CLOSE WINDOW

N1470: dpal gsang ba 'dus pa'i dkyil 'khor gyi cho ga nyi shu pa zhes bya ba
Wyliee-texts based on the ACIP/ALL Input

བློའི་ཞལ་སྔ་ནས་ཀྱི་མཛད་པ་རྣམ་པར་བཞག་པའི་རིམ་པ་བཞི་པ་རྫོགས་སྟོ།། །།*། །དཔལ་གསང་བ་འདུས་བའི་དཀྱིལ་འཁོར་གྱི་ཆོ་ག་ཉི་ཤུ་པ་ཞེས་བྱ་བ་སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་མཛད་པའོ།། །།*། །རྒྱ་གར་སྐད་དུ། ་ཤྲཱི་གུ་ཧཡ་ས་མ་ཛ་མཎྜལ་ཨུ་པཱ་ཡི་ཀི་བི་ཤ་བི་དྷི་ནཱ་མ། བོད་སྐད་དུ། དཔལ་གསང་བ་འདུས་བའི་དཀྱིལ་འཁོར་གྱི་ཆོ་ག་ཉི་ཤུ་པ་ཞེས་བྱ་བོ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གཉིས་མེད་ཡེ་ཤེས་སྐུ་མངའ་བ། །དང་པོའི་མགོན་ལ་ཕྱག ་འཚལ་ནས། །རྡོ་རྗེ་སློབ་མར་ཕན་འབྱུང་བ། །དཀྱིལ་འཁོར་ཡན་ལག་བདག་གིས་བཤད། །བྱ་རྒྱུད་ཆོ་ག་མ་གཏོགས་པར། །སྤྱོད་དང་གཉི་གའི་རྣལ་འབྱོར་གྱིས། །གྲུབ་པའི་དཀྱིལ་འཁོར་སངས་རྒྱས་ནི། །ཀུན་ལུགས་ལས་འོངས་ཡང་དག་བསྔགས། ་དང་པོར་ས་ནི་སྦྱང་བ་དང། །དེ་ནས་ས་ཡོངས་འཛིན་པ་དང། །ཕྱི་ནས་བགེགས་ནི་ཉེར་ཞི་དང། །ཐོད་ལེ་ཀོར་གྱིས་ཐིག་གདབ་དང། །དེ་ནས་ས་ལྷ་སོགས་ལྷག་པར། །གནས་དང་དེ་ནས་གསོལ་གདབ་དང། །ཕྱི་ནས་སློབ་མ་ལྷག་གནས་དང། ནམ་མཁར ་ཐིག་ནི་གདག་པ་དང། །ཚོན་སྣ་ལྔ་ཡི་ཆོ་ག་དང། །ཚོན་རྩི་རྣམས་ནི་དགྱེ་བ་དང། །ལྷ་རྣམས་སྤྱན་དྲངས་ཉིད་དང་ནི། །དེ་ནས་སློབ་མ་གཞུག་པ་དང། །ཁྲུས་ཀྱི་དཀྱིལ་འཁོར་ཆོ་ག་དང། །དེ་ནས་སངས་རྒྱས་དབང་བསྐུར་དང། །དེ་ནས་ཕྱག་མཚན་དབང་བསྐུར ་དང། །བླ་མ་ལྷ་དང་ཡོན་གཉིས་དང། །རྗེས་སུ་གནང་བ་སྦྱིན་པ་དང། །དེ་ནས་གཤེགས་གསོལ་ཆོ་ག་དང། །དཀྱིལ་འཁོར་ལས་ཆེན་ཕུར་པ་དང། །སྐུད་པ་བསྡུ་བ་ཉིད་ཀྱང་སྟེ། །རབ་བཤད་ཆོ་ག་ཉི་ཤུ་ཡིས། །ཇི་ལྟ་ཇི་ལྟར་རྒྱས ་ཤེས་པའི། །རྡོ་རྗེ་སློབ་དཔོན་མཁས་པ་ཡིས། །རྡུལ་ཚོན་དཀྱིལ་འཁོར་བྲི་བར་བྱ། །ཁ་ཅིག་གྲུབ་པ་བརྒྱད་འདོད་པས། །དཀྱིལ་འཁོར་འདི་ལ་འཇུག་པར་འགྱུར། །དེ་བཞིན་བདེན་མཐོང་དེ་བཞིན་དུ། །དཔའ་བོ་སྔགས་པ་བརྟགས་པ་སྟེ། །དེ་དག་སྦྱོར ་བ་བླ་མ་ཡིས། །རིགས་ནས་བླ་མ་མཁས་པ་ཡིས། །སློབ་མའི་དོན་ཀུན་བསྒྲུབ་བྱའི་ཕྱིར། །འཁོར་ལོ་རྣམ་བརྒྱད་བྲི་བར་བྱ། །རིན་ཆེན་ས་བོན་དེ་བཞིན་དང། །མེ་ཏོག་ཚོན་དང་དེ་བཞིན་དུ། །བྱེ་མ་གཡོ་དང་ཕྱེ་མ་སྟེ། །དེ་བཞིན་ཡིད་ཀྱི་དཀྱིལ་འཁོར ་བདེན། །ས་བོན་དགོད་དང་ཕྱག་མཚན་དང། །ཡང་ན་ལྷ་ཡི་སྐུ་ཉིད་ནི། །འབུར་དུ་བཏོང་དང་ལུགས་མ་ནི། །སྟོབས་བཞིན་དཀྱིལ་འཁོར་ལ་དགོད་བྱ། །ཕྲེང་བ་ཆུ་དང་རྫོགས་སངས་རྒྱས། །རྡོ་རྗེ་དྲིལ་བུ་མེ་ལོང་དང། །མིང་དང་སློབ་དཔོན་རྗེས་གནང ་ཞེས། །བྱ་བ་འདི་ནི་དབང་བསྐུར་རིམ། །དེ་བཞིན་གཤེགས་པས་རྡོ་རྗེ་ཡི། །ཐེག་པར་སློབ་དཔོན་རྣམ་གཉིས་གསུངས། །གཅིག་ནི་གསང་སྔགས་གཙོར་བྱེད་འགྱུར། །གཅིག་ནི་བསམ་གཏན་ལ་གཞོལ་བ། །གསང་སྔགས་སྨྲར་གནས་རྣལ་འབྱོར་པ།། ་ལྷ་ལ་དམིགས་པ་ལྷུར་ལེན་པས། །དེ་ལས་མཚན་མ་རྙེད་གྱུར་ཏེ། །རྡུལ་ཚོན་དཀྱིལ་འཁོར་བྲི་བར་བྱ། །གསང་སྔགས་ཚུལ་གནས་རྣལ་འབྱོར་པ། །གཉིས་མེད་ཡེ་ཤེས་སྦྱོར་ལྡན་པས། །སྒྱུ་མ་ལྟ་བུའི་ལུས་ཀྱིས་ནི། །འཁོར་ལོ་སྒྱུ་མ་ལྟ་བུ ་བྲི། །གྲོང་ཁྱེར་གྲོང་དང་གྲོང་རྡལ་དང། །ཀུན་དགའ་ཚོད་འདུས་གཙུག་ལག་ནི། །ཁང་དུ་པུས་ནུབ་ཙམ་བཀོས་ནས། །རིམ་གྱིས་ས་ནི་སྤྱང་བར་བྱ། །ཤིང་དང་གྱོ་མོ་གསེག་མ་དང། །དེ་བཞིན་རུས་པ་སོལ་བ་དང། །སྐྲ་ལ་སོགས་པ་བསལ་བྱས་ནས། །དེ ་ནས་ས་ནི་སྦྱང་སྟེ། །ཀུན་ནས་སྟེང་ནི་ཡང་དག་པར། །བསྙམས་ཏེ་བ་ལང་ལྕི་བས་བྱུག། དྲི་ཡི་ཆུ་ཡིས་བསངས་ནས་ནི། །ཕྱི་ནས་དྲག་པོའི་སྦྱིན་སྲེག་བྱ། །སྔགས་པ་རྡོ་རྗེ་སེམས་ཟློས་ཤིང། །རྡོ་རྗེའི་ལྟ་བས་བལྟ་བར་བྱ། །དཀྱིལ་འཁོར་གྱི་ནི་ས་ཡི ་ཆ། །སྐྱོན་དང་ལྡན་ཡང་སྤྱོད་པར་འགྱུར། །གསང་དབང་རྟོག་པ་ལ་གནས་ཤིང། །བྱང་ཆུབ་སེམས་ནི་རྣམ་སྤངས་པོའི། །སྔགས་པ་གང་ཞིག་ས་སྦྱོང་བར། །བྱེད་པ་དེ་ཡིས་འགྲུབ་མི་འགྱུར། །ས་སྦྱང་པའི་ཆོ་གའོ།། །། ་དེ་ནས་བླ་རེ་སོགས་བརྒྱན་ཅིང། །མཆོད་པ་ལྔ་དང་བཅས་པ་ཡི། །འཁོར་ལོའི་ཁྱིམ་དུ་ཕྱིན་ནས་སུ། །ས་ནི་ཡོངས་སུ་གཟུང་བར་བྱ། །དཀར་ལ་མ་ཉམས་གོས་འཆང་ཞིང། །གཙུག་ཏོར་དག་པ་ཡིས་བརྒྱན་ལ། །རྒྱན་རྣམས་ཐམས་ཅད་ཀྱིས་སྤུད་ཅིང།། ་དྲི་བཟང་བྱུགས་པའི་ཆལ་འཐོར་པས། །ཉི་མ་གསུམ་དུ་ཐུན་གསུམ་དུ། །ཆོ་ག་ཇི་བཞིན་གཏོར་མ་དབུལ། །དེ་ནས་བགེགས་རྣམས་ཞི་བར་ནི། །བྱ་ཕྱིར་ཕྱོགས་སྐྱོང་བཅུ་ལའོ། །བརྟུལ་ཞུགས་བརྟན་པས་ཞི་བ་ཡི། །སྦྱིན་སྲེག་ཚུལ་བཞིན ་སྔར་བྱས་ནས། །ཕྱི་ནས་དབང་བསྐུར་རབ་གྲུབ་ཕྱིར། །སློབ་མས་ཀྱང་ནི་བྱེད་དུ་གཞུག། ས་ཡོངས་སུ་གཟུང་བའི་ཆོ་གའོ།། །།ཞེ་སྡང་རྡོ་རྗེའི་ཏིང་འཛིན་ལ། །གནས་ཤིང་ཁྲོ་བོས་ཡོངས་བསྐོར་བའི། །རྣལ་འབྱོར་པ་ཡིས ་ཐབས་བྱུང་ཚེ། །བགེགས་ནི་ངེས་པར་བསལ་བར་བྱ། །རྐང་ཐིལ་རྡོ་རྗེ་བསམ་བྱས་ནས། །རྡོ་རྗེ་གསོར་བ་ལྷུང་ལེན་ཞིང། །རྡོ་རྗེའི་ནོ་མ་སྒེག་གང་བྱེད་བཞིན། །ཧཱུཾ་ཡིག་དྲག་པོ་ཆེ་བར་བཅས། །ཡི་གེ་ཊ་ཡིས་མིག་གཡོན་ཟླ་བར་བྱས། །ཡི་གེ་མ་ཡིས་མིག་གཡས ་ཉི་མ་བཀོད། །རྡོ་རྗེ་འཛིན་གྱི་བསྙེམས་ལ་འཆང་བ་ཡིས། །དཀྱིལ་འཁོར་ས་ཡི་ཆ་ལ་འགྲོ་བྱེད་ཅིང། །མངའ་བདག་རྩེ་བའི་བདག་ཉིད་ཀྱིས། །བརྒྱ་བྱིན་ལ་སོགས་གདུག་པ་ཡི། །ཚོགས་བཅས་ས་དང་བར་སྣང་དང། །ཕྱོགས་ནས་གསལ་བྱ་འདི་སྐད་བརྗོད། ་ཨ་པ་ས་རནྟུ་བྷ་བནྟོ་ཡི་གེ་ཅིང་དེ་བ་ཨ་སུ་ར་ཡཀྵ་རཀྵ་ས་པྲེ་ཏཱ་མི་ཤཱ་ཙ་ཨ་པསྨཱ་ར་བྷུ་ཏ་ཌཱ་ཀི་ནྱ་ཨོ་སྟར་ཀམཱ་ཧལླ་ཀ་མ་ཧལླི་ཀ་ཚ་ཨ་ནུ་ར་ས་པ་རི་ཥདྒ་རུ་ཌཾ?་ཀ་པུ་རུ་ཥ་མ་སྟྲ་སིདྡྷི། །བདག་གིས་ཕྱོགས་འདིར་སློབ་མཚེ?་གེ་མོའི་རྫོཌ ་པའི་བྱང་ཆུབ་རྫོགས་པར་བྱ་བའི་ཕྱིར་དང། སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་དཔལ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་བྲི་བར་བྱའོ། །རྡོ་རྗེ་འཛིན་པ་ཆེན་པོས་བཀའ་སྩལ་པ། །འདི་ཐོས་ནས་མྱུར་དུ་དངོས་ཤིག ་གང་ཞིག་མི་དང་པ་འདིའི་མགོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་ཆེན་པོ་འབར་བ་དག་ཧཱུཾ་གི་རྡོ་རྗེ་འབར་ཞིང་རབ་ཏུ་འབར་བ་འདིས་ཚལ་བ་བརྒྱད་འགགས་པར་འགྱུར་བྱའོ། །དེ་སྐད་ལན་གསུམ་བརྗོད་ནས་དེ་ནས་ནི། །སྔགས་པ་ཁྲོ་བར་གྱུར་ཅིང་ཤར་ཕྱོགས་ན།། ་གནས་པས་ཧཱུཾ་ཡིག་ཕྱག་རྒྱ་དང་བཅས་པར། །གཡས་བརྐྱང་སྔོན་འགྲོའི་སྦྱོར་བ་ཚུལ་བཞིན་བྱ། གཡས་བརྐྱང་དང། གཡོན་བརྐྱང་དང། ས་ག་དང། ཟླུམ་པོ་དང་། མཉམ་པའི་སྟེང?་སྟབས་དང་།རུལ་སྦལ་གྱི་སྟང་སྟབས་དང། རྡོ་རྗེ་ཕུལ་བྱུང ་དང། རྡོ་རྗེ་སྒེག་པ་དང། རྐང་ཅིག་གིས་འཕུང་སྟངས་དང། བུང་བའི་འཕུར་སྟངས་དང། སེངྒེའི་སྟང་སྟབས་དང། སེངྒེའི་གླ་ལ་བ་དང་།རྡོ་རྗེ་ལྕགས་སྒྲོག་དང། །རྡོ་རྗེ་བསྐོར་འཛིན་དང་།རྡོ་རྗེ་འཕེན་པ་དང། །རྡོ་རྗེའི་གང་སྟབས་དང་།རྡོ་རྗེ ་འཇིག་བྱེད་དང། རྡོ་རྗེ་རོ་ལངས་དང་།རྡོ་རྗེ་ཐོ་བ་དང། གདོང་བཞི་བྱིན་གྱིས་བརླབས་པ་དང་།རྡོ་རྗེ་འཁྱིལ་པ་དང། བུད་མེད་ལྟར་སྒྱུ་འཕྲུལ་བྱེད་པ་དང། རྡོ་རྗེ་ལྕགས་སྒྲོག་དང། སྟོབས་པོ་ཆེ་ཕུལ་བྱུང་དང། རྡོ་རྗེ་མཆེ་བ་དང། རྡོ་རྗེ་བཞད་པ ་དང་།རྡོ་རྗེ་སྒྲོགས་པ་དང་།རལ་གྲིའི་ཚུལ་དང། རྡོ་རྗེའི་ཚུལ་དང། འཁོར་ལོའི་ཚུལ་དང། གཏུན་ཤིང་གི་ཚུལ་དང། བདན་གྱི་ཚུལ་དང། ཞགས་པའི་ཚུལ་དང། པདྨའི་ཚུལ་དང། གཏུམ་པོའི་ཚུལ་དང་།མི་འཇིགས་པའི་ཚུལ་དང། ལྕཌ ་ཀྱུའི་ཚུལ་དང། ཐོང་གཤོལ་གྱི་ཚུལ་དང། འཕང་མདུང་གི་ཚུལ་དང། མདའའགེངས་པའི་ཚུལ་དང་།མདའའདྲེམ་པའི་ཚུལ་དང། མདའའཕེན་པའི་ཚུལ་དང་།ཐག་མདུང་འཕེན་པའི་ཚུལ་དང། མཆོག་སྦྱིན་པའི་ཚུལ་དང་།མདུད་ཐུང་གི་ཚུལ ་དང། །ཆུའི་ཚུལ་དང་།ཕྱག་འཚལ་བའི་ཚུལ་དང་།རྡོ་རྗེའི་འདུག་ཚུལ་དང། བསམ་གཏན་པའི་ཚུལ་དང། རྡོ་རྗེའི་སྐྱིལ་ཀྲུང་དང། པདྨའི་འདུག་ཚུལ་དང་།སེམས་དཔའ་ཨི་སྐྱིལ་ཀྲུང་དང་།དཔའ་བོའི་ཚུལ་དང་།བཟང་པོའི ་འདུག་ཚུལ་དང། ཙོག་ཙོག་པོར་འདུག་ཚུལ་དང་།རོལ་པའི་འདུག་ཚུལ་དང་།མངོན་དུ་ཕྱོགས་པའི་ཚུལ་དང་།རྒྱབ་ཀྱི་ཕྱོགས་པའི་ཚུལ་ཞེས་བྱའོ། །སྔགས་པ་རང་བཞིན་ཤེས་པ་ཡིས། །སྟང་སྟབས་དེ་ལྟར་དབང་པོ་སོགས། །ཚོཌ ་བཟང་བསྡིགས་ནས་ཕྱོགས་སྐྱོང་རྣམས། །ཇི་བཞིན་ཕུར་བུས་ཡང་དག་གདབ། །སེང་ལྡེང་ཕུར་པ་སོར་བརྒྱད་པའི། །ཚད་དང་ལྡན་པ་བླངས་ནས་ནི། །ཚོན་སྣ་ལྔ་པའི་སྐུད་པ་ཡིས། །དེ་ནི་གོ་རིམ་བཞིན་དུ་དཀྲི། དྲི་དང་མེ་ཏོག་སོགས་རྣམས་ཀྱིས།། ་མཆོད་ནས་སྣོད་ནི་སར་པར་བཞག། ལག་པར་རེག་ཅིང་ཕུར་བུ་ལ། ཡི་གེ་གསུམ་གྱིས་མངོན་བར་བསྔགས། །དེ་ལྟར་འདུས་བྱས་ཕུར་པ་ནི། །ཀུན་རྫོབ་རང་བཞིན་འཐོན་པོ་ལས། །བློ་དང་ལྡན་པས་རིམ་པ་འདིས། །སླར་ཡང་བསམ་གཏན ་རང་བཞིན་བྱ། །ོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ་།གྲིཧྞ་གྲི་ཧཱ་ཧཱུཾ། གྲི་ཧྞཱ་པ་ཡ་གྲི་ཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་བ་ན་བདྱི་རཱ་ཛ་ཧཱུཾ་ཕཊ། ཁྲོ་བོའི་གཟུགས་ཅན་འདི་ཡིས་ནི། །དེ་ལྟར་ལོག་འདྲེན་ཀུན་བཀུག་སྟེ། །བློ་དང་ལྡན་པས་སྦྱོར་བ་ཡིས། །ཆོ་ག ་བཞིན་དུ་ཕུར་བུས་གདབ། །རྡོ་རྗེ་བདུད་རྩི་རྒྱལ་པོ་ཆེ། །ུཏཔལ་སྔོན་པོའི་འདབ་ལྟར་སྔོ། །འབར་བའི་ཕྲེང་བས་འཁྲིགས་འདི་ཅན། །རྡོ་རྗེ་ཕུར་བུ་རྣམ་པར་བསྒོམ། །ལྟེ་བའི་ཕྱོགས་ནས་སྨད་ཀྱི་ཚེ། །རྩེ་མོའི་རྣམ་པར་རབ་ཏུ་བསྒོམ། །སྟོད ་ནི་ཁྲོ་བོའི་རྣམ་པ་དང། །ཞལ་གསུམ་རྣམ་པ་ཕྱག་དྲུག་ཏུའོ། །གནོད་མཛེས་གཟུགས་འཛིན་རྡོ་རྗེ་ཅན་།གཅིག་གིས་རྡོ་རྗེ་ཐོ་བ་སྟེ། །?་ཡོན་པས་ཕུང་པོ་འཛིན་བྱེད་ཅིང། །གསང་སྔགས་འདི་ཡིས་ཕུར་བུས་གདབ། །ོཾ ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་ཏུཥྚཾ?་ཕཊ་ཕཊ། ཀཱི་ལ་ཀཱི་ལ་ཡ་སརྦ་པཱ་བི་ཕཊ་ཕཊ་།ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ། བཛྲ་དྷ་ར་ཨཱ་ཛ་པ་ཡ་ཏི?། སརྦ་བགྷྣཱ?་ཀཱ་ཡ་བཱཀྩི?་ཏྭཾ་ཀཱི་པྲཏཱ?་ཡ?་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། དེ་ལྟར་རྟོག་པའི་རྣལ་འབྱོར་གྱིས། །བགེགས་རྣམས་བསྐལ? ་ནས་སྔགས་རིག་པས། །བདེ་མཆོག་དཔལ་གསུངས་ཆོ་ག་ཡིས། །སླར་ཡང་བགེགས་རྣམས་སྦྱང་བར་བྱ། །རྒྱལ་བ་རྣམས་ཀྱིས་རྣམ་པར་སྤྱོད་མཛད་པ། །སེམས་ཅན་ཕྱིར་ཡིན་ལས་སྦྱང་པ་ཕྱིར་མིན། །འདི་ན་བགགས་ཡོད་མ་ཡིན་བདུད་རྣམས ་བསམ། །རྟོག་པས་འཕེལ་མེད་བྱིན་རླབས་འགྲུབ་མེད་ཉིད། །བདག་བདུད་ཉིད་དམ་བརྟན་པ་ཉིད་མི་འགྲོ། བརྟན་པ་ཉིད་ཕྱིར་རྗེས་སུ་བསྟན་མི་བྱ། །རང་བདེས་ད?་བསྒྲུབ་སྡུག་བསྔལ་གྱིས་མི་གང། །བྱང་ཆུབ་མཆོག་རབ་མྱུར་ཕྱིར་བརྟན་པར ་བྱ། །བགེགས་ཉེ་བར་ཞི་བའི་ཆོ་གའོ།། །།དེ་ནས་ལེགས་པར་མཉམ་བཞག་པའི། །སློབ་དཔོན་བླ་མ་ཐབས་ཅིག་པ། །བློ་དང་ལྡན་པས་རིམ་པ་འདིས། །ཐོད་ལེ་ཀོར་གྱིས་ཐིག་གདབ་བྱ། །སློབ་དཔོན་ཆུ་ལྷའི ་ཕྱོགས་གནས་དང། །སློབ་མ་མངོན་དུ་ཕྱོགས་གྱུར་པ། །དབང་པོའི་ཕྱོགས་ན་གནས་པ་ཡིས། །ཚངས་པའི་ཐིག་ནི་གདབ་པར་བྱ། །སྔགས་རིག་གཤིན་རྗེའི་ཕྱོགས་གནས་པ། །སློབ་མ་ལུས་ངན་ཕྱོགས་གནས་དང། །ལྷན་ཅིག ་ཚངས་པའི་ཐིག་གཉིས་པ། །ཡང་དག་པར་ནི་གདབ་པར་བྱ། །སློབ་དཔོན་མེ་ལྷར་གནས་པ་དང། །སློབ་མ་མངོན་དུ་ཕྱོགས་གྱུར་པ། །དབང་ལྡན་དུ་ནི་གནས་ཉིད་ཀྱིས། །རྩ་བའི་ཐིག་ནི་གདབ་པར་བྱ། །དེ་ཉིད་དུ་གནས་རྡོ་རྗེ་ཅན། ། ་ཐིག་ཤེས་པ་ལ་མཁས་པ་དང། །བདེན་བྲལ་ལ་གནས་བུ་ཡིན་ནི། །ལྷོ་ཕྱོགས་ཀྱི་ནི་ཐིག་གདབ་བྱ། །དེ་ཉིད་དུ་གནས་སློབ་མ་དང། །རླུང་ལྟར་གནས་པའི་སློབ་མ་ཡིས། །བདེན་བྲལ་རླུང་ལྷ་ལ་གནས་པའི། །ཐིག་ནི་གསུམ་པ་གདབ་པར་བྱ། །དེ་ཉིད་དུ ་གནས་རྣལ་འབྱོར་པ། །ལས་ཤེས་པ་དང་ཞི་ཕྱོགས་སུ། །གནས་པའི་བུ་ཡིས་ཕྱི་ནས་ནི། །རྩ་ཐིག་བཞི་པ་གདབ་པར་བྱ། །མེ་ལྟར་གནས་པའི་སློབ་དཔོན་ནི། །རང་གི་ལྷ་ཡི་སྦྱོར་ལྡན་དང། །རླུང་ལྟར་གནས་པའི་སྔགས་པ་ཡིས། །མཚམས་ཀྱི་ཐིག་ཀྱང ་གདབ་པར་བྱ། །བླ་མ་དབང་ལྡན་ཕྱོགས་སུ་ནི། །གནས་ནས་སློབ་མ་བདེན་བྲལ་དུ། །གནས་པ་ཡིས་ནི་མཚམས་ཀྱི་ཐིག་།གཉིས་པ་ཡང་དག་གདབ་པར་བྱ། །སྒྱུ་མའི་ལུས་ནི་དྲན་བཞིན་དུ། །དེ་ནས་སྒོ་ནི་རྣམ་པར་དབྱེ། །སྒོ་ནི་འཁོར་ལོའི་བརྒྱད་ཆ ་སྟེ། །ལྷ་ཡི་སྣམ་བུ་དེ་བཞིན་ནོ། །སྒོ་ཁྱུད་སྒོ་ཡི་ཚད་དུ་སྟེ། །དེ་བཞིན་འགྲམ་དང་ངོས་ཀྱང་དོ། །དེ་ཡི་ཕྱེད་དུ་ཁ་ཁྱེར་རོ། །ཁ་ཁྱེར་ཕྱེད་དུ་ཚོན་གྱིས། །རྩ་བའི་ཐིག་གི་ཕྱེད་ཀྱིས་ནི། །ནང་གི་དཀྱིལ་འཁོར་ཚང་ཡིན་ཏེ། །འོད་ཟེར་ལྔ་ཡིས་རྣམ་བརྒྱན་ཅིང། ་རྡོ་རྗེ་ཕྲེང་བས་འབར་བར་བྱ། །ནང་གི་དཀྱིལ་འཁོར་ཕྱི་རོལ་ཏུ། །ཐིག་བཞི་ཡང་དག་བྲི་བར་བྱ། །ནང་དུ་ཀ་བ་བརྒྱད་པོ་ནི། །འཁོར་ལོས་མཚན་ཅིང་ལེགས་མཛེས་བྲི། །རྡོ་རྗེ་ཀ་བའི་བར་དང་བར། །དེ་ཉིད་དུ་ནི་རེ་མིག་དགུ་།དྲ་བ་ཁ་ཁྱེར་ཚད་དུ་འགྱུར། ། ་རིན་ཆེན་པ་གུ་དེ་ཕྱེད་དུ། །འབའ་ལི་དང་ནི་མངའ་ཡབ་དང། །ཕྱི་རོལ་ཀ་བའི་ས་དེ་བཞིན། །བུམ་པ་ཀ་བའི་སྟེང?་གནས་པ། །རྟ་བབས་སྒོ་ཡི་སུམ་འགྱུར་ཏེ། །མངའ་ཡབ་དང་ནི་བྱ་འདབ་དང། །ལྡན་ཞིང་དྲིལ་བུ་ངེས་པར་འཁྲོལ། །བ་དན་དག་དང་རྔ་ཡབ ་དང། །མེ་ཏོག་ཆུན་འཕྱང་སོགས་མཛེས་པའི། །དཀྱིལ་འཁོར་གྱི་ནི་ཟུར་བཞི་པོ། །ཟླ་ཕྱེད་ནོར་བུ་རྡོ་རྗེ་འཛིན། །སྒོ་ཁྱུད་ཀྱི་ནི་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་རྣམས་ཀྱིས་སྤྲས། །རྟ་བབས་རྡོ་རྗེའི་རྩེ་མོ་ཅན། །དེ་ཡི་ཕྱི་རོལ་ཁོར་ཡུག་སྟེ། །རྡོ་རྗེའི ་ཕྲེང་བ་འོད་ཟེར་རྒྱས། །ཐིག་བཏབ་པ་ལས་གྲུབ་འགྱུར་བྱའོ། །གཞན་རྣམས་འཁོར་ལོའི་རྗེས་མཐུན་པར། །ཇི་ལྟར་མཛེས་པར་རབ་ཏུ་བརྟག་།སྔགས་པས་སློབ་མའི་ནུས་པ་དང། །རྗེས་སུ་བསྟུན་ནས་དཀྱིལ་འཁོར་དེ། །ཁྲུ་གང་པ་ནས ་བརྩམས་བྱས་ནས། །ཁྲུ་སྟོང་བར་དུ་བྲི་བར་བྱ། །ཐོད་ལེ་ཀོར་གྱིས་ཐིག་གདབ་པའི་ཆོ་གའོ།། །།བགེགས་རྣམས་ཕུར་པས་བཏབ་བྱས་ཏེ། །དེ་ནས་རབ་དྲ་བ་སོགས། །བསམས་ནས་རྡོ་རྗེའི་རང་བཞིན། །ཐིག་བཏབ ་ལྷག་པར་གནས་བར་བྱ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་གྱི་ཁྱད་པར་དང། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་དཔུང་བཅོམ་ལྟར། །དེ་བཞིན་བདག་གི ་བདུད་ཀྱི་དཔུང། །ཕམ་པར་བྱས་ཏེ་དཀྱིལ་འཁོར་བྲི། །དྲི་ཞིམ་སོགས་ཀྱིས་ས་བྱུགས་ཏེ། །མེ་ཏོག་སྣ་ཚོགས་ཀྱིས་བཀྲམ་ནས། །ཙན་དན་སོགས་ཀྱིས་ལྷ་གནས་སུ། །མཁས་པས་མཎྜལ་རབ་ཏུ་བྱ། །གསེར་རམ་ཡང་ན་དངུལ་གྱི་འམ། །ཟངས ་སམ་ས་ཡི་རང་བཞིན་ཉིད། །ཇི་ལྟར་རྙེད་པ་བཟུང་ནས་ནི། །བརྟུལ་ཞུགས་ཅན་གྱི་བུམ་པ་བཞག་།བྱུ་རུ་དངུལ་དང་གསེར་དང་ནི། །པདྨ་རཱ་ག་མུ་ཏིག་སྟེ། །རིན་ཆེན་ཤིས་པ་ལྔ་པོ་རྣམས། །བུམ་པའི་ཆུ་ཡི་ནང་དུ་གཞུག། ནས་དང་གྲོ་དང་མོ་སྨན? ་གྲེའུ། །ཏིལ་དང་དེ་བཞིན་མོན་སྲན་རྡེའུ། །འབྲུ་ནི་ཤིས་བ་ལྔ་པོ་རྣམས། །བུམ་བའི་ནང་དུ་གཞུག་པར་བྱ། །ཆེན་པོ་ཚེར་མའི་དགྲ་དང་ནི། །ལྷར་བཅས་གཞན་གྱིས་མི་ཐུབ་དང། །དཎྚ་ཨུཏཔལ་རྩ་བ་སྟེ། །སྨན་ལྡེ་བོ་ནི་གཞུག་པར་བྱ། ། མྲ ་ཨུ་དུམྦ་ར་དང། །མྱ་ངན་ཚང་དང་ཨ་ཤོ་ཀ། དེ་བཞིན་ཀླུ་ཤིང་སྐྱེས་ཡལ་ག། བུམ་པའི་ཁ་མཛེས་ལྔ་གཟུགས་སོ། །གོས་ནི་དཀར་པོ་ཆེན་པོ་ཡིས། །བུམ་པའི་མགྲིན་པ་བཅིང་བར་བྱ། །གོས་ཀྱི་སྟེང་དུ་སྲད་བུ་དག། དཀར་པོ་ཆོ་ག་མཁས་པས ་དགོད། །མཁས་པས་གུར་ཀུམ་ལ་སོགས་པ། །མངོན་འདུས་བྱས་པས་དཀྱིལ་འཁོར་པ། །ཀུན་གྱི་ས་བོན་ནམ་མཚན་མ། །བུམ་པའི་ངོས་ལ་ངེས་པར་བྲི། །རིན་པོ་ཆེ་ལ་སོགས་ལྡན་ཞིང། །རང་གི་སྔགས་ཀྱིས་མངོན་སྔགས་པ། །ཆུ་བཅས་འདི་རྣམས་བློ་ལྡན་ཀྱིས? ་ལྷ་ཡིས་གྲངས་ཀྱིས་བཞག་པར་བྱ། །དཀྱིལ་འཁོར་གྱི་ནི་གྲ་བཞི་དང། །ཁོར་ཡུག་གི་ནི་ནང་ནང་དུ། །བློ་དང་ལྡན་པས་བུམ་པ་ཞག་།གཅིག་ནི་སྒོ་ལ་བཞག་པར་བྱ། །སའི་ལྷ་མོ་དང། ལྷ་དང། བུམ་པ་ལྷག་པར་གནས་པའི་ཆོ་གའོ།། །། ་ཕྱི་ནས་གོས་དམར་འཛིན་ཅིང་རྒྱན། །ཐམས་ཅད་ཀྱིས་ནི་བརྒྱན་གྱུར་ཅིང། །དྲིལ་བུ་དང་བཅས་བླ་མ་ཡིས། །བསྙེམས་བཅས་རྡོ་རྗེ་གསོར་བྱས་ཏེ། །བར་སྣང་ལ་གནས་སངས་རྒྱས་དང། །དཀྱིལ་འཁོར་པ་རྣམས་གོ་རིམ་བཞིན། །བལྟས་ནས་མིག ་རྒྱས་འགྱུར་པ་ཡིས། །ཚིག་འདི་དག་ཏུ་གསལ་བར་བརྗོད། །དེང་དུ་བདག་ཚེ་འབྲས་བུར་བཅས། །བདག་ནི་དམ་ཚིག་ལྷ་རྣམས་དང། །མཉམ་པར་གྱུར་པ་ཐེ་ཚོམ་མེད། །བྱང་ཆུབ་སེམས་དཔའ་སེམས་གཅིག་པ། །བདག་ནི་ཕྱིར་མི་ལྡོག་པར་འགྱུར།། ་བདག་དང་དེ་བཞིན་གཤེགས་པ་ཡི། །རིས་སུ་སྐྱེ་བར་གནོན་མི་ཟ། །སངས་རྒྱས་ཐམས་ཅད་སྤྱན་དྲངས་པས། །དེང་དུ་བདག་གི་ཉི་མ་མཆོག་།དེང་བདག་མཆོད་སྦྱིན་བླ་ན་མེད། །དེང་དུ་བདག་གི་འདུས་པ་མཆོག་།དེ་ནས་སངས་རྒྱས་དེ་དག་ལས? ་བཏུད་དེ་མཆོད་ཡོན་ཕུལ?་ནས་ནི། །བློ་དང་ལྡན་པས་ཕྱི་ནང་གི་།མཆོད་པས་མཆོད་དེ་འདི་སྐད་བརྗོད། །མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །རྡོ་རྗེ་ཅན་བདག་ཆེ་གེ་མོ། །ཞེས་ནི་བགྱི་བའི་དཀྱིལ་འཁོར་འདྲི། ་སངས་རྒྱས་ཀུན་དེང་གཤེགས་སུ་གསོལ། །དངོས་གྲུབ་འདི་ནི་སྩལ་དུ་གསོལ། །དཀྱིལ་འཁོར་ཆེན་པོའི་ལས་ལ་ནི། །ཅི་ནུས་བཞིན་དུ་རབ་ཏུ་བགྱི། །དེ་ནས་བསྙེམས་བཅས་ལངས་ནས་ནི། །རྫོགས་རིམ་རྣལ་འབྱོར་དང་ལྡན་པའི། །བརྟུལ་ཞུགས་ཅན་གྱིས ་འགྲོ་བྱེད་ཅིང། །དྲིལ་བུ་དཀྲོལ་བཞིན་འདི་སྐད་བརྗོད། །བདག་ཉིད་རང་ཉིད་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའ་བདག་རང་ཉིད། །བདག་ནི་སངས་རྒྱས་རྒྱལ་བེ་ཆེ། །བདག་ནི་རྣལ་འབྱོར་དབང་ཕྱུག་རྒྱལ། །བདག་ནི་ཕྱག་ན་རྡོ་རྗེ་བརྟན། །བདག ་ནི་བདག་པོ་རྡོ་རྗེ་ཆེ། །དེང་བདག་རྡོ་རྗེ་སེམས་དཔར་གྲུབ། །དེ་ནས་སངས་རྒྱས་སངས་རྒྱས་ལྔའི། །རིགས་འབྱུང་རྣམས་ལ་གསོལ་བ་གདབ། །དེ་དག་བར་སྣང་གནས་བསམས་ནས། །འདི་སྐད་བརྗོད་ཅིང་བསྐུལ་བར་བྱ། །ཐུགས་རྗེ་ཡི་ནི་བདག་ཅན ་བདག། སློབ་མ་རྣམས་ལ་རྗེས་བརྩེ་དང། །ཁྱེད་ཅག་ལ་ཡང་མཆོད་སླང་དུ། །སངས་ནི་དཀྱིལ་འཁོར་བྲི་བར་འཚལ། །བཅོམ་ལྡན་གུས་པ་ས་བདག་ལ་ནི། །དེའི་ཕྱིར་བཀའ་དྲིན་མཛད་པར་འོས། །རྡོ་རྗེ་ཅན་བདག་ཆེ་གེ་མོ། །ཞེས་བགྱིའི་དཀྱིལ ་འཁོར་མཛེས་པ་ནི། །ཆེ་གེ་ཅི་ནུས་ཡོ་བྱད་ཀྱིས། །སད་ནི་ཡང་དག་འབྲི་བར་འགྱུར། །དེ་ཕྱིར་སློབ་མར་བཅས་བདག་ལ། །རྗེས་སུ་བརྩེ་བ་ཉེར་བཟུང་ནས། །འཁོར་བཅས་ཀུན་གྱིས་དཀྱིལ་འཁོར་ལ། །བྱིན་གྱིས་བརླབ་པར་མཛད་པར ་འོས། །གསོལ་བ་གདབ་པའི་ཆོ་གའོ།། །།འགྲོ་བ་འདོན་པའི་བསམ་ལྡན་པས། །འཁོར་ལོས་སྒྱུར་བའི་སྒེག་པ་ཡིས། །བསྒྲུབས་ནས་གདུལ་བར་བྱ་བ་རྣམས། །ཤར་སྒོར་ལྷག་པར་གནས་པར་བྱ། །དེ་ནས ་འཁོར་ལོ་ཅན་མཆོད་ནས། །བླ་མ་བྱང་ཆུབ་གསོལ་བ་ལ། །སློབ་མས་མེ་ཏོག་ཐལ་མོ་ནི། །སྙིང་གར་སྦྱར་བྱས་གསོལ་བ་གདབ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །བྱང་ཆུབ་ཆེན་པོའི་ཚུལ་བརྟན ་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་གསོལ། །བྱང་ཆུབ་སེམས་ཀྱང་བདག་ལ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་བདག་ལ་སྩལ་དུ་གསོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ།། ་མགོན་པོས་བདག་ནི་གཞུག་ཏུ་གསོལ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་ཆེ་གེ་མོ་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ། །ཇི་སྲིད་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ། བྱང་ཆུབ་སེམས་ནི་བླ་ན ་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །དེང་ནས་བཟུང་སྟེ་སྡོམ་པ་ནི། །སངས་རྒྱས་རྣལ་འབྱོར་འབྱུང་བ་གཟུང། །རྡོ་རྗེ་རིགས་མཆོག་ཆེན་པ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི།། ་རིན་ཆེན་རིག་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉི་མ་རེ་རེ་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞིར་རབ་ཏུ་སྦྱིན། །པདྨའི་རིགས་ཆེན་དག་པ་ནི། །བྱང་ཆུབ་ཆེན་པོ་འབྱུང་བ་ལ། །ཕྱི་དང་གསང་བ་ཐེག་གསུམ་པ། །དམ་པའི་ཆོས ་ནི་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བསྐྱེད་བར་བགྱིས་ནས་ནི། །སེམས་ཅན་ཀུན་གྱིས ་དོན་གྱི་ཕྱིར། །སྡོམ་པ་མ་ལུས་གཟུང་བར་བགྱི། །མ་སྒྲལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་རྣམས་དབུགས་འབྱུང་ཞིང། །མྱ་ངན་འདས་ལ་དགོད་པར་བགྱི། །སློབ་མ་དང་ནི་བླ་མ་ཡིས། །དང་པོར ་ལན་གསུམ་བརྗོད་ནས་ནི། །དེ་ནས་གསང་སྔགས་རིག་པ་ཡིན། །སོ་ཤིང་ལ་སོགས་སྦྱིན་པར་བྱ། །སྲིད་དུ་སོར་ནི་བཅུ་གཉིས་པ། །འོ་མའི་ཤིང་ལས་བྱུང་ཞིང་སོར། །མ་གས་རྩེ་མོར་མེ་ཏོག་བཅས། གསང་སྔགས་འདི་ཡིས་འཆའ་རུ་གཞུག ་ཨོཾ་བཛྲ་ཧཱ་ས་ཧ(རྒྱུད་འགྲེལ་སློབ་མ་ལ། །སྔགས་འདི་ཡིས་ནི་སྟེང་དུ་གཞུག། ཨོཾ་བཛྲ་ཏིཀྵྞ?་བཾ། བུ་མོས་སྐུད་ལ་གསུམ་བསྒྲིལ་ག་།མདུད་གསུམ་མངོན་པར་ལེགས་སྔགས་པའི། །གསང་སྔགས་འདི་ཡིས་རང་ཉིད་ཀྱིས། །དཔུང་པ་གཡས་ལ་བཅིང་པར་བྱ།། ་ཨོཾ་བུདྷ་མཻ་ཏྲི་རཀྵ་རཀྵ་སརྦཾ་སྭཱཧཱ། །དེ་ནས་བླ་མས་དེའི་སྙིང་ག། ལྐོག་མ་སྤྱི་བོ་རིམ་བཞིན་དུ། །རྡོ་རྗེ་དེ་བཞིན་པར་འཁོར་ལོ། །ཡི་གེ་གསུམ་གྱིས་སྤྲུལ་པ་བསམ། །སླར་ཡང་དྲི་ཆུ་ཡིག་གསུམ་གྱིས། །བཟླས་ཤིང་ལེགས་པར་འདུས་བྱས་པ། །ད? ་ཉིད་རིག་པས་གསང་སྔགས་འདིས། །སྡིག་པ་སྦྱང་ཕྱིར་འཐུང་དུ་གཞུག་།ོཾ་ཤུདྡྷ་དྷརྨམ་སརྦ་པཱ་པ་པ་ན་སྱ་བི་ཤོ་དྷ་ཡ་སརྦབ་བི་ཀལྤཱན་ཡ་པ་ན་ཡ་ཧཱུཾ། །དེ་ནས་སློབ་མ་དེ་ཉིད་ནི། །དེ་ཉིད་རྟོགས་ལ་དེ་ཉིད་དོན། །དྲན་བྱའི་ཕྱིར་དང་རྣམ་གཡེང ་བ། །ཞི་བར་བྱ་ཕྱིར་དམ་ཆོས་བསྟན། །སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང། །དམ་པའི་དོན་དུ་བདེན་པའོ། །ཟབ་མོ་ཉིད་ནི་རྣམ་མི་རྟོག། རྒྱ་ཆེ་སངས་རྒྱས་རྣམས་ཀྱི ་སྐུ། །ཟབ་དང་རྒྱ་ཆེ་ཞེས་གྲགས་པ། །བདེན་པ་གཉིས་ཞེས་བྱ་བར་བཤད། །ཀུན་རྫོབ་དང་ནི་དམ་པའི་དོན། །རྣམ་འབྱེས་སོ་སོར་ཤེས་ནས་ནི། །ཕྱི་ནས་སླར་ཡང་བསྲེག་བྱ་སྟེ། །གོ་འཕང་ཟད་པ་མེད་པ་སྒོམ། །དེ་ཡིས་ཀུན་ཏུ་ཀུན་ལས་ཀུན། །རྣམ ་ཀུན་ཀུན་ཚེ་རང་ཉིད་ནི། །སངས་རྒྱས་ཐམས་ཅད་རང་བཞིན་དུ། །གྲུབ་པར་རང་ཉིད་ཀྱིས་མཐོང་འགྱུར། །བྱང་ཆུབ་སུས་ཀྱང་བྱིན་མ་ཡིན། །སུ་ཡིས་ཀྱང་ནི་བཟུང་མ་ཡིན། །རང་ཆོས་ཡོངས་སུ་ཤེས་པ་ལས། །དེ་ལ་སངས་རྒྱས་སངས་རྒྱས་བརྗོད། །སེམས ་ཅན་བག་ལ་ཉལ་དབྱེ་བས། །ཡང་དག་མགོན་པོས་དེ་ཉིད་ནི། །འབད་པས་སྦས་ནས་ཕུང་པོ་ནི། །རིན་ཆེན་ཟ་མ་རྟོག་ཏུ་བཞག་།དེ་ཕྱིར་བླ་མའི་ཞབས་བྱིན?་ནི། །དྲིན་གྱིས་འབད་པས་རྟོགས་བྱས་ཏེ། །དེ་ཉིད་ཀྱིས་ཡིད་གསལ་གྱུར་པས། །དེ་ནས ་སྤྱོད་པར་རབ་ཏུ་བྱ། །འདི་ན་གཙང་སྒྲ་ངེས་སྡོམ་མེད། །དཀའ་ཐུབ་མེད་ཅིང་དཀའ་སྤྱད་མེད། །དཀའ་སྤྱད་མེད་ཅིང་ངེས་མེད་ལ། །བདེ་བ་བསྟེན་པས་འགྲུབ་པར་འགྱུར། །དཀྱིལ་འཁོར་དམ་པ་མཐོང་ནས་ནི། །བསྐལ་པ་བྱེ་བ་མཛའ་ཡས་སུ། །སྔན་ཆད་སྡིག ་པ་གང་བྱས་པ། །དེ་དག་ཐམས་ཅད་ཟད་པར་འགྱུར། །དེ་སྐད་ཡང་དག་བསྟན་བྱས་ནས། །ཀུ་ཤ་བཏིང་བར་ཉལ་དུ་གཞུག་།མཚན་མོ་མཐོང་བ་གང་དེ་ཀུན། །བདག་ལ་སྨྲོས་ཤིག་ཅེས་བསྟན་བྱ། །ནང་པར་དགེ་མི་དགེ་ཐོས་ནས། །དགེ་བ་སླར་ཡང་སྤེལ ་བར་བྱ། །མི་དགེ་དགེ་ནི་རྨི་ལམ་བདག་།མེད་པའི་གཏམ་གྱིས་རྣམ་པར་སྤྱད། །སློབ་མ་ལྷག་པར་གནས་པའི་ཆོ་གའོ།། །།ལུས་དང་ངག་སེམས་བསྒོམས་པ་ཡིས། །ཤེས་རབ་ཅན་གྱིས་ཐིག་སྐུད་ནི། །སར་པ་ལེགས ་པར་བསྒྲིལ་གྱུར་པ། །ཆད་ལེགས་མཛེས་པས་ཐིག་གདབ་བྱ། །ཞེས་བྱ་བ་ནི་བསྟན་པའི་ཚིག་གོ། མདོ་འདིའི་བཤད་པ་རྒྱས་པར་བརྗོད་པར་བྱ་སྟེ། །ཐིག་སྐུད་དཀྱིལ་འཁོར་གཉིས་འགྱུར་ཏེ། །སྦོམ་མིན་དེ་བཞིན་ཕྲ་བ་མིན། །ཇི་ལྟ་ཇི་ལྟར་སངས ་རྒྱས་ལྔའི། །བདག་ཅན་མདོག་ལྔས་ཁ་བསྒྱུར་བ། །ས་བོན་དེ་དེས་བཟླས་གྱུར་པ། །སྣོད་ནི་གཙང་མར་བཞག་པར་བྱ། །སྔགས་པ་མི་བསྐྱོད་སྦྱོར་ལྡན་པས། །རྟག་པའི་རྣལ་འབྱོར་པ་ལ་སྦྱིན། །ས་བོན་ལྔ་ཡིས་བཟླས་པ་དེ། །སློབ་མས་བླངS ་ནས་འགྲོ་བར་བྱ། །ཧཱུཾ་ཨོཾ་སྭཱ་ཨཱ:ཧཱ་ས་བོན་ལྔ་ཡིས་བཀུག་ནས་ནི། །ཐིག་ཤེས་བླ་མས་ཐིག་རྣམས་ནི། །ཟེར་ལྔའི་བདག་ཉིད་ཅན་བསྒོམས་ནས། །སྔགས་དང་ལྡན་པས་བསྒྲིལ་བར་བྱ། །ོཾ་དིཔཏ་དྲིཥྚི་ཨཾ་ཀུ་ཤ་ཛ(རྒྱུད་འགྲེལ་སརྦ་དྷརྨམཱ(རྒྱུད་འགྲེལ་ལོར་སྒྱུར་སྒེག་ལྡན་སློབ་མར། །བཅས་པས་འཁོར་ལོ་མཆོད་པའི་མཐར། །སླར་ཡང་མཁའ་ལ་ཐིག་གདབ་བྱ། །སློབ་དཔོན་རང་རྣལ་འབྱོར་ཅན་ཛ:། །ཡིག་ལས་ཉི་ཟླའི་མིག་ཅན་གྱུར། །ཛ(རྒྱུད་འགྲེལ་ལྟེ་གནས་ཐིག་སྐུད་དྲངས་བྱས་ཏེ། །ཁུ་ཚུར་གཡོན་པས་བཟུང་བྱས་ནས། །སྔགས་འདིས་སྔར་བཞིན་ཚངས་སྐུད་སོགས། །དོ་ནི་རིམ་བཞིན་མཁའ་ལ་གདབ། །ོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུཾ། ཧཱུཾ་ཨོཾ་སྭཱ་ཨཱ:ཧཱ། དྲངས་ནས་སྔགས་པ ་ཆོ་ག་ཤེས་པ་ནི། །སློབ་བཅས་རྡོ་རྗེའི་འགྲོས་ཀྱིས་འགྲོས་དལ་བ། །བྱས་པས་མཁར་གནས་ཐིག་ནི་ཛི་ལྟ་བ། །དེ་བཞིན་ས་ལ་གནས་པ་གདབ་པར་བྱ། །ཟུར་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་བརྒྱན་གྱུར་པ། །ཐིག་བཞི་དང་ནི ་ཡང་དག་ལྡན། །ཀ་བ་བརྒྱད་ཀྱིས་ཉེ་མཛེས་ཤིང། །དྲ་བ་དྲ་བ་ཕྱེད་པས་སྤྲས། །རྡོ་རྗེ་ནོར་བུ་ཟླ་ཕྱེད་ཅན། །སྒོ་འཁྱུད་ཀྱི་ནི་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་རྣམས་ཀྱིས་སྤྲས། །ཀ་བུམ་རྡོ་རྗེ་ཆེན་པོ་ཅན། །མདའ་ཡབ་ལ་གནས་བྱ་དང ་ལྡན། །དྲིལ་བུ་བ་ངན་གྱིས་མཛེས་ལ། །རྔ་ཡབ་སོགས་ཀྱིས་རྣམ་བརྒྱན་པའོ། །ནམ་མཁའ་ལ་ཐིག་གདབ་པའི་ཆོ་གའོ། །དེ་ནས་ཚོན་རྩི་ཁ་དོག་ལྔ། །ལེགས་པར་འདུས་བྱས་བླངས་ནས་ནི། །ཛ(རྒྱུད་འགྲེལ་སྦ་བར་བྱ་།རྟག་པ་ལ་སོགས་སོ་སོར་ནི། །རིམ་བཞིན་དཀར་ལ་སོགས་མདོག་ཅན། །ཕྱག་རྒྱ་བཞི་དང་ལྡན་པ་རྣམས། །བལྟས་ནས་རང་ཡིག་གིས་བསྔགས་ཏེ། །ཆོ་ག་ཤེས་པས་གསང་སྔགས་ནི། །འདི་ཡིས་སླར་ཡང་མངོན་སྔགས་ནས། །དྲི ་དང་མེ་ཏོག་སོགས་མཆོད་དེ། །སྣོད་ནི་སར་པར་བཞག་པར་བྱ། །ོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། ཚོན་སྣ་ལྔའི་ཆོ་གའོ།། །།དེ་ནས་ནང་བར་དུས་སུ་ནི། །རང་གི་ལྷ་ཡི་སྦྱོར་ལྡན་དང། །རྡོ་རྗེ་ཅན་གྱིས་དབང་ལྡན་ཕྱོགས།། ་བརྩམས་ནས་ཁུ་ཚུར་གཡོན་པ་ཡིས། །རི་མོ་སྒོ་ཡཾ་ཉི་ཤུའི་ཆ། །དཀར་དང་དེ་བཞིན་སེར་དང་དམར། །ལྗང་དང་དེ་བཞིན་སྔོན་པོ་ནི། །སྙོམས་པར་ཡང་དག་དགྱེ་བར་བྱ། །ཤར་ཕྱོགས་རེའུ་མིག་དཀར་པོ་སྟེ། །ལྷོ་ནི་སེར་པོར་རུ་འགྱུར་རོ། །ནུབ་ནི་དམར ་པོར་རིག་པར་བྱ། །བྱང་ནི་ལྗང་གུར་འགྱུར་བ་སྟེ། །དབུས་ཀྱི་རེའུ་མིག་གང་ཡིན་ཏེ། །ནད་རྙིལ་མཚུངས་འོད་ཅན་འགྱུར། །རྣམ་དག་བློ་ཡིས་བྱང་ཆུབ་ཏུ། །སེམས་བསྐྱེད་ནས་ནི་ཐམས་ཅད་བྱ། །སྒོ་དང་མངའ་ཡབ་ལ་སོགས་པའི། །ཐོད་ལེ་ཀོར ་གྱི་ཐིག་བཤད་པ། །ཀུན་ནི་ཚོན་འགྱེད་རིམ་པ་ཡིས། །སྣ་ཚོགས་ཚོན་གྱིས་དགྱེ་བར་བྱ། །འཕྲས་པ་ཡིས་ནི་མུ་གེ་བྱེད། །དེ་བཞིན་ཆད་པས་ཚེ་ཟད་པའོ། །ཡོན་པོས་ཡུལ་ནས་འབྱུང་བ་སྟེ། །ཤིན་ཏུ་སྦོམ་པས་དེ་བཞིན་ནོ། །དེ་ཉིད་བསམ་མིན་སྦྱོར ་ལྡན་ལ། །ཚོན་རྩི་འགྱེད་པའི་སྐྱོན་གང་དག་།དེ་ཉིད་བཟང་བསམ་སྦྱོར་ལྡན་ལ། །ནམ་ཡང་བགེགས་བྱེད་ནུས་མ་ཡིན། །དཀྱིལ་འཁོར་ཡང་དག་ཇི་བཞིན་དུ། །རབ་ཏུ་བརྟག་པར་སུ་ཡིས་ནུས། །རང་ལྷག་ལྷ་ཡི་རྣལ་འབྱོར་གྱིས། །དཀྱིལ་འཁོར ་བརྟག་པར་འགྲུབ་པར་འགྱུར། །ཚོན་དགྱེད་པའི་ཆོ་གའོ།། །།རང་ལྷག་ལྷ་ཡི་སྦྱོར་བ་ཡིས། །རྡུལ་ཚོན་བྱ་བ་རྫོགས་ནས་ནི། །དེ་ནས་ཆོ་ག་མཐོང་བ་ཡིས། །ལས་ཀྱི་ཕྱག་རྒྱ་དགོད་པར་བྱ། །དེའི་དབུས་སུ་རྡོ་རྗེ་ནི། །ནད ་རྙིལ་མཚུངས་འོད་ཅན་བྲི། །ཤར་དུ་འཁོར་ལོ་ཆེན་པོ་ནི། །རྡོ་རྗེ་འབར་བས་བརྒྱན་པའོ། །ལྷོ་རུ་རིན་ཆེན་ཆེན་པོ་ནི། །མེ་སྟག་འཐིབས་པ་འཁྲུག་པའོ། །ནུབ་ཏུ་པདྨ་ཆེན་པོ་ནི། །པདྨ་རཱ་ག་མཚུངས་འོད་ཅན། །བྱང་དུ་རལ་གྲི་ཆེན་པོ་ནི། །འོད་ཟེར ་འབར་མཚུངས་གསལ་བའོ། །ཤར་གྱི་གྲཝ་རུ་མིག་སྤྲིན་གྱི། །དབུས་དང་མཚུངས་པའི་འོད་ཅན་བྲི། །ལྷོ་ཡི་གྲཝ་རུ་རྡོ་རྗེ་ནི། །མཱ་མ་ཀཱིའི་རིགས་བྱུང་བའོ། །ནུབ་ཀྱི་གྲཝ་རུ་པདྨ་ནི། །ཁ་བྱེད་སྡོད་བུར་བཅས་པ་བྲི། །བྱང་གི་གྲཝ་རུ་ཨུཏཔ་ལ། །སྤྲིན་སྔོན ་ལྟ་བུར་མཛེས་པ་བྲི། །ཕྱི་རོལ་གྱི་ནི་མཚམས་བཞི་རུ། །བློ་དང་ལྡན་པས་རིམ་གྱིས་ནི། །མེ་ལོང་དེ་བཞིན་པི་ཝང་དང། །དྲི་ཡི་དུང?་ཕོར་རོ་སྣོད་དགོད། །ཤར་གྱི་སྣམ་བུར་ཀླུ་ཤིང་གི། མེ་ཏོག་དང་ནི་འཁོར་ལོ་དགོད། །བརྟུལ་ཞུགས་ཅན་གྱིས ་ལྷོར་རིན་ཆེན། །དེ་བཞིན་རིན་ཆེན་སེར་པོ་དགོད། །ཕྱི་ནས་ནུབ་ཏུ་པདྨ་དང། །དེ་བཞིན་པདྨ་དམང?་པོ་དགོད། །བྱང་དུ་མཁས་པས་རལ་གྲི་དང། །རལ་གྲི་སྔོ་བསངས་དགོད་པར་བྱ། །ཤར་གྱི་སྒོ་རུ་ཐོ་བ་ནི། །འབར་བ་འོད་བཟང་བྲི་བར་བྱ། །ལྷོ་རུ་དབྱུག་པ་རྡོ ་རྗེ་ནི། །འབར་བ་འོད་བཟང་དྲི་བར་བྱ། །ནུབ་ཏུ་པདྨ་རལ་གྲི་ནི། །འབར་བའི་འོད་ཀྱི་འབྱུང་གནས་བྲི། །བྱང་དུ་རྡོ་རྗེ་འཁྱིལ་པ་ནི། །རྡོ་རྗེ་ཅན་གྱི་རྡོ་རྗེ་བྲི། །མེ་ཡི་མཚམས་སུ་རལ་གྲི་བྲི། །བདེན་བྲལ་དུ་ནི་ཞགས་པ་བྲི། །རླུང་དུ་རལ་གྲི་བྲི་བར་བྱ། །དབང་ལྡན་དུ་ནི ་རལ་གྲི་བྲི། །སྟེང་དུ་གཙུག་ཏོར་མཚན་མ་བྲི། །བྲིས་ནས་འོག་དུ་ཞགས་པ་བྲི། །ཐུགས་ཀྱི་དཀྱིལ་འཁོར་དམ་པ་ནི། །ཡོངས་སུ་གསལ་བར་ཤེས་པར་བྱ། །ལུས་དང་ངག་དང་སེམས་དག་གིས། །མཆོད་པས་འབད་དེ་མཆོད་པར་བྱ། །བུ་མོ་མདངས་འོད་ལེགས ་ཆགས་པའི། །ལོ་ནི་བཅུ་དྲུག་ལོན་རྙེད་ནས། །དྲི་དང་མེ་ཏོག་དཀྲིས་བྱས་ཏེ། །དེ་དབུས་སུ་ནི་འདོད་པ་བྱ། །ཤེས་རབ་ཅན་གྱིས་མཱ་མ་ཀཱི། ཡོན་ཏན་སྐ་རགས་ཅན་དེ་བྱིན། །བརླབས་ནས་སངས་རྒྱས་གནས་ཞི་མཁའ་ཨི། །དབྱིངས་ནི་རྒྱན་པ་དབྱུང་བར་བྱ། །མི ་བསྐྱོད་ལ་སོགས་དེ་བཞིན་གཤེགས། །བྱང་ཆུབ་སེམས་ལས་བསྒྲུབས་པ་ནི། །ཐུགས་རྗེའི་བདག་གིས་སྡང་རྨོངས་སོགས། །སྤྱོད་པའི་སེམས་ཅན་གཟིགས་ནས་ནི། །སངས་རྒྱས་རྫུ་འཕྲུལ་སྐ་རགས་ཅན། །མཛད་ཆོས་འཁོར་རབ་བསྐོར་ནས། །ཏིང ་ངེ་འཛིན་དེས་དེ་དག་གི། ཞེ་སྡང་ལ་སོགས་ཡོངས་སྦྱངས་ཏེ། །མཆོག་ཏུ་དགའ་བའི་སྐུ་མངའ་རྣམས། །རང་རང་བཞིན་དུ་གཤེགས་ནས་ནི། །སླར་ཡང་བྱོན་པར་བཞེད་པ་རྣམས། །ཇི་ལྟར་བཞེད་པ་བཞིན་དུ་བཞུགས། །དེ་ནས་རང་བཞིན་ཤེས་རྣལ ་འབྱོར། །པ་ཡིས་སློབ་མ་དབང་བསྐུར་ཕྱིར། །གུས་པས་རྒྱལ་བ་དེ་དག་ཀུན། །སླར་བྱོན་ཆེད་དུ་བསྐུལ་བར་བྱ། །ལྷ་ཡི་ཐུགས་ཀར་ཡེ་ཤེས་ཀྱི། །རྡོ་རྗེ་ཕྲ་མོ་བསྒོམས་བྱས་ནས། །སླར་ཡང་དེ་ཡི་ཐུགས་ཀར་ནི། །ཏིང་འཛིན་ཞེས་བྱ་རྣམ་པར་སྒོམ། །བདག་ཉིད ་སེམས་དཔའ་གསུམ་ལས་བྱུང། །འོད་ཟེར་ལྕགས་ཀྱུའི་རྣམ་པ་ཡིས། །སེམས་དཔའ་གསུམ་པོ་བཀུག་ནས་ནི། །རིམ་པ་བཞིན་དུ་ལྷ་རྣམས་ལའོ། །དེ་ལྟར་ཐུགས་ནི་བསྐུལ་བྱས་ནས། །དེ་བཞིན་གཤེགས་རྣམས་དྲང་བྱས་ཏེ། །ཐམས་ཅད་མཁའ་ལ ་གནས་བྱས་ནས། །ཚིགས་བཅད་འདིས་ནི་གསོལ་བ་གདབ། །ཁམས་ཀྱི་སྙིང་པོ་གཅིག་པུ་མ་རུངས་བདུད། །རབ་ཏུ་བཅོམ་ཞིང་འགྲོ་བ་མ་ལུས་པའི། །རང་བཞིན་མངོན་སུམ་མཛད་པ་རང་བཞིན་ནི། །འགྲོ་བ་མཛའ་ཡས་རང་བཞིན་ཀུན་གཤེགས་ཤིག ་དེ་ནས་སེ་གོལ་རྡོ་རྗེ་ཡིས། །ཕྱག་རྒྱ་ཆེན་པོའི་རང་བཞིན་རྣམས། །གསང་སྔགས་འདི་ཡིས་བཀུག་ནས་ནི། །ོཾ་བཛྲ་ས་མ་ཡ་ཛ:ཛ:ཛ:ཛ:དམ་ཚིག་ལྕགས་ཀྱུས་བསྐུལ་གྱུར་པའི། །སངས་རྒྱས་ཐམས་ཅད་བྱོན་ནས་ནི། །སེམས་ཅན ་དབང་རྣམས་བསྐུར་སླད་དུ། །དཀྱིལ་འཁོར་འདི་ལ་བཞུགས་པར་གྱུར། །དེ་ནས་རྣལ་འབྱོར་དབང་དགའ་པས། །དངོས་སུ་སངས་རྒྱས་རྣམས་མཐོང་ནས། །རྒྱས་བཏབ་མཆོད་ཡོན་གྱིས་མཆོད་དེ། །དྲིལ་བུར་བཅས་པས་བསྟོད་པར་བྱ། །མི་བསྐྱོད ་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ཏེ་མཁས་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །གསང་བ་སྒྲོགས་ཁྱོད་ལ་ཕྱག་འཚལ། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགྱེས་ཆེན་པོ། །རྡོ་རྗེ་རང་བཞིན་གྱིས་འོད་གསལ། །ཆོས་སྟོན་ ་ཁྱོད་ལ་ཕྱག་འཚལ་ལོ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟ་བ། །ནམ་མཁའ་རྡོ་རྗེ་མཁའ་དྲི་མེད། །རང་བཞིན་གྱིས་དག་གོས་པ་མེད། །རྡོ་རྗེའི་སྐུ་ཁྱོད་ལ་ཕྱག་འཚལ། །རྡོ་རྗེ་མི་འཆི་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ ་བརྙེས། །གསང་བ་གསུངས་ཁྱོད་ལ་ཕྱག་འཚལ། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །རེ་བ་ཐམས་ཅད་ཡོངས་སྐོར་མཛད། །རང་བཞིན་དག་པ་ལས་བྱུང་བ། །རྡོ་རྗེ་སེམས་དང་འཁྱོད་ཕྱག་འཚལ། །གང་ཞིག་བསྟོད་པའི་རྒྱལ་པོ་འདིས།། ་དེ་བཞིན་གཤེགས་རྣམས་ལ་བསྟོད་པ། །དེ་ལ་སངས་རྒྱས་རྡོ་རྗེ་སེམས། །རང་ཉིད་གྲོགས་པོར་ཉེ་བར་གནས། །དེ་ནས་རྣལ་འབྱོར་པ་ཡིས་ནི། །འདོད་ཡོན་ལྔ་ཡིས་མཉེས་པར་བྱ། །ནང་གི་སྦྱིན་སྲེག་བྱས་ནས་ནི། །འདི་སྐད་བརྗོད་ཅིང་གཏོར་མ་བཏང།། ་ཨོཾ་ད་ཤ་དིཀ་བྱ་བསྠི་སྟེ་བྷཡ(རྒྱུད་འགྲེལ་ཨ་དྷིཥྛཱ་ནེ་ན། ཨོཾ་ཨཱ(རྒྱུད་འགྲེལ་བསྐོར་བ་བྱས་ནས་འཁོར་ལོ་ཡི། །སྒོ་ནི་དབྱེ་བ་བརྩམ་པར་བྱ། །ནུབ་ཕྱོགས་ཀྱི་ནི་སྒོར་གནས་ཏེ། །གཡོན་བརྐྱང་སྟབས་ཀྱིས་རོལ་བཞིན་དུ། །ཟློས་ཤིང་རྡོ་རྗེ་ཧཱུཾ་མཛད་ཀྱི། །ཕྱག་རྒྱས་ཤར་སྒོ་དབྱེ་བར་བྱ། །ོཾ་བཛྲ་ཨུཏགྷ་ཏ་ཡ་ས་མ་ཡ་པྲ ་པེ་ཤ་ཡ་ཧཱུཾ། །དེ་བཞིན་བྱང་གི་ཕྱོགས་གནས་ཤིང། །ཁྲོ་བོའི་ལྟ་བས་དེ་བཞིན་དུ། །ཟློས་ཤིང་ལྷོ་སྒོ་ཕྱེ་ནས་ནི། །སྔར་གྱི་ཕྱག་རྒྱ་དགྲོལ་བར་བྱ། །ཤར་གྱི་ཕྱོགས་གནས་རྣལ་འབྱོར་པ། །དེ་བཞིན་ནུབ་ཏུ་མངོན་ཕྱོགས་པས། །ཆུ་ལྷའི་སྒོ ་ནི་ཕྱེ་བྱས་ནས། །ཁྲོ་བོ་ཕྱག་རྒྱ་དགྲོལ་བར་བྱ། །དེ་བཞིན་ལྷོ་ཕྱོགས་སུ་གནས་ཤིང། །བྱང་ཕྱོགས་ལ་ནི་སྔར་བཞིན་པས། ནོར་བྱིན་གྱིས་བྱིན་བརླབས་པའི་སྒོ། །ཕྱེ་ནས་དེ་བཞིན་གཟུང་བ་དང། །དེ་ནས་སློབ་མ་གཟུང་བྱའི་ཕྱིར། །རང་ཉིད ་ཐལ་མོ་སྦྱར་བ་ཡིས། །བདེན་པའི་བྱིན་བརླབས་སྔོན་འགྲོ་བས། །འཁོར་ལོ་ཆེ་ལ་གསོལ་བ་གདབ། །རང་བཞིན་འོད་གསལ་བྱུང་བའི། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །གཟུགས་བརྙན་དང་ཡང་འདྲ་བ་ཉིད། །དཀྱིལ་འཁོར་ཡང་ནི་དེ་དང་འདྲ། །དེ་ལྟར་བདེན ་པས་སློབ་མ་ནི། །སེམས་ཀྱི་དཀྱིལ་འཁོར་ལ་ཞུགས་ཤིང། །སྡིག་དང་བྲལ་རྣམས་འཁོར་ལོ་ལས། །རྫུ་འཕྲུལ་མ་ལུས་མཐོང་བར་འགྱུར། །འདི་དེ་རྡོ་རྗེ་སྙིང་པོ་སྟེ། །རྡོ་རྗེ་ཡེ་ཤེས་སྒྲུབ་བྱེད་པ། །དེ་བཞིན་གཤེགས་ཀུན་ཕོ་བྲང་དུ། །བདག་གིས་སློབ ་མ་གཞུག་པར་བགྱི། །ཞུགས་ལ་དེ་བཞིན་གཤེགས་རྣམས་ཀྱིས། །ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་དང། །དམ་ཚིག་ཀྱང་ནི་སྤྲོས་པ་ལས། །ཕུན་སུམ་ཚོགས་ཀུན་སྩལ་དུ་གསོལ། །ཤར་གྱི་སྒོ་རུ་བཀུག་ནས་ནི། །བུམ་པའི་ཆུ་ཡིས་ཡང་དག ་པར། །བྱས་ཏེ་གདོང་གཡོགས་བླངས་ནི། །གསང་སྔགས་འདི་ཡིས་དེ་བཅིང་བྱ། །ོཾ་ཙཀྵུ་བནདྷཾ་པ་ར་མ་ཏ་ན་ཡ་ཧཱུཾ། །ོཾ་པྲ་བི་ཤ་བྷ་ག་བཱ་ན་མ་ཧཱ་སུ་ཁ་མོཀྵ་སུ་རཾ་སརྦ་སིདྡྷི་སུ་ཁཾ་པ་དམྦར་མ་སུ་ཁ་ཨུཏྟ་མ་སིདྡྷཡ?་ཛ:ཧཱུཾ་བཾ་ཧོ:པྲ་སིདྡྷཡ་སྭཱ་ཧཱ།། ་དེ་ནས་སློབ་མ་ལ་དྲི་བྱ། །ཀྱེ་རབ་དགའ་ལ་དགའ་ཁྱོད་སུ། །དེ་ནས་སློབ་མས་ཀྱང་བརྗོད་བྱ། །བདེ་བ་ཆེན་པོ་བདག་སྐལ་བཟང། །རྐང་པ་མཉམ་པས་འདུག་གྱུར་ཅིང། །ཐལ་མོ་སྦྱོར་བའི་སློབ་མ་ལ། །ཚིགས་སུ་བཅད་པ་འདི་བརྗོད་ཅིང། །སླར་ཡང་སེམS ་སྐྱེད་སྦྱིན་པར་བྱ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང། །སངས་རྒྱས་བྱང་ཆུབ་ཡིད་ལ་གཟུང། །དེ་ནས་སློབ་མ་དེ་ཉིད་ནི། །ཕྱག་བཞི་བྱེད་དུ་གཞུག་པར ་བྱ། །དང་པོ་མི་བསྐྱོད་དབང་བྱས་ནས། །རྡོ་རྗེ་ཐལ་མོ་མཛེས་སྦྱར་ཏེ། །གསང་སྔགས་འདི་ནི་བརྗོད་བཞིན་དུ། །ལག་པ་བརྐྱང་ནས་ཕྱག་རྒྱའོ། །ོཾ་སརྦབ་ཏ་ཐཱ་ག་ཏ་པཱུ་ཛ་ཨུ་པསྠ་ནཱ་ཡ་ཨཱཏྨ་ནཾ་ནི་རྱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཨ་དྷིSཋི ་མི། །རིན་ཆེན་འབྱུང་ལྡན་དབང་བྱས་ཏེ། །ཐལ་མོ་སྙིང་གར་སླར་ཕབ་ནས། །སྔགས་པས་གསང་སྔགས་འདི་ཡིས་བུ། །རབ་ཏུ་ཕྱག་ནི་འཚལ་དུ་གཞུག་།ོཾ་སརྦབ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀ་ཡ་ཨཱཏྨ་ནི་ནི་རྱ་ཏ་ཡཱ་མི་སརྦ ་ཏ་ཐཱ་ག་ཏ་བཛྲ་རཏན་ཨ་བྷི་ཥིཉྩ་མཾ། དེ་ནས་འོད་དཔག་མེད་པ་ཡི། །དབང་དུ་བྱས་ནས་བླ་མ་ཡིས། །སློབ་མ་དཔྲལ་བར་ཐལ་སྦྱར་པ། །གསུམ་པའི་སྔགས་བཟློས་བདུད་དུ་གཞུག་།ོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་བརྟ་ནཱ་ཡ་ཨཏྨ་ནཾ་ནི་རྱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ ་བཛྲ་དྷརྨཱ་པྲ་བརྟ་ཡཱ་མི། །དེ་ནས་དོན་ཡོད་ཅེས་བྱ་བའི། །དབང་བྱས་ཐལ་མོ་སྙིང་ག་རུ། །ཕབ་ནས་བློ་ལྡན་གྱིས་སྔགས་འདིས། །ཕྱག་འཚལ་བཞི་པ་བྱེད་དུ་གཞུག། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་ཎེ་ཨཏྨ་ནི་ནི་རྱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ ་མཾ། །དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། །དེའི་ཕྱིར་ངས་ཁྱོད་ལ་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་བྱ་བ་ཡིས་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། ་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བའི་མདུན་དུ་རྗོད་པར་མི་བྱའོ། །ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ་ཞེས་པ་དང། །ས་མ་ཡ་སྟཝཾ་ཞེས་བརྗོད་ནས། སེམས་མ་རྡོ་རྗེ་འཛིན་བྱེད་ཅིང། །མེ་ཏོག་ཕྲེང ་རྩེར་འཛིན་དེ་ལ། །མནའ་ནི་དང་པོར་བསྒག་པར་བྱ། །དེ་ནས་ཕྱག་རྒྱ་དེ་ཉིད་ནི། །སློབ་མའི་སྤྱི་པོར་བཞག་བྱས་ཏེ། །སླར་ཡང་རྡོ་རྗེ་མནའ་ཡིས་ནི། །འདི་སྐད་བརྗོད་ཅིང་བསྟན་པར་བྱ། འདི་ནི་ཁྱོད་ཀྱི་དམ་ཚིག་རྡོ་རྗེ་སྟེ། གལ་ཏེ་ཁྱོད་ཀྱིས་འགའ་ ་ཞིག་ལ་སྨྲས་ན་སྤྱི་བོ་འགས་པར་བྱེད་དོ། །སླར་ཡང་བླ་མས་སློབ་མ་ཡི། །སྙིང་གར་ཕྱག་རྒྱ་བཀོད་ནས་ནི། །ལམ་གསུམ་བར་དུ་སླར་རྡོ་རྗེ། །མནའ་དང་སྔགས་འདིས་བསྐུལ་པར་བྱ། །རྡོ་རྗེ་སེམས་དཔའ་ཉིད་རང་དང། །ཁྱོད་ཀྱི་སྙིང་ལ་ཡང་དག ་བཞུགས། །གལ་ཏེ་ཚུལ་འདི་སྨྲས་གྱུར་ན། །དྲན་ནས་སྐད་ཅིག་དེ་ལ་ག་ཤྱེ། །དེ་ཆེ་རྡོ་རྗེ་ཆུ་དུང་ཆེན། །གནས་ཤིང་ཡིག་གསུམ་འདུས་བྱས་པ། །དེ་བླངས་མནའ་ཡིས་མཐུང་དུ་གཞུག་།འདི་ནི་ཁྱོད་ཀྱིས་དམྱལ་བའི་ཆུ། །དམ་ཚིག་ཉམས་པས ་བསྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་སྟེར། །བདུད་རྩི་ལྔ་ཡི་ཆུ་འཐུངས་ཤིག། ཨོཾ་བཛྲ་ཨུ་ད་ཀཋཱ:སློབ་མ་རྡོ་རྗེ་ཆུ་འཐུངས་པ། །འབད་པས་ལག་པ་ནས་བཟུང་སྟེ། །ཚིག་གསལ་སྨྲ་ཞིང་འདི་སྐད་དུ། །མནའ་སྔོན་འགྲོ་བས ་སྒྲོག་པར་བྱ། །དེང་ནས་བཟུང་ནས་ང་ཁྱོད་ཀྱིས་རྡོ་རྗེ་སེམས་དཔའ་ཡིན་གྱི། གང་ངས་འདི་གྱིས་ཤིག་ཅེས་སྨྲས་པ་དེ་ཐམས་ཅད་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིང། ཁྱོད་ཡང་ང་བ་མ་སྤངས་པས་འཆི་བའི་དུས་བྱས་དམྱལ་བར་ལྟུང་བར་གྱུར་ཏ་རེ། ་དེ་ནས་སློབ་མ་མཉམ་གཞག་པས། །དངོས་གྲུབ་ཐམས་ཅད་རབ་བསྒྲུབ་ཅིང། །རང་ལ་དབབ་ཕྱིར་སློབ་དཔོན་གྱིས། །གསུངས་པའི་ཚིག་ནི་རྗེས་སུ་བཟླ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་བྱིན་གྱིས་རློབས་ཤིག། རྡོ་རྗེ་སེམས་དཔའ་དབབ ་པར་མཛད་དུ་གསོལ། །སྤྱི་བོ་ནས་ནི་རྐང་པའི་བར། །ལུས་ཅན་ཁོང་སྟོང་དུ་བསམས་ནས། །དེ་ཡི་འོག་ཏུ་རླུང་དང་ནི། །བཅས་པ་མེ་ཡི་དཀྱིལ་འཁོར་བསྒོམ། །དེ་ཡི་སྟེང་དུ་ཡི་གེ་ཛཧཻ:། །ཁ་དོག་དམར་པོ་རྣམ་པར་བསྒོམ། །དེ་བྱུང་འོད་ཟེར་ཚོགས ་ཀྱིས་ནི། །བརྟུལ་ཞུགས་ཅན་ཀྱིས་ལུས་པོ་སྦྱང། །དེ་ལྟར་འོད་གསལ་བར་བྱས་ནས། །ལྡང་བར་བྱ་ཕྱིར་མཁས་པ་ཡིས། །སྣོད་ཀྱི་སྙིང་མགྲིན་མགོ་བོ་ལ། །ཧཱུཾ་ཨཱ:ཧཱ:ཞེས་བྱ་བ་དགོད། །དེ་བཞིན་གཤེགས་པ་དབབ་དོན་དུ། །འབབ་བྱེད་ཕྱག་རྒྱ་བཅས ་ནས་ནི། །སྣོད་ཀྱི་སྙིང་གར་བཞག་བྱས་ཏེ། །གསང་སྔགས་འདི་ནི་བརྗོད་པར་བྱ། །འདི་ཁྱོད་དམ་ཚིག་རྡོ་རྗེ་སྟེ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ། །འབབ་མཛོད་དང་དུ་ཁྱོད་ལ་ནི། །རྡོ་རྗེ་ཡེ་ཤེས་བླ་མེད་འབྱུང། །ོཾ་བཛྲ་ཨཱ་བེ་ཤ་ཡ::::: ་དེ་ལྟའང་གལ་ཏེ་མི་འབབ་ན། །གསང་སྔགས་བསྟན་པོ་འདི་བརྗོད་ཅིང། །དེ་ནས་ཡི་གེ་ཨ་ཟེར་གྱིས། །ཡེ་ཤེས་ཆེན་པོ་བསྐུལ་བར་བྱ། །ཱ་བེ་ཤ་ཡ་སྟཝཾ་བྷ་ཡ་ར་ར་ར་ར་ཙ?་ལ་ཡ་ཙ་ལ་ཡ་ཧཱུཾ་ཧ::ཛ:སྙིང་འདར་དགའ་བ་ཆེ ་བ་དང། །བརྒྱལ་བ་དང་ནི་གར་བྱེད་དང། །འགྱེལ་དང་གྱེན་དུ་འཕར་བ་ནི། །བབས་པའི་མཚན་ཉིད་དུ་ཤེས་བྱ། །སྣོད་ནི་རྒྱས་པར་མཐོང་ནས་སུ། ། ཡིག་ལྕེ་ལ་དགོས་པར་བྱ། །ཡི་གེ་བརྒྱ་ལས་བརྟན་བྱས་ཏེ། །སྔགས་ཀྱི་མེ་ཏོག་ཕྲེང་བ་དོག ་ཏིཥྛ་བཛྲ་ཌི་ཌཧོ་མེ་བྷ་བ་ཧྲ་དི་ཡ་མེ་ཨ་དྷི་ཏིཥྛ་སརྦ་སིདྡྷིཾ་མེ་པྲ་ཡཙྪ་ཧཱུཾ་ཧ་ཧ་ཧ་ཧ་ཧོ:ོཾ་ཨཱ་ཁཾ་བཱི་ར་ཧཱུཾ་པྲ་ཏིཙྪ་ཀུ་སུ་མ་ཨཉྫ་ལི་ནཱ་ཐ་ཧོ། །རིགས་ཀྱི་དབྱེ་བ་མཁས་པ་ཡིས། །མེ་ཏོག་བབས་པ་ཤེས་གྱུར་ནས། །སྔགས་དང་བཅས་པར་བྱས ་ནས་མགོར། །ཕྲེང་བ་དགོད་པ་སྦྱིན་པར་བྱ། །ོཾ་པྲ་ཏི་གྲི་ཧྣ་སྟཝཾ་ཨི་མི་སཏྭ་མཧཱ་བ་ལ། ཨོཾ་གྱིས་མནན་པའི་མགལ?་ནི། །སློབ་མི་སྔག་དང་བྲལ་བ་ལ། །བརྟུལ་ཞུགས་བཟང་པོས་སྔགས་འདི་ཡིས། །གདོང་གཡོགས་རབ་ཏུ་དགྲོལ་པར་བྱ།། ་རྡོ་རྗེ་སེམས་དཔའ་རང་ཉིད་དང། །ཁྱོད་ཀྱི་མིག་ནི་འབྱེད་པར་བརྩོན། །རྡོ་རྗེ་མིག་ནི་བླ་མེད་པ། །ཐམས་ཅད་སྤྱན་གྱིས་འབྱེད་པར་མཛད། །དེ་རིང་དད་པའི་ཤུགས་ཀྱིས་ནི། །དཀྱིལ་འཁོར་འདི་ལ་བལྟ་བར་གྱིས། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས།། ་གསང་སྔགས་ཆེན་པོ་བྱིན་གྱིས་བརླབས། །ཧེ་བཛྲ་པཱ་ཤྱ། དེ་ནས་བློ་དང་ལྡན་པ་ཡིས། །དཀྱིལ་འཁོར་རིམ་བཞིན་བསྟན་པར་བྱ། །ལྷ་ནི་སུམ་ཅུ་གཉིས་རྣམས་ཀྱི། །རང་གི་ངོ་བོ་འང་བསྟན་པར་བྱ། །འཕགས་པའི་བདེན་བཞི་ངོས་བཞིན་འགྱུར ་ཚངས་པའི་གནས་ནི་གྲཝ་ཡིན་ནོ། །བསྡུ་བའི་དངོས་པོ་ཞེས་བྱ་སྒོ། །བཞི་ཡི་མིང་ཅན་རེ་རེ་སྟེ། །དད་པའི་དབང་པོ་ལ་སོགས་སེམས། །རྣམ་པ་ལྔ་པོ་ཡང་དག་འབྱུང། །རྫུ་འཕྲུལ་རྐང་པ་སྒོ་ཁྱུད་ནི། །བཞི་སྟེ་དེ་ཡང་རྣམ་པ་བཞི། །དེ་ཡི་དབུས་ཀྱི ་འཁོར་ལོ་གང། །དཀྱིལ་འཁོར་བརྒྱད་ཀྱིས་གཞལ་པ་ནི། །རྣམ་པར་ཐོབ?་པ་བརྒྱད་ཡིན་ཏེ། །དངོས་གྲུབ་ཐམས་ཅད་སྒྲུབ་བྱེད་པའོ། །འཕགས་ལམ་ཡན་ལག་བརྒྱད་པ་ནི། །ཀ་པ་བརྒྱད་ཅེས་བྱ་བར་བཤད། །སངས་རྒྱས་ཀུན་གྱི་ཁང་ཆེན་དུ། །ཐམས་ཅད་ཚེ་ན། ་ཀ་བར་འགྱུར། །ཆོས་དང་དེ་ཉིད་དོན་གྱི་བརྡ། །འཁོར་ལོའི་ནང་གི་དཀྱིལ་འཁོར་རོ། །ཐུགས་ཀྱི་དཀྱིལ་འཁོར་འདི་དེ་ནི་ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག་།དེ་ནས་འཁོར་ལོའི་བདག་བོ་ནས། །བརྩམས་ཏེ་སྣོད་མཛས་མཐར་ཐུག་ལྷ། །ཇི་བཞིན་དེ་ཉིད་དུ་གནས ་རྣམས། །རྡོ་རྗེ་ཅན་གྱིས་སློབ་མ་བཤད། །ཕུང་པོ་ལྔ་ཡིས་རང་བཞིན་དུ། །སངས་རྒྱས་ལྔ་རྣམས་རབ་བསྟན་བྱ། །སྤྱན་མ་ལ་སོགས་ལྷ་མོ་བཞི། །ས་ལ་སོགས་པའི་རང་བཞིན། །དེ་བཞིན་འདོད་ཡོན་ལྔའི་ངོ་བོར། །གཟུགས་རྡོ་རྗེ་ལ་སོགས་པའོ། །མིག ་ལ་སོགས་པའི་རང་བཞིན་དུ། །ས་ཡི་སྙིང་པོ་ལ་སོགས་སོ། །ལག་སོགས་ངོ་བོར་ཁྲོ་དབང་པོ། །གཤིན་རྗེ་དགྲ་སོགས་བསྟན་པར་བྱ། །དེ་ནས་ལུས་འཁོར་ལ་གནས་པ། །སངས་རྒྱས་མི་བསྐྱོད་སོགས་རིམ་བཞིན། །ཕྱི་རོལ་འཁོར་ལོ་བསྟན་ནས ་ནི། །སློབ་མ་དབང་བསྐུར་ཡང་དག་བརྩམ། །སློབ་མ་གཞུག་པའི་ཆོ་གའོ།། །།ཆུ་ཡི་དབང་བསྐུར་གྲུབ་བྱའི་ཕྱིར། །ཤར་གྱི་ཕྱོགས་དང་དབང་ལྡན་དུ། །སྔགས་པས་དཀྱིལ་འཁོར་ཁྲུད་པ། །གྲུ་བཞི་པ་ལ་སྒོ་བཞི་པ།། ་རིམ་གཉིས་པ་བྲི་དེ་ནས་དེའི། །དབུས་སུ་སྣ་ཚོགས་པདྨ་ནི། །ཚོན་དཀར་བ་དང་དེ་བཞིན་དུ། །དམར་དང་ནག་པོ་དག་གིས་བྱ། །ར་བ་གསུམ་ནི་བྱས་ནས་སུ། །ཕྱག་རྒྱ་བཞི་དག་དགོད་པར་བྱ། །ལྟེ་བར་རྡོ་རྗེ་སྤྲིན་ནག་དང། །མཚུངས་པའི་འོད་ཅན་བྲི ་བར་བྱ། །ཤར་དུ་འཁོར་ལོ་གཤིན་རྗེར་ནི། །རིན་ཆེན་ནུབ་ཏུ་པདྨ་ནི། །གེ་སར་བཟང་པོ་ནོར་སྦྱིན་དུ། །རལ་གྲི་བྲིས་ནས་བུམ་པ་དགོད། །ཁྲུས་ཀྱི་དཀྱིལ་འཁོར་གྱི་ཆོ་གའོ།། །།ལྷ་ཡི་སྙེམས་པ་འཛིན་པ་ཡི། །སློབ་མ་ཕྲེང ་བའི་དབང་བསྐུར་བ། །བྱས་ཏེ་དཀྱིལ་འཁོར་དྲུང་བཀུག་ནས། །པདྨའི་དབུས་སུ་བཞག་བྱས་ཏེ། །སློབ་དཔོན་ཚོགས་དང་བཅས་པ་ཡིས། །བཀྲ་ཤིས་ཚིགས་སུ་བཅད་པ་ནི། །འདོད་ཅིང་བུམ་པ་རྣམས་བླངས་ལ། །རྡོ་རྗེ་སློབ་མས། ་དབང་བསྐུར་བྱ། །ཏིལ་གྱི་གང་བུ་ལྟར་གང་བའི། །རྒྱལ་བ་བུམ་པ་འཛིན་རྣམས་ཀྱིས། །དེ་རིང་ཁྱོད་ལ་དབང་བསྐུར་གྱིས། །དེ་ལྟར་ཤེས་ནས་ཡིད་བདེར་གྱིས། །དབང་བསྐུར་བའི་ནི་རྡོ་རྗེ་ཆེ། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས ་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཨ་བྷི་ཥིཉྩ་མི་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏི་ཏྭེ་ནོ་པ་ཏི་ཌི་ཌཧོ་མེ་བྷ་བ། རྡོ་རྗེའི་རིགས་མཆོག་བདག་པོ་ཀུན་གྱི་བདག་ཉིད་ཅན། །འགྲོ་བ་མ་ལུས་བསྐྱེད་པར་མཛད་ཅིང ་བདེ་བ་ཆེ། །འགྲོ་བ་མཛའ་དག་སྙིང་ལ་ཞུགས་པའི་བཀྲ་ཤིས་གང། །བཀྲ་ཤིས་དེ་ནི་དེང་དུ་དབང་བསྐུར་མཆོག་ཆེ་ཁྱོད་ལ་ཤོག་།མགོན་པོ་མི་བསྐྱོད་པ་ཞེས་བྱ་བར་མཚན་འཛིན་པ། །སྐྱེ་ཚོགས་ཞེ་སྡང་ཟིལ་གྱིས་མནན་པ་སྦྱོང་མཛད་ཅིང།། ་རྡོ་རྗེ་རིགས་མཛའ་དག་དང་ལྡན་པའི་བཀྲ་ཤིས་གང། །བཀྲ་ཤིས་དེ་ནི་དེང་དུ་དབང་བསྐུར་མཆོག་ཆེ་ཁྱོད་ལ་ཤོག། རྣམ་པར་སྣང་མཛད་རྟག་ཏུ་སྲིད་པའི་སྡུག་བསྔལ་སེལ། །སྐྱེ་ཚོགས་གཏི་མུག་གིས་ཟིལ་མནན་པ་སྤྱོད་མཛད་ཅིང། །གཏི་མུག ་རིགས་མཛའ་དག་དང་ལྡན་པའི་བཀྲ་ཤིས་གང། །བཀྲ་ཤིས་དེ་ནི་དེང་དུ་དབང་བསྐུར་མཆོག་ཆེ་ཁྱོད་ལ་ཤོག་།དབུལ་བའི་སྡུག་བསྔལ་ལས་ནི་ཡོངས་སུ་ཐར་ལྟུར་ལེན། །སྐྱེ་ཚོགས་ང་རྒྱལ་གྱིས་ཟིལ་མནན་པ་སྦྱོང་མཛད་ཅིང། ་རིན་ཆེན་རིགས་མཛའ་དག་དང་ལྡན་པའི་བཀྲ་ཤིས་གང། །བཀྲ་ཤིས་དེ་ནི་དེང་དུ་དབང་བསྐུར་མཆོག་ཚེ་ཁྱོད་ལ་ཤོག། འཇིག་རྟེན་དབང་ཕྱུག་སྲིད་པའི་གཟེབ་ནི་འཇེམས་མཛད་པ། །སྐྱེ་ཚོགས་འདོད་ཆགས་གྱིས་ཟིལ་མནན་པ་སྦྱོང ་མཛད་ཅིང། །པདྨའི་རིགས་མཛའ་དག་དང་ལྡན་པའི་བཀྲ་ཤིས་གང། །བཀྲ་ཤིས་དེ་ནི་དེང་དུ་དབང་བསྐུར་མཆོག་ཚེ་ཁྱོད་ལ་ཤོག། རྫུན་སྨྲ་དགའ་བ་རྣམས་ལ་རྩེ་བའི་བདག་ཉིད་ཅན། །དེ་སྤྱོད་ཐབས་གསུང་བ་ཡིས་དེ་དག་མི་བསླུ་བ། །ལས་ཀྱི་རིགས་མཛའ་ ་དག་དང་ལྡན་པའི་བཀྲ་ཤིས་གང། །བཀྲ་ཤིས་དེ་ནི་དེང་དུ་དབང་བསྐུར་མཆོག་ཚེ་ཁྱོད་ལ་ཤོག་།རྡོ་རྗེ་ཁྱོད་དེང་སངས་རྒྱས་རྣམས་ཀྱིས་དབང་བསྐུར་བས་དབང་བསྐུར། ཨོཾ་ཨཱ:བཛྲ་ཨ་བི་ཥིཉྩ་ཧཱུཾ་སུ་ར་ཏ་སྟཝཾ། །ཆུའི་དབང་བསྐུར་བའོ། །ཆུ་ཡི་དབང ་བསྐུར་ཐོབ་གྱུར་ཅིང། །ཁྲུས་ཀྱི་དཀྱིལ་འཁོར་ནས་བྱུང་སྟེ། །དཀྱིལ་འཁོར་ཆེན་པོའི་ངོས་ནས་ནི། །རྒྱན་ནི་རབ་ཏུ་བླང་བར་བྱ། །གོས་དམར་འཛིན་པར་གྱུར་ནས་ནི། །རྒྱན་པོའི་རྒྱན་གྱིས་བརྒྱན་གྱུར་ཅིང། །གདུགS་ནི་དཀར་པོ་བཟུང་གྱུར་པ།། ་གླུ་འདིས་དགའ་བ་སྐྱེས་པར་གྱུར། །བདེ་བ་ཆེན་པོ་ཆགས་ཆེན་པོ། །རྡོ་རྗེ་ཆེན་པོ་ནོར་པོ་ཆེ། །ཤེས་རབ་ཆེན་པོ་དགའ་བོ་ཆེ། །རྡོ་རྗེ་སེམས་བདག་དེང་འགྲུབ་ཤོག་།སངས་རྒྱས་ཀུན་གྱི་འཁོར་ལོ་ཆེ། །དངོས་གྲུབ་ཀུན་གྱི་བདེ་བ་སྩོལ། །དབང ་བསྐུར་ཐམས་ཅད་དོན་ཐམས་ཅད། །རྡོ་རྗེ་དབང་བསྐུར་བླ་ན་མེད། །དང་པོའི་སངས་རྒྱས་དོན་དམ་སྐུ་མངའ་རྒྱལ་གྱུར་ཅིག་།འདོད་ཁར་ནོར་དང་ཆོས་གསོལ་མཛད་པ་རྒྱལ་གྱུར་ཅིག་།ཡེ་ཤེས་ལྔ་ཡིས་རབ་དགའ་ཨི་བདེ་ཆེན་རྒྱལ་གྱུར་ཅིག་།མགོན ་པོ་ཕྱག་ན་རྡོ་རྗེ་བདེ་ཆེན་རྒྱལ་གྱུར་ཅིག། ཕྱི་ནས་བླ་མས་དཀྱིལ་འཁོར་ནི། །འདི་ལ་བསྐོར་བ་ལན་གསུམ་བྱ། །དེ་ནས་ཤར་དུ་དེ་ཡིས་བསྐོར། །འབོལ་སྟན་འཇམ་ལ་བཞུགས་པ་ཡི། །སློབ་ལ་སངས་རྒྱས་ཀུན་དབང་བསྐུར། །བྱ་ཕྱིར་བླ་མས ་མཆོད་པ་བྱས། །སྤྱི་བོའི་གཙུག་དང་དཔྲལ་བ་དང། །དེ་བཞིན་མགོ་བོའི་ངོས་གཉིས་དང། །རྒྱབ་ཏུ་ཕྱག་རྒྱ་བཞག་ནས་ནི། །གསང་སྔགས་འདི་དག་བརྗོད་པར་བྱ། །ོཾ་བཛྲ་དྷཱི་ཏྭཱི་ཤྭ་རི་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་སཏྭ་བཛྲི་ཨ་བྷི་ཥིཉྩ་བྷྲཱུཾ། །ོཾ ་རཏན་བཛྲི་ཨ་བྷི་ཥིཉྩ་ཨཱ:ོཾ་དྷརྨམ་བཛྲི་ཨ་བི་ཥིཉྩ་ཧྲཱི:། ཨོཾ་ཀརྨ་བཛྲི་ཨ་བྷི་ཥིཉྩ་ཏྲཱཾ། །དབང་བསྐུར་རིམ་པས་སངས་རྒྱས་ལྔའི། །ཅོད་པན་ཅ་?་ལ་དར་དབྱངས་དང། །བྱས་ནས་མཉམ་པར་གྱུར་པ་ཡི། །ཐལ་མོ་ཡིས་ནི་མཉེས་པར ་བྱ། །བཛྲ་ཏུཥྱ་ཧོ། ཅོད་པན་གྱི་དབང་བསྐུར་རོ།། །།དེ་ནས་རྡོ་རྗེའི་དབང་བསྐུར་བ། །སྦྱིན་ཕྱིར་ཚིགས་བཅད་འདི་བརྗོད་ཅིང། །རྡོ་རྗེ་བྱིན་ནས་དྲིལ་བུ་དང། །ལྷན་ཅིག་རྡོ་རྗེ་བརྟུལ་ཞུགས་སྦྱིན། །འདི་དེ་སངས་རྒྱས་ཐམས ་ཅད་ཉིད། །དངོས་གྲུབ་མཆོག་ཕྱིར་རྡོ་རྗེ་ལོང། །སངས་རྒྱས་ཀུན་གྱིས་ཁྱོད་ལ་སྩོལ། །རྡོ་རྗེའི་བརྟུལ་ཞུགས་འགྲུབ་པར་འགྱུར། །ོཾ་བཛྲ་ཨ་དྷི་པ་ཧ་ཏྭཾ་ཨ་བྷི་ཥཉྩི་མི་ཏིཥྛ་བཛྲ་ས་མ་ཡ་སྟཝཾ། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ ་སེམས་དཔའ་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅད། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །སློབ་མ་རྡོ་རྗེ་སྙེམས་འཛིན་ཅིང། །ལྷ་ཡི་སྙེམས་པ་འཛིན་པ་ཡིས། །རྡོ་རྗེ་སེམས་དཔའ་ཨི་ཏིང་ངེ་འཛིན་གྱིས། །འདི་ལྟར་རྡོ་རྗེ་གསོར་བར ་བྱ། །ཐོག་མཛའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སེམས་དཔའ་ཨི་བདག་པོའི་བདག། རྡོ་རྗེ་འཛིན་འདྲས་དེ་སྐད་དུ། །བརྗོད་ནས་རྡོ་རྗེ་སྙིང་གར་བཞག། སླར་ཡང་བརྟན ་པར་བྱེད་པའི་རྒྱུ། །གསང་སྔགས་འདི་སྐད་བརྗོད་པར་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཡེ་ཥ་དྭཾ་དྷ་ར་ཡཱ་མི་བཛྲ་སཏྭ་ཧཱི། །ཧི་ཧི་ཧི་ཧི་ཧཱུཾ། །རྡོ་རྗེའི་དབང་ངོ།། །།དེ་ནས་བླ་མས་བཀའ་སྩལ་པ།། ་མདུན་དུ་དྲིལ་བུ་བླངས་ནས་སུ། །ཚིགས་སུ་བཅད་པ་འདི་འདོན་ཅིང། །རང་གི་ལག་གིས་འདི་ལྟར་དཀྲོལ། ཟླ་འདྲའི་ཡེ་ཤེས་སྐུ་མདའ་རྒྱལ་རྣམས་ཅོད་པན་འཛིན་ཅིང་པདྨ་ཟླ་བའི་གདན་ལ་བཞུགས། །གདུག་པ་རྣམས་ནི་གདུལ་བར་བྱ་ཕྱིར ་བསྡིགས་ཤིང་ཁམས་གསུམ་འདུལ་མཛད་དེ་ཉིད་རྡོ་རྗེ་ཅན། །སངས་རྒྱས་རྣམས་སད་བྱ་ཕྱིར་སྒྲ་བརྙན་དེ་བཞིན་ཉིད་དང་ཆོས་ཉིད་སྒྲོགས་པའི་དྲིལ་བུ་ཅན། །གང་ལ་ལུས་པ་མེད་པ་སྟོང་ཞིང་བཅོམ་ལྡན་དངོས་པོ་ཀུན་གྱི་རང་བཞིན་དེ་ནི་རྒྱལ། །མེ ་ལོང་གི་ནི་གཟུགས་བརྙན་དང། །རྨི་ལམ་སྒྱུ་མ་ཆུ་བུར་དང། །མིག་འཕྲུལ་འདྲ་བར་སུས་མཐོང་བ། །དེ་ནི་མངའ་བདག་ཏུ་བཤད་དོ། །དེ་ནས་སླར་ཡང་དཀུའི་ཕྱོགས་སུ། །ཁྱེར་ནས་གནས་པ་རྡོ་རྗེ་ནི། །འཛིན་པའི་རོལ་པ་འཆད་བཞིན་དུ། གསང་སྔཌ ་འདི་ནི་བརྗོད་པར་བྱ། །ོཾ་བཛྲ་སཏྭ་ས་མ་ཡ་།མ་ནུ་པཱུ?་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་ཌརི་ཌཧོ་མ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ་སརྦ་སིདྡྷིམམ་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ། བྷ་ག་བཱན་སརྦ་ཏ་ཐཱ་ག་ཏ་བཛྲེ ་མཱ་མེ་མུཉྩ་བཛྲི་བྷ་བ་མཧཱ་ས་མ་ཡ་སཏྭ་ཨ:ོཾ་བཛྲ་གྷཎྜ་ཨ::བཅོམ་ལྡན་ཁྱོད་ནི་བཟུང་གྱུར་གྱིས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །རྡོ་རྗེ་དྲིལ་བུའི་དབང་ངོ། །གསེར་རམ་ཡང་ན་དངུལ་ཀྱང་རུང། །སྣོད་དུ་བཞག་པའི་མིག་སྨན་ནི། །དེ་ཡི ་རང་བཞིན་ཅན་ཐུར་མས། །དེ་ཉིད་ཤེས་པས་སྔགས་འདིས་བྱུག། ཨོཾ་བཛྲ་ནཻ་ཏྲ་བཛྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲི:ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་གྱི་ནི་རབ་རིབ་ལྟར། །བུ་གཅིག་ཁྱོད་ཀྱིས་མི་ཤེས་པའི། །ལིང་ཏོག་རྒྱལ་བ་རྣམས་ཀྱིས་བསལ ་དེ་ནས་མེ་ལོང་ཡི་གེ་ཨས། །མངོན་པར་སྔགས་པ་བླངས་ནས་སུ། །ཚིགས་སུ་བཅད་པ་འདི་བརྗོད་ཅིང་།རྡོ་རྗེ་སློབ་མ་ལ་བསྟན་བྱ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད།། ་རྒྱུད་དང་ལས་ལས་ཡང་དག་བྱུང། །རང་བཞིན་མེད་ཅིང་གནས་མེད་པའི། །ཆོས་རྣམས་དེ་ལྟར་ཤེས་ནས་ནི། །སེམས་ཅན་དོན་ནི་མཚུངས་མེད་ཀྱིས། །རྒྱལ་བ་རྣམས་ཀྱི་ཐུགས་ལས་སྐྱེས། །མེ་ལོང་གི་དབང་ངོ།། །། ་མཆོག་སྦྱིན་བླ་མས་སློབ་མ་ལ། །དེ་ནས་མཆོག་སྦྱིན་གྱིས་ལུང་བསྟན། །རང་ཉིད་དེ་བཞིན་གཤེགས་གྱུར་ནས། །སློབ་མ་རྡོ་རྗེ་འཛིན་བདག་ཏུའོ། །དེ་བཞིན་གཤེགས་པ་ཐམས་ཅད་དང། །ཐབས་ཅིག་ཚིགས་བཅད་འདི་བརྗོད་ཅིང།། ་གཡོན་པས་ཆོས་གོས་འཛིན་ཚུལ་ཏེ། །གཡས་པ་མཆོག་སྦྱིན་ཕྱག་རྒྱར་ལྡན། །སྲིད་པའི་ངན་འགྲོ་ལས་བཏོན་ནས། །སྲིད་པ་ཤིན་ཏུ་དག་བྱའི་ཕྱིར། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བདག་འདིས་ཁྱོད་ལུང་བསྟན་པར་བྱ། །ཐེག་པ་བདེ ་ཆེན་འདི་ལས་ནི།།ཁྱེད་ལ་སླར་ཡང་འཆི་བ་མེད། །དེ་རིང་བདུད་རྣམས་ཕ་མ་བྱས་ནས། །གྲོང་ཁྱེར་དམ་པར་རབ་ཏུ་ཞུགས། །དེང་དུ་ཁྱེད་ཀྱིས་སངས་རྒྱས་ཉིད། །ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད། །གསང་སྔགས་རིག་པས་སྔགས་འདི་ཡིས། །སློབ ་མ་རྡོ་རྗེའི་མིང་གི་དབང། །སླར་ཡང་དེ་བཞིན་གཤེགས་རྣམས་ཀྱིས། །གསུང་གཅིག་གིས་ནི་སྦྱིན་པར་བྱ། །ོཾ་བཛྲ་སཏྭ་ཏྭཱཾ་ཨ་བྷི་ཥིཉྩ་མི་བཛྲ་ནཱ་མ་ཨ་བི་ཥེ་ཀ་ཏ(རྒྱུད་འགྲེལ་མིང་གི་དབང་ངོ།། །།ཚིགས་སུ་བཅད་པ་འདི་བརྗོད་ཅིང། །འཁོར་ལོ་དེ་བཞིན་རིན་ཆེན་དང། །པདྨ་དང་ནི་རྡོ་རྗེ་ཡིས། །ཕྱག་མཚན་དབང་བསྐུར་སྦྱིན་པར་བྱ། །སེམས་ཅན་ཀུན་ལ་ཕན་དན་དུ། །འཇིག ་རྟེན་ཀུན་ཏུ་ཐམས་ཅད་ནས། །གདུལ་བྱ་ཇི་བཞིན་ཆོས་ཀྱི་ནི། །འཁོར་ལོ་སྣ་ཚོགས་བསྐོར་བར་གྱིས། །ོཾ་བཛྲ་རཏན་སརྦ་དྷརྨམ་བི་ཤུདྡྷ་ཛྙཱ་ན་ཨ། བྷི་ཥེ་ཀ་པྲ་བརྟ་ཨོཾ་ཨོཾ་ཨོཾ། །སེམས་ཅན་ཀུན་ལ་ཕན་དོན་དུ། །འཇིག་རྟེན་ཀུན་ཏུ་ཐམས་ཅད ་ནས། །གདུལ་བྱ་ཇི་བཞིན་འདོད་ཆགས་ནི། །སྦྱོང་བ་སྣ་ཚོགས་བསྟན་པར་གྱིS། །ོཾ་བཛྲ་དྷརྨཱ་སརྦ་དྷརྨམ་བི་ཤུདྡྷ་ཛྙཱ་ན་རཱ་ག་པདྨ་ད་ལ་སྭབྷཱ་བ་ཧྲཱི(རྒྱུད་འགྲེལ་རྡོ་རྗེ་ཡི། །མཆོད་པ་སྣ་ཚོགས་འཇུག་པར་གྱིས། །ོཾ་བཛྲ་ཀརྨ་སརྦ་དྷརྨཱ་བི་ཤུདྡྷ་ཛྙཱ་ན་སརྦ་པཱུ་ཛ་སྭ་བྷ་བ་ཨ(རྒྱུད་འགྲེལ་པར་བྱ། །ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ། །རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །མ་བྱིན་པར་ཡང་ཁྱོད་ཀྱིས་བླང། །གཞན་གྱིས་ཆུང་མ་བསྟེན་པར་བྱ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ནི། །ནམ་ཡང་དོར་བར་མི་བྱའོ། །སློབ་དཔོན་བརྙས་པར་མི་བྱ་སྟེ། ། ་འདི་ནི་སངས་རྒྱས་ཀུན་དང་མཉམ། །བླ་མ་སངས་རྒྱས་ཀུན་མཉམ་པས། །སློབ་དཔོན་ལ་ནི་གང་བརྙས་པ། །དེ་ནི་སངས་རྒྱས་ཀུན་བརྙས་པས། །རྟག་ཏུ་སྡུག་བསྔལ་འཐོབ་པར་འགྱུར། །དེ་ཕྱིར་སངས་རྒྱས་འབྲས་འདོད་ཅིང། །གུས་དང་ལྡན་པའི ་སེམས་ཅན་གྱིས། །བསམ་ཡས་འབྲས་བུ་སྩོལ་བ་པོ། །འདི་ལ་འབད་པ་ཀུན་གྱིས་མཆོད། །བྱང་ཆུབ་གོ་འཕང་སླ་འམ་ཅི། །སྲིད་པ་སེལ་བར་སུ་ཡིས་ནུས། །གདལ་སྐྱེ་ཤིང་འཆི་བ་མེད། །གང་ཞིག་ལས་གཉིས་ལ་ནུས་ལྡན། །རྡོ་རྗེ་སློབ ་དཔོན་མེད་པར་ནི། །ཉོན་མོངས་ཐམས་ཅད་སྤོང་བ་དང། །མྱ་ངན་འདས་ཞི་གོ་འཕང་དང། །ཕྱིར་མི་ལྡོག་པ་ཐོབ་མི་འགྱུར། །རང་གི་དམ་ཚིག་རྟག་ཏུ་བསྒྲུབ། །རྟག་ཏུ་དེ་བཞིན་གཤེགས་རྣམས་མཆོད། །རྟག་ཏུ་བླ་མ་ལ་དབུལ་བྱ། །འདི་ནི་སངས ་རྒྱས་ཀུན་དང་མཉམ། །ཐབས་དང་ཤེས་རབ་ལྡན་སེམས་ཀྱི། །མི་བྱ་བ་ནི་ཅི་ཡང་མེད། །རྟག་ཏུ་རྣམ་རྟོག་མེད་གྱུར་ནས། །ཁྱེད་ཀྱིས་འདོད་པ་ལྔ་རྣམས་སྤྱོད། །སངས་རྒྱས་ཀུན་གྱིས་མཐུད་གྒསུངས་ཤིང། །བཀའ་ལུང་དམ་པ་རྟག་པ་ཡི། །དམ ་ཚིག་དང་ནི་སྡོམ་པ་འདི། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །དེ་ནི་ཕྱག་མཚན་གྱི་དབང་བསྐུར་བའི་ཆོ་གའོ།། །།དེ་ལྟར་ཕྱག་མཚན་དབང་བསྐུར་བས། །ནོར་ཇི་བཞིན་དུ་ཡོན་མཆོག་དང། །འབྲིང་པོ་དང་ནི་དམ་པ་སྟེ། ་རྣམ་གསུམ་ལྷ་ལ་དབུལ་བར་བྱ། །ན་བཟའ་རིན་ཆེན་བཅས་མཆོག་དང། །འབྲིང་པོ་ན་བཟའ་ཡི་ནི་ཟུང། །ལྷ་ཡི་གྲངས་ཀྱིས་དབུལ་བར་བྱ། །ཐ་མ་ཀུན་ལ་ཟུང་ཅིག་གོ་།དད་དང་ལྡན་པའི་ཆོ་ག་ནི། །སྔོན་འགྲོ་གསང་སྔགས ་འདིས་ཕུལ་ནས། །དེ་དག་ཡིད་ཀྱིས་ཀྱང་བྱ་སྟེ། །གླུ་ལ་སོགས་པས་མངོན་མཆོད་བྱ། །ོཾ་ཨ་ནུཏྟར་སརྦ་པཱུ་ཛ་མེ་གྷ་ས་མུ་ཏྲ་སཕ་ར་ཎ་ཧི་མཾ་ག་ག་ན་ཁཾ་ཧཱུཾ་ཕཊ་སྭཱ་ཧཱ། །དེ་ནས་གསར་བའི་མཆོད་པ་དང། །གླུ་དང་རོལ་སོགས་གར་དག་དང། །བཟའ་དང་བཏུང ་བ་སྣ་ཚོགས་ཀྱིས། །ཚོགས་ཀྱི་དཀྱིལ་འཁོར་མཆོད་པར་བྱ། །ལྷ་ལ་ཡོན་འབུལ་བའི་ཆོ་གའོ།། །།དེ་ནས་བྱང་ཆུབ་གསོལ་བ་ཡི། །བླ་མ་ལ་ནི་ཡོན་དབུལ་བྱ། །ཡུལ་དང་ཡིད་འོང་ཆུང་མ་དང། །རིན་པོ་ཆེ་དང་གསེར ་འབར་དང། །ནོར་བུ་མུ་ཏིག་བྱུ་རུ་དང། །ལུས་པོ་ཡང་ནི་དབུལ་བས་སོ། །དེ་ཉིད་མི་ཟད་པར་འདོད་པས། །གང་གང་ཅི་ཡང་ཆེད་ཡིད་དུ། །འོད་དང་ཆེས་ཁྱང་འཕགས་པ་ཉིད། །དེ་དེ་བླ་མ་ལ་དབུལ་བྱ། །སློབ་དཔོན་ལ་ནི་དམ་པ་སྟེ། །འབད་པའི ་སྒོ་ནས་མཆོད་པར་འོས། །འཇིག་རྟེན་རྗེས་གཟུང་རྒྱུ་ཉིད་ཀྱིས། །དེ་ཉིད་དེ་ལྟའི་གཟུགས་ཅན་ནོ། །གང་གིས་བླ་མ་རྡོ་རྗེ་འཛིན། །ཐ་དད་ཉིད་དུ་མཐོང་གྱུར་པ། །དེ་ཡི་དེ་ཉིད་དངོས་གྲུབ་ནི། །ཚོགས་པའི་མཚན་ཉིད་ཅན་མི་འཐོབ། །མཆོད་པ་ཐམས ་ཅད་ཡོངས་སྤངས་ནས། །བླ་མ་མཆོད་པས་ཡང་དག་འབྱུང། །དེ་མཉེས་པས་ནི་ཀུན་མཁྱེན་པའི། །ཡེ་ཤེས་མཆོག་དེ་ཐོབ་པར་འགྱུར། །གང་ཞིག་བསྐལ་པ་བྱེ་བ་ནི། །བརྒྱ་ཕྲག་ཏུ་ཡང་རྙེད་དཀའ་བ། །དེ་ཉིད་སངས་རྒྱས་བརྩོན་ལྡན་ལ།། ་སྐྱེ་བ་འདི་ལ་སྩོལ་བར་མཛད། །བླ་མ་ལ་ཡོན་དབུལ་བའི་ཆོ་གའོ།། །།དེ་ལྟར་ཡོན་ནི་བླངས་ནས་སུ། །བླ་མ་ཡི་དམ་མཉེས་གྱུར་པས། །སློབ་མ་ལ་ནི་རྗེས་གནང་བ། །མཆོད་པ་ཀུན་གྱིས་མངོན་མཆོད་སྦྱིན།། ་སངས་རྒྱས་ཀུན་གྱི་སྤྱན་སྔ་རུ། །བསྡང་ནས་སྡིག་པ་ཀུན་སྤངས་པ། །ཁྱོད་ལ་ངས་དེང་ཕྲེང་བ་སོགས། །དབང་བསྐུར་བ་ཡིས་དབང་བསྐུར་རོ། །ད་ཁྱོད་སྔགས་དང་རྒྱུད་འཛིན་ཅིང། །དཀྱིལ་འཁོར་གྱི་ནི་སློབ་དཔོན་དུ། །སངས་རྒྱས་བྱང་ཆུབ་སེམས་རྣམས་དང། ལྷ་རྣཾས ་ཀྱིས་ཀྱང་ཡང་དག་བཞེད། །ཁྱོད་ཀྱིས་དེ་ཉིད་བདུད་རྣམས་ཕམ། །ཁྱོད་ཀྱི་སངས་རྒྱས་ཐམས་ཅད་བཅོམ། །སེང་གེའི་སྤྱོད་པ་སྤྱོད་བཞིན་དུ། །ཁྱོད་ཀྱིས་སེམས་ཅན་ཀུན་དོན་གྱིས། །ཡང་དག་པ་ནི་རྣམས་ལ་ཡང། །ཆོས་རྣམས་ཀུན་ལ་སེར་སྣ་དང། །སན? ་ཀུན་ལ་མི་ཕན་གང། །དེ་ནི་བུ་ཁྱོད་ཀྱིས་མི་བྱ། །ཇི་ལྟ་ཇི་ལྟར་ལམ་འདི་ལ། །སོམ་ཉི་ཟ་བར་མི་བྱའོ། །སྔགས་ཀྱི་སྤྱོད་ཚུལ་དམ་པ་ནི། །མཚུངས་མེད་ཁྱོད་ཀྱིས་བསྟན་པར་གྱིས། །དཀྱིལ་འཁོར་བྲི་བར་བྱས་ནས་ནི། །སློབ་མ་ཡོངས་སུ་བསྡུ་བར་གྱིས། །དོག ་པ་མེད་པའི་སེམས་ཀྱིས་ནི། །སློབ་མ་ལ་དབང་བསྐུར་བར་གྱིས། །འཇིག་རྟེན་འཇིག་རྟེན་འདས་དངོས་གྲུབ། །བརྟུལ་ཞུགས་བརྟན་པར་ཁྱོད་ཀྱིས་བསྒྲུབས། །དེ་ཉིད་རྟོགས་པའི་སེམས་ལྡན་པས། །དེ་དག་ཐམས་ཅད་འགྲུབ་པར་འགྱུར། །ཆོས་དབྱིངས་བྱིན ་གྱིས་བརླབ་པ་དང། །དམ་ཚིག་རྣམས་ཡོངས་བསྐྱངས་པ་ལས། །རྟག་ཏུ་བླ་མ་གུས་ཁྱོད་ལ། །ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར། །དེ་ལྟར་བྱས་པས་ཤེས་པ་ནི། །སངས་རྒྱས་ལ་ཕན་འདོགས་ཤེས་སྒྲོགས། །དེ་ཕྱིར་སངས་རྒྱས་ཀུན ་མཁྱན་པས། །ཁྱོད་ནི་མངོན་པར་བསྲུང་བར་འགྱུར། །དེ་ནས་སློབ་མ་ལུས་བཏུང་ཅིང། །སྙིང་གའི་རྟེན་ལ་ཐལ་སྦྱར་བས། །བླ་མ་ལ་ནི་ཕྱག་བྱས་ཏེ། །དེ་ཀུན་དེ་བཞིན་ནོ་ཞེས་བརྗོད་སློབ་མ་ལ་རྗེས་སུ་གནང་བ་སྦྱིན་པའི་ཆོ་གའོ།། །། ་ལྷ་རྣམས་སུ་།དཀྱིལ་འཁོར་སྐྱེས་པ་དང། །བུད་མེད་དངོས་པོས་སྤྲུལ་པ་ཡི། །ངོ་བོ་རུ་ནི་རྣམ་པར་གནས། །སླར་ཡང་རང་གི་ལུས་ཀྱིས་ནི། །འཁོར་ལོ་རབ་ཏུ་གཞུག་པར་བྱ། །གཟུགས་སོགས་ཕུང་པོའི་ངོ་བོ་རུ། །རྟག་པ་ལ་སོགས་རབ་ཏུ་གཞུག་།ས་ལ་སོགས ་པའི་རང་བཞིན་དུ། །སྤྱན་མ་ལ་སོགས་གཞུག་པར་བྱ། །མིག་སོགས་སྦྱོར་བ་ཆེ་རིག་པས། །ས་སྙིང་སོགས་དང་ཐབས་ཅིག་ཏུ། །གཟུགས་རྡོ་རྗེ་ལ་སོགས་པ་ཡང། །རང་གི་སྐྱེ་མཆེད་ལ་དགོད་བ། །ལག་སོགས་གཤིན་རྗེ་མཐར ་བྱེད་སོགས་བཀོད་ནས། །དེ་ཉིད་ཇི་བཞིན་ཆོ་ག་བཞིན་བསྟན་ཏེ། །འགྲོ་བ་ཐམས་ཅད་འཁོར་ལོའི་བདག་ཉིད་དུ། །མངོན་སུམ་བལྟས་ནས་ཉེར་བསྡུའི་ཆོ་ག་བྱ། །ཉེ་བར་བསྡུ་བའི་ཆོ་གའོ།། །།མཚན་མོ་ཉིད?་བསྡུ?་བྱས ་པ་ཡིས། །སླར་ཡང་ནང་པར་དུས་སུ་ནི། །རྡུལ་ཚོན་ཐམས་ཅད་ཕྱག་བྱས་ཏེ། །མཆོད་བྱས་ཆུ་ཀླུང་ལ་དོར་བྱ། །དེ་ནས་གཡོན་བརྒྱད་ཞབས་གནས་པས། །གསང་སྔགས་བརྗོད་ཅིང་ཕྱོགས་བརྒྱད་ན། །གནས་པའི་ཕུར་བུ་སྐམ་པ་ཡི། །ཕྱག་རྒྱ་ཡིས་ནི་དབྱུང ་བར་བྱ། །ོཾ་བཛྲ་ཀཱི་ལ་ཡ་ཨུད་ཀཱི་ལ་ཡ་སརྦ་བིགྷཝཱཾ་བཛྲ་དྷར་ཨཱཛྙཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཧོ:། །ཕྱུང་སྟེ་ཕྱི་ནས་དེའི་སྐུད་པ། །སྣོད་ཀྱི་ནང་དུ་གསང་བར་བྱ། །དེ་ནས་ཆུ་དང་ཙན་དན་གྱིས། །གསང་སྔགས་འདི་ཡིས་བཞག་པར་བྱ། །ོ་ཨཱ: ་ཧཱུཾ་སཏྭ་ཀུ་རུ་སྭསྟི་སྭཱ་ཧཱ།། །།དེ་ནས་སྔགས་པས་ཁྲོ་རྒྱལ་རྣམས། །ཕྱི་དང་ནང་གི་མཆོད་པ་ཡི། །མཆོད་པ་གླུ་དང་གར་སོགས་ཀྱིས། །གཏོར་མ་བཏང་བྱ་གཤེགས་སུ་གསོལ། །དེ་ནས་དཀྱིལ་འཁོར་ས་དེ་ནི།། ་བ་ལང་ལྕི་བས་བྱུགས་ནས་ནི། །སེམས་ཅན་དང་ནི་སློབ་མ་ལ། །ཕན་ཕྱིར་ཞི་བའི་སྦྱིན་སྲེག་བྱ། །ཕུར་བུ་འབྱུང་བའི་ཆོ་གའོ།། །།དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱིས་གནS ་ཆོས་ཀུན་བདག?་མེད་པ་ཡི་མཆོག་།དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག་།མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས། །མཚན་ཉིད་མིན་པ་ཐམས་ཅད་སྤངས། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ ་ཀུན་ཏུ་བཟང་པོ་གསུང་གི་མཆོག་།ཞི་བའི་ཆོས་ནི་མཆོ་ལས་བྱུང། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རས?་ཅིང་རང་བཞིན་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་རྒྱུར?། ། ་དཀྱིལ་འཁོར་བཤད་པ་མཛད་དུ་གསོལ། །ཁྱོད་ཞབས་པདྨ་མ་གཏོགས་པར། །གཙོ་བོ་གཞན་ལ་སྐྱབས་མ་མཆིས། །འཁོར་བ་ལས་ནི་བསྒྲལ་བའི་ཕྱིར། །བདག་གི་དཀྱིལ་འཁོར་བྲི་བར་བྱ། །གང་ཚེ་དེ་སྟོང་པའི་རྒྱལ་པོ་འདིས། །རྡོ་རྗེ་སེམས་བདག་བླ ་མ་ལ། །རྡོ་རྗེ་སློབ་མས་གསོལ་བ་ནི། །འདེབས་ཚེ་དཀྱིལ་འཁོར་བྲི་བར་བྱ། །གསོལ་བ་འདེབས་པའི་ཆོ་གའོ།། །།བླ་མའི་དྲིན་གྱིས་རྒྱུད་རྣམས་མཐོང་གྱུར་ཏེ། །དེ་ཤེས་རྣམས་དང་ཡང་དག་རྣམ་དཔྱད་ནས། །ཆོ་ག་རྣམ་པ་ཉི ་ཤུད་རྣམ་ཕྱེ་སྟེ། །གསལ་ཞིང་མདོར་བསྡུས་ཚིག་རྒྱུན་འདིས་བཤད་ནས། །དེང་དུ་བསོད་ནམས་ཕུང་པོ་དཔག་ཏུ་མེད་པ་གང་བསགས་པ། །དེས་ནི་སྐྱེ་ཚོགས་རྡོ་རྗེ་འཛིན་པ་མཆོག་ཉིད་དུ་གྱུར་ཅིང། །དེ་ཉིད་ཀྱིས་ན་བདག་གི་གྲགས་དང་ལྷན་ཅིག ་ཀླུ་ཡི་ནི། །བྱང་ཆུབ་གྱིས་བྱས་རིན་ཆེན་རྡོ་རྗེ་མཆོག་འདི་རིང་གནས་ཤོག་།དཔལ་གསང་བ?་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་ཉི་ཤུ་པ་ཞེས་བྱ་བ་སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་མཛད་པ་རྫོགས་ཤོ།། །། ་བྱ་སའི་གཙུག་ལག་ཁང་དུ་ཤུད་ཀྱི་སྟོན་པ་དང་མ་རྡོ་རྗེས་ཞུས་ནས། །རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཆེན་པོ་ཏི་ལ་ཀ་ཀ་ལ་ཤ་ཞེས་བྱ་བ་ཕ་རོལ་ཏུ་ཕྱིན་པ་གསང་སྔགས་ཀྱི་ཐེག་པ་ལ་སོགས་པ་མཛའ་དག་ཆུབ་པའི་ཞལ་སྔ་ནས་དང། བོད་ཀྱི་སྒྲང? ་བསྒྱུར་གྱི་ལོ་ཙཱ?་བ་ཆེན་པོ་དནདེ་པ་ཙབ་ཉི་མ་གྲགས་ཀྱིས་བསྒྱུར་བའོ།། །། *། །རྒྱ་གར་སྐད་དུ། ཀརྨ་ཨནྟ་བི་བྷངྒ་ནཱ་མ། བོད་སྐད་དུ། ལས་ཀྱི་མཛའ་རྣམ་པར་འབྱེད་པ་ཞེས་བྱ་བ་དཔལ་རྡོ་རྗེ ་