| Wylie | e-texts based on the ACIP/ALL Input |
བསྔལ་རྒྱ་མཚོར་འཁོར་འགྱུར་ལས། །ལེགས་སྦྱངས་ཕ་རོལ་སོན་པའི་འབྲས་ལྡན་དེ་ལ་བསྟོད་ཕྱག་འཚལ། །སློབ་དཔོན་ཆེན་པོ་ཨཱརྱ་དེ་བས་མཛད་པའི་བདག་བྱིན་གྱིས་བརླབ་པའི་རིམ་པ་རྫོགས་ཤོ།། །། *། །རྒྱ་གར ་སྐད་དུ། ཨི་བྷི་བོ་དྷི་ཀྲ་མ་ཨུ་པ་དེ་ཤ་།བོད་སྐད་དུ། མངོན་པར་བྱང་ཆུབ་པའི་རིམ་པའི་མན་ངག་།འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་ཏེ། །མངོན་པར་བྱང་ཆུབ་རིམ་བཤད་བྱ། །ཐུབ ་པ་ཆེན་པོས་ཆོས་རྣམས་ནི། །བརྒྱད་ཁྲི་བཞི་སྟོང་གསུངས་པ་ལ། །མངོན་པར་བྱང་ཆུབ་མཚན་ཉིད་ནི། །སྙིང་པོ་ལས་ཀྱང་སྙིང་པོར་གསུངས། །མངོན་པར་བྱང་ཆུབ་རྣམ་བ?་གཉིས་ཏེ། །ཕྱི་དང་ནང་གི་ཞེས་སུ་བཤད། །ཕྱི་ནཱི་མདོ་སྡེ་རྣལ་འབྱོར་རྒྱུད། ། ་ཐུབ་པ་མི་གཡོ་ལ་ཞུགས་ལ། །རྒྱལ་བ་ཀུན་གྱིས་འདི་སྐད་བསྐུལ། །འདིས་ནི་མཐར་ཐུག་མི་ཐོབ་སྟེ། །ནམ་མཁའ་ཨི་དཀྱིལ་ལྟར་མཆོག་གྱུར་པ། །འོད་གསལ་བ་ཡི་གནས་ཐོབ་ནས། །རང་འགའ་གཟུགས་སུ་སྐྱེ་འགྱུར་གསུངས། །དེ་ལྟར་ཐམས་ཅད་སྟོང ་བསྒོམས་པས། །བྱང་ཆུབ་སྙིང་པོར་མངོན་སངས་རྒྱས། །བྱང་ཆུབ་སེམས་དཔའ་དོན་གྲུབ་ལ། །རིགས་བཞིའི་བདེ་བར་གཤེགས་པ་ཡིས། །མངོན་པར་བྱང་ཆུབ་ལྔ་བརྟགས་པས། །དེ་བཞིན་བྱང་ཆུབ་སེམས་དཔའ་དེས། །མངོན་པར་བྱང་ཆུབ ་ལྔ་བསྒོམས་པས། །འོག་མིན་གནས་དང་རི་རབ་རྩེར། །རྣམ་པར་སྣང་མཛད་རྡོར་དབྱིངས་སུ། །མངོན་པར་སངས་རྒྱས་ཕྱི་ཡི་ཚུལ། །ནང་ནི་གསང་སྔགས་ནང་ཚུལ་ཏེ། །སྐྱེ་བོ་འདོད་ཆགས་ཅན་དོན་དུ། །བཅོམ་ལྡན་རྣམ་པར་སྣང་མཛད་ཀྱིས ་འདོད་ཆགས་ཆེན་པོའི་ཚུལ་ཉིད་ཀྱིས། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ། །ཉིད་ཀྱིས་འཁོར་བསྡུས་གཟུགས་སྤྲུལ་ཏེ། །བདེ་བའི་རྣམ་པ་སྣང་བ་གསུམ། །ཟིལ་མནན་འོད་གསལ་མི་རྟོག་པས། །བདག་བྱིན་བརླབ་པའི་གཞལ་ཡས ་བསྐྱེད། །སྔགས་ཀྱིས་བདག་པོར་བྱིན་བརླབས་ཏེ། །ཞལ་གསུམ་ལྟ་བུར་དབུས་སུ་བཞུགས། །ཆོས་བཤད་འཁོར་རྣམས་རིམ་བྱུང་བ། །དེ་ནི་ནང་གི་མངོན་བྱང་ཆུབ། །ཡང་ན་ནན་གི་ཕྱི་ཉིད་ནི། །ཕྱག་རྒྱ་མོ་མར?་བ་བརྟེན་ཏེ། །སྣང་གསུམ ་རིམ་མྱོང་ལས་འདས་པའོ། །ཐམས་ཅད་སྟོང་བའི་འོད་གསལ་བ་།བླ་མའི་མན་ངག་ལས་རྙེད་པ། །དེ་ནི་ནང་གི་?་ཞེས་བཤད། །ནང་གི་ནང་ནི་ཕྱག་རྒྱ་ཐལ། །དང་པོ་སྨིག་རྒྱུ་འོད་ཀྱི་འཚུལ། །བདེ་བ་རྟོག་བྲེལ་ཉན? ་མྱོང་གསུམ། །གསུམ་པོ་ལས་འདས་གསུམ་པོ་ཉིད། །ཐམས་ཅད་སྟོང་པའི་རང་བཞིན་དག་།བླ་མའི་མན་ངག་ལས་བརྙེད་པའོ། །དེ་བཞིན་རྗེས་འཇུག་རྣལ་འབྱོར་པའི། །ཉམས་སུ་བླང་བའི་བསམ་གཏན་ནི། །སྟོང་པ་གསུམ་གྱི་རྣམ ་དག་གང། །འོད་གསལ་ཐམས་ཅད་སྟོང་པ་སྟེ། རྒྱུ་བ་དང་ནི་མི་རྒྱུ་བ། །ལུང་དང་རིགས་པའི་གཏན་ཚིགས་ཀྱིས། །གཞིགས་ཏེ་འོད་གསལ་བར་བྱས་ནས། །ཕྱི་ནས་རང་ཉིད་དེ་བཞིན་བྱེད། །རྗེས་གཞིག་རིག་གིS་མཐུན་མོང་ངོ། །མངོན་པར ་བྱང་ཆུབ་ལྔ་བསྒོམས་པས། །དེ་ཡང་རྗེས་འཇུག་བསམ་གཏན་ནོ། །ཁྱད་པར་རྗེས་འཇུག་བསམ་གཏན་ནོ། །གཟུང་འཛིན་བྲལ་བའི་སྣང་གསུམ་ཉིད། །ལྷའི་དེ་ཉིད་སྒྱུ་མའི་སྐུ། །བདག་བྱིན་བརླབས་པའི་རིམ་དུ་བཤད། །དེ་ཉིད་རིལ་པོར ་འཛིན་རྣམས་ཀྱིས། །མགོ་བོ་ནས་ནི་རྐང་པའི་བར། །ཇི་སྲིད་སྙིང་ཀར་ཕྱིན་གྱི་བར། །དབུགས་ཀྱི་རླུང་ནི་མེ་ལོང་ལ། །ཇི་ལྟར་ཀུན་ཏུ་ཐིམ་གྱུར་ལྟར། །རྣལ་འབྱོར་ཡང་དག་མཛའ་ཨ་ལ་འཇུག་།ཐམས་ཅད་སྟོང་པ་གང་ཡང་མིན། རིལ་པོར ་འཛིན་པ་ཞེས་སུ་བཤད། །ཡང་ན་ཡང་དག་སྣང་གསུམ་ཡིན། །ཆོས་བདག་མེད་པའི་རིགས་པ་ཡིས། །གཞིགས་པའི་སྒྱུ་མའི་སྣང་བ་གསུམ། །དེ་ཉིད་རིགས་པས་ཡང་གཞིགས་པས། །འོད་གསལ་ཐམས་ཅད་སྟོང་པ་ཉིད། །དེ་ཉིད ་རྗེས་གཞིག་ཐུན་མོང་ངོ། །ཡང་ན་ཁྱད་པར་སྣང་བ་གསུམ། །འབྱུང་བའི་རིམ་གྱི་སྒྱུ་མའི་སྐུ། །སྨིག་རྒྱུ་ལྟ་བུའི་ཡིད་ཀྱི་ལུས། །བདག་ལ་བྱིན་གྱིས་བརླབས་པ་ཉིད། །མགོ་བོ་ནས་ནི་རྐང་པའི་བར། །སྙིང་ཀའི་བར་ལ་སྣང་བ་གསུམ། །འདུས ་པའི་ཁྲོག་ལ་ཇེ་ཆུང་ནས། མེ་ལོང་གི་ནི་རླུང་བཞིན་དུ། །མི་དམིགས་འོད་གསལ་ཐམས་ཅད་སྟོང། །རིལ་པོར་འཛིན་པ་ཞེས་སུ་བཤད། །ཇི་ལྟར་མར་མེ་བུམ་ནང་གནས། །ཕྱི་རོལ་ཏུ་ནི་སྣང་མི་འགྱུར། །བུམ་པ་དེ་ཉིད་བཅག་བྱུང?་ན། ། ་དེ་འོག་མར་མེའི་འོད་སྣང་འགྱུར། །དེ་བཞིན་བུམ་པ་རང་ལུས་ཉིད། །དེ་ཉིད་མར་མེ་ལྟ་བུ་ཡིན། །བླ་མའི་ཞལ་གྱིས་ལེགས་བཅགས་ནས། །སངས་རྒྱས་ཡེ་ཤེས་གསལ་བར་འགྱུར། །སྣང་བ་གསལ་ཏེ་མི་དམིགས་བ། །? ་པར་ལྟ་བར་འགྱུར་ཞེ་ན། །སྣང་བ་མི་སྣང་ཡོད་མེད་སོགས། །དེ་ཀུན་བལྟོས་བའི་རིགས་པ་ཡིས། །སྣང་ཡོད་ལ་སོགས་བསྒྲུབས་གྱུར་ན། །མི་སྣང་མེད་སོགས་འགྲུབ་པར་འགྱུར། །སྣང་ཡོད་ལ་སོགས་མ་གྲུབ་ན། །མི་སྣང་མེད་སོགས་ག་ལ ་འགྲུབ། །མཛའ་བྲལ་དབུས་ཀྱང་མི་དམིགས་ཏེ། །ཐམས་ཅད་སྟོང་པ་འོད་གསལ་བ། །སྤྲོས་པ་ཀུན་བྲལ་གང་ཡང་མིན། །ཆང་པར་ལྟ་བ་ག་ལ་ཡིན། །དེ་ཡི་མཚན་ཉིད་ཡོད་མེད་དང། །སྣང་དང་མི་སྣང་རྟག་ཆད་སོགས། །ཕོ་མོ་མ་ནིང་ཁ ་དོག་དབྱིབས། །བསྐྱེད་དང་སྔགས་དང་སེམས་ལ་དམིགས། །བདེན་གཉིས་འཁོར་འདས་ལ་སོཌ་དང། །བསོད་ནམས་གཟུགས་དང་སྡིག་གཟུགས་མིན། །སྐུ་དང་ཡོན་ཏན་གང་ཡང་མིན། །བརྗོདཔའ་ཨི་ཐ་སྙད་ཀུན་དང་བྲལ། །ེ་མའོ་ཀུན་ཏུ ་བཟང་པོ་ཡི། །རྡོ་རྗེ་སྐུ་དང་གསུང་ཐུགས་སོགས། །སྐྱེ་བ་མེད་པའི་ཚུལ་གྱི་ནི། །སྐྱེ་བ་དག་ཏུ་རབ་ཏུ་བསྒྲགས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །སྐྱེས་དང་མ་སྐྱེས་གཉིས་སུ་མེད། བདོལ་པོ་མེད་པ་བསྒོམ་པའི་དངོས། །བསློམ་པར ་བྱ་བ་བསྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །བསློམ་པ་དམིགས་སུ་མེད་པའོ། །དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང། །གཟུང་དང་འཛིན་པ་རྣམ་སྤངས་བ?། །ཆོས་བདག་མེད་པ་མཉམ ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པས། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །དངོས་པོ་འདི་རྣམས་མ་སྐྱེས་པས། །ཆོས་དང་ཆོས་ཉིད་མེད་པ་སྟེ། །ནམ་མཁའ་ལྟ་བུར་བདག་མེད་པ། །བྱང་ཆུབ་ཚུལ་ནི་བརྟན་པའོ། ། ་ཆོས་རྣམས་ཐམས་ཅད་དངོས་མེད་པས། །ཆོས་ཀྱི་མཚན་ཉིད་རྣམ་པར་སྤངས། །བདག་མེད་ཆོས་ལས་ཀུན་ཏུ་འབྱུང། །བྱང་ཆུབ་ཚུལ་འདི་བརྟན་པའོ། །མ་སྐྱེས་པ་ཡི་ཆོས་རྣམས་ལ། །ངོ་བོ་མེད་དེ་བསྒོམ་པའང་མེད། །ནམ་མཁའ་ཨི་ཚུལ ་དུ་སྦྱོར་བ་ཡིས། །དངོས་པོ་དག་ཏུ་རབ་ཏུ་གྲགས། །ཆོས་རྣམས་རང་བཞིན་འོད་གསལ་བ། །གདོད་ནས་དག་པ་ནམ་མཁའ་བཞིན། །བྱང་ཆུབ་མེད་ཅིང་རྟོག་པ་མེད། །བྱང་ཆུབ་ཚུལ་ནི་བརྟན་པའོ། །མངོན་པར་བྱང་ཆུབ་མངོན་སངས་རྒྱས།། ་བདག་གི་དེ་ཉིད་ཆོས་ཀྱི་དབྱིངས། །དེ་བཞིན་ཉིད་ལ་སོགས་པའི་ཚིག་།ཐམས་ཅད་དེ་ཡི་རྣམ་གྲངས་སོ། །སུས་ཀྱང་མ་བྱས་མ་བཅོས་པ། །མ་བསླད་མི་འགྱུར་དེ་བཞིན་ཉིད། །བྱང་ཆུབ་ནམ་མཁའ་ཨི་མཚན་ཉིད་པས། །མངོན་པར་བྱང་ཆུབ ་ཅེས་བརྗོད་དོ། །དེ་ཉིད་རྟོགས་ཏེ་མཐོང་སྒོམ་ཚེ། །གཞན་གྱི་དོན་དུ་ལན་འགའ་ཞིག་།ཆུ་ལས་ཉ་ལྡང་ཇི་བཞིན་དུ། །བདག་བྱིན་བརླབ་པའི་རིམས་ཀྱིས་ནི། །རྩོལ་བས་སྐུར་བཞེངས་དོན་མཛད་དེ། །ད་དུང་བདེན་གཉིས་ཕྲ་མོར་སྣང།། ་དེ་ནས་ཟུང་འཇུག་ཡེ་ཤེས་སྐྱེ། །ཆོས་རྣམ་གང་ལའང་མི་བཟོད་དང། །འཇིགས་སྐྲག་ཉམ་ངའི་རྟོག་པ་མེད། །གཉིས་པ་ཐམས་ཅད་རྣམ་སྦྱངས་པའི། །དབྱེར་མེད་ཟུང་དུ་འཇུག་པ་ཉིད། །དེ་ལྟར་རྟོགས་པས་ཐག་བཅད་དེ། །སྤྱོད་པའང ་དེ་བཞིན་གཉིས་མེད་པའོ། །སྔགས་པས་སེངྒེ་བཞིན་དུ་སྤྱོད། །ཟུང་འཇུག་ཏིང་ངེ་འཛིན་བསླབས་པས། །མི་སློབ་ཟུང་འཇུག་ཆོས་སྐུ་ཐོབ། །ཡིད་བཞིན་ནོར་བུ་རིན་ཆེན་ལྟར། །མི་རྟོག་སྨོན་ལམ་དབང་གིས་ན། །གཟུགས་སྐུ ་ལ་སོགས་ཡོན་ཏན་རྣམས། །གདུལ་བྱ་དག་པའི་ངོ་ལ་སྣང། །མ་རུངས་ཕྱི་མའི་དུས་སུ་ནི། །ལུང་ཟབ་མན་ངག་མི་བསྟེན་པར། །འཐད་སྒྲུབ་རིགས་པས་གཙོར་བྱེད་པས། །རང་རང་གྲུབ་མཛའ་དམ་པར་འཛིན། །སྦས་དོན་ཙམ་གྱི་མཆོག་བྱེད་ཅིང།། ་མཐར་ཐུག་ལྟ་བ་ཟབ་མོ་ལ། །མི་མོས་སླར་ཡང་སུན་འབྱིན་བྱེད། །དེས་ནི་བདག་གཞན་དོན་བརླག་འགྱུར། །གླང་ཆེན་མྱོས་པ་རང་ཡན་གྱིས། །གླང་རྫི་ལྕགས་ཀྱུ་ལྡན་པ་ཡི། །གླང་ཆེན་གཞོན་ཡང་སུན?་འབྱིན་བརླབ།།གླང་རྫི་ལྕགས་ཀྱུ ་ཉིད་ཀྱང་འཇོམས། །དེ་ནི་རྒྱལ་པོའི་སྐོར་མིན་ཏེ། །རང་གཞན་གཉིས་ཀའི་དོན་རླག་བྱེད། །དེ་བཞིན་གཉིས་དང་ལྡན་པ་ཡི། །རིགས་པའི་གླང་པོ་རིང་ཡན་གྱིས། །གཉིས་ལྡན་རིགས་པའང་སུན་འབྱིན་ཞིང། །གཉིས་པ་ཉིད་ཀྱང་འཇོམས་པར་བྱེད།། ་དེ་ནི་གསང་སྔགས་ལ་མིན་ཏེ། །བདག་གཞན་གསང་བའི་དོན་རླག་བྱེད། །སེང་གེའི་གཟུགས་ཅན་ང་རྒྱལ་གྱིས། །ཝ་ཡི་ཚིག་གིས་ཟབ་མོ་ཡི། །མཉམ་ཉིད་གང་ཡང་མ་ཡིན་པ། །སྟོང་ཉིད་ལྟ་བ་སུན་འབྱིན་འཇོམས། །རིན་ཆེན་རྫབ་ཏུ་བསྣབས ་གྱུར་ཀྱང། །འོད་དང་ཡོན་ཏན་རང་སྣང་བཞིན། །མཐར་ཐུག་ལྟ་སྨན་རྗེས་བསྣུབས་ཀྱང། །རྩལ་ཅན་བློ་ལ་འབར་ཞིང་སྣང། །སུར་འཛིན་དམན་དང་བརྩད་དུས་སུ། །འཐད་སྒྲུབ་རིགS་པ་གཉིས་གཙོ་སྟེ། །འཇིག་རྟེན་གྲགས་ཏེ་གཙོར་བྱེད་པས།། ་གོང་མའི་ལུང་དག་མི་ཚད་ཀྱང། །གསང་སྔགས་མཐར་ཐུག་ལྟ་དུས་སུ། །ཡིད་དང་དབང་པོ་མངོན་སུམ་དང། །རྗེས་སུ་དཔག་པ་མི་ཚང་དེ། །ལུང་ཟབ་མན་ངག་ཚད་མེད་བྱ། །གང་ཞིག་ང་རྒྱལ་གྱིས་སྦགས་ཤིང། །དེ་ཉིད་ཆོས་ལ་བརྙས ་བྱས་བྱེད། །ཡང་དག་རིམ་པ་སུན་འབྱིན་པ། །མནར་མེད་སེམས་ཅན་དམྱལ་བར་ལྟུང། །གང་ཞིག་སློབ་དཔོན་སྨོད་པ་དང། །ཐེག་པ་ཆེན་པོ་སུན་འབྱིན་དང། །མི་གང་གསང་སྔགས་རྒྱུད་དག་གིས། །སྦྱོར་བ་ལ་ནི་འཕྱ་བྱེད་པ། །དེས་ནི་དངོས་གྲུབ ་ཐོབ་མི་འགྱུར། །དེ་ནི་རྟག་ཏུ་གདོན་གྱིས་འཛིན། །ཁ་བ་ལེན་རྡོ་ལ་ལྕགས་འདུ་ལྟར། །མི་འདོད་ཡིད་དུ་མི་འོང་བ། །ཚེ་འདིར་མི་འདོད་སྣ་ཚོགས་འདུ། །ཕྱི་མར་ངན་སོང་གསུམ་མཐར་ལྟུང། །དངོས་པོ་དོན་དམ ་མི་ཤེས་པར། །ཕྱི་རོལ་དངོས་ལ་མངོན་ཞེན་པས། །ངན་པར་རྟོག་པའི་རྣམ་རྟོག་གིས། །རིན་ཆེན་སེམས་ནི་དྲི་མར་བྱས། །སྒྱུ་མར་འཛིན་ལ་མངོན་ཞེན་ཅིང། །དོན་དམ་ཕྱི་རོལ་བྱས་པ་ཡི། །ལྟ་བ་དམན་པ་བ་རྣམས་ཀྱིས། །བླ་མེད ་བྱང་ཆུབ་ཇི་ལྟར་ཐོབ། །ཐ་སྙད་ཚིག་གི་ང་རྒྱལ་གྱིས། །བླ་མ་མི་བསྟེན་བསྙེན་བསྐུར་མེད། །དམན་པའི་ལྟ་བ་ལ་མོས་ཏེ། །སྦས་གསུམ་ལྟ་ཞེན་མི་གཏོང་ཞིང། །མཐར་ཐུག་དོན་ལམ་མོས་ཏེ། །རིགས་པ་གཙོར་བྱེད་ཤེས་རབ་ཀྱིས། ་མཐར་ཐུག་ཟབ་མོ་སུན་འབྱིན་པ། །དེ་ལ་དེ་ཉིད་བསྟན་མི་བྱ། །གང་ཞིག་བླ་མ་བསྙེན་བཀུར་ཞིང། །ཐམས་ཅད་སྟོང་པས་མི་སྐྲག་བཟོད། །མཐར་ཐུག་དོན་ལ་དད་མོས་ལ། །དེ་ལ་བླ་མའི་དྲིན་སྦྱིན་བྱ། །འཕགས་པ་ཀླུ་སྒྲུབ་མན་ངག ་ལ་བརྟེན་ནས། །བདག་གིས་མཆོག་ཏུ་གསང་བ་འདི་བཤད་པས། །ཀུན་གྱིས་ཀུན་རྫོབ་བདེན་པ་དག་གྱུར་ནས། །མཐར་ཐུག་དོན་རྟོགས་བྱང་ཆུབ་མི་དམིགས་སྔོ། །མངོན་པར་བྱང་ཆུབ་པའི་རིམ་པ་འབྲས་བུ་དང་བཅས་པ། སློབ ་དཔོན་འཕགས་པ་ལྷས་མཛད་པའི་མན་ངག་རྫོགས་ཤོ།། །།རྒྱ་གར་གྱི་མཁན་པོ་ཤྲའདྡྷ་ཀ་ར་བརྨཱ་དང། །དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། ་