CLOSE WINDOW

N1483: rnal 'byor chen po'i rgyud dpal gsang ba 'dus pa'i gtor ma'i cho ga zhes pa
Wyliee-texts based on the ACIP/ALL Input

པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། ཤྲཱི(རྒྱུད་འགྲེལ་ཏནྟ་པ་ལི་བི་དྷི་ནཱ་མ། བོད་སྐད་དུ། རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་གསང་བ་འདུས་པའི་གཏོར་མའི་ཆོ་ག་ཞེས་པ། འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཆགས་དང་ཆགས་མེད་ལས་གྲོལ་བའི། །ཡོངས་སུ་དག་པའི་སྐུ་མངའ་བ། ་ཀུན་གྱི་འབྱུང་གནས་དེ་ལ་ནི། །ཆེ་བའི་ཡོན་ཏན་བསམ་ཡས་སོ། །བགེགས་རྣམས་མ་ལུས་བསྲུང་བ་དང། །ཞི་བ་ལ་སོགས་ལས་རྣམས་དང། །གྲུབ་ཆེན་བརྒྱད་དང་དངོས་གྲུབ་མཆོག་།བསྒྲུབ་ཕྱིར་གཏོར་མའི་ཆོ་ག་བཤད། །དེ་ལ ་དང་པོ་གཏོར་མའི་རྫས་བཤམ་པ་ནི་རྩ་བའི་རྒྱུད་ལས། སྔགས་རྣམས་ཐམས་ཅད་ཉིད་ལ་ཡང། །རྨད་དུ་བྱུང་བའི་གཏོར་མ་འབུལ། །བཤད་གཅི་ཤ་དང་འབྲུ་མར་དང། །སེམས་ལས་བྱུང་བའི་ཙན་དན་དང། །ཁུ་བདག་གི་སྔགས ་རྣམས་ཀུན། །ཚམ་པར་འགྱུར་བ་ཀུན་ཏུ་བཤད། །ཅེས་གསུངས་པས། བཟའ་བ་དང་བཅའ་ཞིང་བསོད་པ་རྣམས་དང། །བདུད་རྩི་ལྔ་ལས་གཏོར་མ་བཤམས་ལ། ཚད་མེད་པ་བཞིས་བྱང་ཆུབ་ཏུ་སེམས་བསྐྱེད་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ ་སྭ་བྷཱ་ཝ་ཨཱཏྨ་ཀོ་ཉཧཾ། ཞེས་བརྗོད་པས་སྟོང་ཉིད་ལ་ལྷག་པར་མོས་པར་བྱས་ལ། དེའི་རྗེས་ལ་ཧཱུཾ་ཞེས་པ་དང་བྷཱུཾ་ཞེས་པས་རྡོ་རྗེའི་གུང་དང་གཞལ་ཡས་ཁང་གདན་དང་བཅས་པར་བསྒོམས་བདག་ཉིད་ཀྱང་དོན ་ཡོད་གྲུབ་པའི་ཏིང་ངེ་འཛིན་དུ་སྐད་ཅིག་གིས་བསྐྱེད་ལ་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས་ཏེ། ཏིང་ངེ་འཛིན་སེམས་དཔའ་ཨི་འོད་ཟེར་འཕྲོས་པས་ཁམས་གསུམ་གྱི་སེམས་ཅན་སྐྱེ་བ་རྣམ་པ་བཞིས་བསྡུས་པ་རྣམས་སྦྱངས་ཤིང ་བསྡུས་ནས། གཞལ་ཡས་ཁང་གི་ནང་དུ་ཕྱིན་པ་ཙམ་གྱིས་ལྷ་སུམ་ཅུ་རྩ་གཉིས་སུ་གྱུར་ནས། སོ་སོའི་གདན་ལ་བཞུགས་པར་བསམས་ལ། གནོད་མཛེས་ལ་བཀའ་བསྒྲོ་བས་ཡེ་ཤེས་ཀྱི་ལྷ་སུམ་ཅུ་རྩ་གཉིས་པོ་སྤྱན་དྲངས་ཏེ། ་གཞལ་ཡས་ཁང་གི་དམ་ཚིག་གི་ལྷ་ལ་བསྟིམས་ལ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ཁ་ཟས་སྦྱོང་བའི་ཏིང་འཛིན་གྱིས་གཏོར་མ་བྱིན་གྱི་བརླབ་པར་བྱ་སྟེ། ཧཱུཾ་གིས་སྦྱང་བ་བྱས་ནས་ནི། འབུད་པ་དང་ནི་སྤང་བ་དང། བདེ་བ་སྐྱེད ་པར་བྱེད་པ་དང། མི་འཆི་བཅུ་ཕྱེད་ལྕགས་ཀྱུ་མངའ་། །རི་བོང་ཅན་ལ་རྡོ་རྗེ་སེམས། །འོད་འཕྲོ་དམ་ཚིག་བདུད་རྩིས་སྦྱངས། །རྟོགས་བྱ་སྦྱངས་པར་བྱས་ནས་ནི། །ཡི་གེ་གསུམ་བརྗོད་བྱིན་གྱིས་བརླབས། །ོཾ་ཨཱ(རྒྱུད་འགྲེལ་ཏ་ཧཱུཾ། ཞེས་པ་ནས། ཨོཾ་སུམ་བྷ་ར་ཛ་ཧཱུཾ། ཞེས་པའི་བར་གྱིས་བདུད་རྩི་ལྔས་མཆོད་ལ། དེ་ནས་ལྷ་རྣམས་ཀྱི་ལྗགས་རྡོ་རྗེ་ལྔ་པོར་བསམས་ཏེ།། རྭ་དབུས་མ་ལ་ཡོད་པའི་ཨོཾ་གྱི་འོད་ཟེར་གྱི་བདུད་རྩི་དྲངས་ནས་ཨོཾ་ལ་ལྷ་སུམ ་ཅུ་སོ་གཉིས་ཐུགས་ཀར་ཐབས་པས་དགྱེས་ཤིང་མཉེས་ནས་ཕོག་པར་བསམས་ནས། དེ་ཉིད་ལྔ་པས་བསྟོང་པར་བྱའོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །ངག་ཅིང་ཞི་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ ་ལ་ལས་ལས་ཀུན་ཏུ་བྱུང། །ངོ་བོ་མེད་ཅིང་གནས་མེད་པར། །དེ་ལྟར་ཆོས་འདི་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་གྱིས། །འོན་ཀྱང་སངས་རྒྱས་སྲས་སུ་སྐྱེས། །ཞེས་བརྗོད་ལ་ལས་གཞོལ། གཤེགས་སུ་གསོལ། འཁོར?་གསུམ་ཡོངS ་སུ་དག་པའི་བསྡུ་བ་བྱའོ། །དཔལ་ལྡན་འདུས་པ་ཞེས་བྱ་བའི་གཏོར་མའི་ཆོ་ག་བྱས་པ་ལས། ཉེས་གྱུར་རྒྱལ་བས་བཟོད་པར་མཛོད། །དགེ་བས་འགྲོ་ཀུན་སངས་རྒྱས་ཤོག་།དཔལ་གསང་བ་འདུས་པའི་གཏོར་མའི་ཆོ་ག་།ཟ་ཧོར་གྱི ་མཁས་པ་ཆེན་པོ་ཤཱན་ཏ་ངེ་ཝ། ཞེས་བྱ་བ་མངོན་པར་ཤེས་པ་ལྔ་དང་ལྡན་བས་མཛད་པ་རྫོགས་སོ།། །རྒྱ་གར་སྐད་དུ། ཧོ་མ་བིདྷི། བོད་སྐད་དུ། སྦྱིན་སྲེག་གི་ཆོ་ག་།འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག ་