་ཏིལ་མར་ལ་སོགས་པ་ལ་མི་བལྟོས་པའི་ཕྱིར་རོ། །དེ་ནི་བཟའ་བ་དང་བཏུང་བའི་ཆོ་ ་གའི་སྒོ་ནས་ནང་གི་སྦྱིན་སྲེག་ཉིད་སྤྲོས་ནས་བཤད་པར་བྱ་སྟེ་།རླུང་གིས་མེ་ནི་སྦར་པ་དང། ཆུ་ཡིས་ཡོངས་སུ་སྨིན་པར་བྱེད། དབང་ཆེན་གྱིས་ནི་དཀྱིལ་འཁོར་གནས། །གང་དུ་སྲེག་བླུགས་ཡང་དག་གནས། །བཟའ་བ ་བཏུང་བ་གང་ཡང་རུང། །དེ་ཀུན་དེ་ནི་འཛིན་པར་བྱེད་ཅེས་སྨོས་ཏེ། འདིར་ལུས་པོ་འདི་ལ་དཀྱིལ་འཁོར་ནི་བཞི་སྟེ། སའི་དཀྱིལ་འཁོར་འཛིན་པའི་རང་བཞིན་གྲུ་བཞི་པ་གསང་བའི་གནས་སུའོ། །ཆུའི་དཀྱིལ་འཁོར་ཚིམ་པའི་རང ་བཞིན་སྙིང་ཀ་ནའོ། །མེའི་དཀྱིལ་འཁོར་འཚེད་པའི་རང་བཞིན་གྲུ་གསུམ་པ་ལྐོག་མ་ནའོ། །རླུང་གི་དཀྱིལ་འཁོར་འབུད་ཡིད་རང་བཞིན་གཞུའི་དབྱིབས་ཅན་དེ་ལྟེ་བ་ནའོ། །དེ་ལ་བཟའ་བ་དང། བཏུང་བའི་དུས་སུ་བཟའ་བ་དང། གཏུང་བ ་ལ་སོགས་པ་སྔར་བཀོད་པའི་རིམ་ཀྱིས་བདུད་རྩི་ལྔར་བྱས་ལ། ཁའི་པདྨར་ཞུགས་ཏེ། གསང་བའི་པདྨ་ལ་གནས་པའི་སའི་ཁམས་ཀྱི་རང་བཞིན་གྱི་དཀྱིལ་འཁོར་གྱིས་འཛིན་ལ། ལྟེ་བའི་པདྨ་ལ་གནས་པའི་རླུང་གི་དཀྱིལ ་འཁོར་གྱིས་ལྐོག་མར་གནས་པའི་མེའི་དཀྱིལ་འཁོར་འབུད་ལ། སྙིང་ག་ན་གནས་པའི་ཆུའི་དཀྱིལ་འཁོར་ལྷན་ཅིག་བྱེད་པའི་རྒྱུའི་རང་བཞིན་གྱིས་འཚེད་པར་བྱས་ལ། རྩ་རྒྱུད་ཐམས་ཅད་ལ་ཀུན་ཏུ་སྦྱང་པའི་རིམ་གྱིས་ཁྱབ་ཅིང ་ཚིམ་པར་བྱའོ། །དེ་ཉིད་བཤད་པར་བྱ་སྟེ། ཁ་ཡིས་པདྨར་བཟའ་བ་ནི། །སྙིང་གའི་པདྨར་ཡང་དག་འཇུག་།ལྟ་བའི་པདྨར་གནས་པ་ནི། ཁར་སྦྱར་སྦྱོར་བའི་བྱེད་པ་ཡིས། །གསང་བའི་པདྨ་ལས་བྱུང་བའི། །མཛའ་མར་ཐལ་བར་ངེས ་པར་བསྟན་ཞེས་སྨོས་ཏེ། དེ་ལ་ཁའི་པདྨ་ནི་ལྐོ་མའི་མེའི་དཀྱིལ་འཁོར་གྱི་རང་གཞིན་དེས་བཟའ་བ་ལ་སོགས་པ་བཟའ་བར་བྱ་སྟེ། དེའི་ཚེ་འོད་དཔག་ཏུ་མེད་པའི་ང་རྒྱལ་བྱའོ། །སྙིང་གའི་པདྨ་ནི་ཆུའི་དཀྱིལ་འཁོར་ལ་འཇུག་པ ་ནི་དེའི་ཚེ་མི་བསྐྱོད་པའི་ང་རྒྱལ་བྱའོ། །ལྟེ་བའི་པདྨ་ནི་རླུང་གི་དཀྱིལ་འཁོར་ཏེ། དེ་ལ་གནས་པ་ན་དེའི་ཚེ་དོན་ཡོད་གྲུབ་པའི་ང་རྒྱལ་བྱའོ། །ཐ་དད་པའི་གནས་ལ་གནས་པའི་བཟའ་?་བ་ལ་སོགས་པ་ཇི་ལྟར་འཚེང་བར་འགྱུར་ཞེ་ན། སྨྲས་པ་ཁོ་སྦྱོར ་བྱེད་པའི་སྦྱོར་པ་ཡིས་ཞེས་བྱ་བ་ནི་རླུང་དང་མེ་ནི་ཐ་དད་པའི་ཕྱོགས་ལ་གནས་པ་ཡིན་ན། ངོ་བོ་ཉིད་ཀྱི་གམ་ན་གནས་ལ་བཞིན་ནོ། །དེ་ལྟར་དབང་ཆེན་དང་ཆུ་དག་ལ་ཡངས་ཤེས་པར་བྱའོ། །ཁ་སྦྱོར་བྱེད་པ་ནི་མེ་དང་རླུང་དག་གིས་སྦར་པ་དང། ་སྨིན་པའི་དོན་དུའོ། །ས་དང་ཆུ་དག་ལས་འཛིན་པ་དང། སྨིན་པ་ལ་ལྷན་ཅིག་བྱེད་པ་ཉིད་ཤེས་པར་བྱའོ། །གསང་པ་ནི་པདྨ་འམ་བཤད་སྒོའི་ལམ་ནས་འབྱུང་ཞིང་ཕྱི་རོལ་ཏུ་ཕྱུང་ལ་ཐལ་བར་ངེས་པར་བསྟན་པ་ནི་མེའི་ལས་བྱས་ནས་ཐལ ་བའི་རང་བཞིན་གྱིས་བཤད་པ་དང། གཅི་པ་གཏང་བར་བྱའོ། དེའི་ཚེ་རྣམ་པར་སྣང་མཛད་ཀྱི་ང་རྒྱལ་བྱའོ། །སྣང་གི་སྦྱིན་སྲེག་གི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། རྒ་བ་མ་ཡིན་ན་བ་མན་ནི། འཆི་བ་མ་ཡིན་དུག་སོགས་མིན། དེ་ནི་དུས ་མིན་འཆི་བ་མིན། འཚེ་བ་ཐམས་ཅད་རྣམས་འཇོམས་པའོ་ཞེས་སྨོས་ཏེ། རྒས་པ་ནི་རྒས་པ་ཉིད་དེ་སྐྲ་དང་ཁ་སྤུ་དཀར་བ་དང། ལྤགས་པ་ཀུམ་པ་ཉིད་དོ། །ནང་ནི་རིམས་ལ་སོགས་པའོ། །འཆི་བ་ནི་སྲོག་གི་དབང་པོ་འགགས་པས་སྲོག ་ལ་སྲོགས་པ་མི་རྒྱ་བའོ། །དུག་ནི་བརྟན་པ་དང་གཡོ་བ་ལ་སོགས་པ་བྱས་པའི་ཉེས་པའོ། །དུས་མིན་འཆི་བ་ནི་གཞོན་པའི་དུས་སུ་འཆི་པའོ། །འཚེ་བ་ཐམས་ཅད་ནི་གདོན་ལ་སོགས་པ་རྣལ་འབྱོར་པ་དེ་ལ་མེད་དེ་བདུད་རྩི་མྱང་བའི་ཕྱིར་རོ ་ཞེས་ཕན་ཡོན་ཏེ། ཡན་ལག་དགུ་པའོ། །དེ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་སྒྲུབ་ཐབས་ལས་བསྡུས་དེ། ལྷག་མ་ཡན་ལག་གསུམ་བྲི་བར་བྱའོ། །འདིར་གཞལ་བྱ་ཙམ་གཙོ་བོ་ཡིན་པས་གཞུང་མཁན་གྱིས་མ་བསྟན་ནོ། །འདིར་ཚིགས་སུ་བཅད་པ་ནི། ་དཀྱིལ་འཁོར་གྱི་འཁོར་ལོ་ལ་མཆོད་ཅིང། དེ་ནས་གཏོར་མ་གཏང་བར་བྱ། །དེ་རྣམས་གཤེགས་སུ་གསོལ་བྱས་ནས། །ཕྱི་ནས་ཅི་བདེར་ཉལ་བར་བྱ། །འདི་ནི་མདོར་བསྟན་པ་སྟེ། དང་པོ་དཀྱིལ་འཁོར་ཀྱི་འཁོར་ལོ་ལ ་མཆོད་པ་བྱས་ནས་ཕྱིས་ནས་གཏོར་མ་གཏང་བྱ་སྟེ། གཤེགས་སུ་གསོལ་ཞིང་ཉལ་བར་བྱའོ། །རྒྱས་པར་བཤད་པ་ནི། །ཕྱི་དང་ནང་གི་དབྱེ་བ་དང། གསང་བ་ཡིན་ནི་དབྱེ་བ་དང། དེ་བཞིན་བླ་མེད་དབྱེ་བ་ཡིས། མཆོད་པ་རྣམ་པ་བཞི ་རུ་འདོད་སྟེ་དོན་གསལ་ལོ། །ཡང་བཤད་པ་ནི། ཕྱི་ནི་མཆོད་པ་ལྔ། ནང་ནི་ལྕགས་ཀྱུ་སྒྲོན་མ་སྟེ་།ཕྱག་རྒྱའི་སྦྱོར་བ་གསང་བ་ནི། བླ་མེད་རྣམ་པ་བདུན་དུ་འདོད་ཅེས་སྨོས་ཏེ། དེ་ལ་ཕྱིའི་ནི་མེ་ཏོག་དང། སྤོས་དང། མར་མེ་དང། དྲི་དང་ལྷ་བཤོS ་ཏེ་རྣམ་པ་ལྔའོ། །ནང་གི་ནི་ལྕགས་ཀྱུ་ལྔ་སྟེ་།གོ་ཀུ་ད་ཧ་ནའོ། །སྒྲོན་མ་ལྔ་སྟེ། མར་བ་ཤུ་མུའོ། །ཕྱག་རྒྱ་ནི་གསུམ་ཏེ། ལས་དང་དམ་ཚིག་དང་ཡེ་ཤེས་ཀྱི་ཕྱག་རྒྱའོ། །དེའི་སྦྱོར་བ་ལས་སྐྱེས་པའི་གསང་བ་ནི་སྙོམས་པར་འཇུག་པའི་མཚན ་ཉིད་དོ། །བླ་ན་མེད་པའི་མཆོད་པ་ནི་བདུན་ཏེ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་པ་དང། སྡིགས་པ་བཤགས་པ་དང། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང། ལམ་ལ་གནས་པ་དང། བདག ་ཉིད་གཡལ་བ་དང། བསོད་ནམས་བསྔོ་བའི་མཚན་ཉིད་དོ། །དེ་རྣམས་ཀྱི་ཆོ་ག་རིམ་ཀྱིས་བཤད་པར་བྱ་སྟེ་།རེ་ཞིག་དང་པོ་རྣལ་འབྱོར་པ་སྣོད་མཛེས་ཀྱི་རྒྱལ་པོའི་ཏིང་ངེ་འཛིན་དང་ལྡན་པས་གཙུག་ལག་ཁང་དམ། ཀུན་དགའ་ར་བ ་འམ།?་གྲོང་ངམ་གྲོད་རྡལ་ལམ། རྒྱ་མཚོའི་འགྲམ་དུ་འཇམ་པ་དང། སྣུམ་པ་དང་ཁ་དོག་དཀར་པོའི་ས་ཕྱོགས་སུ་དངོས་གྲུབ་ཀྱི་དབྱེ་བས་པུས་མོ་དང། ལྟེ་བ་དང་རྐེད་པ་ཙམ་བརྐོས་ལ། ཐལ་བ་དང། རུས་པ་དང། ཟུག་རྡུ་དང་རྡོ་དང། ་མི་གཙང་པའི་རྫས་རྣམས་རྟོན་ཏེ། ཁུང་བུ་ཡང་ཆུས་བཀང་བར་བྱས་ལ། རྡོ་རྗེ་ཤུགས་ཀྱིས་གོམ་པ་བརྒྱར་སོང་སྟེ། ལོག་ནས་གལ་ཏེ་ཆུ་དེ་དེ་བཞིན་དུ་གནས་ན་དེའི་ཚེ་འདི་ནི་ཞིང་བདག་མེད་པ་ཞེས་རྟོགས་པར་བྱའོ། །གང་གིས་ཚེ་ཆུ་ནང་དུ་ཐིམ ་ན་དེའི་ཚེ་ཞིང་བདག་དང་ལྡན་པའི་ས་འདི་ཡིན་ནོ། །ཞེས་སྔགས་དང་ཕྱག་རྒྱས་དེ་ལ་གཏོར་མ་གཏང་ངོ། །དེ་ནི་དེ་བསྐྲད་པར་འགྱུར་རོ། །སྔགས་ནི་ཨོཾ་ཛཱུཾ་སྭཱཧཱ་རྡོ་རྗེ་ཁུ་ཚུར་གཉིས་བརྡུང་བའི་ཚུལ་བརྡེག་པ་ནི་ཞིང་སྐྱོང་བསྐྲད་པའི་ཕྱག་རྒྱ་སྟེ། ས ་བརྐོ་བའི་ཆོ་གའོ།། །།དེ་ནས་དྲིལ་ལམ་གྱིས་གཞན་བདུད་རྩི་ལྔའི་ཆུ་དང་ལྡན་པས་ཁུང་བུ་བཀང་བར་བྱ། བདུད་རྩི་འཁྱིལ་བ་ཟླས་པའི་ཐོ་བས་བརྟན་པར་བརྡུངས་ལ། དེའི་ནང་དུ་ཨིནྡྲ་ནཱི་ལ་དང། མརྒོད་དང། པདྨ་རཱ་ག་དང། བཻ་ཌཱུརྱ ་དང། ཤེལ་ཏེ། མེ་ཏོག་དང། གླ་རྩི་ལ་སོགས་པ་དང་ལྡན་པ། ཟམ་ཏོག་ལ་གནས་པ་བཞག་པར་བྱའོ། །ཞེས་གཏེར་གཞུག་པའི་ཆོ་གའོ།། །།དེ་ནས་གནོད་མཛེས་ཀྱིས་བཟླས་པ་འམ། བདུད་རྩི་འཁྱིལ་པས་བཟླས་པའི་བདུད ་རྩི་ལྔ་དང་ལྡན་པའི་དྲི་ཞིམ་པའི་ཆུས་དཀྱིལ་འཁོར་ཀྱི་ས་གཞི་ཀུན་ཏུ་ཁྲུ་བཅུ་གཉིས་པ་འམ། ལོགས་རེ་རེ་ལ་ཁྲུ་གཉིས་ཡོད་པ་བྱུགས་ཏེ། མེ་ཏོག་དགྲམ་ཞིང་དབུས་ཀྱི་ཆ་ལས་བྱུང་བ་ལུས་ཕྱེད་མི་མངོན་པ་ཁ་དོག་སེར་མོ་ཞལ་ཅིག་ཕྱག་གཉིས ་བརྒྱན་ཐམས་ཅད་ཀྱིས་བརྒྱན་པ། ལག་པ་གཉིས་ཀྱིས་རིན་པོ་ཆེས་བཀང་བའི་གསེར་གྱིས་བུམ་པ་བསྣམས་པ་སའི་ལྷ་མོ་བསྒོམས་ཏེ། ཐལ་མོ་སྦྱར་ཞིང་དེ་ལ་གསོལ་བ་གདབ་པར་བྱའོ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱིས། །སྤྱོད་པའི ་ཚུལ་གྱི་ཆོ་ག་དང། ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། ཁྱོད་ནི་སེམས་ཅན་ཀུན་གྱི་མ། ཁྱོད་ནི་ཁམས་གསུམ་པ་ཡི་གཞི། །ཁྱོད་ནི་མངོན་སུམ་ལྷ་མོ་སྟེ། བདག་ལ་དགྱེས་པར་མཛད་དུ་གསོལ། །ཆེ་གེ་མོ་ཞེས་བདག ་སྔགས་པ། །ཐུགས་ཀྱི་རྡོ་རྗེ་དཀྱིལ་འཁོར་མཆོག། །།ཁྱོད་ནི་ཀུན་ཏུ་དཔང་བྱས་ནས། །ནང་པར་དཀྱིལ་འཁོར་བྲི་བར་བྱ། །ཞེས་ཞུས་ཏེ་མཆོད་པ་རྣམ་པ་ལྔས་མཆོད་པ་སྦོས་དང་དྲིལ་བུའི་སྒྲས་།ཁྱོད་ཀྱི་སེམས་ཅན ་དོན་ཀུན་མཛད་ཅེས་བྱ་བ་ལ་སོགས་པས་གཤེགས་སུ་གསོལ་ཏོ། །དེ་ཉིད་དུ་ཐིམ་པར་བསམ་མོ་ཞེས་ས་གཞི་གཟུང་བའི་ཆོ་གའོ།། །།དེ་ནས་དེའི་དབུས་སུ་ཧཱུཾ་ལས་བྱུང་བའི་ཆོས་འབྱུང་བའི་ཕྱག་རྒྱ་བསྒོམས་ཏེ། དེའི་སྟེང ་དུ་ཡ་ར་ལ་ལྔའི་ས་བོན་ཡོངས་སུ་གྱུར་པ་ལས་སྔར་བཤད་པའི་རིམ་གྱིས་རླུང་ལ་སོགས་པའི་དཀྱིལ་འཁོར་བསྒོམས་ལ་དེའི་སྟེང་དུ་ཧྲཱི:ལས་བྱུང་བའི་པདྨ་འདབ་མ་བརྒྱད་པ་དམར་པོའི་མཆོད་རྟེན་གྱི་ལྟ་བར་སུམ་ལས་སྐྱེས་པའི ་མཆོད་རྟེན་གྱིས་བུམ་པའི་ནང་དུ་བྷྲུཾ་ལས་སྐྱེས་པ་རྣམ་པར་སྣང་མཛད་ཀུན་ཏུ་ཞལ་ཡོངས་སུ་གྱུར་པ་ལས་སྔ་མ་བཞིན་དུ་གཞལ་ཡས་ཁང་བསྒོམས་ཏེ། དེའི་དབུས་སུ་སྣ་ཚོགས་པདྨ་དང། ཉི་མའི་གདན་བཀོད་ལ་དེའི་ནང་ནས་ཅིག་ཅར ་དུ་བྱུང་བ་མི་བསྐྱོད་པའི་དཀྱིལ་འཁོར་བལྟས་ཏེ། མཆོད་པ་རྣམས་པ་ལྔས་མཆོད་ཅིང་གཤེགས་སུ་གསོལ་ལ། །དྲིའི་ཐིག་ལེ་བྱས་ནས་མཆོད་ཅིང་བཞག་པར་བྱའོ་ཞེས་ཡེ་ཤེས་ཀྱི་ས་གཞི་བསྒྲུབ་པའི་ཆོ་གའོ། །དེ་ནས་ཧ་ལས་བྱུང ་བ་སྣ་ཚོགས་རྡོ་རྗེ་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་ས་གཞི་དང་སྟེང་དུ་རྡོ་རྗེའི་བླ་རེ་དང། ཕྱོགས་ཀུན་ཏུ་རྡོ་རྗེའི་ར་བ་དང། དྲ་བ་དང་མདའི་དྲ་བ་དང། མེ་འོད་དེ་རིགས་དྲུག་གི་རང་བཞིན་བཅིང་བར་བྱ་བ་ནི་བསྲུང་བའི་འཁོར་ལོའི་ཆོ་གའོ། །ཞག་གཉིས ་པ་ལུ་ཀུ་ཤའི་སྟན་ལ་འདུག་སྟེ། དགེ་བ་དང་མི་དགེ་བ་མཐུན་པའི་མཚན་མ་མཐོང་བས་བགེགས་བསྐྲད་པའི་དོན་དུ་བཞི་ཆས་སྦྱིན་སྲེག་བྱས་ལ། ལས་ཐམས་ཅད་པ་བཟླས་པའི་ཆུས་ས་གཞི་ལ་བསང་གཏོར་བྱས་སྟེ། །བགེགས ་ཞི་བའི་ཆོ་གའོ། །ཞག་གསུམ་པ་ལ་རྡོ་རྗེ་ཧཱཾ?་མཛད་ཀྱི་རྣལ་འབྱོར་གྱིས་ཕྱོགས་བཅུའི་བརྒྱ་བྱིན་ལ་སོགས་པ་འཇིག་རྟེན་སྐྱོང་བ་རྣམས་གནོད་མཛེས་ཀྱིས་བཀུག་ནས་སྟེ། རང་རང་གི་གནས་སུ་བཞག་ལ་རྐང་པའི་འོག་ཏུ་དགོད་པ་ཡི་གེ་ཧཱུཾ ་ལས་བྱུང་བ་རྡོ་རྗེ་ལྕགས་ཀྱུ་ཅན་གྱི་རྣལ་འབྱོར་པ་རྡོ་རྗེ་དང་དྲིལ་བུ་ཐོགས་པ་ཁྲོ་བོའི་ཚིག་གིས་ཁྲོ་བོའི་སྔགས་བཟླས་པ་དཀྱིལ་འཁོར་གྱིས་ཕྱོགས་དང། མཚམས་སུ་གཡས་བརྐྱང་བ་དང། གཡོན་བརྐྱང་བ་དང། རྐང་པ་མཉམ་པ་དང། རྐང་པ ་མི་མཉམ་པ་ལ་སོགས་བ་རྐང་པའི་ཚུལ་དང། ཐལ་མོ་སྦྱོང་པ་དང། པདྨ་བཅིངས་པ་དང། རྡོ་རྗེ་ཁུ་ཚུར་དང། མཆོག་སྦྱིན་པ་དང། ཏིང་ངེ་འཛིན་དང། མི་འཇིགས་པ་དང། ས་གནོན་ལ་སོགས་པའི་ལག་པའི་ཕྱག་རྒྱ་དང། སྟེང་དུ་ལྟ་བ་དང། འོག་ཏུ ་བལྟ་བ་དང། གཡོན་དང། གཡས་དང། དལ་བུས་བལྟ་པ་དང། ནང་དུ་ལྟ་བ་དང། མི་དམིགས་པ་ལ་སོགས་བལྟ་བའི་ཕྱག་རྒྱ་དང། དྲུག་ལྡན་དང། ཁྱུ་མཆོག་ཧཱུཾ་དང། ས་འཛིན་དང། བར་མ་དང། ལྷ་དང་ལྔ་པ་དང། གདུག་པ་ལ་སོགས་པ་དབྱངས ་ཀྱི་ཁྱད་པར་གྱིས་གླུ་ལེན་པས་དཀྱིལ་འཁོར་གྱིས་ས་གཞི་ཀུན་ཏུ་བསྐོར་ནས་ཤར་ཕྱོགས་སུ་ཁ་བལྟས་པས་འདུག་སྟེ། བར་སྣང་ནམ་མཁའ་ཨི་དེ་བཞིན་གཤེགས་པ་ལ་མཆོད་ཅིང་གུར་ཀུམ་ལ་སོགས་པས་བྱུགས་པའི་ས་དཀར་པོས་དཀྱིལ་འཁོར ་བཀབ་པར་བྱ་བ་ནི། དཀྱིལ་འཁོར་གྱི་ས་གཞི་ལ་བྱིན་གྱི་བརླབས་པའི་ཆོ་གའོ།། །།ཞག་བཞི་པ་ལ་རིན་པོ་ཆེ་འམ། འབྲུ་གསུམ་ཁམས་ལ་བྱུང་བ་ཅི་ནུས་པས་རྣམ་པ་ལྟའི་རྡུལ་ཚོན་བླངས་ལ་སངས་རྒྱས་ལྔའི་སྔགས་ཀྱིས་བསང ་གཏོར་བྱ་ཞིང་དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་ཀྱིས་དེ་བཞིན་གཤེགས་པ་བཀུག་ཅིང་དེ་ཉིད་དུ་བཅུག་ལ། དཀྱིལ་འཁོར་གྱི་ཤར་ཕྱོགས་ཀྱི་སྒོའི་ལྷོ་ཕྱོགས་སུ་བཞག་ལ། བུ་མོས་སྒྲིལ་བའི་ཚོན་སྐུད་ལྔ་ཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨམ་ཞེS ་བྱ་པའི་སྔགས་གསུམ་གྱིས་བསྒྲིལ་ཏེ། སྣལ་མ་ལས་བྱུང་བའི་འོད་ཟེར་གྱིས་བར་སྣང་གི་ནམ་མཁའ་ལས་དེ་བཞིན་གཤེགས་པ་བཀུག་ཅིང་བཅུག་ལ་རྡོ་རྗེའི་ཐིག་སྐུད་རྫོགས་ཤིང། ཨཱ་ཁཾ་པཱི་རཱ་ཧཱུཾ་ཞེས་བྱ་བའི་སྔཌ? ་ཀྱིས་ཁ་སྦྱོར་གྱི་ནང་དུ་བྱིན་གྱིས་བརླབས་བདག་ཉིད་མི་བསྐྱོད་པ་དང། ཕྱག་རྒྱ་མཱ་མ་ཀཱིར་དམིགས་ལ། དེ་མེད་ན་སློབ་མ་བདུད་རྩི་འཁྱིལ་པ་འམ། རྡོ་རྗེ་སེམས་དཔའ་བསམ་ལ་།སློབ་དཔོན་དང་སློབ་མ་ངག་གི་ནམ་མཁའ་ལ་ཐག? ་བཏབ་ཅིང་ཆངས་པའི་ཐིག་གཉིས་གདབ་པར་བྱའོ། །དེ་ནས་མེའི་མཚམས་ནས་བརྩམས་ཏེ། གཡས་སུ་བསྐོར་པས་ཐིག་གདབ་པོ། །ཆ་ཆེན་པོ་བཅུ་དྲུག་ཐིག་གདབ་ཅིང་ཕྱི་དང་ནང་གི་དཀྱིལ་འཁོར་ཕྱིར་ཕྱེད་དུ་བྱས་ལ། ནང་གི་ཕྱིར ་ལ་ཆ་ཆེན་པོ་བཞི་ལ་ཆ་གསུམ་དུ་བྱས་ཏེ། རྡོ་རྗེ་གུར་ནི་ཆ་ཆུང་བཞི་དང་ལྷག་མ་ཆ་ཆེན་གསུམ་གྱི་ཆ་ཆུང་བཅུ་གཉིས་ཀྱིས་རེ་མིག་དགུ་འབྱུང་ངོ། །ཆེན་པོ་གཅིག་གིས་མཆོད་པའི་ལྷ་མིའི་རེ་མིག་གི་ཐིག་གདབ་པར་བྱའོ། །ཆ་ཆུང ་གསུམ་དང་ཆ་ཆུང་གཅིག་གིས་བྱང་ཆུབ་སེམས་དཔའ་ཨི་གནས་དང། རྡོ་རྗེ་ར་བའི་ཐིག་གདབ་པར་བྱའོ། །ཕྱོགས་གཉིས་པ་ལ་ཡང་དེ་བཞིན་ནོ། །ཕྱིའི་ཆ་ཆེན་པོ་ལ་བརྒྱད་དེ། དེ་ལ་ཕྱོགས་གཅིག་གི་ཆ་ཆེན་པོ་བཞི་ལ་ཆ་ཆུང་བཅུ་དྲུག་ཡིན ་ཏེ་དེ་ཕན?་ཙོ་རེ་ཁཱ་ལ་ཆ་ཆུང་གཅིག་དང། འདོད་ཡོན་ལ་གཉིས་དང། རིན་ཆེན་ཕ་གུ་ལ་གཅིག་དང། དྲ་བ་དང། དྲ་བ་ཕྱེད་པ་ལ་གཉིས་སོ། །གཡེར་ཁའི་དྲ་བ་ལ་གཅིག་དང་བཅུ་གཅིག་རྡོ་རྗེ་ལ་གཅིག་དང། རྟ་བབས་ལ་བཞི་དང། ་པདྨ་ལ་གཅིག་དང། འཁོར་ལོ་ལ་གཉིས་དང། གདུགས་ལ་གཅིག་གོ་།རྡོ་རྗེ་ར་བ་དང་མེ་འོང་ནི་ཆ་ཆུང་གསུམ་དུ་ཐིག་གདབ་པར་བྱ་སྟེ། མཛེས་པའི་ཕྱིར་རོ། །འདིར་ཐིག་སྐུད་ཆད་པ་ལ་སོགས་པའི་ཉེས་པ་བྱུང་ན་བགེགས ་གཏོར་དང། ཞི་བའི་སྦྱིན་སྲེག་བྱ་སྟེ། གཞན་དུ་ནི་མ་ཡིན་ནོ་ཞེས་ཐིག་གདབ་པའི་ཆོ་གའོ། །དེ་ནས་སྔར་ལྷག་མར་གནས་པར་བྱས་པའི་རྡུལ་ཚོན་བདུད་རྩི་འཁྱིལ་བ་བཟླས་པའི་སྒྲུབ་པོས་ལག་བ་གཡོན་པས་དབང་ལྡན་གྱི་ཕྱོགས ་ནས་བརྩམས་ཏེ་རྡུལ་ཚོན་དགྱེ་བར་བྱའོ། །སྣ་ཚོགས་པདྨ་དང། ཟླ་བ་དང། ཉི་མའི་གདན་བྲིས་ལ་དབུས་རྡོ་རྗེ་ནག་པོའི་ཕྱག་རྒྱ་བྲིའོ། །ཤར་ལ་སོགས་པའི་རེ་མིག་ལ་འཁོར་ལོ་དང། རིན་པོ་ཆེ་དང། པདྨ་དང། སྣ་ཚོགས་རྡོ་རྗེ་?་དང ་མེའི་ཚམས་ལ་སོགས་པའི་རེ་མིག་ལ། མིག་དང་རྡོ་རྗེ་དང། པདྨ་དང། ཨུཏཔ་ལ་བྲི་བར་བྱའོ། །ཕྱིའི་མིའི་མཚམས་སུ་མེ་ལོང་དང། བདེན་བྲལ་དུ་པི་ཝང་དང། རླུང་དུ་དུང་པོར་དང། དབང་ལྡན་ལ་རོའི་སྣོད་དོ། །བྱང་ཆུབ་སེམས་དཔའ་ཨི་སྣམ་བུ་རྣམས་ལ་རིམ ་པ་ཇི་ལྟ་བ་བཞིན་དུ་འཁོར་ལོ་དང། ནཱ་ག་གེ་ས་རའི་ཡལ་ག་དང། རྡོ་རྗེ་དང། རིན་པོ་ཆེ་དང། པདྨ་དང་རལ་གྲི་དང། ཡང་རལ་གྲི་དང། སྣ་ཚོགས་རྡོ་རྗེ་བྲིའོ། །སྒོ་དང་མཚམས་རྣམས་སུ་དབྱུག་ཏེ?་དང། དབྱུག་པ་དང། པདྨ་དང་རྡོ་རྗེ་དང། ལྕགས་ཀྱུ ་དངར་དབྱུག་པ་དང། རྩེ་གསུམ་དང། རལ་གྲི་རྣམས་བྲིའོ། །འོག་ནས་སྟེང་དུ་ནི་རྡོ་རྗེ་དང་འཁོར་ལོ་བྲིའོ། །ཁ་ཅིག་ན་རེ་སྟེང་དུ་ནི་རིན་པོ་ཆེ་ནི་གཙུག་ཏོར་བྲིའོ། །ལྟག་པ་དང་མཚང་པའི་ཉེས་པ་དང་བྲལ་བའི་དཀྱིལ་འཁོར་གསལ་པོ་བྲི་བར་བྱ་སྟེ། རྡུལ ་ཚོན་དགྱེ་བའི་ཆོ་གའོ། །ཞག་ལྔ་པ་ལ་བུམ་པ་སུམ་ཅུ་རྩ་གཉིས་དང། ལས་ཐམས་ཅད་པའི་བུམ་པ་བསྡུ་བར་བྱ་སྟེ། ཆ་ཚོགས་ན་དེ་བཞིན་གཤེགས་པ་ལྔ་དང། ལྷ་མོ་བཞིའི་བུམ་པ་དང་ལས་ཐམས་ཅད་པའི་བུམ་པ་མང་བསྡུ་སྟེ། བཅུ་ལས ་ཉུང?་བར་མི་བྱའོ། །ཞེས་གསུངས་པའི་ཕྱིར། །དེ་རྣམས་ཀྱང་ལོ་མས་ཁ་བརྒྱན་པ། དར་གྱིས་བཙིངས་པ་མགྲིན་པ་རིང་བ། ལྟོ་བ་ཚ་ཞིང་རྩ་བ་དང་ནག་ནོམ་མེད་པ་རང་རང་གི་མཚན་མ་འམ་ཡིག་འབྲུས་མཚན་པ། དྲི་ཞིམ་པའི་ཆུས་གང་ལ། ?་དང་ ་རིན་ཆེན་དང། སྨན་གྱིས་སྙིང་པོ་ཅན་བདུད་རྩི་ལྔ་དང་ལྡན་པ། དཀྱིལ་འཁོར་གྱིས་གཡས་ཕྱོགས་སུ་རྡོ་རྒྱས་ཀྱིས་བྲིས་པའི་སྣ་ཚོགས་རྡོ་རྗེའི་སྟེང་དུ་དཀྱིལ་འཁོར་གྱི་རིམ་པས་བཞག་ཅིང་མེ་ཏོག་དོར་བར་བྱའོ། །རྣམ་པར ་རྒྱལ་བའི་ནང་དུ་ཨོཾ་ཧཱུཾ་ལས་སྐྱེས་པ། ཟླ་བ་དང་རྡོ་རྗེ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་ཞལ་གསུམ་ཕྱག་དྲུག་པ་སྤྲོས་པ་དང་བསྡུ་པའི་རིམ་གྱིས་དེ་བཞིན་གཤེགས་པ་འཇུག་པ་སྔོན་དུ་འགྲོ་བ་སྐྱེད་ལ། ལྷག་མ་རྣམས་ལ་དེ ་བཞིན་དུ་དཀྱིལ་འཁོར་བ་རྣམས་བཀྱེད་ཅིང་ལས་ཐམས་ཅད་པའི་བུམ་པ་ལ་ཡང་བདུད་རྩི་འཁྱིལ་པས་སྡིགས་མཛུབ་དང། རྡོ་རྗེ་གསོར་བར་བྱེད་པར་བསམས་ཏེ། རང་གི་རིག་གི་མ་དང་གཉིས་སུ་མེད་པས་ཞུ་བར་བསམ་མོ།། ་དེ་ནས་རེ་རེ་ལ་བཛྲ་དྷྲིཀ་ཅེས་བྱ་བ་ལ་སོགས་པའི་སྔགས་བརྒྱ་རྩ་བརྒྱད་ཀྱིས་མངོན་པར་སྔགས་ལ་མཆོད་པ་རྣམ་པ་ལྔས་མཆོད་ཅིང་གཏོར་མ་གཏང་སྟེ། རས་དམར་པོས་དགབ་པར་བྱའོ། །ཞེས་བུམ་པ་ལྷག་པར ་གནས་པའི་ཆོ་གའོ། །དེའི་འོག་ཏུ་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ལས་གསུངས་པའི་ཡེ་ཤེས་ཀྱི་ས་གཞི་དང། གཞལ་ཡས་ཁང་བསྒོམ་པས་དཀྱིལ་འཁོར་ལོ་བསྒོམས་ཏེ། སྣ་ཁུང་གཡས་པ་དང་གཡོན་པ་ལ་ཡེ་ཤེས་སེམས་དཔའ་ ་འཁོར་དང་བཅས་པ་རང་རང་གི་གནས་ལས་བྱུང་ཞིང། སྣ་ཚོགས་པདྨ་སུམ་ཅུ་དང་།ཟླ་བ་དང། ཉི་མའི་གདན་ལ་བཞུགས་སུ་གསོལ་ཞིང་ཐུགས་ཀའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་དགུག་ཅིང་བཅུག་ལ་རོ་མཉམ ་པར་གྱུར་པར་བལྟས་ཏེ། དཀྱིལ་འཁོར་ཀྱི་གཡས་ཕྱོགས་སུ་བཞག་པའི་ཨརྒྷ་དང། ཞབས་བསིལ་གྱི་སྣོད་དག་བླངས་ལ་རྡོ་རྗེའི་ཕྱག་རྒྱས་ཨརྒྷཾ་དང་ཞབས་བསིལ་ཕུལ་ཞིང། མཆོད་པ་རྣམ་པ་ལྔས་མཆོད་དེ། གཏོར ་མ་གཏང་ནས་ཡི་གེ་བརྒྱ་བ་དང་བཅས་པའི་ཡི་གེ་གསུམ་གྱིས་ཡེ་ཤེས་ཀྱི་འཁོར་ལོ་གཤེགས་སུ་གསོལ། དམ་ཚིག་གི་འཁོར་ལོ་ནི་དེ་ཉིད་དུ་བཞུགས་པར་ལྟས་ལ། རས་དམར་པོས་བཀབ་མེ་ཏོག་གཏོར་བར་བྱའོ། །ཞེས་དཀྱིལ་འཁོར ་ལྷག་པར་གནས་པའོ། །གལ་ཏེ་ཡོན་ཏན་བདག་གིས་རབ་ཏུ་གནས་པར་བྱེད་པར་འདོད་ན་དེའི་ཚེ་བྲིས་སྐུ་འམ། ལུགས་སྐུ་འམ། །དམ་ཆོས་ཀྱིས་གླེགས་བམ། རྡོ་རྗེ་འམ། དྲིལ་བུ་འམ། མཆོད་རྟེན་ནམ། ཕྲེང་བ་རབ་ཏུ་གནས་པ་བྱ་སྟེ། ་དེ་ནས་བྲིས་སྐུ་དང་གཟུགས་སྐུ་མདུན་དུ་བཞག་ནས་སྟོང་པ་ཉིད་བསྒོམ་པ་སྔོན་དུ་འགྲོ་བར་དང་པོ་སྦྱོར་བའི་རིམ་གྱིས་ཇི་ལྟར་འདོད་པའི་ལྷ་བསྐྱེད་དེ། དེའི་ཐུགས་ཀར་ས་བོན་གྱི་ཡི་གེས་དེ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་བཀུག་ཅིག་བཅུག། ་ལ་བཅིངས་ཏེ་དབང་དུ་བྱས་ནས། སྤྲོས་གཏུལ་ཞིང་དྲིལ་བུ་དཀྲོལ་ལ་དེ་མངོན་དུ་བྱས་ཏེ་མཆོད་པ་རྣམ་པ་ལྔས་མཆོད་ལ། གཏོར་མ་གཏང་ནས་ཡི་གེ་བརྒྱ་པ་དང་བཅས་པའི་ཡི་གེ་གསུམ་གྱིས་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་ཞིང ་དམ་ཚིག་སེམས་པ་དེ་ཉིད་དུ་གནས་པར་བལྟས་ཏེ། ངས་དམར་པོས་བཀབ་ཅིང་མེ་ཏོག་གཏོང་བར་བྱའོ། །རིམ་པ་དེ་ཉིད་ཀྱིས་དམ་པའི་ཆོས་ཀྱིས་གླེགས་བམ་ནི་རྡོ་རྗེ་ཆོས་ཀྱི་རང་བཞིན་དུ་བསྒོམས་ལ། དེ་ཡོངས་སུ་གྱུར་པ་ལས་ཡང་དེ་བསམས་པར ་བྱའོ་?་རྡོ་རྗེ་ནི་འཚང་གི་ངོ་བོ་དང་དྲིལ་བུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་བྱིན་པའི་ངོ་བོ་དང། མཆོད་རྟེན་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་དང། ཕྲེང་བ་ནི་རང་གི་འདོད་པའི་ལྷའི་དཀྱིལ་འཁོར་ཀྱི་འཁོར་ལོའི་བདག་ཉིད་དུ་བསམ་པར་བྱའོ།། ་ལྷག་པར་གནས་པ་ནི་བྲིས་སྐུ་དང། གཟུགས་སྐུ་བཞིན་ནོ། །ཞེས་བྲས་སྐུ་ལ་སོགས་པའི་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་དད་པ་དང་ལྡན་པ་གཏོང་པ་ཆེ་བ་འཇིག་རྟེན་ཕ་རོལ་ཡོངས་པའི་ཡིད་ལ་ཡོད་པའི་སློབ་མ་གཅིག་གམ་མང་པོ་དཀྱིལ ་འཁོར་དུ་བཅུག་སྟེ། གསོལ་བ་གདབ་པ་བྱེད་དུ་གཞུག་གོ། བཅོམ་ལྡན་འདས་སློབ་དཔོན་ཆེན་པོ་ཐོག་མ་མེད་པའི་འཁོར་བའི་བག་ཆགས་དང་ཉོན་མོངས་པ་རྣམས་ཀྱིས་བདག་ཟིལ་གྱིས་ནོན་ན། དེ་ལས་གྲོལ་བར་བྱ་པའི། ་ཕྱིར་ཁྱོད་ལ་གསོལ་བཏབ་པ་སྟེ། སངས་རྒྱས་ཆོས་དང་དགེ་འདུན་དང། །སྐྱབས་གསུམ་པོ་ནི་བདག་ལ་སྩོལ། སྡོམ་པ་ཡང་ནི་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་ཁྱེར་དུ། །མགོན་པོ་བདག་ནི་བཞུགས་སྩོལ་ཞེས་རྡོ་རྗེ་སློབ་དཔོན ་གྱིས་གསན་ནས་སློབ་མ་ཕྱག་བཞི་བྱེད་དུ་བཅུག་ལ། ལས་ཐམས་ཅད་པའི་བུམ་པ་ནས་ཆུ་བླང་སྟེ། དེ་ནས་ཎྜལ?་བྱས་ལ། གནས་ལྔ་ལ་མེ་ཏོག་གིས་མཆོད་ལ་དེ་བཞིན་དུ་སྤོས་དང་མར་མེ་དང། དྲི་དང་ལྷ་བཤོས་ཀྱིས་ཀྱང་ཤེས་པར ་བྱའོ། །འདིར་རིམ་པ་ནི་དཔུས་སུ་སངས་རྒྱས་ལ་ཕྱག་འཚལ་ལོ། །ཤར་དུ་ཆོས་ལ་ཕྱག་འཚལ་ལོ། །ལྷོར་དགེ་འདུན་ལ་ཕྱག་འཚལ་ལོ། །ནུབ་ཏུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་སྔགས་དང། ཕྱག་རྒྱ་དང། དཀྱིལ་འཁོར་དང། ་ལྷའི་ཁྱད་པར་ཐམས་ཅད་ལ་ཕྱག་འཚལ་ལོ། །ཡང་དབུས་སུ་།ོཾ་སརྦབ་ཏ་ཐཱ་ག་ཏ་པུཥཔ་པུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡ་ཤྲཱི་ཡེ་ཧཱུཾ་ཞེས་བ་དང་མེ་ཏོག་གིས་མཆོད་དོ། །དེ་བཞིན་དུ་སྤོས་ལ་སོགས་པས་ཀྱང་ཤེས་པར་བྱའོ། །དེ ་ནས་པུ་མོ་གཉིས་ས་ལ་བཙུགས་ཤིང་ཐལ་མོ་སྦྱར་ལ། བླ་ན་མེད་པའི་མཆོད་པ་བྱང་དུ་བཅུག་སྟེ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང། སངས་རྒྱས་བྱང ་ཆུབ་ཡིད་ཀྱིས་བཟུང། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་དང་གཞན་དོན་བསྒྲུབ་པའི་ཕྱིར། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་གྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེས་བགྱིས་ནས། །སེམས་ཅན ་ཐམས་ཅད་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་མཆོག་གི་སྤྱོད་པ་འདོད་སྤྱོད་ཅིང། །འགྲོ་ལ་ཕན་ཕྱིར་སངས་རྒྱས་གྲུབ་པར་ཤོག་ཅེས་བྱའོ། །དེ་ནས་སློབ་མ་རྣམ་པར་སྣང་མཛད་དུ་བསམས་ཏེ། ཨོཾ་པདྨ་སར་སྭ་ཏེ་ས་ཏྱ་མཱ་བརྟ་ཡ་ཧྲི་ཞེས་པའི ་སྔགས་ཀྱིས་སོར་བཅུ་གཉིས་པ་འབུས་མ་ཟོས་པ་ཨ་ཤྭ་དྭ་དང། ཨུ་དུཾ་བ་རའི་སོ་ཤིང་སྦྱིན་ཏེ། ཁ་སྦྱང་དུ་བཅུག་ལ་བའི་ཀོ་བ་ཙམ་གྱི་ས་གཞི་ལ་དོར་དུ་བཅུག་ལ། ཤར་ཕྱོགས་ལ་སོགས་པར་བལྟས་པས། ཞི་བ་ལ་སོགས་པའི? ་དངོས་གྲུབ་ཉན་དུ་བཅུག་སྟེ། བདུད་རྩི་འཁྱིལ་པ་བཟླས་པའི་ལས་ཐམས་ཅད་པའི་ཆུས་ཁ་དག་ཅིང། སྐྱིལ་མོ་ཀྲུང་གིས་གནས་པས་ཞུགས་ལ། ལེའུ་བཅོམ་ལྔ་པ་ལས་གསུངས་པའི་དབབ་པའི་ཆོ་གས་རྡོ་རྗེ་དབབ་པ་དང། ཡེ་ཤེས་དབང?་པ ་སྐྱེད་ཅིག་སྤོས་གཏུལ་ཏེ། དྲིལ་བུའི་སྒྲ་མངོན་དུ་བྱས་ལ། འདས་པ་ལ་སོགས་པ་དྲི་ཞིང། ལྷ་གཤེགས་སུ་གསོལ་ཏེ། སྣོད་ཀྱི་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ལ། བདུད་རྩི་འཁྱིལ་པ་བཟླས་པའི་བསྲུང་སྐུད་དཔུང་པ་ལ་བཅིངས་ཏེ། སྔ ་མ?་བཞིན་དུ་སུ་ཤ་མངོན་པར་བཟླས་ཏེ། གཅིག་ནི་སྟན་དུ་བྱིན་ལ་རིགས་ཀྱི་བུ་སེངྒེའི་ཚུལ་དུ་ཉལ་བ་དང། ཇི་ལྟར་མཐོང་བའི་རྨི་ལམ་བདག་ལ་སྨོས་ཤིག་ཅེས་བསྟན་པར་བྱ་བ་ནི་སློབ་མ་ལྷག་པར་གནས་པའི་ཆོ་གའོ།། །། ་དེ་ནས་ཞག་དྲུག་པ་ཐོ་རངས་ལངས་ཏེ། སྐུ་ཁྲུས་ཀྱི་ཆོ་གའི་རིམ་གྱིས་ཁྲུས་བྱས་ལ་མེ་ཏོག་ལ་སོགས་པ་མཆོད་པའི་ཡོ་བྱད་བསོགས་ཏེ། རང་གི་ཡི་དམ་གྱི་ལྷའི་ང་རྒྱལ་དང་ལྡན་པས། སྐུ་ཁྲུས་བརྩམས་པར་བྱ་སྟེ། དེའི་རིམ་པ་ནི་ཇི་ལྟར ་རྙེད་པའི་མེ་ཏོག་དང། སྤོས་དང། མར་མེ་དང། དྲི་དང་ལྷ་བཤོས་དང། ན་བཟའ་དང། རྒྱན་དང། མཆོད་ཡོན་དང། བུམ་པ་དང། འབྲུ་ལྔ་ནི་ནས་དང། གྲོ་དང། འབྲས་སོ་བ་དང། ཏིལ་དང། མ་ཤ་དང། འབྲས་ཡོད་དང། ཡུངས་ཀར་དང། སྟང་ག ་དང། ?་དང། སླ་གོར་ཞོ་ཤ་དང། འཛི་ཏི་ཕ་ལ་དང་སྨན་ལྔ་ནི་ཧ་ས་དེ་པ་དང། ཀཎྜ་ཀ་རི་དང། ས་ལ་པ་ནི་དང། བྲི་ཧ་ཏི་དང། བྷ་ལ་མུ་ཏྲ་དང། རིན་པོ་ཆེ་ལྔ་ནི། ཨིནྟྲཱ་ནཱི་ལ་དང། མར་གད་དང་པདྨ་རཱ་ག་དང། ?་རྱ་དང། ཤེལ ་ལོ། །སྨན་ཐམས་ཅད་དང། དྲི་ཞིམ་པའི་ཏིལ་མར་དང། མར་དང། སྦྲང་རྩི་དང། ཞོ་དང། འོ་མ་དང། སྲན་མའི་ཕྱེད་དང་གྲོའི་ཕྱེ་དང། ལོ་མ་ལྔ་དང། དར་ལ་སོགས་པ་བསོགས་ཤིང་།རིམ་པ་ཇི་ལྟ་བ་བཞིན་དུ་བུམ་པ་བྱིན་གྱིས ་བརླབས་པར་བྱ་སྟེ། དེའི་ཆོ་ག་ནི་མདུན་དུ་ཇི་ལྟར་ནུས་པའི་དཀྱིལ་འཁོར་གྱི་གཡས་ཕྱོགས་སུ་ཡོ་བྱད་ཐམས་ཅད་བཞག་ལ། སྔར་ལྷག་པར་གནས་པའི་བུམ་པ་བཅུ་འམ། ལྔ་འམ་གཅིག་སྲོག་ཆགས་མེད་པ་དྲི་ཞིམ་པའི་ཆུ ་ཡོངས་སུ་གང་བ་འཕྲུལ?་སོགས་པའི་སྙིང་པོ་ཅན་བཞག་ཅིང། ཨརྒྷའི་སྨོད་ནི་དྲི་ཞིམ་པའི་ཆུ་དང། ཞོ་དང་འབྲས་ཡོས་དང། ཀུ་ཤ་དང། སྨན་དང། ཡུངས་ཀར་དང། མེ་ཏོག་དང། སླ་གོར་ཞ་ཤ་དང་ལྡན་པ་གཡོན་ཕྱོགས་སུ་བཞག ་སྟེ། རང་གི་འདོད་པའི་ལྷའི་སྔགས་ཀྱིས་ལན་ཉི་ཤུ་རྩ་གཅིག་བཟླ་ཞིང་དེ་ནས་ལས་ཐམས་ཅད་པའི་སྣོད་དྲི་ཞིམ་པའི་ཆུས་བཀང་བ་གཡས་ཕྱོགས་སུ་བཞག་སྟེ། བདུད་རྩི་འཁྱིལ་བའི་སྔགས་དེ་བཞིན་དུ་བཟླའོ། །དེ་ནས་རྣམ ་པར་རྒྱལ་བའི་བུམ་པ་མདོར་བསྡུས་པ་བཟླ་བ་དང། རྡོ་རྗེ་ལ་སོགས་པའི་བསྒོམ་པ་རིམ་པས་བསྐྱེད་པར་བྱ་སྟེ། པཾ་ལས་སྐྱེད་པའི་པདྨའི་ལྟེ་བར་ཨ་ལས་སྐྱེས་པའི་ཟླ་བར་ཧཱུཾ་ལས་སྐྱེས་པའི་རྡོ་རྗེའི་ཧཱུཾ་གི་འོད་ཟེར་གྱིས་བཀུག ་པའི་དེ་བཞིན་གཤེགས་པ་ཞུགས་པ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། རྡོ་རྗེ་དང་དྲིལ་བུ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྙིང་གར་ཟླ་བ་དང། ་རྡོ་རྗེ་དང་ཧཱུཾ་དང་ལྡན་པ། ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པ། མི་བསྐྱོད་པའི་ཅོད་པན་བསམ་ཏེ། དེ་བཞིན་དུ་བུམ་པ་གཞན་ལ་མི་བསྐྱོད་པ་དང། རིན་ཆེན་འབྱུང་ལྡན་དང་འོད་དཔག་ཏུ་མེད་པ་དང་དོན་ཡོད་གྲུབ་པ་དང། སྤྱན་མ་དང། མཱ་མ་ཀཱི ་དང། གོས་དཀར་མོ་དང། སྒྲོལ་མ་དང། བདུད་རྩི་འཁྱིལ་བའི་བར་དུ་བསྐྱེད་ལ། དེ་རྣམས་ཀྱང་ཞལ་གཅིག་ཕྱག་གཉིས་པ་རང་རང་གི་སྐུ་མདོག་དང་ཕྱག་མཚན་འཛིན་པ། སྒེག་པ་དང། བཅས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རང་གིས ་ས་བོན་དང་མཚན་མ་དང་བཅས་པའི་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གིས་པདྨ་དང། ཉི་མའི་སྟེང་དུ་བཞུགས་པ་བདུད་རྩི་འཁྱིལ་པ་ནི་ཉི་མའི་དཀྱིལ་འཁོར་ལ་གཡོན་བརྐྱང་བས་བཞུགས་པ། སྡིགས་མཛུབ་དང་རྡོ་རྗེ་གསོར་པར་བྱེད་པ ་བསམས་ཏེ། རྗེ་བཙུན་གྱི་ཡི་གེ་བརྒྱ་པ་ལན་གསུམ་བརྗོད་ལ་རྡོ་རྗེ་ཡི་གེ་གསུམ་དང། མེ་ཏོག་ལ་སོགས་པས་མཆོད་ཅིང། དྲིལ་བུ་ཡང་དྲིལ་བུའི་སྔགས་ཀྱིས་མཆོད་པར་བྱའོ། །སྔགས་ནི་ཨོཾ་ཨཱ:ཧཱུཾ། ཨོཾ་བཛྲ་གྷཎྜེ་ར་ཎ་ར་ཎ། པྲ་ར ་ཎ་པྲ་ར་ཎ། སཾ་པྲ་ར་ཎ་སཾ་པྲ་ར་ཎ། ས་?་ཤུདྡྷ་ཀྵེ་ཧྲ་པྲ་ཙ་ལི་ཏེ། པྲ་ཛྙ་པཱ་ར་མི་ཧཱ་ནཱ་ད་སྭ་བྷཱ་བེ་ཏ་བཛྲ་དྷརྨཱ་ཧྲི་ད་ཡ་ནི་སཾ་ཏོ་ཥ་ཎེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། དེ་ནས་རྡོ་རྗེ་ལག་པ་གཡས་པས་བླངས་ཏེ། གཡོན་པས་དྲིལ་བུ་བཟུང་ལ། གཡས་པས་ཀྱང་སྤོས་ཁང ་བཟུང་སྟེ། དྲིལ་བུ་དཀྲོལ་ཞིང། རྗེ་བཙུན་གྱི་ཡི་གེ་བརྒྱ་བ་ལན་གཅིག་བཟླས་ཏེ། ཨོཾ་བཛྲ་དྷྲིཀ་ཨཱ:ཧཱུཾ་སྭཱཧཱ། ཨོཾ་ཛྲི་ན་ཛིཀ་ཨཱ:ཧཱུཾ་སྭཱཧཱ། ཨོཾ་རཏན་དྷྲིཀ་ཨཱ:ཧཱུཾ་སྭཱཧཱ། །ོཾ་ཨཱ་རོ་ལིག་ཨཱ་ཧཱུཾ་སྭཱ་ཧཱ། ཨོཾ་པྲདཉ་དྷྲིཀ་ཨཱ:ཧཱུཾ་སྭཱཧཱ། ཨོཾ་ར་རུ་སཕུ་རུ་ཛ་ལ་ཏི ་ཥྛར?་སིདྡྷ་ལོ་ཙ་ནི་སརྦ་ཨནྡྲ་སཱ་དྷ་ནི་སྭཱ་ཧཱ། ཨོཾ་ཨཱ(རྒྱུད་འགྲེལ་ཀྩིཏྟ་བཛྲཱ་ཎཾ་ན་མོ་བཛྲ་ཀྲོ་དྷ་ཡ། མཧཱ་དེ་ཥྚོ་ཊ་ཀ་ཊ་བྷེ་རཱ་བཱ་ཡཱ་ཨ་སི་ནུ་ས་ལ་དྷ་ར་ཡ་བ་ར་ཤུ་པཱ་ཤ་ཧ་སྟ་ཡ། ཨོཾ་ཨམྲི་ཏ་ཀུཎྜ་ལི་ཁ་ཁ་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ་བྷནདྷ་བནདྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། གརྫ་གརྫ། བི་སཕོ ་ཊ་ཡ་བི་སཕོ་ཊ་ཡ། སརྦ་བི་གྷྣཱཾ་བི་ནཱ་ཡ་ཀ་ན་མཧཱ་གཱ་ན་པ་ཏི་ཛྲཱི་པ་ཏི་ཛཱི་བཾ་ཏ་ཨན་ཏ་ཀ་རཱ་ཡ་སྭཱ་ཧཱ། ཞེས་བྱ་བ་སྔགས་དེ་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་རྣམ་པར་རྒྱལ་བ་ལ་སོགས་པ་ལ་ཨརྒྷ་དང་མེ་ཏོག་ལ་སོགས་པས་མཆོད ་ཅིང་སྔ་མ་བཞིན་དུ་སྤོས་གཏུལ་བ་དང། དྲིལ་བུ་དཀྲོལ་ཞིང་མར་མེ་དང་།ལྷ་བཤོས་དང། སྣོད་གང་བ་ལ་སོགས་པ་ཕུལ་ཞིང་ལག་པ་གཡོན་པ་སྒེག་པ་དང་བཅས་པའི་དྲིལ་བུ་བླངས་ལ། ལག་པ་གཡས་པ་ཀུ་ཤ་དང ་བཅས་པས་རྡོ་རྗེ་རྩེ་གསུམ་གྱི་ཕྱག་རྒྱ་བུམ་པའི་སྟེང་དུ་བཞག་ལ། རང་རང་སྔགས་ཀྱི་བུམ་པ་རྣམས་རྗེ་བཙུན་གྱི་ཡི་གེ་བརྒྱ་པ་དང་བཅས་པས་ལན་རྒྱ་རྩ་བརྒྱད་རྣམ་པར་རྒྱལ་བ་ལ་ཡོངས་སུ་བཟླས་ལ། །དེ་བཞིན་དུ་བུམ་པ་གཞན ་དག་ཀྱང་ལན་ཉི་ཤུ་རྩ་བདུན་བཟླས་ལ། ཡང་མེ་ཏོག་ལ་སོགས་པས་མཆོད་ཅིང་ཐབས་དང་ཤེས་རབ་སྙོམས་པར་འཇུག་པས་ཞུ་བར་གྱུར་པར་བསམ་པ་ནི་བུམ་པ་བྱིན་གྱིས་བརླབས་པའོ། །དེ་ནས་སྔར་བཤད་པའི་བྲིས་སྐུ། ་ལ་སོགས་པའི་བཅོམ་ལྡན་འདས་ཡི་གེ་གསུམ་གྱི་བྱིན་གྱིས་བརླབས་ལ། སྐུ་ཁྲུས་ཀྱི་ལས་བརྩམས་པར་བྱ་སྟེ། དང་པོར་སྔ་མ་བཞིན་དུ་སྤོས་གཏུལ་ལ་འབྲས་ཆེན་གྱིས་ཆང་བུ་གཉིས་དང། མེ་སྣོད་དང། མར་མེ་རྣམས་སྣོད ་དམ་བུམ་པ་ལ་བཞག་སྟེ། མདུན་དུ་གནས་པའི་ཡུངས་ཀར་ལག་པས་བླངས་ཏེ། བདུད་རྩི་འཁྱིལ་པའི་སྔགས་ཀྱིས་མངོན་པར་སྔགས་ལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱཧཱ་ཞེས་བྱ་བའི་སྔགས་ཀྱིས་མེ་དང། ཆུ་ལ་གཏོར ་པ་ལག་པ་གཉིས་ཀྱིས་བླངས་ཏེ། སྐུ་གཟུགས་ལ་སོགས་པའི་མདུན་དུ་ལན་གསུམ་སྐོར་ལ་ཕྱི་རོལ་ཏུ་བདུད་རྩི་འཁྱིལ་བའི་སྔགས་ཀྱིས་གཏོར་པར་བྱའོ། དེ་ནས་བསངས་གཏོར་གྱི་ཆུས་ཁྲུས་ཀྱི་རྫས་བདུད་རྩི་ལ་བྱིན་པའི་སྔགས་ཀྱིས ་ལན་གསུམ་བསངས་གཏོར་བྱས་ཏེ། མེ་ཏོག་ལ་སོགས་པ་ལ་ཡང་དེ་བཞིན་དུ་བསངས་གཏོར་བྱས་ལ། དེ་ནས་དྲིལ་བུའི་སྒྲ་དང། སྔོས་གཏུལ་ཤིང་ཤིན་ཏུ་ཕྱིར་པའི་མེ་ལོང་གི་གཟུགས་བརྙན་ལ་རང་གི་སྔགས་ཀྱིས་ཞབས ་བསིལ་ལན་གསུམ་ཕུལ་ཏེ། ཆུས་བཀྲུས་ལ་རིམ་གྱིས་དྲི་ཞིམ་པོའི་ཏིལ་མར་དང། བག་ཕྱེས་མེ་ལོང་མཉེས་ཏེ། ཆུས་བཀྲུས་ལ། ཡང་ཨརྒྷ་དང་མེ་ཏོག་ཕུལ་ལ། མར་དང་སྦྲང་རྩིས་བཀྲུ་ཞིང་བག་ཕྱེས་མཉེས་ཞིང་ཆུས་བཀྲུས་ཏེ། ཞོ་དང་འོ་མ ་དང། འབྲུ་དང་འབྲས་ཡོས་དང། སྟར་ག་ལ་སོགས་པའི་འབྲས་བུ་དང་མེ་ཏོག་དང། ཨརྒྷ་དང་ལྷན་ཅིག་སོ་སོར་ཁྲུས་གསོལ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནེ་སྭཱཧཱ། ཞེས་བྱ་བའི་སྔགས་ཀྱིས་དེ་ལྟར་བྱས་ལ། བུམ་པ་རྣམས་མེ་ཏོག་དང་སྤོས ་ཀྱིས་མཆོད་ལ། རིམ་གྱིས་དབང་བསྐུར་བརྩམ་པར་བྱའོ། །དང་པོ་ལས་ཐམས་ཅད་ཀྱི་བུམ་པ་སྔགས་ཀྱིས་རྒྱལ་པོ་བདུད་རྩི་འཁྱིལ་པའི་སྔགས་དང། ཇི་ལྟར་བལྟམ་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་བ། །ལྷ་ཡིས་ཆུ་ནི་དམ་པ ་ཡིས། དེ་བཞིན་བདག་གིས་ཁྲུས་གསོལ་ལོ་ཞེས་དབང་སྐུར་རོ། །དེ་ནས་ཤར་གྱི་བུམ་པས་ཛི་ན་ཛིཀ་ཅེས་བྱ་བའི་སྔགས་དང། སྔར་བཤད་པའི་ཚིགས་སུ་བཅད་པས་སྐུ་ཁྲུས་ཕུལ་ལ། དེ་བཞིན་དུ་རཏན་དྷྲིཀ་ཅེས་བྱ་བ་དང། པྲཛྙཱི་དྷྲིཀ་ཅེས ་བྱ་བ་དང། ཨཱ་རོ་ལི་ཀ་ཅེས་བྱ་བ་དང། པདྨ་དྷྲིཀ་ཅེས་བྱ་བ་དང། རུ་རུ་སྭུ་རུ་དང། ཤཾ་ཀ་རི་དང། ཨ་ཀ་ཊེ་དང། ཊ་ཏཱ་རེ་ཞེས་བྱ་བ་ལ་སོགས་པའི་སྔགས་རྣམས་དང། རང་རང་གི་བུམ་པ་དང། ཚིགས་སུ་བཅིང་པ་རྣམས་ཀྱིས་དབང་སྐུར་བར་ ་བྱའོ། །ཡང་རྣམ་པར་རྒྱལ་པའི་བུམ་པ་ལ། མེ་ཏོག་གཏོར་ཞིང་སྤོས་གཏུལ་ཏེ། རྗེ་བཙུན་གྱི་ཡེ་གེ་བརྒྱ་པ་དང། ཨོཾ་བཛྲ་དྷྲིག་ཅེས་བྱ་བའི་སྔགས་ལན་བདུན་བཟླས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་?་ཡེ་ཧཱུཾ ་ཞེས་བྱ་བ་དང། ཡང་སྔགས་ཀྱིས་རྒྱལ་པོ་བརྗོད་ཅིང་དབང་སྐུར་བར་བྱའོ། །དེ་ནས་ལེགས་པར་བདུགས་པའི་རས་བླངས་ཏེ། མེ་ལོང་ལས་ཆུས་ཕྱིས་པའི་དྲིའི་ཐིག་ལེ་ལྔ་བྱས་ཏེ། མེ་ཏོག་གཏོར་ཞིང་བཞག་ལ། དྲིལ་བུ་དང་སྤོས་བླངས་ཏེ ་སྔ་མ་བཞིན་དུ་མཆོད་ཅིང་ཅི་འབྱོར་བས་ལྟ་བཤོས་ཕུལ་ཏེ། གཏོར་མ་གཏང་ཞིང་ཕྱག་བཙལ་ནས་ལྡང་བར་བྱའོ། །ཞེས་སྐུ་ཁྲུས་ཀྱི་ཆོ་གའོ།། །།དེ་ནས་སྔར་ལྷག་པར་གནས་པའི་བྲི་སྐུ་ལ་སོགས་པ་ལ་རབ་ཏུ་གནས་པ ་བྱ་སྟེ། དེའི་རི་པ?་ནི་བྲིས་སྐུ་དང། གཟུགས་སྐུ་ལ་སོགས་པ་སྟོང་པ་ཉིད་དུ་བསྒོམ་ཏེ། ཡང་རང་གི་ཆོས་ཀྱི་ཡི་གེ་ཡོངས་སུ་གྱུར་པ་ལས་སྐྱེས་པ་དེའི་སྐུ་བསྒོམ་པ། མངོན་དུ་བཞག་ཅིང་མགོ་པོ་དང། ལྐོག་མ་དང་སྙིང་གར་སྣ་ཚོཌ ་པདྨ་ཉི་མ་དང། ཟླ་བའི་སྟེང་དུ་ཡི་གེ་གསུམ་བཀོད་ལ་དེའི་འོད་ཟེར་གྱིས་ནམ་མཁའ་ལས་རིགས་གསུམ་བཀུག་སྟེ། དེ་ཉིད་དུ་བཅུག་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་ཕྱིས་བརླབས་པར་བསམས་ལ་མངོན་དུ་གྱུར ་པར་བལྟ་བར་བྱའོ། །དེ་ནས་ཡེ་ཤེས་སེམས་དཔའ་ཨི་ས་བོན་གྱིས་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་བཀུག་ཅིང། དེ་ཉིད་དུ་བཅུག་ལ་བཅིངས་ཤིང་དབང་དུ་བྱས་ཏེ། འོ་མ་དང་ཆུ་བཞིན་དུ་རོ་གཅིག་པར་གྱུར་པར་བསམ་པར་བྱའོ།། ་དམ་ཚིག་དང་ཡེ་ཤེས་སེམས་དཔའ་གཅིག་ཏུ་གྱུར་པར་བལྟས་ལ། སྔ་མ་བཞིན་དུ་བགེགས་སྐྲད?་ཅིང་བསྲུངས་པ་ལ་ཡི་གེ་བརྒྱ་པས་བརྟན་པར་བྱས་ལ། ཡི་གེ་གསུམ་གྱིས་རྗེས་སུ་ཆགས་ལ། རྡོ་རྗེ་དང་དྲིལ་བུ་བླངས་ཏེ། སྤོས་གཏུལ ་ནས་སྤྱན་དྲངས་པར་བྱ་སྟེ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་སོགས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། འགྲོ་བ་ཡི་ནི་དོན་མཛད་ཕྱིར། །འདི་ནི་རྟག་ཏུ་བཞུགས་སུ་གསོལ། ཇི་སྲིད་ནམ་མཁའ་ཨི་རི་རབ་ས། ཇི་སྲིད་ཉི་ཟླ་རྒྱུ་སྐར་དང། ཇི་སྲིད་ཐུབ་པའི་བསྟན་བཅོས ་ཏེ། དེ་སྲིད་འདིར་ནི་བཞུགས་སུ་གསོལ། །རྟག་ཏུ་འཁོར་དང་བཅས་པ་ཡི། །རྒྱལ་པོ་དང་ནི་ཡོན་བདག་དང། བདག་དང་སློབ་མར་བཅས་སྐྱོབ་ཕྱིར། འདིར་ནི་རྟག་ཏུ་བཞུགས་སུ་གསོལ། །ཞེས་གསོལ་བ་བཏབ་ནས་བཞིན་དུ་བཀུག་ཅིང་མཆོད་པས ་རྣམ་པ་ལྔ་སྔོན་དུ་འགྲོ་བར་གུར་ཀུམ་གྱིས་བྱུགས་པའི་རས་གཉིས་ཕུལ་ནས། མ་ཤ་ལྔའི་ཚང་ཙམ་གྱིས་གསེར་གྱིས་མིག་ཐུར་གྱིས་ཨོཾ་ཙ་ཀྵུ་ཙཀྵུ་ས་མནྟ་ཙུཀྵུ་བི་ཤོདྡྷ་ནེ་སྭཱཧཱ། ཞེས་བྱ་བའི་སྔགས་ཀྱིས་སྤྱན་ཕྱེ་ཏེ། ཞོ་དང་འབྲས་ཆན་མེ ་ཏོག་བཅས་པའི་ལྷ་བཤོད་ཨོཾ་བཛྲ་ཨ་མྲི་ཏ་སྭ་ཧཱ་ཞེས་བྱ་བའི་སྔགས་ཀྱིས་ཕུལ་ལ། རིམ་པ་ཇི་ལྟ་བ་བཞིན་དུ་དབྱིབས་དང་བཅས་པའི་མེ་ཏོག་གི་ཕྲེང་བ་ཕུལ་ཏེ་མཆོད་ཡོན་དང་འཐོར་འཐུང་དང། ཞབས་བསིལ་ཕུལ་བ་སྔོན་དུ་འགྲོ་བར་ལྷག་མའི ་རྫས་ཀྱིས་མཆོད་ཅིང་བསྐྱོབ་ནས་ཕྱག་འཚལ་ཞིང་བསྐོར་བ་བྱས་ཏེ། བཟོད་པར་གསོལ་ནས་མངོན་པར་འདོད་པའི་དོན་གཉེར་བར་བྱ་སྟེ་རབ་ཏུ་གནས་པའི་ཆོ་གའོ། །དེ་ནས་མཆོད་པའི་ཆོ་ག་བརྩམ་པར་བྱ་སྟེ། སྔ་མ་བཞིན་དུ་དཀྱིལ་འཁོར་གྱི་གནས ་སུ་ལྷ་རྣམས་སྤོས་ཏེ། ཡེ་ཤེས་སེམས་དཔའ་དང་གཉིས་སུ་མེད་པར་བྱས་ལ། སྐུ་ཁྲུས་དང་ཞབས་བསིལ་དང། མཆོད་ཡོན་དང། ཕྱག་བཞི་སྔོན་དུ་འགྲོ་བའི་མཆོད་པ་རྣམ་པ་ལྔས་མཆོད་པར་བྱའོ། །དེའི་རིམ་པ་ནི་མེ་ཏོག་འདི་ནི་དགེ་བའི་མཆོག ་གཙང?་ཞིང་གཅང་མའི་རྒྱུ་དང་ལྡན། །བདག་གིས་དད་པས་འབུལ་ལགས་ན། །བཞེས་ཏེ་བདག་ལ་དགྱེས་པར་མཛད། །ོཾ་སརྦ་ཏ་ཐཱ་ག་ཏ་པུཥཔ་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཨོཾ་བཛྲ་པུཥཔེ་ཨཱ:ཧཱུཾ་སྭཱ་ཧཱ་ཞེས་བྱ་བ་དང་རང ་གྱི་སྔགས་དང་མེ་ཏོག་འབུལ་ལོ། །དེ་བཞིན་དུ་ལྷན་ཅིག་སྐྱེས་པ་དང་སྦྱར་བའི་སྤས་གཏུལ་ལ། །ནགས་ཚལ་བཅུད་ནི་ཡི་བར་འོད། དྲི་ཞིམ་རྒྱས་པ་ལྷ་ཡི་སྦོས། །བདག་གི་དང་པོས་འབུལ་སོགས་ན། །བཞེས་ནས་བདག་ལ་དགྱེས་པར ་མཛོད། །ོཾ་སརྦ་ཏ་ཐཱ་ག་ཏ་དྷུ་པ་པཱུ་ཛ་མེ་གྷ་ས་མུ་དྲ་སཕར་ཎ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཨོཾ་བཛྲ་དྷ་པ་ཨཱ:ཧཱུཾ་སྭཱཧཱ། ཞེས་བྱ་པའི་སྔགས་ཀྱིས་དབུལ་ལོ། །མར་མེའི་སྣོད་བླངས་ལ་གནོད་རྣམས་འཛུམ་ཤིང་བསྐྲིས?་ལ། །དགེ་ཞིང་མུན་གསལ་མར་མེ་འདི། །བདག་གིS ་དང་པས་འབུལ་ལ་གསན?། བཞིས་ནས་བདག་ལ་དགྱེས་པར་མཛོག། ཨོཾ་སརྦ་ཏ་ཐཱ་ག་ཏ་བཱི་ཕེ་པཱུ་ཛ་མ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཨོཾ་བཛྲ་དཱི་པ་ཨཱ:ཧཱུཾ་སྭཱཧཱ། ཞེས་བྱ་པའི་སྔགས་ཀྱིས་དབུལ་ལོ། །དེ་བཞིན་དུ་།ལྷན་ཅིག་སྐྱེས་དང་སྦྱར་བ་དང། ་དེ་བཞིན་ཡོངས་སུ་གྱུར་པ་སྟེ། བདག་གི་དང་པས་འབུལ་ལགས་ན། བཞེས་ནས་བདག་ལ་དགྱེས་པར་མཛོད། །ོཾ་སརྦ་ཏ་ཐཱ་ག་ཏ་སནདྷེ?་པུ་ཛ་མེ་གྷ་ས་མུ་དྲ་སཕར་ཎ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཨོཾ་བཛྲ་གནདྷེ། ཨཱ:ཧཱུཾ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་དབུལ་ལོ། །དེ ་བཞིན་དུ་རོ་དྲུག་དང་ལྡན་པའི་ལྷ་བཤོས་ཀྱི་སྣོད་བླངས་ཏེ། འདི་ནི་བདུད་རྩིའི་ངོ་བོ་སྟེ། ཁ་ཟས་ཐམས་ཀྱི་གཙང་སྤུ་རྣམས། །བདག་གི་དད་པས་འབུལ་ལགས་ན། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ོཾ་སརྦ་ཏ་ཐཱ་ག་ཏ་ནཻ་བིདྱ་པཱུཛཱ་མེ་གྷ་ས་མུ་དྲ་སཕ་ཊ ་ས་མ་ཡེ་ཤྲཱཾ་ཡེ་ཧཱུཾ། ཨོཾ་བཛྲ་ནི་བི་དྱ་ཨཱ:ཧཱུཾ་སྭཱཧཱ། ཞེས་བྱ་བའི་སྔགས་ཀྱི་དབུལ་ལོ། །དེ་བཞིན་དུན་བཟའ་དང། གདུགས་དང། རྒྱལ་མཚན་དང། བདན་དང། རོལ་མོ་དང། མཆོད་པའི་ཁྱད་པར་ནི་རང་གི་སྔགས་ཀྱིས་དབུལ་བར་བྱའོ། །དེ་ནི་ཕྱིའི ་མཆོད་པའི་རིམ་པའོ། །དེ་ནས་པདྨའི་སྣོད་ལ་བདུད་རྩི་ལྔ་སྦྱོང་བ་དང། སད་པ་དང། སྦར་བའི་རིམ་པས་བདུད་རྩིར་བྱས་ལ་ལྕགས་ཀྱུ་རྣམས་ཀྱང་དེ་བཞིན་དུ་བསྐྱེད་ལ། དཀྱིལ་འཁོར་པ་རྣམས་ལ་དབུལ་ལོ། །ོཾ་མྲི་ཏེ་ན་པྲི་ཎ་ཡ་མེ་སྭཱཧཱ ་ཞེས་བྱ་བ་ནི་སྔགས་སོ། །དེ་ནས་ལོ་བཅུ་གཉིས་སམ། །བཅུ་དྲུག་གམ། ཉི་ཤུ་ལོན་པའི་བུ་མོ་རིགས་ཀྱིས་དབྱེ་བས་བླངས་ནས་རིགས་ལྔས་ཁྱབ་པར་བྱས་ཏེ། རྡོ་རྗེ་དང་པདྨ་འདུས་བྱས་པ་སྔོན་དུ་འགྲོ་བར་སྙོམས་པར་འཇུག་པའི་སྦྱོར་བས་དེ་བཞིན ་གཤེགས་པ་ཐམས་ཅད་དག་གི་ལམ་ནས་ཞུགས་ཏེ། རྩ་དབུས་མ་ནས་སྣང་བ་ལ་སོགས་པ་མྱོང་བ་སྔོན་དུ་འགྲོ་བར་པདྨར་སྤྲོས་ལ། དུང་ཕོར་གྱིས་བླངས་ཏེ་དཀྱིལ་འཁོར་ཀྱི་དབུས་སུ་དབུལ་ལོ། །ོཾ་མ་ཧཱ་སུ་ཁ་བཛྲ་ཧོ་སུ་བ་ཏ་?་སུ་ར་ཏོ་ཧཾ་ཞེས ་བྱ་བ་སྔགས་སོ། །དེ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པའི་བླ་ན་མེད་པའི་མཆོད་པས་བཅོམ་ལྡན་འདས་ལ་མཆོད་དོ། །ལངས་ཏེ་ཕྱག་འཆལ་ཞིང་བསྐོར་བ་བྱས་ཏེ། བཟོང?་པར་གསོལ་ནས་སྨོན་ལམ་བཏབ་ཏེ། ཆོས་ཐམས་ཅད་སོ ་?་སྣང་བཙམ་དུ་བལྟས་ཏེ་གནས་པར་བྱའོ། །ཞེས་མཆོད་པའི་ཆེ་གའོ། །དེ་ནས་སྔར་ལྷག་པར་བྱས་པའི་སློབ་མ་རྣམས་ཀྱིས་གདོང་གཡོགས་ཏེ་སྒོར་བཞག་ལ་གསོལ་བ་གདབ་པར་བྱེད་དུ་གཞུག་གོ། བཅོམ་ལྡན་སློབ་དཔོན་དམ་པ་ནི། །འཁོར་བ་ལས ་ནི་སྐྱོད་པའི་ཕྱིར། སྐྱེ་དང་སྡུག་བསྔལ་རྒ་ཤི་ཡི། །ཞགས་པས་བདག་ནི་རབ་ཏུ་གདུངས། །དེ་ཕྱིར་བདག་ནི་འཇིགས་པ་ཡིས། །ཁྱོད་ལ་རྟག་ཏུ་སྐྱབས་སུ་མཆི། །སྔགས་ཀྱི་ལམ་ཀྱི་ཐེག་པ་ཡིས། །བདག་ལ་རྗེས་སུ་བཟུང་བར་མཛོད། །སློབ་དཔོན་ཁྱོད་ནི་དགོངས? ་སུ་གསོལ། །ཁྱོད་ན?་སྟོན་པ་དགའ་ཆེན་སོ?། །བྱང་ཆུབ་ཆེན་པོའི་ཚུལ་མཆོག་ནི། །མགོན་པོ་ཆེན་པོ་བདག་འཚལ་ལོ། །སངས་རྒྱས་ཆོས་དང་དགེ་འདུན་དང། །སྐྱབས་གསུམ་པོ་ནི་བདག་ལ་སྩོལ། །དམ་ཚིག་མཆོག་ནི་བདག་ལ་སྩོལ། །སྡོམ་པ་ཡང་ནི ་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་ཁྱེར་ལ། །མོག?་ན་པོ་བདག་ནེ་འཇུག་པར་འཚལ་ཞེས་བྱ་བས་སློབ་མས་གསོལ་བ་བཏབ་པའི་འོག་ཏུ། རྡོ་རྗེ་སློབ་དཔོན་གྱིས་ཐལ་མོ་སྦྱར་བ་མེ་ཏོག་དང་ལྡན་པའི་སློབ་མ་ཕྱག་བཞི་བྱེད་དུ་བཅུག་ལ། ཨོཾ་སརྦ་ཏ་ཐཱ ་ག་ཏ་བུདྡྷ་ཀོ་ལ་མ་ཎ་ཌ་ལེ་དི་པ་ཏ་བྷཡ་ཀཱ་ཡ་པཱཀྩིཏྟ་པྲ་ཎ་མེ་པཱ་ད་བནདྷཱ་ནཾ་ཀ་རོ་མི་ཤར་དུའོ། །ོཾ་སརྦ་ཏ་ཐ་ག་ཏ་རཏན་ཀོ་ལ་དེ་བ་ཏ་བྷཡ་ཀཱ་ཡ་བཀྩིཏྟ་པྲ་ཎ་མེ་ན་པ་ད་བནདྷུ་ནཾ་ཀོ་རོ་མི། ལྷོ་རུའོ། །ོཾ་སརྦ་ཏ་ཐ་བ། ཏ་པདྨ་ཀོ་ལ་དི་བཏ་བྷཡ་ཀཱ་ཡ ་བཱཀྩི་ཏྟ་པྲ་ཎ་མེ་བནདྷཱ་ནི་ཀ་རོ་མི་ནུབ་ཏུའོ། །ོཾ་སརྦ་ཏ་ཐ་ག་ཏ་ཀརྨཱ་ཀོ་ལ་དི་བ་ད་བྷཡཱ་ཀཱ་ཡ་བཱིཀྩིཏྟ་པྲ་ཎ་མེ་ན་པཱ་ད་བནདྷཱ་ནཾ་ཀ་རོ་མི་བྱང་དུའོ། །དེ་ནས་མ་དང་ཁྱོད་ཀྱིས་རྨི་ལམ་ཇི་ལྟ་བུ་མཐོང་ཞེས་བླ་མས་དྲིལ་ལ། །སློབ་མས་དགེ་པ་དང་མི་དགེ་བའི་རྨི་ལམ ་བརྗོད་དོ། །བླ་མས་ཀྱང་དེ་དང་མཐུན་པའི་དངོས་གྲུབ་བསྟན་པར་བྱའོ། །དེ་ནས་ཁྱོད་ཀྱིས་མིག་ལ་ཇི་ལྟར་སྣང་ཞས་དྲི་སྔོན་པོ་ལ་སོགས་པ་སྣང་ངོ། །ཞེས་གལ་ཏེ་སྨན་དེའི་ཆེ་རིགས་དང་མཐུན་པའི་དངོས་གྲུབ་བཤད་པར་བྱའོ། །དེ་ནས་བདུད ་རྩི་འཁྱིལ་བ་བཟླས་པའི་ལས་ཐམས་ཅད་པའི་ཆུ་དེའི་ལག་པས་སྦྱིན་ཏེ། འདི་ནི་ཁྱོད་ཀྱིས་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་པས་དངོས་གྲུབ་སྟེར། །རྡོ་རྗེ་བདུད་རྩི་ཆུ་མཐུང་ཞིག། ཨོཾ་བཛྲ་ཨ་མྲི་ཏ་ཨུ ་དཀཋ:?་ཐ(རྒྱུད་འགྲེལ་ན། ཕྱག་རྒྱའི་དངོས་གྲུབ་ཐོབ་པར་གྱུར། །སངས་རྒྱས་ལྷ་མོའི་རེ་མིག་ལ། །བབས་པར་གྱུར་ན་དངོས་གྲུབ་མཆོག། མཆོད་པའི་ལྷ་མོར་མིག་ལ། །བབས་པར་གྱུར་ན་ཞེ་སོགས་གྱུར། །སེམས་དཔའ་ཁྲོ་བོའི་གནས་སུ་ནི། །བབས་ནི་དེ ་ཉིད་བསྟན་པར་བྱ། །སྒོ་ལ་བབས་ན་བར་པ་ནི། །དེའི་ཕྱི་རོལ་དངོས་གྲུབ་དམན། གང་ཚེ་ཀུན་གྱི་ཕྱི་རོལ་ཏུ། །མེ་ཏོག་བབས་ན་དེ་ཡི་ཆེ། །སླར་ཡང་དབུས་སུ་ཕབ་ཏུ་བཞག་།དེར་མ་བབ་ན་དངོས་གྲུབ་མེད། །དེ་ནས་དཀྱིལ་འཁོར་གྱི ་དབུས་ནས་མེ་ཏོག་བླངས་ཏེ། གཟུགས་རྡོ་རྗེ་མའི་སྔགས་ཀྱིས་དེའི་སྤྱི་བོར་གདབ་པར་བྱའོ། །དེ་ལ་ཟབ་པ་དང། རྒྱ་ཆེ་བའི་མཚན་ཉིད་ཀྱི་ཆོས་བསྟན་པས་མགུ་བར་བྱ་སྟེ་ཐར་པ་ཆེན་པོའི་དཀྱིལ་འཁོར་དུ་ནི་ལྟོས་ཤིག་ཅེས་སྨྲས་ཏེ། ཨོཾ་ཙཀྵྲ?་ཞེས་བྱ་བ ་ལ་སོགས་པའི་སྔགས་དང། རྡོ་རྗེ་སེམས་དཔའ་ངེད་ཁྱོད་ཀྱིས། །མིག་འབྱེད་པར་ནི་བརྩོན་པར་མཛད། །མིག་རྣམས་ཐམས་ཅད་འབྱེད་མཛད་དེ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཅེས་བྱ་བའི་ཆིགས་སུ་བཅད་པ་བརྗོད་ནས་གདོང་གཡོགས་འགྲོལ་པར་བྱའོ། ་དེ་ནས་སློབ་མ་ངོ་མཚར་གྱིས་མིག་རྒྱས་པས་དཀྱིལ་འཁོར་ལ་བལྟས་ཏེ། ཕྱག་བཞི་བྱའོ། །དེ་ནས་སྔ་མ་བཞིན་དུ་མཎྜལ་དང། མཆོད་པ་ལྔས་མཆོད་ནས་གསོལ་བ་བཏབ་པ་ལ་འཇུག་སྟེ་།སྐྱབས་མེད་སྐྱབས་ཕྱིར་སྐྱོབ་འགྱུར་བ། །འགྲོ་བ་སྐྱོབ ་པའི་རྒྱུ་ཡིན་ཏེ། རྡོ་རྗེ་འཆང་ཆེན་མི་ཕྱེད་པ། །བདག་ལ་དི་རིང་བསྐྱོབ་ཏུ་གསོལ། །རྣམ་ཤེས་ལྔ་ནི་གཏི་མུག་གི། འདམ་པ་དག་པར་བྱ་བའི་ཕྱིར། །རིག་པའི་དབང་བསྐུར་ཆུ་ཡིས་ནི། །བདག་གི་ཡིད་ནི་དགའ་བར་མཛོད་ཅེས་བྱ་བས་གསོལ་བ་བཏབ་པ ་གསན་ནས། སངས་རྒྱས་ཆོས་དང་དགེ་འདུན་ཏེ་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང། །དེ་ནས་སངས་རྒྱས་རིགས་མཆོག་ལ། །དམ་ཚིག་སྡོམ་པར་བཤད་པ་ཡིན། །རྡོ་རྗེ་དྲིལ་ཕྱག་རྒྱ་དག། བློ་ཞེན་ཁྱོད་ཀྱིས་གཟུང་བར་བྱ། །བྱང་ཆུབ་སེམས ་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་ཡང་ནི་གཟུང་བྱ་སྟེ། བླ་མ་སངས་རྒྱས་ཀུན་དང་མཉམ། དེ་ནི་རྡོ་རྗེའི་རིགས་དག་ལ། དམ་ཚིག་སྡོམ་པ་ཡིན་པར་གསུངས། །ཉིན་དང་མཚན་མོ་ལན་གསུམ་དུ། སྦྱིན་པ་རྣམ་བཞི་རྟག་ཏུ ་སྦྱིན། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །རིན་ཆེན་རིགས་ལ་མཐོ་བའོ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་ཁྱོད་ཀྱིས་གཟུང། །དེ་ནི་པདྨའི་རིགས་དག་ལ། །དམ་ཚིག་སྡོམ་པ་ཡིན་པར་བཤད། །སྡོམ་པ་ཐམས་ཅད་དང་ལྡན་པའི།། ་དེ་ཉིད་དུ་ནི་གཟུང་བར་གྱིས། །མཆོད་པའི་ལས་ནི་ཅི་ནུས་གྱིས། །ལས་ཀྱིས་རིགས་མཆོག་དམ་པའོ། །ཁྱོད་ཀྱིས་སྲོག་ཆགས་བསད་མི་བྱ། །མ་བྱིན་པར་ཡང་བླངས་མི་བྱ། །འདོད་པས་ལོག་པར་མི་སྤང་ཅིང། །བཛུན་ཡང་སྨྲས ་པར་མི་བྱ་སྟེ། །ཉེས་པ་ཀུན་གྱི་རྩ་བ་ཡི། །ཆང་འཐུང་བ་ཡང་སྤང་པར་བྱ། །བྱ་བ་མ་ཡིན་ཐམས་ཅད་སྤངས། །སེམས་ཅན་དོན་ལ་རྒྱབ་ཕྱོགས་མིན། །འཁོར་བ་སྤོད་པར་མི་བྱ་ཞིང། །མྱ་ངན་འདས་ལ་ཆགས། བྱ་མིན། །དོ་མ་རྣམས་ཀྱི་གམ་དུ ་གནས། །རྣལ་འབྱོར་པ་ལ་སྐུར་སྟི་བྱ། །ལུས་ཀྱི་ལས་ནི་རྣམ་པ་གསུམ། །ངག་གི་རྣམ་པ་བཞི་དག་དང། །ཡིད་ཀྱི་རྣམ་པ་གསུམ་ཡིན་ཏེ། །ཅི་ནུས་པར་ནི་གསུང་བར་བགྱི། །ཐེག་པ་ཆུང་ལ་འདོད་མི་བྱ། །སེམས་ཅན་དོན་ནི་ཀུན་ཏུ་སྤྱོད། །ལྷ་དང་ལྷ ་མིན་གསང་བ་ལ། །ཁྱོད་ཀྱིས་བརྙས་པར་བྱ་བ་མིན། །ཕྱག་རྒྱ་བཞོན་པ་ཕྱག་མཚན་དང། །མཚན་མ་རྣམས་ཀྱང་བསྒོམ་མི་བྱ། །དེ་ནི་སྡོམ་བ་ཞེས་གསུངས་ཏེ། །བློ་ཆེན་ཁྱོད་ཀྱིས་གསུང་བར་གྱིས། དེ་ནས་བླ་མའི་གསུང་ངེས་ནི། །སྔ་མ་པ་ལེགས ་པར་གཟུང་བར་བྱ། །ཇི་ལྟར་མགོན་པོས་བཀའ་སྩལ་པ། །དེ་བཞིན་དུ་ནི་བདག་གིས་སྦྱང། །དཀོན་མཆོག་གསུམ་ལ་སྐྱབས་འགྲོ་ལ་སོགས་དང། །རྡོ་རྗེ་ལ་སོགས་གཟུང་དང་སྦྱིན་པ་བཞི། །རྣམ་པ་གསུམ་གྱིས་ཆོས་དང་མཆོད་པ་དག་།ཁྱོད ་ཀྱི་གསུང་གིས་བདག་གིས་གཟུང་བར་གྱིས། །སྲོག་གཅོད་པ་ལ་སོགས་པ་དག་ལས་ནི། །སོ་སོར་ལོག་དང་གཞན་ཡང་སྡོམ་པའི་ཚོགས། །འཁོར་བའི་རྒྱ་མཚོ་ཕ་རོལ་བསྒྲལ་བའི་ཕྱིར། །མགོན་པོ་ཡང་རག་བདག་གིས་གཟུང་བར་བགྱི། །དེ་ནས ་དཀྱིལ་འཁོར་བའི་བུམ་པ་རྣམས་ཀྱིས་ཆུ་པདྨའི་སྣོད་དུ་གཅིག་ཏུ་བསྡུས་ཏེ། རྣལ་འབྱོར་བཞི་ཡི་རིམ་གྱིས་མི་བསྐྱོད་པར་བྱས་ལ། །མཆོད་ཅིང་སྙོམས་པར་ཞུགས་པས་ཞུ་ཞིང། ཆུའི་རྣམ་པར་བལྟས་ལ་རྡོ་རྗེ་འཆང་གི་རང་བཞིན་གྱི་སློབ་མའི ་སྤྱི་པོར་དབང་བསྐུར་རོ། །དབང་བསྐུར་བ་ནི་ཨོཾ་བཛྲ་དེ་བ་དཏྟ་ཨ་བྷིཥིཉྩ་མི་ཞེས་བྱ་བ་ནི་ཆུའི་དབང་ངོ། །དེ་ནས་ལུགས་མ་ལ་སོགས་པའི་ཅོད་པན་ལ་དེ་བཞིན་དུ་རིན་ཆེན་འབྱུང་ལྡན་བསམས་ལ། སྙོམས་པར་འཇུག་པས་ཞུ་ཞིང་དབུ་རྒྱན་གྱི་རྣམ་པ་དེའི ་སྤྱི་བོར་བཞག་ལ། ཨོཾ་རཏན་དྷྲིཀ་ཨཱ:ཧཱུཾ། ཞེས་བྱ་བ་སྟེ་དབུ་རྒྱན་གྱི་དབང་ངོ། །དེ་བཞིན་དུ་རྡོ་རྗེ་འོད་དཔག་ཏུ་མེད་པར་བསྐྱེད་ལ། །ཞུ་ཞིང་ཡང་རྡོ་རྗེའི་རྣམ་པ་དའི་ལག་པར་བྱིན་ཏེ། དེ་རིང་ཁྱོད་ནི་དབང་བསྐུར་བ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ ་བཅས་པ་དང། སྔགས་ཀྱིས་དབང་བསྐུར་བ་ནི་རྡོ་རྗེའི་དབང་ངོ། །དེ་བཞིན་དུ་དྲིལ་བུ་དོན་ཡོད་གྲུབ་པར་བསྐྱེད་ལ། །ལག་པ་གཡོན་པར་གཏད་ལ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པས་སྦྱིན་པ་ནི་བདག་པོའི་དབང་ངོ། །སྔར་ཕོག་པའི ་མེ་ཏོག་གི་གནས་དང་ཐུན་བཀྱེ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བ་ནི་མིང་གི་དབང་ངོ། །དེ་ནི་ཀུན་གཞི་ལ་སོགས་པ་སྤོང་པས་རིག་པའི་དབང་ཡིན་ནོ། །དེ་ནས་ཕྱིར་མི་ལྡོག་པ་ཐོབ་པའི་ཕྱིར་།གསོལ་བ་བཏབ་པ་ལ་འཇུག་སྟེ། ཕྱིར་མི་ལྡོག་པའི་འཁོར་ལོ་ལ། །མགོན་པོ ་དབང་སྐུར་བཤད་དུ་གསོལ། །འཁོར་ལོ་ལྷ་ཡི་དེ་ཉིད་དང། །སློབ་དཔོན་གྱི་ནི་ལས་རྣམས་དང། སངས་རྒྱས་ཀུན་གྱི་དམ་ཚིག་དང། སྡོམ་པ་ཡང་ནི་དག་ལ་སྩོལ། །ཐོར་པ་ཆེན་པོའི་གྲོང་ཁྱེར་དུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ཞེས་བྱ་བ་སློབ ་དཔོན་གྱིས་གསན་ནས་རིགས་ཀྱི་བུ་སློབ་དཔོན་ལ་སྨོད་པ་དང། བདེ་གཤེགས་བཀའ་ལས་འདའ་བ་དང། རྡོ་རྗེ་སྤུན་ལ་སྡང་བ་དང་།བྱམས་པ་སྤངས་པ་དང། བྱང་ཆུབ་ཀྱི་སེམས་དང་བྲལ་བ་དང། ཐེག་པ་གསུམ་ལ་སྨོད་པ་དང། སྣོད་མ་ཡིན ་པ་ལ་གསང་བའི་ཆོས་བཤད་པ་དང། ཕུང་པོ་སྨོད་པ་དང། དག་པའི་ཆོས་ལ་སེམ་ཉི་དང། བདུག་པ་ལ་བྱམས་པ་དང། ཆགས་པ་དང་བྲལ་བ་དང་ཆོས་ལ་མཛའ་གཉིས་བཞག་པ་དང། དད་པ་དང་ལྡན་པའི་སེམས་སྨོད་པ་དང། དམ་ཚིག་ ་དག་མི་རྟེན་པ་དང་།བུད་མེད་རྣམས་ལ་མི་སྣོད་པའོ། །དེ་བཞིན་དུ་རིག་མ་མི་བསྟེན་པ་དང་།དམ་ཚིག་མི་སྦྱོར་བ་དང་།ཚོགས་ཀྱི་འཁོར་ལོ་ལ་རྩོད་བ་དང་།གསང་པའི་ཆོས་སྟོན་པ་དང་།དང་པ་དང་ལྡན་པའི་སེམས་ཅན་ལ་དམ་པའི ་ཆོས་ལོག་པར་སྟོན་པ་དང་།ཉན་ཐོས་ཀྱི་ནང་དུ་ཞག་བདུན་གནས་པ་དང་།ང་རྒྱལ་དང་།མ་ངེས་པ་དང་།མ་སྦྱར་བ་དང་།སྣོད་མ་ཡིན་པ་ལ་གསང་བའི་ཆོས་བསྟན་པར་མི་བྱའོ། །ཞེས་སློབ་མས་ཐོས་ནས་རྩ་བའི་བཏུང་བ་བཅུ་བཞི་དང། ་སྦོམ་པོ་སྡིག་པ་བཅུ་དགའ་བར། །དི་རིང་ནས་བརྩམས་བདག་ཉིད་ཆེ། །བྱང་ཆུབ་ཐོབ་པར་མི་བགྱིད་དོ། །ཞེས་རྡོ་རྗེ་སློབ་དཔོན་གྱིས་ཐོས་ནས་ཕྲེང་བ་ལག་ཏུ་བྱིན་ཏེ། ཨོཾ་བཛྲ་དྷྲིཀ་ཅེས་བྱ་བ་ལ་སོགས་པའི་སྔགས་དང་།རང་ཡི་དམ ་ཡང་ཁྱོད་ཀྱིས་བསྒོམ་པ་དང། ཟླ་བར་བྱའོ། །ཞེས་སྔགས་ཀྱི་དབང་ངོ། །དེ་ནས་རྡོ་རྗེས་མཚན་པའི་རྒྱན་སྐེད་པ་ལ་སོགས་པ་ལ་བཏགས་ཤིང་ལག་པར་རྡོ་རྗེ་བཟུང་ལ་འདི་ནི་སངས་རྒྱས་ཐམས་ཅད་ཉིད་ཅེས་པ་ལ་སོགས་པས ་སྦྱིན་ཏེ་།རྣམ་པར་དག་པ་བཤད་པ་ནི་རྡོ་རྗེ་བརྟུལ་བཞུགས་ཀྱི་དབང་ངོ། །དེ་ནས་རྣམ་པ་གསུམ་གྱི་སྤྱོད་པ་སྟན་ཞིང་རྣ་བ་གཡས་པ་དང་།གཡོན་པ་ལ་ཤིང་གི་གདོང་པ་གཉིས་དང་།དེ་དང་འདྲ་བ་ཕྱག་བཞི་དང་།རལ་པའི་ཐོར་ཚུགས་བཏགས་ལ།། ་ཇི་སྲིད་འཚོ་བའི་བར་དུ་སྤྱོད་པ་འདི་ཉིད་ཀྱི་གནས་པར་བྱའོ། །ཞེས་སྤྱོད་པའི་བརྟུལ་ཞུགས་སོ། །དེ་ནས་སླར་ཡང་ཁྱོད་ལ་འཆི་བ་མེད། །ཐེག་པ་ཆེན་པོ་འདི་ཉིད་ལས། །ཟིལ་གྱིས་མི་ནོན་མི་གནོན་བ། །གང་ལས་འཇིགས་མེད་རོལ་པར་གྱིས་ཞེས ་བྱ་བ་ནི་ལུང་བསྟན་པའོ། །ཤཱཀྱ་ཐུབ་པའི་གཟུགས་དང་འདྲ་བའི་རྡོ་རྗེ་སློབ་དཔོན་ལངས་ཏེ་།གཡོན་པའི་ཆོས་གོས་ཀྱི་དཀྱིལ་ནས་ཟུང་ལ་།གཡས་པས་མི་འཇིགས་པའི་ཕྱག་རྒྱ་དང་ལྡན་པས། །ོཾ་སརྦ་ཏ་ཐཱ་ག་ཏ་སྭཱ་བྷཱ་བ་སྟཝཾ་སརྦ་བཛྲ་དྷཱ་ར ་སྟཝཾ་བྷཱ་བ་སྟཝཾ། །ཞེས་བྱ་བ་ནི་དབུགས་དབྱུང་པའོ། །དེ་ནས་རྣམ་པར་སྣང་མཛད་དང། སྒྲ་རྡོ་རྗེའི་སྔགས་བཟླས་པའི་འཁོར་ལོ་དང་།དུད་ལག་པ་གཡས་པ་དང་།གཡོན་པ་ལ་བྱིན་ཏེ། དིང་ནས་བརྩམས་ཏེ་།ཆོས་ཀྱི་འཁོར་ལོ་བསྐོར་བ་དང་།ཆོས་ཀྱི་དུར་བུས ་ཤོག་ཅེས་བྱ་བ་ནི། འཁོར་ལོ་དང་དུང་གི་དབང་ངོ། །དེ་ནས་མེ་ལོང་བླངས་ཏེ་།བསྟན་པར་བྱ་བ་ནི་ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། ཞེས་བྱ་བ་ལ་སོགས་པས་མེ་ལོང་གི་དབང་ངོ། །དེ་ནས་མདའ་དང་གཞུ་བྱིན་ལ། ཕྱོགས་བཞི་དང་སྟེང་འོག་ཏུ་འཕང ་པའི་ཚུལ་གྱིས་བདུད་བཞི་ལས་རྒྱལ་བ་དང་།ཆོས་ཀྱི་དབྱིངས་ཀྱི་དེ་ཁོ་ན་ཉིད་སོ་སོར་རྟོག་པ་བཤད་པ་ནི་མདའ་དང་གཞུའི་དབང་ངོ། །དེ་ནས་གསེར་གྱི་མི་ཐུར་གྱིས་།ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །རབ་རིབ་ལིང་ཏོག་བསལ་བ་ལྟར། །བུ ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་དག་གིས་བསལ་ཞེས་བྱ་བས་མིག་ཕྱེ་བ་ནི་མིག་དབྱེ་བའི་དབང་ངོ། །དེ་ནས་སེངྒེའི་ཁྲི་ལ་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གིས་འདུག་ཏུ་བཅུག་ལ་།གདུགས་དང་།རྒྱལ་མཆེན་དང་།བ་དན་དང་།བླ་རེ་དང་།རོལ ་མའི་སྒྲས་རྡོ་རྗེ་སློབ་དཔོན་གྱིས་རྣམ་པར་རྒྱལ་བའི་བུམ་པ་བླངས་ཏེ་།ཉེ་བའི་སྒྲུབ་པ་པོ་བཞི་དང་།དམ་ཚིག་གི་ཕྱག་རྒྱ་བཞི་པོས་ཀྱང་རྣམ་པར་མཛད་ལ་སོགས་པའི་བུམ་པ་དང་།སྤྱན་ལ་སོགས་པའི་བུམ་པ་བརྒྱད་བླངས་ཏེ་།རྒྱལ ་བའི་དབང་པོ་ཐུགས་རྡོ་རྗེ། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད། །གཙོ་བོ་དམ་པའི་བཀྲིས་གང། །ཁྱོད་ལ་དེ་དང་འདྲ་བར་ཤོག་ཅེས་བྱ་བ་ལ་སོགས་པ་དབྱངས་གཅིག་དང་།དུས་གཅིག་དུ་བུམ་པ་དགུའི་འཆུའི་རྒྱུན་སློབ་མའི་སྤྱི་བོར་ཕབ་ཅིང་། ་ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་པས་དབང་བསྐུར་བ། །ལྷ་ཡི་ཆུ་ནི་དག་པ་ཡིས་།དེ་བཞིན་བདག་གིས་དབང་བསྐུར་རོ་ཞེས་བྱ་བའི་ཚིགས་སུ་བཅད་པ་དང་།ོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཡ་ས་མ་ཡ་ཤྲཱི་ཡེ ་ཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་སྦྱིན་པར་བྱའོ། །དེ་ནས་ནམ་མཁའ་ནས་དེ་བཞིན་གཤེགས་པའི་ཚོགས་བཀུག་ཅིང་ཚངས་པའི་སྒོ་ནས་ཞུགས་ཏེ་།ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀའི་ས་བོན་གྱི་ཐིག་ལེར་བསྡུ་བར་བྱའོ།། ་དེ་ནས་སློབ་དཔོན་གྱིས་སློབ་མ་ལ་མཆོད་པར་བྱ་སྟེ་།སྤྱི་བོར་མེ་ཏོག་སྙིང་གར་དྲི། །སྤོས་དང་མར་མེ་མདུན་དུ་སྟེ། ལྷ་བཤོས་ཀྱང་ནི་མདུན་དུ་སྦྱིན། །སྤོས་དང་དྲི་བྱུགས་སད་པར་བྱ། དེ་ནས་མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ་ཞེས་བྱ་བ་ལ་སོཌ ་པ་ཚིགས་སུ་བཅད་པ་ལྔས་བསྟོད་ལ། མེ་ཏོག་གི་ཕྲེང་བ་སྤྱི་བོར་བཏགས་ལ་།ོཾ་སུ་པྲ་ཏིཥྛ་བཛྲེ་སྭཱཧཱ་།ཞེས་བྱ་བའི་སྔགས་ཀྱིས་རབ་ཏུ་གནས་པ་བྱས་ལ་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་།ལྷའི་དེ་ཁོ་ནོ་ཉིད་བཤད་པར་བྱ་སྟེ། དེ་ལ་དཀྱིལ་འཁོར ་ཀྱི་དེ་ཁོ་ན་ཉིད་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་རྣམ་པར་དག་པས་གྲུབ་བཞི་པའོ། །དྲན་པ་ཉེ་བར་གཞག་པའི་སྐོའོ། །རྟ་བབས་ནི་བསམ་གཏན་ནོ། །རྡོ་རྗེ་ར་བ་ནི་སྔགས་ཀྱི་ཐེག་པའི་ཆོས་ཀྱིས་འཁོར་ལོ་རབ་ཏུ་བསྐོར་བའོ། །མེ་འོད་ནི་དེའི་འཕྲོ་བའོ།། ་ཚོན་ལྔ་ནི་དེ་བཞིན་གཤེགས་པའི་རང་བཞིན་ནོ། །འདོད་ཡོན་ནི་འདོད་བའི་ཡོན་ཏན་ལྔའི་བདག་ཉིད་དོ། །རིན་པོ་ཆེའི་ཕ་གུ་ནི་ཡེ་ཤེས་ལྔའི་བདག་ཉིད་དོ། །དྲ་བ་དང་དྲ་བ་ཕྱེད་པའི་སྣམ་བུ་ནི་བྱང་ཆུབ་ཀྱི་ཡན་ལག་གི་རང་བཞིན་ནོ། །ས་གཞི ་ནི་དེ་བཞིན་གཤེགས་པ་བཞིའི་ངོའོ། །སྣ་ཚོགས་པདྨའི་ནི་ཤེས་རབ་ཀྱི་རང་བཞིན་དང། ཟླ་བ་དང་ཉི་མའི་གདན་ནི་ཐབས་དང་ཤེས་རབ་ཀྱི་རང་བཞིན་ནོ། །རྡོ་རྗེ་གུར་དང་།རྡོ་རྗེ་ལ་སོགས་པའི་མཚན་མ་ནི་དེ་བཞིན་གཤེགས་པའི ་ངོ་བོའོ། །བདེན་ནི་གསུང་རབ་ཡན་ལག་དགུའི་རྣམ་པར་དག་དང་།གཡེར་ཁའི་དྲ་བ་ནི་ཆོས་ཀྱི་སྒྲའི་ངོ་བོའོ། །བཅུ་གཅིག་རྡོ་རྗེ་ནི་ས་བཅུ་གཅིག་གོ་འཁོར་ལོ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་།རི་དགས་ནི་གཏི་མུག་གི་རང་བཞིན་ཏེ། བཞིའི ་དཀྱིལ་འཁོར་ཀྱི་དེ་ཁོ་ན་ཉིད་དོ། །ཡེ་ཤེས་ལྔའི་རང་བཞིན་ནི་མི་བསྐྱོད་བ་ལ་སོགས་པ་དང་།ས་ལ་སོགས་པ་རྣམ་པར་དག་པ་ནི་སྤྱན་ལ་སོགས་པའོ། །ཕྱིའི་ཡུལ་རྣམ་པར་དག་པ་ནི། །གཟུགས་རྡོ་རྗེ་ལ་སོགས་པ་དང་།སྐྱེ་མཆེད་དྲུག་དང་།རྩ་རྒྱུས་དང་ཚིགས ་རྣམ་པར་དག་པ་ནི་བྱང་ཆུབ་སེམས་དཔའ་དང་།བདུད་བཞི་བཅོམ་པ་ནི་གཤིན་རྗེ་གཤེད་ལ་སོགས་པ་དང་།རྣམ་པར་ཤེས་པའི་ཆོ་གས་དྲུག་རྣམ་པར་དག་པ་ནི་མི་གཡོ་བ་ལ་སོགས་པ་སྟེ། ལྷའི་དེ་ཁོ་ན་ཉིད་དེ་།ཕྱིར་མི་ལྡོག་པའི་དབང་ངོ། །དེ་ནས་དྲིས་སྐུ་དང ་མངའ་ལ་སོགས་པ་དང་བྲལ་བའི་ས་ཕྱོགས་གསང་བའི་དབང་ཐོབ་པའི་ཕྱིར་སློབ་མས་བླ་མ་ལ་གསོལ་བ་གདབ་པར་བྱ་སྟེ། ཁམས་གསུམ་ལས་ནི་ངེས་གྲོལ་བའི་ནམ་མཁའ་དང་ནི་མཉམ་གྱུར་ཉིད། །འདོད་པ་རྣམས་ཀྱིས་མགོས་པ། །དམིགས་མེད་ཁྱོད ་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བཞིས་གསོལ་བ་བཏབ་པ་གསན་ནས། །དམ་ཚིགས་སུ་ཉན་པའི་དོན་དུ་བླ་མས་བསྟན་པར་བྱ་སྟེ། །སྤོང་པ་ལྔ་དང་རིག་པ་ལྔ། །རྡོ་རྗེ་ཞེས་སུ་བཤད་པ་ཡིན་ཞེས་རྡོ་རྗེའི་དེ་ཁོ་ན་ཉིད་དོ། །སྲིད་པ་ངོ་བོ་ཉིད ་ཀྱིས་དག་།རང་བཞིན་གྱིས་ནི་སྲིད་བྲལ་བྱས། །རང་བཞིན་དག་པའི་སྨས་དཔའ་ནི། །སྲིད་པ་དམ་པ་འགྲུབ་པ་ཡིན་ཞེས་བྱ་བ་ནི་དྲིལ་བུའི་དེ་ཁོ་ན་ཉིད་དོ། །ཕྱག་རྒྱ་དམ་ཚིག་བཤད་པ་སྟེ་།ཡིད་ཀྱི་སྐུ་ནི་བརྟན་ཕྱིར་རོ། །གང་གིས་སྐུ་ཀུན་བརྟན ་བས་ན། ཕྱག་རྒྱའི་དེ་ཉིད་མངོན་པར་བརྗོད་ཅེས་བྱ་བ་ནི་ཕྱག་རྒྱའི་དེ་ཁོ་ན་ཉིད་ངོ། །དེ་ནས་སྡོམ་པ་གསུམ་བཤད་པར་བྱ་སྟེ། མ་ར་བི་ཤུ་མའི་རྫས་ནི་སྦྱང་བ་ལ་སོགས་པའི་རིམ་གྱིས་བཟའ་བར་བྱའོ། །ཞེས་སྒྲོན་མ་མྱང་བའོ། །གུ་ཀུ་ད་ཧ་ན་ནི་ཁ་ན ་མཐོ་བ་མེད་པ་བཟའ་བར་བྱ་སྟེ་།ལྕགས་ཀྱུ་མྱང་པའོ། །ཕྱག་རྒྱའི་པདྨ་ལ་ཡང་ཙུམ་པ་ན་བྱ་སྟེ། །བྷ་ག་ལ་ཙུམྦ་ན་སྨྲ་བར་བྱའོ། །དེ་རྣམས་ཀྱང་སློབ་མས་ཇི་ལྟ་བཀའ་སྩལ་པ་དེ་བཞིན་བགྱིའོ་ཞེས་ཚིག་གསན་ནས་རྡོ་རྗེ་སློབ་དཔོན་གྱིས་སློབ་མས ་ཕུལ་བའི་ལོ་བཅུ་གཉིས་པའི་ཕྱག་རྒྱ་རིགས་ལྔས་ཁྱབ་པ་།དང་པོ་སྙོམས་པར་འཇུག་པ་བྱས་སྟེ། བདེ་བ་ཆེན་པོའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་ནམ་མཁའ་ནས་དག་གི་ལམ་ནས་ཞུགས་ཏེ་།རྩ་དབུས་མ་ནས་བྱང ་ཆུབ་ཀྱི་སེམས་ཞུ་ཞིང་པདྨའི་དབུས་སྤྲོས་ལ་།ལག་པས་མ་རེག་པར་དུ་ཕོར་གྱིས་བླངས་ཏེ་སློབ་མའི་ཁར་གཞུག་གོ། །སློབ་མས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་བློས་ལོངས་སྤྱད་བར་བྱའོ། །དེ་ནས་ལྷག་མའི་བྱང་ཆུབ་ཀྱི ་སེམས་རྡོ་རྗེ་ཆུ་དང་སྦྱར་ཏེ་།སློབ་མའི་སྦྱོ་བོར་སྦྱིན་བར་བྱའོ། །སློབ་མས་ཀྱང་ཨེ་མའོ་བདེ་བ་ཆེན་པོ་ཞེས་ཚིག་བརྗོད་པར་བྱ་ཏེ་།ཇི་སྐད་དུ་ཟླ་གསང་ཐིག་ལེ་ལས་ཀྱང་།བྱང་ཆུབ་སེམས་ནི་རིན་ཆེན་འབར་སྤྲོས་ནས། རྒྱལ་བ་མ་ལུས་ཡང་དག ་པ་ཡི་སྐུ། དག་པའི་རྡོ་རྗེ་ཡེ་ཤེས་ལས་བྱུང་ཆུ།།རིན་ཆེན་ཆར་གྱིས་སྤྱི་བོར་དབང་བསྐུར་གསོལ་ཞེས་བྱ་བ་ནི་གསང་བའི་དབང་བསྐུར་གྱི་ཆོ་གའོ། །དེ་ནས་རང་སྤྱོད་པ་འམ། ཕྱག་རྒྱ་གཞན་རྡོ་རྗེ་སློབ་དཔོན་གྱིས་སློབ་མ་ལ་སྦྱིན་པའི ་ཕྱིར་གསོལ་བ་གདབ་པ་བྱེད་དུ་གཞུག་སྟེ་ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། །ཤ་དང་རུས་པ་ཁྲག་ཀྱང་མེད། །ཁྱོད་ཀྱི་འཇིག་རྟེན་རྗེས་འཇུག་ཕྱིར། །འཇིག་རྟེན་པ་ཡེ་བྱི་བ་བསྟན། །སྐུ་ལ་ནང་མིན་མི་གཙང་མིན། །བཀྲེས་དང་སྐོམ་པ་ཡོད་མ་ཡིན། །ནམ ་མཁའ་ཨི་འཇའ་ཚོན་དང་མཚུངས་པ། །ཁྱོད་ཀྱི་སྐུ་ནི་བསྟན་པ་མཛད་ཅེས་བྱ་བ་ལ་སོགས་པས་གསོལ་བ་བཏབ་པ་གསན་ནས། །དམ་ཚིག་དང་སྡོམ་པ་ཉན་དུ་གཞུག་སྟེ། གང་ཞིག་དམ་ཚིག་ལ་སྡང་དང་།གང་ཞིག་དམ་ཚིག་ལ་སྨོད་པ། །སངས ་རྒྱས་བསྟན་པ་བསྲུང་བའི་ཕྱིར། །དེ་དག་འབར་དེ་བསད་པར་བྱ། །སྔགས་དང་ཕྱག་རྒྱའི་སྦྱོར་བ་ཡིས། །སེར་སྣ་ཅན་རྣམས་བསྐྱབ་པའི་ཕྱིར། །གཞན་གྱི་ནོར་རྣམས་ཕྲོགས་པ་ན། །ཁྱོད་ནི་སྡིག་པས་གོས་མི་འགྱུར། །འདོད་ཆགས་དང་མཚུངས ་བདེ་བ་མེད། །དེ་ནི་རྒྱལ་བ་རྣམས་ཕུལ་ན། །སེམས་ཅན་དོན་དུ་གཞན་གྱིས་སྨྲད། །བརྟེན་པས་དངོས་གྲུབ་ཐོབ་པར་འགྱུར། །རྡོ་རྗེའི་ཚིག་གི་བརྫུན་སྨྲ་བ། །དོན་ཡོད་གྲུབ་པའི་ཏིང་འཛིན་གྱིས། །ཚིག་ནི་བདེན་མིན་སྨྲ་བས་ན། །ཁྱོད་ནི་སྡིག་པས་གོས་མི་འགྱུར། །རིན ་ཆེན་འབྱུང་ལྡན་མགོན་པོ་ཡིས། །ཏིང་ངེ་འཛིན་ལ་ཡིད་ཞུགས་པས། །ཕན་ཕྱིར་རྩུབ་མོ་སྨྲ་བས་ན། །ཁྱོད་ནི་སྡིག་བས་གོས་མི་འགྱུར། །ད་ནི་དམ་ཚིག་ལྔ་བརྗོད་པར་བྱའོ། །དེ་ནས་ཆགས་པས་ཆགས་སྤོང་ཕྱིར། །དཔག་མེད་རྡོ་རྗེ་བསྒོམ་པར་གྱིས ་གཏི་མུག་གཏི་མུག་གིས་འཇོམས་ཕྱིར། །རྣམ་པར་སྣང་མཛད་སྐུ་ལ་བརྟེན། །ཞེ་སྡང་ཞེ་སྡང་གིས་ཞི་ཕྱིར། །མི་བསྐྱོད་ཡོངས་སུ་བསམ་པར་གྱིས། །ང་རྒྱལ་ང་རྒྱལ་གྱིས་འཇོམས་ཕྱིར། །རིན་ཆེན་གཙོ་བོ་བསྒོམ་པར་གྱིས། །ཕྲག་དོག་ཕྲག་དོག ་གིས་འཇོམས་ཕྱིར། །རྟ་མཆོག་རྣམ་པར་བསྒོམ་པར་གྱིས་ཞེས་སྡོམ་པ་ལྔ་སྦྱིན་པར་བྱའོ། །དེས་ཀྱང་བརྗོད་པར་བྱ་སྟེ། ཇི་ལྟར་མགོན་པོས་བཀའ་སྩལ་པ། །དེ་ལྟ་བུ་ནི་བདག་གིས་སྤྱད། ཅེས་ཐོས་ནས། །སྔར་བཤད་པའི་ཕྱག་རྒྱ་དེ་ལ་སྦྱིན་ནོ། །དེ ་ནས་ཁྲི་ལ་བཞུགས་པའི་ཕྱག་རྒྱ་ཕྱོགས་གྱི་གོ་ཅན་སྐྲ་གྲོལ་ཞིང་སློབ་མ་ལ་འདི་སྐད་བརྗོད་པར་བྱ་སྟེ་།བཤད་གཙོ་དག་ནི་བཟའ་བ་སྟེ། །ཁྱོད་ཀྱིས་བུད་མེད་སྤྱོད་ནུས་སམ། །རགཏ་ཤུ་ཀྲ་ཤ་དང་ནི། །བུད་མེད་རྣམས་ནི་མགུ་བ་དང། །བྷ་གའི་པདྨ་ཙུམ་པ ་ན། །ཅི་བདེ་བས་ནི་སྨྲ་བར་གྱིས། །སློབ་མས་ཀྱང་སྨྲ་བར་བྱ་སྟེ། ཤུ་ཀྲ་རགཏ་ལ་སོགས་དང་།ལྷ་མོ་བདག་གིས་ཅི་མི་ནུས་།བཤད་གཅི་ལ་སོགས་བསྟེན་པར་བགྱིས། །བུད་མེད་རྣམས་ནི་མགུ་བར་བགྱི། །བྷ་ག་ལ་ཡང་ཙུམ་པ་ན། །ཇི་ལྟར་བཀའ་ཨི་སྩལ ་དེ་ལྟར་བགྱི། །ཞེས་གསན་ནས་ཡིད་མགུ་བར་གྱུར་པའི་ལྷ་མོས་ལག་པ་གཉིས་ཀྱིས་པདྨ་ཁ་ཕྱེ་ལ་།སློབ་མ་ལ་བསྟེན་པར་བྱའོ། །ེ་མའོ་བདག་གི་པདྨ་འདི། །བདེ་བ་ཐམས་ཅད་ཡང་དག་ལྡན། །གང་གིས་ཆོ་གས་བསྟེན་བ་ན། །བདག་གི་དེའི་མདུན་དུ ་གནས། །འདི་ནི་ཆོས་དབྱིངས་དག་པ་སྟེ་།སེམས་ཅན་ཁམས་ནི་རབ་གྲོལ་བ། །བདེ་བ་ཆེན་པོ་རྒྱལ་པོ་འདིར། །དངོས་པོ་ཀུན་གྱིས་ཡང་དག་གནས་ཞེས་སྨོས་ཏེ་།རྩ་འཁོར་ལོ་བསྟན་པར་བྱའོ། །འདིར་པདྨའི་དབུས་སུ་རྩ་སུཾ ་ཅུ་རྩ་གཉིས་གང་ཡིན་བ་དེ་དག་བཅོམ་ལྡན་འདས་མི་བསྐྱོད་པ་དཀྱིལ་འཁོར་བ་ཐམས་ཅད་ཀྱི་རང་བཞིན་དུ་ཤེས་པར་བྱའོ།། །དེ་རྣམས་ཀྱི་ནང་ན་རྩ་ལྔ་ནི་གཙོ་བོ་སྟེ། རྩ་དབུས་མ་གང་ཡིན་པ་དེ་ནི་འདོད་བའི་གདུགས་ཆུའི་ཁམས ་རྒྱུ་བས་མི་བསྐྱོད་པའི་རང་བཞིན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོའོ། །མདུན་དུ་གནས་པའི་རྩ་གང་ཡིན་པ་དེ་ནི། །ལྷ་སྦྱིན་ཞེས་བྱ་བ་བཤད་པ་རྒྱུ་བ་དང་།བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རང་བཞིན་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི ་བདག་ཉིད་དོ། །གཡས་ཀྱི་རྩ་རུས་སྤལ་མ་གང་ཡིན་པ་དེ་ནི་ཁྲག་རྒྱུ་པ། །རིན་ཆེན་འབྱུང་ལྡན་གྱི་རང་བཞིན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོའོ། །རྒྱབ་ཏུ་ནོར་རྒྱལ་མ་གང་ཡིན་པ་དེ་ནི་ཤ་རྒྱུ་བ་དོན་ཡོད་གྲུབ་པའི་རང་བཞིན་བྱ་བ་?་གྲུབ ་པའི་བདག་ཉིད་དོ། །དེ་བཞིན་དུ་གཡོན་གྱི་རྩ་ཟླ་བ་མ་གང་ཡིན་པ་དེ་ནི་བྱང་ཆུབ་ཀྱི་སེམས་རྒུ་བ་འོད་དཔག་ཏུ་མེད་པའི་རང་བཞིན་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་དོ། །རྡོ་རྗེ་བདུད་རྩི་ལས་བྷ་གའི་དབུས་སུ་མཁའ་གང། །ནམ་མཁའ་ ་ལྔ་ཡིས་རྒྱན་པ་སྟེ། །ལྟེ་བ་གེ་སར་དང་ལྡན་པ། །འདབ་མ་བརྒྱད་ཀྱིས་རྣམ་པར་བརྒྱན། །བདུད་རྩི་རྒྱུ་བའི་རྩ་གང་ཡིན། །བྷ་གའི་དབུས་སུ་རབ་ཏུ་གནས། །རྩ་གཞན་སུམ་ཅུ་རྩ་གཉིས་ནི། །དེ་ཡི་དབུས་སུ་གཙོ་བོ་ཡིན། །ཞེས་སྨོས་ཏེ་སློབ་མའི ་ལས་སུ་རུང་བའི་རྡོ་རྗེའི་རྩེ་མོར་སྙོམས་པར་འཇུག་པས་སྣང་བ་ལ་སོགས་པའི་ཡེ་ཤེས་མཚོན་དུ་གཞུག་གོ་།དེ་ནས་པདྨར་སྤྲོས་པའི་བྱང་ཆུབ་ཀྱི་སེམས་སྤྲོ་ཞིང་ལྕེས་མྱང་བར་བྱ་སྟེ། ཤེས་རབ་ཀྱི་དབང་ངོ།། །།དེ་ནས་སློབ་མས་བདེ་བ་ཆེན་པོ ་མྱོང་ཞིང། །མེ་ཏོག་གིས་གང་བའི་ཐལ་མོ་སྦྱར་ཏེ་།རྡོ་རྗེ་སློབ་དཔོན་གྱི་སྤྱན་སྔར་ཕྱིན་ནས་ཁྱོད་ཀྱི་སྐུ་དྲིན་གྱིས་བདག་གིས་དེ་ཁོ་ན་ཉིད་ཐོབ་པོ་ཞེས་སྨོས་པ་ལ་།སློབ་དཔོན་གྱིས་སྨྲ་བར་བྱ་སྟེ་།རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ཞུ་བའི་དུས་སུ་? ་ཡིན་པ་དེ་ནི་སྣང་བ་དང། བསྙེན་པ་དང་།རྣམ་པ་སྣ་ཚོགས་པའི་སྐད་ཅིག་མའི་ངོ་བོའོ། །ཡན་ལག་ཐམས་ཅད་དུ་ཕྱིན་པའི་དུས་སུ་སྣང་བ་མཆེད་པ་དང་།ཉེ་བར་བསྒྲུབ་པ་དང་།རྣམ་པར་སྨིན་པའི་སྐད་ཅིག་མའི་བདག་ཉིད་དོ། །དེ་ལ་དང་པོ་གསུམ་རྡོ་རྗེའི་དཀྱིལ ་དུ་ཕྱིན་པའི་དུས་སུ་སྣང་བ་ཐོབ་བ་དང་།སྒྲུབ་པ་དང་།རྣམ་པར་འཇོམ་པའི་སྐད་ཅིག་མའི་བདག་ཉིད་དོ། །རྡོ་རྗེ་རྩེ་མོར་གནས་པའི་དུས་སུ་འོད་གསལ་བ་དང། སྒྲུབ་པ་ཆེན་པོ་དང་།མཚན་ཉིད་དང་བྲལ་བའི་སྐད་ཅིག་མའི་བདག་ཉིད་དོ། །དེ་ལ་དང་པོ་གསུམ་ནི ་སྤང་བར་བྱ་བ་དང་བཞི་པ་ནི་བླང་བར་བྱ་པའོ་ཞེས་ཐོས་ནས་སློབ་མས་པུས་མོ་གཉིས་ས་ལ་གཙུགས་ཏེ། དངོས་བོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །གཟུང་དང་འཛིན་བ་རྣམས་སྤངས་པ། ཆོས་ཀུན་བདག་མེད་མཉམ་ཉིད ་ཀྱིས། །རང་སེམས་མཐོང་བར་མ་སྐྱེས་པ་།སྟོང་བ་ཉིད་ཀྱི་ངོ་བོའི་ཞེས་བརྗོད་པས། བླ་མ་ལ་མེ་ཏོག་དབུལ་ཞིང་ཡོན་དབུལ་བར་བྱ་སྟེ་།གསེར་དང་དངུལ་དང་རིན་ཆེན་དང་།བ་གླང་རྟ་དང་གླང་པོ་རྣམས། །ཁང་པ་ཞིང་དང་བཞོན་པ་དང་།སྣ་ཆ་མགུ་བརྒྱན ་གང་དུ་བུ་དང། །དར་དང་ཟ་འོག་ན་བཟའ་དང། །ཉལ་ཁྲི་དང་ནི་གདན་རྣམས་དང། བྲན་དང་བྲན་མོ་བཙུན་མོ་དང། ཤིན་ཏུ་ཡིད་འོང་བཙུན་མོ་དང་།བདག་ཉིད་ཀྱང་ནི་ཕུལ་བ་ན། །དེ་ལས་ལྷག་མ་གཞན་ཅི་ཆིས་བྱ་བའོ། །གསང་བ་ཐམས་ཅད་ལས་བདག་།ཉིད་བླ་མ ་ལ་ཕུལ་ནས། །སླར་ཡང་རིན་གྱིས་བསླུ་བར་བྱ་ཞེས་ཤེས་རབ་ཡེ་ཤེས་ཀྱི་དབང་སྟེ་།དབང་བསྐུར་བའི་ཆོ་གའོ། །དེ་ནས་གཏོར་མ་བྱ་སྟེ་།དེའི་རིམ་པ་ནི་མདུན་གྱི་ནམ་མཁའ་ལ་འདབ་མ་སུམ་ཅུ་རྩ་གཉིས་པའི་སྣ་ཚོགས་པདྨར་དམིགས་ཏེ། །དེའི་ལྟེ་བ་དང། ་ན་དཔལ་རྣམས་ལ་ཅིག་ཆར་དུ་སྐྱེས་པ། སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཀྱི་དཀྱིལ་འཁོར་བསམས་ཏེ་།རང་གི་ལྷའི་ང་རྒྱལ་གྱི་སྤོས་དང་།དྲིལ་བུས་བཀུག་ལ་མདུན་དུ་རླུང་དང་མེའི་དཀྱིལ་འཁོར་གྱི་སྟེང་དུ་པདྨའི་སྣོད་ལ་བདུད་རྩི་ལྔ་སྦྱང་བ་ལ་སོགས་པཱི? ་རིམ་གྱིས་བསྒྲུབས་ཏེ་།ོཾ་སརྦ་ཏ་ཐཱ་ག་ཏ་ན་པྲི་ཎ་ཡ་མོ་སྭཱཧཱ། །ཞེས་བྱ་བའི་སྔགས་དང། སྙོམས་པར་འཇུག་པའི་ཕྱག་རྒྱས་ཕུལ་ལ་ཤིང་དྲུང་གི་རྩ་བར་བཏོང། །ཁྱོད་ཀྱིས་ཞེས་བྱ་ལ་སོགས་པས་གཤེགས་སུ་གསོལ་བ་ན་དཀྱིལ་འཁོར་ཀྱི་འཁོར་ལོའི་གཏོར ་མའི་ཆོ་གའོ།། །།དེ་ནས་དེ་བཞིན་དུ་མདུན་གྱི་ནམ་མཁའ་ལ་རྩིབས་བཅུ་པའི་འཁོར་ལོ་སེར་པོ་དམིགས་ལ། །དེའི་དབུས་སུ་བཅོམ་ལྡན་འདས་མི་བསྐྱོད་པ་དམིགས་ལ་དེའི་ཐུགས་ཀའི་འོད་ཟེར་གྱིས་ཁྲོ་བོ་བཅུ་སྤྲས་ལ། །རང་རང་གི་རྩིབས་སུ ་དགོད་ཅིང་སེམས་དཔའ་གསུམ་གྱི་བདག་ཉིད་དུ་བྱས་ལ་ཡེ་ཤེས་ཀྱི་འཁོར་ལོ་བཅུག་སྟེ། སྤོས་དང་།དྲིལ་བུའི་སྒྲ་དང་།ཡི་གེ་བརྒྱ་པ་བརྗོད་པས་དགུག་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ཕྱོགས་དང་མཚམས་བཅུ་ལ་ཆུའི་མཎྜལ་བཅུ་བྱས་སྟེ། ་དེའི་སྟེང་དུ་སྣོད་བཅུ་བཟའ་བ་ལ་སོགས་པ་དང་བཅས་པ་བཞག་ཅིང་བདུད་རྩིར་བྱས་ཏེ་།རང་རང་གི་སྔགས་གི་ཀྱིས་དབལ་ལོ། །དེའི་སྔགས་ནི་ན་མོ་བཛྲ་མུང་ག་ར་ཏསྟཝཱ་ཡ་ཙཎྜ་མཎྜལ་ཨཱཀྵ་པ་ཀ་རཱ་ཡ་ཧཱུཾ་ཕཊ་།གཤིན་རྗེ་གཤེད་ཀྱིའོ། །ན་མ(རྒྱུད་འགྲེལ་བུདྡྷེ་བྷོ་མཧཱ་དཎྟ?་དྷ་ར་བི་བི་དྷ་སུ་ར་ཨ་སུ་རཱ་མརྡྷ་ན་བྷུ་ཏཱཾ་ནི་རྨ་ཐཱ་ཧཱུཾ་ཕཊ། ཤེས་རབ་མཐར་བྱེད་ཀྱིའོ། །ན་མ(རྒྱུད་འགྲེལ་ཥྚོ་ཊ་ཀ་ཊ་བྷེ་ར་བཱ་ཡ་བཛྲ་སཾ་དོ་ཧཾ་དར་པཱ་ཡ་ཨ་མྲི་ཏ་ཀུཎྜ་ལི་ཧཱུཾ་ཕཊ། བགེགས་མཐར་བྱེད་ཀྱིའོ། །ན་མ(རྒྱུད་འགྲེལ་ན་མོ་མཧཱ་བ་ལཱ་ཡ་ཨུ་ཙུཥྨ་ཀྲོ་དྷ་རཱ་ཛཱ་ཡ་སརྦ་ནཱ་ག་ནཾ་།ཧྲཱི་ད་ཡཾ་ཧཱ?་ཌཱ་ཡ་ཧཱུཾ་ཕཊ་།སྟོབས་པོ་ཆེའོ། །ན་མ(རྒྱུད་འགྲེལ་འདོད་པའི་རྒྱལ་པོའི་འོ། །ོཾ་སུཾ་བྷ་ནི་སུཾ་བྷ་ནི་སུཾ་བྷ་ཧཱུཾ་ཧཱུཾ་ཕཊ་:གྲིཧྞ་གྲིཧྞ་ཧཱུཾ་ཧཱུཾ་ཕཊ། གྲི་ཧྞཱ་བ་ཡ་གྲི་ཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ་།ོཾ་ཨཱ་ན་ཡ་ཧོ་བྷ་ག་བཱ་ན་བཛྲ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། གནོད་མཛེས་ཀྱིའོ། །ན་མ(རྒྱུད་འགྲེལ་གྷཱ་ནཱཾ། ཨོཾ་སི་ཏཱ་ཏ་པ་ཏྲེ། ཨོཾ་བི་མ་ལ། ཨོཾ་ཤ་ཀ་ར་།ོཾ་པྲ་ཧཡཾ་གི་ར་བཛྲ་ཨུཥྞི་ཥ་ཙ་ཀྲ་བར་ཏེ་སརྦ་ཡནྟྲ་མནྟྲ་མཱུ་ལ་ཀརྨ་བནདྷ་ནཾ་ཏཱ་ཌཱ་ནཱཾ་ཀི་ལཱ་ནཱཾ་བཱ་མ་མ་ཀྲི་ཏེ་ཡེ་ན་ཀེ་ན་ཙིཏྟ་ཀྲི་ཏི་ཏ་ད་སརྦཱནྟ། ཚིནདྷ་ཚིནདྷ། བྷིནད་བིནད། ཙི་རི་ཙི་རི། མེ་རི་མི་རི། གི་རི་གི་རི།? ་མཱ་ར་མཱ་ར། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ་།གཙུག་ཏོར་འཁོར་ལོ་སྒྱུར་བའོ། །དེ་དག་བརྗོད་ཅིང་རང་རང་གི་གནས་གཏོར་མ་གཏད་དོ། །གཏོར་མ་གཏང་བ་ནི་ཁྲོ་བོའི་རྒྱལ་པོའི་གཏོར་མའི་ཆོ་གའོ།། །།དེ་ནས་རྒྱལ་པོ་ཆེན་པོ་ཆེན་པོ ་བཞིའི་གཏོར་མའི་རིམ་པ་ནི་འདི་ཡིན་ཏེ་།རེ་ཞིག་དང་ལོའི་དཀྱིལ་འཁོར་གྱི་ཕྱོགས་བཞིར་བཟའ་བ་ལ་སོགས་པས་གང་བའི་སྣོད་བཞི་བཞག་ལ་།མདུད་དུ་དང་པོ་རང་གི་མིང་གི་ཡི་གེ་ཡོངས་སུ་གྱུར་པ་ལས་རྒྱལ་པོ་ཆེན་པོ་བཞི་དཀར་པོ་དང་།སེར་པོ་དང། ་དམར་བོ་དང་ནག་པོ་ཁྲ་བོ། །རྨོ་གདང་བཅས་པ། དུང་དང་རལ་གྲི་འཆང་།སེམས་དཔའ་གསུམ་གྱི་བདག་ཉིད་།ཡེ་ཤེས་སེམས་དཔའ་དགུག་ཅིང་ཞུགས་པར་བསམས་ལ་།སྔ་མ་བཞིན་དུ་སྔོན་དུ་བྱས་ལ་རང་རང་གི་སྔགས་ཀྱིས་གཏོར་མ་སྦྱིན་པར ་བྱ་སྟེན་ཨོཾ་དྷྲིཊ་རཥྚ?་ཡ་གཾ་དྷར་བ་སེན་དེ་བ?་ཡེ་ན་ན་པ་ལི་པྲ་ཏཱིཙྪ་ས་མ་ཡ། མ་ནུ་སྨར་ཨ(རྒྱུད་འགྲེལ་སྐྱེས་པོའི་འོ། །ོཾ་བིརཱུ་པཱཀྵ་ཡ་མཏཱ་ནཱ་ག་དེ་བ་ཏ་ཡེ་མཾ་བ་ལིཾ་ཏཱིཙྪ་ས་མ་ཡ་མ་ནུ་སྨར་ཨ(རྒྱུད་འགྲེལ་ཐོས་སྲས་ཀྱིའོ། །སྔགས་དེ་རྣམས་ཀྱིས་བྱིན་གྱིས་བརླབས་ལ། རང་རང་གི་ཕྱོགས་སུ་གཏོར་མ་གཏང་བ་ནི་རྒྱལ་པོ་ཆེན་པོ་བཞིའི་གཏོར་མའི་ཆོ་གའོ།། །།དེ་ནས་འབྱུང་པོ་ཐམས་ཅད་ཀྱི་གཏོར་མ་ནི་དང་པོ་ནམ་མཁའ་ལ་པ་ལས་པདྨ་ཚོན ་པོ་འདབ་མ་བརྒྱད་པ་དམར་པོ་བསྒོམས་ལ། དེའི་ལྟེ་བར་ཆོས་འབྱུང་གི་ནང་དུ་གནས་པའི་རྡོ་རྗེ་འཆང་ཆེན་པོ་བསམས་ལ་གྲཝཱ་གསུམ་ལ་ཁམས་གསུམ་དང། འདབ་མ་བརྒྱད་ལ་བརྒྱ་བྱིན་ལ་སོགས་པ་འཇིག་རྟེན་སྐྱོང་བ་བརྒྱད་དང། ་འདབ་མའི་འོག་ཏུ་ཀླུའི་རྒྱལ་པོ་རྒྱད་དང་།སྡོང་བུ་ལ་རིམ་བ་ཇི་ལྟ་བ་བཞིན་དུ་ལྷ་མ་ཡིན་དང་།ཡི་དགས་དང་།དུད་འགྲོ་དང། དམྱལ་བ་པ་རྣམས་བསམས་ལ། དེ་རྣམས་ཀྱི་སྐུ་ལ་སོགས་པ་བྱིན་གྱིས་བརླབས་ཏེ་ཆན་ཆེན་བ་སྣོད་དམ་བུམ་པ ་བཟའ་བ་ལ་སོགས་པས་གང་བར་བྱ་སྟེ། བདུད་རྩིར་བྱས་ནས། སྤྲོས་གཏུལ་བ་དང་།དྲིལ་བུའི་སྒྲས་དེ་རྣམས་མངོན་དུ་བྱས་ཏེ། མཆོད་ཡོན་དང་།ཞབས་བསིལ་སྦྱིན་པ་སྔོན་དུ་འགྲོ་བར། ཨོཾ་ཨ་ཀཱ་རོ་མུ་ཁཾ་ཞེས་བྱ་བ་ལ་སོགས་པའི་སྔགས་དང ་སྙོམས་པར་འཇུག་པའི་ཕྱག་རྒྱ་འམ། ཨུཏཔ་ལའི་ཕྱག་རྒྱས་གཏོག་ཅིག་ལ་སོགས་པས་གཏོར་མ་བཏང་བ་ནི་འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་ཆོ་ག་སྟེ་།ཡན་ལག་བཅུ་པའོ།། །།དེ་ནས་ཞག་བདུན་པ་ལ་དཀྱིལ་འཁོར ་བ་རྣམས་གཤེགས་སུ་གསོལ་ཏེ་།ནང་པར་ལངས་ནས་མཆོད་པ་རྣམ་པ་ལྔས་དཀྱིལ་འཁོར་པ་རྣམས་མཆོད་ལ་ཐལ་མོ་སྦྱོར་ཞིང་།ཁྱེད་ཀྱིས་སེམས་ཅན་ཀུན་དོན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེཌ ་སུ་གསོལ། །སླར་ཡང་གཤེགས་པར་མཛད་དུ་གསོལ། །སྐལ་པ་འམ་བསྐལ་པ་བརྒྱ་ཡི་བར་།གང་གིས་གཟུགས་སྐུ་གནས་གྱུར་པ་།ས་དང་ཆུ་དང་མེ་དང་རླུང་།ལྷ་རྣམས་ཐམས་ཅད་བསྲུང་བར་མཛོད། །ཐུགས་ནི་ཤིན་ཏུ་དགྱེས་གྱུར་ནས། །?་གི་གནས ་སུ་གཤེགས་པར་མཛོད། །བུ་དང་ཚ་བོ་སློབ་མར་བཅས། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང། །སློབ་དཔོན་བསྲུང་བར་མཛད་དུ་གསོལ། །ཤེས་རབ་ཡེ་ཤེས་དྲི་མ་མེད་།དཔེ་མེད་བསམ་མི་ཁྱབ་ལ་འདུད། །ཅེས་བརྗོད་པས་ཡི་གེ་མུ:ཱི་མཛའ་ ་ཅན་ཡི་གེ་བརྒྱ་པས་གཤེགས་སུ་གསོལ་བར་བྱའོ། །དཀྱིལ་འཁོར་གྱི་ཕུར་བུ་དང་མདའ་རྣམས་ཕྱུང་ལ་།འོ་མས་བཀྲུས་ཏེ། རྡུལ་ཚོན་ཆུ་བོ་ལ་བསྐྱལ་ཞིང་།བའི་ལྕི་བ་དང་ཆུས་དཀྱིལ་འཁོར་གྱི་ས་གཞི་བྱུགས་ལ་མེ་ཏོག་བསྐྲམ་ནས་ཕྱག་འཚལ ་ཞིང་སྨོན་ལམ་བཏབ་ནས་ལངས་ཏེ། ཇི་ལྟར་བདེ་བས་གནས་པར་བྱ་བ་ནི་གཤེགས་སུ་གསོལ་བའི་ཆོ་ག་སྟེ་ཡན་ལག་བཅུ་གཅིག་པའོ།། །།དེ་ནས་ཉི་མ་མ་ནུབ་པར་གྱུར་ནས་དབེན་པའི་ཕྱོགས་སུ་ཐབས་དང། ཤེས་རབ་གཉིས་སུ ་མེད་པའི་སྦྱོར་བས་སེམས་ལྷག་པར་མོས་ཏེ། རང་གི་སྙིང་གར་ཁ་མ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེའི་ཆང་ཐུངས?་ལ་ཡི་གེ་ཁམ་བཀོད་ཅིང་།དེ་ལ་སེམས་གཏང་ནས་མིག་ཡོར་ལྟ་བུར་དམིགས་ནས་ཉལ་བར་བྱའོ། །དེའི་སྔོན་དུ་མཐེ་བོ་དང་གུང་མོས ་སེ་གོལ་བཅུ་དང་གནོད་མཛེས་ཀྱིས་རྒྱལ་པོས་ཕྱོགས་བཅིང་བ་བྱས་ནས་རྨི་ལམ་བཟང་བ་མཐོང་པར་འགྱུར་རོ། །གལ་ཏེ་རྨི་ལམ་ངན་པ་མཐོང་ན་དེའི་ཚེ་ཁྲོ་བོའི་གཏོར་མ་གཏང་ན་རྨི་ལམ་བཟང་པོ་མཐོང་བར་འགྱུར་རོ། །རྨི་ལམ་བཟང་པོ་ཡང་བླ་མ་ལ ་སྨྲ་བར་བྱ་སྟེ། དེ་མི་བཞུགས་ན་བྲིས་སྐུ་དང་གཟུགས་སྐུའི་སྤྱན་སྔར་སྨྲའི་གཞན་སུ་ལ་ཡང་སྨྲ་བར་མི་བྱའོ་ཞེས་བྱ་བ་སྟེ་།ཡན་ལག་བཅུ་གཉིས་པའོ།། །།བསོད་ནམས་ཡོངས་སུ་བསྔོ་བ་བཤད་པར་བྱ་སྟེ། དཔལ་རྡོར་ཕྲེང་བ་མཆོག་གི་བསྲུབ ་ཤིང་གིས། །ཟབ་མོ་འདུས་པའི་རྒྱ་མཚོ་བསྲུབས་བྱས་ནས། །སྒྲུབ་ཐབས་བདུད་རྩི་རྙེས་པ་གང་ཡིན་པ། །འཇིག་རྟེན་ཀུན་དེས་འཆི་ལས་འདས་པར་ཤོག་ཅེས་སྨོས་ཏེ་།དང་ལ་རྡོ་རྗེ་ཕྲེང་བ་ཞེས་བྱ་བ་ནི་བཤད་པའི་རྒྱུད་དེ་སྟོང་ཕྲག ་བཅུ་གཉིས་པའོ། །དེ་ཉིད་མཆོག་གི་སྲུབ་ཤིང་སྟེ། །སྲུབ་པར་བྱེད་པའི་ཤིང་དམ་པ་དེས་སོ། །ཟབ་མོ་ནི་ཟབ་པ་སྟེ་མཛའ་དྲུག་ལ་སོགས་པའི་དོན་གཙོ་བོར་གྱུར་པའོ། །འདུས་པའི་རྒྱ་མཚོ་ནི་གསང་བ་འདུས་པའི་རྒྱ་མཚོའོ། །བསྲུབས་བྱས་ནས་ནི ་རབ་ཏུ་བསྐྱོད་པ་སྟེ། །རྣམ་པར་དཔྱད་ནས་བདག་གི་སྒྲུབ་ཐབས་ནི་མདོར་བསྡུས་པ་ཞེས་བྱ་བ་སྒྲུབ་པའི་ཐབས་ཡན་ལག་སུམ་ཅུ་རྩ་བརྒྱད་པ། བདུད་རྩི་དང་འདྲ་བ་རྙེད་པ་གང་ཡིན་བ་དེས་ནི་འཇིག་རྟེན་ཀུན་ཏེ་།མ་ལུས་ལུས་པ་མེད་པའི ་སེམས་ཅན་གྱི་ཁམས་འཆི་བ་ལས་འདས་པར་ཤོག་ཅེས་བྱ་བ་སྐྱེ་བ་དང་རྒ་བ་དང་འཆི་བ་ལས་འདས་པའི་རྡོ་རྗེ་འཆང་ཉིད་ཐོབ་བར་ཤོག་ཅེས་བསྔོ་བ་ཡིན་ནོ།། །།ས་ནི་དང་པོ་ཐོབ་པ་ཡི། །དཔལ་ལྡན་ཀླུ་སྒྲུབ་ཉི ་མ་ཡིས། །འདུས་པའི་མཚོ་སྐྱེས་རྒྱས་པའི་ཕྱིར། །སྒྲུབ་ཐབས་འོད་ཟེར་སྤྲོས་པར་མཛད། །འགྲོ་བ་ལ་ནི་སྣང་མཛད་པ། །མདོར་བསྡུས་པ་ཞེས་བྱ་བ་འདིས། །ཡང་དག་མན་ངག་ལ་བརྟེན་ཏེ། །དེ་ནི་བདག་གིས་གསལ་བར་བྱས། །རྟོགས ་མེད་དབུལ་བོའི་སྡུག་བསྔལ་འཇོམས་བྱེད་པ། །འདུས་པའི་རྒྱུད་ཀྱི་རྒྱ་མཚོའི་ནང་ནས་བྱུང། །བློ་བཟང་ནོར་བུ་མཁན་གྱིས་ལེགས་བྱས་པ། །སྐྱེ་བ་རྣམས་ཀྱི་མགུལ་བར་རྒྱན་དུ་འགྱུར། །རིན་ཆེན་ཕྲེང་བ་ཞེས་བྱ་བ། །སྐྱེ་བོ་དམ་པའི་སྙིང ་ཕྲོགས་ཅིང། །རྣལ་འབྱོར་ཚུལ་རྒྱན་གྱིས་བརྒྱུད་པ། །མདོར་བསྡུས་པ་ཡི་སྒྲུབ་ཐབས་འགྲེལ། །གངས་དང་ཀུན་པ་ཟླ་བ་ལྟར་དཀར་བའི། །དགེ་བ་ཆེན་པོ་བདག་གིས་གང་རྙེད་པ། །འཁོར་བ་མ་རུངས་བཙོན་ར་རྣམས་སྤངས་ནས།། ་དེས་ནི་འགྲོ་བས་རྡོ་རྗེ་འཆང་ཐོབ་ཤོག། །།མདོར་བསྡུས་པའི་སྒྲུབ་ཐབས་ཀྱི་འགྲེལ་པ་རིན་ཆེན་ཕྲེང་བ་ཞེས་བྱ་བ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ནས་མཛད་པ་རྫོགས་ཤོ།། །།རྒྱ་གར་གྱི་མཁན་པོ ་ཀརྨ་བཛྲ་ཉིད་ཀྱིས་བསྒྱུར་ཞིང་གཏན་ལ་ཕབ་པའོ།། །།*། །རིམ་ལྔའི་འབྲེལ་བ་རྣལ་འབྱོར་པའི་ཡིད་འཕྲོག་ཅེས་བྱ་བ་ཡུལ་མ་ག་དྷའི་པཎྜི་ཏ་ཆེན་པོ་ཐུབ་པ་དཔལ་བཟང་པོས་མཛད་པའོ།། *། །རྒྱ་གར་སྐད་དུ། པཉྩ་ཀྲ་མ་སྱ་ཡོ་གི་མ ་