CLOSE WINDOW

N1484: sbyin sreg gi cho ga
Wyliee-texts based on the ACIP/ALL Input

མཁས་པ་ཆེན་པོ་ཤཱན་ཏ་ངེ་ཝ། ཞེས་བྱ་བ་མངོན་པར་ཤེས་པ་ལྔ་དང་ལྡན་བས་མཛད་པ་རྫོགས་སོ།། །རྒྱ་གར་སྐད་དུ། ཧོ་མ་བིདྷི། བོད་སྐད་དུ། སྦྱིན་སྲེག་གི་ཆོ་ག་།འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག ་འཚལ་ལོ། །མགོན་པོ་སངས་རྒྱས་ཀུན་གྱི་དངོས། །ཞེ་སྡང་རྡོ་རྗེ་རྒྱལ་གཙོ་ལ། །ཕྱག་འཚལ་ནས་ནི་གསང་འདུས་པའི། །སྦྱིན་སྲེག་ཆོ་ག་གསལ་བར་བྱ། །སྡིག་པ་ཐམས་ཅད་སྲོག་ཕྱིར་དང། །སྔགས་རྣམས་གཟི་བྱིན་བསྐྱེད་པ་དང། ། ་ལྷ་རྣམས་ཚིམ་པར་བྱ་བ་ལ། །རྫོགས་སངས་རྒྱས་ཀྱིས་སྦྱིན་སྲེག་བསྔགས། །གང་ཕྱིར་ལྷ་རྣམས་ཚིམ་འགྱུར་བས། །བཟླས་བརྗོད་པས་ཀྱང་སྦྱིན་སྲེག་ཤིས། །བཟླས་པའི་ལས་ནི་ཐམས་ཅད་ལ། །སྦྱིན་སྲེག་བྱས་པ་མཆོག་ཏུ་འགྱུར།། ་བཟླས་དང་བསྒོམ་པ་བྱས་ནས་ནི། །དེ་འོག་སྦྱིན་སྲེག་གནས་སོང་སྟེ། །ཤེས་རབ་ཐབས་སུ་ལྡན་པ་ཡི། །ལྷ་ཡི་རྣལ་འབྱོར་བྱ་བ་ཡིན། །སྙིང་གར་ཡེ་ཤེས་སེམས་དཔའ་བསྒོམ། །ཅོད་པན་ལ་ནི་རང་བདག་དགོད། །དེ་ནས་བདག་ཉིད་བསྲུངས ་བྱས་ཏེ། ས་ཡི་ཆ་ནི་རྣམ་པར་སྦྱང། །གནས་བསྲུང་བ་ནི་བྱས་ནས་ཀྱང།། དེ་འོག་སྦྱིན་སྲེག་བརྩམས་པར་བྱ། །ོཾ་ལས་སྐྱེས་པའི་སེམས་དཔའ་ནི། །རབ་ཏུ་འབར་བའི་ཕྲེང་བ་ཅན། །ཕྲག་པ་དག་ནས་རྐང་པའི་བར། །བསྲུང་པའི་ཕྱིར་ནི་འདི ་བསམ་མོ། །ཧོཾ་ལས་བྱུང་བའི་ཆོ་ག་ནི། །ཁྲོ་བོ་བཅུ་ཡིས་བདག་ཉིད་ཅན། །རབ་འབར་འཇིགས་པའི་འོད་ལྡན་པ། །བསྲུང་བའི་ཕྱིར་ནི་སྔགས་པས་བསམ། །བསྲུང་བ་འདི་ཉིད་བྱས་ནས་ནི། །རྡོ་རྗེ་སེམས་དཔའ་ ་མཆོག་བཞིན་དུ། །ལས་རྣམས་གང་དག་བྱས་པ་དག་།དེ་ནི་བགེགས་ཀྱིས་ཟིལ་མིན་ན། །བསྲུང་བའི་ཆོ་གའོ། །དེར་ནི་དུས་མཛའ་ཨི་མེ་འདྲ་ཡི། །ཡི་གེ་མཆོག་གྱུར་ཧཱུཾ་བསམས་ཏེ་།དེ་ཡིས་ས་ཡི་ཆ་བསྲེགས་པ། །ཉེས་བྲལ་བགེགS ་ནི་རྣམ་བར་སྤངས། །ས་སྦྱང་བའོ། །བདུད་རྩི་རྒྱལ་པོར་རང་བཞིན་གྱི། །ཕུར་བུ་བགེགས་རྣམས་འཇོམས་པ་ཡི། །ཕྱོགས་སྐྱོང་ཕུར་བུས་བཏབ་ནས་ནི། །མཁས་པས་གནོན་མཛས་བཀའ་ལུང་བསྒོ། ཞེ་སྡང་རྡོ་རྗེའི་ཏིང་འཛིན ་གནས། །སྦྱིན་སྲེག་ཁང་པ་བསྲུང་བར་བྱ། །གནས་བསྲུང་པའོ། །དཀྱིལ་འཁོར་དག་ཏུ་མ་ཞུགས་དང། །གང་ཡང་དམ་ཚིག་མི་ཤེས་ལ། །རྡོ་རྗེ་སློབ་དཔོན་སྐྱོབ་པ་ཡིས། །སྦྱིན་སྲེག་ཆོ་ག་བཤད་མི་བྱ་།དབང་བསྐུར་གནང་བ ་ཐོབ་པ་དང། །བཟླས་དང་བསྒོམ་ལ་དགའ་བ་དང། །སྦྱིན་སྲེག་ལས་ཀྱི་ཆོ་ག་ཤེས། །དེ་ནི་ཀུན་ཏུ་སྦྱིན་སྲེག་བྱ། །དེ་ཡིས་ལས་རྣམས་ཐམས་ཅད་ནི། །འགྲུབ་པར་འགྱུར་བར་ཐེ་ཚོམ་མེད། །གཞན་དུ་ཆོ་ག་ཉམས་པ་ཡིས། ་སྦྱིན་སྲེག་འབྲས་བུ་ཐོབ་མི་འགྱུར། །ཞི་རང་རྒྱས་དང་དབང་དང་ནི། །བསད་དང་སྐྲད་པའི་ལས་རྣམས་ལ། །ཤེས་རབ་ཐབས་ཀྱི་ཆོ་ག་ཡིས། །དངོས་གྲུབ་མྱུར་བར་ཐོབ་པར་འགྱུར། །སྔགས་ལས་དོན་ཀུན་གྲུབ་པ་ལ། །ནམ ་མཁའ་ཁམས་ཀྱི་དབུས་གནས་པར། །ཧཱུཾ་ལས་བྱང་བའི་མཆོད་རྟེན་གནས། །དེ་ཡི་དབུས་སུ་ཐབ་ཁུང་དགོང། །ཐབ་ཁུར་ཁྲུ་གད་ཚད་ཙམ་ལ། །ཟབས་སུ་ཁྲུ་ནི་ཕྱེད་པ་སྟེ། །སོར་བཞི་དོར་བའི་ཕྱི་རོལ་ཏུ། །མཁས་པས་ཁ་ཁྱེར་བྱ་བ ་ནི། །དབངས་སུ་སོང་ནི་བཞི་པ་ལ། །རྒྱད་ཡང་སོར་བཞིར་མཛེས་བྱ་བ། །ཤིན་ཏུ་མཉམ་ཞིང་ཚད་ཉིད་ལྡན། །ཀུན་ནས་ཡོངས་སུ་ཟླུམ་པོར་བྱ། །ཞི་བ་ཟླུམ་པོར་ཤེས་པར་བྱ། །རྒྱས་པར་ནི་བཞི་པའོ། །དབང་ནི་གཞུ་ཡི་དབྱིབས་ཅན་ཏེ། །མངོན ་སྤྱོད་ཟུར་གསུམ་དག་ཏུ་བྱ། །ཞི་བའི་ལས་ནི་དཀར་པོས་བྱུག་།ཁ་དོག་སེར་པོ་རྒྱས་པ་ལ། །དབང་ལ་དམར་པོར་བཤད་པ་སྟེ། །གསོད་ལས་གཞི་ནག་པོ་ཡིན། །མདོག་ལྡན་ཐབ་ཀུན་བྱས་པ་ལ། །བདུད་རྩི་རྣམ་པ་ལྔས་བསྲེའོ། །དི་དང ་མེ་ཏོག་རྣམ་པ་བཞིས། །ཅི་འདོད་པར་ནི་ལས་རྣམས་བྱ། །མན་ངག་ཇི་ལྟའི་རིམ་གྱིས་ནི། །གསལ་བའི་སྒོ་ནས་བཤད་པར་བྱ། །འཁོར་ལོ་རིན་ཆེན་ལྕགས་ཀྱུ་དང། །དེ་བཞིན་ཁྲོ་བོ་རྡོ་རྗེ་སྟེ། །དེ་རིའང་སོར་བརྒྱད་ཚད་ཙམ་ལ། །དཔང་སུ་སོར ་ནི་བཞི་པར་བྱ། །དཀར་དང་སེད་དང་དམར་བ་དང། །ནག་པོ་དག་ནི་དཀྱིལ་བཞག་སྟེ། །སྦྱིན་སྲེག་ལས་ཀྱི་རྗེས་མཐུན་པར། །བདག་ཉིད་ཆེན་པོས་བསམ་པར་བྱ། །ཞི་ལ་འཁོར་ལོ་ཕྲེང་བ་སྟེ། །རིན་ཆེན་ཕྲེང་བརྒྱས་པ་ལ། །ལྕགས་ཀྱུའི་ཕྲེད ་བ་དབང་ལ་སྟེ། །ཁྲོ་བོ་རྡོ་རྗེ་མངོན་སྤྱོད་ལ། །དཔང་སུ་སོར་ནི་གཅིག་ཡོད་པ། །སྦྱིན་སྲེག་ཆོ་ག་ཤེས་པས་དགོད། །གཞན་དུ་ཆོ་ག་ཉམས་པ་ཡིས། །ལས་རྣམས་འགྲུབ་པར་མི་འགྱུར་རོ། །ལས་ཀུན་བྱེད་པའི་ཐོབ་ཁུང་ནི། པད་མ་འདྲ ་བར་ཤེས་བྱ་སྟེ། །ཡང་ན་ལས་ཀུན་བྱེད་པ་ནི། །ཟུར་བཞི་པར་ནི་བྱ་བར་བཤད། །དེ་ཡི་ཁ་ཁྱེད་ཕྱོགས་ནི། །རབ་མཛེས་རྡོ་རྗེ་བརྒྱད་དགོད་ཅིང། །དེ་ཡི་དབུས་སུ་པད་མ་ནི། །ཟླ་བའི་དཀྱིལ་འཁོར་གྱི་བརྒྱན་བཀོད། །དེ་ཡི་དབུས་སུ་རྡོ་རྗེ་ནི། ། ་མཚན་ཉིད་ཐམས་ཅད་ལྡན་པར་བཞག་།ཐབ་ཁུར་ཀུན་གྱི་ཕྱི་རོལ་ནི། །ཟུར་བཞི་དཔངས་ནི་སོར་བཞི་པ། །ཕྱག་རྒྱ་བཞི་པོ་དང་ལྡན་ལ། །ཟླ་ཕྱེད་རིན་ཆེན་རྡོ་རྗེ་བརྒྱན། །མེ་ཐབ་ཀྱི་ནི་མཚན་ཉིད་དོ། །གསང་སྔགས་དག་གི་ཚུལ་ལ་ནི། །རྒྱལ ་བས་དགང་གཟར་བཞི་གསུངས་ཏེ། །རྡོ་རྗེ་རྩེ་གསུམ་ལྟ་བུ་དང། །དེ་བཞིན་ཁྭ་ཡི་སྒྲོ་གཤོག་འདྲ། །ཡ་ཤཱ་ཛྙ?་ཡི་ལོ་འདྲ་དང། །གཞན་ཡང་པདྨའི་འདབ་འདྲའོ། །དེ་དག་ན་?་རྩེ་གསུམ་པའི་མཚན་ཉིད་རབ་? ་བཤད་བྱ་སྟེ། །མཆུ་རུ་སོར་ནི་བཞི་པ་ལ། །རྒྱར་ཡང་དེ་དང་མཉམ་པ་སྟེ། །སོར་གཉིས་ཚད་དུ་བརྐོ་བར་བྱ། །དབུས་སུ་སྣ་ཚོགས་རྡོ་རྗེའི་མཚན། །རྡོ་རྗེ་རྩེ་གསུམ་སོར་བརྒྱད་པ། །དཀྱིལ་དུ་སོར་ཚད་?་ཅན། །སྣ་ཚོགས་རྡོ ་རྗེའི་འོག་ལོག་ནས། །མཆུ་རུ་སོར་ནི་བཅུ་གཉིས་པའོ། །ཡུ་བ་གླང་མཇུག་ཆང་བའི་ཚད། །ཆང་པ་ལྔ་ཡི་ཚུལ་དུ་བྱ། །དེ་ཡི་ངོས་སུ་བྱ་བ་ནི། །ནས་གང་ཙམ་གྱིས་ཚད་བྱ་བ། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །དགང་གཟར་མཚན་ཉིད ་ཡིན་པར་གསུངས། །དགང་གཟར་ལྷག་མའི་མཚན་ཉིད་ཀྱང། །མཁས་པས་དེ་བཞིན་ཤེས་པར་བྱ། །བླུགས་གཟེར་རྣམ་པ་བཞི་དག་ཏུ། །སངས་རྒྱས་ཀྱིས་ནི་རྒྱུད་ལས་གསུངས། །དཔལ་བེའུ་རྣམ་པ་འདྲ་བ་དང། །གླང་པོ་ཆེ་ཡི ་མཆུ་དང་འདྲ། །དེ་བཞིན་པདྨ་འདབ་མའི་དབྱིབས། །རིན་ཆེན་འདྲ་བ་དག་ཏུ་གསུངས། །དེ་ལས་པདྨའི་འདབ་འདྲ་ལ། །མཚན་ཉིད་རབ་ཏུ་བཤད་བྱ་སྟེ། །བླུགས་གཟར་པདྨའི་འདབ་འདྲ་ལ། །ཁ་ཡི་རྒྱར་ནི་སོར་གཉིས་པ། །འོག་ཏུ ་སོར་ནི་གཅིག་བརྐོས་ལ། །སྣ་ཚོགས་རྡོ་རྗེ་བརྒྱན་པའོ། །ཡུ་བའི་ཚད་ཀྱི་མཚན་ཉིད་ནི། །མཐེའུ་ཆུང་ཕྱིན་པའི་ཁྲུ་གང་སྟེ། །མཆོད་སྦྱིན་གྱི་ནི་ཤིང་རྣམས་ལ། །བླུགས་གཟར་དགང་གཟར་འབད་དེ་བྱ། །བླུགས་གཟར་གཞན་དག་གང ་ཡིན་པ། །མཚན་ཉིད་དེ་བཞིན་བཤད་བྱར་བྱ། །དགང་གཟར་དང་བླུགས་གཟར་གྱི་མཚན་ཉིད་དོ། །ཇི་ལྟར་སྦྱིན་སྲེག་བྱས་པ་ཡིས། །ལས་རྣམས་བླ་མེད་འགྲུབ་འགྱུར་བ། །དེ་ལྟར་སྔགས་དང་ཕྱག་རྒྱ་ཡིས། །ལས་རྣམས་བྱེད་པར ་མི་འགྱུར་རོ། །ཞི་བ་དང་ནི་རྒྱས་པ་ལ། །བླ་ཀྵ་ནྱ་གྲོ་པ་ལ་ཤ་། ཤྭདཐ་དང་ཤ་མི་དྲི་བཟང་རྣམས། །འོ་མ་སྦྲང་རྩིར་ལྡན་པས་བུད་ཤིང་བྱ། །དྲག་པོའི་ལས་ནི་ཐམས་ཅད་ལ། །ཚེར་མ་ཅན་དང་ཁྭ་གི་དང། །དྲི་ངན་ཤིང་ལས ་ཕུང་ཤིང་བྱ། །དུར་ཁྲོད་ལས་བྱུང་གང་ཅིའང་རུང། །དགུག་པ་ལ་ནི་ཚེར་མར་བཅས། །དབང་ལ་མེ་ཏོག་ལྡན་པ་སྟེ། །རྗེས་སུ་ཆགས་པར་བྱ་བ་ལ། །དམར་པོ་དག་ནི་བྱ་བར་བཤད། །བུད་ཤིང་དག་གི་མཚན་ཉིད་དོ། །མཆོད་སྦྱིན་གྱི་ནི་ཤིང ་རྣམས་ལ། །རློན་ཞིང་འདབ་བཅས་རྩེ་ལས་བྱུང། །མཛུབ་གང་ཙམ་གྱི་ཚད་ཙམ་ལ། །སྦྲང་རྩི་འོ་མ་མར་ལ་བཏགས། །ཙན་དན་དཀར་པོའི་ཆུ་ལ་སྤངས། །རྩེ་གཅིག་ཞི་བའི་ལས་ལ་དབུལ། །ཞོ་དང་འབྲས་ཆན་འབྲུ་ཀུན་དང། །མཆོད ་སྦྱིན་གྱི་ནི་ཡམ་ཤིང་དང། །རྫས་ནི་རྣམ་པ་སྣ་ཚོགས་དབུལ། །རྒྱས་པ་ལ་ཡང་དེ་ལ་སོགས། །ཡམ་ཤིང་སྦོམས་ནི་ཆག་པ་གང། །སྲིད་དུ་ཁྲུ་གང་ཚད་ཙམ་དུ། །ཡལ་ག་དབུས་ཀྱིས་ཆ་ལས་བྱུང། །ཞོ་དང་འོ་མ་མར་ལ་བཏགས།། ་སེར་པོའི་དྲི་ལ་སྤངས་ནས་ནི། །རྒྱས་པའི་ཆོ་ག་དག་ལ་དབུལ། །སོར་ལྔ་པ་ཡི་ཚང་ཙམ་ལ། །འདབ་བཅས་དབང་གི་ལས་ལའོ། །སྡང་ལ་ཡུངས་མར་ལ་བཏགས་པ། །སོར་དྲུག་འདབ་མ་མེད་པའོ། །ཡོ་ཞིང་འདབ་མ་དང་བསྲེས་པ། །རྩ་བ ་ལས་བྱས་སོར་གཞིའི་ཚད། །ཚེར་མ་ཅན་གྱི་ཤིང་ལས་བྱུང། །གསོད་པའི་ཕྱིར་ན་རབ་ཏུ་སྔགས། །མི་རུས་དུར་ཁྲོད་ཐལ་བ་དང། །ལན་ཚྭ་ཁ་ཚ་ཚ་བ་དག་།འདི་ཡིས་ཡམ་ཤིང་བསྒོས་པ་ནི། །ཐམས་ཅད་དུ་ནི་མངོན་སྤྱོད་ལའོ། །པ་ལ་ཤ ་དང་ཨུ་དུམ་དང། །པྲཀྵ་དང་ནི་ནྱ་གྲོ་དང། །ར་ཁ་དང་ནི་སེང་ལྡེང་དང། ། མྲ་བེད་དང་ཀཾ་ཀ་དང། །ཀརྨ་རི་དང་ཤ་མི་དང། ། པ་མརྒ་ལས་བྱུང་བ། ། ཤྭད་ཐ་དང་བཅས་པ་ནི། །ཡམ་ཤིང་བཅུ་གཉིས་དག་ཏུ་བཤད། ། ་སར་པ་ལས་ནི་མཛུབ་གང་ཙམ། །ལས་རྣམས་ཀུན་ལ་དབུལ་བར་བྱ། །ཐོར་ཏོ་གཉིས་ལས་རབ་བསྐུས་ནས། །རྩེ་གཅིག་ལས་རྣམས་ཀུན་ལ་དབུལ། །བཟང་ཞིང་དྲང་ལ་སར་པ་སྟེ། །དྲི་ཞིམ་ཆུ་ཡིས་དྲན་པའོ། །རྣམ ་པར་བརྙིངས་དང་ལོ་མ་མེད། །ཐུང་དང་ཡོ་དང་གས་དང་ཕྲ། །སྦོམ་དང་རིང་དང་ཡམ་ཤིང་ནི། །སྔགས་ཀྱི་དངོས་གྲུབ་རབ་འཇིགས་པ། །བརྙིངས་པས་ཚེ་ནི་ཟད་པར་བྱེད། །འདབ་མ་མེད་པས་ནས་སྐྱེད་ལ། །རིག་པའི་དབུས་དང་ཐོག་མཛའ་ ་རུ། །ཐུང་བས་མངོན་དུ་ཟློག་པར་བྱེད། །ཡོན་པོ་ཡིས་ནི་སྐལ་ངན་བྱེད། །རྩེ་མོS་གས་པས་གནས་ནས་ཉམས། །ཕྲ་བས་ཐམས་ཅད་རྣམ་འཇིག་ལ། །རིང་པོས་དཔལ་ནི་ཉམས་པར་བྱེད། །སྔགས་པས་ལས་རྣམས་ཐམས་ཅད་ལ། ། ་སྒོམ་བོས་བགེགས་ནི་སྐྱེད་པར་བྱེད། །དེ་ལྟར་སྔགས་པས་ཡམ་ཤིང་གི་།མཚན་ཉིད་བཟང་པོར་ཤེས་པར་བྱེད། །ཞི་བའི་སྲེག་རྫས་གང་ཡིན་དང། །གང་ཡང་རྒྱས་པའི་སྲེག་རྫས་དང། །གང་ཡང་རྒྱས་པའི་ཁ་ཟས་རྣམས། ། ་ལས་རྣམས་ཀུན་ལ་དབུལ་བ་དང། །ཡལ་གའི་རྩེ་མོ་ལས་སྐྱེད་པའི། །ཡམ་ཤིང་ཞི་བའི་ལས་ལ་འདོད། །ཡལ་གའི་དབུས་ལས་བྱུང་བ་ནི། །འབྱོར་པའི་དོན་དུ་སྦྱར་བར་བྱ། །ཡོན་པོ་རྩ་བའི་ཆ་ལ་བྱུང། །མངོན་སྤྱོད་ལ་ནི་དངོས ་གྲུབ་སྟེར། །འབྱོར་པའི་དོན་དུ་སོར་བརྒྱད་དེ། །གཅོད་ལ་སོར་བཞི་དག་ཏུ་འདོད། །ཡམ་ཤིང་གི་མཚན་ཉིད་ངེས་པའོ། །ཞི་དང་རྒྱས་དང་དབང་ལ་ནི། །མཉམ་པོར་བཅད་པར་བསྲུངས་པ་ཡི། །ཀུ་ཤ་དྲུངས་ཕྱུང་སྔོ་བ་དང། །རློན ་ཞིང་བཅུད་བཅས་ཁུ་བ་ཡིས། །ཁྱབ་པར་སྔགས་པས་མེ་ཐབ་གཡོག་།མེ་ཏོག་ཀྱང་ནི་དེ་བཞིན་ནོ། །དེ་ཡི་རིམ་པ་འདི་ཡིན་ཏེ། །ཤར་དུ་རྩེ་བསྟན་དང་པོ་དགྲམ། །གཉིས་པར་ལྷོ་རུ་ཁ་བལྟས་པ། །གསུམ་པར་རྩེ་མོ་ནུབ་ཏུ་སྟེ། ། ་བཞི་པར་རྩེ་མོ་བྱང་དུའོ། །ོཾ་ཨཱ་ཨ་མྲི་ཏ་ཀུཎྜ་ལི་སརྦ་བིགྷྣནྣཱ་ཤ་ཡ་ཧཱུཾ་ཕཊ། ཅེས་བྱ་བའི་སྔགས་འདིས་ཀུ་ཤ་བླང་བ་དང། ཀུ་ཤ་དགྲམ་པ་དང། བསང་གཏོར་གྱི་མཚན་ཉིད་ལ་ལན་བདུན་བཏབ་ན་བགེགས་མེད་པར་འགྱུར་ཏེ། ་ལས་གང་ཅི་ཡང་རུང་བ་ནི་ལས་ཐམས་ཅད་པའི་སྔགས་ཏེ། བདུད་རྩི་ཐབ་སྦྱོར་གྱི་སྔགས་ཀྱིས་བྱའོ། །དེ་ནས་མཆོད་ཡོན་གྱི་སྣོད་ཇི་སྐད་བཤད་པ་བཞིན་བླང་བར་བྱ་སྟེ། ཞི་བ་ལ་ནི་དངུལ་ལས་བྱའོ། །རྒྱས་པ་ལ་ནི་གསེར་ལས ་བྱས་པའོ། །དབང་ལ་ནི་ཟངས་ལ་བྱས་པའོ། །མངོན་སྤྱོད་ལ་ནི་ལྕགས་ལས་བྱས་པའོ། །མ་རྙེད་ནས་ལ་བྱས་པས་ཀྱང་བྱའོ། །དེ་ནས་སྔགས་པས་བུད་ཤིང་དང་ཡམ་ཤིང་ལ་སོགས་པ་སྦྱིན་སྲེག་གི་ཆོག་ལས་བཤད་པའི་རྫས ་ཐམས་ཅད་ནི་གཡས་སུ་དགོད་པར་བྱའོ། །ཆུའི་སྣོད་ནི་གཡོན་དུའོ། །དགང་གཟར་དང་བླུགས་གཟར་དང། མར་ཞུས་པ་ནི་མདུན་དུ་བཞག་ལ། ཤིང་འོ་མ་ཅན་ལས་གཙུག་པ་ལས་བྱུང་བའི་མེ་བླང་བའམ། ལས་ཀྱི་དབྱེ་བས་བླངས་ལ ་བྱའོ། །ཞི་བ་ལ་ཐབ་ཁུང་ཙན་དན་དཀར་པོར་བྱུགས་ལ་བྱའོ། །རྒྱས་པ་ལ་ནི་ཙན་དན་གུར་གུམ་གྱིས་སོ། །དབང་ལ་ནི་ཙན་དན་དམར་པོས་སོ། །མངོན་སྤྱོད་ལ་དུ་ཁྲོད་ཀྱི་ཐལ་བས་བྱུགས་ལ། ལས་ཀྱི་རྗེས་སུ་མཐུན་པའི་མཚན་ཉིད་ཀི་ཉེ ་པར་མཛེས་པར་བྱས་ནས། ཐབ་ཁུང་གི་ཁུང་བུའི་ཚད་ཙམ་གྱི་ཤིང་བཅུག་ལ། རླུང་ཡབ་ལས་བྱུང་བའི་རླུང་གིS་རྣམ་པར་འཕྲོ་བ་མེད་ཅིང་དུ་བ་མེད་པར་རྒྱ་ཆེར་འབར་བའི་རྩེ་མོའི་ཕྲེང་བས་འཁྱུད་པའི་མཐར་ཐུག་གི་བར་དུ་གཡབས ་ལ་མེ་སྦར་བར་བྱའོ། །དེ་ནས་སྔགས་ལས་ཡི་གེ་ཧཱུཾ་ལས་དུ་མཛའ་ཨི་མེ་དང་འདྲ་པའི་འབྱུང་བའི་མེ་འཆང་བཞིན་པར་རྣམ་པར་བསམ་མོ། །དེ་ནས་ཡེ་ཤེས་ཀྱི་མེ་བསམ་སྟེ། དེའི་རིམ་པ་ནི་འདིའོ། །ཡི་གེ་ར་ལས་མེ་འབྱུང་ཞིང། །ས་བོན ་གསུམ་གྱིས་བྱིན་གྱིས་བརླབ། །ཞལ་གསུམ་པ་ལ་ཁ་དོག་དཀར། །མི་བསྐྱོད་པ་ནི་ཅོད་པན་འཛིན། །དཀར་ཞིང་ཉེས་བྲལ་ཞི་བ་ལ། །ཕྱག་དྲུག་གིས་ནི་རྣམ་པར་མཛེས། །མཆོག་སྦྱིན་ཕྲེང་བ་འཁོར་ལོ་གཡས། ་དབྱུག་པ་དྲིལ་བུ་གྷུནདྷེ་གཡོན། །མཆོད་ཕྱིར་ཐོགས་ནི་དཀར་ཐོགས་པའི། །པ་པ་ཀ་ཡི་མེ་བསམ་མོ། །ོཾ་ཨཱ:ཧཱུཾ་པ་པ་ཀ་ཨགནཱ་ཡེ་མ་མ་ཤཱནྟཾ?་ཀུ་རུ་སྭཱཧཱ། ཁ་དོག་སེར་པོར་ལས་བྱུང། །ས་བོན་གསུམ་གྱིས་བྱིན་བརླབ་པ། །རལ་པ ་ཐོར་ཚུགས་ཕྲེང་བ་དང། །ཞལ་གསུམ་པ་ལ་སེར་པོ་སྟེ། །ལུས་ལ་འོད་ཟེར་སེར་པོ་འབར། །གོས་སེར་དག་ནི་གྱོན་པ་སྟེ། །མཆོད་ཕྱིར་ཐོགས་ནི་སེར་པོ་ཐོགས། །ཕྱག་དྲུག་དག་གིས་བརྒྱན་པ་ལ། །རིན་ཆེན་ཕྲེང་བ་མཆོད་ཕྱིར ་གཡས། །གྷུནདེ་དབྱུག་པ་དྲིལ་བུ་གཡོན། །དབང་ཆེན་དཀྱིལ་འཁོར་ལ་གནས་པའི། །དབང་ཆེན་གྱི་ནི་མེ་བསམ་མོ། །ོཾ་ཨཱ:ཧཱུཾ་མ་ཧེནྟྲ་ཡགནཱ་ཡེ་མ་མ་པུཥྚིཾ་ཀུ་རུ་སྭཱཧཱ། ར་ལས་བྱུང་ཞིང་ཁ་དོག་དམར། །དཀྱིལ་འཁོར་དམར་པོའི ་དབུས་ན་གནས། །ས་བོན་གསུམ་དང་ཉེར་ལྡན་པའི། །འདོད་པའི་མེ་ནི་མཁས་པས་བསམ། །གོས་དམར་དག་ནི་གྱོན་པ་དང། །མཆོད་ཕྱིར་ཐོགས་ནི་དམར་པོ་ཐོགས། །ཐུར་ཚུགས་ཅོད་པ་ན་མི་བསྐྱོད་འཆང། །མདོག་དམར་ཞལ་ནི་གསུམ ་དང་ལྡན། །ཞགས་པ་ལྕགས་ཀྱུ་རྡོ་རྗེ་གཡས། །དབྱུག་པ་དྲིལ་བུ་གཡོན། །རྒྱ་སྐྱེགས་ཤིང་གི་མེ་ཏོག་འདྲ། །དབང་གི་ལས་ལ་རྣམ་པར་བསམ། །ོཾ་ཨཱ:ཧཱུཾ་ཀ་མ་ཨགནཱ་ཡེ་མ་མ་ཨ་མུ་ཀཾ་བ་ཤིཾ་ཀུ་རུ་ཧྲཱི་སྭཱཧཱ། རླུང་གི་དཀྱིལ་འཁོར ་དབུས་གནས་ཤིང། །ཡི་གེ་ཧཱུཾ་ནི་རྣོན་པོར་འབར། །ས་བོན་གསུམ་དང་ཉེར་ལྡན་པའི། །ཁྲོ་བོའི་མེ་ནི་ལེགས་པར་བསམ། །མིག་གསུམ་སྐྲ་ནི་གྱེན་དུ་བརྫེས། །མིག་གཡོ་ཕྱག་ནི་དྲུག་དང་ལྡན། །རྡོ་རྗེ་རལ་གྲི་ཕྲེང་བ་གཡས། །དྲིལ་བུ་དབྱུག ་པ་གྷུནདྷེ་གཡོན། །མདོག་ནག་ཞལ་ནི་གསུམ་དང་ལྡན། །ཧ་ཧ་ཞེས་བཞད་མཆེ་བ་བཞི། །མི་བསྐྱོད་པས་ནི་ཅོད་པན་བྱས། །གོས་ནི་ནག་པོ་གྱོན་པ་དང། །འོད་ཟེར་ནག་པོ་རབ་འཕྲོ་ཞིང། །མཆོད་ཕྱིར་ཐོགས་ནི་ནག་པོ་ཐོགས། །ཉི་དཀྱིལ་ལ་གནས་ཁྲོ་གཉེར ་ཅན། །མིག་དམར་བར་ནི་བསམ་པར་བྱ། །ོཾ་ཨཱ:ཧཱུཾ་ཀྲོ་དྷ་ཨགནཱ་ཡེ་མ་མ་སརྦ་ཤ་ཏྲུཾ་ན་མཱ་ར་ཡ་ཧཱུཾ་ཕཊ། རྒྱལ་བས་བྱ་བའི་རྒྱུད་ཀུན་ཏུ། །མེ་ནི་ཀུན་དག་བསྲུང་བ་རྣམས། །མེ་དེ་གསང་བ་འདུས་པ་འདིར། །མི་གཟུང་བདུད་རྩི་ལྔར་ལྡན་པའོ། །སློབ ་དཔོན་བྱ་དང་སྤྱོད་པའི་མེ། །གསལ་བའི་སྦྱོར་བ་བྲིས་པ་ནི། །དེ་འདིར་གསང་འདུས་སྦྱིན་སྲེག་ཏུ། །རྡོ་རྗེ་ཅན་གྱི་མ་གསུངས་སོ། །དེ་བས་གསང་འདུས་རྗེས་འབྲང་བའོ། །སྦྱིན་སྲེག་ཆོ་ག་ཤེས་པ་ཡི། །རྣལ་འབྱོར་ཉིད་ཀྱི་གནས་འདོད་པས། །བྱ་བ་རྒྱུད ་བཤད་དེ་སྤོང། །དེ་ནས་ལས་ཐམས་ཅད་པའི་སྣོད་ཀྱི་ཆུ་བདུད་རྩི་ལྔ་དང་ལྡན་པའི་ཆུ་གཡས་སུ་བཞག་ལ། དེ་སྦྱིན་སྲེག་གི་ཡོ་བྱད་ཀྱི་རྫས་ཐམས་ཅད་བསང་གཏོར་བྱའོ། །དེ་ནས་མེ་ལྷ་མངོན་སུམ་བཞིན་དུ་བསམས་ལ། ལས་ཀྱི་རྗེས་སུ་མཐུན་པའི ་མཆོད་ཡོན་དང། ཞལ་བསིལ་ལ་སོགས་པ་ཕུལ་ནས། ཕྱག་རྒྱ་བཞིས་ཕྱག་རྒྱ་གདབ་པར་བྱའོ། །དེ་ནས་མར་ལ་སོགས་པ་ཁུ་བའི་རྫས་བདུད་རྩི་ལྔ་དང་བསྲེས་ཏེ་མདུན་དུ་བཞག་གོ་།དེ་ནས་དགང་གཟར་བླངས་ལ་བླུགས་གཟར་གྱིས་ཡོངས་སུ་བཀང ་སྟེ། ཕྱིས་དགང་ལུགས་གསུམ་དབུལ་བ་ནི། ཐོག་མ་དང་ཐ་མ་ཐམས་ཅད་དུ་བྱས་ལ་ཕྱིས་བླུགས་གཟར་གྱིས། སྲེག་ལུགས་གསུམ་འམ། བདུན་སོ་སོར་དབུལ་ལོ། །དེ་ནས་ཡམ་ཤིང་དང་ཏིལ། །དེ་ནས་འབྲས་ཆེན་ཏེ། ཆོ་ག་འདི་ནི་མདོར ་བསྡུས་པའོ། །དེ་ནས་སྔགས་པས་བསང་གཏོར་ལན་གསུམ་ལེགས་པར་བྱ་ཞིང། མཆོད་ཡོན་ཕུལ་ལ་གསོལ་བ་གདབ་སྟེ། མེ་ལྷ་དེ་འབར་བའི་གཟུགས་སུ་གྱུར་པར་བལྟའོ། །དེ་ནས་བདུད་རྩི་ཐབ་སྦྱོར་གྱི་ཇི་སྐད་བསྟན་པ་བཞིན་ཐབ་ཁུང་དུ ་རྣམ་པར་དཀོད་ལ། དེའི་གསང་སྔགས་ཀྱི་བགེགས་གཞོམ་པའི་ཕྱིར་མར་གྱི་སྦྱིན་སྲེག་བརྒྱ་དབུལ་ལོ། །ཕྱི་ནས་མངོན་བར་འདོད་པའི་དོན་ཐམས་ཅད་བྱའོ། །དེ་ནས་ཡང་འདི་ལྟར་ཛི་ན་ཛི་ཀ་སྔགས་ལས་བྱུང་བ། གཙོ་པོ ་རྣམ་པར་སྣང་མཛད་བསྐྱེད། །རལ་བའི་ཐོར་ཚུགས་མི་བསྐྱོད་པ། །དུང་དང་ཀུན་ད་ལྟ་བུའོ། །ཤིན་ཏུ་དཀར་བའི་ཞལ་གསུམ་མངའ་། །ན་བཟའ་ངག་ནི་དཀར་པོ་གསོལ། །འོད་ཟེར་དཀར་པོ་རབ་འཕྲོ་བ། །ཕྱག་དྲུག་པར་ནི་རྣམ་པར་བསྒོམ། ། ་འཁོར་ལོ་རྡོ་རྗེ་པད་མ་དཀར། །ཕྱག་གཡས་སུ་ནི་རྣམ་པར་བསམ། །དྲིལ་བུ་ཡིད་བཞིན་ནོར་བུ་དང། །རལ་གྱི་གཡོན་དུ་བསམ་པར་བྱ། །ཟླ་བའི་དབུས་སུ་བཞུགས་པར་ནི། །མགོན་པོ་འདི་ལྟར་བསམས་ནས་ཀྱང། །སྔགས་པས་ཤར་དུ་ཁ ་བལྟས་ཏེ། །མཁས་པས་ཞི་བའི་ལས་བྱའོ། །ོཾ་ཨཱ:ཧཱུཾ་ཛི་ན་ཛི་ཀ་མམ་ཤནྟིཾ་ཀུ་རུ་སྭཱཧཱ། ས་བོན་རཏན་དྷྲིཀ་ལས་བྱུང། །རིན་ཆེན་ཏོག་ནི་མཁས་པས་བསྐྱེད། །རལ་པ་ཅོད་པན་མི་བསྐྱོད་པ། །ཞལ་རས་གསུམ་པོ་སེར་བ་དང། །ན ་བཟའ་སེར་པོ་བསྣམས་པ་དང། །འོད་ཟེར་སེར་པོ་འབར་བས་འཁྲུག་།ཟླ་བ་སེར་པོ་ལ་བཞུགས་པ། །སྐུ་སེར་ཕྱག་དྲུག་ལྡན་པ་ལ། །རིན་ཆེན་རྡོ་རྗེ་འཁོར་ལོ་ནི། །ཕྱག་གཡས་སུ་ནི་རྣམ་པར་བསམ། །དྲིལ་བུ་རལ་གྲི་པད་མ་སེར། །ཕྱག ་གཡོན་དུ་ནི་བས་བྱས་ལ། །ནུབ་ཏུ་མངོན་པར་ཕྱོགས་ནས་ནི། །དགའ་ཞིང་དེ་ལ་ཡིད་གཞོལ་བས། །གསང་སྔགས་དག་ནི་འདི་ཉིད་དང། །མཉམ་པར་བཞག་ནས་རྒྱས་ལས་བྱ། །ོཾ་ཨཱ:ཧཱུཾ་རཏན་དྷྲིཀ་མ་མ་པུཥྚིཾ་ཀུ་རུ་སྭཱཧཱ། ཡང་ན ་འདོད་ཆགས་རྡོ་རྗེ་ནི། །པདྨ་སེར་པོ་ཁ་འབྱེད་པ། །ཕྱག་དྲུག་སྐུ་མདོག་སེར་པོ་ཅན། །རིན་ཆེན་ཏོག་འདྲ་བཞུགས་པ་ལས། །ཞལ་གསུམ་སྐུ་མདོག་དམར་བ་དང། །ཐོར་ཚུགས་ཅོད་པན་གྱིས་བརྒྱན་ཅིང། །པནདུ་ཀ་ཡི་མདོག་འདྲ་བ། །ན་བཟའ་ ་དམར་བ་བསྣམས་པ་དང། །འོད་ཟེར་དམར་པོ་རབ་འཕྲོ་ཞིང། །ཕྱག་དྲུག་པ་ནི་རྣམ་བསམས་ཏེ། །རྡོ་རྗེ་འཁོར་ལོ་པདྨ་དམར། །ཕྱག་གཡས་སུ་ནི་རྣམ་པར་བསམ། །དྲིལ་བུ་ཡིད་བཞིན་ནོར་བུ་དང། །རལ་གྲི་གཡོན་དུ་བསམ་པར་བྱ། ། ་ས་བོན་གསུམ་གྱིས་བསྐྱེད་པ་དང། །ཟླ་བ་དམར་པོ་ལ་བཞུགས་པ། །བྱང་དུ་མངོན་པར་ཕྱོགས་ནས་ནི། །སྔགས་འདིས་དབང་གི་ལས་བྱའོ། །ོཾ་ཨ་ཧཱུཾ་མཧཱ་བཻ་རོ་ཙ་ན་བཛྲ་ཨ་མོ་ཀི་མ་བ་ཤམ་ན་ཡེ་ཧྲཱི་སྭཱཧཱ། ས་བོན་བཛྲ་དྷྲིཀ་ལས ་བྱུང། །ཞེ་སྡང་རྡོ་རྗེ་རྣམ་པར་བསམ། །ཁྲོ་ཞིང་རལ་པ་ཅོད་པན་འཆང། །མི་བསྐྱོད་པས་ནི་དབུས་བརྒྱན་ཅིང། །ཞལ་གསུམ་སྔོ་ལ་དྲག་པ་དང། །རྡོ་རྗེ་ཧ་ཧའི་གང་རྒྱངས་སྒྲོགས། །དབྱད?་ཀའི་ཆང་སྤྲིན་འདྲ་བ་དང། །ཕྱག་དྲུག་པར་ནི་རྣམ ་བསམ་ཏེ། །རྡོ་རྗེ་ཆེན་པོ་རྩེ་དགུ་དང། །རིན་ཆེན་པད་སྔོན་གཡོན་ན་བསྣམས། །དྲིལ་བུ་རིན་ཆེན་རལ་གྲི་ཡི། །ཕྱག་གཡོན་བརྒྱན་པར་རྣམ་པར་བསམ། །གོས་སྔོན་འཆང་ཞིང་འཇིག་པ་དང། །ཉི་མ་བྱེ་བ་བརྒྱ་ཡི་འོད། །ཡི་གེ་ཧཱུཾ ་སྟེ་ཧཱུཾ་མཛད་པར། །ཉི་མའི་དཀྱིལ་འཁོར་གནས་བསྒོམས་ལ། །ལྷོ་ཕྱོགས་སུ་ནི་མངོན་བལྟས་ནས། །གསང་སྔགས་འདི་ཡིས་སྦྱིན་སྲེག་བྱ། །ོཾ་ཨཱ:ཧཱུཾ་བཛྲ་དྷྲིཀ་མ་མ་ཤཱནྟིཾ་མཱ་ར་ཡ་ཕཊ། བདག་བོའི་སྦྱོར་བ་ལ་གནས་ནས། །སྔགས ་པས་རྟག་ཏུ་སྦྱིན་སེག?་བྱ། །དེ་ནས་ལྷའི་སྐུ་ཐབ་ཁུང་དུ་བཀོད་དེ། ལས་ཀྱི་རྗེས་སུ་མཐུན་པར་དེའི་ལྗགས་ལ་ཡི་གེ་ཧཱུཾ་། ལྟེ་བའི་ནང་དུ་ཆུད་པའི་རྡོ་རྗེ་བསམས་ལ་མཆོད་ཡོན་དང་ཞབས་བསིལ་ལ་སོགས་པ་ཕུལ་ཏེ། ཕྱག་རྒྱ་བཞིས་རྒྱས ་གདབ་པ་བྱས་ལ། དེའི་ཞལ་ཅུང་ཟད་གདངས་པར་བསམས་ཏེ། བདུད་རྩི་ལྔ་དང་ལྡན་པའི་མང་ལ་སོགས་པས་ཡོངས་སུ་བཀང་བའི་དགང་གཟར་བླངས་ལ། རང་གི་སྔགས་ཀྱིས་ལག་པ་པུས་མོ་གཉིས་ཀྱི་ནང་དུ་བཅུག་སྟེ། དགང་ལུགས་དབུལ་ལོ། ། ་ཕྱི་ནས་ནི་བླུགས་གཟར་གྱིས་དགང་ལུགས་དབུལ་ལོ། །མངོན་སྤྱོད་ཀྱི་ལས་ལ་ནི་ཁྲོ་ཞིང་ཞལ་ཤིན་ཏུ་གདངས་པར་བསམས་ལ། ཡུངས་ཀར་ཁྱིམ?་?་གྱི?་དགང?་བླུགས་དབུལ་བར་བྱའོ། །གང་བླུགས་གཐར་གྱིས ་བླང་བའི་ཞུ་བའི་རྫས་ཀྱི་བྱེ་བྲག?་ཞོ་དང། འབྲས་ཐུག་དང། འོ་ཐུག་དང་ལག་པན་ལོ་སོགས་པ་ནི་བླུགས་གཟར་གྱི་ཞལ་དུ་དབུལ་བར་བྱའོ། །འབྲས་དང། ཏིལ་ནས་ལ་སོགས་པ་ནི་བླུགས་གཟར་རམ། ལག་པས་ཕྱག་ཏུ་དབུལ ་བར་བྱའོ། །ཡམ་ཤིང་ནི་འོད་ཀྱི་དཀྱིལ་འཁོར་དུའོ། །བདུག་སྤོས་ནི་གསང་བའི་གནས་སུའོ། །མེ་ཏོག་ནི་དབུལ་ལའོ། །བྱུགས་པ་ནི་ཐུགས་ཀར་རོ། །ཞབས་བསིལ་ནི་ཞབས་ལའོ་འཐོར་འཐུང་ནི་ཕྱག་ལའོ། །དེ་ནས་སྔགས་པས ་ཤིན་ཏུ་འབར་བའི་མེ་ལ། འབར་བའི་མཚན་ཉིད་ལས་བགེགས?་དང་བཅས་པ་དང། བགེགས་མེད་པའི་དངོས་གྲུབ་ཀྱིས་ལྟས་སུ་བྱ་བ་དག་བརྟག་པར་བྱ་སྟེ། ཇི་སྐད་དུ། འཇའ་དང་འདྲ་ཞིང་མདོག་སྡུག་དང། །བྱུ་རུ་བཅག་པ ་ལྟ་བུ་དང། །གཡས་སུ་འཁྱིལ་ཞིང་ཤིན་ཏུ་སྣམ། །ིནྡྲ་གུ་པའི་མདོག་འདྲ་དང། །སྒྲ་ནི་རྔ་དང་འབྲུག་སྒྲ་དང། །ཟབ་ཅིང་དྲི་བཟང་ཡིད་དུ་འོང། །གཙང་མའི་གསེར་ལྟར་གདང་བུད་མེད། །དྲི་མེད་ཉི་མ་ལྟར་འབང་དང། །གཡས་སུ ་འཁྱིལ་ཅིང་འབར་བ་ནི། །བདེ་བ་མང་པོ་ཐོབ་བྱེད་པའོ། །ཞི་ལ་ཁ་དོག་དཀར་བ་དང། །རྒྱས་ལ་གསེར་གྱི་མདོག་འདྲ་དང། །རྗེས་སུ་ཆགས་པ་དམར་བ་དང། །མངོན་སྤྱོད་ལ་ནི་སྔོ་ནག་གསུངས། །སྒྲུབ་པ་པོས་ནི་མདོར་བསྡུད་ན། །རྩེ ་གཅིག་འཕར་བ་དམ་པ་སྟེ། །རྩེ་གཉིས་པ་ནི་འབྲེང་དུ་བཤད། །རྩེ་གསུམ་པ་ནི་ཐ་ཆད་དོ། །དུ་བ་མེད་ཅིང་གསེར་གྱི་མདོག་ལྟར་དང། །རབ་ཏུ་ཆེ་ལ་མེ་ལྕེ་གཡས་སུ་འཁྱིལ། །ཁ་དོག་འཇའའདྲ་ཡང་ན་དཀར་ཡང་རུང། །ཡང་ན་བྱུ་རུ ་བཅག་པའི་ཁ་དོག་འདྲ། །ཤིན་ཏུ་སྣམ་ལ་མེ་ལྕེ་ཐུར་དུ་འཕྲོ། །རབ་ཏུ་འབར་བ་ཉི་མའི་འོད་དང་འདྲ། །དབྱིབས་ནི་བུམ་པ་རྒྱལ་མཚན་གདུགས་ཀྱང་འདྲ། །དཔལ་བེའུ་དུང་དང་པདྨ་བླུགས་གཟར་འདྲ། །མེ་ལྕེ་དྲི་ཤུལ་རྡོ་རྗེ་རལ་གྲི་འདྲ། ། ་ཡང་ན་ཤིང་རྟ་མཆོག་དང་རྔ་ཡབ་འདྲ། །ཁ་དོག་དབྱིབས་རྣམས་དང་ནི་མཚན་མ་དག་།རབ་ཏུ་བཀྲ་ཤིས་མཚན་མ་ཡིན་པར་བསྟན། །ད་ནི་ཁ་དོག་མ་ཤེས་པའི་མཚན་ཉིད་བསྟན་པར་བྱ་སྟེ། །དུ་བ་མེད་ཅིང་མེ་སྟག་རྒོད་པ་དང། །འབར ་བར་དཀའ་ཞིང་ཅུང་ཟད་འབར་བ་དང། །མེ་ལྕེ་རྣམ་པར་ཆད་ཅིང་གཟི་མདངས་མེད། །རྩུབ་ནག་སྲིན་དང་བ་ལ་ཤ་ཡི་མདོག་།གསལ་ཤིང་འདྲ་ཞིང་ཞིབ་མའི་གཟུགས་ཀྱང་འདྲ། །ཕྱོགས་ཀྱི་མགོ་འདྲ་སྣེ་ཡང་རབ་ཏུ་རྩུབ། །མེ་སྟག་འཕྲོས? ་པས་སྦྱིན་སྲེག་བྱེད་པ་ཚིག་།མི་རོའི་དྲི་རྣམས་དངོས་གྲུབ་མེད་པར་སྟོན། །དེ་ལྟར་ཁ་དོག་དང་སྒྲ་དང་མཚན་མ་ལས་མི་ཤེས་པར་ཤེས་ན། །བདུད་རྩི་ཐབ་སྦྱོར་གྱིས་བགེགས་རྣམས་ཉེ་བར་ཞི་བར་བྱ་བའི་ཕྱིར་སྔགས་འདིས་སྦྱིན་སྲེག ་བྱ་སྟེ། ས་བོན་བིགྷྣཱནྟཱ?་ཀྲིཏ་ལས། །བསྐྱེད་པའི་བདུད་རྩི་ཐབ་སྦྱོར་སྤྲུལ། །མེ་ཏོག་ཟེར་མའི་མདོག་འདྲ་ལ། །འོད་ཟེར་འཕྲོ་བ་མང་པོ་འཁྲུག་།སྒྲ་ཡང་རབ་ཏུ་འབར་བ་དང། །ཞལ་གསུམ་ཁྲོ་གཉེར་བསྡུས་པ་དང། །མཆེ་བ་གཙིགས ་པས་ཧ་ཧང?་བཞད། །མཚན་དུ་སྣ་ཚོགས་རྡོ་རྗེ་དང། །རལ་གྲི་གཏུན་ཤིང་དྲིལ་བུ་དང། །དགྲ་སྟ་ཞགས་པ་ཕྱག་བསྣམས་པ། །གཡོན་བརྐྱང་པའི་གནས་པ་ལ། །ཉི་མའི་དཀྱིལ་འཁོར་ལ་བཞུགས་ཤིང། །རྒྱན་རྣམས་ཀུན་གྱིས་རབ ་ཏུ་བརྒྱན། །བགེགས་ཀུན་ཆད་པས་གཅོད་མཛད་པའི། །མགོན་པོ་འདི་འདྲ་བསམ་པར་བྱ། །བགེགས་རྣམས་ཞི་ཕྱིར་མར་གྱི་ནི། །སྦྱིན་སྲེག་བརྒྱ་རྩ་བརྒྱད་ཀྱང་བྱ། །བགེགས་རྣམས་ཐམས་ཅད་འཇིག་འགྱུར་ཏེ། །སྔགས་འདི་ཡིས་ནི་སྦྱིན ་སྲེག་བྱ། །ོཾ་ཨཱ:བིགྷནཱནྟཱ?་ཀྲིཏ་མ་མ་སརྦ་བིགྷྣཾ?་ནཱ་ཤ་ཡ་ཧཱུཾ་ཕཊ། ཞེས་བྱ་བའི་སྔགས་འདིས་བགེགས་རྣམས་ཉེ་བར་ཞི་བར་བྱ་བའི་མར་གྱི་སྦྱིན་སྲེག་བརྒྱ་རྩ་བརྒྱད་ཕུལ་ན་བགེགས་ཐམས་ཅད་འཇིག་པར་འགྱུར་རོ། ། ་ཡང་ན་ཕྲེང་བའི་སྔགས་ཀྱི་བགགས་ཐམས་ཅད་རྣམ་པར་གཞིག་པའི་ཕྱིར་རབ་ཏུ་སྦྱར་རོ། །དེ་ནས་སྦྱིན་སྲེག་གི་མཐར་སྲེགS་ལུགས་བརྒྱ་རྩ་བརྒྱད་དབུལ་བ་ཞི་བའི་ཕྱིར། ཨོཾ་རུ་རུ་སཕུ་རུ་ཛཝ་ལ་ཏིཥྛ་སིདྡྷ་ལོ་ཙ་ནེ་སརྦ་ཨརྠ་སཱ་དྷ་ནི་མ་མ་ཤཱནྟི་དི་ཀུ་རུ ་སྭཱཧཱ། ཞེས་བྱ་བ་སྟོང་རྩ་བརྒྱད་ངེས་པར་བཟླས་པར་བྱའོ། །དེ་ནས་ལྷ་དང་མེ་སྙིང་གར་བསྡུ་བར་བྱའོ། །སློབ་མ་རྣམས་ལ་རྗེས་བརྩེ་དང། གཞན་རྣམས་ལ་ཡང་ཕན་པའི་ཕྱིར། །བདེ་སྐྱེད་ལེགས་ཞེས་བྱ་བ་ཡིས། །སྦྱིན་སྲེག་ཆོ་ག ་འདི་བྱས་སོ། །དད་པ་མེད་ཅིང་ཁེངས་པ་དང། །ཁྲོ་དང་སློབ་བུ་མ་ཡིན་དང། །གུས་བྲལ་དམ་ཚིག་མེད་པ་ལས། །ཆོ་གའི་ཐབས་ནི་སྦྱིན་མི་བྱ། །དཔལ་ལྡན་རབ་འཇིགས་རྡོ་རྗེ་ཡིས་།བསོད་ནམས་ལེགས་པར་གང་བསྒྲུབས་པ། ། ་བསོད་ནམས་དེས་ནི་སློབ་དཔོན་རྣམས། །བདེ་བ་ཅན་དུ་རོལ་བར་ཤོག་།སྦྱིན་སྲེག་གི་ཆོ་ག་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲདྡྷ་ཀ་ར་བར་མ་དང། དྷརྨཱ་ཤྲཱི་བྷ་དྲ་དང། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། འདི་ལ་ཤལོ་ཀ་བརྒྱ་བརྒྱད་ཅུ་རྩ་གསུམ་ཡོད། །རྒྱ་གར་སྐད་དུ། པཎྜི་ཀྲི་ཏ་སཱ་དྷ་ནོ་པེ་ཀ་པྲིཏྟི་རཏནཱ་ཝ་ལི་ནཱ་མ། བོད་སྐད་དུ། མདོར་བསྡུས་པའི་ཐབས་ཀྱི་འགྲེལ་པ་རིན་ཆེན་ཕྲེང་བ ་