| Wylie | e-texts based on the ACIP/ALL Input |
རྫོགས་སོ།། །།ཁ་ཆེའི་པཎྜི་ཏ་ཛཱ?་ཡ་ཨནནད་དང། བོད་ཀྱི་ལོཙྪ་བ་ཁུ་མདོ་སྡེ་འབར་གྱིས་བསྒྱུར་པའོ།། །།རིམ་པ་ལྔ་པ་སློབ་དཔོན་ཆེན་པོ་བསྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་ཞུགས་སོ།། *། །རྒྱ་གར་སྐད་དུ་། པཉྩ་ཀྲ་མ་།བོད་སྐད་དུ། རིམ་པ་ལྔ་པ་འཛི?་དཔལ ་?་ནུར་གྱུར་མ་ལ་ཕྱག་འཚལ་ལོ། །མགོན་པོ་སངས་རྒྱས་ཀུན་བདག་ཉིད། །དཔལ་ལྡན་བདེ་ཆེན་ལ་བཏུད་དེ། །རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲངས་ནས། །རྡོ་རྗེ་བཟླས་པའི་རིམ་བཤད་བྱ། །བསྐྱེད་པའི་རིམ་ལ་ལེགས་གནས་ཤིང། །རྫོགས་པའི་རིམ་པ་འདོད ་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །སེམས་ཅན་རྣམས་ཀྱི་སྲོག་གྱུར་པ། །རླུང་ཞེས་བྱ་བ་ལས་ཀུན་བྱེད། །འདི་ནི་རྣམ་ཤེས་བཞོན་པ་སྟེ། །ལྔ་ཡི་བདག་ཉིད་བཅུ་མིང་ཅན། །རླུད་གི་དེ་ཉིད་རིམ ་གྱིས་ནི། །སྔགས་ཀྱི་དེ་ཉིད་ཡང་དག་འཇུག་།སྔགས་ཀྱི་དམིགས་པ་རྟོགས་ནས་ནི། །རྡོ་རྗེ་བཟླས་པ་རྣམས་ལ་སློབས། །རྡོ་རྗེ་བཟླས་གནས་རྣལ་འབྱོར་པ། །སེམས་ལ་དམིགས་པ་ཐོབ་པར་འགྱུར། །སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །ཡང་དག་མཛའ་ནི་རྣམ་པར ་སྦྱངས། །ཡང་དག་མཛའ་ལས་ལངས་ནས་ནི། །གཉིས་མེད་ཡེ་ཤེས་འཐོབ་པར་འགྱུར། །བཟུང་འཇུག་ཏིང་འཛིན་ལ་གནས་ནས། །སླར་ཞིང་གང་ལའང་མི་སློབ་བོ། །འདི་ནི་རྫོགས་པའི་རྣལ་འབྱོར་པ། །རྡོ་རྗེ་འཛིན་པ་ཆེན་པོའང?་དེ། །རྣམ་པ་ཀུན་གྱི་མཆོག་ལྡན ་པའི། །ཐམས་ཅད་མཁྱེན་པར་དེ་ནས་འགྱུར། །འདས་པ་དང་ནི་མ་འོངས་དང། །ད་ལྟར་བྱུང་བའི་སྲིད་གསུམ་ནི། །འོད་གསལ་བས་ནི་རྣམ་དག་པས། །སྐད་ཅིག་དེ་ལ་མ་ལུས་མཐོང། །དཔལ་ལྡན་འདུས་པའི་རྒྱུད་དུ་ནི། །དེ་ཉིད་འདི་དག་རྒྱས་བཏབ་གནས། ། ་བཤད་པའི་རྒྱུད་ཀྱིས་རྗེས་འབྲངས་ནས། །བླ་མའི་ཁ་ལས་རྟོགས་པར་བྱ། །དེ་ལ་དང་པོ་ཁོ་ནར་རླུང་གི་དེ་ཁོ་ན་ཉིད་བསྟན་པའི་ཚིག་རྩ་བའི་རྒྱུད་ལ་འཇུག་པར་བྱ་སྟེ། སྣ་ཡི་རྩེ་མོར་ཡུངས་ཀར་བསམ། །འགྲོ་དང་མ་འགྲོ་ཡུངས་ཀར་ལ། །གསང་བའི་སྔགས་ཀྱིས ་བརྟགས་པ་ཡིས། །ཡེ་ཤེས་མཆོག་གི་གནས་བསྒོམ་?། །རིན་ཆེན་ཁ་དོག་སྣ་ལྔ་པ། །ཡུངས་ཀར་གྱི་ནི་འབྲུ་ཚོད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་དུ། །རྣལ་འབྱོར་རིག་པས་རྟག་ཏུ་བསྒོམ། ཞེས་བྱ་བ་སྟེ། འདི་ནི་དགོངས་པས་བཤད་པའོ། །རྡོ་རྗེ་ཚིག་འདེའི ་བཤད་པ། །ལྷ་མོ་བཞིས་ཞུས་པ་ཞེས་བྱ་བའི་བཤད་པའི་རྒྱུད་ལས། སྙིང་པོ་ལས་ནི་སྙིང་པོ་མཆོག་།སངས་རྒྱས་ཀུན་གྱི་གསང་བ་ནི། །གང་དེ་ཐམས་ཅད་བདག་ཉིད་གནས། །དེ་ནི་ལྷ་མོ་བཤད་པར་བྱ། །ཡེ་ཤེས་ལྔ་ཡིས་དངོས་དེ་ཉིད། །ཡུངས་ཀར་གྱི་ནི ་འཕྲུ?་ཆོད་ཙམ། །དེ་ཡི་དབུས་ན་གནས་པའི་ལྷ། །མི་གསལ་གསལ་བའི་བདག་ཉིད་ཅན། ཞེས་གསུངས་པ་དང། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་ཀྱང་དོན་འདི་ཉིད་གསལ་བར་གསུངས་ཏེ། ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །འབྱུང་བ་ལྔ་ཡི་ངོ་བོ་ཉིད།། ་གོང་བུའི་གཟུགས་ཀྱང་ཕྱུང་ནས་ནི། །སྣ་ཡི་རྩེ་མོར་རབ་ཏུ་བརྟག། རིན་ཆེན་ཁ་དོག་སྣ་ལྔ་པ། །སྲོག་དང་རྩོལ་པ་ཞེས་བྱར་བཤད། །རང་སྔགས་སྙིང་གར་བསམས་ནས་ནི། །སྲོག་ནི་ཐིག་ལེར་གནས་པར་བཞག་ཅེས་གསུངས་པ་དང། །འདི ་ཉིད་ཡང་སླར་བཤད་པ། །རྡོ་རྗེ་ཕྲེང་པ་ཞེས་བྱ་བཤད་པའི་རྒྱུད་ལས། སྣ་རྩེར་ཡུངས་ཀར་ཞེས་བྱ་བ། །སྲོག་དང་རྩོལ་པའི་བརྟག་པ་སྟེ། །སྲོག་དང་རྩོལ་པ་ལ་གནས་པ། །འོད་ལྔ་སངས་རྒྱས་རྣམས་སུ་བསྒོམ། །སྟེང་གི་སྣ་ལས་ངེས་བྱུང་བ། །གཡོན་དང་གཡས་དང ་གཉིས་ཀ་དང། །དལ་བར་རྒྱུ་དང་རྣམ་བཞིར་འགྱུར། །ནང་གི་དུས་ནི་ཡིན་པར་བཤད། །ལྐོག?་མ་སྙིང་ག་ལྟེ་བ་དང། །གསང་བའི་པདྨར་འགྲོ་འོང་སྟོན། །ཐུན་ཕྱེད་ཀྱི་ནི་དུས་དག་ཏུ། །གོ་རིམ་ཇི་བཞིན་གནས་པར་བསྟན། །གཡས་པ་ནས་ནི་འབྱུང་བའི་ཁམས། །མེ་ཡི ་དཀྱིལ་འཁོར་ཉིད་ཡིན་ཏེ། །ཁ་དོག་དམར་ཞེང་གསལ་བ་འདི། །པདྨ་མགོན་པོའི་རྒྱུ་པའོ། །གཡོན་པ་ལས་ནི་འབྱུང་བའི་ཁམས། །རླུང་གི་དཀྱིལ་འཁོར་ཞེས་བྱ་བ། །ལྗང་སེར་ངག་ཏུ་སྣང་བ་སྟེ། །ལས་ཀྱི་མགོན་པོའི་རྒྱུ་བའོ། །གཉིས་ཀ་ལས་ནི་བྱུང་བའི ་ཁམས། །མདངས་ཆེན་ཁ་དོག་སེར་པོ་སྟེ། །དབང་ཆེན་གྱི་ནི་དཀྱིལ་འཁོར་ཉིད། །རིན་ཆེན་མགོན་པོའི་རྒྱུ་བའོ། །ངལ་ཞིང་རྒྱུ་བ་མེད་པའི་ཁམས། །དག་ཅིང་ཤེལ་ལྟར་སྣང་པ་ནི། །ཆུ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །རྡོ་རྗེ་མགོན་པོའི་རྒྱུ་པའོ། །ལུས་ཀུན་ལ ་ནི་གནས་པའི་རླུང། །བྱ་བ་ཀུན་ལ་འཇུག་པ་པོ། །འདི་ནི་རྣམ་སྣང་ངོ་བོ་སྟེ། །འཆི་བའི་ལུས་ལས་འབྱུང་བར་འགྱུར། །རླུང་གི་དེ་ཉིད་གསལ་བ་འདི། །ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །རྣལ་འབྱོར་བྱིས་པའི་ཡུལ་མིན་ཞིང། །རྟོག་གེ་པ་ཡིས་མི་ཤེས་སོ། །དེ་ལྟར ་རླུང་གི་དེ་ཁོ་ན་ཉིད་བསྟན་ནས། ད་ནི་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་པའི་ཚིག་རྩ་བའི་རྒྱུད་ཉིད་ལ་འཇུག་པར་བྱ་སྟེ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང། གསུང་དང། ཐུགས་ཀྱི་གསང་སྔགས་ཐམས་ཅད་ཀྱི་སྙིང་པོ་ཀུན་ཏུ་སྐུལ་བར་བྱེད་པ། ཞེས་བྱ་བ། ་མཆོག་ཏུ་གསང་བ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཚིག་གི་ལམ་ངེས་པར་བརྗོད་པས་སྔགS་བསྡུས་པའི་ལྟ་བུ་གསུངས་སོ། །ོཾ་ཨཱ:ཧཱུཾ། །དོན་རྟོགས་པ་ཡིས་བཟླས་པ་ནི། །ངོ་བོ་ཉིད་མེད་བཟང་པོ་ལས། །དུས་གསུམ་སངས་རྒྱས་ཀྱིས་བརྟགས་པ། ། ་རྡོ་རྗེ་བཟླས་པར་དེ་བཤད་དོ། །སློང་མོ་ཟ་ཞིང་མི་བཟླས་ཏེ། །མ་བསླངས་པ་ལའང་ཆགས་མི་བྱ། །འདོད་པ་ཀུན་ལ་ལོངས་སྤྱོད་ཅིང། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །བཤད་པ་འདི་ཉིད་སླར་བཤད་པ། །དགོངས་པ་ལུང་བསྟན་པའི་རྒྱུད་ལས་གསུངS ་པས་རོལ་འཇུག་པར་བྱ་སྟེ། དེ་ནས་དཔལ་ལྡན་སྣང་མཛད་ཆེ། །ཁྱབ་བདག་ལ་ནི་སླར་གསོལ་པ། །སེམས་ཅན་ཐམས་ཅད་སྐྱེད་པ་པོ། །སྣ་ཚོགས་གཟུགས་ཅན་སེམས་འདི་ནི། །དེ་བས་དངོས་པོ་མེད་གྱུར་ཀྱང། །སྲིད་པ་དག་ཏུ་རབ་ཏུ་གྲགས། །བྱང་ཆུབ་སེམས ་ནི་མཁར་མཉམ་པ། ལེགས་པར་རྗེས་སུ་མྱོང་མཛད་པ། །འགྲོ་བའི་དོན་ནི་མཛད་པ་པོ། །སྐྱེ་པོ་མཆོག་ལ་དེ་བསྟན་གསོལ། །སྒྲུབ་པ་ཡི་ནི་ཐབས་ཙམ་ཞིག། ཤེས་ནས་རྒྱུད་རྣམས་འཆང་པར་བྱེད། །འདི་ལྟར་བདག་ནི་སློབ་དཔོན་ཞེས། །མ་འོངས་པ་ན་སྨྲ་པར ་འགྱུར། །བདག་གི་ཚིག་ནི་འདི་ཉིད་ངག་།ཡིན་ཞེས་སྨྲ་ཞིང་བྱིས་པ་འཇིག། དེ་ནི་དགོངས་པའི་བྱང་ཆུབ་སེམས། །ཇི་བཞིན་དོན་དུ་མི་ཤེས་སོ། །དེ་ནས་བདག་པོ་བཅོམ་ལྡན་འདས། །རྣམ་པར་མཛད་ཐུབ་ཆེན་གྱིས། །ལེགས་ཞེས་ལན་གསུམ་གསུངS ་མཛད་ནས། །ལག་ན་རྡོ་རྗེ་ལ་འདི་གསུངས། །མེ་ཏོག་དོན་གྱི་དེ་ཉིད་ནི། །རབ་ཏུ་ཕྱི་ནས་བཤད་པར་བྱ། །བརྗོད་དང་དམིགས་པར་བཅས་པ་དང། །བརྡར་གྱུར་དང་ནི་དོན་དམ་མོ། །ཚིག་གི་བརྗོད་པ་ཐུན་མོང་སྟེ། །དམིགས་པར་བཅས་པ་སངས་རྒྱས ་ཉིད། །སྔགས་ཀྱི་དེ་ཉིད་བརྡ?་རུ་བཤད། །དོན་དམ་དེ་བཞིན་ཉིད་ཡིན་ནོ། །དང་པོ་གཅིག་ནི་དགུ་དབུས་ན། །གང་ཞིག་བཅུ་ཡིས་མ་གཅིངས་པ། །དེ་ཉིད་བཅིངས་མེད་ཅེས་བྱ་སྟེ། །དེ་ཤེས་པ་ནི་མཆོག་གི་གནས། །དབྱངས་དང་གསལ་བྱེད་ཡི ་གེ་སྟེ། །གྲངས་དགུ་ཡི་ནི་རྗེས་འཇུག་པ། །ས་བཅིངས་ཕན་ཚུན་ཡང་ངག་སྦྱོར། །གང་གིས་ཤེས་དེ་འགྲོ་བའི་བླ། །འབྱུང་བའི་མཛའ་དང་ཡང་དག་ལྡན། །ཆ་ལ་སོགས་པ་བཅུ་དྲུག་གནས། །ལྔ་པ་ལྔ་དང་ཡང་དག་ལྡན། །? ་ནི་གསུམ་ན་ངེས་པར་སྦྱར། །ཡི་གེ་ཨཱཾ་བཅས་རིང་པོར་བཅས། །ཡོན་ཏན་སྦྱོར་སོགས་ཕྱིས་དང་མཚུངས། །ཐུང་ངུ་མ་ལུས་ངག་དུ་འགྱུར། །གཅིག་མིན་དུ་མ་མ་ཡིན་ནོ། །ཡི་གེ་གང་ཞིག་སྔར་བཤད་པ། །གང་ཡང་མངོན་པར་ཕྱོགས་པ་རྣམས། །བུད ་མེད་སྐྱེས་པ་མ་ནིང་སྟེ། །ཁམས་ལ་སོགས་པར་རབ་ཏུ་བརྟག་།འོག་དང་སྟེང་དུ་བཅས་པ་ནི། །ཤེས་ནས་བློས་ནི་ངེས་པར་སྦྱར། །བརྗོད་པ་ཡི་ནི་སྔགས་འདི་དག། དངོས་མེད་ངོ་བོ་ལས་བྱུང་པའོ། །དེ་ནི་ཡོངས་སུ་གྱུར་པའི་གཟུགས། །ལྷ་རུ་ཉེ་བར་མཚོན ་པ་གང། །དེ་ནི་ཉེ་བར་དམིགས་པའོ། །བརྡ་ནི་དེ་ཉིད་གསུམ་གནས་པ། །རང་བཞིན་བཟླས་པའི་མཚན་ཉིད་དོ། ། ཡིག་བཤད་པའི་ཡེ་ཤེས་ནི། །སངས་རྒྱས་ཀུན་གྱི་སྙིང་པོར་གྱུར། །ོཾ་གྱིS་སེམས་ཅན་ཡང་དག་སྡུད། །སངས་རྒྱས་སྐུར་ནི་རབ ་ཏུ་བརྟག་།ཧཱུཾ་གིས་སེམས་ཅན་ཡང་དག་སྤྲོ། །སངས་རྒྱས་ཐུགས་སུ་རབ་ཏུ་བརྟག། ཨཱ(རྒྱུད་འགྲེལ་ཏེ། །སྔགས་ཀྱི་ཡན་ལག་མ་ཉམས་བཟློས། །གོས་དཀར་ལ་སོགས་བཟླས་བཤད་པ། །བརྒྱ་ཕྲག་ཉིས་དང་ཉི་ཤུ་ལྔ། །བཞི་པོ་ལེགས་པར་བསྡུས་པ་ནི། །སྦྱོར་བཞི་བསྡུས་པ་བརྒྱ་ཕྲག་དགུ། །དགུ་བརྒྱ་དག་ཏུ་གང་བསྟན་པ། །ཉི་ཤུ་རྩ་བཞིའི ་རིམ་གྱིས་ནི། །དེ་ནི་སོ་སོར་འབྱུང་བ་ལས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །ནང་གི་དུས་འདི་ཉིད་གསལ་པར་བྱ་བའི་ཕྱིར་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། རིག་པའི་ཆོ་ག་འདི་ཡིས་ནི། །ཐུན་མཚམས་བཞི་ནི་རབ་སྦྱོར་བས། །གྲངས་འབུམ་གྱི་ནི ་མཚན་ཉིད་ཅན། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། ཞེས་གསུངས་པ་དང། བསྒོམ་པ་ཡི་ནི་བར་ཆད་ཅན། །རྣལ་འབྱོར་ཕྱི་རོལ་བཟླས་པ་སྤངས། །སྔགས་དོན་བཅོས་ལྡན་རྡོ་རྗེ་ཅན། །རྡོ་རྗེ་བདག་ཉིད་ཇི་ལྟར་བཟླས། །གླང་པོ་སྔོན་དུ་རྙེད་གྱུར་ནས། །གླང་པོའི ་རྗེས་ནི་ཚོལ་བྱེད་ལྟར། །སྔགས་ལུས་རང་ཉིད་མངོན་གྱུར་ནས། །གཞན་དག་ཇིག་ཚོལ་བྱེད་དམ། །གཞན་ཡང་རྡོ་རྗེ་འཛིན་གང་ཞིག། སྦྱོར་བ་གསུམ་དང་ལྡན་པ་ཡི། །སྤྱན་དྲངས་གཤེགས་སུ་གསོལ་གྱུར་དང། དེ་བཞིན་བཞུགས་སུ་གསོལ་བ་ཡང། ། ་བཞུགས་པ་ཡིས་ནི་སྤྱན་དྲངས་ཏེ། །མྱུར་བ་ཡིས་ནི་གཤེགས་སུ་གསོལ། །གཉིས་ཀ་མིན་པས་བཞུགས་སུ་གསོལ། །སྣ་ཚོགས་གནས་གྲུབ་བླ་མེད་པའོ། །མྱུར་བ་དང་ནི་རྣམ་བསྡུས་དང། །དལ་བ་ཅན་དང་སྔགས་སྦྱོར་བ། །བླ་མས་སློབ་མའི་རྣ་དྲུང་དུ། །རབ་ཏུ ་འབད་དེ་བཤད་པར་བྱ། །དེ་ནས་རྣལ་འབྱོར་དབང་ཕྱུག་གིས། །ཐབས་ཀྱི་དམ་པ་བསྟན་པའི་ཕྱིར། །རྣལ་འབྱོར་འབྲས་བུ་རབ་སྟེར་བའི། །གསང་བའི་ཡི་གེ་བཤད་པར་བྱ། །གང་ཞིག་བསམས་པ་ཙམ་གྱིས་ནི། །རྣལ་འབྱོར་ཅན་ལ་མཆོག་སྟེར་གྱུར། །དང་པོའི ་ཡི་གེ་སྦྱོར་བ་ཡི། །རྟག་ཏུ་དབུགས་ནི་རྡུབ་པར་བྱ། །བརྒྱད་པའི་མཛའ་དཔལ་ལྡན་པ་ཡི། །ཡི་གེ་ཨུ་ནི་ཐིག་ལེར་བཅས། །རྣལ་འབྱོར་པ་ནི་དབུགས་སྟོབ་བྱེད། །འོད་ནི་ཅི་དགའ་ཨི་བཟླས་པར་བཤད། །ཁྲི་ཕྲག་གཉིས་དང་ཆིག་སྟོང་དང། །དེ་བཞིན་དུ་ནི ་བརྒྱ་ཕྲག་དྲུག། རྣལ་འབྱོར་དབང་པོ་ཉིན་མཚན་གྱི། །བཟླས་བརྗོད?་ཀྱི་ནི?་གྲངས་བྱེད་དོ། །དེ་འདིར་གསང་ཞིང་དགོངས་པ་ཡིས། །ཕྲ་མོའི་སྦྱོར་བར་བཤད་པ་ཡིན། །ཀློག་དང་ཁ་ཏོན་མེད་མོད་ཀྱི། །འོན་ཀྱང་བཟླས་པར་བཤད་པ་ནི། །རྡོ་རྗེ་བཟླས་པ་འདི ་ཡིས་ནི། །ཆོ་ག་ཇི་བཞིན་བརྟེན་བྱ་ཞིང། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །ལས་རྣམས་ཐམས་ཅད་བསྒྲུབ་པར་བྱ། །དེ་བས་ན་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང། མཉམ་མེད་སྔགས ་ནི་བཟླས་ནས་སུ། །སྒྲུབ་པའི་བདག་ཉིད་ཅན་གྱིས་སྒྲུབ། །དེ་ཡིས་ཟླ་བ་གཅིག་གིས་ནི། །ཁམས་གསུམ་འགྲུབ་པར་གདོན་མི་ཟ། །རྣམ་ཤེས་ལས་ནི་འབྱུང་བའི་སྔགས། །མཚན་ཉིད་དྲུག་ལྡན་འདས་ནས་ཀྱང། །རྡོ་རྗེ་སེམས ་དཔའ་ཕྱག་བྱས་ན། །ཟླ་བ་ཉ་ལ་དེ་འགྲུབ་འགྱུར། །དེ་ལ་བརྟུལ་ཞུགས་བཤད་པ་མེད། །ཕྲེང་བ་མི་དགོས་སྔགས་མི་དགོས། །གཟུང་དང་སྦྱིན་སྲེག་ལས་རྣམས་དག། གཅིག་ནས་གཅིག་ཏུ་ལོག་པར་འགྱུར། །ཡའི་དོན་གྱིས་གང་ཅི་?། །དངོས ་གྲུབ་འདོད་པས་བྱ་བ་ནི། །ར་ལ་སོགས་པ་གསུམ་ཉིད་ཀྱིས། །འགྲོ་བའི་དོན་ལ་འཇུག་པར་བྱ། །མེ་དང་རླུང་དང་དབང་ཆེན་དང། །ཆུ་སྟེགས་སོ་སོའི་དཀྱིལ་འཁོར་དུ། །ཐུན་ནི་ཕྱེད་ཕྱེད་དུས་སུ་ནི། །ལས་ནི་གཉིས་གཉིས་གནས་པར་འགྱུར། །མཆོད་ལ ་བརྩོན་པས་མཆོད་པར་འགྱུར། །བཟླས་ལ་བརྩོན་པས་རྣམ་པར་དག་།མེ་ལ་སྦྱིན་སྲེག་བརྩོན་པས་འབྱོར། །བསམ་གཏན་བརྩོན་པས་ཐར་པ་འཐོབ། །སྔགས་པས་དེ་ལྟར་ཤེས་ནས་ནི?། །འགྲོ་ན་བྱིས་པ་བཞིན་དུ་སྤྱོད། །དེས་ནི་མི་རྟག་ཆོས་ཅན ་གྱིས། །གསང་སྔགས་རྣམས་ནི་འགྲུབ་པར་འགྱུར། །གསུང་གི་རྡོ་རྗེ་བསྒྲུབ་པ་སྟེ། །འདི་ནི་སྔངས་ཀྱི་དེ་ཉིད་གསལ། །ཡེ་ཤེས་གསུམ་གྱི་དབྱེ་བ་ཡིས། །སེམས་ཅན་ལ་ནི་ངེས་པར་སྦྱར། །བླ་མ་ལ་གནས་སྒྱུ་ཅན་དད་པ་མེད། །སྔགས་ཀྱི་རློམ ་ཞིང་གླེགས་བམ་མཐོང་བས་ཁེངས། །དད་པ་མོད་ཅིང་དབང་སྐུར་དམན་པ་ལ། །གཏམ་གྱི་རིམ་པའང་དེ་ལ་བརྗོད་མི་བྱ། །གང་ཞིག་བླ་མ་ལ་གུས་དང་དང་ལྡན། །མོས་པས་བསྙེན་བཀུར་ལ་ནི་རྟག་ཏུ་བརྩོན། །ཐོས་པ་འཛིན་གང་སློབ་མའི་དམ་པ་ཡིས། ། ་དེ་ལ་བླ་མའི་དྲིན་སྦྱིན་བརྟག་མི་དགོས། །རི་དབང་རྩེ་ནས་འགའ་ཞིག་ལྷུང་གྱུར་ན། །ལྟུང་བར་མི་བྱ་སྙམ་ཡང་ལྟུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། །གྲོལ་བར་མི་འགྱུར་སྙམ་ཡང་གྲོལ་བར་འགྱུར། །རྡོ་རྗེ་བཟླས་པའི་རིམ་པ ་སྟེ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་མཛད་པའི་རིམ་པ་དང་པོའོ།། །།ཕྱག་འཚལ་འདུད་ཅིང་ཕྱག་འཚལ་འདུད། །ཕྱག་འཚལ་ཕྱག་འཚལ་ཕྱག་འཚལ་འདུད། །ཇི་ལྟར་བསྟོད་ཅིང་ཕྱག་འཚལ་བ། །གང་ལ་བསྟོད་ཅིང་གང་གིས་བསྟོད། །ཇི་ལྟ་? ་ཆུ་བཞག་དང། །ཇི་ལྟར་མར་ལ་མར་བཞིན་དུ། །རང་གིས་རང་གིས་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །འོན་ཀྱང་ཀུན་མཁྱེན་མ་ཐོབ་པར། །དེ་ནི་ཉེ་བར་དམིགས་མི་འགྱུར། །མུན་ནག་རབ་རིབ་ཀྱིས་ཁེབས་པ། །དྲིན་གྱིས་སྣང་བ་ཐོབ་པར་འགྱུར། ། ་སྟོང་ཉིད་ཤིན་ཏུ་སྟོང་པ་དང། །གསུམ་པ་ཆེན་པོ་སྟོང་པ་དང། །བཞི་པ་ཐམས་ཅད་སྟོང་པ་ནི། །རྒྱུ་དང་འབྲས་བུའི་བྱེ་བྲག་གོ། ཤེས་རབ་ཐབས་སུ་སྦྱོར་བ་ལས། །རྫོགས་པར་ཉེ་བར་ཐོབ་པར་འགྱུར། །རྫོགས་པར་ཉེ་བར་ཐོབ་གྱུར་ནས། །ཐམས་ཅད་སྟོང་པ་འོད་གསལ ་བ། །རྒྱུ་ཡི་རིམ་པ་རྣམ་དག་པ། །རྣམ་ཤེས་གསུམ་པོ་སྦྱོར་བས་དང། །སྟོང་པ་གསུམ་ནི་མཉམ་སྦྱོར་བས། །བླ་མེད་གོ་འཕང་ཐོབ་པར་འགྱུར། །སྣང་བསྟོང་པ་ཤེས་རབ་དང། །སེམས་དང་གཞན་གྱི་དབང་དག་སྟེ། །དེ་ཡི་རང་བཞིན། །འཕྲོ་གསལ་བ། །བ་ནི་རབ ་ཏུ་བཤད་པར་བྱ། །ཆགས་བྲལ་དང་ནི་བར་མ་ཉིད། །དེ་བཞིན་དུ་ནི་ཆེན་པོ་དག་།ཡིད་ལ་འགྲོ་ཞིང་འོང་བ་དང། །མྱ་ངན་ལ་སོགས་གསུམ་དེ་བཞིན། །ཞི་དང་རྣམ་རྟོག་འཇིགས་པ་དང། །འཇིགས་པ་བར་དང་ཤིན་ཏུ་འཇིགས། །སེན་དང་སྲེད་པ་བར་མ་དང། །ཤིན་ཏུ ་སྲེད་དང་བར་ལེན་པ། །མི་དགེ་བཀྲེས་རང་སྐོམ་ཉིད་དང། །ཚོར་དང་ཚོར་བ་བར་མ་དང། །ཤིན་ཏུ་ཚོར་བའི་སྐད་ཅིག་དང། །རིག་པ་པོ་དང་རིག་འཛིན་གཞི། །སོ་སོར་རྟོགས་དང་ངོ་ཚ་ཤེས་།།སྙིང་རྗེ་དང་ནི་བརྩེ་བ་གསུམ། །དོགས་དང་བསམ་པ་ཉིད་དང་ནི། །? ་དོག་?་བྱ་བར་གྲགས་།རང་བཞིན?་སུམ་ཅུ་རྩ་གསུམ་གང། །ལུས་ཅན་རྣམས་ཀྱི་རང་རིག་སྟེ། །ཀུན་རྫོབ་གསལ་བའི་གཟུགས་ཀྱིས་ནི། །མཚན་མོའི་མིང་དུ་ངེས་པར་བཤད། །དེ་བཞིན་བུད་མེད་མིང་དུ་བརྗོད། །འཇམ་པོ་ལྟ་བཱུང་དེ་བཞིན་ནོ། །གཡོན ་པའི་མིང་ཡང་དེ་ཉིད་དེ། །ཟླ་བའི་དཀྱིལ་འཁོར་པདྨ་ཅན། །བརྟན་བར་བྱ་བའི་རྒྱུར་གྱུར་པ། དད་པོའི་ཡི་གེ་ཐིག་ལེར་བཅས། །ཟླ་བའི་འོད་ཟེར་ལྟར་སྣང་ཞིང། །སྣང་བའི་ཡེ་ཤེས་ཡང་དག་འབྱུང། །ཤིན་ཏུ་སྟོང་པ་ཐབས་ལྡན་པ། །སྣང་པ་མཆེད་པ ་ཞེས་བརྗོད་དེ། །དེ་བཞིན་དུ་ནི་ཀུན་རྟགས་དང། །དེ་བཞིན་སེམས་ལས་བྱུང་བར་བཤད། །ཆགས་དང་ཞེན་དང་དེ་བཞིན་དགའ་། །དགའ་བ་བར་མ་ཤིན་ཏུ་དགའ་། །རངས་དང་རབ་ཏུ་མགུ་བ་དང། །ངོ་མཚར་དེ་བཞིན་དགོས་པ་དང། །ཚིམ་དང་དེ་བཞིན་འཁྱུད་པ་དང།། ་འོ་བྱེད་དེ་བཞིན་འཇིབ་པ་དང། །བརྟན་དང་བརྩོན་དང་ང་རྒྱལ་དང། །བྱ་དང་འཕྲོག་དང་སྟོབས་དང་ནི། །སྤྲོ་དང་ལྷན་ཅིག་སྐྱེས་ཉིད་དང། །དེ་བཞིན་ལྷན་སྐྱེས་བར་མ་དང། །ཤིན་ཏུ་ལྷན་ཅིག་སྐྱེས་དང་གྲགས། །རྣམ་པར་སྒེག་དང་ཞེས་འགྲས?་ཉིད། །དགེ་དང་ཚིག ་གསལ་བདེན་པ་དང། །མི་བདེན་པ་དང་དེ་བཞིན་ངེས། །ཉེ་བར་མི་ལེན་སྦྱིན་པའོ། །སྐུལ་དང་དེ་བཞིན་དཔའ་པོ་དང། །ངོ་ཚ་མེད་དང་སྒྱུ་དང་གདུག་།མ་སྲུན་པ་དང་གྱ་གྱུ་ཉིད། །མཚན་ཉིད་བཞི་བཅུ་གང་ཡིན་པ། །ཤིན་ཏུ་སྟོང་པའི་སྐད་ཅིག་སྟེ། །ཉིན་མོ ་སྐྱེས་པའི་མིང་དང་ནི། །རྩུབ་མོ་གཡས་པར་བསྟན་པ་ཡིན། །ཉི་མའི་དཀྱིལ་འཁོར་མིང་དང་ནི། །དེ་བཞིན་དུ་ནི་རྡོ་རྗེའི་མིང། །ཐིག་ལེ་གཉིས་ཀྱི་བརྒྱན་པ་ཡི། །ཆ་རུ་དེ་ཉིད་ཤེས་པར་བྱ། །ཉི་མའི་འོད་ཟེར་འདྲ་བ་ཡང། །སྣང་བ་མཆེད་པའི་སྦྱོར་ལས ་བྱུང། །སྣང་བ་ཐོབ་པ་དག་དང་ནི། །ཉེ་བར་ཐོབ་པ་དེ་བཞིན་ཏེ། །ཡོངས་སུ་གྲུབ་པ་ཉིད་དང་ནི། །མ་རིག་པ་ནི་ཉིད་ཅེས་བྱ། །སྟོང་པ་ཆེན་པོའི་ཚིག་གི་ནི། །རྣམ་གྲངས་འདི་དག་རྒྱལ་བས་གསུངས། །ཆགས་པ་བར་མའི་སྐད་ཅིག་དང། །བརྗེས་ངན་པ་དང་འཁྲུལ ་པ་དང། །མི་སྨྲ་གྱུར་དང་སྐྱོ་བ་དང། །ལེ་ལོ་དེ་བཞིན་ཐེ་ཙོམ་སྟེ། །མ་རིག་སྐད་ཅིག་བདུན་པ་ནི། །ཕྲ་མོའི་རྣལ་འབྱོར་པས་ཤེས་བྱ། །ས་བོན་ཐིག་ལེ་ལྡན་མིན་ལ། །རླུང་གི་སྒོ་ནས་འབྱུང་བ་མིན། །གང་ཞིག་སྣང་བ་ཐོབ་པ་ནི། །ཡོངས་སུ་རྫོགས ་པའི་མཚན་ཉིད་དོ། །རང་བཞིན་ཕྲ་བ་བརྒྱ་དང་ནི། །དྲུག་ཅུ་ཐམ་པ་འདི་དག་ཉིད། །རླུང་གི་བཞོན་པའི་རྒྱུ་ཡིས་ནི། །ཉིན་དང་མཚན་དུ་བྱུང་བ་ཡིན། །སྐད་ཅིག་ཐང་ཅིག་ཡུད་ཙམ་དང། །མིག་བཙུམས་དེ་བཞིན་ཐལ་མོ་སྟེ། །སྐད་ཅིག་སེ་གོལ་གཏོགས་པར ་བཤད། །ཐང་ཅིག་ཡུངས་ཀར་བསྐོར་བ་དང། །ཡུད་ཙམ་དབུགས་རྡུབ་འབྱུང་བ་ཙམ། །མིག་བཙུམ་མིག་ནི་བཙུམས་པའི་བར། །ཐལ་མོ་ལག་གཉིས་བརྡབས་པ་སྟེ། །སྐད་ཅིག་ལ་སོགས་མཚན་ཉིད་ངོ། །རང་རིག་ཙམ་གྱིས་ཡེ་ཤེས་ནི། །ནམ་མཁའ་ལྟ་བུར ་མཚན་ཉིད་མེད། །འོན་ཀྱང་དེ་ཡི་དབྱེ་ཡོད་དེ། །མཚན་མོ་ཉིན་མོ་མཚམས་བདག་ཉིད། །སྣད་དང་སྣང་བ་མཆེད་པ་དང། །དེ་བཞིན་སྣང་བ་ཉེར་ཐོབ་དང། །སེམས་ནི་རྣམ་པ་གསུམ་བཤད་ནས། །དེ་ཡི་སྒྲུབ་པ་བརྗོད་པར་བྱ། །རླུང་རྣམས་ཕྲ་བའི་ ་གཟུགས་ཀྱིས་ནི། །ཤེས་དང་ཡང་དག་འདྲེས་གྱུར་ནས། །དབང་པོའི་ལམ་ནས་འབྱུང་ནས་ནི། །ཡུལ་རྣམས་ལ་ནི་དམིགས་པར་བྱེད། །གང་ཚེ་སྣང་བ་ལྡན་གྱུར་ཅིང། །རླུང་ནི་བཞོན་པ་ཉིད་གྱུར་པ། །དེ་ཚེ་རང་བཞིན་དེ་དག་ཀུན། །མ་ལུས་ལུས་པ་མེད ་པར་འབྱུང། །རླུང་ནི་གང་དང་གར་གནས་པ། །རང་བཞིན་དེ་དང་དེ་འབྱུང་འགྱུར། །ཇི་སྲིད་རླུང་ནི་མི་རྒྱུ་དང། །སྣང་བ་མི་གཡོ་བར་གྱུར་པ། །སྣང་བ་གཉིས་ཀྱི་རྒྱུར་གྱུར་པས། །བདག་གི་དངོས་པོ་རྣམ་པར་བརྟག་།ཇི་ལྟར་སྣང་བ་ཐོབ་པ་ལྟར། །གཉི ་གའི་ཡན་ལག་ཉིད་དུ་འགྱུར། །སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་ནི། །གསལ་བར་འདི་ལS་མཚོན་པར་འགྱུར། །འདོད་ཆགས་ཉིད་དང་ཆགས་བྲལ་དང། །དེ་ཡི་བར་དེ་གསུམ་པོ་ནི། ། ་དབང་པོ་གཉིས་ནི་མཉམ་སྦྱོར་བའི། །རྡོ་རྗེ་པདྨ་འདུས་ལས་སོ། །ཡེ་ཤེས་གཉིས་ནི་མཉམ་སྦྱོར་ལས། །སྙོམས་པར་འཇུག་པར་བཤད་པ་ཡིན། །ཡེ་ཤེས་གཉིས་ཀྱི་མཉམ་སྦྱོར་དང། །ཇི་སྐད་བཤད་པའི་བྱ་བ་ཡིས། །འབད་པས་ཡེ་ཤེས ་གང་ཐོབ་པ། །དེ་ནི་སྣང་བ་ཐོབ་པའོ། །གང་ཞིག་ཆུ་སྐྱེས་རྡོ་རྗེ་སྦྱོར། །ཀུན་རྫོབ་ཏུ་ཡང་མེད་གྱུར་ན། །ལན་ཅིག་ཙམ་ཞིག་མྱོང་ནས་ཀྱང། །རྣལ་འབྱོར་སྟོབས་ཀྱིས་འགྲུབ་པར་འགྱུར། །ཡེ་ཤེས་འཇུག་པའི་ངོ་བོ་ཡིས། །དབྱེ་བ ་ཇི་བཞིན་ཤེས་བྱས་ལ། །རང་བཞིན་དེ་ཉིད་སླར་ཡང་ནི། །རྟག་ཏུ་རྣལ་འབྱོར་པས་མཚོན་བྱ། །ཇི་ལྟར་སྤྲིན་ནི་སྣ་ཚོགས་ཤིང། །མདོག་དང་དབྱིབས་ནི་ཐ་ངང་པ། །ནམ་མཁའ་ཨི་དབྱིངས་སུ་བྱུང་ནས་ནི། །དེ་ཉིད་དུ་ནི་ཐིམ་པར་འགྱུར། །དེ ་བཞིན་རང་བཞིན་ཐམས་ཅད་ནི། །སྣང་པ་གསུམ་གྱི་རྒྱུ་ཅན་ཏེ། །མ་ལུས་ཡུལ་ལ་ཞུགས་ནས་ནི། །འོད་གསལ་པར་ནི་ཞུགས་པར་འགྱུར། །དེ་འདྲའི་རང་བཞིན་མ་ཤེས་པས། །མི་ཤེས་མུན་པས་ཁེབས་པ་ནི། །དགེ་དང་མི་དགེའི ་ལས་བྱས་ནས། །འགྲོ་བ་ལྔར་ནི་འཁོར་བར་འགྱུར། །མཚམས་མེད་ལ་སོགས་བྱས་ནས་ནི། །དམྱལ་ལ་སོགས་པར་འཚེད་པར་བྱེད། །སྦྱིན་སོགས་དགེ་བ་བྱས་ནས་ནི། །མཐོ་རིས་ལ་སོགས་དག་ཏུ་མཆོད། །སྐྱེ་བ་དཔག་མེད་སྟོང་ཕྲག་ནི། །འདི ་ནི་ཡང་དང་ཡང་འཐོབ་པ། །འདིར་ནི་སྔོན་ལས་རྣམ་སྨིན་ཞེས། །རྨོངས་པ་རྣམས་ནི་མྱ་ངན་བྱེད། །རང་བཞིན་སྣང་བའི་ཚུལ་གྱིས་ནི། །གང་གིས་སྐྱེ་བོ་ཉོན་མོངས་པ། །དེ་ཉིད་ཤེས་ནས་ཡེ་ཤེས་ཅན། །སྲིད་པའི་གཟེབ་ལས་རྣམ་གྲོལ ་འགྱུར། །ཤེས་རབ་ངོ་བོ་ཉིད་འདི་ནི། །ཟླ་བའི་དཀྱིལ་འཁོར་དག་ཏུ་བརྟག་།སེམས་ཉིད་རང་གིས་མཐོང་འགྱུར་ཏེ། །རང་ཉིད་ཟླ་བའི་གཟུགས་བཞིན་ནོ། །དེ་ནས་ཟླ་བ་ལ་དམིགས་པ། །རྡོ་རྗེའི་མཚན་མར་རབ་ཏུ་བརྟག་།འདི་ནི་རྡོ་རྗེ་ལས་བྱུང་བའི། །རྣལ ་འབྱོར་པ་ཡི་ཐབས་སུ་བཤད། །ཟླ་བ་རྡོ་རྗེ་སོགས་མཉམ་སྦྱོར། །སེམས་དང་སེམས་བྱུང་འདུས་པ་སྟེ། །ཤེས་རབ་ཐབས་སུ་འདུས་པ་ལས། །ལྷ་ཡི་གཟུགས་ནི་འབྱུང་བར་འགྱུར། །ཕྱག་རྒྱ་བཞིས་ནི་རྒྱས་བཏབ་ཅིང། །ལྷ་ཡི་ང་རྒྱལ་འཆང ་བྱེད་དེ། །བསྐྱེད་པའི་རིམ་དང་ལྡན་པར་ནི། །སྔགS་པ་རྟག་ཏུ་སྦྱོང་པར་འགྱུར། །ཇི་སྐད་དཔལ་ལྡན་འདུས་སོགས་པར། །དེ་དང་དེར་ནི་རྒྱས་གསུངས་པའི། །ཇི་སྲིད་སྒོམ་ལ་སྦྱོར་གྱུར་པ། །དེ་སྲིད་དང་པོའི་ལས་ཅན་ཡིན། །ད་ནི་ཡོངས་རྫོགས་རྣལ ་འབྱོར་གྱི། །གསལ་བ་རུ་ནི་བཤད་བྱ་སྟེ། །སྟོང་པ་གསུམ་གྱི་རྣམ་དག་གང། །འོད་གསལ་བར་ནི་འདིར་བཤད་དོ།། །ཐམས་ཅད་སྟོང་པར་དེ་བརྗོད་དེ། །ཡེ་ཤེས་གསུམ་ནི་རྣམ་དག་པ། །ཡེ་ཤེས་དག་ནས་དེ་ཉིད་རྟོགས། །ཐམས་ཅད ་མཁྱེན་པ་བླ་ན་མེད། །འགྱུར་བ་མེད་ཅིང་སྣང་བ་མེད། །གཉིས་མེད་མཆོག་ཏུ་ཞི་བ་ཉིད། །ཡོད་དང་དེ་བཞིན་མེད་པ་དང། །དེ་ནི་ཚིག་གི་སྤྱོད་ཡུལ་མིན། །དེ་ནས་འོད་གསལ་དག་པ་ལ། །ཡེ་ཤེས་གསུམ་ནི་འབྱུང་འགྱུར་ཏེ། །སུམ་ཅུ་རྩ་གཉིས ་མཚན་འཆང་ཞིང། །དཔེ་བྱང་བཟང་པོ་བརྒྱད་ཅུར་གྱུར། །རྣམ་པ་ཀུན་ཏུ་མཆོག་ལྡན་པའི། །ཐམས་ཅད་མཁྱེན་པར་དེ་ནས་འགྱུར། །དེ་སྐད་དུ་རྒྱ་ཆེ་རོལ་པའི་མདོ་ལས་། ཤཱཀྱ་ཐུབ་པ་དེ་བཞིན་གཤེགས། །མངོན་པར་བྱང་ཆུབ་འདི་བཞེད་ནས། ་སྟོང་པ་ཆེན་པོ་སངས་རྒྱས་ཉིད། །ཐོབ་པར་བྱ་ཞེས་མངོན་པར་དགོངས། །ནཻ་རཉྫ་ནའི་ཆུ་འགྲམ་དུ། །མི་གཡོའི་ཏིང་འཛིན་ལ་བཞུགས་ལ། །དེའི་ཚེ་རྒྱལ་བ་མཁའ་རྡོ་རྗེ། །ཏིལ་གྱི་གང་བུ་གང་བཞིན་བཞུགས། །རྒྱལ་བའི་སྲས་ལ་སེལ་གོལ་བཏོཌ། ་དེ་ལ་དབྱངས་གཅིག་གི་གསུངས་པ། །བསམ་གཏན་འདི་ནི་རྣམ་དག་མིན། །འདི་ནི་མཐར་ཐུག་མི་འཐོབ་སྟེ། །ནམ་མཁའ་ཨི་ངོས་ལྟར་མཆོག་གྱུར་པ། །འོད་གསལ་བ་ནི་དེ་དམིགས་ཤིང། །འོད་གསལ་བ་ཡི་གནས་ཐོབ་ནས། །རབ་དགའ་ཨི་གཟུགས་སུ ་སྐྱེ་བར་འགྱུར། །དེ་ཚེ་རབ་དགའ་ཨི་རྡོ་རྗེའི་སྐུ། །ཀུན་གྱི་མཆོག་ནི་ཐོབ་པར་འགྱུར། །འདི་ལྟར་སྒྲ་དེ་གསན་པ་དང། །དེ་ནས་ཏིང་འཛིན་མི་གཡོ་བཏང། །འདི་ལྟར་ན་མ་ཕྱེད་དུས་སུ་ནི། །རྒྱལ་པའི་སྲས་ཀྱིས་དེ་ཉིད་དམིགས། །སྐུ་ནི་དྲང་པོ་མ་ཡིན་ཞིང། མི་དྲང ་བ་ཡང་མ་ཡིན་ལ། །དབུགས་གཏོང་པ་དང་རྡུབ་པ་ནི། །གསུང་པ་མ་ཡིན་མི་གསུང་མིན། །སྤྱན་བཟང་བཙུམས་པ་མ་ཡིན་ཞིང། །སྤྱན་ཕྱེ་བ་ཡང་མ་ཡིན་པས། །ཐམས་ཅད་སྟོང་པ་རྨང་ཆེན་པོ། །དང་ཞིང་གསལ་བའི་ཡེ ་ཤེས་ཆེ། །བླ་མ་ཉིད་ཀྱི་དྲིན་གྱིས་ནི། །དེ་ནས་དེ་ནི་གསལ་མཐོང་གྱུར། །འདས་པ་དང་ནི་མ་འོངས་དང། །ད་ལྟར་བྱུང་བའི་སྲིད་པ་གསུམ། །སྐད་ཅིག་དེ་ལ་མ་ལུས་མཐོང། །འོད་གསལ་པ་ནི་རྣམ་དག་འཆང། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །སྐྱ་རེང ་འཆར་བའི་དུས་སུ་ནི། །ཆུ་ཟླ་དང་ནི་སྨིག་རྒྱུ་སོགས། །སྒྱུ་མའི་ཡོན་ཏན་རྣམས་ཀྱིས་བརྒྱན། །བྱང་ཆུབ་སྙིང་པོར་བཞུགས་ནས་ནི། །དེ་ནི་བདུད་རྣམས་བཅོམ་པར་མཛད། །ཤཱཀྱ་མགོན་པོས་ཡང་དག་པའི། །ཡེ་ཤེས་བླ་མེད་ལེགས་ཐོབ་ནས། ། ་འགྲོ་བ་གསུམ་ལ་ཕན་པའི་ཕྱིར། །དེ་ཉིད་འདིར་ནི་སྟོན་པར་མཛད། །མངོན་པར་བྱང་ཆུབ་སྟོན་པ་ནི། །དེ་ཉིད་ཡེ་ཤེས་བྱར་བཤད། །མཚམས་མེད་ལྔ་ཡི་ལས་ཅན་དང། །མི་གང་བསོད་ནམས་དམན་པས་ཀྱང། །ཡིད་བཞིན་ནོར་དང ་འདྲ་བ་བཞིན། །བླ་མའི་དྲིན་གྱིས་ཐོབ་པར་འགྱུར། །སྤྱོད་པ་ཅི་དགའ་སྤྱོང་བྱེད་དེ། །འདི་ནི་མ་འོངས་རྫོགས་སངས་རྒྱས། །ཆགས་མིན་ཆགས་དང་བྲལ་བ་མིན། །དབུ་མར་ཡང་ནི་མི་དམིགས་སོ། །སྟོང་པ་མ་ཡིན་མི་སྟོང་མིན། །དབུ་མར་ཡང ་ནི་མི་དམིགས་སོ། །སངས་རྒྱས་ཀུན་གྱི་མཉམ་སྦྱོར་བ། །འདི་ཉིད་ལྷར་ནི་རབ་སྟོན་ཏེ། །ཡེ་ཤེས་གསུམ་བྲལ་དེ་ཉིད་གང། །དགོངས་པ་ཡིས་ནི་གསུངས་པ་ཡིན། །དེ་བཞིན་དཔལ་ལྡན་གསང་འདུས་ཀྱི། །བྱང་ཆུབ་སེམས་ཀྱི་ལེའུ ་ལས། །དངོས་མེད་ལ་སོགས་ཚིག་བཤད་ཀྱིས། །མངོན་པར་བྱང་ཆུབ་མཚན་ཉིད་གསུངས། །འདོད་ཆགས་ལ་སོགས་རྣམ་དག་གང། །དཔལ་མཆོག་ལས་ཀྱང་གསུངས་པ་ཡིན། །དེ་ཉིད་དེ་བཞིན་གཤེགས་པས་ཀྱང། །ཐམས ་ཅད་སྟོང་པར་གསུངས་པ་ཡིན། །སྣ་ཚོགས་མདོ་དང་རྒྱུད་ལས་ནི། །དེ་ཉིད་གང་ཞིག་ཉེར་བསྟན་པ། །ཐམས་ཅད་སྟོང་གནས་འདི་ཉིད་ལས། །དེར་ནི་གཞན་དག་མ་གསུངས་སོ། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ནི། །ཐུབ་པ་ཆེན་པོས་? ་གསུངས་པ་ལས། །མངོན་པར་བྱང་ཆུབ་མཚན་ཉིད་ནི། སྙིང་པོ་ལས་ནི་སྙིང་པོར་གསུངས། །རལ་པ་གཅེར་བུ་མགོ་རེག་གམ། །ཅོད་པན་འདུས་པ་སྤོང་འཇུག་སྟེ། །སྣ་ཚོགས་རྟགས་ཅན་དེ་དག་ནི། །མངོན་པར་བྱང་ཆུབ་འདོད་པ་རྣམས།། ་དེ་ཉིད་དམན་པ་དེ་རྣམས་ཀྱིས། །བརྟུལ་ཞུགས་སྤྱོད་པ་ལ་སོགས་རིམ། །དེ་ཉིད་ཡེ་ཤེས་དམན་པས་ན། །དེས་ནི་གྲོལ་བརྙེད་མི་འགྱུར། །དང་པོ་ལས་ཀྱི་སྦྱོར་པ་ཡིས། །ས་བརྒྱད་པ་ནི་ཐོབ་པར་འགྱུར། །སྣང་བ་གསུམ་པོས་མཐོང་པ་དང། ། ་ས་བཅུ་ལ་ནི་རབ་ཏུ་གནས། །མངོན་པར་བྱང་ཆུབ་ལེགས་ཐོབ་ནས། །གཙང་མའི་གནས་སུ་ཉེ་བར་འགྲོ། སངས་རྒྱས་ཞིང་ནས་མི་ལྡོག་པས། །ཚེ་འདི་ཉིད་ཀྱིས་ཐམས་ཅད་མཁྱེན། །ཆོས་འབྱུང་མངོན་པར་བྱང་ཆུབ་པའི། །ཆགས ་སོགས་རོལ་མོ་རྒྱ་ཆེན་པོ། །ཆོས་དབྱིངས་མངོན་པར་བྱང་ཆུབ་པ། །ཇི་ལྟར་རྙེད་པའི་སྤྱོད་པས་སོ། །མངོན་པར་རྟོགས་པ་གང་འབྱུང་པ། །བླ་མེད་མངོན་པར་བྱང་ཆུབ་པ། །སྤྲོས་བཅས་ལ་སོགས་སྦྱོར་པ་ཡིས། །རྣལ་འབྱོར་པ་ནི ་འདིར་སློབ་པོ། །བཟོད་ནས་དག་པའི་རང་བཞིན་ཅན། །ངོ་བོ་ཉིད་ཀྱིས་དེ་གྲུབ་ན། །བསླབ་པའི་སྦྱོར་བ་ཅི་ཞིག་བྱ། །རྟོགས་ལས་དེ་བཞིན་ཉིད་མ་སྐྱེ། །གང་ཞིག་དེ་ལྟར་འདིར་རྟོག་ན། །ཡེ་ཤེས་རིམ་པ་སྤངས་པ་ཉིད། །དེ་ཡི་དབྱེ་བ་མི ་ཤེས་པས། །སླར་ཡང་སློབ་པར་འགྱུར་བ་ཡིན། །རང་བཞིན་སྣང་བའི་དབྱེ་ཤེས་ཤིང། །དེ་ཉིད་བཞི་པ་ལ་བརྟེན་ཀྱང། །གང་ཞིག་རྣམས་གསུམ་མི་སློབ་ན། །ངེས་ནི་འབྲས་བུ་ཐོབ་མི་འགྱུར། །ཇི་ལྟར་ཤིང་ལ་མི་གནས་པ། །མ་བཙུམས ་བར་ནི་འབྱུང་མི་འགྱུར། །དེ་བཞིན་བྱང་ཆུབ་བསླབ་བྲལ་པས། །ཚེ་འདི་ཉིད་ལ་འབྱུང་མི་འགྱུར། །གང་ཞིག་ཡོ་སྒྱུའི་བློ་ཅན་ལེ་ལོ་ཅན་དག་དང། །བླ་མ་ལ་སྨོད་དབང་བསྐུར་ཐོབ་ཅེས་རློམ?་སེམས་འགྱུར། །བློ་དམན ་སེམས་ལྡན་ཀུན་མཁྱེན་ཡང་དག་ཐོབ་མི་འགྱུར། །ཉོན་མོངས་བླ་མའི་སྐྱོན་རྣམས་མཐོང་གི་ཡོན་ཏན་མིན། །བསྙེན་བཀུར་མེད་པར་མྱུར་དུ་དེ་ཉིད་ཐོབ་པར་འདོད། །ཡང་དག་ཚིག་མ་ཡིན་ཞེས་ཁྲོ་བཅས་གཡོ་བར་འགྱུར། །ཚོགས?་ན་བ་བླ་མ ་མཐོང་ན་རྒྱབ་ཀྱིས་ཕྱོགས་པར་བྱེད། །དེ་ནས་དེ་ནི་དབེན་པར་སོང་ནས་ཕྱག་བྱེད་འགྱུར། །དེ་ལྟར་རང་བཞིན་ངན་གྱུར་དམན་པའི་སློབ་མ་ནི། །རང་གི་སློབ་བུ་ཡིན་ཡང་གཞན་བཞིན་ཡོངས་སུ་སྤངས། །རྒྱལ་རིགས་རྗེའུ་རིགས་མཆོག་ལས་སྐྱེས་? ་པའང། །བརྟན་པས་ནམ་ཡང་དེ་ནས་དྲུང་དུ་བཞག་མི་བྱ། །ཡོན་ཏན་མཆོག་ལྡན་ཡེ་ཤེས་བརྩོན་པར་བཅས་པ་དང། །ཡང་ན་བླ་མ་ལ་གུས་སངས་རྒྱས་དང་མཉམ་ལྟ། །རྒྱལ་བའི་ཆོས་རྣམས་རྟོགས་ཤིང་བསྟན་ལ་ཤིན་ཏུ་དད། །དེ་འདིར ་སྣོད་གྱུར་ཡིན་ཕྱིར་དེ་ལ་དྲིན་སྦྱིན་བྱ། །རྒྱུད་མང་རབ་ཏུ་ཐོས་ཤིང་ལུང་ལ་ལེགས་སྦྱངས་ཀྱང། །བླ་མའི་བསྙེན་བཀུར་དམན་ཕྱིར་ལུང་ཐོབ་མ་གྱུར་པ། །དེ་ནི་བདག་ཕན་ཙམ་ལའང་དབང་མེད་བསྟན་པའི་མཆུ། །དེ་ཡི་བསྟན་བཅོས་སྐྱོ་བའི་རྒྱུ་ཙམ ་འབའ་ཞིག་ཡིན། །སྐལ་ལྡན་གྱུར་ཅིང་དེ་ཉིད་མན་ངག་ཐོབ་གྱུར་ཀྱང། །གང་ཞིག་བློ་གྲོས་བླུན་མིན་དོན་ནི་སྦྱོར་ནུས་པ། །གཞན་དོན་བྱ་བའི་བློ་ཡིས་སྟོན་ལ་རབ་ཏུ་འཇུག་།ཚིག་གི་ཡོན་ཏན་མེད་ན་དེ་ཡང་བརྙས་བཅད་འགྱུར། །རྒྱུད་མང་ཐོས་ཤིང ་ཤེས་ལྡན་གནས་དྲུག་ཤེས་པ་དང། །དྲན་དང་བློ་གྲོས་བརྟན་བློ་བརྩོན་པ་ཕུན་ཚོགས་ལྡན། །བླ་མའི་ཞབས་བཀུར་བཅས་ཤིང་དེ་ཉིད་ལུང་ཐོབ་པ། །རྒྱུད་རྒྱལ་མན་ངག་དེ་ལ་བསྟན་པར་འོས་པ་ཡིན། །འཕགས་པ་རྡོ་རྗེའི་དྲིན་གྱིས་རྒྱུད་རྣམས ་མང་པོ་ཐོས། །གསལ་བ་རྣམ་སྤྲས་ཚིག་གིས་བྱང་ཆུབ་ལམ་ནི་རྣམ་ཕྱེ་བས། །ཤཱཀྱ་བཤེས་གཉེན་གྱིས་ནི་དགེ་བ་གང་བསགས་དེས། །མཁས་ཤིང་གསལ་པའི་རྣམ་མིན་བྱང་ཆུབ་སྣོར་གྱུར་ཤོག་།མིང་གི་ཁྱད་པར་གཞན་ཡང་བླ་ན་མེད་པའི་དགོངས་བ ་ཞེས་བྱ་བ་ཐམས་ཅད་དག་ཅིང་རྣམ་པར་དག་པའི་རིམ་པ་སློབ་དཔོན་ཤཱཀྱ་ཤེས་གཉེན་གྱིས་མཛད་པ་སྟེ་རིམ་པ་གཉིས་པའོ།། །།རྡོ་རྗེ་ཅན་རྣམས་ཀུན་གྱི་གཙོ། །རྡོ་རྗེ་ཆེ་ལ་ཕྱག་འཚལ་ཏེ། །བདག་ལ་བྱིན་གྱིས་བརླབ་པ་ཉིད། །བརྩེ་བས ་བདག་གིས་བཤད་པར་བྱ། །དེ་ལ་དང་པོར་བསྐྱེད་པའི་རྗེས་སུ་འབྲང་བས་དབང་བསྐུར་བ་ཐོབ་ཅིང། །རྒྱུན་རྣམ་པ་བཞིའི་དགོངས་པ་ཤེས་པ། ཤེས་རབ་དང་ལྡན་ཞིང་ལུས་དང། ངག་དང། ཡིད་རྣམ་པར་དབེན་པའི་ཐོས་པ་འཛིན་པ། བདེན་པ་རྣམ་པ་གཉིས་ལ ་ལྷག་པར་མོས་པས། རྡོ་རྗེ་སློབ་དཔོན་ཡང་དག་པར་མཉེས་པས་བྱས་ཏེ། དེའི་འོག་ཏུ་བླ་མ་མཉེས་པར་གྱུར་ནས་ཚོགས་ཀྱི་མཆོད་པ་ཆེན་པོ་བྱས་ལ་ལོ་བཅུ་དྲུག་མ་རྡོ་རྗེ་སློབ་དཔོན་ཆེན་པོ་ལ་ཕུལ་ཏེ། །དེའི་འོག་ཏུ་བླ་མའི་ཞལ་སྔ་ནས་བདག་ལ་བྱིན་གྱིས། བརླབ་པའི ་རིམ་པའི་མན་ངག་ཐོབ་ནས། དེའི་འོག་ཏུ་ཕྲེང་བ་དང་ཆུ་དང་རྫོགས་པའི་སངས་རྒྱས་དང་རྡོ་རྗེ་དང་དྲིལ་བུ་སྦྱིན་པ་དང་མེ་ལེང་དང་མིང་དང་སློབ་དཔོན་དང་རྗེས་སུ་གནང་བ་སྟེ། དེ་དག་དང་བཅས་པར་གསང་བའི་དབང་བསྐུར་བ་ཐོབ་ནས། །བསྟོད་པ་འདིས་བླ་མ་ལ་བསྟོད་པར ་བྱའོ། །ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། །ཤ་དང་རུས་པ་ཁྲག་མེད་ཀྱང། །ན་མཁའ་ལ་ནི་འཇའ་ཚོན་ལྟར། །ཁྱོད་ཀྱི་སྐུ་ནི་སྟོན་པར་མཛད། །སྐུ་ལ་བསྙུན་མེད་མི་གཙང་མེད། །བཀྲེས་དང་སྐོམ་པ་འབྱུང་མེད་ཀྱང། །ཁྱོད་ནི་འཇིག་རྟེན་རྗེས་འཇུག་ཕྱིར། །འཇིག ་རྟེན་བྱ་བསྟོན་པར་མཛད། །ཆུ་ཟླ་བཞིན་དུ་གཟུང་དུ་མེད། །ཆས་རྣམས་ཀུན་ལ་གནས་པ་མེད། །ང་རྒྱལ་མེད་ཅིང་རྨོངས་མི་མངའ་། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །གཤེགས་དང་བཞུགས་དང་དེ་བཞིན་གཟིམས། །སྤྱོད་ལམ་དག་ནི་ཐམས ་ཅད་དུ། །ཁྱེད་ནི་རྟག་ཏུ་མཉམ་འཇོག་པ། །མི་དམིགས་ཁྱོད་ལ་ཕྱག་འཚལ་ལོ། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །རྫུ་འཕྲུལ་ཆེ་ལ་རྣམ་འཕྲུལ་ཞིང། །སྣ་ཚོགས་མིན་ལ་སྙོམས་འཇུག་པ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། ། ་དེ་ལྟར་རྡོ་རྗེ་སློབ་དཔོན་ལ་ཡང་དག་པའི་བསྟོད་པས་བསྟོད་ནས་ཚིགས་སུ་བཅད་པ་འདིས་མཉན་བར་བྱ་བའི་ཕྱིར་གསོལ་བ་གདབ་པར་བྱའོ། །ཀུན་མཁྱེན་ཡེ་ཤེས་ཕུང་བོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གྱིས། ། ་གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ཁྱོད་ཞབས་པདྨ་སྤངས་ནས་ནི། །གཙོ་བོ་གཞན་ལ་སྐྱབས་མ་མཆིས། །འགྲོ་བའི་དཔའ་བོ་ཐུབ་ཆེན་གྱིས། །དེ་བས་བློ་མཆོག་མཉེས་པར་མཛད། །དེ་ལྟར་འཇིགས་མེད་གསོལ་འདེབས་པའི། །ཚིག་དག ་ཐོས་པར་གྱུར་ནས་ནི། །སྙིང་རྗེ་སློབ་མ་ལ་བསྐྱེད་དེ། །དེ་ནས་བདག་ལ་བྱིན་བརླབས་བརྩམ། །བདག་བྱིན་བརླབས་པའི་རིམ་ཞེས་པ། །ཀུན་རྫོབ་བདེན་པ་བསྟན་པ་སྟེ། །དེ་ནི་བླ་མའི་དྲིན་དག་གིས། །འཐོབ་པར་འགྱུར་གྱི་གཞན་དུ་མིན། །བདག་ལ་བྱིན་གྱིས ་བརླབ་པའི་རིམ། །གང་གིས་རྙེད་པར་མ་གྱུར་པས། །མདོ་སྡེ་རྒྱུད་དང་རྟོག་པ་ལ། །དེ་ཡི་ངལ་པ་དོན་མེད་འགྱུར། །བདག་ལ་བྱིན་བརླབ་རིན་ཐོབ་པའི། །གཙོ་བོ་སངས་རྒྱས་ཀུན་བདག་ཉིད། །ཚེ་འདི་ཉིད་དུ་སངས་རྒྱས་ནི། །ཐེ་ཚོམ་མེད་པར་ཐོབ་པར ་འགྱུར། །བདག་བྱིན་བརླབ་པའི་ཏིང་འཛིན་དང། །དེ་བཞིན་འོད་གསལ་བ་ཡི་གནས། །རྒྱུ་དང་འབྲས་བུའི་ཁྱད་པར་གྱིས། །བདེན་པ་གཉིས་སུ་བསྟན་པ་ཡིན། །བདག་བྱིན་བརླབ་པའི་རིམ་གྱིས་ནི། །འོད་གསལ་བ་ནི་ཐོབ་པར་འགྱུར། །དེ་བས ་རྡོ་རྗེ་སློབ་དཔོན་གྱིས། །དང་པོར་བདག་ལ་བྱིན་བརླབ་བསྟན། །འགྲོ་ཀུན་རང་དབང་མེད་པ་སྟེ། །རང་དབང་དུ་ནི་འབྱུང་མ་ཡིན། །དེ་ཡི་རྒྱུ་ནི་འོད་གསལ་བ། །འོད་གསལ་ཐམས་ཅད་སྟོང་པའོ། །སེམས་གང་གིས་ནི་བྱིས་པ་རྣམས། །འཁོར ་བར་འཆིང་བས་བཅིང་གྱུར་པ། །སེམས་དེ་ཉིད་ཀྱིས་རྣལ་འབྱོར་པ། །བདེ་གཤེགས་གནས་སུ་འགྲོ་བར་འགྱུར། །འདིར་ནི་གང་ཡང་སྐྱེ་བ་མེད། །གང་ཡང་འཆི་བ་ཡོད་ན་ཡིན། །སེམས་ཀྱི་རང་བཞིན་རྣམ་གནས་པར། །འཁོར་བ་ཉིད་ནི་ཤེས་པར་བྱ། ་རླུང་གི་སྦྱོར་བ་མེད་པར་ནི། །སེམས་ཀྱི་རང་བཞིན་གཟུང་དུ་མེད། །སེམས་ཀྱི་རང་བཞིན་རྒྱུར་གྱུར་པ། །ལས་དང་སྐྱེ་བ་ཀུན་ཏུ་འབྱུང། །དེ་ཉིད་རླུང་དང་ཡང་དག་ལྡན། །རྣམ་ཤེས་གསུམ་པོ་སླར་ཡང་ནི། །རྣལ་འབྱོར་པ་ཡི་ལུས་སུ་འབྱུང། །སྒྱུ ་མའི་ལུས་ཞེས་དེ་ལ་བཤད། །དེ་བས་འདི་ལྟར་འགྲོ་བ་ཀུན། །སྒྱུ་མ་ལྟ་བུར་འདིར་བཤད་དེ། །སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །ཐམས་ཅད་དེ་དང་འདྲ་བར་མཐོང། །གཟུགས་དང་ཚོར་བ་ཉིད་དང་ནི། །འདུ་ཤེས་དང་ནི་འདུ་བྱེད་རྣམས། །ལྔ་པ་རྣམ ་པར་ཤེས་པ་དང། །དེ་བཞིན་ཁམས་ནི་བཞི་པོ་དང། །མིག་ལ་སོགས་དང་ཡུལ་རྣམས་ཉིད། །ཤེས་པ་ལྔ་པོ་ཉིད་དག་སྟེ། །ཕྱི་དང་ནང་དུ་རྣམ་ཕྱེ་བ། །ཐམས་ཅད་སྒྱུ་མ་ལས་གཞན་མིན། །མེ་ལོང་ནང་གི་གཟུགས་བརྙན་གྱིས། །སྒྱུ་མའི་ལུས་ནི་ཤེS ་པར་བྱ། །ཁ་དོག་རྣམས་ནི་འཇའ་ལྟ་བུ། །ཁྱབ་པ་ཆུ་ཡི་ཟླ་བས་སོ། །དངོས་དང་དངོས་མིན་ལས་གྲོལ་བ། །རྡོ་རྗེ་སེམས་དཔའ་ལེགས་བྲིས་པ། །མེ་ལོང་དྲི་མ་མེད་པ་ལ། །གཟུགས་བརྙན་གསལ་བར་སྣང་དང་མཚུངས། །རྣམ་པ་ཀུན་གྱིས ་མཆོག་ལྡན་པའི། །སྐུ་ནི་བལྟ་བས་མི་ངོམས་པ། །སློབ་མ་བཟང་པོ་དེ་ལ་སྟན། །བདག་བྱིན་བརླབ་ཅེས་དེ་བཤད་དོ། །སྒྱུ་མར་བསྟན་པའི་མཚན་ཉིད་ཀྱིས། །འདི་ཉིད་ཉེ་བར་མཚོན་པ་སྟེ། །ཀུན་རྫོབ་བདེན་པའི་སྒྱུ་མ་ཉིད། །ལོངས་སྤྱོད་རྫོགས་པའི་སྐུ ་ཡང་དེ། །དེ་ཉིད་དྲི་ཟའི་སེམས་ཅན་གྱུར། །རྡོ་རྗེའི་སྐུ་ཡང་དེ་ཉིད་ཡིན། །རྡོ་རྗེ་སེམས་དཔའ་བདག་ཉིད་དེ། །དེ་བས་བདག་ཉིད་མཆོད་ལ་འཇུག་།བདག་ཉིད་སངས་རྒྱས་ཐམས་ཅད་དང། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཉིད། །དེ་བས་ཀུན་ནས ་འབད་བ་ཡིས། །བདག་ཉིད་རྟག་ཏུ་མཆོད་པར་བྱ། །སྔགས་དང་ཕྱག་རྒྱའི་སྦྱོར་བ་དང། །དཀྱིལ་འཁོར་ལ་སོགས་རྣམ་རྟོགས་དང། །སྦྱིན་སྲེག་གཏོར་མ་ལ་སོགས་ཀུན། །རྟག་ཏུ་སྒྱུ་མ་བཞིན་དུ་བྱ། །ཞི་བ་དང་ནི ་རྒྱས་པ་དང། །དེ་བཞིན་དབང་དང་མངོན་སྤྱོད་དང། །དགུག་སོགས་གང་ཡང་རུང་བ་ཀུན། །དབང་བོའི་གཞུ་དང་མཚུངས་པར་བྱ། །སྒེག་དང་ཉེ་བར་ལོངས་སྤྱོད་དང། །གླུ་དང་རོལ་མོ་སོགས་བསྟེན་དང། །སྒྱུ་རྩལ་རྣམས་ལ་རབ་འཇུག་པ། །ཆུ་ཟླ ་དག་དང་མཚུངས་པར་བྱ། །གཟུགས་དང་སྒྲ་དང་དེ་བཞིན་དྲི། །རོ་དང་རེག་བྱ་ཉིད་དག་ལ། །མིག་ལ་སོགས་པ་འཇུག་འགྱུར་བ། །སྒྱུ་མ་ལྟ་བུར་ཉེར་བར་བརྟག་།རྡོ་རྗེ་ཐག་པ་དེ་ཉིད་དུ། །འདིར་ནི་མང་དུ་བཤད་ཅི་དགོས། །རྣལ་འབྱོར་པས་ནི་གང ་གང་དམིགས། །དེ་དེ་སྒྱུ་མ་བཞིན་དུ་བརྟག་།མེ་ལོང་གི་ནི་གཟུགས་བརྙན་དང། །རྨི་ལམ་སྒྱུ་མ་ཆུ་བུར་དང། །མིག་འཕྲུལ་མཚུངས་པར་གང་གིས་མཐོང། །དེ་ནི་གཙོ་བོ་ཡིན་པར་བཤད། །མཐོང་བ་དང་ནི་རིགས་པ་ཉིད། །འགྲོ་བ་སྒྱུ ་མ་ཇི?་བཞིན་ཏེ། །དམིགས་མེད་ཀུན་རྫོབ་དག་ཏུ་ནི། །སྒྱུ་མ་ལྟ་བུར་རབ་ཏུ་བཤད། །དབང་པོ་གང་དང་གང་ལམ་གྱུར། །དེ་དང་དེ་ཡི་ངོ་བོར་བྱ། །མཉམ་པར་མ་གཞག་སྦྱོར་བ་ཡིས། །སངས་རྒྱས་ཀུན་དང་མཉམ་པར་སྦྱོར། །ཀུན་ཏུ་ཀུན ་ནས་ཐམས་ཅད་དང། བདག་ཉིད་རྟག་ཏུ་རྣམ་པ་ཀུན། །སངས་རྒྱས་ཀུན་བདག་དངོས་གྲུབ་ནི། །རང་ཉིད་ཀྱིས་ནི་དེ་མཐོང་འགྱུར། །གཙོ་བོ་བདེ་བ་ཀུན་རང་བཞིན། །སེམས་དཔའ་ཆེན་པོ་འགྲོ་དང་བཞུགས། །གནས་དང་ཟས་དང་གོས་ལ་སོགས། ། ་མཁའ་ལ་སྐད་ཅིག་ངག་གིས་རྙེད། །སྲིད་པ་གཅོད་པར་འགྱུར་བ་དང། །འགྲོ་ལ་རབ་མཆོག་སྟོན་པར་འགྱུར། །ལྷ་དང་བཅས་པ་ཀུན་གྱིས་མཆོད། །ཡང་དང་ཡང་དུ་ཕྱག་བྱེད་འགྱུར། །ཇི་ལྟར་སྟོན་པ་རྫོགས་སངས་རྒྱས། །འཇིག་རྟེན་ཕན་པར ་བཞེད་པས་གཤེགས། །དེ་བཞིན་རྣལ་འབྱོར་ཆེན་པོ་ནི། །སྣ་ཚོགས་ཡེ་ཤེས་རྗེས་སུ་སྡུད། །རྡོ་རྗེ་སེམས་དཔའ་མཚོན་པས་ན། །བསྒྲུབ་པར་མི་བྱ་ཅི་ཡང་མེད། །བདེ་ཆེན་ཕྱག་རྒྱ་ཆེན་པོ་ནི། །རང་ཉིད་རྗེས་སུ་བསྒྲུབ་པར་འགྱུར། །ལས་དང་ཉོན་མོངས་ལས ་ཅན་ལུས། །བྱེད་པ་པོ་དང་འབྲས་བུ་ཉིད། །སྨིག་རྒྱུ་རྨི་ལམ་ལྟ་བུ་དང། །དྲི་ཟའི་གྲོང་ཁྱེར་དག་དང་མཚུངས། །འདི་འདྲའི་ཏིང་འཛིན་མི་ཤེས་པས།། དངོས་པོ་ལ་ནི་ཉེར་དམིགས་ཏེ། །འདོད་ཆགས་སྣ་ཚོགས་སྐྱེས་པ་རྣམས། །དེ་དག་སྒྱུ་མའི་སྨན་གྱི ་གསོ། །བདག་བྱིན་བརླབ་པའི་མན་ངག་དག་།གང་གིས་བླ་མ་ལས་མ་བསྒྲུབ། །རྟག་དང་ཆད་པ་ལ་དམིགས་པས། །མི་དེ་ཕྱིར་ལྡོག་འགྱུར་བ་ཡིན། །མཆོད་པ་ཐམས་ཅད་སྤངས་ནས་ནི། །བླ་མ་ལ་མཆོད་ཡང་དག་རྩོམ། །དེ་མཉེས་པས ་ནི་ཀུན་མཁྱེན་པའི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །བླ་མེད་བྱེད་པ་སློབ་དཔོན་གྱི། །རྡོ་རྗེ་སེམས་དཔའ་མཆོད་བྱས་ནས། །དེ་ཡི་བསོད་ནམས་མ་བྱས་ཅི། །དཀའ་ཐུབ་མ་བསྟན་གང་ཞིག་ཡོད། །དེ་ཉིད་མི་ཟད་འདོད་པ་ཡིས། །ཤིན་ཏུ་དགའ་ ་བ་གང་དང་གང། །ཤིན་ཏུ་ཁྱད་པར་ཅན་ཉིད་དེ། །དེ་དང་དེ་ནི་བླ་མ་སྦྱིན། །སློབ་དཔོན་གྱིས་ནི་སྡིག་པ་འཕྲོག་།སློབ་དཔོན་གྱིས་ནི་འཇིག་པ་སེལ། །སློབ་དཔོན་གྱིས་ནི་སྡུག་བསྔལ་གྱི། །རྒྱ་མཚོའི་འཇིག་ལས་ཕ་རོལ་སྒྲོལ། །གང་ཞིག་ང་རྒྱལ ་གྱིས་སྤགས་ཤིང། །ཡང་དག་རིམ་པ་སུན་འབྱིན་དང། །དེ་ཉིད་ཆོས་ལ་བརྙས་བཅད་པ། དེ་ལས་དེ་ཉིད་བསྟན་མི་བྱ། །བླ་མ་ལ་གུས་བདེན་པར་སྨྲ། །རྣམ་པར་མཁས་ཤིང་རྒྱུད་ཅིག་ལ། །དམ་ཚིག་སྦྱོང་བ་བསྲུང་བ་དག་།རིམ་པ་དེ་ལ ་བསྟན་བར་བྱ། །བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་སྟེ་རིམ་པ་གསུམ་པའོ།། །།ཐམས་ཅད་སྟོང་པ་ཉིད་སྟོན་པས། །རྡོ་རྗེ་སེམས་དཔའ་ཕྱག་བྱས་ཏོ། །བཞི་པ་མངོན་པར་བྱང་ཆུབ་པའི ་རིམ་འདི་བདག་གིས་བཤད་པར་བྱ། འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་བདག་ཉིད་ཆེ་བའི་ལྷ། །མན་ངག་རྣམས་ནི་རབ་སྟེར་བས། །རྡོ་རྗེ་སློབ་དཔོན་དེ་བས་ལྷག་།དེ་ནི་ཡང་དག་མཉེས་བྱས་ཏེ། །ལོ ་འམ་ཡང་ན་ཟླ་བ་ལ། །བླ་མ་དེ་ནི་མཉེས་བྱས་ལ། །ཅི་ནུས་བས་ནི་མཆོད་པར་བྱ། །ཅི་འབྱོར་པ་ཡི་ཕྱག་རྒྱ་ནི། །ལེཌ་པར་བསླབས་ལ་དབུལ་བྱ་ཞིང། ཚོཌ་ཀྱི་དཀྱིལ་འཁོར་དབུས་སུ་ནི། །ཆོ་ག་ཇི་བཞིན་མཆོད་པར་བྱ། །དེ་ནས་འདོད་ཡོན་ལྔ་སྦྱོར་བས།། ་རྣལ་འབྱོར་ཆེན་བོ་མཉེས་གྱུར་ཏེ། །སྙོམས་པར་འཇུག་པའི་ཆོ་ག་ཡིས། །སྣང་བ་དག་ནི་བསྐྱེད་པར་བྱ། །བྱང་ཆུབ་སེམས་ནི་རབ་འབད་པས། །ཀ་ལ་ཤ་སོགས་དག་ཏུ་བཞག་།སློབ་མ་བཟང་ལ་བླ་མ་ཡིས། །བརྩེ་བསན?་མ་ཕྱེད་དུས་དབང་བསྐུར།། ་དབང་བསྐུར་ཡང་དག་ཐོབ་ནས་ནི། །ཐོ་རངས་ཀྱི་ནི་དུས་སུ་ཡང། །སློབ་མས་ཐལ་སྦྱར་བླ་མ་ལ། །མཆོད་ཅིང་བསྟོད་པས་མཉེས་པར་བྱ། །ཁམས་གསུམ་ལས་ནི་རྣམ་གྲོལ་ཞིང། །ནམ་མཁའ་དང་ནི་མཉམ་གྱུར་ལ། །འདོད་པ་རྣམས་ཀྱིས་མགོས ་པ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཕུང་པོ་རྣམས་དང་ཁམས་རྣམས་དང། །སྐྱེ་མཆེད་རྣམས་ལ་མི་བརྟེན་ཅིང། །ཕྱིན་ཅི་ལོག་ལས་རྣམ་གྲོལ་བ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །རྣམས་རྟོག་མེད་ཅིང་ཀུན་རྟོག ་མེད། །ཐུགས་ནི་རབ་ཏུ་མི་གནས་པ། །བསམ་གྱིས་མི་ཁྱབ་པ་ཡི་ཐུགས། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཇི་ལྟར་ནམ་མཁའ་གནས་མེད་ཅིང། །སྤྲོས་མེད་གོས་པ་མེད་པ་ལྟར། །མཁའ་དང་མཉམ་བའི་ཐུགས་མངའ་ ་བ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཐམས་ཅད་སྟོང་པའི་རང་བཞིན་ཅན། །མངོན་པར་བྱང་ཆུབ་ལྟ་བར་འཚལ། །སློབ་མས་ཐལ་སྦྱར་བླ་མ་ལ། །བསྟོད་ནས་སླར་ཡང་བསྐུལ་བར་བྱ། །ལས་དང་སྐྱེ་ལས་རྣམ་གྲོལ་ཞིང། །སྣང་བ་གསུཾ ་པོ་སྤངས་པ་ཡི། །མངོན་པར་བྱང་ཆུབ་མཐོང་བ་ནི། །མགོན་པོ་ཆེན་པོ་བདག་ཕྱག་འཚལ། །སངས་རྒྱས་ཀུན་གྱི་ཡེ་ཤེས་ཆེ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །རྡོ་རྗེ་ཡེ་ཤེས་བླ་ན་མེད། །སློབ་དཔོན་ཆེན་པོ་བདག་ཕྱག་འཚལ་ལོ། ། ་ཐོག་མཛའ་མེད་ཅིང་ཞི་བ་དང། །ཉོན་མོངས་ཐམས་ཅད་རྣམ་སྦྱོང་ཞིང། །ལུས་དང་ངག་དང་སེམས་སྦྱོང་བ། །རྡོ་རྗེ་ཆེན་པོ་བདག་ཕྱག་འཚལ་ལོ། །དེ་ལྟར་ཡོན་ཏན་ཡང་དག་པ། །བརྗོད་པས་རྣལ་འབྱོར་པས་མཉེས་བྱ། །སྙིང་རྗེ་སློབ་མ་ལ ་བསྐྱེད་དེ། །དེ་ནས་རིམ་པ་འདི་ཉིད་བརྩམ། །མཚན་མོ་སྣང་བའི་ཆ་སྟེ་གསལ་བའི་ཉི་མའི་ཟེར་འགྱེད་སྣང་བ་མཆེད་བ་ཡིན། །མཚམས་ནི་སྣང་བ་ཐོབ་པར་རང་གི་རང་བཞིན་རྣམས་ཀྱིས་ལན་ཅིག་མིན་པར་འགྲོ། མཚན་མིན་ཉིན་པར་མ་ཡིན ་མཚམས་མིན་གང་ཞིག་རང་བཞིན་རྣམས་དང་རྣམ་བྲལ་བ། །དེ་ནི་བྱང་ཆུབ་སྐད་ཅིག་ཡིན་པར་བླ་མ་མཆོག་བཤད་རྣལ་འབྱོར་པ་ཉིད་ཡུལ། །མཚམས་ཀྱི་མཛའ་ནི་འཇིག་མིན་མུན་ནག་ཚོགས་ནི་མ་ལུས་གང་དུ་འདས་བ་དང། །ཇི་སྲིད་ཉི་མ་ཤར ་སྐད་ཅིག་འདིར་ནི་དྲི་མེད་ཡང་དག་མཛའ་རུ་བཤད། །སློབ་དཔོན་མཆོག་ནི་རབ་རིབ་བྲལ་བས་སློང་མ་ལ་ནི་ཕྱི་རོལ་བྱང་ཆུབ་བསྟན། །ནང་གི་བདེ་བ་རྙོག་བྲལ་སངས་རྒྱས་བྱང་ཆུབ་སྐད་ཅིག་དག་གིས་ཐོབ་པར་འགྱུར། །ཐ་མར་འབྱུང་དང་ཐོག་མར་འབྱུང་བའི ་དབུས་མིན་འབྱུང་བའི་དབུས་སུ་འབྱུང་བའོ། །མཛའ་མེད་འབྱུང་བའ?་མཐར་ནི་འབྱུང་བ་རྣཾས། །དེ་དག་ཐཾས་ཅད་སྟོང་པར་དམ་བས་གསུངས། །གང་དུ་འགྲོ་བ་དང་ནི་འོང་མེད་ཅིང། །ཟད་དང་འཕེལ་མེད་དངོས་དང་མེད་ཡིན། །ངོ་མཚར་གཟུགས་ཅན་ཡིན ་ཞིང་ངོ་མཚར་མིན། །གནས་པར་འགྱུར་མིན་མྱུར་དུ་འགྲོ་བ་མིན། །གང་ཞིག་ཡོད་དང་མེད་པའི་ཐ་སྙད་རྣམས་དང་བྲལ། །བསོད་ནམས་གཟུགས་མིན་སྡིག་པའི་གཟུཌ་མ་ཡིན། །བསོད་ནམས་སྡིག་གི་བདག་མིན་མཆོག་གྱུར་པ། །དེ་ནི་ཐཾས་ཅད་སྟོད་པར་སངS ་རྒྱས་རྣམས་ཀྱིས་གསུངས། །རྣལ་འབྱོར་པར་ན་དེ་ལྟའི་དེ་ཉིད་ཐོབ། །རྒྱུ་དང་མི་རྒྱུའི་བདག་ཉིད་འགྲོ་གཉེར་གཅིག་།ཡེ་ཤེས་རང་བཞིན་མི་ཡི་སེང་གེ་གང། །མི་ཟང་ལུས་ཐོབ་མ་ལུས་འགྲོ་བའི་རྒྱུ། །དེ་ནི་ཡོ་བའི་ལུས་ཀྱང་དྲང ་པོ་ཡིན། བསྟན་ལ་གནས་མེད་གྱུར་ཀྱང་གནས་བ་ཡིན། །དེ་ནི་མིག་བཙུམས་གྱུར་ཀྱང་རྣམ་རྒྱས་ཡིན། དེ་ནི་མཉམ་མ་གཞག་ཀྱང་མཉམ་གཞག་ཡིན། །དེ་ནི་ཚིག་དང་ལྡན་ཡང་བརྗོད་བྲལ་ཡིན། །དེ་ནི་ལོངས་སྤྱོད་ལྡན་ཡང་གཟུང་བྲལ ་ཡིན། །དེ་ནི་འཇིག་རྟེན་མགོན་ཡང་གཞན་བྲལ་འགྱུར། །གང་ཞིག་དེ་ཉིད་རྟོགས་ཤིང་ཉེས་ཀུན་ཟད། །མན་ངག་ཐོབ་པའི་སློབ་མ་ཡིས། །དེ་ནས་རྣལ་འབྱོར་རྣམ་གཉིས་བསླབ། །རིལ་པོར་འཛིན་པའི་རིམ་པ་དང། །དེ་བཞིན་རྗེས་སུ་གཞིག་པའོ ་མགོ་བོ་ནས་ནི་རྐང་པའི་བར། །ཇི་སྲིད་སྙིང་གར་ཕྱིན་པའི་བར། །རྣལ་འབྱོར་ཡང་དག་མཛའ་ལ་འཇུག་།རིལ་པོར་འཛིན་པ་ཞེས་བཤད་དེ། །རྒྱུ་བ་དང་ནི་མི་རྒྱུ་ཉིད། །དང་པོ་འོད་གསལ་བར་བྱ་སྟེ། །ཕྱི་ནས་དེ་བཞིན་བདག་ཉིད་བྱེད། །རྗེས་སུ ་གཞིག་པའི་རིམ་པ་ཡིན། །དབུས་ཀྱི་རླུང་ནི་མེ་ལོང་ལ། །ཇི་ལྟར་ཀུན་ཏུ་ཐིམ་གྱུར་པ། །དེ་བཞིན་རྣལ་འབྱོར་ཡང་དག་མཛའ་། །ཡང་དང་ཡང་དུ་འཇུག་པར་བྱེད། །འགྲོ་དང་འདུག་དང་ཉལ་དང་ཟ། །མིག?་བཙུམས་འབྱེད་དང་རྒོད་པ་ན། །བསམ ་གཏན་སྦྱོར་བ་འདི་ཡིས་ནི། །དེ་ཉིད་རིག་བརྟག་ཏུ་གནས། །གཟུགས་བཅས་འོད་ཟེར་དེ་དང་དེ། །རྣམ་ཤེས་རླུང་དང་ལྡན་པ་ཡི། །བདག་བྱིན་བརླབ་པའི་རིམ་གྱིས་ཀྱང། །སེམས་ཅན་དོན་དུ་འང་ལན་འགར་འགྱུར། །ཇི་ལྟར་དང་བའི ་ཆུ་ཀླུང་ལས། །ཉ་དག་མྱུར་དུ་ལྡང་བ་ལྟར། །དེ་བཞིན་ཐམས་ཅད་སྟོང་གསལ་ལས། །སྒྱུ་འཕྲུལ་དྲ་བ་འབྱུང་བར་འགྱུར། །རིགས་ལྔའི་སངས་རྒྱས་ལ་བལྟོས་པའི། །ཕྱག་རྒྱ་ཆེན་བོར་བརྟག་བ་ནི། །འོད་ཟེར་ལྔ་བཞི?་འབྱུང་བ་དག། ནམ་མཁའ་ཨི ་འཇའ་ཚོན་ངག་དང་མཚུངས། །ཕྱག་རྒྱ་འཚང་བར་བྱེད་པའམ། །གལ་ཏེ་གསང་སྔགས་ཟློས་པའམ། །གང་གཞན་ཐམས་ཅད་ཕྱེད་བ་ན། །ཐམས་ཅད་སྟོང་པའི་གཞི་ལ་གནས། །ཐམས་ཅད་ཟ་ཞིང་ཀུན་ལ་བལྟ། །ཀུན་ལ་ཕྱག་བྱེད་ཀུན་ཏུ་འགྲོ་།ཐམS ་ཅད་བྱེད་པའི་མཚན་མ་ཅན། །ཐམས་ཅད་སྟོང་པས་འགྲུབ་པར་འགྱུར། །བྱང་ཆུབ་སེམས་ནི་དོན་དམ་ཞེས་བྱ་བ། །སྐལ་བཟང་སློབ་མ་བཟང་པོས་མན་ངག་ཐོབ། །ཐལ་མོ་སྦྱར་ནས་མེ་ཏོག་འཛིན་པ་ཡི། །བླ་མ་ལས་ནི་སླར་ཡང་བླང་བར་བྱ། དངོས་པོ ་ཀུན་དང་རྣམ་བྲལ་ཞིང། །ཕུང་བོ་ཁམས་དང་སྐྱེ་མཆེད་དང། །གཟུང་དང་འཛིན་པ་རྣམས་སྤངས་པ། །ཆོས་བདག་མེད་དང་མཉམ་མེད་པ། །རང་སེམས་གདོང་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་ངོ་བོ་ཉིད། །དེ་ནས་རྗེས་སུ་མཐུན་པའི་ཡོན། །བླ་མ་ལ ་ནི་དབུལ་བྱ་སྟེ། །རིན་ཆེན་ཁྱིམ་དང་གླང་པོ་རྟ། །ཡུལ་དང་མལ་སྟན་དག་དང་ནི། །བྲན་ཕོ་བྲན་མོ་ཆུང་མ་སྡུག་།བུ་མོ་ཤིན་ཏུ་ཡིད་འོང་དང། །གང་གིས་བདག་ཀྱང་དབུལ་བྱ་ན། །ལྷག་མ་རྣམས་ལྟ་སྨོས་ཅི་དགོས། །སློབ་དཔོན་ལ་ནི་དྲི་མ་ཐོབ་དྲི་མེད ་བརྟན་བའི་བློ་ལྡན་དངོས་ཀུན་བདག་།གསལ་དག་ཤིན་ཏུ་ཕྲ་བ་མཆོག་ཞིའི་རང་བཞིན་སངས་རྒྱས་མྱ་ངན་འདས་པའི་ཁམས། །གཉིས་མེད་རྟོག་བྲལ་རྟག་ཏུ་བདེ་བའི་རང་བཞིན་དེ་ཉིད་རྣལ་འབྱོར་པས་བསྒོམ་བྱ། །བསོད་ནམས་བསོད་ནམས་མིན་གྲོལ ་རང་ཉིད་འདིར་ནི་བཅོམ་ལྡན་རྡོ་རྗེ་སེམས་དཔར་འགྱུར། །མཆོག་ཏུ་གསང་བའི་བདེ་བ་མངོན་པར་བྱང་ཆུབ་པའི་?་སྟེ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པའི་རིམ་པ་བཞི་པའོ།། །།མགོན་པོ་སངས་རྒྱས་ཀུན་བདག་ཉིད། །གཉིས་པ ་ཐམས་ཅད་རྣམ་སྤངས་ལ། །ཕྱག་འཚལ་ནས་ནི་ཟུང་འཇུག་པའི། །རིམ་པ་ཐ་མ་འབྲི་བར་བྱ། །འཁོར་བ་དང་མི་མྱ་ངན་འདས། །རྟོག་པ་གཉིས་པོ་སྤངས་པས་ན། །གང་དུ་དངོས་པོ་གཅིག་གྱུར་པ། །ཟུང་དུ་འཇུག་ཅེས་དེ་ལ་བཤད། །ཀུན་ནས་ཉོན་ ་མོངས་རྣམ་བར་བྱང། །དོན་དམ་ཉིད་དུ་ཤེས་ནས་ནི། །གང་གིས་གཅིག་ཏུ་གྱུར་ཤེས་པ། །དེ་ཡིས་ཟུང་དུ་འཇུག་པར་ཤེས། །དངོས་པོ་རྣམ་བཅས་ཀུན་རྟོག་དང། །དངོས་པོ་མེད་པར་རྟོག་པ་དག་།རྣལ་འབྱོར་པས་?་ཅིག ་ཅད་སྤྱོད། །དེའི་ཟུང་འཇུག་ཤེས་པའོ། །གཟུང་བ་དང་ནི་འཛིན་པ་ཞེས། །རྣམ་གཉིས་བློ་ནི་ཡོད་མིན་གྱི། །གང་དུ་མི་ཕྱེད་བློ་ཡོད་པ། །དེ་ནི་ཟུང་འཇུག་ཅེས་བྱར་བཤད། །རྟག་དང་ཆད་བའི་བློ་དག་ནི། །གང་གིས་སྤངས་ནས་གནས་པ་ཡི། །ཟུང ་དུ་འཇུག་པའི་རིམ་འདི་ཡི། །དེ་ཉིད་ཤེས་ཏེ་མཁས་པ་ཡིན། །ཤེས་རབ་སྙིང་རྗེ་གཅིག་བར་ནི། །ཤེས་ནས་གང་དུ་འཇུག་གྱུར་པ། །ཟུང་འཇུག་ཅེས་བྱར་བཤད་པ་སྟེ། །རིམ་འདི་སངས་རྒྱས་སྤྱོད་ཡུལ་ལོ། །ཐབས་དང་ཤེས་རབ ་སྙོམས་འཇུག་པར། །ཐམས་ཅད་བསྡུས་ལས་ཤེས་གྱུར་པ། །རྣལ་འབྱོར་ཆེན་པོ་གང་དུ་གནས། །དེ་ནི་ཟུང་དུ་འཇུག་པར་འགྱུར། །གང་དུ་ལྷག་མར་བཅས་པ་དང། །དེ་བཞིན་ལྷག་མ་མེད་པ་ཞེས། །འདི་ལྟའི་རྟོག་པ་མེད་གྱུར་པ། །དེ་ནི ་ཟུང་དུ་འཇུག་པའོ། །གང་དུ་གང་ཟག་བདག་མེད་དང། །ཆོས་ལ་བདག་མེད་པ་དག་གི་།རྟོག་པ་གཉིས་ལས་རྣམ་གྲོལ་བ། །ཟུང་དུ་འཇུག་པའི་མཚན་ཉིད་དོ། །དེ་ཉིད་ཤེས་པའི་རིམ་ཤེས་ནས། །བདག་བྱིན་བརླབ་པའི་འོད་གསལ་ལ། །དེ ་ཉིད་ལ་ནི་འདུས་པ་གང། །ཟུང་དུ་འཇུག་བའི་རིམ་འདི་ཡིན། །རིལ་པོར་འཛིན་དང་རྗེས་གཞིག་དང། །འཇུག་དང་དེ་བཞིན་གནས་པ་དང། །དེ་ནས་གང་དུ་ལྡང་གྱུར་པ། །མཉམ་གྱུར་ཟུང་དུ་འཇུག་པའོ། །ཀུན་རྫོབ་དང་ནི་དོན་དམ་དང། །སོ་སོའི ་ཆར་ནི་ཤེས་གྱུར་པ། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པར་དེ་བཤད་དོ། །དེ་བཞིན་ཉིད་ལ་དམིགས་ཉིད་དང། །གང་དུ་ལྡང་བར་གྱུར་པ་ནི། །ཟུང་དུ་འཇུག་པ་དེ་ཡིན་ཏེ། །མི་ཟད་རྣལ་འབྱོར་པ་ཡི་གནས། །གཉིད ་ལོག་དང་ནི་སད་པ་སྟེ། །གནས་སྐབས་དེ་གཉིད་སྤངས་པ་ནི། །གཉིད་ལོགས་དང་མ་རྣམ་བྲལ་པ། །ཟུང་འཇུག་ཡིན་པར་སྟོན་པས་གསུངས། །མཉམ་པར་བཞག་དང་མ་བཞག་པ། །གང་ལ་འདི་དག་ཐམས་ཅད་མེད། །དངོས་དང་དངོས ་མེད་རྣམས་སྤངས་པ། །རྣལ་འབྱོར་པ་ནི་ཟུང་འཇུག་གནས། །དྲན་དང་མི་དྲན་ལས་གྲོལ་ཞིང། །རྟག་ཏུ་འབྱུང་བའི་མཚན་ཉིད་ཅན། །རྣལ་འབྱོར་པ་ནི་འདོད་བཞིན་སྤྱོད། །ཟུང་འཇུག་རིམ་པ་ལ་གནས་པའོ། །ཆགས་དང་ཆགས་མིན་ལས ་གྲོལ་ཞིང། །མཆོག་ཏུ་དགའ་བའི་ལུས་དང་ལྡན། །འཁོར་བ་སྲིད་དུ་གནས་བྱེད་པ། །ཟུང་འཇུག་རྣམ་པར་བསྒོམ་པའོ། །བྱ་བ་དང་ནི་བྱེད་པ་དང། །མི་ཕྱེད་པ་ཡི་ངོ་བོ་ཉིད། །གནས་དང་རྣལ་འབྱོར་པས་ཤེས་པ། །ཟུང་དུ་འཇུག་པར་དེ་བཤད་དོ། ། ་བསྐྱེད་བའི་རིམ་པ་འདི་གཅིག་ཡིན། །གཞན་ཡང་རྫོགས་པའི་རིམ་བདག་།གཉིས་བོ་?་གཅིག་གྱུར་པ། །དེ་ནི་ཟུང་དུ་འཇུག་པར་བཤད། །ཡོངས་སུ་དག་པའི་ལྷ་དང་ནི། །འདིར་ནི་མ་དག་པར་འགྱུར་ཞེས། །གང་ཞིག་མི་བྱེད་པར་རྟོགས་པ། ། ་གང་ཡིན་དེ་ནི་ཟུང་འཇུག་པའོ། །གཟུགས་ཅན་དང་ནི་གཟུགས་མེད་ཅེས། །རྟོག་པ་གཉིས་པོ་སྤངས་པ་ནས། །གང་ཞིག་ཞི་རྟོགས་རྣལ་འབྱོར་དབང། །དེ་ནི་ཟུང་འཇུག་ཐོབ་པའོ། །དེ་ལྟར་གང་གནས་རྣལ་འབྱོར་པའོ། །ཟུང་འཇུག་རིམ་ལ་གནས་པ ་སྟེ། །དེ་ནི་ཀུན་མཁྱེན་དེ་ཉིད་མཐོང། །སྣ་ཚོགས་འཛིན་ཅེས་བརྗོད་པ་ཡིན། །སྒྱུ་འཕྲུལ་དྲ་བས་མངོན་སངས་རྒྱས། །འཁོར་བའི་རྒྱ་མཚོའི་ཕ་རོལ་སོན། །བྱ་བ་བྱས་པའི་རྣལ་འབྱོར་ཆེ། །བདེན་པ་གཉིས་ཀྱི་ཚུལ་ལ་གནས། །དེ་ཉིད་གཉིས་མེད ་ཡེ་ཤེས་ཏེ། མི་གནས་མྱ་ངན་འདས་པ་ཡིན། །སངས་རྒྱས་རྡོ་རྗེ་སེམས་དཔའ་ཉིད། །དེ་བཞིན་ཀུན་གྱི་དབང་ཕྱུག་ཡིན། །རྡོ་རྗེ་ལྟ་བའི་ཏིང་འཛིན་ཡང། །རྫོགས་པའི་རིམ་གནས་དེ་ཉིད་དེ། །སྒྱུ་མ་ལྟ་བུའི་ཏིང་འཛིན་དང། །གཉིས་སུ་མེད་པར་དེ ་བཤད་དོ། །མི་གནས་སྒྲ་གང་སྐྱེ་མེད་ལ་སོགས་པ། །གཉིས་མེད་ཡེ་ཤེས་སྟོན་པ་རྣམས། །ཐམས་ཅད་འདི་ཡི་ཚིག་ཡིན་ཏེ། །དེར་ནི་གཞན་དག་མེད་སྦྱར་བཤད། །གང་གཱ་ཀླུང་གི་ཕྱེ་སྙེད་ཀྱི། །སངས་རྒྱས་རྣམས ་ཀྱིས་འདི་དག་ཉིད། །ཐུགས་ཆུད་ཡོད་མེད་ཕྱོགས་སྤངས་པ། །ཕྱག་རྒྱ་ཆེན་པོའི་བདག་ཉིད་གྲུབ། །ཟུང་འཇུག་གོ་འཕངས་ལ་གནས་པའི། །སློབ་བཞིན་པ་ཡི་རྣལ་འབྱོར་ཚེ། །ཟུང་དུ་འཇུག་པ་བསྒོམས་གྱུར་པས། །སྤྱོད་པའི་?་དེ་དང་གཉིས་སུ ་མེད། །ཇི་ལྟར་བདག་ཉིད་དེ་བཞིན་དགྲ་།ཆུང་མ་དེ་བཞིན་མན་ལམ་དང། །ཇི་ལྟར་སྨད་འཚོང་དེ་བཞིན་མ། །ཇི་ལྟར་བྲམ་ཟེ་དེ་བཞིན་གདོལ། །ཇི་ལྟར་པགས་པ་དེ་བཞིན་གོས། །ཇི་ལྟར་རིན་ཆེན་ཕུབ་མ་དང། །ཇི་ལྟར་ཆད་དག་དེ་བཞིན ་གཅི། །ཇི་ལྟར་བཟའ་བདེ་བཞིན་བཤད། །ཇི་ལྟར་དྲི་བཟང་ག་བུར་དག་།དེ་བཞིན་བཤད་ལས་བྱུང་བའི་དྲི། །ཇི་ལྟར་བསྟོད?་པ་བྱེད་པའི་ཚིག་།དེ་བཞིན་དུ་ནི་སྨོད་པའི་ཚིག་།དྲག་པོ་རྡོ་རྗེ་ཅན་དེ་བཞིན། །ཇི་ལྟར་ཉིན་མོ་དེ་བཞིན་མཚན། །དེ་ལྟར་རྨི ་ལམ་དེ་བཞིན་མཐོང། །ཇི་ལྟར་འཇིག་པ་དེ་བཞིན་གནས། །ཇི་ལྟར་བདེ་བ་དེ་བཞིན་སྡུག་།ཇི་ལྟར་སྡང་བ་དེ་བཞིན་བུར། །མནར་མེད་མཐོ་རིས་དེ་བཞིན་ཏེ། །དེ་བཞིན་སྡིག་དང་བསོད་ནམས་སོ། །དེ་ལྟར་ཤེས་ནས་ཡེ་ཤེས་ཅན། །དགེ་པ་མེད ་པར་ཐམས་ཅད་བྱེད?། །སྦས་པའི་བརྟུལ་ཞུགས་ཀུན་བསྒྲུབས་ན། །ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ། །མཆོག་གྱུར་རིམ་པ་ལྔ་པ་འདི། །བཤད་ནས་བསོད་ནམས་གང་ཐོབ་པས། །ཟུང་དུ་འཇུག་པའི་ཏིང་ངེ་འཛིན། །འདི་ཡིས་འཇིག ་རྟེན་རོལ་པར་ཤོག་།ཟུང་དུ་འཇུག་པའི་རིམ་པ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་སྟེ་རིམ་པ་ལྔ་པ་རྫོགས་སོ།། །།འཕགས་པས་མཛད་པའི་རྫོགས་ཚུལ་རིམ་པ་ལྔ། །ལམ་ལྔ་སྦྱང་ཕྱིར་བླ་མའི་བཀའ་སྒྱུར་བས། །སྒྲིབ་པ ་ལྔ་བྲལ་ཡེ་ཤེས་ལྔ་ཐོབ་སྟེ། །སྐུ་ལྔ་མངོན་ཤེས་ལྔར་ལྡན་སངས་རྒྱས་ཤོག། །།རྒྱ་གར་གྱི་མཁན་པོ་ཨཱ་ཙརྱ་ཤྲཱདྡྷ་ཀར་ཝརྨ?་དང། །ཞུ་ཆེན་གྱི་ལོ་ཙཱ་བ་?་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ། སླད་ཀྱི་རྒྱ་གར་གྱི ་མཁན་བོ་ཀ་མཱ་ལ་གུཔཏ་དང། ཡུལ་དབུས་ཀྱི་དཔེ་དང་ཡང་གཏུགས་ཏེ་གཏན་ལ་ཐབ?་པའོ།། །།སྤྱོད་པ་བསྡུས་པའི་སྒྲོན་མ་སློབ་དཔོན་ཆེན་པོ་ཨརྱ་དེ་བའི་ཞལ་སྔ་ནས་མཛད་པ་བཞུགས་སོ།། །རྒྱ་གར་སྐད་དུ་།ཙརྱ་?་པཱ་ན་པྲ་དཱི་པཾ། བོད་སྐད་དུ་། སྤྱོད ་