CLOSE WINDOW

N1479: dpal rdo rje sems dpa' mchod pa'i cho ga
Wyliee-texts based on the ACIP/ALL Input

འཁོར་གྱི་ཆོ་ག། རྒྱ་གར་གྱི་མཁན་པོ་ནག་པོའི་ཞལ་སྔ་ནས་དང། །བོད་ཀྱི་ལོ་ཙཱ་བ་ཆེན་པོ་འགོས་ལྷས་བཙས་ཀྱིས་བསྒྱུར་ཅིང་ཞུས་པ་རྫོགས་སོ།། །།རྡོ་རྗེ་སེམས་དཔའ་མཆོད་པའི་ཆོ་ག་།འདུས་པའི་གཏོར་མའི?་ཆོ་ག་འདས་པའི་རབ ་ཏུ་གནས་པའི་ཆོ་ག་གསུམ་སློབ་དཔོན་ཆེན་པོ་ནག་པོའི་ཞལ་སྔ་ནས་མཛད་པའོ།། །།རྒྱ་གར་སྐད་དུ། བཛྲ་སཏྭ་པཱུ་ཛ་བིདྷི། བོད་སྐད་དུ། དཔལ་རྡོ་རྗེ་སེམས་དཔའ་མཆོད་པའི་ཆོ་ག། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། ་རི་བོང་འཛིན་འོད་ལྟར་དཀར་རེག་བྱ་རྡོ་རྗེ་མས་འཁྱུད་སྐུ། །མཉམ་མེད་ཡོན་ཏན་གཏེར་གྱུར་སངས་རྒྱས་ལྔ་ཡི་གཙོར་གྱུར་པ། །མ་རིག་མུན་པའི་ཚོགས་ཀུན་མ་ལུས་ཀུན་ནས་བཅོམ་པ་ཡིས། །ཕྱག་ན་རྡོ་རྗེ་ནམ་མཁའ་ཨི་མཐར་ཐུག་ཇི ་སྲིད་རྒྱལ་གྱུར་ཅིག། མདོར་བསྡུས་རིམ་ལས་གསུངས་དོན་རྟོགས་དཀའ་བ། །བྱིས་པ་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར། །རྡོ་རྗེ་སེམས་མཆོད་ཆོ་ག་ནུས་པ་བཞིན། །བླ་མའི་ལུང་ལས་ཆོ་ག་བཞིན་བཤད་བྱ། །འདིར་རྡོ་རྗེ་སེམས ་དཔའ་མཆོད་པའི་ཆོ་ག་ལ་དབང་བའི་རྣལ་འབྱོར་པས་དང་པོར་མལ་ནས་ལངས་ནས་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་གི་འོད་ཟེར་གྱིས་བདག་ཉིད་དྲི་མ་མེད་པར་བྱས་ལ། ཨོཾ་ཨཱ:ཧཱུཾ་བཛྲ་ས་ཏྭ་ཞེས་བྱ་བ་རྗེས་སུ ་དྲན་པས་སྒོ་རྣམས་སྦྱད་བ་ལ?་སོགས་པ་དམ་པའི་སྤྱོད་པ་རྗེས་སུ་བསྐྱེད་བར་བྱ་བ་རྣམས་བྱས་ལ། མཆོད་པའི་ཡོ་བྱད་རྣམས་བསགས་ནས་མཆོད་པའི་ཁང་པར་ཞུགས་ལ་སྟན་བདེ་བ་ལ་གནས་ཏེ་རང་གི་ལག་མཐིལ་གཉིས ་སུ་ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་འབང?་བ་བསམས་ལ། ཨོཾ་ཤུདྡྷ་དྷརྨ་ཏཱ་སིདྡྷ་བཛྲ་ཧཱུཾ་ཞེས་བརྗོད་པས་བྱིན་གྱིས་བརླབ་པོ། །དེ་ནས་ལྐོག་མའི་ཕྱོགས་སུ་ཧྲཱི:ལས་བྱུང་བའི་པདྨ་ལ་ཧཱུཾ་ལས་གྱུར་པའི་རྡོ་རྗེ་བསམས ་ལ་བཛྲི་ཛི་ཧྭ་བྷེ་ཧཱུཾ་ཞེས་བྱ་བ་བྱིན་གྱིས་བརླབ་ཏེ། མཆོད་ཡིན་གྱི་སྣོད་དུ་མེ་ཏོག་དང་འབྲུ་དང་ལྡན་པའི་ཆུས་བཀང་ལ། ཨོཾ་ཨཱ:བིགྷྣཾ་ཀྲིཏ་ཧཱུཾ་ཞེས་བྱ་བ་ལན་བདུན་བཟླས་པ་མདུན་དུ་བཞག་ནས་ལག་པ་ཐལ་མོ་སྦྱར་ཏེ་རྡོ་རྗེ་འཛིན་པ་བློས་དམིགས ་ལ། ཕྱག་འཚལ་བསྟོད་ཅིང་ཕྱག་འཚལ་བསྟོད། །ཕྱག་འཚལ་བསྟོད་དེ་ཕྱག་འཚལ་འདུད། །གུས་པས་ཁྱོད་ལ་བདག་གསོལ་འདེབས། །རྡོ་རྗེ་སེམས་དཔའ་བདག་བསྒྲུབས་ཤིག་ཅེས་བརྗོད་ལ། །ོཾ་སྭ་བྷཱ་ཤུ་དྡྷ་སརྦ་དྷརྨཱ་སྭ་བྷཱ་བ་ཤུདྡྷོཉཧཾ། ་ཞེས་བཟླས་ནས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མངོན་དུ་བྱས་ཏེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཞེས་བྱ་བ་ལན་གསུམ་བརྗོད་ལ། ཨོཾ་ཨཱ:ཧཱུཾ་བཛྲ་སཏྭ་མ་ནུས་ར་ས་མ་ཡི་ཏིཥྛ་ཨ་ཤ་སྟཝཾ་དྷཱ་ར་ཡ་མི་བཛྲ་སཏྭ་ཧི་ཧི་ཧི་ཧི་ཧི?་ཧཱུཾ་ཞེས་ནས ་བདག་ཉིད་རྡོ་རྗེ་སེམས་དཔའ་ཞལ་གཅིག་པ་སྐུ་མདོག་སྟོན་ཀའི་ཟླ་བ་དངས་པ་ལྟར་དཀར་ཞིང་ཕྱག་ན་རྡོ་རྗེ་དང་དྲིལ་བུ་བསྣམས་པ་རལ་པའི་ཐོར་ཚུགས་ཅན་ཞི་ཞིང་སྒེག་བའི་ཉམས་དང་ལྡན་པ་རང་གི་བཙུན་མོས་མགུལ་བ་ནས་འཁྱུང་བ ་སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་གདན་ལ་སེམས་དཔའ་ཨི་སྐྱིལ་ཀྲུང་གིས་བཞུགས་པ་བསྒོམས་ལ། དེའི་སྤྱི་བོར་ནི་ཨོཾ་མགྲིན་པར་ནི་ཨཱ:སྙིང་གར་ནི་ཧཱུཾ་ཞེས་བྱ་བའི་ཡི་གེ་གསུམ་དགོད་པར་བྱའོ། །དེ་ནས་ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ ་ཧཱུཾ་ཕཊ། ཨོཾ་གྲིཧྞ་གྲིཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲིཧྞཱ་པ་ཡ་གྲིཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བན་བིདྱ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བ་དང། ཕྱོགས་བཅུར་སེ་གོལ་གཏོགས་པས་ཕྱོགས་སྐྱོང་བ་རྣམས་གནོད་ཇོས?་ཀྱིས་བཀུག་ལ། ཡང་སྙིང་གའི་ས ་བོན་ལས་སྤྲོས་པའི་བདུད་རྩི་འཁྱིལ་པའི་ཕུར་བུ་སྐུ་སྟོང་ཁྲོ་བོའི་གཟུགས་ཅན་ལ་འོག་གི་ཆ་ཕུར་པོའི་དབྱིབས་ཅན་རྣམས་སྤྲོས་ཏེ་གནོད་མཛེས་ཀྱིས་བཀུག་པ་རྣམས་ཀྱི་སྤྱི་པོ་ར་ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུ་ཥྚཱཾ་ཕཊ ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ་།ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ་བཛྲ་དྷ་ར་ཨཛྙཱ་པ་ཏི་སརྦ་པི་ཀཱ་ཡ་བཱ་ཀ་ཏི་ཏ་བཛྲ་ཀཱ་ལ་ཡ་ཧཱུཾ་ཕཊ་ཅེས་བྱ་བས་མི་གཡོ་བར་བྱས་ལ། ཨོཾ་བཛྲ་མུངཀ་ར་བཛྲ་ཀཱི་ལ་ཡ་ཨཱ་ཀོ་ཊི?་ཡ་ཧཱུཾ་ཕཊ་ཅེས་བྱ་བས་རྡོ་རྗེ་ཐོབ་ཕྱག་ན་? ་བསྣམས་པའི་གནོད་མཛེས་ཀྱིས་བརྡུངས་བར་བྱའོ། །དེ་ནས་ཕུར་བུའི་འོད་འབར་བ་ལས་འོག་ཏུ་རྡོ་རྗེའི་ས་གཞི་སྟེང་དུ་རྡོ་རྗེའི་དྲ་བ། །ཕྱོགས་ཀུན་ཏུ་རྡོ་རྗེའི་ར་བ། ཕྱི་རོལ་མ?་རི་འབར་པས་བསྐོར་བར་བསམས་ལ། ཧཱུཾ་བཟླས་པའི་ལྕཾ་པ་ལ ་སོགས་པ་དང། སྔར་བསྟན་པའི་ཆུས་ཨོཾ་བཛྲ་རེ་ཁེ་ཧཱུཾ་ཞེས་བརྗོད་ཅིང་མདུན་དུ་མཎྜལ་བྱའོ། །མཎྜལ་བྱུག་པའི་དུས་སུ་མཎྜལ་གྱི་ཕན་ཡོན་ཀྱང་བཟླས་པར་བྱ་སྟེ། ཆུ་བཅས་ལྕི་བ་སྦྱིན་པ་རེ། །སྐྱང་ནུལ་བྱས་པ་ཚུལ་ཁྲིམས་ཡིན། ་གྲོག་མ་སོགས་བསལ་བཟོད་ཡིན་ཏེ། བྱ་བ་སྤྲོ་བར་བརྩོན་འགྲུས་སོ། །སྐད་ཅིག་དེ་སེམས་རྩེ་གཙིག་པ། །བསམ་གཏན་ཡིན་ཏེ་རི་མོ་དག་།སྙོམས་པ་ཤེས་རབ་ཡིན་པར་གསུངས། །མཎྜལ་བྱས་པས་ཕ་རོལ་ཕྱིན་དྲུག་བརྙེས ་པར་འགྱུར། །ལྷ་མི་ཁྱད་པར་ཅན་སྐྱེ་ཟླ་ལྟར་གཟི་འཕགས་ཤིང། །ནད་ཀུན་ལས་གྲོལ་གསེར་གྱི་མདོག་དང་འདྲ་བར་འགྱུར། །རྒྱལ་རིགས་འབྲུ་དང་གསེར་སོགས་འབྱོར་པས་གང་བར་སྐྱེས། །དེས་ན་བདེ་གཤེགས་མཆོག་གི ་ཁྱིམ་དུ་ལུས་ལས་བྱས་ཞེས་བྱ་བའོ། །དེ་ནས་ལག་པ་བཀྲུས་ཏེ་མཎྜལ་གྱི་དབུས་སུ་ལག་པ་བཞག་ལ་སའི་ལྷ་མོ་བློས་དམིགས་ཏེ་གསོལ་བ་གདབ་པར་བྱའོ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང ་ཁྱད་པར་ནི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡི། །ཇི་ལྟར་བདུད་ཀྱི་སྟོབས་བཅོམ་པ། །དེ་བཞིན་བདག་གིས་བདུད་ལས་ནི། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ོཾ་མེ་དི་ནི་བཛྲི་བྷ་པ་བཛྲ་བན་དྷ་ཧཱུཾ་ཞེས་བྱ ་པས་བྱིན་གྱིས་བརླབས་ལ་ཡིད་ཀྱིས་སམ?་ལག་པའི་མེ་ཏོག་གི་རིམ་པ་གསུམ་དང་ལྡན་པའི་ཁང་བུ་བརྩེགས་པ་བྲིའོ། །དེ་ནས་རིམ་པ་དབུས་མའི་དབུས་སུ་པདྨ་འདབ་མ་རྒྱད་ཀྱི་ལྟེ་བ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུཾ་བྲིའོ། །ཤར་གྱི་ཆེའི ་པདྨར་ཟླ་བ་ལ་ཨོཾ་ལྷོར་རིན་པོ་ཆེ་ལ་སྭཱ། ནུབ་ཏུ་པདྨ་ལ་ཨཱ:བྱང་དུ་སྣ་ཚོགས་རྡོ་རྗེ་ལ་ཧཱ། མེའི་མཚམས་ལ་སོགས་པ་རྣམས་སུ་མཚན་དེ་དག་ཉིད་དམ་ཟླ་བ་ལ་ལཾ་མཾ་པཾ་ཏཾ། རིམ་པ་གཉིས་པའི་མེ་མཚམས་ལ་སོགས་པར་གདན་དེ ་དག་ཉིད་རོཾ་ཤོཾ་གཾ་རོཾ། རིམ་པ་གསུམ་པ་སྣམ་བུའི་ཤར་ལ་སོགས་པའི་ངོས་གཉིས་གཉིས་སུ་གདན་དེ་དག་ཉིད་མེཾ་ཐིཾ། ལྷོར་ཨོཾ་ཨཾ། ནུབ་ཏུ་ཨོཾ་ཧཱུཾ། བྱང་དུ་ཨོཾ་སཾ་ངོ། །སྒོ་རྣམས་དང་མཚམས་སུ་ཉི་མ་ལ་གནས་པའི་ཧཱུཾ་བྲིའོ། །འོག་གི ་ཆ་ཤར་གྱི་སྒོ་སྔོན་དཱུང་ཧཱུཾ། སྟེང་གི་ཆ་ནུབ་ཀྱི་སྒོ་སྔོན་དུ་ཡང་ཉི་མ་ལ་གནས་པའི་ཧཱུཾ་ངོ། །དེ་ལྟར་ས་བོན་རྣམས་བྲིས་ནས་བགེགས་མཐར་བྱེད་ཀྱི་སྔགས་བཟླས་པའི་ཆུས་བསང་གཏོར་བྱས་ཏེ། ཡང་བསང་གཏོར་ལན་གསུམ་བྱས་ན ་ས་བོན་རྣམས་འོད་འབར་པ་དང་བཅས་པར་བསྒོམ་མོ། །དེ་ནས་ཨོཾ་བཛྲ་པུཥཔེ་ཨཱ:ཧཱུཾ་ཞེས་བྱ་བ་འམ། ཡི་གེ་འབྲུ་གསུམ་བཟླས་པས་མེ་ཏོག་བྱིན་གྱིས་བརླབ་པར་བྱའོ། །མཆོད་པའི་རིམ་པ་ནི་འདི་ཡིན་ཏེ། ཨོཾ་ཧཱུཾ་བཛྲ་སཏྭ་པུཥཔཾ ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཨཾ་ཛི་ན་ཛཀ?་པུཥཔ་པྲ་ཏཱིཙྪ་སྭཱཧཱ། ཨོཾ་སྭཱ་རཏན་དྷྲིཀ་བུཥཔི་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཨཱ:འ་རོ་ལིཀ་པུཥཔཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཨཱ:འ་རོ་ལིཀ་པུཥཔཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཧཱ་པྲཛྙཱ་དྷྲིཀ་པུཥཔཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ལཾ་མོ་ཧ་རཱ་ཏི་པུཥཔཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་མཾ་དྭེ་ཥ་རཱ་ཏི་པུཥཔཾ་ ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་པཾ་རཱ་ག་ར་ཏི་པུཥཔཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཧཱི་བཛྲ་རཱ་ཏི་པུཥཔཾ་པྲ་ཏཱིཙྪ་སྭཱ་ཧཱ། རིམ་པ་དང་པོའོ། །ོཾ་རུཾ་རུ་པ་བཛྲ་པུཥཔཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཤ་ཤཔད་པུཥཔཾ་པྲ་ཏཱིཙྪཱ་སྭཱཧཱ། ཨོཾ་གཾ་ག?་བཛྲཾ?་པུཥཔཾ་ཏཱིཙྪ་སྭཱ་ཧཱ། ་ཨོཾ་རཾ་རཱ་ས་ས་བཛྲ་པུཥཔཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་པཾ་སྤརཤ་བཛྲ་པུཥཔཾ་པྲ་ཏཱིཙྪ་སྭཱཧཱ། རིམ་པ་གཉིས་པའོ། །ོཾ་མཻ་མཻ་ཏྲི་ཡ་པུཥཔཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཐལི་ཀཱི་ཏི་གརྦ་པུཥཔཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཨོཾ་བཛྲ་པཱ་ཎི་པུཥཔཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཨོཾ་ཁ་ཁརྦྷ?་པུཥཔཾ ་པྲ་ཏཱི་ཙྪ་སྭཱ་ཧཱ། ཨོཾ་ཨོཾ་ལོ་ཀོ་ཤྭ་ར་པུཥཔཾ་པྲ་ཏཱིཙྪ་སྭཱཧཱ། ཨོཾ་ཧཱུཾ་མཉྫུ་གྷོ་ཥ་པུཥཔཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཨོཾ་སརྦ་ཎི་བ་ར་ནི་བསྐཾ?་བ་ནི་པུཥཔཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་སི་ས་མནྟ་བྷ་དྲ་པུཥཔཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཧཱུཾ་ཡ་མཱནྟ་ཀྲིཏ་པུཥཔཾ་པྲ་ཏཱིཙྪ་སྭཱ ་ཧཱ། ཨོཾ་ཧཱུཾ་པྲཛྙཱནྟ་ཀྲིཏ་པུཥཔཾ་པྲཾ་ཏཱཙྪ་སྭཱ་ཧཱ། ཨོཾ་ཧཱུཾ་པདྨནྟ་ཀྲིཏ་པུཥཔཾ་པྲི་ཏཱཙྪ་སྭཱ་ཧཱ། ཨོཾ་ཧཱུཾ་བི་གྷྣཱནྟ་ཀྲིཏ་པུཥཔཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཧཱུཾ་ཡ་ཙ་ལ་པུཥཔཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཧཱུཾ་ཊཀྐི་རཱ་ཛ་པུཥཔཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཧཱུཾ་ནཱི་ལ་དཎྜ་པུཥཔཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ ་ཧཱུཾ་མཧཱ་བ་ལ་པུཥཔཾ?་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཧཱུཾ་སུམྦཱ་རཱ་ཛཱ་པུཥཔཾ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཧཱུཾ་ཨུཥྣི་ཥ་ཙ་ཀྲི་ཝརྟི་པུཥཔཾ་པྲ་ཏཱིཙྪ་སྭཱ་ཧཱ། རིམ་པ་གསུམ་པའོ། །དེ་ལྟར་ཐམས་ཅད་ལ་སྦྱར་བར་བྱ་སྟེ། ཁྱད་པར་དུ་གན་དྷ་པྲ་ཏཱིཙྪ་སྭཱ་ཧཱ། དྷཱུ་པ་པྲ ་ཏཱིཙྪ་སྭཱ་?་པ་པྲ?་ཏཱིཙྪ་སྭཱཧཱ། ནེ་འི?་དྱ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་བྱ་བ་སྦྱར་བར་བྱའོ། །དེ་ལྟར་མཆོད་ནས་སྐད་ཅིག་ཙམ་གྱིས་ཡེ་ཤེས་གྱི་དཀྱིལ་འཁོར་བཀུག་སྟེ། ཨོཾ་ཛ(རྒྱུད་འགྲེལ་ལ་བསྟམས་ཏེ། གཉིས་སུ་མེད་པའི་དཀྱིལ་འཁོར་ལེགས་པར་བལྟས་ལ། ཨོཾ་བཛྲ་སཏྭ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་སཏྭ་པ་ཏྱཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་སཏྭ་ཨཉྫ་མ་ནཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་ལ་ཨརྒྷཾ་དང་ཞལ་བསིལ་ནི་སྣོད ་ཉིད་ཀྱིས་དབུལ་ལོ། །ཞབས་བཀྲུ་བ་ནི་ཁུ་ཚུར་གྱི་སོར་མོ་དཀྲོལ་བ་རོལ་པ་བཅས་པར་དབུལ་ལོ། །ཡང་ཞལ་བསིལ་མེ་ཏོག་གཾ་ལག་པས་ཀྱང་དབུལ་ལོ། །དེ་ནས་ཡང་སྔ་མ་ལྟར་རིམ་པ་བཞིན་དུ་མཆོད་ལ་བསྐོར་བ་ལན་གསུམ་བྱ་སྟེ། ཨརྒྷའི་སྣོད་ཀྱིས ་ཆུ་ལས་བསང་གཏོར་བྱས་ཐལ་མོ་སྦྱར་ཏེ། དཀོན་མཆོག་གསུམ་ལ་བདག་བསྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང། །སངས་རྒྱས་བྱང་ཆུབ་ཡིད་ཀྱི་བཟུང། །ཞེས་ལན་གསུམ་བརྗོད་ལ་ཕྱག་ལན ་གསུམ་བྱ་སྟེ། བསྟོད་པ་འདིས་བསྟོང་པར་བྱའོ། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །གསང་བའི་དབྱངས་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་རབ་ཏུ་དག། རྡོ་རྗེ་ཞི་བ ་དགའ་བ་ཆེ། །རང་བཞིན་གྱིས་ནི་འོད་གསལ་མཆོག། སྟོན་པ་རྡོ་རྗེ་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ་།རྡོ་རྗེ་ནམ་མཁའ་དྲི་མ་མེད། །དངོས་ཉིད་དག་པས་གོས་པ་མེད་།གསང་མའི་གསུང་ལ་ཕྱག་འཚལ་ལོ། །རྡོ་རྗེ་མི་འཆི་འདོད ་ཆགས་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་བརྙེས་པ། །རྡོ་རྗེ་གསུང་ལ་ཕག་འཚལ་ལོ། །རྡོ་རྗེ་དག་པ་གདོན་མི་ཟ། །བསམ་པ་ཐམས་ཅད་ཡོངས་རྫོགས་པ། །སངས་རྒྱས་ངོ་བོ་ཉིད་ལས་བྱུང། །རྡོ་རྗེ་སེམས་དཔའ་ ་ཕྱག་འཚལ་ལོ། །ཞེས་པའི་ཚིགས་སུ་བཅད་པ་ལྔས་བསྟོད་ལ། །ཡི་གེ་གསུམ་པོ་ཅི་ནུས་ཀྱིས་མི་གཡེང་པས་བཟླས་བརྗོད་བྱའོ། །དེ་ནས་ཨོཾ་ཨཱ(རྒྱུད་འགྲེལ་གསུང་ཐུགས་བྱིན་གྱིས་བརླབ་པོ། །དེ་ལ་སྤྱི་པོར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་དཀར་པོ་བསྒོམས་ལ་དཔལ་ལྡན་སངས་རྒྱས་སྐུ་འཛིན་པ། །རྡོ་རྗེ་མི་ཕྱེད་གསུམ་གྱི་དངོས། །དེང་བདག་བྱིན་གྱིས་བརླབ་པའི་གནས། །རྡོ་རྗེ་སྐུར་ནི ་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་ཀྱིས་དངོས། །དེང་བདག་བྱིན་གྱིས་བརླབ་པའི་གནས། །རྡོ་རྗེ་སྐུར་ནི་མཛད་དུ་གསོལ། །སངས་རྒྱས་རྣམས་ཀྱི་སྐུ་གང་ཡིན། །ཕུང་པོ ་ལྔ་ཡིས་རབ་གང་བ། །སངས་རྒྱས་སྐུ་ཡི་ངོ་བོ་ཡིས། །བདག་ཀྱང་དེ་དང་འདྲར་གྱུར་ཅིག། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ། དེའི་རྗེས་ལ་མགྲིན་པར་པདྨ་མའི་སྟེང་དུ་ཨཱ(རྒྱུད་འགྲེལ་དང་ལྡན། །རྡོ་རྗེ་མི་ཕྱེད་གསུམ་གྱི་དངོས། །དེང་བདག་བྱིན་གྱིས་བརླབ་པའི་གནས། །རྡོ་རྗེ་གསུང་དུ་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་གྱི་དངོས། །དེང་བདག་བྱིན་གྱིས་བརླབ་པའི ་གནས། །རྡོ་རྗེ་གསུང་དུ་མཛད་དུ་གསོལ། །རྡོ་རྗེ་ཆོས་ཀྱི་གསུང་གང་ཡིན། །གསུང་དེ་ངེས་ཚིག་ཕུན་སུམ་ཚོགས། །བདག་གི་ཚིག་ཀྱང་དེ་འདྲ་བར། །ཆོས་འཛིན་པ་དང་མཚུངས་པར་ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏ་བཱ་ག་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ། དེ་ནས་སྙིང ་གར་ཟླ་བའི་དཀྱིལ་འཁོར་ལ་ཧཱུཾ་སྔོན་པོ་བསྒོམས་ལ། །རྡོ་རྗེ་ཐུགས་འཛིན་དཔལ་དང་ལྡན། །རྡོ་རྗེ་མི་ཕྱེད་གསུམ་གྱི་དངོས། །དེང་བདག་བྱིན་གྱིས་བརླབ་པའི་གནས། །རྡོ་རྗེ་ཐུགས་སུ་མཛད་དུ་གསོལ། །ཕྱོགས་སུ་བཞུགས་པའི་སངས་རྒྱས་རྣམས། །རྡོ ་རྗེ་མི་ཕྱེད་གསུམ་གྱི་དངོས། །དེང་བདག་བྱིན་གྱིས་བརླབ་པའི་གནས། །རྡོ་རྗེ་ཐུགས་སུ་མཛད་དུ་གསོལ། །ཀུན་ཏུ་བཟང་པོའི་ཐུགས་གང་ཡིན། །གསང་བའི་བདག་པོ་བློ་ལྡན་པ། །བདག་གི་སེམས་ཀྱང་དེ་འདྲ་བར། །རྡོ་རྗེ་འཛིན་དང་མཚུངས་པར ་ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ། ཡང་ཐམས་ཅད་དུ་ལྷག་པར་བྱ་བ་བྱས་ལ། །ོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱཀ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ། ཞེས་བརྗོད་དོ། །དེ་ལྟར་བདག་ཉིད་བྱིན་གྱིས་བརླབས། ་ནས། ཡིག་བརྒྱ་པས་བརྟན་པར་བྱ་སྟེ། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲི་དྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ་ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ?་མེ་པ་ཝ། སརྦ་སིདྡྷིཾ་མེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙི་ཏཾ་ཤྲི་ཡཾ(རྒྱུད་འགྲེལ་ཧོ(རྒྱུད་འགྲེལ་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་སུ། །སླར་ཡང་དགོངས་པར་མཛད་དུ་གསོལ། །མུ(རྒྱུད་འགྲེལ་གཅིག་ཕུལ་ཏེ་བཟོད་པར་མཛོད་ཅིག་ཅེས་བརྗོད་ལ་ལངས་ཏེ་ཇི་ལྟར་དགའ་བར་བྱའོ། །ཐུན་མཚམས་གཞན་ཡང་དེ་ལྟར་བྱས་ཏེ་ཟླ་བ་གཅིག་གཾ་ལོ་ཕྱེད་དམ་ལོ་གཅིག་ཏུ་ཆོ་ག་ངེས་རྡོ་རྗེ་སེམས་དཔའ་མཉེས་པར་བྱས་ནས་ཇི་ལྟར་འདོད ་པའི་དངོས་གྲུབ་ཀྱིས་མཚན་མ་འབྱུང་བར་འགྱུར་རོ། །དེ་ནས་རྒྱུད་ནས་གསུངས་པ་བཞིན་དུ་བསྒྲུབ་པར་བྱའོ། །དུས་གསུམ་རྒྱལ་བའི་རང་བཞིན་བྱིན་གྱིས་གཙོ། །ཡེ་ཤེས་སྐུ་མཆོག་རྡོ་རྗེ་སེམས་དཔའ་ཡི། །མཆོད་པའི་ཆོ་ག་བདག་གིས་བྱས ་པ་ངེས། །ཕྱག་རྒྱ་ཆེན་པོའི་གོ་འཕང་ཐོབ་པར་ཤོག། རྡོ་རྗེ་སེམས་དཔའ་མཆོད་པའི་ཆོ་ག། སློབ་དཔོན་ཆེན་པོ་ནག་པོ་པའི་ཞལ་སྔ་ནས་བླ་མའི་མན་ངག་ལས་བཟུང་སྟེ་མཛད་པ་རྫོགས་ཤོ།། །།རྒྱ་གར་གྱི ་མཁན་པོ་ནག་པོ་པའི་ཞལ་སྔ་ནས་དང། བོད་ཀྱི་ལོ་ཙཱ་བ་འགོས་ཁུག་པ་ལྷས་བཙས་གྱིས་བསྒྱུར་པའོ།། །།སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །བླ་མ་དམ་པ་ལ་བཏུད་དེ་།དེའི་མན་ངག་ཇི་བཞིན་དུ། །གཏོར་མའི ་