| Wylie | e-texts based on the ACIP/ALL Input |
པའོ།། །།འདི་ལ་རྒྱ་གར་གྱི་ཤལོ་ཀ་སྟོང་སུམ་བརྒྱ་ཡོད། །ཕྱག་དཔེ་གཉིས་ལ་གཏུགས་སོ།། །།སེམས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བ་ཞེས་བྱ་བ་སློབ་དཔོན་ཆེན་པོ་འཕགས་པ་ལྷས་མཛད་པ་བཞུགས་སོ། །*། །རྒྱ་གར་སྐད་དུ་། ཙིཏྟཱ་བ་ར་བི་ཤོ་དྷ་ནཱ་མ་བྲ ་ཀཱ་ར་ཎཾ། བོད་སྐད་དུ། སེམས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བ་ཞེས་བྱ་བའི་རབ་ཏུ་བྱེད་པ། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཐོག་མ་མཐཱ་མ་མེད་ཞི་བ། །དངོས་དང་དངོས་མེད་རྣམ ་པར་སྤངས། །རྣམ་པར་རྟོག་མེད་དམིགས་དང་བྲལ། །གནས་པ་མེད་པ་གཉིས་མེད་པ། །འགྲོ་བ་མེད་པ་དཔེ་མེད་པ། །རྗོད་དུ་མེད་པ་བལྟར་མེད་པ། །གནས་པ་མེད་པ་གནས་མེད་པ། །འགྱུར་བ་མེད་པས་འདུས་མ་བྱས། །སངས་རྒྱས་ཐམས་ཅད ་ཀྱི་ནི་གནས། །སྐུ་ནི་སྙིང་རྗེའི་རང་བཞིན་ཉིད། །སེམས་ཅན་མོས་པ་སྣ་ཚོགས་ལ། །ཐབས་རྣམས་སྣ་ཚོགས་རབ་སྟོན་པའོ། །འདོད་ཆགས་ཆེན་པོ་ཚུལ་ཕྱག་འཚལ། །པདྨ་གར་དབང་ཁྱོད་ཕྱག་འཚལ། །རང་གི་སེམས ་ནི་རྟོགས་བྱའི་ཕྱིར། །ཅུང་ཞིག་ཙམ་ཞིག་བརྗོད་པར་བྱ། །རྣལ་འབྱོར་སྤྱོད་པའི་ཚོགས་ཀྱི་ནི། །ཐམས་ཅད་ཉིད་དུ་རབ་ངེས་པ། བརྗོད་བར་བྱ་བ་འདི་དག་ཉིད། །དེ་ཕྱིར་འདི་དག་སྤྱད་པར་བྱ། །ལས་དྲག་གང་གི་འགྲོ་བ་རྣམས། །གང་དང་གང་དུ་འཆིང ་འགྱུར་བ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་ལས་གྲོལ་བར་འགྱུར། །སེམས་ཙམ་རྣམ་པར་དག་པའི་ཕྱིར། །འབྲས་བུ་རྣམ་པར་དག་པར་འགྱུར། །འདི་དག་ཤིན་ཏུ་རྒྱས་པར་ནི། །ཐེག་པ་ཆེན་པོར་གསལ་བར་བསྟན། །ཆོས ་དང་གང་ཟག་དབྱེར་མེད་པ། །ཡེ་ཤེས་ཙམ་དུ་ཐུབ་པས་གསུངས། །དེ་ལྟ་ན་ཡང་འདི་ལྟར་འབྱུང། །རིགས་པ་དང་ཡང་རབ་ཏུ་མཐུན། །དངོས་འཛིན་གདོན་གྱིས་ཟིན་པ་ཡིས། །ཞེན་པ་རབ་ཏུ་གསལ་བྱའི་ཕྱིར། །ལུང་ལས་ཀྱང་ནི་གསལ་པོ་རུ།། ་རྒྱས་པར་སྙིང་རྗེའི་བདག་ཉིད་གསུངས། །ཆོས་རྣམས་སྔོན་དུ་འགྲོ་བའི་ཡིད། །ཡིད་གཙོ་ཡིད་ནི་མགྱོགས་པ་སྟེ། །ཡིད་གཉིས་ཀྱིས་ནི་འབད་པ་ཡང། །སྨྲ་བའམ་ནི་བྱེད་པའོ། །དགེ་སློང་རང་གི་ཕ་རྒན་གྱིས། །མྱུར་གྱིས་ཞེས་ནི་བསྐུལ ་གྱུར་ནས། །བསྐུལ་བས་དེ་ཉིད་ཤི་གྱུར་ཀྱང། །མཚམས་མེད་སྦྱོར་པ་མ་ཡིན་ནོ། །ཤིན་ཏུ་ན་བའི་དགྲ་བཅོམ་པས། །དགེ་སློང་ནད་གཡོག་བྱེད་པ་ལ། །ང་ཡིས་མགྲིན་པ་སྡོམས་ཞེས་བསྟན། །དེ ་ནི་ཤི་ཡང་སྐྱོན་མེད་བསྟན། །འདུ་ཤེས་གཞན་གྱིས་གཞན་དག་ནི། །ཤི་ཡང་ཉེས་ཏེ་མི་སྤྱོད་པར། །འདི་འདྲ་ལུང་ལས་གསལ་པོར་བསྟན། །དེ་ཕྱིར་སེམས་དགེ་ཉེས་པ་མེད། །དེ་འདུས་བྱས་པའི་བློ་ཡིས་ནི། །མཆོད་རྟེན་བཤིག་ཀྱང ་ཉེས་མེད་དེ། །ཉེ་བའི་མཚམས་མེད་བྱས་པས་ཀྱང། །བསོད་ནམས་ཕུང་པོ་འབའ་ཞིག་གོ་། བསམ་པ་བཟང་པོས་མཆིལ་ལྷམ་གཉིས། །ཐུབ་པའི་དབུལ་བཞག་པ་དང། །དེ་ཉིད་གཞན་གྱིས་བསལ་བྱས་པ། །གཉིས་ཀས་རྒྱལ་སྲིད་ཐོབ་པར ་འགྱུར། །དེ་ཕྱིར་བསམ་པའི་རྩ་བ་ལས། །བསོད་ནམས་སྡིག་པ་རྣམ་པར་གནས། །ལུང་ལས་འདི་ལྟར་གསུངས་བའི་ཕྱིར། །སེམས་དགེ་བ་ལས་ཉེས་པ་མེད། །རང་ལྷར་སྦྱོར་བའི་བདག་ཉིད་ཀྱིས། །འགྲོ་བའི་དོན་ནི་བྱེད་བརྩོན་པས། །རྣལ་འབྱོར ་འདོད་ཡུལ་ལོངས་སྤྱོད་ཀྱང། །གྲོལ་འགྱུར་གོས་པར་མི་འགྱུར་རོ། །ཇི་ལྟར་དུག་གི་དེ་ཉིད་ཤེས། །དུག་པ་སྤྱད་ནས་ཟ་བར་བྱེད། །འདི་ནི་བརྒྱལ་བར་མི་འགྱུར་ཞིང། །ནད་ལས་ཐར་པ་འགའ་ཞིག་འགྱུར། །སྒྱུ་མ་སྨིག་རྒྱུ་དྲི་ཟ་ཡི། །གྲོང་དང་རྨི་ལམ ་ཇི་བཞིན་དུ། །འགྲོ་བ་ཐམས་ཅད་རྣམ་བལྟས་ལ། །ཅི་ཞིག་ཇི་ལྟར་སུ་ཞིག་སྤྱོད། །བྱིས་པ་རྣམས་ནི་གཟུགས་ལ་ཆགས། །འབྲིང་པོ་རྣམས་ནི་ཆགས་བྲལ་འགྱུར། །གཟུགས་སོགས་ངོ་བོ་ཉིད་ཤེས་ནས། །བློ་མཆོག་རྣམས་ནི་གྲོལ་བར་འགྱུར། ། ་དམ་ཚིག་ཐམས་ཅད་རྣམ་བསམ་ལ། ལྷ་ལ་མཆོད་པའི་ཆོག་ཡིས། །ཐེ་ཚོམ་མེད་པར་བཟང་པོར་བལྟ། །སྔགས་ཀྱིས་བསྐུལ་ལ་ལོངས་སྤྱོད་བྱ། །ཡི་གེ་གསུམ་གྱི་སྦྱོར་བ་ཡིས། །སྦྱང་དང་རྟོགས་དང་དེ་བཞིན་སྤང། །སྲིད་ལག་མཐེ་བོང་རྩེ་མོ ་ཡི། །དེ་བཞིན་གཤེགས་རྣམས་ཆིམ་བར་བྱ། །བྱིས་པ་རྣམས་ལ་འདི་བདེན་པ། །དེ་ནི་རྣལ་འབྱོར་བ་ལ་བརྫུན། །དེ་ཙམ་ཞིག་ཏུ་ལོངས་སྤྱོད་པ། །བཅིངས་པ་མེད་ཅིང་གྲོལ་བ་མེད། །འཁོར་བ་མྱ་ངན་འདས་པ་ཞེས། །དེ་ཉིད་མ་མཐོང་བ་ཡི ་སེམས། །འཁོར་མེད་མྱ་ངན་།འདས་མེད་དེས། །དེ་ཉིད་མཐོང་བ་རྣམས་ཀྱིས་སེམས། །རྣམ་པར་རྟོག་པ་གདོན་ཆེན་པོ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །རྣམ་པར་མི་རྟོག་བདག་ཉིད་ཆེས། །སྲིད་པའི་མཆིང་ལས་གྲོལ་བར་འགྱུར། ། ་ཐེ་ཚོམ་དུག་གིས་གནོད་པ་ནི། །སྐྱེ་?་དུག་གིས་གནོད་པ་བཞིན། །དེ་ཉིད་རྩ་བ་ནས་བཏོན་ལ། །སྙིང་རྗེའི་བདག་ཉིད་ཅན་གྱིས་སྤྱད། །དཔེར་ན་ཤེལ་སྒོང་དག་པ་ནི། །ཁ་དོག་གཞན་གྱིས་བསྒྱུར་བར་བྱེད། །དེ་བཞིན་རིན ་ཆེན་སེམས་འདི་ཡང། །རྟོག་པའི་ཆེན་གྱིས་བསྒྱུར་བ་ཉིད། །ཐ་མལ་རྟོག་པའི་ཚོན་གྱིས་ནི། །རིན་ཆེན་སེམས་ནི་དབེན་འགྱུར་ན། །ཐོག་མ་ནས་དག་མ་སྐྱེས་པ། །གཉུག་མའི་རང་བཞིན་དྲི་མེད་གང། །བྱིས་པས་གང་དང་གང་སྨད་པ། །དེ་དང་དེ་ལ ་འབད་པས་སྤྱོས། །རང་གི་ལྷ་ཡི་སྦྱོར་བ་ཡིས། །སེམས་ནི་དྲི་མེད་བྱ་བའི་ཕྱིར། །རྣལ་འབྱོར་དགེ་བའི་སེམས་ཀྱིས་ནི། །ཆགས་མེད་དུག་གིས་རྨོངས་པ་ཡིས། །འདོད་ཅན་མ་ལ་འདོད་སྤྱད་པས། །འདོད་པས་ཐར་པ་ཐོབ་པར་འགྱུར། །དཔེར་ན་བདག ་ཉིད་མཁའ་ལྡིང་དུ། །བསྒོམས་ནས་དུག་ཀུན་འཐུང་བྱེད་པ། །བསྒྲུབ་བྱའི་དུག་གཀྱང་མེད་པར་བྱེད། །དུག་གིས་ཟིལ་གྱིས་མི་ནོན་ནོ། །འཁོར་ལོ་དཔག་ཚད་བཅུ་གཉིས་པ། །ལྕགས་བྱས་མགོལ་འཁོར་བ་ཡང། །བྱང་ཆུབ་སེམས་ནི་བསྐྱེད་མ་ཐག་།མེད་པར་གྱུར ་ཞེས་ཐོས་པ་ཡིན། །བྱང་ཆུབ་སེམས་ནི་ཡང་དག་བསྐྱེད། །རྫོགས་པའི་བྱང་ཆུབ་སེམས་བྱས་པ། །དེ་ཡིས་མི་བྱ་གང་ཡང་མེད། །འགྲོ་བ་བཟུང་བའི་བསམ་པ་ཡིས། །ཐོག་མ་ནས་དག་མ་སྐྱེས་པ། །དངོས་པོ་མེད་པ་དྲི་མེད་པ། །འགྲོ་བ་བསམ་པས་ཡང ་དག་མཐོང། །བཅིངས་པ་མེད་ཅིང་གྲོལ་བ་མེད། །ལྷ་ཡི་ཡོན་ཏན་རྒྱས་པར་ནི། །རྣལ་འབྱོར་ཆོག་བཞིན་བསམས་ནས། །ཆགས་པའི་སེམས་ཀྱིས་ཆགས་པའམ། །ཆགས་པ་སྤྱད་ནས་གྲོལ་བར་འགྱུར། །ཅི་བྱ་གང་ལ་དམིགས་ཤེས་ན། །དངོས་པོ་ནུས ་པ་སྣ་ཚོགས་པ། །ཇི་ལྟར་དུག་གིས་ཟིན་པ་འགའ་། །དུག་ཉིད་ཀྱིས་ནི་དུག་མེད་བྱེད། །རྣ་བའི་ཆུ་ལ་ཆུ་ཉིད་དང། །ཚེར་མ་ཟུག་ལ་ཚེར་མ་ལྟར། །དེ་བཞིན་ཆགས་ལ་ཆགས་ཉིད་ཀྱིས། །མཁས་པ་རྣམས་ཀྱིས་འཛིན་པར་བྱེད། །དཔེར་ན་ཁྲུས་མཁན ་དྲི་མ་ཡིས། །གོས་ཀྱི་དྲི་མ་མེད་པར་བྱེད། །ཇི་ལྟར་རྡུལ་གྱི་མེ་ལོང་གི་། དྲི་མ་བདག་པར་འགྱུར་བ་བཞིན། །དེ་བཞིན་མཁས་པས་ཉེས་པ་དག་།ཉེས་པ་སྦྱངས་ཕྱིར་བསྟེན་པར་བྱ། །ལྕགས་ཀྱི་གོང་བུ་ཆུ་ནང་དུ། །ཇི་ལྟར་གཏིང་དུ་འགྲོ་བར་འགྱུར། །?? ་ཉི་བསྣོད་དུ་བྱས་བས་སུ། །བདག་དང་གཞན་ཡང་སྒྲོལ་བར་བྱེད། །དེ་བཞིན་སྣོད་དུ་བྱས་པའི་སེམས། །ཤེས་རབ་ཐབས་ཀྱི་ཆོག་ཡིས། །འདོད་པས་སྤྱོད་བཞིན་གྲོལ་བར་འགྱུར། །གཞན་དག་ཀྱང་ནི་གྲོལ་བར་བྱེད། །རྣམ་ཤེས་ངན་པས་བསྟེན ་བྱས་ན། །འདོད་པ་འཆིང་བ་ཉིད་དུ་འགྱུར། །དེ་ཉིད་མཁས་པས་བསྟེན་བྱས་ནས། །འདོད་པས་ཐར་པར་རབ་ཏུ་སྒྲུབ། །འོ་མས་དུག་ནི་ཞིག་འགྱུར་བ། །འཇིག་རྟེན་ཀུན་ལ་རབ་ཏུ་གྲགས། །དེ་ཉིད་སྤྲུལ་གྱིས་འཐུངས་ནས་ནི། །དུག་ནི་ཤིན་ཏུ་འཕེལ་བར ་བྱེད། །ཇི་ལྟར་དང་བས་འོ་མ་ནི། །ཆུ་ལས་འཐུང་བར་བྱེད་པར་ལྟར། །དེ་བཞིན་མཁས་པས་དུག་བཅས་ཡུལ། །སྦྱངས་ནས་སྤྱད་པས་གྲོལ་བར་འགྱུར། །ཇི་ལྟར་ཆོ་ག་བཞིན་སྤྱད་ན། །དུག་ཀྱང་བདུད་རྩིར་འགྱུར་བ་ཡིན། །བྱིས་པ་རྣམས་ཀྱིས་མར ་ཁམ་སོགས། །བཟའ་མ་ལེགས་པ་དུག་ཏུ་འགྱུར། །དེ་ལྟར་སེམས་ནི་འདི་ཉིད་ཀྱང། །གཏན་ཚིགས་བཟང་པོས་སྦྱངས་བྱས་ན། །རྣམ་པར་མི་རྟོག་དམིགས་མེད་པ། །རང་བཞིན་དྲི་མེད་རབ་ཏུ་སྣང། །ཇི་ལྟར་མེ་ནི་ཆུང་དུ་ཡང། །མར་དང་སྙིང ་སོགས་འདུས་བྱས་པས། །སྣང་བ་དྲི་མེད་མི་གཡོ་བ། །བསྟན་པའི་མུན་པ་རྣམ་འཇིག་འགྱུར། །ཇི་ལྟར་ཕྲ་བའི་སྡོང་པོ་ལས། །ཇི་ལྟར་ལོ་མ་འབྲས་བུ་ཡིས། །བརྒྱན་པའི་ཤིང་ཆེན་འབྱུང་བར་འགྱུར། །ཡུང་དང་རྡོ་རྗེ་སྦྱར་བ་ལས། ། ་ཁ་དོག་གཞན་ཞིག་འབྱུང་བར་འགྱུར། །ཤེས་རབ་ཐབས་ཀྱི་ཆོ་ག་ཡིས། །ཆོས་དབྱིངས་མཁས་པ་དེ་ལྟར་ཤེས། །མར་དང་སྒྲང་རྩི་མཉམ་ལྡན་པས། །དུག་ཉིད་དུ་མི་འགྱུར་བ་ཡིན། །དེ་ཉིད་ཆོ་ག་བཞིན་སྤྱད་ན། །བཅུད་ཀྱི་ལེན ་གྱི་མཆོག་ཏུ་འགྱུར། །དངུལ་ཆུས་རེག་པའི་ཟངས་མ་ནི། །ཇི་ལྟར་སྐྱོན་མེད་གསེར་དུ་འགྱུར། །དེ་བཞིན་ཡང་དག་ཡེ་ཤེས་ནི། །སྦྱངས་པས་ཉོན་མོངས་བཟང་པོར་བྱེད། །ཐེག་པ་དམན་ལ་ཞོན་པ་རྣམས། །སྐད་ཅིག་སྐད་ཅིག ་འཆིང་བར་བྱེད། །གཡུལ་ལས་རྒྱལ་བར་བྱ་བའི་སེམས། །རིང་པ་ཉིད་དུ་རྣམ་པར་གནས། །ཐེག་པ་ཆེན་ལ་ཞོན་ནས་ནི། །སྙིང་རྗེའི་གོ་ཆ་བགོ་བྱས་ནས། །ཤེས་རབ་རྒྱུད་བཅས་མངའ་དང་གཞུས། །འགྲོ་བ་གཟུང་བའི་བསམ་པ་ཡིས། །སེམས ་དཔའ་ཆེ་དང་ཐབས་ཆེ་བ། །བརྟན་པའི་བློ་ནི་གཉིད་སངས་ནས། །བརྒལ་དཀའ་གཡུལ་ལས་རྒྱལ་བྱས་ནས། །གཞན་དག་ཀྱང་ནི་སྒྲོལ་བར་བྱེད། །རང་དོན་ཙམ་ལ་གཞོལ་བས་ནི། །བྱོལ་སོད་རྣམས་ཀྱང་ཉོན་མོངས་བྱེད། །འགྲོ་བའི་དོན་ནི་བྱེད་བ་པོ། ། ་འགྲོ་བ་དེ་གཏོར་གངྒཱ་ན། །གྲང་དང་རླུང་སོགས་སྡུག་བསྔལ་རྣམས། །རང་དོན་ཞུགས་ལས་ཀྱང་བཟོད་ན། །འགྲོ་བའི་དོན་ལ་ཞུགས་རྣམས་ལྟ། །དེ་མི་བཟོད་པ་ཇི་ལྟ་བུ། །དམྱལ་བ་ལ་སོགས་སྡུག་བསྔལ་ཡང། །སྙིང་རྗེ་ཅན་གྱི་བཟོད་བྱ་ན། །གྲང་དང ་རླུང་སོགས་སྡུག་བསྔལ་དག་།ད་ལྟར་གྱི་ལ་བསམ་ཅི་དགོས། །དཀའ་ཐུབ་བརྟག་པ་མི་བྱ་ཞིང། །བསྙུང་བ་ཡང་ནི་བྱ་བ་མེད། །འདིར་ནི་ཁྲུས་དང་གཙང་སྦྲ་མེད། །གྲོང་བའི་ཆོས་ནི་སྤང་བར་བྱ། །སེན་མོ་རྐང་དང་རུས་པ་སོ། །ཕ་ཡི་ཁུ་བའི་རྒྱུ་ལས་སྐྱེས། ། ་ཤ་དང་ཁྲག་དང་སྐྲ་ལ་སོགས། །མ་ཡི་ཁྲག་ལས་ཡང་དག་བྱུང། །འདི་ལྟར་མི་གཙང་ལས་བྱུང་ཞིང། །མི་གཙང་བས་གང་རིལ་པོ་གང། །དེ་ལྟ་བུ་ཡི་ལུས་འདི་ཉིད། །གང་གཱར་བཀྲུས་ཀྱང་ཇི་ལྟར་འདག། །མི་གཙང་ཕུར་མཆུ་དག་གིས། །ཡང ་ཡང་བཀྲུས་ཀྱང་དག་མི་འགྱུར། །དེ་བཞིན་མི་གཙང་བས་གང་བའི། །ཕུར་མ་འདི་ཡང་བདག་མི་འགྱུར། །གང་གཱའི་ཀླུང་ལ་ཁྱི་དག་གིས། །རྐྱལ་ཞིང་འཕྱོ་ཡང་དག་མི་འགྱུར། །དེ་ཕྱིར་ཆོས་འདོད་སྐྱེས་བུ་དག་།འབབ་སྟེགས་ཁྲུས་བྱེད་འབྲས་བུ ་མེད། །ཁྲུས་ཀྱི་གལ་ཏེ་དག་འགྱུར་ན། །ཉ་པ་རྣམས་ཀྱང་དོན་བྱས་འགྱུར། །ཉིན་དང་མཚན་དུ་གནས་པ་ཡི། །ཉ་ལ་སོགས་པ་སྨོས་ཅི་དགོས། །ཁྲུས་ཀྱིས་སྡིག?་པ་ཟད་པ་ཡང། །ངེས་པར་ཡོད་པ་མ་ཡིན་ཏེ། །ཇི་ལྟར་འབབ་སྟེགས་བསྟེན་པ་ལ། །འདོད་ཆགས ་ལ་སོགས་འཕེལ་བར་མཐོང། །འདོད་ཆགས་ཞེ་སྡང་གཏི་མུག་དང། །ང་རྒྱལ་ལྟ་བ་ཐེ་ཚོམ་རྣམས། །སྡིག་པའི་རྩ་བར་རབ་ཏུ་གྲགས། །འདི་དག་སྦྱང་བྱ་ཁྲུས་ཀྱིས་མིན། །བདག་དང་བདག་གིར་འཛིན་པ་ལས། །སྲོག་ཆགས་རྣམས་ལས་བྱུང་བ་ཡིན། །དེ་ཡང ་མ་རིག་རྩ་བ་ལས། །མ་རིག་དེ་ཡང་?་འཁྲུལ་པར་འདོད། །དེ་ལྟར་ཉ་ཕྱིས་ལ་དངུལ་བློ། །ཉ་ཕྱིས་མཐོང་བས་ལྡོག་པར་འགྱུར། །བདག་མེད་མཐོང་བས་དེ་ཡང་ནི། །རྩ་བ་ཉིད་ནས་མེད་པར་འགྱུར། །དཔེར་ན་ཐག་པ་སྦྲུལ་གྱི་བློ། །ཐག་པར་ཤེས་ན་ལྡོག ་པར་འགྱུར། །དེ་ལས་སྤྲུལ་གྱི་བློ་ཡི་བར། །སྐྱེ་བདེ་ལས་ཡང་མི་འབྱུང། །དེ་བཞིན་འདི་ལ་བདེན་པའི་བློ། །ཡེ་ཤེས་རྡོ་རྗེ་ལྡོག་པར་འགྱུར། །དེ་ནི་འབྱུང་བར་མི་འགྱུར་རོ། །ས་བོན་བསྲེགས་པའི་མྱུ་གུ་བཞིན། །བདག་ཉིད་མི་གཙང་འདུས་པ་ཡིས། །གོང་བུས ་ཡི་རང་བཞིན་ཉིད། །དེ་འདུས་པ་ཡི་ཆོས་འགྱུར་བར། །བྱིས་པ་དགའ་བར་རྣམ་བརྟགས་པས། །ཟླ་བ་འཕེལ་དང་འགྲིབ་པ་ལ། །བལྟས་ནས་ཚེ་གྲངས་བརྟགས་པ་ལ། །ཉི་མ་འཕེལ་དང་འགྲིབ་པས་ཀྱང། །ཉིན་དང་མཚན་མོར་རྣམ་པར་བརྟག་།ཤར ་ལ་སོགས་པའི་ཐ་སྙད་ཀྱང། །རྟགས་ལ་བལྟོས་ནས་བྱས་པ་ཡིན། །གཟའ་དང་རྒྱུ་སྐར་ཁྱིམ་ལ་སོགས། །འཇིག་རྟེན་ཀུན་གྱི་རྣམ་པར་བརྟགས། །གྲང་དང་ཚ་དང་ཆར་འབབ་པ། །བལྟོས་ནས་དེ་བཞིན་དུས་རྣམས་བརྟགས། །རང་གི་ལས་ཀྱིས་འབྲས་སྤྱོད ་པ། བཟང་དང་ངན་པའི་གཟར་བསྟན་ཏོ། །མ་རིག་འདམ་གྱིས་གཏུམས་པ་ཡི། །སེམས་ཀྱི་ཡིད་བཞིན་ནོར་བུ་ཉིད། །སྐྱེས་བུ་མཁས་པས་བཀྲུ་བྱས་ནས། །མ་རིག་གང་གིས་ཡང་དག་བསྐྱེད། །གཟའ་དང་རྒྱུ་སྐད་ཚེ་གྲངས་དང། །ཡུལ་དང་དུས་ལ ་བལྟོས་མེད་པར། །རྟོག་པ་མེད་པར་སྤྱད་པར་བྱ། །འཚོམ་མེད་ཐེ་ཚོམ་མེད་པར་ནི། །རྟོག་པ་མེད་པར་སྤྱད་པར་བྱ། །དབང་པོ་ལམ་དགུར་གང་དང་གང། །དེ་ནི་དེ་ཡི་ངོ་བོ་ཉིད། །མཉམ་པར་མ་བཞག་སྦྱོར་བ་ཡིས། །ཐམས་ཅད ་སངས་རྒྱས་རང་བཞིན་བྱ། །མིག་ནི་རྣམ་པར་སྣང་མཛད་གཙོ། །རྣ་བ་རྡོ་རྗེ་ཉི་མའོ། །སྣ་ནི་རྟ་མཆོག་ཉིད་ཡིན་ནོ། །ཁ་ནི་པདྨ་གར་དབང་ཕྱུག་།དཔལ་ལྡན་ཧེ་རུ་ཀ་རྒྱལ་ལུས། །ཡིད་ནི་རྡོ་རྗེ་སེམས་དཔའ་སྟེ། །དེ་ལྟར་ཡང་དག་སྦྱོར་བ་ཡིས། །སྙིང ་རྗེའི་བདག་ཉིད་ཅན་གྱིས་སྤྱད། །མཁས་པས་སེམས་ནི་བརྟག་གྱུར་ནས། །མི་རྟོག་པ་འདིས་འགྲུབ་པར་འགྱུར། །ཇི་ལྟར་འདོད་པས་བྱ་བ་ཡིས། །ཀུན་བཟང་ཀུན་བྱེད་དེ་བཞིན་ནོ། །ལས་དང་བྱ་བ་ཀུན་བྱེད་ན། །ཇི་ལྟར་འདོད་པའི་བྱ་བ་ཡིས། ། ་ལངས་དང་འདུག་པར་བྱེད་པ་དང། །ཇི་ལྟར་འཆག་ན་འང་དེ་བཞིན་ནོ། །རྒོད་དང་སྨྲ་བར་བྱེད་པ་དང། །ཇི་ལྟར་དེ་ལྟར་གང་དེ་བཞིན། །དཀྱིལ་འཁོར་དུ་ནི་མ་ཞུགས་པ། །སྒྲིབ་པ་ཀུན་དང་ལྡན་པས་ཀྱང། །རང་གི་ལྷ་སྦྱོར་བདག་ཉིད་ཀྱིས། །བསོད་ནམས ་ཆུང་ཡང་འགྲུབ་པར་འགྱུར། །འདིས་ནི་སངས་རྒྱས་ཐམས་ཅད་དང། །དཔའ་བོ་དག་ནི་ཐམས་ཅད་ཉིད། །ཚེ་འདི་ཉིད་ལ་ཡང་འདི་རིག་།ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཇི་ལྟར་འཇིག་རྟེན་ཕལ་པ་ལས། །རྣལ་འབྱོར་པ་ཡི་ཏིང་འཛིན ་རྒྱལ། །གོང་མ་གོང་མའི་བློ་ཁྱད་ཀྱིས། །རྣལ་འབྱོར་པ་ཡང་རྒྱལ་བར་འགྱུར། །ཤེས་རབ་ཆེ་དང་ཐབས་ཆེ་དང། །བརྩེ་བ་ཆེ་དང་མོས་པ་ཉིད། །ཐེག་པ་ཆེན་པོར་ཡང་དག་བསྟན། །སེམས་ཅན་ཆེན་པོའི་སྤྱོད་ཡུལ་ཡིན། །གང་ཞིག་བསྐལ ་པ་གྲངས་མེད་ནི། །མང་པོས་མི་འཐོབ་པར་འདོད་པའི། །སངས་རྒྱས་ཚེ་འདི་ཉིད་ཀྱིས་ནི། །ཐོབ་པ་འདི་ལ་ཐེ་ཚོམ་མེད། །ཐེག་པ་ཆེན་པོ་བདག་ཉིད་ཆེ། །བསོད་ནམས་ཡེ་ཤེས་ཚོགས་ཀྱིས་ནི། །ཀུན་ཁྱེན་གོ་འཕང་ཉམས་དགའ་བ། །ཚེ་འདི ་ཉིད་ལ་ཐོབ་པར་འགྱུར། །ལུང་ལས་མཉམ་པར་གསུངས་པ་གང། །ཐེག་པ་ཆེ་ལ་མི་རིགས་ཏེ། །བསམ་པ་ལྷག་བསམ་བྱེ་བྲག་གིས། །ཐེག་པའི་ཁྱད་པར་རབ་ཏུ་བསྟན། །གཞན་ཉིད་དུ་ནི?་མོས་པ་དང། །བྱང་ཆུབ་སྤྱོད་པ་དེ་བཞིན་གཞན། །སེམས་ཀྱི་རྣམས་དག ་གཞན་ཉིད་ཀྱིས། །འདིར་ནི་འབྲས་བུ་གཞན་མཐོང་མེད། །ཇི་ལྟར་མེ་ལོང་དྲི་མེད་ལ། །དྲི་མ་མེད་པའི་མིག་གིས་གཟུགས། །དང་བའི་རང་བཞིན་དྲི་མེད་ལ། །ཤིན་ཏུ་གསལ་བར་སྣང་བ་ལྟར། །དེ་བཞིན་རྣལ་འབྱོར་ཡེ་ཤེས་ཀྱང། །དྲི་མེད་ཡེ་ཤེས ་མེ་ལོང་ལ། །རྟོག་པའི་དྲ་བ་རྣམས་སྦྱངས་པའི། །སེམས་དགེ་བ་ལ་རྣམ་པར་གསལ། །ཇི་ལྟར་ནོར་བུ་མེ་ཤེལ་ལ། །ཉི་མའི་འོད་ཀྱིས་ཀུན་རེག་པས། །དེ་མ་ཐག་ཏུ་མེ་འབར་བས། །རང་གི་དོན་ནི་འགྲུབ་པར་ནུས། །རྟོག་པའི་དྲ་བས་རྣམ་སྤངས་པའི།། ་ནོར་བུ་མེ་ཤེལ་འདྲ་བའི་ཡིད། །ཤེས་རབ་ཉི་མའི་འོད་ཕོག་པས། །རྣལ་འབྱོར་དེ་བཞིན་འབར་བར་འགྱུར། །ཤིང་གཉིས་དྲག་ཏུ་བྲུད་པ་ལས། །ཇི་ལྟར་མེ་ནི་འབར་འགྱུར་བ། །ཐོག་མ་བར་དང་མཛའ་དག་ལ། །དངོས་པོ་མ་ལུས་རབ་སྣང་བྱེད། །ཤེས ་རབ་ཐབས་སུ་སྦྱོར་བ་ལས། །རྣལ་འབྱོར་པ་ཡིས་དེ་བཞིན་ཤེས། །དཔེར་ན་མར་མེ་གཅིག་ཉིད་ལ། །སྙིང་པོ་གཞན་དག་ལ་བརྟེན་ནས། །ཇི་བཞིན་གནས་སུ་རང་དོན་གཞན། །མཐོན་པོའི་གནས་ནས་སྣང་བར་བྱེད། །ཤེས་རབ་ཐབས་བདག་རྣམ་བསྒོམS ་ཤིང། །དཔག་ཏུ་མེད་པའི་ལུས་སྤྲོས་ནས། །སེམས་ཅན་མོས་པ་སྣ་ཚོགས་ལ། །མཛད་པ་ཇི་བཞིན་ཉམས་སུ་བླངས། །ཇི་ལྟར་ཆོ་ག་ཤེས་པ་འགས། །ཉེས་པ་མེད་པའི་བསིལ་ཉམས་དགའ་། །ནད་རྣམས་ཐམས་ཅད་གང་བྱེད་པའོ། །བདུད་རྩི་འོ་མ ་དག་ལས་བླང། །ཤེས་རབ་འོ་མ་ཐབས་ཆེན་པོས། །ཆོ་ག་བཞིན་དུ་བསྒྲུབ་ལས་སྐྱེས། །ཆོས་དབྱིངས་ཤིན་ཏུ་རྣམ་དག་པས། །བདེ་བ་དམ་པས་སྡུག་བསྔལ་འཇིག་།མེ་ཏོག་འབྲས་བུ་ལྡན་པ་ཡི། །འཁྲིལ་ཤིང་ཀུན་ཏུ་འབྱུང་བ་ལྟར། །དེ ་བཞིན་ཚོགས་གཉིས་དང་ལྡན་པའི། །སྐད་ཅིག་ཅིག་གིས་མངོན་བྱང་ཆུབ། །དབང་དང་སྡང་དང་འགྲོ་བ་རངས། །ཆར་དབབ་དགུ་པ་ལ་སོགས་པ། །ཤ་ཆང་དགའ་བའི་རྣལ་འབྱོར་པས། །བྱས་པར་གྱུར་ཀྱང་མཐོང་བར་འགྱུར།། ་ལག་པའི་གདུ་བུ་ལྟ་བུ་ལ། །མེ་ལོང་དག་ནི་དགོས་སམ་ཅི། །ཐེག་པ་ཆེན་པོ་དེ་རྒྱས་ཡང། །སྔགས་ཀྱི་ནུས་པ་བསྟན་པ་ཡིན། །ཕ་མ་བུ་མོ་འབྲེལ་བ་ནི། །འདིར་ནི་དེ་ཉིད་མེད་པར་བརྟགས། །ལྕགས་ཀྱི་རེང་དུ་བཤིག་པ་ལྟར། །འགྲོ་བདེ ་བཞིན་བདེ་གཤེགས་གསུངས། །འབྱུང་ལྔའི་བདག་ཉིད་ཁུ་བ་དང། །ཁྲག་ཀྱང་དེ་དང་འདྲ་བ་དང། །དེ་ཡི་རང་བཞིན་གོང་བུ་ལྔ། །བྲམ་ཟེ་གང་ཡིན་མཐར་སྐྱེས?་གང། །དགེ་སློང་དག་གི་ལུས་འདེ་ནི། །ཐམས་ཅད་ཕུང་པོ་ལྔ་བདག་ཉིད། །མི་རྟག་སྡུག་བསྔལ ་སྟོང་པ་ལ། །རིགས་མེད་རིགས་དང་ལྡན་པ་གང། །ཉ་པའི་མངལ་དུ་སྐྱེ་བ་གང། །ཁ་ཙིག་གདོལ་པའི་སྐྱེ་ལྡན་པས། །དཀའ་ཐུབ་སྤྱད་པ་བྲམ་ཟེ་སྐྱེས། །དེ་ཕྱིར་རིགས་ནི་སྒྱུ་མ་ཡིན། །མ་དང་སྲིང་མོ་བུ་མོ་དང། །སྒྱུག་མོ་དང་ནི་ཚ་མོ་དང། །བྲམ་ཟེ ་རྒྱལ་རིགས་རྗེ་རིགས་མོ། །ཆོ་ག་ཤེས་པ་དམངས་རིགས་མོ། །ཡན་ལག་གཅིག་ནི་ཉམས་པ་དང། །དམན་དང་སྨོད་དང་མཐར་སྐྱེས་ཀྱི། །བཙུན་མོ་རྟག་ཏུ་མཆོད་པར་བྱ། །རྡོ་རྗེ་ཡེ་ཤེས་རྣམ་བསྒོམས་པས། །སྔགས་པས་སྤྱན་ནི་རྒྱས་གྱུར་ན། ། ་ཞལ་ནི་རབ་ཏུ་བཞད་གྱུར་ཅིང། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ནས། །རང་གི་ལྷ་ཡི་ཡིད་ཀྱིས་ནི། །བསྟན་པས་སྐད་ཅིག་མཐོང་དང་བལྟ། །ཐོས་དང་ཉན་པར་བྱེད་པ་ཡང། །མྱོང་ཞིང་བདེ་ལ་སྤྱོད་པར་ལྡན། །གསལ་བའི་དག་ཀྱང་སྨྲ་བར ་བྱ། །ཁྲུས་དང་བསྐུ་མཉི?་གོས་ལ་སོགས། །བཟའ་བཏུང་ཁ་སོགས་འབད་པ་ཉིད། །རང་འདོད་ལྷ་ཡི་བདག་ཉིད་དུ། །བསམ་ལ་ཆོ་གས་མཆོད་པར་བྱ། །གླུ་དང་བརྡུང་བ་དེ་བཞིན་གར། །ཐམས་ཅད་བརྟུལ་ཞུགས་ཅན་གྱིས་སྤྱད། །འདིར་ནི ་དངོས་བོ་ཐམས་ཅད་ལ། །ལྷག་པར་ཆགས་པར་མི་བྱའོ། །རང་གི་བདག་ཉིད་ཡོངས་སྤངས་ནས། །དཀའ་ཐུབ་ཀྱི་ནི་གདུང་མི་བྱ། །ཇི་ལྟར་བདེ་བས་བདེ་བ་བཟུང། །འདི་ནི་མ་འོངས་རྫོགས་སངས་རྒྱས། །རྣལ་འབྱོར་ཐམས་ཅད་ལོངས་སྤྱོད་ཅིང། ། ་གང་ལའང་འཇིགས་མེད་རོལ?་མོ་བྱ། །སྡིག་པ་མེད་ཀྱིས་ཁྱོད་མ་འཇིགས། །དམ་ཚིག་ཤིན་ཏུ་འངའ་བར་དཀའ་། །སྔགས་ཀྱིས་སྦྱངས་ན་ཤིང་ལ་སོགས། །བེམས་བོ་རྨོངས་བཅས་རབ་དགའ་བ། །ལྷ་ཉིད་དུ་ནི་འགྱུར་བ་ཡིན། །ཤེས་དང ་ལྡན་པའི་ལུས་ཅི་སྨོས། །ཐ་མ་ལ་པ་ཡི་ང་རྒྱལ་ཉིད། །མཉམ་པར་བཞག་པས་ཡོངས་སུ་བཏང། །ཤེས་རབ་ཐབས་ཀྱི་སྦྱོར་བ་ཡིས། །ཐམས་ཅད་མཉམ་པར་སྤྱད་པར་བྱ། །དཔེར་ན་པདྨ་འདམ་སྐྱེས་ཀྱང། །འདམ་གྱི་སྐྱོན་གྱིས་གོས་པ་མེད།། ་དེ་བཞིན་བག་ཆགས་སྣ་ཚོགས་ཀྱི། །སྐྱོན་གྱིས་རྣལ་འབྱོར་པ་མི་དགོས། །དཔེར་ན་ཆུ་ཡི་ཟླ་བ་ལ། །ཆུ་ཡིས་མངོན་པར་གོས་པ་མེད། །སྣ་ཚོགས་གཟུགས་བརྙན་འདྲ་བ་ནི། །མཐོང་བའི་སྐྱོན་གྱིས་གོས་མི་འགྱུར། །ཐོགས་མེད་བག་ཆགས་འདམ ་གྱིས་ནི། །རིན་ཆེན་སེམས་ནི་རབ་ཏུ་གོས། །ཤེས་རབ་ཐབས་ཀྱི་ཆུ་ཉིད་ཀྱིས། །བཀྲུས་ན་རབ་ཏུ་གསལ་བར་འགྱུར། །རང་གི་ལྷ་ཡི་རྣལ་འབྱོར་གྱིས། །བློ་ལྡན་སེམས་ནི་བརྟན་འགྱུར་ན། །ལྟ་ངན་སྤྲིན་པས་གྲོལ་བར་འགྱུར། །སེམས་ཀྱི་ཉེ ་མ་གསལ་བར་འགྱུར། །དོན་དམ་ངེས་པར་བྱས་ནས་ནི། །ཤེས་རབ་མཚོན་གྱིས་ཀུན་གཏུབས་ལ། །མ་རིག་སྦུབས་ཀྱིས་བཀའ་པ་ཡིས། །ཆོས་ཀྱི་དབྱིངས་ནི་བླང་པར་བྱ། །བརྟགས་པའི་བུམ་པ་སྐད་ཅིག་གིས། །ཤེས་རབ་ཐོ་བས་བཅག ་ནས་ནི། །རང་བཞིན་དྲི་མེད་གསལ་འགྱུར་བ། །ཡེ་ཤེས་སྒྲོན་མ་རབ་ཏུ་གསལ། །རབ་ཏུ་གསལ་བའི་འབྱུང་བ་རྣམས། །ས་དང་ཆུ་དང་མེ་དང་རླུང། །སྔགས་ཀྱི་སྦྱོར་བ་ནུས་པ་ཡིས། །གཞན་ཉིད་དུ་ནི་འབྱུང་བར་བྱེད། །བརྗོད་པ་ཐམས་ཅད་ཡོངས་སྤོངS ་ལ། །སྔགས་ཀྱི་བརྗོད་པ་ཡང་དག་སྤྱོད། །པྲ་དེ་བའི་དངོས་གྲུབ་སྦྱིན་པ་ཡི། །སྔགས་ཀྱི་ནུས་པ་འདི་ལ་ལྟོས། །དཀོན་མཆོག་གསུམ་ནི་མི་སྤང་ཞིང། །དེ་བཞིན་བླ་མ་བྱང་ཆུབ་སེམས། །སྲོག་ཆགས་རྣམས་ཀྱང་བསད་མི་བྱ།། ་དམ་ཚིག་དག་ཀྱང་བྱིན་གྱིས་བརླབས། །རིན་ཆེན་དང་ནི་ག་པུར་བཅས། །ཙན་དན་དམར་པོ་དང་སྦྱར་བ། །ཐུབ་པི?་རྡོ་རྗེ་ཆུ་ཞེས་བྱ། །ལྔ་པོ་དག་ཀྱང་བྱིན་གྱིས་བརླབ། །ལྷ་ཡི་དམ་ཚིག་གཞན་དག་ཀྱང། །སེམས་ནི་སྤྲོ་བར་བྱེད་པ་ཅན། །རླུང་དང་མེ་ནི་ཞེ ་བྱའི་ཕྱིར། །སེམས་ཀྱི་རྡོ་རྗེ་ཚིམ་པར་བྱ། །འཚོམ་བྱེད་ཐེ་ཚོམ་མེད་པར་ནི། །རྣལ་འབྱོར་རྣམ་རྟོག་མེད་བརྩོན་པས། །སེམས་ནི་མཉམ་པར་སྦྱོར་བ་ཡིས། །སྔགས་བས་ཐམས་ཅད་མཉམ་པར་སྤྱོད། །སྤྲང་མའི་རྐང་བ་ཅམ་གྱི་ནི། །དུག་གིས་ཟིལ་གྱིས ་ནོན་བར་འགྱུར། །འཚོམ་དང་ཐེ་ཚོམ་ཆུང་དུས་ཀྱང། །དེ་ལ་སྡུག་བསྒནལ་སྐྱྡ་པར་བྱེད། །མཁས་པས་ལེགས་པར་འཐབ་པའམ། །ཡང་ན་ལེགས་པར་འབྲོས་པར་བྱ། །བར་མ་ངོ་ཡི་དངོས་པོ་ནི། །དོན་མེད་པ་རུ་ལྟུང་བར་འགྱུར། །བླ་མའི་བཀའ་ ་དང་ཕྱག་རྒྱ་དང། །གྲིབ་མ་ཡང་ནི་འགོམ་མི་བྱ། །དེ་ཡི་ཡོན་ཏན་གཟུང་བར་བྱ། །སྐྱོན་ནི་ནམ་ཡང་མ་ཡིན་ནོ། །སློབ་དཔོན་ལྷ་ཡི་མཆོག་ཡིན་ཏེ། །འབད་པས་མཆོད་པར་བྱ་བ་ཡིན། །དེ་ཉིད་རྡོ་རྗེ་འཛིན་རྒྱལ་པོ། །མངོན་སུམ་གཟུགས་ཀྱི ་རྣམ་པར་གནས། །ཇི་ལྟར་ནོར་བུ་ཆུ་དང་གིས། །རྙོག་མ་ཐམས་ཅད་དངས་བྱེད་པ། །དེ་བཞིན་དང་བའི་ནོར་བུ་ཡིས། །སེམས་ཀྱི་རིན་ཆེན་རྣམ་པར་བྱང། །ཤེས་རབ་མིག་དང་བྲལ་གྱུར་ན། །དད་པའི་བདག་ཉིད་ཅན་རྨོངས་འགྱུར། །དེ་ཕྱིར་ལུང ་རྟོགས་བདག་ཉིད་ཅན། །ཤེས་རབ་ཉེ་བར་སྐྱེད་པར་བྱ། །དད་ལྡན་ཐོས་མང་ཤེས་རབ་ལྡན། །རང་བཞིན་སྙིང་རྗེའི་བདག་ཉིད་ཅན། །འགྲོ་བའི་སྡུག་བསྔལ་བསལ་བའི་ཕྱིར། །དེ་ཡི་བདེ་བའི་ཐབས་ཤེས་བྱ། །སེམས་རྣམ ་དག་པ་འདི་བྱས་པས། །བདག་གིས་དགེ་བ་གང་ལགས་པ། །རྣམ་པར་དག་པའི་སེམས་ཐོབ་ནས། །དེས་ནི་འགྲོ་བ་འདི་ཐོབ་ཤོག་།སེམས་ཀྱི་སྒྲིབ?་པ་རྣམ་པར་སྦྱོང་བ་ཞེས་བྱ་བའི་རབ་ཏུ་བྱེད་པ་སློབ་དཔོན་ཨཱདྱ་དེ་བས་མཛད་པ་རྫོགས་ཤོ།། །། ་ཨཱ་ཙརྱ་ཛྙཱ་ནཱ་ཀ་ར་དང། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བ།། །།བདག་འབྱིན་གྱིས་བརླབ་པའི་རིམ་པ་དང་མངོན་པར་བྱང་ཆུབ་པའི་རིམ་པའི་མན་ངག་འཕགས་པ་ལྷའི་ཞལ་སྔ་ནས་མཛད་པའོ། ། *། །རྒྱ་གར་སྐད་དུ། སྭ?་ཨ་དྷིཥྛ་ན?་ཀྲ་མ་པྲ་བྷེ་དཾ། བོད་སྐད ་