CLOSE WINDOW

N1458: dpal gsang ba 'dus pa'i dkyil 'khor gyi cho ga zhes bya ba
Wyliee-texts based on the ACIP/ALL Input

དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པའོ། ། *། །རྒྱ་གར་སྐད་དུ་། ཤྲཱི་གུ་ཧཡ་ས་མཱ་ཛ་མཎྜལ་བི་དྷི་ནཱ་མ། བོད་སྐད་དུ། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཐོག ་མ་དབུས་མཛའ་ལས་གྲོལ་བའི། །ཁྱབ་བདག་སྟོང་པ་བཞིའི་རང་བཞིན། །མགོན་པོ་རྡོ་རྗེ་སེམས་དཔའ་ལ། །བཏུད་ནས་དཀྱིལ་འཁོར་ཆོ་ག་བཤད། །དཔལ་ལྡན་འདུས་པའི་དཀྱིལ་འཁོར་དུ། །ཇི་སྲིད་ཕྲེང་བ་ཆུ་ལ་སོགས། །དེ་སྲིད་བླ་མའི་མན་ངག་མཛའ་། ། ་དབང་བསྐུར་བ་ནི་ཆོ་ག་བཞིན། །བླ་མའི་རྒྱུད་རིམ་ལས་འོངས་པ། །རྣལ་འབྱོར་རྣམ་གཉིས་མཐར་ཐུག་པའི། །བླ་མའི་ལུང་ནི་ནས?་ཐོབ་པ། །བཤད་རྒྱུད་བཞིའི་དགོངས་པ་ཤེས། །བསྐྱེད་པ་དང་ནི་རྫོགས་པ་ཡི། །རིམ་པ་གཉིས་ཀྱི་དོན་ཤེས་དང།། ་མཆོག་དང་ཐུན་མོང་སྒྲུབ་ལ་གནས། །དམ་ཚིག་སྡོམ་ལ་གནས་པ་སྟེ། །རྩ་བའི་ལྟུང་བ་སྤངས་དང་ལྡན། །བཟོད་ལྡན་དྲང་ལ་གཡོ་རྒྱུ་མེད། །བརྟན་བཞིན་དུལ་བ་བློ་གྲོས་ལྡན། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །དེ་ཉིད་བཅུ་ནི་ཡོངས་ཤེས་ཤིང། །དཀྱིལ་འཁོར ་འདྲི་དང་རབ་གནས་མཁས། །ཉན་ཐོས་རྣམས་ཀྱི་ལམ་འགྲོ་མིན། །ཕ་རོལ་ཕྱིན་བཅུའི་ཚུལ་ལ་གནས། །ཟབ་ཅིང་རྒྱ་ཆེའི་ཆོས་ལ་མོས། །བདེན་གཉིས་ལ་ནི་རྣམ་པར་མཁས། །བླ་མེད་ཐེག་པ་གཙོར་བྱེད་པ། །འགྲོ་བའི་དོན་སྤྱོད་སྙིང་རྗེ་ཅན། །རིན་ཆེན་སྐྱེས ་བུར་གང་གྱུར་པས། །སྔོན་དུ་བསྙེན་པ་བྱས་ནས་སུ། །དེ་ནས་དཀྱིལ་འཁོར་བྲི་བར་བྱ། །གང་ཞིག་ཡིད་འོང་གནས་སུ་ནི། །དྲི་བཟང་ཙནདན་སོགས་ཀྱིས་བྱུག་།དྲི་ཞིམ་མེ་ཏོག་མཆོག་དཀྲམ་ནས། །ཤར་ཕྱོགས་སུ་ནི་ཁ་བལྟས་ལ། །སེམས་དཔའ་ཨི་སྐྱིལ་མོ ་ཀྲུང་གནས་ཏེ། །འཁོར་བའི་འདམ་དུ་བྱིང་བ་ཡི། །འགོར་ལ་ཕན་དང་བསྐྱབ་པའི་ཕྱིར། །སྙིང་རྗེ་ཆེན་པོས་དམིས་པར་བྱ། །དཀའ་ཡི་འཁོར་ལོ་སྔོན་འགྲོ་བའི། །བསྙེན་དང་ཉེར་སྒྲུབ་སྒྲུབ་པ་དང། །སྒྲུབ་ཆེན་ལ་ནི་མཁས་པ་ཡིས། །སྦྱོར་བ་གསུམ་གྱི་མཐར ་ཐུག་པས། །རྡོ་རྗེ་བཟླས་དང་རྗེས་མཐུན་པར། །ངག་གི་བཟླས་པའི་ཚུལ་ཉིད་ཀྱིས། །དཀྱིལ་འཁོར་གཙོ་བོའི་འབུམ་དུ་བཟླས། །དེ་ལས་གཞན་པའི་ཁྲི་རུ་བཟླས། །མཚན་མོ་ངེས་པར་ཐོབ་པའམ། །ཡང་ན་བསྙེན་པའི་སྦྱོར་གོམས་པས། །དཀྱིལ་འཁོར ་ཡོངས་སུ་དྲི་བར་བྱ། །དེ་ལ་དཀྱིལ་འཁོར་ཆོ་ག་ནི། །ཡན་ལག་རྣམ་ཕྱེ་ཉི་ཤུ་སྟེ། །ས་གཞི་སྦྱང་དང་བྱིན་བརླབ་དང། །ཡོངས་སུ་བཟུང་དང་བསྲུང་བ་དང། །ས་ཡི་ལྷ་དང་དཀྱིལ་འཁོར་དང། །བུམ་པ་རྣམས་དང་སློབ་མ་དག་།སྟ་གོན་དུ་ནི་གནས་པ་དང། །ཐིག? ་གདབ་པ་ཡི་ཆོ་ག་དང། །དེ་བཞིན་རྡུལ་ཚོན་དགྱེ་བ་དང། །དཀྱིལ་འཁོར་བྱིན་གྱིས་བརླབ་པ་དང། །དེ་ལ་མཆེད་པའི་བྱེ་བྲག་དང། །སློབ་དཔོན་བདག་ཉིད་འཇུག་པ་དང། །དེ་བཞིན་སློབ་མ་གཞུག་པ་དང། །བུམ་པའི་དབང་དང་གསང་བ ་དང། །ཤེས་རབ་ཡེ་ཤེས་དབང་དང་ནི། །དེ་བཞིན་དུ་ནི་བཞི་པ་དང། །རབ་གནས་དང་ནི་སྦྱིན་སྲེག་སྟེ། །དཀྱིལ་འཁོར་གྱི་ནི་ཡན་ལག་མཆོག་།འདི་དག་ཆོ་ག་ཉི་ཤུའོ། །དེ་ལ་རེ?་ཞིག་དང་པོར་དཀྱིལ་འཁོར་བྲི་བར་མངོན་པར་འདོད་པའི་སའི་ཆའི་དབུས་སུ་མཎྜལ་གྲུ ་བཞི་ཁྲུ་གང་པ་བྱ་སྟེ། མེ་ཏོག་སིལ་མ་བཀྲམ་ལ་ལྷའི་གནས་དང་གདན་ཇི་ལྟ་བ་བཞིན་བསམ་སྟེ། བླ་མ་དང་བཅས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་རྫོགས་པར་བསྐྱེད་ལ། ཡེ་ཤེས་སེམས་དཔའ་དགུག་པ་དང། གཞུག་པ་དང་བཅིང་བ་དང། མཉེས་པར ་བྱས་ཏེ། བྱིན་གྱིས་བརླབ་པ་དང། དབང་བསྐུར་བའི་མཐར་ཐུག་པར་བྱ་ཞིང། དེ་ལ་ཕྱི་ནང་གསང་བའི་མཆོད་པས་མཆོད་དེ། བསྟོད་པ་ཚུལ་བཞིན་བྱས་ལ། དགོངས་ཤིག་དུས་གསུམ་མགོན་པོ་རྣམས། །སངས་རྒྱས་ཐམས་ཅད་མཆོད་པ་དང། །སློབ་མ་རྣམས་ལ ་སྨན་སླད་དུ། །བདག་མིང་འདི་ཞེས་བྱ་བ་ཡིས། །དཔལ་ལྡན་རྡོ་རྗེ་འཛིན་པ་ཡི། དཀྱིལ་འཁོར?་འབྲི་བར་འཚལ། །རྒྱལ་བ་སྲས་དང་བཅས་རྣམས་ཀྱིས། །བདག་ལ་བྱིན་གྱིས་བརླབ་དུ་གསོལ་ལན་གསུམ་བརྗོད་དེ་གསོལ་བ་གདབ་པར་བྱའོ། །དེ་ནས་ཕྱོགས་སྐྱོང་རྣམས་རང་རང་གི ་གནས་སུ་ཇི་ལྟ་བ་བཞིན་བསྐྱེད་ལ་ཛ:ཧཱུཾ་བཾ་ཧོ(རྒྱུད་འགྲེལ་བའི་ཏིང་ངེ་འཛིན་གྱིས་གཏོར་མ་བྱིན་གྱིས་བརླབས་ཏེ། ཨོཾ་ཨིནྡྲ་ཡེ་སྭཱཧཱ། ཨོཾ་ཡ་མཱ་ཡེ་སྭཱཧཱ། ཨོཾ་བ་རུ་ཎ་ཡེ་སྭཱཧཱ། ཨོཾ་ཀུ་བེ་ར་ཡེ་སྭཱཧཱ། ཨོཾ་ཨགན་ཡེ་སྭཱཧཱ། ཨོཾ་ནེ་རེ་ཏི་རཱཀྵ་ཏ་བྷི་ཡེ་སྭཱཧཱ། ཨོཾ་བ་ཡ་བེ་སྭཱཧཱ། ཨོཾ་ཨའི་ཤཱན་ཡེ་སྭཱཧཱ། ཨོཾ་སཱུརྱ་ཡེ ་སྭཱཧཱ། ཨོཾ་ཙནྡྲ་དི་པྱ་སྭཱཧཱ། ཨོཾ་པྲི་ཐཝི་བྷ་ཡ་སྭཱཧཱ་།ཞེས་པས་གཏོར་མ་དབུལ་ལོ། །ོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏཔ་ཏནྣ་ཏྭ་ད་ཨོཾ་ཨཱ:ཧཱུཾ་ཕཊ་སྭཱཧཱ། ཞེས་ལན་གསུམ་བཟླས་པས་མཉེས་པར་བྱ་སྟེ། ཁམས་གསུམ་གནས་པའི་ལྷ་དང་ཀླུ། །གནོད་སྦྱིན་དྲི་ཟ ་ལྷ་མ་ཡིན། །གང་དག་རྫུ་འཕྲུལ་ཆེར་ལྡན་རྣམས། །རྡོ་རྗེའི་སྤྱན་དང་སྙན་མངའ་བ། །ས་ལ་གནས་པའི་འབྱུང་པོ་ཀུན། །བདག་མིང་འདི་ཞེས་བགྱི་བ་ཡིས། །སངས་རྒྱས་རྣམས་ལ་མཆོད་པ་དང། །སེམས་ཅན་རྣམས་ལ་ཕན་དོན་དུ། །ས་ཕྱོགས་དགེ་གནS ་འདི་ཉིད་དུ། །དམ་པའི་དཀྱིལ་འཁོར་ཆེར་འབྱུང་བ། །ཇི་ལྟར་བསམས་པའི་ལས་བྱེད་ན། །ཁྱེད་ཀྱིས་བར་ཆད་མ་བྱེད་པར། །དགེ་བའི་གྲོགས་པོ་ཉིད་དུ་མཛོད། །དེ་ལྟར་ཁྱེད་ལ་བདག་གིས་ནི། །བཟོད་པ་གསོལ་གྱིས་མ་སླུ་བར། །རྨི་ལམ་ལ་སོགས་མཚན་མ ་རྣམས། །ཉེས་ལེགས་ལྟས་རྣམས་བསྟན་དུ་གསོལ། །ཞེས་ལན་གསུམ་བརྗོད་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་ལྕོགས་ན་ལས་ཐམས་ཅད་པའི་ཐབ་ཁུང་དེར་དཀྱིལ་འཁོར་གྱི་ལྷ་དང་འཇིག་རྟེན་སྐྱོང་བ་རྣམས་ལ་སྦྱིན་སྲེག་བྱའོ། །དེ་ནས་མི་རུས་ཀྱི ་ཕྱེ་མ་ལས་གནོད་མཛེས་ཀྱི་སྔགས་ཀྱིས་བགེགས་ཉེ་བར་ཞི་བར་བྱ་བའི་ཕྱིར་སྦྱིན་སྲེག་བྱའོ། །མི་ལྕོགས་ན་ལས་ཐམས་ཅད་པའི་སྔགས་ཀྱི་ཆུས་བགེགས་ཉེ་བར་ཞི་བར་བྱའོ། །དེ་ནས་ཇི་ལྟར་བརྟགས་པའི་དབུས་སུ་ལས་ཐམས་ཅད་པར་བྱིན་གྱིས་བརླབས་པའི ་ལས་ཀྱི་རྡོ་རྗེ་གཡས་བསྐོར་དུ་ཁྲུ་ཟབས་སུ་བརྐོ། ཞོགས་མ་དང་སོལ་དུམ་དང། རུས་པ་དང། སོ་ཕག་ལ་སོགས་པའི་སྐྱོན་བསལ་ལ། སྨན་ལྔ་དང་ནི་རིན་པོ་ཆེ་ལྔ་དང། འབྲུ་ལྔ་བླུགས་ལ་དྲི་ཞིམ་ཞིམ་བསྣམ?་པའི་སས་བཀང་ལ་གྲུ་བཞི་ལྷ་མ་པར་ས་གཞི་འཐས ་པར་བྱས་ལ་བ་ཀོ་ཙམ་དུ་བའི་ལྕི་བ་ས་ལ་མ་ལྷུང་བས་བྱུག་གོ། དྲི་ཞིམ་པོའི་ཆུས་ཀྱང་བྱུག་སྟེ། མེ་ཏོག་སིལ་མ་དགྲམ་པ་ནི་ཕྱིའི་སྤྱང་བའོ། །དེའི་སྟེང་དུ་སྦྱོར་བ་གསུམ་གྱི་ཏིང་ངེ་འཛིན་རྫོགས་པར་བསྒོམས་པའི་མཐར་གནོད་མཛེས་ཀྱི་སྔགས་ཀྱིས ་བགེགས་བསྐྲད་པ་ནི་ནང་གི་ས་སྦྱང་བའོ། །འདི་དག་ནི་ས་སྦྱང་བའི་ཆོ་གའོ། །དེ་ནས་ཧཱུཾ་ཁཾ་ཧཱུཾ་ཞེས་པས་རྣམ་པར་དག་པའི་ནམ་མཁའ་བསམ་ནས་།དེ་ནས་ཧཱུཾ་སུཾ་ཧཱུཾ་ཞེས་པས་ནམ་མཁའ་ལ་གནས་པའི་རིན་པོ་ཆེ་སྣ་བཞིའི་རིའི་རྒྱལ་པོ་རིང? ་རབ་བསྐྱེད་ལ། དེའི་སྟེང་དུ་ཧཱུཾ་ལཾ་ཧཱུཾ་ཞེས་པས་གསེར་གྱི་ས་གཞི་གྲུ་བཞི་པ་ལ་རྡོ་རྗེ་ཕྲེང་བས་བརྒྱན་པར་བསམ་མོ། །དེའི་སྟེང་དུ་རྡོ་རྗེ་ཐལ་མོ་བཅིངས་པས་ཁ་སྤུབ་ལ། ཨོཾ་བཛྲ་མེ་དི་ནི་བཛྲི་བྷ་བ་བནདྷ་ཧཱུཾ་ཞེས་པས་དེ་དག་བྱིན་གྱིས་བརླབ་བོ། །དེ་ནས་སྦྱོར ་བ་གསུམ་གྱི་ཏིང་ངེ་འཛིན་བསྒོམ་པ་འདི་ནི་ས་གཞི་བྱིན་གྱིས་བརླབ་པའི་ཆོ་གའོ།། །།དེ་ནས་ཡང་བདག་ཉིད་དང་པོའི་སྦྱོར་བས་ཞེ་སྡང་རྡོ་རྗེར་བསྒོམས་ལ། རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་གཞི་ཕྱོགས་བཞིན ་གནས་པའི་ལས་ཀྱི་རྡོ་རྗེ་བཞི་དངོས་སུ་འམ་སེམས་ཀྱིས་བསམས་ཀྱང་རུང་སྟེ་།དཀྱིལ་འཁོར་ཆེན་པོ་བྲི་བར་གསོལ་བར་གདབ་སྟེ། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག་། ་དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་རྣམ་སྤངས་པ། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག། དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞི་བའི་ཆོས་ནི་མཆོག་ལ ་བྱུང། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ། །ཀུན་ཏུ་བཟང་པོ་གསུང་གི་མཆོག། དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པ་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་སྒྱུར། །དཀྱིལ ་འཁོར་དམ་པ་བཤད་དུ་གསོལ། །དེ་ལྟར་ལན་གསུམ་དུ་གསོལ་བ་བཏབ་ནས། །བདག་ཉིད་ཞེ་སྡང་རྡོ་རྗེ་ཁྲོ་བོ་ཆེན་པོ་བསྒོམས་ཏེ། མིག་གཡས་གཡོན་དུ་མ་དང་ཊ་ལས་ཉི་མ་དང་ཟླ་བའི་དཀྱིལ་འཁོར་བསྒོམས་ཏེ། དེའི་དབུས་སུ་མིག ་འབྲས་ཧཱུཾ་ལས་གྱུར་པའི་རྡོ་རྗེ་ནག་པོ་དེ་ལས་འོད་ཟེར་གྱི་སྣང་བ་ཕྱོགས་བཅུར་འཕྲོས་པས་ནམ་མཁའ་ཨི་དབྱིངས་ཐམས་ཅད་ཏུ་ཁྲོ་བོའི་དཀྱིལ་འཁོར་གྱིས་ཁྱབ་པར་སྤྲུལ་པར་བྱའོ། །རྐང་པ་གཉིས་ལ་ཨ་ལས་སྣ་ཚོགས་རྡོ་ཇེ་འོད་འབར་བ་བསྒོམ ་ལ་ལག་པ་གཡས་གཡོན་དུ་རྡོ་རྗེ་དང་དྲིལ་བུ་འགྱིང་བག་ཅན་དུ་འཛིན་པས་དབང་ལྡན་ཕྱོགས་ནས་བརྩམས་ཏེ། སྟང་སྟབས་ཀྱིས་གཡས་སྐོར་བར་བྱའོ། །ཚིགས་སུ་བཅད་པ་འདི་དག་བརྗོད་ཅིང་བསྐོར་རོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །སངས་རྒྱས་ཐམས་ཅད ་བདག་ལ་གསོན། །བདག་ནི་དཔལ་ལྡན་རྡོ་རྗེ་འཛིན། །བཀའ་ཡི་འཁོར་ལོ་རབ་སྦྱོར་གྱིས། །ལྷ་དང་ལྷ་དབང་གསང་བ་པ། །བརྗེད་བྱེད་ལ་སོགས་བགེགས་ཀྱི་ཚོགས། །ས་འདིར་མ་གནས་གཞན་དུ་དེངས། །གལ་ཏེ་དམ་ཚིག་ལས་འདས་ན། །རྡོ་རྗེ་ཁྲོ་བོ་བཞིན་འབར་བའི ་རྡོ་རྗེ་རབ་ཏུ་འབར་བ་ཡིས། །མགོ་ནི་ཚལ་པ་བརྒྱར་གཤོག་ཅིང། །ཞིག་པར་འགྱུར་བ་གདོན་མི་ཟ། །ཞེས་བརྗོད་ནས་ས་གཞི་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པོ། །དེ་ནས་སེང་ལྡེང་གི་ཕུར་པ་ལ་དྲི་དམར་པོས་བྱུགས་ཤིང་སྲད་བུ་དམར་པོ་དང་མེ ་ཏོག་གི་ཕྲེང་བ་བརྟགས་པ་སྟོད་ཞལ་གསུམ་ཕྱག་དྲུག་པ་སྨད་ཟུང་གསུམ་རྩེ་གཅིག་པར་བྱིན་གྱིས་བརླབ་པའམ། ཡང་ན་བཀའ་ཨི་འཁོར་ལོའི་སྦྱོར་བས་ཕུར་བུ་གདབ་པར་བྱའོ། །འདི་དག་ནི་ས་ཡོངས་སུ་བཟུང་བའི་ཆོ་གའོ།། །།དེ་ནས་གནོད ་མཛེས་དང་འདོད་པའི་རྒྱལ་པོས། ར་བ་དང་དྲ་བས་ཕྱོགས་བསྲུང་ཞིང་བཅིང་བར་བྱའོ། །འདི་དག་ནི་ས་བསྲུང་བའི་ཆོ་གའོ།། །།དེ་ནས་མི་བསྐྱོད་པའི་ཕྱག་རྒྱ་ས་གནོན་དུ་བྱས་པས་དཀྱིལ་འཁོ་གྱི་ས་ལ་བཞག་སྟེ། ཨོཾ་ཊཀྐི་ཧཱུཾ་ཛ:ཞེས་བརྗོད ་པས་སའི་ལྷ་མོ་སྐུ་མདོག་སེར་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སྤྱི་བོར་རྣམ་པར་སྣང་མཛད་ཀྱིས་མཚན་པ། ལག་པ་ན་གསེར་གྱི་བུམ་པ་འཛིན་པ། དཀྱིལ་འཁོར་གྱི་སའི་དབུས་ནས་འཐོན་པར་བསམས་ཏེ། དེ་ལ་འདི་སྐད་དུ། །སྐྱོབ་པ་སངས་རྒྱས ་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གི་བདུད་ཀྱི་སྡེ། །ཕམ་པར་བྱས་ཏེ་དཀྱིལ་འཁོར ་བྲི། །ཞེས་ལན་གསུམ་དུ་གསོལ་བ་གདབ་བོ། །དེ་ནས་མཆོད་ཡོན་དང་ཞབས་བསིལ་དང། མཆོད་པ་ཕུལ་ཏེ་བཟོད་པར་གསོལ་ཏོ། །དེ་ཉིད་དུ་ཐིམ་པར་བསམ་མོ། །དེ་དག་ནི་སའི་ལྷ་མོ་སྟ་གནོན་དུ་གནས་པའི་ཆོ་གའོ།། །།དེ་ནས་བདུད ་རྩི་ལྔ་དང་དྲི་ཞིམ་པོའི་ཆུས་ལྷའི་གྲངས་དང་མཐུན་པའི་རིགས་སོ་སོའི་ཐིག་ལེ་བྱས་ལ། གདན་དང་གཞལ་ཡས་ཁང་ཇི་ལྟ་བ་བཞིན་བསམས་ལ། ཕྱག་རྒྱ་དང་གཉིས་སུ་མེད་པའི་ཁྱད་པར་ལས་དམ་ཚིག་གི་འཁོར་ལོ་རྫོགས་པར་བཀོད་ལ། ཡེ་ཤེས ་སེམས་དཔའ་དགུག་པ་དང། གཞུག་པ་དང། བཅིང་བ་དང། དབང་དུ་བྱས་ཏེ། ཇི་ལྟ་བ་བཞིན་དུ་བྱིན་གྱིས་བརླབ་པ་བྱས་ལ། །ཕྱི་ནང་གསང་བ་གསུམ་གྱི་མཆོད་པམ?་མཆོད་ཅིང་བསྟོད་པ་བྱས་ཏེ། གསོལ་བ་ལན་གསུམ་དུ་གདབ་པར་བྱའོ། །ལག་པS ་བདུག་སྤོས་བླངས་ནས་པུས་མོ་ས་ལ་བཙུགས་ཏེ་འདི་སྐད་དུ། བཅོམ་ལྡན་རྡོ་རྗེ་འཛིན་པ་མཆོག་།རིགས་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་བདག་ཉིད་ཅན་དག་གི། དཀྱིལ་འཁོར་བདག་ཉིད་བྲི་བར་འཚལ། །སློབ་མ་རྣམས་ལ་བརྩེ་བ ་དང། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་ནི་སྣང་བར་མཛད་པའི་རིགས། །སངས་རྒྱས་འགྲོ་འཁོར་བྱ་དོན་རྩོལ། །བྱང་ཆུབ་སེམས་དཔའ་འབྲས་གནས་དང། །གཞན་ཡང་གསང་སྔགས་ལྷ་རྣམས་དང། ། ་འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང། །གང་ཡང་འབྱུང་པོ་མཐུ་ཆེན་དང། །གང་ཡང་རྡོ་རྗེ་སྤྱན་མདའ་བའ་ཨི། །སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་མིང་འདི་ཞེས་བགྱི་བ་ཡིས། །རྡོ་རྗེ་འཛིན་གྱི་དཀྱིལ་འཁོར་ནི། །ཡོ་བྱད་ཅི་འབྱོར་པས་འདྲི་ན།། ་དེང་བདག་སློབ་མར་བཅས་པ་ལ། །ཐུགས་ནི་རྩ་བར་དགོངས་ནས་སུ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། དེ་ལྟར་ལན་གསུམ་དུ་གསོལ་པ་བཏབ་ལ་མཆོད་པ་ལ་སོགས་པ་བྱས་ནས་རང་དང་དྲ་བས་ཕྱག?་མཚངS? ་བཅིང་པ་བྱས་ཏེ། འདི་དག་ནི་དཀྱིལ་འཁོར་གྱི་ལྷ་སྟ་གོན་དུ་གནས་པའི་ཆོ་གའོ།། །།དེ་ནས་གསེར་ལ་སོགས་པ་འམ། སའི་ཁམས་ཀྱི་རྒྱུ་ལས་བྱས་པའི་བུམ་པ་ལྟོ་བ་ཆེ་བ་མགྲིན་པ་རིང་བ་ཁ་ཁྱེར་དང་ལྡན་ཞིང་མཆུ་འཕྱང་བ་ནག་ནོག་མེད་པ་ལྷའི་གྲངས་དང ་མཐུན་པར་བྱས་ཏེ། ཙནདན་དཀར་པོས་བྱུགས་ཤིང་པདྨ་ལ་སོགས་པའི་གདན་ལ་སོ་སོ་རང་རང་གི་མཚན་མས་མཚན་པ་བྲི། རས་ཁ་ཚར་མ་ཉམས་པས་མགུལ་པ་བཅིངས་ལ་ཙུ་ཏ་ལ་སོགས་པའི་འབྲས་བུ་ཅན་གྱི་ཤིང་གི་ཁ་བརྒྱན་པ་སྔགས་ཀྱིས་བཏབ་པ་དྲི་ཞིམ་པོའི ་ཆུས་གང་བ། གྲོ་དང་ནས་དང་ཏིལ་དང་འབྲས་སོ་?་མོན་སྲན་དྲིའུ་སྟེ་འབྲུ་ལྔ་དང། བྱུ་རུ་དང་ས་ལེ་སྦྲམ་དང། དུང་དང་མུ་ཏིག་དང། ནོར་བུ་སྟེ་རིན་པོ་ཆེ་ལྔ་དང། སཾ་ཧི་དང། བྱཱ་གྲི་དང། ཏ་ས་དང། ཧ་ས་དེ་བ་དང། ཀར་ནི་ཀ་སྟེ་སྨན་ལྔ་བླུགས་ལ། མེ་ཏོག་གི་ཕྲེང་བས་བཅིངས ་པའི་རྡོ་རྗེ་ཁར་བཞག་སྟེ། དཀྱིལ་འཁོར་གྱི་འཁོར་ལོའི་ཏིང་འཛིན་ལ་གནས་ལ་བཟླས་པ་བྱ། ཡི་གེ་བཾ་ལས་གྱུར་པའི་གསེར་གྱི་བུམ་པ་བསྒོམས་ལ་།ཧྲཱི:ལས་གྱུར་པའི་པདྨ་དང། ཨཾ་དང་ཨ་ལས་གྱུར་པའི་ཟླ་བ་དང་ཉི་མའི་གདན་ལ་རང་རང་གི་ས་བོན་ཡོངས་སུ ་གྱུར་པ་ལས་སྐུ་རྫོགས་པ་ལ་ཡེ་ཤེས་ཀྱི་འཁོར་ལོ་བཀུག་ལ་བསྟིམ་པར་བྱ་སྟེ། མཆོད་ཡོན་དང། མཆོད་པ་ལྔ་ཕུལ་ལ། གཏོར་མ་ཡང་ཁ་ཟས་སྦྱང་བའི་ཏིང་ངེ་འཛིན་དུ་བྱས་ལ། ཐུན་མཚམས་བཞི་རུ་ཕུལ་ནས་སོ་སོའི་བཟླས་པས་མཉེས་པར་བྱའོ། ། ་དེ་ཡང་གཡས་སུ་རྣམ་པར་རྒྱལ་བའི་བུམ་པ་བཞག་སྟེ། མི་གཡོ་བའི་ཏིང་ངེ་འཛིན་དུ་བྱའོ། །གཡོན་དུ་ལས་ཐམས་ཅད་པའི་བུམ་པ་བཞག་ལ་མཆོད་པ་དང། བཟླས་པས་མཉེས་པར་བྱས་ནས། དཀྱིལ་འཁོར་གྱི་བགེགས་བསལ་དུ་གསོལ་ཞེས ་འཕྲིན་ལས་བཅལ་ལོ། །དཀྱིལ་འཁོར་ལ་མཆོད་པ་ཡང་བྱ་སྟེ་།སྔ་མ་བཞིན་དུ་གསོལ་བ་གདབ་པ་ཡང་ལན་གསུམ་དུ་བྱའོ། །འདི་དག་ནི་བུམ་པ་སྟ་གོན་ལ་གནས་བའི་ཆོ་གའོ། །དེ་ནས་ཕྱི་རོལ་ཏུ་བྱུང་ནས་རང་གི་སློབ་མ་བརྟགས་ལ་བཟུང་བར་བྱ་སྟེ། ་བློ་དང་ལྡན་པ་ཐེག་པ་ཆེན་པོ་ལ་དགང་བ་བླ་མ་ལ་དད་ཅིང་སྙིང་རྗེ་ཆེ་བ། བཀའ་དྲིན་རྗེས་སུ་དྲན་བར་རྒྱལ་མེད་པ་བསླབ་པ་ཡིད་ཆེས་པ་དང་ལྡན་པ། གསང་སྔགས་བསྒྲུབ་པ་དང་།སློབ་དཔོན་པ་ལྷག་པར་མོས་པ་རིགས་དང་ལྡན་ཞིང་སྡོམ་པ་དང་དམ་ཚིག་ལ་གནས ་པ་ནི་རིན་པོ་ཆེའི་སྐྱེས་བུ་ཞེས་བྱ་བའི་གྲངས་སུ་འགྲོ་སྟེ། འདི་ནི་བརྟན་པས་མཆོག་ཏུ་བཟུང་བར་རྒྱལ་བ་རྣམས་ཀྱིས་གསུངས་སོ། །དེ་ལས་གཞན་པའི་སློབ་མ་ནི་དད?་པ་སྔོན་དུ་འགྲོ་བས་བྱང་ཆུབ་ལ་དམིགས་ནས། དཀྱིལ་འཁོར་གྱི་ལྷ་དང་བླ་མ་ལ་དད་པ་རྒྱ ་ཆེན་པོ་བྱེད་པ་ཡང་ཅི་རིགས་པར་བཟུང་བར་བྱ་སྟེ། གང་ཟག་གི་རིམ་པ་བཞིན་སྦྱར་རོ། །དེ་ལས་གཞན་པ་ནི་སློབ་མ་དང་ཚོགས་པའི་བདག་ཉིད་གང་དང་ཡང་མི་ལྡན་པ་དེ་ནི་འདིར་མི་སྣང་ཞིང་དགག་པར་བྱའོ། །དེ་ལྟར་སྣོད་དང་སྣོད་མ་ཡིན་པ་རྣམS ་བརྟགས་ལ་སློབ་དཔོན་བདག་ཉིད་ཁང་པའི་ནང་དུ་འཇུག་གོ་།དེ་ནས་སྐལ་པ་དང་ལྡན་བའི་སློབ་མས་ཀྱང་སྒོ་དྲུང་དུ་གནས་ཏེ། དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། ། ་མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །བྱང་ཆུབ་སེམས་ནི་བདག་ལ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། སྐྱབས་གསུམ་དག་ཀྱང་བདག་ལ་གསོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་[པས ་བདག་ནི་འཇུག་པར་འཚལ། །དེ་ལྟར་ལན་གསུམ་གསོལ་བ་བཏབ་ནས། སློབ་དཔོན་འཁོར་ལོའི་གཙོ་བོའི་ཏིང་ངེ་འཛིན་ལ་གནས་པས་ཚིག་འདིས་གནང་བ་སྦྱིན་ཏེ། བུ་ཚུར་ཐེག་པ་ཆེན་པོ་ཡི། །གསང་སྔགས་སྤྱོད་ཡུལ་ཆོ་ག་དག། ཁྱོད་ལ་ཡང ་དག་བསྟན་པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །སྐུ་གསུང་ཐུཌ་ཀྱི་?་ཅན། རྡོ་རྗེ་གསང་སྔགས་བསྒོམས་པ་ཡིས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཚན་མེད་བརྙེས། །གསང ་སྔགས་སྦྱོར་བ་མཉམ་མེད་དེ། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །འཇིག་རྟེན་རྗེས་འཇུག་པར་རྟོགས་ནས། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱ་ཕྱིར། །བུ་ཡིས ་བློ་གྲོས་འདི་བྱོས་ཤིག་ཅེས་སྨྲའོ། །དེ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང། སྡིག་པ་བཤགས་པ་དང། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང། ཡོངས་སུ་བསྔོ་བ་དང། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང། བདག་ཉིད་ལུས་དཔུལ་བ་དང། སངས ་རྒྱས་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་དང། སྒྲིབ་པ་མེད་པའི་ཡེ་ཤེས་སྡོམ་པ་བཟུང་བ་དང། སྨོན་ལམ་གདབ་པར་བྱའོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགS ་པ་ནི་སློབ་མས་ཚིགས་སུ་བཅད་པ་བརྗོད་ཅིང་བྱའོ། །སྡོམ་པ་བཟུང་བ་ནི་དང་པོ་སློབ་དཔོན་གྱི་བསྒོ་སྟེ། འདི་སྐད་དུ་།སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང། །འདི་ནི་སངས་རྒྱས་རིགས་དག་པའི། །དམ་ཚིག་བརྟན་པར་གྱུར་པའོ། །རྡོ་རྗེ ་དྲིལ་བུ་ཕྱག་རྒྱ་དག་།བློ་ཆེན་ཁྱོད་ཀྱིས་བཟུང་བར་གྱིས། །བྱང་ཆུབ་སེམས་ག་རེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་གྲངས་སོ། །སློབ་དཔོན་དག་ཀྱང་བཟུང་བར་གྱིས། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེ་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། ། ་རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་དག་ཏུ་སྦྱིན། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་ཆོས་ཁྱོད་ཀྱིས་བཟུང་བར་གྱིས། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག ་སྡོམ་པ་ཡིན་པར་གསུངས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བྱ། །མཆོད་པའི་ལས་ཀྱང་ཅི་ནུས་བྱ། །སྲོག་ཆགས་རྣམས་ནི་བསད་མི་བྱ། །མ་བྱིན་པར་ཡང་མི་སླའོ། །འདོད་ཆགས་དག་ཀྱང ་མི་བྱ་ཞིང། །རྫུན་དུ་སྨྲ་བར་མི་བྱའོ། །ཉེས་པ་ཀུན་གྱི་རྩ་བ་སྟེ། །ཆང་ནི་རྣམ་པར་སྤང་བར་བྱ། །སེམས་ཅན་གདུལ་ཕྱིར་མ་གཏོགས་པར། །བྱ་བ་མ་ཡིན་ཐམས་ཅད་སྤངས། །དམ་པ་ཉེ་བར་བརྟེན་བྱ་ཞིང། །རྣལ་འབྱོར་པ་ཀུན་བསྙེན་བཀུར་བྱ། །ལུས་ཀྱི་ལས ་ནི་རྣམ་གསུམ་བྱ། །ངག་གི་རྣམ་པ་བཞི་དག་དང། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །ཅི་ནུས་པར་ཡང་རྗེས་སུ་བསྲུང། །སེམས་ཅན་དོན་ལ་མི་ཕྱོགས་དང། །ཐེག་པ་དམན་ལ་དགོད་མི་བྱ། །འཁོར་བ་དག་ཀྱང་ཡོངས་མི་སྤངས། །རྟག་ཏུ་མྱ་ངན་འདས་མི་ཆགས། ། ་ལྷ་དང་ལྷ་མིན་གསང་བ་པ། །དེ་ལ་བརྙས་པར་མི་བྱ་ཞིང། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང། །མཚན་མ་འགོམ་པར་མི་བྱའོ། །དེ་ལྟར་དམ་ཚིག་གསུངས་པ་དག་།བློ་ལྡན་ཁྱོད་ཀྱིས་རྟག་ཏུ་བསྲུངས། །དེ་ནས་བླ་མ་དེས་གསུངས་པའི། །སྡོམ་པ་ལེགས་པར་བཟུང ་བྱའོ། །ཆགS་འགྱུར་ལས། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་ནས་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་།ཇི་ལྟར་དུས ་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་པས། །དམ་པ་བདག་གིས་བསྐྱེད་པར་བགྱི་ཟེར། ཚུལ་ཁྲིམས་གྱི་ནི་བསླབ་པ་དང། །དགེ་བའི་ཆོས་ནི་སྡུད་པ་དང། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག ་གིས་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དག་།ཡང་དག་ཉིད་དུ ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་པ་ལ། ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་ཆེན་པོ་ལ། །ཕྱི་ནང ་གསང་བའི་ཐེག་པ་གསུམ། །དམ་ཆོས་སོ་སོར་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས ་བསྐྱེད་པར་བགྱི། །སེམས་ཅན་མ་ལུས་དོན་གྱི་ཕྱིར། །བདག་གི་སྡོམ་པ་མ་ལུས་བཟུང། །མ་བརྒལ་བ་དག་བསྒྲལ་བར་བགྱི། །མ་གྲོལ་བདག་བདག་གི་སྒྲོལ། །དབུགས་མ་ཕྱིན་པ་དབུགས་འབྱུང་ཞིང། །མྱ་ངན་འདས་ལ་དགོད་པར་བགྱི། །ལུས་དང་ངག ་དང་ཡིད་དག་གིས། །མི་དགེ་བ་ནི་བཅུ་པོ་དག་།བག་མེད་པ་ནི་གནས་གྱུར་པ། །ཆང་ནི་རྣམ་པར་སྤང་བར་བྱ། །དེ་བཞིན་ལྷ་དང་ལྷ་མིན་དང། །གསང་བ་བདག་བརྙས་པ་དང། །མཚན་མ་ལ་སོགས་འགོམ་པ་རྣམས། །དུས་འདི་ནས་ནི་བཟུང་ནས་ནི། །ཇི ་སྲིད་བྱང་ཆུབ་སྙིང་པོའི་བར། །བདག་ནི་རབ་ཏུ་ལྡོག་པར་བགྱི། །དེ་ལྟར་སྡོམ་པ་བཟུང་བའི་སློབ་མ་ལ་སྙིང་ག་དང་མགྲིན་པ་དང་དཔྲལ་བར་རྡོ?་ཁུ་ཚུར་གྱིས་དྲིའི་ཐིག་ལེ་གསུམ་བྱས་ཏེ། ཉི་མ་དང་པདྨ་དང། ཟླ་བ་ལ་ཡི་གེ་གསུམ་སོ་སོར་བཀོད་ལ་སྐུ་དང་གསུན་དང་ཐུགས ་སུ་བྱིན་གྱིས་བརླབ་ཅིང། །ལས་ཐམས་ཅད་པའི་སྔགས་ཀྱིས་བསྲུང་བར་བྱའོ། །དེ་ནS་མཆོད་པ་བྱས་ཏེ་སྤྱི་བོ་མེ་ཏོག་དང་སྤོས་དང། མར་མེ་དང་དྲི་ནི་སྙིང་གར་རོ། །ལྟ་བཤོས་ནི་མདུན་དུའོ། །དེ་རེ་རེ་ལ་ཡང་ཚིག་འདི་སྔོན་དུ་འགྲོ་བས་སྦྱིན་ཏེ། དུས་འདི་ཉིད་ནས་བཟུང ་ནས་ནི། །འཁོར་བའི་སྐྱོན་གྱིས་མ་གོས་པར། །མཆོད་པ་ཀུན་དང་ལྡན་པ་ནི། །དུས་ཀུན་ཏུ་ནི་བདེ་བར་མནོས་ཞེས་པས་སོ། །དེ་ནས་ལས་ཐམས་ཅད་པའི་སྔགས་ཀྱིས། མངོན་པར་སྔགས་པའི་སོ་ཤིང་སོར་བཅུ་གཉིས་པ་ཤིང་དྲང་པོའོ་མ་ཅན་ལས ་བྱུང་བ་སྲིན་བུས་མ་ཟོས་པ། བུ་ག་དང་མཛར?་པ་མེད་པ་དྲང་པོར་བྱས་པ་ལ་དྲི་ཞིམ་པོས་བྱུགས་ཤིང་རྩེ་མོ་མེ་ཏོག་གི་ཕྲེང་བས་བརྒྱན་པའི་སློབ་མ་ཤར་ཕྱོགས་སུ་ཁ་བལྟས་ཏེ་མི་སྨྲ་བར་སོང་ཞིང་བཅའ་ཨོ། །འཇའ?་བ་ཟིན་ནས་མདུན་དྲན་པོར་དར་རོ། ། ་དེ་ནས་སོ་ཤིང་གི་རྩེ་མོའི་བལྟས་ལྟ་སྟེ། ཕྱོགས་མཚམས་ཀྱི་དབྱེ་བས་ཞི་བ་ལ་སོགས་པའི་ལྟས་བརྒྱད་འགྲུབ་པའམ། ཡང་ན་བདག་ལ་ལྟ་བའམ་རྩེ་མོ་གྱེན་དུ་འགྲེང་ན་དངོས་གྲུབ་མཆོག་འགྲུབ་པོ། །དེ་བཞིན་དུ་ཤར་དུ་བལྟས་ན་དངོས་གྲུབ་འབྲིང་འགྲུབ་པོ།། ་མཚམས་དང་བྱང་དུ་བལྟས་ན་འཇིག་རྟེན་པའི་དངོས་གྲུབ་འགྲུབ་པོ། །ཐུར་དུ་བལྟས་ནས་འོག་གིས་དངོས་གྲུབ་འགྲུབ་པོ། །དེ་ནས་ངག་གི་ཉེས་པ་སྦྱངས་པའི་ཕྱིར་འཐོར་ཐུང་བྱས་ཏེ། ཁ་བཀྲུས་ནས་ཧུབ་གསུམ་འཐུང་དུ་གཞུག་པའི་སྔགས་ནི། ཨོཾ་ཧྲི་བི་ཤུདྡྷཱ?་ཡ ་སརྦ་དྷརྨཱ་ཡ་སརྦ་པཱ་པཾ་ནི་ཙ་སྱཾ་ཤོ་དྷ་ཡཱ། སརྦབ་བི་ཀ་ལ་བཾ་ཨ་པ་ན་ཡ་ཧཱུཾ། ཞེས་བཟླས་ལ་ཆུ་ཀ་ཡོར་བ་གསུམ་འཐུང་དུ་བཞུག་གོ། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ུ་དུ་བ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་རཻས་འགའ་ཞིག་ཡིན། །འབྱུང་འགྱུར་ཡང་ན? ་ན་མི་འབྱུང་ངོ། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་བར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་བྱས་པར་གྱུར་པ་གང། །དེ་ཀུན་དཀྱིལ་འཁོར་འདི་འདྲ ་བ། །མཐོང་བས་འབྱང་བར་འགྱུར་བ་ཡིན། །གྲགས་པ་མཛའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་པ་སྨོས་ཅིང་གོས། །སྐྱོབ་པའི་གསང་སྔགས་བཟླས་ནས་ནི། །གོ་འཕངས་བླ་ན་མེད་བར་འགྱུར། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིང? ་ཏུ་མི་གཡོ་བ། དེ་དག་གི་ནི་བདེ?་འགྲོའི་རྒྱུན?། །སྡུག་བསྔལ་ཀུན་འབྱུང་རབ་ཏུ་བཅད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་ལ། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས ་ཀུན?། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ།། །སང་ནི་རབ་ཏུ་སྐྱོ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལས་མཆོག་འདི་ནི་དཔལ་དང་ལྡན། །ཁྱེབ་རྣམས་དེར་ནི་དོང་བས་ན། །རང་འབྱུང་སྐལ་པ་ཆེན་པོ་ལ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན ་གཤེགས་པར་འགྱུར་བ་ཡིན། ཞེས་བྱ་བའི་ཆོག་འདི་དག་ནི། །ཐེག་པ་ཆེན་པོའི་ཆོས་བཤད་པས་སྤྲོ་བ་ཡང་དག་པར་སྐྱོད་པར་བྱའོ། །དེ་ནས་ལས་ཐམས་ཅད་པ་བཟླས་པའི་སྲུང་སྐད་མདུད་པ་གསུམ་བོར་བ་དཔུང་པ་གཡོན་པ་ལ་གདགས་སོ། །དེ་ནས་སྔགས་ཀྱིས་བཏབ་པའི་ཀུ ་ཤལ་སྔས་དང། སྟན་བྱས་ཏེ་།རྨི་ལམ་གྱི་བལྟས་ལྟའོ། །རྨི་ལམ་གྱི་བལྟས་མཐོང་བ་དགེ་བའམ་མི་དགེ་བ་ནང་བར་དུས་སུ་ང་ལ་བཟློས་ཤིག་ཅེས་བསྒོའོ། །རྨི་ལམ་མི་དགེ་ཁ་ན་ལས་ཐམས་ཅད་པའི་སྔགས་ཀྱིས་གཞོམ་མོ། །དེ་ནས་མཆོད་པ་དང་བསྟོད་པ་བྱས་ཏེ། ནམ་མཁའ་ཨི ་ཕྱོགས་སུ་དཀྱིལ་འཁོར་གྱི་འཁོར་ལོ་བཀོད་ལ་དྲ་བ་དབང་བས་ཁ་སྦྱར་གྱི་སྦྱོར་བས་བསྲུངས་ཏེ་བཞག་གོ་།དེ་དག་ནི་སྟ་གོན་ལ་གནས་པའི་ཆོ་གའོ། །དེ་ནས་སློབ་དཔོན་རྡོ་རྗེ་སེམས་པའི་ཏིང་ངེ་འཛིན་ལ་གནས་པས་རང་བཞིན་གྱིས་དཀྱིལ་འཁོར་བསྐུལ་བའི་ཕྱིར་ནམ་མཁའ་ ་ལ་གདབ་པའི་བསྐུད་པ་དང་ཚོན་གྱི་དཀྱིལ་འཁོར་བྲི་བའི་ཕྱིར་ས་ལ་གདབ་པ་དང་གཉིས་བྱ་སྟེ། དེ་ལ་ཐོག་མར་རང་གི་ཕྱག་རྒྱ་མ་བསླབ་པར་འབྱོངས་པ་དང་ཐིག་སྐུད་བཀལ་ཏེ། དེ་ནས་ཚོན་ལྔ་སོ་སོར་བཅོས་ནས་བདུད་རྩི་ལྔ་དང་དྲི་ཞིམ་པོས་བྱུགས་ཤིང ་གསེར་ལ་སོགས་པའི་སྣོད་གཙང་མར་བཞག་ལ། རིགས་རེ་རེ་ལ་ཡང་རང་རང་གི་གཙོ?་བོར་བྱས་བའི་ལྔ་ལྔ་ཡོད་པས་སྐུད་པ་རེ་རེ་ལ་ཡན་ལྔ་ལྔ་སྟེ་ཉི་ཤུ་རྩ་ལྔ་བྱའོ། །སྔགས་པས་བདག་ཉིད་ཀྱི་མིག་གཡས་གཡོན་ལ་ཛ་དཀར་དམར་ལས་བསྐྱེད་པའི་ཉི ་ཟླ་བསྐྱེད་ལ། །དེ་ཉིད་ལ་ཡང་ཛས་སོ་སོར་མཚོན་པ་མིག་གིས་གཟི་མ་འདྲེན་པར་བྱེད་པའི་འབར་བའི་ལྟ་བས་ནམ་མཁའ་ཨི་དབྱིངས་ཐམས་ཅད་དུ་ལྟས་ཏེ། ཛ(རྒྱུད་འགྲེལ་ཀྱི་སྐུད?་པ་དྲངས་ཏེ། ཡི་གེ་ལྔས་དྲངས་པའི་དམ་ཚི་གི་སྐུད་པ་ལ་ཐིམ་པར་བྱས་ནས། ལས་ཐམས་ཅད་པའི་དྲིའི་ཆུས?་བསང་གཏོར་བྱས་པའི་དྲི་དང་མེ་ཏོག་ལ་སོགས་པ་ཕུལ་ནས། ཨོཾ་ཨཱ:ོཾ་ཧཱུཾ:ོཾ་ཨཱ:སྭཱཧཱ:ོཾ་ཨཱ:འ:ཧཱུཾ། ཨོཾ་ཨ(རྒྱུད་འགྲེལ་ཨོཾ་ཨ(རྒྱུད་འགྲེལ་ལས་ཐམས་ཅད་པའི་སྐུད་པ་བྱས་ཏེ། དྲི་ཞིམ་པོ་དང་བདུད་རྩི་ལྔ་དང། ལས་ཐམས་ཅད་པ་བཟླས་པའི་ཡུངས?་ཀར་བསྲེས་པ་སྤངས?་ཏེ། ཙནདན་དཀར་པོའི་ཆུས་བྱུག་པར་བྱའོ། །སྐུད་པ་ཡི་གེ་གསུམ་གྱི་ནང་དུ་ཆུད་པར་བྱའོ།། །།སྐུད་པ་བསྡོགས་ཤིང་བཟུང ་ནས་ཛཛ་གསུམ་གྱིས་བཏོན་ལ་རང་རང་གི་ཕྱག་རྒྱ་མ་ལ་གཏད་པར་བྱའོ། །ཤེས་རབ་མེད་པར་བདག་ཉིད་གཅིག་བུ་སྤྱོད་ན་སློབ་དཔོན་རྡོ་རྗེ་སེམས་དཔའ་ཏིང་ངེ་འཛིན་ལ་གནས་ལ་སློབ་མ་རྣམ་པར་སྣང་མཛད་དམ་བདུད་རྩི་ཐང་སྦྱོར་དུ་བསམས་ཏེ་ཤར་གྱི་སྒོར ་གནས་པར་བྱའོ། །ནུབ་དང་ཤར་ན་གནས་པའི་སློབ་དཔོན་སློབ་མས་ཁུ་ཚུར་གཡོན་གྱི་བཟུང་ནས། ཨོཾ་བཛྲ་ས་མ་ཡ་སཱ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་བརྗོད་པས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་གནས་པའི་དེ་བཞིན་གཤེགས་པ་ཐམས་ཅད་འགྲོ ་བ་སེམས་ཅན་དོན་གྱི་ཕྱིར་གཤེགས་ཤིག་པར་ཐིག་གི་སྒྲས་བསྐུལ་བར་བསམ་པར་བྱའོ། །དེ་ནས་སློབ་དཔོན་གནོད་སྦྱིན་གྱི་ཕྱོགས་སུ་ཁ་བལྟས་ལ་སློབ་མ་གཤིན་རྗེའི་ཕྱགས་སུ་ཁ་བལྟས་ཏེ། ནམ་མཁའ་ལ་ཐིག་གདབ་པར་བྱའོ། །དེ་བཞིན་དུ་ཀླུ་དང ་བརྒྱ་བྱིན་གྱི་ཕྱོགས་སུ་ཁ་བལྟས་པ་ཐིག་གཉིས་པ་གདབ་པར་བྱའོ། །དེ་བཞིན་དུ་གྲཝ་དང་ཕྱོགས་ལ་སོགས་པ་གདབ་པར་བྱའོ། །དེ་ལ་དང་པོ་ནི་ཚངས་པའི་ཐིག་གོ་།གཉིས་པ་ནི་གྲཝའི་ཐིག་གོ་།གསུམ་པ་ནི་ཕྱི་རོལ་གྱི་ཐིག་གོ་།བཞི་པ་ནི་སོ་སོར ་ཆ་རྣམ་བར་དབྱེ་བའི་ཐེག་གོ་།དེ་ནས་ནམ་མཁའ་ལ་བཏབ་པ་བཞིན་དུས་ལ་གདབ?་པར་བྱ་སྟེ། ཚངས་ཐིག་གི་གཡས་གཡོན་དུ་རི་མོ་དགུ་དགུ་བཏབ་པས་ཆ་བཅུ་བཅུར་འགྱུར་ཏེ། །སྤྱིར་ཆ་ཆེན་པོ་ཉི་ཤུར་འགྱུར་རོ། །དེ་རེ་རེའི་ནང་དུ་ཐིབ་གསུཾ་གསུམ?་བཏབ་པས་སྣམ་བུ་བཞི་བཞིར་འགྱུར་ཏེ་།དེ་ཚ་ཕྲན་བརྒྱ ་ཅུད?་འགྱུར་རོ། །དེ་བཞིན་དུ་ཚངས་ཐིག་གཉིས་པའི་གཡས་གཡོན་ཡང་གདབ་པར་ཤེས་པར་བྱའོ། །།དེ་ལ་ལྔ་པའི་དང་པོས་ནི་དེ་བའི་ཚོན་སྣ་ལྔ་ཡིས་བྱའོ། །ལྔ་པ་བཞི་པས་ནི་འབྲམ་གྱི་ཚོན་སྣ་ལྔའི་ས་བྱའོ། །དྲུག་པའི་གསུམ་པས་ནི་སྒོའི་སྟེང་ལོགས་ཀྱི ་ཚོན་སྣ་ལྔའི་ས་བྱའོ། །དང་པོའི་གསུམ་པས་ནི་སྒོ་ཁྱུད་ཀྱི་ཚོན་སྣ་ལྔའི་ས་བྱའོ། །གཉིས་པའི་གཉིས་པས་ནི་ལོགས་ཀྱི་ཚོན་སྣ་ལྔའི་ས་བྱའོ།། །།དང་པོའི་བཞི་པ་དང། གཉིས་པའི་དང་པོས་ནི་ཁྱམས་ཀྱིས་བྱའོ། །ལྔ་པའི་གཉིས་པ་དང། གསུམ་པའི་ཁ་ཁྱེར ་གྱིས་བྱའོ། །ལྔ་པའི་བཞི་པས་ཁ་ཁྱེར་གྱི་ས་བྱའོ། །དྲུག་པའི་དང་པོ་དང་གཉིས་བས་དྲ་བ་དང་དྲ་ཕྱེད་ཀྱི་ས་བྱའོ། །དེ་ནི་དཀྱིལ་འཁོར་གྱི་གནས་བསྒྲུབ་པའོ། །དང་པོའི་བཞི་པས་ནི་རང་གི་ཀ་བའི་ས་བྱའོ། །གཉིས་པའི་གསུམ་པས་ནི་ཕྱིའི་ཀ་བའི་ས་བྱའོ། །དེ་ནས་ཙནདན་གྱི་ཕུར ་བུ་ལ་ཨོཾ་བཛྲ་ཀི་ལི་ཀཱི་ལ་ཡ་བཾ་ཧཱུཾ་ཞེས་ལན་བདུན་བཟླས་པས་དབུས་ཀྱི་ལྟེ་བ་ལ་བཏབ་ལ་གསུམ་པའི་གསུམ་པ་ལ་རྡོ་རྗེར་བའི་སའི་རི་མོ་གཉིས་སུ་གཡས་སྐོར་དུ་ཟླུམ་པོར་བསྐོར་བར་བྱའོ། །དེ་ནས་དགུ་པའི་དང་པོ་དང་གཉིས་པ་དང་གསུམ་པ་གསུམ ་རི་མོ་གཉིས་ཀྱིས་བསླར་བ་ཁོར་ཡུག་སྟེ། པདྨའི་ཕྲེང་པའི་ས་བྱའོ། །དེའི་འོག་གི་ཆ་གསུམ་ལ་ནང་གི་ཕྱེད་དང་གཉིས་ཀྱིས་ནི་ཁོར་ཡུག་ཆེན་པོ་སྟེ། ཕྱི་རོལ་གྱི་རྡོ་རྗེར་པའི་ས་བསྐོར་བར་བྱའོ། །དེ་དག་ཀྱང་དང་པོ་རི་མོ་ནང་ནས་བསྐོར་རོ། །དེ་ནས་ཕྱི་རོལ་ནས་བསྐོར་ཏེ། ་དེའི་ལྷག་མ་ཕྱེད་དང་གཉིས་ཀྱིས་ནི་འོད་ཀྱི་དཀྱིལ་འཁོར་རོ། །ཐ་མའི་ཆ་བྲན་སྟོང་པ་གཉིས་ཀྱིས་ནི་དཀྱིལ་འཀ་ཨོར་གྱི་ས་བྱའོ། །དེ་ནས་གསུམ་པའི་བཞི་པ་ལ་འདོད་པའི་ལྷ་མོའི་སྣམ་བུའོ། །བཞི་པའི་དང་པོ་དང། བཞི་པའི་གཉིས་པ་དང། བཞི་པའི ་གསུམ་པ་དང། བཞི་པའི་བཞི་པ་རྣམས་གཅིག་ཏུ་བྱས་པ་ནི་སྒོ་དང་འབྲེལ་བའི་ཕྱིའི་སྣམ་བུའོ། །དེ་ནས་མིག་གཉིས་ལ་ཧཱི?་ལས་ཧྭམལི?་པའི་ཁྲོ་བོའི་ལྟི?་བས་ནང་གི་ཐིག་བཏབ་ནས་ཁྲོ་བའི་མིག་པའི?་སྟར་སྐྱབས་ཀྱི། འོད་ཟེར་གྱི་བགེགS? ་བསལ་ལ་ཕྱིའི་ཐིག་གདབ་པར་བྱ་སྟེ། སྔར་བཏབ་པ་རྣམས་ཅི་རིགས་པར་སྦྱར་བར་བྱའོ། །དེ་ལ་ར?་བའི་ཚོན་སྣ་ལྔ་སྒོ་དང་འབྲེལ་བ་ཕྱིས་པས་སྒོའི་ནང་དང་སྒོ་ཁྱུང་ཀྱིས་བྱའོ། །རྟ་བབས་བཞི་ནི་ཆུར་སྒོའི་བཞི་འགྱུར་རྣམ་ཕྲན་བཅུ་དྲུག་གི་ཚད་དོ། །དེ་ལ་ཆུ་སྲིན་གྱི་མགོ་མི་སོགS? ་བའི་བརྒྱན་རྣམས་དགོད་པའི་ས་བྱའོ། །?་བ་དང་འབྲེལ་བའི་རྣམ་ཕྲན་དང་པོ་དང། གཉིས་པ་ལ་གར?་མཁན་གྱི་ལྷ་མོ་མཆོད་པས་ཕྱག་འབྲེལ་པ་རྣམས་སོ། །གསུམ་པ་ལ་ནི་རིན་ཆེན་པ་གུའི་སའོ། །བཞི་པ་དང་ལྔ་པ་ལ་ནི་དྲ་བ་དང་དྲ་བ་ཕྱེད་པ་དང་ཉི་ཟླའོ། །དྲུག་པ་ལ་རྡོ་རྗེ་ནོར་བུ ་ཕྱེད་པའོ། །སྒོའི་ལོགས་དང་འགྲས་རྣམས་སུ་རྔ་ཡབ་འབར་བ་དང་རྒྱལ་མཚན་དང། བ་དན་རླུང་གིས་བསྐྱོད་པའོ། །ཆོས་ཀྱི་འཁོར་ལོའི་གཡས་གཡོན་དུ་རི་དགས་ཀྱི་མཚན་པ། ཕྱི་རོལ་གྱི་གྲཝ་བཞིར་གསེར་གྱི་བུམ་པ་བརྒྱད་དང། མཆོད་པ་ལ་སོགས་པ་ཅི ་རིགས་པར་བྲི་རབ?་བྱའོ། །དེ་ཡང་ཐུགས་ཀྱི་དཀྱིལ་འཁོར་དམ་པ་ནི། གྲུ་བཞི་པ་ལ་སྒོ་བཞི་བ། །རྟ་བབས་བཞི་ཡིས་རྣམ་པར་བརྒྱན། །ཐིག་བཞི་དང་ནི་ཡང་དག་ལྡན། །ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། །དྲ་བ་དྲི་ཕྱེད་རྡོ་རྗེ་དང། །ནོར་བུ་ཟླ་བས་བརྒྱན་པའོ། །སྒོ་ད་? ་ཁྱུད་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་རྣམས་ཀྱིས་སྤྲས། །བུམ་པ་ཀ་བ་རྡོ་རྗེ་བྱེད། །བྲེ་ཡི་འཕྲེང་ནི་རིམ་བཞིན་གནས། །བ་དན་དྲིལ་བུས་མཛེས་བྱ་ལ། །རྔ་ཡབ་རྣམས་ཀྱིས་རྣམ་པར་བརྒྱན། །འདོད་པའི་ཡོན་ཏན་ལྔ་དང་ནི། །མཆོད་པ་རྣམས?་ལྔ་ཡིས་བརྒྱན། །ཁྲུ་ནི ་བཅུ་གཉིས་ཚད་དང་ལྡན། །ཚོན་རྩི་ལྔ་དང་ཡང་དག་ལྡན། །བུམ་པ་བརྒྱད་དང་ལྡན་པ་བྲི། །ཀུན་ནས་ཡོངས་སུ་ཟླུམ་པོར་བྱ། །དེ་དག་གི་ནི་ཐིག་གི་གོ་ཆའོ།། །།དེ་ནས་རྡུལ་ཚོན་བྱིན་གྱིས་བརླབ་པར་བྱ་སྟེ། ཁ་དོག་ལྔ་ལ་ཧཱུཾ་ལ་སོགས་པ་ཁ་དོག་ལྔ་དང་ལྡན ་པ་སོ་སོར་བསྟིམས་ལ། ཡེ་ཤེས་ཀྱི་དཀྱིལ་འཁོར་བསྡུ་བ་ལ་སོགས་པ་ཐིག་གི་ཆོག་བཞིན་བྱ་སྟེ། ཚོན་རྩི་འོད་འབར་བར་བསམས་ཏེ་ཨོཾ་བཛྲ་ཙིཏྲ་ས་མ་ཡ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་བརྗོད་པས་བྱིན་གྱིས་བརླབས་ཏེ། ཆོས་དབྱིངས་འདི་ནི་རྣམ་པར་དག། སེམས་ཅན་ཁམ? ་ནི་རྣམ་སྒྲོལ་མཛད། །རྡོ་རྗེ་འཛིན་པ་རྒྱལ་པོ་ཆེ། །རྡུལ་ཚོན་མི་ཕྱེད་ངོ་བོ་ཉིད། །ཅེས་པའོ། །དེ་ནས་སློབ་མས་གཡོན་པའི་ཁུ་ཚུར་གྱིས་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ། སྒོའི་སྟེང་ལོགས་ཀྱི་ཚད་དུ་བྲི་པར་བྱའོ། །དེ་ཡང་ཕྱིར་ལ་ནས་བརྩམས་ཏེ་ཐོག་མར་དེ ་དཀར་པོའོ། །དེ་ནས་ནི་སེར་པོའོ། །དེ་ནས་ནི་དམར་པོའོ། །དེ་ནས་ལྗང་གུ་སྟེ་ནང་རོལ་ནི་ནག་པོའོ། །སྒོ་དང་སྒོའི་སྣམ་བུ་ནི་ཕྱོགས་ཀྱི་སྣམ་བུའོ། །དེ་ནས་རྡུལ་ཚོན་གྱི་བགེགས་འབྱུང་བ་ལྔ་ལས་བྱུང་བ་རྣམས་ནི་སྐུའི་དཀྱིལ་འཁོར་ལ་ནི་གཤིན་རྗེ་བཤེད་ཀྱི་སྦྱོར་བས་གཞོམ ་མོ། །གསུང་གི་དཀྱིལ་འཁོར་པ་ནི་རྟ་མགྲིན་གྱི་སྦྱོར་བས་སོ། །བདུད་རྩི་ཐབ་སྦྱོར་བས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གང་ལ་ཡང་སྦྱར་དུ་རུང་ངོ། །འདིར་ནི་རྡོ་རྗེ་འཆང་གི་དཀྱིལ་འཁོར་ཡིན་པས་ན་གནོད་མཛེས་ཀྱི་སྦྱོར་བས་བགེགས་གཞོམ་པར་བྱ་སྟེ། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ་ཕཊ། ཨོཾ ་གྷྲིཧྞ་གྷྲིཧྞ་ཧཱུཾ་ཕཊ། ཨོཾ་གྷྲིཧྞཱ་པ་ཡ་གྷྲིཧྞཱ་པ་ཡ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བན་བིདྱཱ་ར་ཛ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་གནོད་མཛེས་ཀྱི་ཚམ་དམ་སྲུང་ཞིང་རྣམ་པར་འཕྲུལ་པས་བགེགས་ཀྱི་ཚོགས་འཇིགས་པར་བྱེད་པ་འདི་ལ་སོམ་ཉི་མི་བྱའོ་།དེ་ལྟར་དཀྱིལ་འཁོར་བྲིས ་ནས་ཕྱག་རྒྱ་དགོད་པར་བྱ་སྟེ། ཧཱུཾ་ལ?་སོགས་པ་གསུང་གི་ཕྱག་རྒྱ་འམ། རྡོ་རྗེ་ལ་སོགས་པ་ཐུགས་ཀྱི་ཕྱག་རྒྱ་བྲི་བར་བྱ་སྟེ། །དེ་ལ་འདིར་རེ་ཞིག་ཐུགས་ཀྱི་མཚན་མའི་དབང་དུ་བྱས་ནས་བཤད་པ་གསུངས་ཏེ། དབུས་སུ་ནི་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ ་ཁ་དོག་སྔོན་པོའི་རྡོ་རྗེ་ཆེན་པོ་?་དགུ་པའོ། །ཤར་ལ་སོགས་པའི་ཕྱོགས་བཞིར་སྣ་ཚོགས་པདྨ་ལ་གནས་པའི་ཟླ་བ་དང་རིན་པོ་ཆེ་དང། པདྨ་དང་རྒྱ་གྲམ་གྱི་གདན་གྱི་སྟེང་དུ་འཁོར་ལོ་དང། རིན་པོ་ཆེ་དང་པདྨ་དང། རལ་གྲི་ཁ་དོག་སོ་སོར་བྲི་བར ་བྱའོ། །མེའི་གྲལ་སོགས་པའི་མཚམས་བཞི་རུ་ནི་པདྨ་དང་ཟླ་བ་ལ་གནས་པའི་སྟེང་དུ་ཨུཏཔལ་དཀར་པོ་དང། སྔོན་པོ་ཅུང་ཟད་རྩ་བར་མར་བ་དང། དམར་པོ་དང། ལྗང་གུ་སྟེ། སྤྱན་ལ་སོགས་པའི་རྡུགས?་ཀྱི་མཚན་མ་སོ་སོར་དགོད་པར་བྱའོ། ། ་འདོད་པའི་ཡོན་ཏན་གྱི་སྣམ་བུའི་གྲཝ་བཞིར་མེ་ལོང་དང། པི་ཝང་དང། དྲིའི་དུང་དང། རོའི་སྣོད་ཐོད་པ་སྟེ། པདྨའི་སྟེང་ན་ཟླ་བ་གནས་པའི་གཟུགས་རྡོ་རྗེ་ལ་སོགས་པའི་མཚན་མ་རིམ་པ་བཞིན་དུ་དགོད་དོ། །སྣམ་བུ་གསུམ་པ་ལ་པདྨ་དང་ཟླ་བ་ལ་གནས་པའི ་བྱམས་པའི་ཀླུ་ཤིང་དང་གཞན་དག་གི་གཙོ་བོའི་ཁ་དོག་དང་ཕྱག་མཚན་དུ་མཐུན་པར་བྲིའོ། །ཁྲོ་བོ་རྣམས་ནི་པདྨའི་སྟེང་ན་ཉི་མ་ལ་གནས་པའི་ཤར་སྒོར་གཤིན་རྗེ་གཤེད་ཀྱི་དབྱུག་ཏོའོ། །ལྷོའི་སྒོར་ནི་གཞན་གྱིས་མི་ཐུབ་པའི་རྡོ་རྗེའི་དབྱུག་ཏོའོ། །ནུབ་སྒོར ་ནི་རྟ་མགྲིན་གྱི་པདྨ་འོད་རྣོན་པོ་དང་བཅས་པའོ། །བྱང་སྒོར་ནི་བདུད་རྩི་ཐབ་སྦྱོར་གྱི་རྡོ་རྗེ་རྒྱ་གྲམ་མོ། །ཤར་ལྷོ་མཚམས་སུ་ནི་མི་གཡོ་མགོན་གྱི་རལ་གྲིའོ། །ལྷོ་ནུབ་མཚམས་སུ་ནི་འདོད་པའི་རྒྱལ་པོའི་ལྕགས་ཀྱུའོ། །ནུབ་བྱང་མཚམས་སུ་ནི་དབྱུག་སྔོན་གྱི་རྡོ་རྗེ ་དབྱུག་པའོ། །བྱང་ཤར་མཚམས་སུ་ནི་སྟོབས་པོ་ཆེའི་ཏྲི་ཤུལ་ལོ། །ཤར་སྟོང་དུ་ནི་གཙུག་ཏོར་འཁོར་ལོ་བསྒྱུར་བའི་འཁོར་ལོ་རྩིབས་བརྒྱད་པ་གཙུག་ཏོར་གྱིས་མཚན་པའོ། །ནུབ་སྨད་དུ་ནི་གནོད་མཛེས་ཀྱི་རྡོ་རྗེའོ། །དེ་ཡང་རང་གི་སྔགས་བཟླས་ཤིང་ཐུན་མཚམS ་སུ་བྲིའོ། །དེ་དག་ནི་ཚིན་དགྱེ་བའི་རིམ་པའོ། །དེ་ནས་ཕྱག་རྒྱ་མ་ལེགས་པར་འབྱོངས་པ་དང། དང་པོ་སྦྱོར་བས་སྙོམས་པར་འཇུག་པའི་ཆོ་བ་བྱའོ། །ཤེས་རབ་ཀྱི་ཆོས་འབྱུང་བ་ནས་བཛྲ་དྷྲིཀ་ལ་སོགས་པའི་ལྷ་སོ་སོའི་མཚན་གྱི་སྔགས་ཀྱིས་བཏོན་ནས་སོ་སོའི ་གདན་ལ་རྫོགས་པར་བསྒོམ་ཞིང། དེ་ནས་ཏིང་ངེ་འཛིན་སེམས་དཔའ་འོད་ཟེར་ལས་ཁྲོ་བོའི་རྒྱལ་པོ་གནོད་མཛེས་འཕྲོ་བས་ཕྱོགས་བཅུའི་ཡེ་ཤེས་ཀྱི་འཁོར་ལོ་དམ་ཚིག་གི་འཁོར་ལོ་སྤྱན་དྲངས་ལ་ཕྱི་ནང་གསང་བའི་མཆོད་པས་མཆོད་དེ། གཤིན་རྗེ་གཤེད ་ལ་སོགས་པས་དགུག་པ་དང། གཞུག་པ་དང། བཅིང་པ་དང། དབང་དུ་བྱས་ཏེ། དཀྱིལ་འཁོར་གྱི་གཙོ་བོ་ལ་ནི་རྣམ་པར་སྣང་མཛད་ནས་གནོད་མཛེས་ཀྱི་བར་གྱིས་སྤྱི་བོ་ནས་རྐང་པའི་བར་དུ་དགོད་པའོ། །གནས་གསུམ་དུ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་པོ་དགོད་པ་དང། སེམས ་དཔའ་གསུམ་གྱི་མཐར་ཐུག་པ་དགོད?་ཅིང་བྱིན་གྱིས་བརླབ་པོ། །འཁོར་གྱི་ལྷ་རྣམས་ལ་ནི་སྐུ་གསུང་ཐུགས་རྡོ་རྗེ་དང། ཡེ་ཤེས་སེམས་དཔའ་རང་བཞི་སྟེ། ཕྱག་རྒྱ་ཆེན་པོ་དང། ཆོས་དང། ལས་དང་དམ་ཚིག་གི་ཕྱག་རྒྱས་གདབ་པར་བྱའོ། །འདི་དག་ནི་དཀྱིལ ་འཁོར་བྱིན་གྱིས་བརླབ་པའི་ཆོ་གའོ།། །།དེ་ནས་ཕྱི་ནང་གསང་བའི་མཆོད་པས་དཀྱིལ་འཁོར་གྱི་ལྷ་རྣམས་མཉེས་པར་བྱ་སྟེ། མེ་ཏོག་གི་ཆར་གྱི་ནི་ལྷ་རྣམས་ཀྱི་དབུ་ལའོ། །དྲི་དང་བདུག་སྤོས་ཀྱིས་ནི་ཤངས་ལའོ། །བྱུག་སྤོས་ཀྱིས་དབུལ་མར་མེ་ནི་སྤྱན་ལའོ། །ལྷ ་བཤོས་ནི་ལྗགས་ལའོ། །དྲིལ་བུ་ནི་སྙེན་ལའོ། །ཡོན་ཆབ་དང་ཞབས་བསིལ་ནི་ཕྱག་དང་ཞབས་ལའོ། །དེ་དག་ཀྱང་མཆེད་པ་རྣམ་པ་ལྔ་མཆོག་བསྟན་པའི་ཞེས་གསུངས་པས་འཇིག་རྟེན་པ་དང་ཐུན་མོང་མ་ཡིན་པ་ཏིང་ངེ་འཛིན་སེམས་དཔའ་ཨི་འོད་ཟེར་ལས་བྱུང་བས་ན་ནམ་མཁའ་ཨི་དབྱིངས ་ཀྱི་དབུས་སུ་གཏོགས་པའི་སངས་རྒྱས་ཐམས་ཅད་ལ་མཆོད་པའི་སྤྲིན་གྱི་ཆར་བྱུང་བར་བསམ་མོ། །དེ་ནས་ནང་གི་མཆོད་པ་བྱ་སྟེ། ཕྱག་རྒྱ་དང་སྙོམས་པར་འཇུག་པ་ལས་བླ་ན་མེད་པའི་མཆོད་པ་བཙམ་སྟེ། བྱང་ཆུབ་སེམས་ཀྱི་ཕྲ་རབ་བསགས་པ་ལས་ནམ་མཁའ་ཨི་ཁམS ་ཐམས་ཅད་དེ་བཞིན་གཤེགས་པས་གང་བར་བསམས་ལ་དེ་དག་ཀྱང་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་མཆོད་པས་མཉེས་པ་འདི་ནི་ནང་གི་མཆོད་པའོ། །དེ་ནས་བདུད་རྩི་ལྔ་དང། དཔའ་བོ་ལྔ་ཁ་ཟས་སྦྱང་བའི་ཏིང་ངེ་འཛིན་གྱིས་སྦྱངས་ལ་དཀྱིལ་འཁོར་གྱི་ལྷ་རྣམས ་ལ་དབུལ་པར་བྱ་ཞིང་བདག་ཉིད་ཀྱང་ཚིམ་པར་བྱ་བ་འདི་ཉིད་ནི་གསང་བའི་མཆོད་པའོ། །དེ་ནས་སྟོང་པ་དང་བཟླས་པས་མཉེས་པར་བྱས་ཏེ། དེའི་རྗེས་ལ་ཕྱིར་བྱུང་ལ་གཏོར་མ་དང་མཆོད་པས་ཕྱོགས་སྐྱོངས་སོ་སོ་རྣམས་མཉེས་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ནང་དུ? ་སོང་སྟེ། སྟོང་གཡོགས་དང་སྨད་གཡོགས་དང་གཙུག་ཏོར་ལ་སོགས་པའི་རྒྱན་ཐམས་ཅད་དང་ལྡན་པའི་ཧཱུཾ་མཛད་ཀྱི་སྐུར་བསྒྱུར་ལ་དཀྱིལ་འཁོར་གྱི་གཡས་ཕྱོགས་ནས་བསྐོར་བ་ལ་ལན་གསུམ་བྱ་སྟེ། ཕྱག་བྱས་ནས་ཕྲེང་བ་སྔོན་པོ་དཀྱིལ་འཁོར ་གྱི་གཙོ་བོ་ལ་ཕུལ་ཏེ། སླར་བསླབས་ནས་བདག་གི་མགོ་བོ་ལ་བཅིངས་ནས་ལྷས་གནང་བར་བསམས་པ་འདིས་ནི་རྫས་དང་ཡོ་བྱང་ལ་སོགས་པའི་དྲི་མ་ཐམས་ཅད་དག་པར་འགྱུར་རོ། །འདི་དག་ནི་མཆོད་པའི་ཆོ་གའོ།། །།དེ་ནས་ཤར་ཕྱོགས་སུ་ཁ ་བལྟས་ཏེ། རྒྱས་པའི་ལས་དང་འབྲེལ་པས་དཀྱིལ་འཁོར་གྱི་ལྷ་རྣམས་མཉེས་པར་བྱའོ། །སྦྱིན་སྲེག་གི་ཆོ་ག་ནི་འོག་ནས་སྟོན་པས་འདིར་མ་བསྟན་ནོ། །དེ་ནས་བདག་ཉིད་འཇུག་པར་བྱའོ། །བྱང་ཆུབ་ཏུ་སེམས་བསྐྱེད་ལ་མེ་ཏོག་མཐོར་བའི་བར་གྱིས་བཞུགས་པ་ལ ་ཕྲེང་པ་ནས་རྗེས་སུ་གནང་པའི་བར་གྱིས་བཀའ་ཨི་གནང་བ་ཐོབ་པར་བྱས་ལ་སློབ་མ་གཞུག་པར་བྱ་བའི་ཆེད་དུ་བདེན་པའི་བྱིན་གྱིས་བརླབས་བརྗོད་པར་བྱ་སྟེ། ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག། སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །རྡོ་རྗེ ་སེམས་དཔའ་བདག་གྲུབ་མཛད། །ཀུན་མཆོག་དངོས་གྲུབ་ཆེན་པོ་སྡེ། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་གྲུབ་མཛོད། །ཉེས་པ་མི་མངའ་རྟག་པ་ཁྱོད། །འདོད་ཆགས་ཀུན་གྱི་རྗེས་ཆགས་པ། །འདོད ་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་ཀྱིས་གྲུབ་མཛེད། །ཤིན་ཏུ་ངག་པ་ཀུན་གྱི་མཆོག། གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔའ་བདག་གྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི ་མཆོག། དབང་ཕྱུག་ཆེན་པོ་ཕྱག་རྒྱའི་མཆོག། གྲུབ་པའི་རྡོ་རྗེ་ཆེར་བསྟོད་པ། །རྡོ་རྗེ་སྙེམས་པ་བདག་མཛོད་ཅིག། སེམས་ཅན་ཀུན་གྱི་ཡིད་ཁྱབ་ཅིང། །སེམས་ཅན་ཀུན་གྱི་སྙིང་ལ་ཞུགས། །སེམས་ཅན་ཀུན་གྱི་ཡབ་གྱུར་ཅིང། །འདོད་ཆགས་དམ་ཚིག་མཆོག་ ་གྱུར་པའོ། །བདེན་པ་འདི་ཡིས་ཡེ་ཤེས་མཆོག། ཤེས་རབ་ཐབས་བདག་དཀྱིལ་འཁོར་ཡིན། །བདེན་པ་དེ་ཡིས་མགོན་བདག་ལ། །ཁྱོད་ཀྱིས་འདོད་པ་རབ་རྫོགས་མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་བསིལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང། ་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང། །དེ་བཞིན་ཉིད་ལས་ངེས་པར་སྐྱེས། །བདེན་པ་འདི་ཡིས་དཀྱིལ་འཁོར་དུ། །གཟུགས་བརྙན་གསལ་བར་སློབ་མ་ནི། །ཀུན་གྱིས་དྲི་མ་མེད་མཐོང་ཤོག། ཅེས་ལན་གསུམ་བརྗོད་དོ། །འདི་དག་ནི་སློབ་དཔོན་འཇུག་པའི་ཚེ ་གའོ།། །།དེ་ནས་དཀྱིལ་འཁོར་ཆེན་པོ་དང་སློབ་མའི་བར་དུ་ཡོལ་བས་བཅད་ནས་ལས་ཐམས་ཅད་པའི་ཆུས་བཀྲུས་པའི་རས་དམར་པོའི་གདོང་གཡོགས་ཀྱིས་བཀའ་ལ་སྡུག་པ་ཁྱོད་སུ་ཡིན་ཞེས་ལན་གསུམ་དྲིའོ། །ངེས་ཀྱང་སྡུག་པ་བདག་ནི ་སྐལ་པ་བཟང་པོའོ། །ཞེས་བརྗོད་པར་བྱའོ། །དེ་ནས་མེ་ཏོག་གི་ཕྲེང་པ་འཛིན་པས་སྒོ་ང་ཡང་དག་པར་མཆོད་པར་བྱའོ། །དེ་བཞིན་དུ་ཡུལ་འཁོར་ཁྱིམ་དང་གླང་པོ་རྟ། །གསེར་དང་མུ་ཏིག་བྱུ་རུ་དང། །ནོར་བུ་དང་ནི་ཁྱད་པར་རྫས། །བུ་དང་ཆུད་མ་བདག་ཉིད་དང། །བྲན་ཕོ ་བྲན་མོ་བཅས་རྣམས་ཀུན། །དེང་ནས་བརྩམས་ཏེ་དབུལ་བར་བགྱི། །ཞེས་ཡོན་གྱི་བྱེ་བྲག་དབུལ་བར་བྱའོ། །དེ་ནས་སྙིང་གར་རྡོ་རྗེ་བཞག་ལ་ཨོཾ་སརྦབ་ཡོ་ག་ཅི་ཧཏ?་ཨུཏཔ་ཏ་ཡ་མི། སུ་ར་ཏ་ས་མ་ཡ་སྟཝཾ་ཧོ་ཞེས་པས་བྱང་ཆུབ་ཏུ་སེམས་བསྐྱེད་ལ། །སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ་ཞེས ་བས་འཁོར་ལོ་བསྐོར་བར་བྱའོ། །དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཀྱིས། །ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་མ་མཐོང་བ་རྣམས་ལ་སྨྲ་བར་མ་བྱེད་ཅིག། དང་པ་དང་མི་ལྡན་པ་རྣམས་ལ ་ཡང་མ་ཡིན་ནོ་ཞེས་པར་བྱའོ། །དེ་ནས་གཤིན་རྗེ་གཤེད་ལ་སོགས་པའི་གསང་སྔགས་ཀྱིས་ཡོལ་བའི་ནང་དུ་བཀུག་ཅིང་ཚུད་པར་བྱས་ནས་སམ། ཡང་ན་ཨ་ཁཾ་བཱི་ར་ཧཱུཾ་ཞེས་བྱ་བའི་ཡི་གེ་ལྔ་ཡིས་ནང་དུ་ཆུད་པར་བྱས་ལ་དེ་ནས་སྔ་མ་བཞིན་དུ་སྡོམ་པ ་འཛིན་དུ་གཞུག་སྟེ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། ངས་ཁྱོད་ལ?་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱང་ཐོབ་ན། དངོས་གྲུབ་གཞན་ལྟ་ཅི་སྨོས་ཏེ། དེ་ལྟ་བུའི་ཡེ ་ཤེས་བསྐྱེད་པར་བྱ་ཡིས། དངོས་གྲུབ་འདི་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་མ་སྨྲ་ཤིག་།དམ་ཚིག་ཉམས་པར་གྱུར་ཏ་རེ་ཞེས་བརྗོད་པར་བྱའོ། །དེ་ནས་སློབ་མའི་སྙིང་གར་རྡོ་རྗེ་གཞག་ལ། ཨོཾ་རྡོ་རྗེ་སེམས་དཔའ་དོང་ཁྱེད་ཀྱི། །སྙིང་ལ་ཡང་དག་ཏུ? ་བར་གྱུར། །ོཾ་བཛྲ་སཏྭ་ཧཱུཾ། གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་བྲལ་ཏེ་གཤེགས་ཞེས་བརྗོད་དོ། །དེ་ནས་ཐོད་པ་ན་གནས་པའི་བདུད་རྩི་འཐུང་དུ་གཞུག་སྟེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་བསྲེག་པར་བྱེད། །དམ་ཚིག་བསྲུངས ་ན་དངོས་གྲུབ་སྟེར་རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཤིག་།ོཾ་བཛྲ་ཨུ་ར་ཀ་ཋ:དེ་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །དེད་ཕྱིན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ད་ཡིན་གྱིས་ངེས་འདི་བྱོས་ཤིག། ཅེས་བརྗོད་པ་གང་ཡིན་པ་དེ་ཡང་བྱ་དགོས་སོ། །ཁྱོད་ཀྱིས་པ་ལ་བརྙས་པར་མ ་བྱེད་ཅིག་།མི་བདེ་བ་མ་སྤངས་པས་ཁྱོད་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏེ་རོ་ཞེས་བརྗོད་དོ། དེ་ནས་དེ་སྐད་སྨྲས་པ་ལ། སློབ་མས་འདི་སྐད་དུ་།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ལས་རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་གྱུར་། ་ཅིག་ཅེས་གསོལ་གདབ་པར་བྱའོ། །དེ་ནས་དབབ་སྣོད་སློབ་མ་དེ་སྣང་བ་མཛའ་ཡས་སུ་བསམས་ལ། །ཡན་ལག་ཐམས་ཅད་ལ་ཡི་གེ་ལོ་ཡོངས་སུ་གྱུར་པ་ལས་དབང་ཆེན་སེར་པོ་གྲུ་བཞི་གྲཝ་བཞི་ལ་རྡོ་རྗེ་རྩེ་གསུམ་པས་མཚན་པ་དེའི་དབུས་སུ་ཡི་གེ་ཧཱུཾ ་ངོ། །?་ཡོངས་སུ་གྱུར་པ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་བུམ་པས་མཚན་པ་ལྟོ་བར་བསམ། །ཡཾ་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་གཞུ་འདྲ་བ་བ་ངན་གྱིས་མཚན་པ་རྐང་པའི་འོག་ཏུའོ། །རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་འདོམས་སུ ་བསམ། །མགྲིན་པར་ཨ:སྤྱི་བོར་ཏ། དེ་ནས་འོད་ཟེར་འབར་བའི་ཛཏཻཾ་?་མཐིལ་ནས་རྐང་གི་བུ་གནས་རླུང་གི་མེ་འབར་བ་ལ་སོགས་པའོ། །བཛྲ་ཨ་བི་ཤ་ཡ་སྟཾ་བྷ་ཡ་ར་ར་ར་ར། ཙ་ལ་ཡ་ཙ་ལ་ཡ། ཧཱུཾ་ཧ་ཨཛཧཾ་ཞེས་དྲིལ་བུ་རི་སྒྲ་དང་བཅས་པས་དབབ་པར ་བྱའོ། །ཕབ་པ་དང་ཏིཥྛ་བཛྲ་ཞེས་པས་བརྟན་པར་བྱ་སྟེ། དེ་ནས་ལྕེ་ལ་ཡི་གེ་ལྔ་དམར་པོ་བསམས་ལ། དགེ་བ་དང་མི་དགེ་བའི་གཏམ་ཡོངས་སུ་སྨྲོས་ཤིག་ཞེས་དྲིའོ་འཛིན?་མེ་ཏོག་གི་ཕྲེང་པྲ་ཏཱིཙྪ་བཛྲ་ཧོ་ཞེས་བརྗོད་ལ་དཀྱིལ་འཁོར་དུ་དོང་ངོ། །མེ་ཏོག་གང་ལ ་བབ་པ་དེ་ནི་ལྷའི་རིའུ་ཆའི་གནས་ལས་ཤེས་པར་བྱའོ། །དེ་ཡང་སྐུ་སྟོང་དང་སྤྱི་གཙུག་ཏུ་?་དངོས་གྲུབ་མཆོག་འགྲུབ་བོ། །ཞལ་པ་བབ་ན་སྔགས་ཀྱི་དངོས་གྲུབ་འགྲུབ་པོ། །སྐུའི་དབུས་སུ་བབ་ན་དངོས་པའི་དངོས་གྲུབ་བོ། །སྐུ་དང་ཉེ་ན་ནི་དངོས་གྲུབ་ཉེ ་སོགས་པའི་དངོས་གྲུབ་བོ། །སྐུ་དང་ཉེ་ན་ནི་དངོས་གྲུབ་ཉེ་བའོ། །རིང་ན་ནི་དངོས་གྲུབ་རིང་ངོ། །གཉིས་ཀྱི་བར་དུ་ལྷུང་ན་ནི་གང་ཉེ་བའི་རིགས་སོ། །དཀྱིལ་འཁོར་གྱི་ལྷའི་གནས་ལས་ཕྱི་རོལ་ཏུ་བརྒལ་ན་དད་པ་ཆུང་སྟེ། དམན་པའི་དངོས་གྲུབ་འགྲུབ་པོ། །རེ་ཁཱ? ་ལ་ཕོག་ན་སྐྱར་ལ་དོར་རོ། །སྙིང་པོ་ལ་ཕོག་ན་གང་ཡང་རུང་བ་འགྲུབ་བོ། །བར་མཉམ་པོ་འམ་བདག་གི་མདུན་དུ་ལྟུང་ན་ལན་གསུམ་སྤོགས་ཏེ་དོར་རོ། །དེས་ཀྱང་ནང་དུ་མ་ཕོག་ན་སྐལ་པ་མེད་པས་སླར་གཏང་ངོ། །དེ་དག་ནི་སློབ་མ་གཞུག་པའི་ཆོ་གའོ།། ་དེ་ནས་བབས་?་དེ་རྣམས་ཀྱིས་ཕྲེང་བ་མགོ་ལ་ཅིང་ཞིང། །ོཾ་པྲ་ཏི་གྲིཧུ་ཏྭ་མི་མཾ་ས་མི་ཡ་སྟི་ཞེས་བརྗོད་པས་ཕྲེང་པས་དབང་སྐུར་རོ། །དེ་ནས་མིག་གིས་ཇི་ལྟར་མཐོང་ཞེས་དྲིའོ། །དཀར་པོ་མཐོང་ན་དངོས་གྲུབ་འགྲུབ་པར་བྱའོ། །སེར་པོ་མཐོང་ན་རྒྱས ་པའི་ཡེ་ཤེས་སོ། །དམར་པོ་མཐོང་ན་རྗེས་སུ་ཆགས་པའི་ཡེ་ཤེས་སོ། །ནག་པོ་མཐོང་ན་མངོན་སྦྱོར་ཀྱི་ཡེ་ཤེས་སོ། །སྣ་ཚོགས་པ་མཐོང་ན་གང་ཡང་རུང་བའི་དངོས་གྲུབ་པོ། །དེ་ན་རྡོ་རྗེ་སེམས་དཔའ་དེང་ཁྱོད་གྱིས། །མིག་འབྱེད་པར་ནི་བརྩོན་པར་མཛད། །མིག་ནི། ་ཐམས་ཅད་འབྱེད་མཛད་པ། །རྡོ་རྗེ་མིག་ནི་བླ་ན་མེད། །ཅེས་བརྗོད་ལ་སྔགས་འདི་བརྗོད་དོ། །ོཾ་བཛྲ་སཏྭ་ས་མནྟ། ཙཀྵུ་ག་ཏ་ན་ཏྭ་ད་པ་ར་ཨུ་ད་ཀ་ཏ་ཡ་ཏི་སརྦབ་ཨཀྵོ་ཙཀྵུ་ཨ་ནུཏྟ་ར་ཞེས་བརྗོད་ལ་གདོང་གཡོགས་བཀྲོལ་ཏེ། དེ་ནས་གནོད་མཛེས ་ནས་བརྩམས་ཏེ་རྡོ་རྗེ་འཆང་ཆེན་པོའི་པར་དུ་ལྷ་རྣམས་བསྟན་ཏོ། །དེ་ནས་ཕྱག་རྒྱ་མ་དང་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་ཡུངས་ཀར་ལྟ་བུས་ནམ་མཁའ་ཨི་དེ་བཞིན་གཤེགས་པ་ཐམས་ཅད་ལ་བཏབ་ཅིང་བསྐུལ་ཏེ། བུམ་པ་ན་གནས་པའི་མི་བསྐྱོད ་པ་ཡབ་ཡུམ་ལ་ཐིམ་ནས་དེ་ཡོངས་སུ་གྱུར་པའི་ཆུས་སྤྱི་བོར་ཆུའི་དབང་བསྐུར་ཏེ་ཚིགས་བཅད་དང་སྔགས་འདིས་སྦྱིན་ནོ། །གསང་གསུམ་དམ་ཚིག་ལས་བྱུང་བའི། །ཡེ་ཤེས་བདུད་རྩི་དྲི་མ་མེད། །ལྷའི་ཆུ་ཡིས་དག་པ་ཡིས། །མི་བསྐྱོད་པ་ཡི་དབང་བསྐུར་རོ།། ་ཨོཾ་བཛྲ་ཨ་དརཤ་ཛྙཱ་ན་ཨ་བི་ཥིཉྩ་ཞེས་པའོ། །དེ་བཞིན་དུ་བྲིས་པས་སམ་ལུགས་མའི་དབུ་རྒྱན་ལ་དར་གྱི་ཅོད་པན་གྱི་མཚན་པ་ལ་རིན་ཆེན་འབྱུང་ལྡན་ཡབ་ཡུམ་བསྒོམས་ལ། །སྔ་མ་བཞིན་དུ་ནམ་མཁའ་ཨི་དབྱིངས་ན་བཞུགས་པའི་དེ་བཞིན་གཤེགས ་པ་ཐམས་ཅད་ཕབ་པ་དེ་ཡོངས་སུ་གྱུར་པའི་དབུ་རྒྱན་གྱིས་དབང་བསྐུར་རོ། །འདི་སྐད་དུ་སངས་རྒྱས་ཀུན་གྱི་རྒྱལ་སྲིད་ཆེ། །དབུ་རྒྱན་རིན་ཆེན་དམ་པ་སྟེ། །རིན་ཆེན་ཀུན་གྱི་མཆོག་འགྲོ་བས། །རྫོགས་སངས་རྒྱས་སུ་དབང་བསྐུར་རོ། །ོཾ་བཛྲ་ས་མནྟ་ཛྙཱ་ན་རཏན་མ་ཧཱ་ཧུ་ཏི ་ཨ་བྷི་ཥིཉྩ་ཞེས་པས་སོ། །རྡོ་རྗེ་འོད་དཔག་མེད་པ་ཡབ་ཡུམ་གྱི་བསྐུར་བསྒོམས་ཏེ། སྔ་མའི་ཆོ་གས་ཡེ་ཤེས་སེམས་དཔའ་ཕབ་སྟེ། དེ་ཡོངས་སུ་གྱུར་པའི་རྡོ་རྗེས་དབང་བསྐུར་རོ། །འདི་སྐད་དུ། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང། །མི་ཕྱེད་རྡོ་རྗེའི་འོད་གསལ ་བ། །དམ་ཆོས་འབྱུང་བའི་སྒོར་གྱུར་པས། །རྡོ་རྗེ་ཆོས་ཀྱི་དབང་བསྐུར་རོ། །ོཾ་པྲ་ཏི་ཨ་བེ་ཤ་ཛྙཱ་ན་བཛྲ་ཨ་བྷི་ཥིཉྩ། ཞེས་པས་སོ། །དྲིལ་བུ་ལ་དོན་ཡོད་གྲུབ་པ་ཡབ་ཡུམ་རྫོགས་པར་བསྒོམས་ཏེ། སྔ་མ་བཞིན་དུ་ཕབ་པའི་ཆོ་ག་བྱས་ལ་དེ་ཡོངས་སུ་གྱུར་པའི་དྲིལ ་བུས་རྡོ་རྗེ་དང་དྲིལ་བུ་བསྣོལ་ལ་བདག་པོའི་དབང་བསྐུར་འདི་སྐད་དོ། ཐབས་དང་ཤེས་རབ་ལྡན་པ་ཡི། །འགྲོ་དོན་མཉམ་མེད་བྱེད་པ་དང། །མཆོད་པའི་ལས་ཀུན་རྫོགས་བྱེད་པས། །རྡོ་རྗེ་ལས་ཀྱི་དབང་བསྐུར་རོ། །ོཾ་བཛྲ་ཀྲི་ཏ་ཨ་མུ་ཏི་ཏྭ་ན་ཛྙཱ་ན་བཛྲ་བ་ཏེ་ཨ་བྷི་ཥིཉྩ་ཞེས་པའོ།། ་དེ་ནས་སྔ་མ་བཞིན་དུ་མེ་ལོང་གི་གཟུགས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐུ་ཕབ་ལ། །དེ་ཡོངས་སུ་གྱུར་པ་མེ་ལོང་དུ་བྱས་ཏེ། །མེ་ལོང་གི་གཟུགས་སློབ་མ་ལ་བསྟན་ཏེ། འདི་སྐད་དུ་བརྗོད་དོ། །གཟུང་དང་འཛིན་པ་རྣམས་སྤངས་པའི། །དག་ཅིང་གསལ་ལ་དྲི་མ ་མེད། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །རང་ལྷའི་གཟུགས་ནི་ཤེས་པར་གྱིས་ཨོཾ་པྲ་ཏི་བི་མ་ལ་ཨ་བྷི་ཥིཉྩ་ཞེས་པས་སོ། །དེ་བཞིན་དུ་སྤྱི་བོར་རྣཾ་པར་སྣང་མཛད་ཡབ་ཡུམ་བསྒོམས་ལ་སྔ་མ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཕབ་ལ་དེ་ཡོངས་སུ་གྱུར་པ་ལས ་སྤྱི་བོ་ནས་རྐང་པའི་མཐར་ཐུག་པའི་བར་དུ་ལུས་ལ་ཁྱབ་པར་བསྟིམས་ལ་བབས་པའི་ལྷའི་ཆ་ལས་མིང་བརྟགས་ཏེ། མིང་ནི་ཐོག་མར་དཔལ་ཐ་མར་རྡོ་རྗེའོ། །དེའི་འོག་ཏུ་སྣང་བའི་ཕྱིར་དེ་ནི་ཀྱེའི་བོད་པའོ། །རྡོ་རྗེ་མིང་གི་དབང་བསྐུར་བས། །བྱང་ཆུབ་སྙིང་བོའི་བར་དུ་ནི།། ་ཅེས་ཀྱང་མི་ཤེས་མི་གཡོ་བས། །རྡོ་རྗེའི་མིང་དུ་རབ་ཏུ་གྲགས། །ོཾ་བི་ཤུདྡྷ་དྷརྨཱ་དྷཱ་ཏུ་ཛྙཱ་ན་ནཱ་མ་ཨ་བྷི་ཥིཉྩ་ཞེས་སོ། །དེ་ནས་རྡོ་རྗེ་རིགས་ཀྱི་དམ་ཚིག་མེད་པར་ནི་སློབ་དཔོན་གྱི་དབང་བསྐུར་བའི་སྣོད་མ་ཡིན་པས། རྡོ་རྗེ་རིགས་ཀྱི་དམ་ཚིག་གི་ཁྱད་པར་གྱི་དམ ་ཚིག་དཔོག་སྟེ། ཧཱུཾ་ཡོངས་སུ་གྱུར་པའི་རྡོ་རྗེ་ལག་ཏུ་གཏང་ལ་འདི་སྐད་དུ་། འདི་ཉིད་ཀྱིས་ནི་རྡོ་རྗེ་གཟུང། །ཐོག་མཛའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག་ཅེས་པ་ནི་རྡོ ་རྗེའི་དམ་ཚིག་གོ། དེ་བཞིན་དུ་ཨཱ:?་ཡོངས་སུ་གྱུར་པ་ལས་དྲིལ་བུ་བྱིན་ལ། །དྲིལ་བུ་དེ་ཉིད་ཀྱིས་བཟུང་ལ། འདི་དེ་སངས་རྒྱས་ཐམས་ཅད་ཀྱིས། ཤེས་རབ་སྒྲ་ཡིས་རྗེས་འགྲོ་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅད། །བྱང་ཆུབ་རྒྱལ་བ་རྡོ་རྗེ་བཞེད། །ཆོས་ཀྱི ་དྲིལ་བུ་དཀྲོལ་བར་བྱ། །སྲིད་པ་ངོ་བོ་ཉིད་ཀྱི་དག་།ངོ་བོ་ཉིད་ནས་སྲིང་བྲལ་བྱས། །རང་བཞིན་དག་པའི་སེམས་པ་མཆོག། སྲིད་པ་མཆོག་ནི་མཛད་པ་ཡིན་ཞེས་པ་ནི་དྲིལ་བུའི་དམ་ཚིག་གོ་།དེ་བཞིན་དུ་ཨོཾ་དེའི་ལུས ་ལ་བལྟས་ལ་འདི་སྐད་དུ་།སྙིང་པོ་བསྙེན་པ་སོགས་སྦྱངས་པས། །ཕྱག་རྒྱ་ཆེན་པོར་བྱིན་བརླབས་ལ། །གཟུགས་སོགས་འདོད་པའི་དམ་ཚིག་གིས། །གསང་སྔགས་མ་ཚང་མེད་པར་བཟླས། །རང་རིག་པ་ཡི་ངོ་བོ་ཉིད། །ཕྱོགས་བཅུ་དུས་གསུམ་བཞུག ་པ་སྟེ། རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལ་མཆོད་པར་གྱིས། །དཀའ་ཐུབ་སྡོམ་པ་མི་བཟང་པས། །བསྟེན་ནས་མི་སྣང་མངོན་ཤེས་དང། །མཁའ་ལ་རྒྱུ་དང་ལུས་ངག་ཡིད། །ལས་བྱུང་དངོས་གྲུབ་འགྲུབ་མི་འགྱུར། །དེ་བས་སངས་རྒྱས་བྱང་ཆུབ ་སེམས་དཔའ་མཆོག། སྔགས་ཀྱི་སྤྱོད་མཆོག་སྤྱོད་པ་རྣམས། །འདོད་པ་ཐམས་ཅད་བསྟེན་པ་ཡིས། །ཆོས་ཀྱི་ཡི་གེ་མཆོག་ཉིད་བརྙེས། །བདེ་དབ་སྡུག་བསྔལ་བདེ་བདག་མིན། །འདོད་པའི་ཡོན་ཏན་ལྔ་རྣམས་བསྟེན། །ཡེ་ཤེས་དོན་གཉེར་འདོད་ཆགས་ཅན། །སྦྱོར ་བས་བསྒྲུབས་ན་མྱུར་དུ་འགྲུབ། །སྐུ་གསུང་ཐུགས་ན་ཡང་དག་འགྲུབ། །གང་གཞན་དམན་པར་བཤད་པ་ནི། །སྔགས་ཀྱི་བཟླས་པས་འགྲུབ་པར་འགྱུར། །སྐུ་གསུང་ཐུགས་ནི་བསྒོམ་པས་སོ། །ཞེས་བྱ་བ་ནི་ཕྱག་རྒྱའི་དམ་ཚིག་།དེ་ལྟར་སྡོམ་པ་བཟུང་བའི་སློབ་མི་ཡིས། ། ་དེ་བཞིན་དུ་ཡིན་གྱིས་སློབ་དཔོན་མཉེས་པར་བྱས་ལ། །བླ་མ་ལ་ཕྱག་བཙལ་ལ་ཚིགས་སུ་བཅད་པ་འདིས་དབང་ནོད་པའི་དོན་དུ་གསོལ་བ་གདབ་པར་བྱའོ། །བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །ཇི་ལྟར་མཆོད་ཆེན་གསོལ་མཛད་པ། །བདག་ལ་བསྲུང་བའི་དོན་གྱི་ཕྱིར ་ནམ་མཁའ་ཨི་རྡོ་རྗེ་དང་བདག་གསོལ། ཞེས་གསོལ་བ་གདབ་པོ། །དེ་ནས་ཤར་གྱི་ཕྱོགས་སུ་དཀྱིལ་འཁོར་ཆེན་པོ་དང་བར་དུ་ཁྲཱུམ་འདོམ་གྱིས་ཆོད་པར་དཀྱིལ་འཁོར་ཚུལ་བཞིན་དུ་བྲིས་ལ། །དེའི་སྟེང་དུ་དབང་སྟེགས་ཀྱི་ཁྲི་བྱ་སྟེ། རས་ལ་གདན་པདྨ་འདབ་བརྒྱད་པ་གཡས་དང ་གཡོན་དུ་སེང་གེས་མཚན་པ་ལ་བཞག་སྟེ། སྟེང་དུ་ཡང་གདུགས་དང་བླ་རེས་བཀབ་པ་དང། གཡས་གཡོན་དུ་ཡང་རྒྱལ་མཚན་དང་བ་དན་གྱིས་ཀླུབས་ལ། །དེ་ནས་སློབ་དཔོན་སྦྱོར་བ་གསུམ་རྫོགས་པར་བསྒོམས་ནས་སྔ་མ་བཞིན་དུ་ཐབས་དང་ཤེས་རབ་གཉིས་? ་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་གྱིས་ནམ་མཁའ་ཨི་དེ་བཞིན་གཤེགས་པ་ཐམས་ཅད་བསྐུལ་ནས་བུམ་པའི་ནང་དུ་བྲུད?་པར་བྱས་ཏེ། དེ་དག་ཀྱང་སྦྱིན་ལ་སོགས་པའི་ལྷ་མོའི་ཚོགས་ཀྱིས་བཟུང་ནས། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་ལ་སོགས་པས་ནམ་མཁའ་ཨི་ཁམས་? ་གང་སྟེ་དེ་དག་ནི་རིག་པའི་དབང་བསྐུར་པའི་ཚིགས་སུ་བཅད་པ་འདི་ཡིན་ཏེ། རྡོ་རྗེ་ཆེན་པོའི་དབང་བསྐུར་བ། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །གསང་གསུམ་གནས་ལས་བྱུང་བ་ཡི། །སངས་རྒྱས་ཀུན་གྱི་སྦྱིན་པར་བྱ། །ཞེས་སོ། །དེ་ནས་རྡོ་རྗེ་བརྟུལ ་ཞུགས་དང། ལུང་བསྟན་པ་དང། རྡོ་རྗེ་འཛིན་པས་དབུགས་དབྱུང་བ་ལ་སོགས་པ་བྱིན་ལ། དེ་ནས་དཀྱིལ་འཁོར་གྱི་དེ་ཉིད་དང། ལྷའི་དེ་ཁོ་ན་ཉིད་བསྟན་ཏོ། །དེ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་དག་པ་ཁྲུ་བཅུ་གཉིས་སོ། །ཚངས་པའི་གནས་པ ་བཞི་རྣམ་ཡང་དག་པ་ཟུར་བཞིའོ་འཕགས་པའི་བདེན་པ་བཞི་རྣམ་པར་དག་པ་ངོས་བཞིའོ། །དྲན་པ་ཉེ་བར་གཞགས་བཞི་རྣམ་པར་དག་པ་ནི་ཤར་ཕྱོགས་ཀྱི་སྒོའོ། །ཡང་དག་པར་སྤོང་བ་བཞི་རྣམ་པར་དག་པ་ནི་ལྷོའི་སྒོའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་དག་པ ་ནི་ནུབ་ཕྱོགས་ཀྱི་སྒོའོ། །དབང་པོ་ལྔ་དང་སྟོབས་ལྔ་དག་པ་ནི་བྱང་ཕྱོགས་ཀྱི་སྒོའོ། །རྣམ་པར་ཐོབ?་པ་བརྒྱད་དག་པ་ནི་ཀ་བ་བརྒྱད་དོ། །རྡོ་རྗེ་ཐེག་པའི་སྒོ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བས་ན་རྡོ་རྗེའི་ཐེག་པ་དང་ལྡན་པའོ། །ཚོན་སྣ་ལྔ་ནི་སངས་རྒྱས་ལྔའི་རང་བཞིན་ནོ།། ་ཡང་དག་པའི་ཡེ་ཤེས་ཀུན་ཡོངས་སུ་བསྐོར་བའི་ཕྱིར་དབུས་ཀྱི་ཕོ་བྲང་ཟླུམ་པོ་རྡོ་རྗེའི་ཕྲེང་བཟླུམ་པས་བསྐོར་བར་རོ། །ཏིང་ངེ་འཛིན་བཞི་དག་པ་ནི་ཁ་ཁྱེར་རོ། །གཟུངས་རྣམ་པ་བཞི་དག་པ་ནི་ལྷ་མོའི་ཚོགས་མཆོད་པས་ཕྱག་བྲེལ་བའོ། །དྲ་བ་དང་དྲ་བ་ཕྱེད་པ ་ལ་སོགས་པས་བརྒྱན་པ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ནོ། །དེ་ལས་གཞན་དང་གཞན་པའི་བརྒྱན་དང་རྒྱལ་མཚན་དང་བ་ངན་དང་དྲིལ་བུས་མཚན་པ་ནི་གསུང་རབ་ཡན་ལག་བཅུ་གཉིས་པའོ། །ཐབས་ཀྱི་བྱེ་བྲག་མ་འདྲེས་པར་སོ་སོར་སྣང ་བ་ནི་བར་བར་གྱི་ཚོན་སྣ་གཅིག་པའོ།། །།སྦོས་དང་མེ་ཏོག་ལ་སོགས་པ་མཆོད་པའི་བྱེ་བྲག་དང་གར་དང་དབྱངས་ལ་སོགས་པ་ནི་བདེ་བ་ཆེན་པོའི་དཀྱིལ་འཁོར་བླ་ན་མེད་པའི་མཆོད་པ་ཉམས་དགའ་ཨོ། །གསེར་གྱི་བུམ་པ་བརྒྱད་པོ་ནི་ཚོགS། ་རྣམ་པ་གཉིས་རྫོགས་པའོ། །བདེ་བ་ཆེན་པོའི་གཞལ་ཡས་ཁང་ཡིན་པས་གཞལ་ཡས་ཁང་ངོ། །དཀྱིལ་ནི་སྙིང་པོའི་དོན་ཏོ། །འཁོར་ནི་རྫོགས་པའི་དོན་ཏོ། །དེ་ནི་དཀྱིལ་འཁོར་རོ། །དེ་དག་ཀུན་ཀྱང་ཚིག་གི་དོན་དང་རྒྱ་ཆེར་སྦྱར་རོ། །དེ་ན་ལྷའི་དེ་ཁོ་ན་ཉིད་བསྟན ་ཏེ། གཟུགས་དང་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པ་ལྔ་ནི་མེ་ལོང་ལྟ་བུ་དང་མཉམ་པ་ཉིད་དང། སོ་སོར་རྟོག་པ་དང། བྱ་བ་གྲུབ་པ་དང། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། རྣམ་པར་སྣང་མཛད་དང། རིན་ཆེན་འབྱུང་ལྡན་དང། འོད་དཔག་ཏུ ་མེད་པ་དང། དོན་ཡོད་གྲུབ་པ་དང། མི་བསྐྱོད་པ་སྟེ་གོ་རིམ་བཞིན་དུ་རྣམ་པར་དག་པའོ། །ས་དང་ཆུ་དང་མེ་དང་རླུང་གི་ཁམས་ནི་སྤྱན་དང་མཱུ་མ་ཀཱི་དང་གོས་དཀར་མོ་དང་སྒྲོལ་མ་སྟེ། གོ་རིམ་བཞིན་དུ་རྣམ་པར་དག་པ་ཡིན་ཏེ། དེ་ཚད་མེད་པ་བཞིའི་རང ་བཞིན་ནོ། །གཟུགས་དང། སྒྲ་དང། དྲི་དང། རོ་དང། རེག་ནི་གཟུགས་རྡོ་རྗེ་དང། སྒྲ་རྡོ་རྗེ་དང། དྲི་རྡོ་རྗེ་དང། རོ་རྡོ་རྗེ་དང། རེག་རྡོ་རྗེ་རྣམས་གོ་རིམ་བཞིན་དུ་རྣམ་པར་དག་པའོ། །ཐབས་དང། སྨོན་ལམ་དང། སྟོབས་དང། ཡེ་ཤེས་དང། ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པའི་རང་བཞིན་ནོ། །མིག་དང་རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་ཀྱི་དབང་པོ་དང། རྩ་རྒྱུད་དང། ཆོས་ནི་སའི་སྙིང་པོ་དང། ནམ་མཁའ་ཨི་སྙིང་པོ་དང། ཕྱག་ན་རྡོ་རྗེ་དང། འཇིག་རྟེན་དབང་ཕྱུག་དང། འཇམ་དཔལ་དང། སྒྲིབ་པ་རྣམ་པར་སེལ་བ ་དང། བྱམས་པ་དང། ཀུན་ཏུ་བཟང་པོ་སྟེ། གོ་རིམ་བཞིན་དུ་རྣམ་པར་དག་པ་ཡིན་ཏེ། གཙོ་བོའི་ཡོན་ཏན་གྱི་ཆའི་ཡེ་ཤེས་ཀྱི་རང་བཞིན་ནོ། །སེར་སྣ་དང། མི་ཉན་པ་དང། དོན་མི་མཐུན་པ་དང། དོན་མི་སྦྱོར་པ་ནི་གཤིན་རྗེ་གང་ཤར་དང། གཞན་གྱིས་མི ་ཐུབ་པ་དང། རྟ་མགྲིན་དང། བདུད་རྩི་འཁྱིལ་བ་དང། གོ་རིམ་བཞིན་དུ་དག་པ་སྟེ། སྦྱིན་པ་དང་།སྙན་པར་སྨྲ་བ་དང། དོན་མཐུན་པ་དང། དོན་སྤྱོད་པའི་རང་བཞིན་ནོ། །མིག་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་ནི། མི་གཡོ་མགོན་པོ་དང། འདོད་པའི ་རྒྱལ་བོ་དང། དབྱུག་སྔོན་ཅན་དང། སྟོབས་པོ་ཆེ་དང། གཙུག་ཏོར་འཁོར་ལོས་བསྒྱུར་བ་དང་།གནོད་མཛེས་གོ་རིམ་བཞིན་དུ་ངག་བ་ཡིན་ནོ། །དེ་དག་ཀྱང་རང་རང་གི་གཙོ་པོའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་ལ་ངེས་པར་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ཀྱི་ཡོན་ཏན་དུ ་བསྟན་ཏོ། །འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་སྟེ། ལྷ་ཐམས་ཅད་ཀྱི་ངོ་བོར་བསྟན་ཏོ། དེ་དག་ནི་ལྷའི་ཁོ་ན་ཉིད་དོ། །དེ་ནས་རྗེས་སུ་གནད་བ་སྦྱིན་ཏེ། འདི་སྐད་དུ། ་ངོ་བོ་ཉིད་ཀྱི་སེམས་ཅན་རྣམས། །ཇི་ལྟ་ཇི་ལྟར་འདུ་ལ་འགྱུར་བ། །དེ་ལྟ་དེ་ལྟར་ཆགས་ལ་སོགས། །གཙང་བས་སེམས་ཅན་དོན་བྱའོ། །ཉིན་རེ་བཞིན་དུ་ཐུན་བཞི་རུ། །ཏིང་འཛིན་གསུམ་གྱི་སྦྱོར་ལྡན་པར། །གྱུར་ནས་ཐུན་མོང་ཅིག་ཤོས་ཀྱི། །དངོས་གྲུབ ་ཐོབ་པའང་འགྲུབ་པར་འགྲུབ?། །མི་སྣང་བ་ནི་སྟོང་ཡིན་ཏེ། །མངོན་ཤེས་ལྡན་པ་ཉིས་སྟོང་ཡིན། །རིག་པ་འཛིན་པ་སུམ་སྟོང་ཡིན། །རྡོ་རྗེ་ཅན་ནི་འགྲོ་ཀུན་བདག་།ཞི་དང་རྒྱས་ལ་སོགས་གང་དང། དེ་ལས་གཞན་པ་ཅི་འདོད་པ། །འཁོར་ལོ་རྗེས་མཉམ་སྦྱོར་བ ་?་བསྒྲུབས་ནས་འགྲུབ་པར་མྱུར་དུ་འགྱུར། །ཞེས་གསུངས་པས་རྒྱུད་ཉན་བ་དང། འཚེད་པ་དང་མཆོག་དང་ཐུན་མོང་སྒྲུབ་པ་དང། ཞི་བ་ལ་སོགས་པས་སེམས་ཅན་གྱི་དོན་བྱེད་པ་སྟེ། དེ་དག་ཐམས་ཅད་བྱེད་པར་རྗེས་སུ་གནང་བ་སྦྱིན་ནོ། །དེ་ལྟར་ཕྲེང་བ་ལ ་སོགས་པ་དགུ་པོ་དེས་ནི་རྡོ་རྗེ་འཆང་ཆེན་པོའི་སྤྲུལ་པའི་དཀྱིལ་འཁོར་དུ་རིགས་པའི་དབང་བསྐུར་བ་སྟེ་བུམ་པའི་དབང་གི་ཆོ་གའོ།། །།དེ་ནས་གསང་པའི་དབང་བསྐུར་བ་སྔར་གྱི་རི་མོའི་དཀྱིལ་འཁོར་ཕྱིས་པ་ལ་བའི་ཏུས་? ་པ་དང། དྲིའི་ཆུས་ཕྱག་པ་སྟེ། མེ་ཏོག་སིལ་མ་བཀྲམ་ལ་དེ་ནས་སྔར་ལོ་འམ་ཟླ་བར་མཉེས་པར་བྱས་པའི་སློབ་མ་དེས་པདྨ་རཱ་ག་དང། ནོར་བུ་དང་རྡོ་རྗེ་ལ་སོགས་པའི་རིན་པོ་ཆེ་སྣང་བདུན་དང་འཁོར་ལོ་ལ་སོཌ་པ་རིན་པོ་ཆེ་སྣ་?་དང། གཟུཌ་སྡུག་གུའི་བྱེ་བྲག་སྣ་ཚོཌ་དང། སྦྲ་སྙན་པའི ་བྱེ་བྲག་སྣ་ཚོ་དག་དྲི་ཞིམ་པའི་བྱེ་བྲག་སྣ་ཚོགས་དང། བཟའ་བཏུང་ལ་སོགས་པའི་རོ་ཞིམ་པོའི་བྱེ་བྲག་སྣ་ཚོགས་པ་དང། གཟུགས་ཀྱི་མཆོག་པདྨ་ཅན་མཚན་ཐམས་ཅད་དང་ལྡན་པའི་ལོ་གྲངས་བཅུ་དྲུག་ལོན་པ་ལེགས་པར་བསླབས་པ་ལ་སོགས་པའི ་ཚོགས་ཀྱིས་ཡོ་བྱད་ཚོགས་པར་བཤམས་ཏེ། ཚོགས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་ཕྱག་རྒྱ་ཕུལ་ཏེ། འདོད་པའི་ཡོན་ཏན་ལྔས་ཆོ་ག་ཇི་ལྟ་བར་མཆོད་པར་བྱའོ། །དེ་ནས་གསང་བའི་དབང་ལ་ཚིག་འདིས་གསོལ་བ་གདབ་པར་བྱའོ། །རྡོ་རྗེ་སེམས་ཁྱོད ་སངས་རྒྱས་རྣམས་ཀྱི་བདེ་བ་འགྲུབ་པ་སྟེ། རྣམ་དག་བྱང་ཆུབ་སེམས་དཔའ་རྒྱ་ཆེན་སྲས་སུ་བཅས་པ་རྣམས། །ཡུན་རིང་སྟོང་པ་ཉིད་བསྒོམས་པས་ནི་གདུངས་པ་ལ། །དགའ་བའི་ཡིད་འོང་བདེ་བ་ཆེན་པོ་ཉིད་ཀྱི་མཛོད། །ཀྱེ་འདོད་ཆགས་དེ་ནི་དྲི ་མེད་ཀུན་ཏུ་བཟང་པོའི་སྤྱོད་པ་སྟེ། །དགའ་བའི་འདོད་ཆགས་རྡོ་རྗེ་དམ་ཚིག་ལ་ནི་ཕྱེ་མཛད་ནས། །དཀའ་བ་རྣམ་པ་དྲུག་པོ་སྤྱོད་པས་ཤིན་ཏུ་གདུངས་པ་ཡི། །རབ་ཏུ་དགྱེས་དབང་འདོད་པའི་བདེ་བ་ཉིད་ཀྱིས་འཇོག་པར་མཛོད། །བྱང་ཆུབ་སེམས་ནི་རིན་ཆེན ་འབར་ཕྱུང་ལ། །མ་ལུས་རྒྱལ་བ་རྣམས་ནི་ལུས་སྐམས་ལ། །རྣམ་དག་རྡོ་རྗེ་ལས་བྱུང་ཡེ་ཤེས་ཆུ། །དྲི་མེད་དྲི་ཡི་རིན་ཆེན་དབང་བསྐུར་སྩོལ། །མཉམ་དང་མི་མཉམ་འདོད་ཆགས་ཚུལ་དག་པས། །པདྨའི་གནས་སུ་རྡོ་རྗེ་མཛོད་གཏོང་བའི། ། ་སྣ་ཚོགས་སེམས་དཔའ་སེམས་ཅན་བརླག་འགྱུར་བ། །སྦྱོར་བ་གཞན་མིན་མ་ཐོགས་བཤད་པར་གསོལ། །རྡོ་རྗེ་སེམས་ཁྱོད་སྣ་ཚོགས་བདེ་བར་བྱེད་པ་ཡི། །རྡོ་རྗེ་པདྨ་ཕྲེ་བའི་ཚུལ་གྱིས་སྦྱོར་མཛད་དེ། །རྒྱལ་བ་ཀུན་གྱི་གཟུགས་ཀྱི་སྦྱིན་རབ་བསྟོད་ནས།། ་ཐམས་ཅད་བདེ་འགྲུབ་ཉིད་ཀྱི་བདག་ལ་དགྱེས་པར་མཛོད། །དེ་ནས་སྔར་ཚོགས་ཀྱིས་མཆོད་པའི་སྔོན་དུ་བླ་མས་ཀྱང་ཡིད་ཀྱིས་སམ་བྲིས་པས་ཀྱང་ཚོགས་ཀྱི་དཀྱིལ་འཁོར་མཐོང?་ལ། བདག་པོའི་ཕྱག་རྒྱར་མཉམ་པར་བཞག་པས་སྙོམས་པར་འཇུག་པའི་ཆོགས ་བྱང་ཆུབ་ཀྱི་སེམས་པདྨའི་སྣོད་དམ་དུང་ཆོས་སུ་བཞག་སྟེ། རོལ་མོ་དང་གླུ་དབྱངས་དང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པའི་སྒྲ་དང་བཅས་པས་བརྩེ་བས་ནམ་ཕྱེད་ཀྱི་དུས་སུ་རྡོ་རྗེ་ཅན་གཉིས་པ་ལྟ་བུར་དམིགས་ལ་དམ་ཚིག་གི་ཕྱག་རྒྱས་སློབ་མའི་ལྕེ་ལ་སྦྱིན་ནོ། །སློབ ་རུས་པ་ཁྲག་མེད་ཀྱང། །ནམ་མཁའ་ལ་ནི་འཇའ་ཚོན་ལྟར། །ཁྱོད་ཀྱི་སྐུ་ནི་སྟོན་པར་མཛད། །སྐུ་ལ་སྙུན་མེད་མི་གཙང་མེད། །བཀྲེས་དང་སྐོམ་པ་འབྱུང་མེད་ཀྱང། །ཁྱོད་ནི་འཇིག་རྟེན་རྗེས་འཇུག་ཕྱིར། །འཇིག་རྟེན་བྱ་བ་སྟོད་པར་མཛད། །ཆུ་ཟླ་བཞིན་དུ་བཟུང་དུ་མེད། ། ་ཆོས་རྣམས་ཀུན་ལ་གནས་པ་མེད། །ང་རྒྱལ་མེད་ཅིང་རྨོངས་མིང་ལ་།དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །གཤེགས་དང་བཞུགས་དང་དེ་བཞིན་གཟིམS། །སྤྱོད་ལམ་དག་ནི་ཐམས་ཅད་དུ། ཁྱོད་ནི་རྟག་ཏུ་མཉམ་གཞག་པ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ།། ་སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །རྫུ་འཕྲུལ་ཆེ་ལ་རྣམ་འཕྲུལ་ཞིང། །སྣ་ཚོགས་མིན་ལ་སྙོམས་འཇུག་པ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བསྟོད་པ་བྱས་ཏེ། དེའི་འོག་ཏུ་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་བཤད་པར་གསོལ་བ་གདབ་པ ་བྱ་སྟེ། འདི་སྐད་དུ། ཀུན་མཁྱེན་ཡེ་ཤེས་ཕུང་བོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་པ། །དེ་རིང་བཤད་པའི་རིན་ཆེན་གྱིས། །གཙོ་བོས་བདག་ལ་བཀའ་དྲིན་གསོལ། །ཁྱོད་ཞབས་པདྨ་སྤངས་ནས་ནི། །གཙོ་བོས་གཞན་ལ་སྐྱབས་? ་མཆིས། །འགྲོ་བའི་དཔའ་བོ་ཐུབ་ཆེན་གྱིས། །དེ་བས་སློབ་མ་མཉེས་པར་མཛོད། །ཅེས་གསོལ་བ་གདབ་བོ། །བླ་མས་ཀྱང་སངས་རྒྱས་ཐམས་ཅད་ཀྱི་མན་ངག་བརྒྱུད་པ་ལས་འོངས་པའི་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་ཉེམས?་མཚོན་པའི་ཀུན་རྫོབ་ཀྱི་བདེན་པའི་དན?་དག་ཇི ་ལྟ་བ་བཞིན་བསྟན་ཏོ། །དེ་དག་ནི་གསང་བའི་དབང་བསྐུར་བའི་ཆོ་གའོ།། །།དེ་ནས་དབང་བསྐུར་བ་ཡང་དག་པར་ཐོབ་པའི་སློབ་མས་ཐལ་མོ་སྦྱར་ལ་མཆོད་ཅིང་བསྟོད་པས་མཉེས་པར་བྱ་སྟེ། འདི་སྐད་དུ། ཁམས་གསུམ་ལས་ནི་རྣམ་གྲོལ་ཞིང། །ནམ ་མཁའ་དང་ནི་མཉམ་གྱུར་བ། །འདོད་པ་རྣམས་ཀྱིས་མ་གོས་པ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཕུང་པོ་རྣམས་དང་ཁམས་རྣམས་དང། །སྐྱེ་མཚེད?་རྣམས་ལ་མི་བརྟེན་ཅིང། །བྱིན་ཅི་ལོག་ལས་རྣམ་གྲོལ་བ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །རྣམ་རྟོག་མེད་ཅིང་ཀུན ་རྟོག་མེད། །ཐུགས་ནི་རབ་ཏུ་མི་གནས་པ། །བསམ་གྱིས་མི་ཁྱབ་པ་ཡི་གནས། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཇི་ལྟར་ནམ་མཁའ་གནས་མེད་ཅིང། །སྤྲོས་མེད་གོས་པ་མེད་པ་ལྟར། །མཁའ་ལ་མཉམ་པའི་ཐུགས་མངའ་བ། །དམིགས་མེད་ཁྱོད་ལ ་ཕྱག་འཚལ་ལོ། །ཐམས་ཅད་སྟོང་པའི་རང་བཞིན་ཅན། །མངོན་པར་བྱང་ཆུབ་བལྟ་བར་འཚལ། །སློབ་མ་ཐལ་སྦྱར་བླ་མ་ལ། །བསྟོད་ནས་སླར་ཡང་བསྐུལ་པར་བྱ། །ལས་དང་སྐྱེ་ལ་རྣམ་གྲོལ་ཞིང། །སྣང་བ་གསུམ་པོ་སྤངས་པ་ཡི། །མངོན་པར་བྱང་ཆུབ་མཐོང་བར ་ནི། །མགོན་པོ་ཆེན་པོ་བདག་འཚལ་ལོ། །སངས་རྒྱས་ཀུན་གྱི་ཡེ་ཤེས་ཆེ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །རྡོ་རྗེ་ཡེ་ཤེས་བླ་ན་མེད། །མགོན་པོ་ཆེན་པོ་བདག་འཚལ་ལོ། །ཐོག་མཛའ་མེད་ཅིང་ཞི་བ་དང། །ཉོན་མོངས་ཐམས་ཅད་རྣམ་སྦྱོང་ཞིང།། ་ལུས་དང་དག་སེམས་རྣམ་སྦྱོང་བ། །རྡོ་ཇེ་སེམས་དཔའ་བདག་འཚལ་ལོ། །དེ་ལྟར་ཡང་དག་པའི་ཡོན་ཏན་བརྗོད་པ། སྔོན་དུ་འགྲོ་བ་ཚིགས་སུ་བཅད་པ་དག་གིས་ཡང་དང་ཡང་དུ་བསྟོད་པས་མཉེས་པར་བྱས་ཏེ། དེའི་འོག་ཏུ་སློབ་མ་ལ་སྙིང་རྗེ་བསྐྱེད་དེ། ? ་མངོན་པར་བྱང་ཆུབ་པ་དང། ནང་གི་མངོན་པར་བྱང་ཆུབ་པའི་མན་ངག་གིས་ཤེས་རབ་ཡེ་ཤེས་ཀྱི་དབང་སྐུར་རོ། །དེ་དག་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་ཆོ་གའོ། །དེ་ལྟར་མན་ངག་ཐོབ་པའི་སློབ་མ་ལ་རིལ་པོར་འཛིན་པའི་རྣལ་འབྱོར་དང། རྗེས་སུ་གཞི ་པའི་རྣལ་འབྱོར་རྣམ་པ་གཉིས་ལེགས་པར་བསླབ་པར་བྱའོ། །དེ་ནས་ཐུན་མོངས་མ་ཡིན་པའི་དམ་ཚིག་དང། སྡོམ་པ་གཉིས་བསླབ་པར་བྱ་སྟེ། དབན་བསྐུར་འདིར་ནི་བལྟ་བར་བྱ། །བྱང་ཆུབ་སྤྱོད་གཞན་དེ་བཞིན་དུ། །དགེ་བའི་ཚུལ་ནི་གཞན་གསུངས་པར། ། ་སངས་རྒྱས་ཀུན་རྫོགས་ཐོབ་མི་འགྱུར། །བུ་ཡིས་དམ་ཚིག་བསྲུང་པ་དང། །རྟག་ཏུ་སྡོམ་པ་བསྐྱང་བ་དང། །བཅུ་ཕྱེད་སྒྲོན་མ་མི་འཆི་སྤྱད། །དམ་ཚིག་གཞན་ཡང་བསྲུང་བ་ནི། །དཀོན་མཆོག་གནོད་བྱེད་གཞོམ་བྱ་སྟེ། །ཤེས་རབ་ཐམས་ཅད་སད་པར་བྱ། ། ་གཞན་གྱི་ནོར་ཡང་བླང་བར་བྱ། །རྟག་ཏུ་རྫུན་དུ་སྨྲ་བར་བྱ། །དེ་ལས་གཞན་ཡང་དམ་ཚིག་ནི། །ཇི་བཞིན་དོན་ལྡན་བཅུ་བཞི་དག། ཕས་ཕམ་པར་ནི་རབ་ཏུ་གྲགས། །སྦང་ཞིང་དོར་པར་མི་བྱ་སྟེ། །རྩ་བའི་ལྟུང་ས་ཤེས་པར་བྱ། །སློབ་དཔོན་ལ་ནི་བརྙས་པ་དང། །བདེ ་གཤེགས་བཀའ་ལས་འདས་པ་དང། །སྡང་བས་ཡུན་གྱི་བསྔགས་མིན་སྨྲ?། །བྱམས་པ་ཆེན་པོ་རྣམ་སྤོང་དང། །བྱང་ཆུབ་སེམས་ནི་འདོར་བ་དང། །ཐེག་པ་གསུམ་ནི་སྨོད་པ་དང། །སྐལ་མིན་གསང་བ་སྒྲོགས་པ་དང། །རྒྱལ་བའི་ཕུང་པོ་བདག་ཉིད་སྨོད། །དག་པའི ་ཆོས་ལ་ཡིད་གཉིས་དང། །གདུག་ལ་བྱམས་དང་ཆགས་བྲལ་དང། །ཆོས་ལ་གཉིས་སུ་དབྱེ་བ་དང། །དད་པའི་སམས་ལ་རབ་ཏུ་བཏུད། །དམ་ཚིག་བསྙེན་ཚེ་ཇི་སྙེད་པའི། །བརྟགས་པའི་ཤེས་རབ་སྨོད་པ་སྟེ། །སྔགས་པས་འདི་དག་བྱས་ན་ནི། །ཁ་ན་མ་ཐོ་སྤོས? ་སོར?་འགྱུར། །རྩ་བའི་ལྟུང་པ་ཡིན་པར་བཤད། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་བཞིན་དུ་བཟླས་པར་བྱ། །ཁ་ན་མ་ཐོ་ཚར་འགྱུར་བས། །ཡན་ལག་དམ་ཚིག་བཤད་པར་བྱ། །དམ་ཚིག་མི་ལྡན་སྣོད་མིན་ལ། །རིག་མ་བསྟེན ་པར་དགའ་བ་དང། །ཚོགས་ཀྱི་འཁོར་ལོ་རྩོད་པ་དང། །གསང་བའི་ཆོས་ནི་སྟོན་པ་དང། །སེམས་ཅན་དད?་དང་ལྡན་ལ་ཆོས། །གཞན་དུ་སྟོན་པར་འགྱུར་བ་དང། །ཉན་ཐོས་ངག་ཏུ་སློབ་བྱོང་པའི། །ནང་དུ་ཞག་བདུན་གནས་པ་དང། །སྦྱོང་བ་ངེས་པར་མ ་བྱས་པའི། །སྣོད་མིན་གསང་བ་བསྒྲགས་པ་དང། །ཁ་ན་མ་ཐོ་ཆེར་གྱུར་པའི། །སྔགས་པ་དམ་ཚིག་ཉམས་པར་འགྱུར། །ནད་དང་སྡུག་བསྔལ་རབ་ཏུ་འཕེལ། །དེ་བས་དམ་ཚིག་བུས་བསྲུངས་ཤིག་།ཅེས་པས་སྡོམ་པ་སྦྱིན་ནོ།། །།དེ་ནས ་སྐད་ཅིག་གིས་ཡི་གེ་ཨ་དེ་ལས་ཤཱཀྱ་ཐུབ་པའི་ཆ་ལུགས་སུ་བསྒྱུར་ཏེ། །གཡས་པ་ལ་ལུང་སྟོན་པའི་ཕྱག་རྒྱ་མགོ་བོར་བཞག་སྟེ་ལུང་བསྟན་པར་བྱའོ། །ོཾ་ང་ཡིས་འདི་ལྟར་ལུང་བསྟན་ཏེ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པའི་མཆོག ་ནི་བསྒྲུབ་པའི་ཕྱིར་།སྲིད་པའི་ངན་འགྲོ་ཉིད་ལས་བཏོན། །ཀྱེ་དེ་བཞིན་གཤེགས་པ་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བ་སིདྡྷི་བྷུར་བྷུ་པ་སྭཱ། །འདི་ཡིས་དབང་བསྐུར་གྱུར་པ་ཡི། །སྔགས་ལ་འགྲོ་བ་ཀུན་གྱི་བདག་།བླ་ན་མེད་པའི་བྱང་ཆུབ་ཏུ། །བདེ་གཤེགས་ཀྱིས་ཀྱང ་ལུང་བསྟན་མཛད། །ཅེས་པས་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་ལུང་བསྟན་པའོ། །དེའི་རྗེས་སུ་བརྟུལ་ཞུགས་སྦྱིན་པར་བྱ་སྟེ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཕྱག་ན་རྡོ་རྗེའི་ལག་ཏུ་འདུག་།ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས ་བརྟན། །ོཾ་སརྦབ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ཏཾ?་དྷེ་ར་ཡ་མི་བཛྲ་སྟྲཾ?་ཧི་ཧི་ཧི་ཧི་ཧཱུཾ། ཞེས་པས་སྦྱིན་ནོ། །དེ་ནས་མཆོག་གསང་དཀྱིལ་འཁོར་དམ་པ་སྟེ། །མཐོང་པ་འམ་ནི་ཞུགས་གྱུར་པས། །སྲིད་བ་ཀུན་ལས་ངེས་གྲོལ་བར། །དེ་རྣམS ་དེ་ཉིད་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །སླར་ཁྱོད་འཆི་བ་ཡོད་མེད་དེ། །མི་ཐུབ་པ་དང་མི་སོད་པས། །?་ཀྱང་མི་འཇིགས་དགའ་པར་གྱིས། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །སྟོན་པ་མཆོག་ཏུ་གྱུར་པ་ཡིན། །?་དང་གཏན་དུ་དངོས་གྲུབ་? ་དམ་ཚིག་སྡོམ་པ་བསྒྲུབ་པ་ནི། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །དམ་པ་རྟག་པའི་བཀའ་ཡིན་ནོ། །བྱང་ཆུབ་སེམས་ནི་བཏང་མི་བྱ། །ཕྱག་ན་རྡོ་རྗེ་གང་ཡིན་པའོ། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ ་ཐེ་ཚོམ་མེད། །དམ་པའི་ཆོས་ནི་མི་སྤད?་ཞིང། །ནམ་ཡང་དོར་བར་མི་བྱའ། །མི་ཤེས་པའམ་རྨོངས་པ་ཡི། །ཚུལ་ཆེན་བསྟན་པ་མི་བྱའོ། །བདག་ཉིད་ཡོངས་སུ་སྤངས་ནས་ནི། །དགའ་ཐུབ་ཅི་ནི་མ་གདུངས་བར། །ཅི་བདེ་བར་ནི་བདེ་བར་གཟུང། །འདི་ནི་མ་བྱོན་རྫོཌ ་སངས་རྒྱས། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་རྣམས། །ནམ་ཡང་ཡོངས་སུ་མི་འདོར་ཞིང། །སློབ་དཔོན་སྣད་པར་མི་བྱའོ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །སངས་རྒྱས་ཀུན་མཚུངས་བླ་མ་ཡི། །སློབ་དཔོན་ལ་ནི་གང་སྨོད་པ། །དེ་ནི་སངས་རྒྱས་ཀུན་སྨད་པས། །རྟག་ཏུ ་སྡུག་བསྣལ་ཐོབ་པར་འགྱུར། །རིམ་དང་སྒྲ་དང་དུག་དང་ནང། །མཁའ་ལ་འགོ་རྣམས་གཙེས་པ་དང། །གདོན་དང་ལོག་འདྲེན་གཏུམ་པོ་ཡིས། །བསད་ནས་སེམས་ཅན་དམྱལ་བར་ལྟུང། །དེ་བས་ནན་ཏན་ཐམས་ཅད་ཀྱིས། །རྡོ་རྗེ་སློབ་དཔོན་བློ་གྲོས་ཆེ། །དགེ་བ ་རབ་ཏུ་མི་སྤྱོམས་པ། །ནམ་ཡང་སྨད་པར་མི་བྱའོ། །བླ་མ་ལ་ནི་གུས་པས་ཡོན། །རྗེས་སུ་མཐུན་པ་སྦྱིན་པར་བྱ། །དེ་ནས་རིམས་སོགས་གནོད་པ་རྣམས། །ཕྱིར་ཞིང་འབྱུང་བར་མི་འགྱུར་རོ། །རྟག་ཏུ་རང་གི་དམ་ཚིག་བསྲུང། །རྟག་ཏུ་དེ་བཞིན་གཤེགས་པ་མཆོད། །རྟག ་ཏུ་བླ་མ་ལ་ཡང་ཕུལ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་སྦྱིན་པ་ཉིད་དུ་འགྱུར། །དེ་སྦྱིན་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །གང་ཕྱིར་འདི་ནི་ལེགས་གནས་པས། །དེང་ཁྱོད ་སྐྱེ་བ་འབྲས་བུར་བཅས། །ལྷ་དང་དམ་ཚིག་མཉམ་པ་རུ། །དེང་ཁྱོད་གྱུར་པར་ཐེ་ཚོམ་མེད། །སངས་རྒྱས་རྡོ་རྗེ་འཛིན་བཅས་པར། །ཀུན་གྱིས་དེ?་ཁྱོད་དབང་བསྐུར་བས། །ཁམས་གསུམ་གྱི་ནི་རྒྱལ་པོ་ཆེ། །རྒྱལ་པོའི་བདག་པོར་བསྟན་པ ་ཡིན། །དེ་ནི་བདུད་ལས་རྣམ་རྒྱལ་ཏེ། །གྲོང་ཁྱེར་མཆོག་ཏུ་རབ་ཏུ་ཞུགས། །ཁྱེད་རྣམས་ཀྱིས་ཀྱང་སངས་རྒྱས་ཉིད། །དེ་ཉིད་ཐོབ་པར་ཐེ་ཚོམ་མེད། །དེ་ལྟར་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་གྱིས། །རང་གི་དམ་ཚིག་མི་བཟད་?་སྐྱེད་བསྟན་པར་གྱིས། །དེང?་ནི་འགྲོ་བ་མྱུར་དུ ་རྡོ་རྗེ་སེམས་དཔའ་དང། །རབ་ཏུ་མཉམ་ཞིང་རྟག་པ་ཉིད་དུ་རྟོགས་པར་གྱིས་ཞེས་པས་རྡོ་རྗེ་སེམས་དཔའ་ཨི་ས་ལ་དབུགས་དབྱུང་བའོ། །དེ་ནས་སྔར་བསྟན་པའི་རྗེས་སུ་གནང་བ་སྦྱིན་ནོ། །དེ་ནས་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཇི་ལྟར་བཀའ་སྩལ་པ་ལྟར ་བགྱིའོ། །ཞེས་ལན་གསུམ་གསོལ་ཏོ། །དེ་ནས་རིན་ཆེན་ཁྱིམ་དང་གླང་པོ་རྟ། །ཡུལ་དང་མལ་སྟན་རྣམས་དང་ནི། །བྲན་དང་བྲན་མོ་ཆུང་མ་སྡུག་།བུ་མོ་ཤིན་ཏུ་ཡིད་འོང་སྡུག་།གང་གིས་བདག་ཀྱང་དབུལ་བྱས་ནས། །ལྷག་མ་རྣམས་ལྟ་ཅི་ཞིག་སྨོས། །ཞེས ་པས་མཉེས་པར་བྱའོ། །ངེས་ནི་དབན་བཞི་པ་ཡོན་དང་བཅས་པའི་ཆོ་གའོ།། །།དེ་ནས་སྦྱིན་སྲེག་གི་ཆོ་ག་བྱ་སྟེ། དེ་ལ་ལས་སོ་སོའི་སྦྱིན་སྲེག་དང། ལས་ཐམས་ཅད་པའི་སྦྱིན་སྲེག་གོ། དེ་ལ་ལས་སོ་སོའི་སྦྱིན་སྲེག་ནི་དེ་ལ་ཞི་བ་ལ་ནི ་ཟླུམ་པོ་རྒྱར་ཁྲུ་གང་ཟབས་སུ་དེའི་ཕྱེད་དོ། །རྒྱས་པ་ལ་ནི་ཁྲུ་བཞི་རྒྱར་ཁྲུ་དོ། །ཟབས་སུ་ཁྲུ་གང་ངོ། །དབང་ལ་ནི་ཟླ་གམ་རྒྱ་དང་ཟབས་ནི་ཞི་དང་མཐུན་ནོ། །མངོན་སྤྱོད་ལ་ནི་གྲུ་གསུམ་རྒྱར་སོར་ཉི་ཤུ་ཟབས་སུ་དེའི་ཕྱེད་དོ། །དེ་དག་ཀྱང་གྲཝ་བཞི ་དང་སྒོ་བཞི་དང་ལྡན་པ། །གྲཝ་བཞིར་ཟླ་བ་ཕྱེད་པས་མཚན་པ་སྒོ་བཞིར་ལྕགས་ཀྱུ་ལ་སོགས་པའི་ཕྱག་རྒྱ་བཞིས་མཚན་པ་ཐབ་ཀྱི་དབུས་ཀྱི་ཁ་ཁྱེར་ལ་ཡང་ཞི་བ་ལ་ནི་འཁོར་ལོ་དང་འཁོར་ལོའི་ཕྲེང་བ། རྒྱས་པ་ལ་རིན་པོ་ཆེ་དངརིན་པོ་ཆེའི ་ཕྲེང་བ། མངོན་པར་སྤྱོད་པ་ལ་ནི་ཁྲོ་བོའི་རྡོ་རྗེ་གདེངས་བ་དང་དེ་ཉིད་ཀྱིས་ཕྲེང་བའོ། །ཞི་བ་ལ་ནི་ཁ་དོག་དཀར་པོའོ། །རྒྱས་པ་ལ་ནི་སེར་པོའོ། །དབང་ལ་ནི་དམར་པོའོ། །མངོན་སྤྱོད་ལ་ནི་ནག་པོའོ། །ཡམ་ཤིང་ཡང་ཞི་བ་ལ་ཨུ་དུཾ་བ་ར་ལ་སོགས་པའི་མ་ཅན ་གྱི་ཤིང་ལས་བྱས་པ་མཐོ་གང་རྩེ་མོར་མཉམ་པོར་སྤྱད་པ། རྩེ་མོ་གཉིས་པ་ལ་ལོ་མ་དང་ལྡན་པའོ། །དེ་བཞིན་དུ་རྒྱས་པ་ལ་ཡང་ཡམ?་ཤིང་དེ་ཉིད་ལ་ཡང་སྦོམས་སུ་ཆགས་སྲིད་ཁྲུ་གང་བྱའོ། །དབང་ལ་ནི་ཨ་ཤོ་ཀ་དང་པྲི་ཡང་ཀུ་ལ་སོགས་པའི་ཤིང་ལ་ཡང ་ཡམ་ཤིང་ལ་སོགས་ཞི་བའི་ཆེད་དུ་བྱའོ། །ཞི་བ་ལ་ནི་ཏིལ་ལ་སོགས་པའོ། །རྒྱས་པ་ལ་ནི་ཞོ་དང་འབྲས་ལ་སོགས་པའོ། །དབང་ལ་ནི་མེ་ཏོག་གིས་སོ། །དགུག་པ་ལ་ནི་ཕ་ཝང་གིས་ཤས་སོ། །མངོན་སྤྱོད་ལ་ནི་ཤ་ཆེན་གྱིས་སོ། །ཚེ་སྲིད་བ་ལ་ནི་དུར་བས ་སོ། །བསྲུང་བ་ལ་ནི་ཀུ་ཤ་མར་དུ་སྤགས་པས་སོ། །ཧོཾ་གཟར་ལ་ཡང་ལས་དང་མཐུན་པའི་ཕྱག་མཚན་གྱིས་མཚན་པའོ། །ཧོཾ་གཟར་དང་དགང་གཟར་དང། མཆོད་གཡོགས་ལ་སོགས་པ་དང། སྔགས་པའི་རྒྱན་ཆ་ལ་སོགས་པ་ཐམས་ཅད་ལས་དང་རྗེས་སུ་མཐུན་པར་ཁ ་དོག་བསྒྱུར་རོ། །སྔགས་པའི་སྟང་སྟབས་ཀྱང་ཞི་བ་ལ་ནི་བྱང་དུ་བལྟའོ། །རྒྱས་པ་ལ་ནི་ཤར་དུ་བལྟའོ། །མངོན་སྤྱོད་ལ་ནི་ལྷོར་བལྟའོ། །དབང་ལ་ནི་ནུབ་དུ་བལྟའོ། །བསང་བ་ལ་ནི་ཤར་དུ་བལྟའོ། །སྐམ་པའམ་ཞེ་སྡང་ལ་ནི་ལྷོ་ནུབ་ཏུའོ། །བསྐྱད་པ་དང། དབྱེ་བ་ལ་ནི་ནུབ ་བྱང་དུའོ། །རྨོངས་པ་དང་རེངས་པ་ལ་ནི་བྱང་ཤར་དུའོ། །ཞི་བ་ལ་ནི་འཇམ་ཞིང་འབོལ་བའི་སྟན་དང་ནང་ཚངས་ཅན་ནོ། །རྒྱབ་བ་ལ་ནི་ཀུ་ཤའི་སྟན་རྒྱ་དང་སྤངས་སུ་ཁྲུ་གང་པ་སོར་བཞི་པའོ། །དབང་ལ་ནི་པདྨའི་སྟན་ནོ། །མངོན་སྤྱོད་ལ་ནི་སྟན་མེད་པའམ་དུར་ཁྲོད་ཀྱི་རས་སོ། །ལས་སོ ་སོའི་མེ་ལྷ་ཡང་ཞི་བ་ལ་ནི་པ་པ་ཀ་སྐུ་མདོག་དཀར་པོའི་འོད་ཀྱིས་གཟི་བརྗིད་ཀྱང་དཀར་པོ་འཕྲོ་བའོ། །རྒྱས་པ་ལ་ནི་མེ་ལྷ་དབང་ཆེན་ཞེས་བྱ་བ་འོད་དང་ཁ་དོག་སེར་པོའོ།། །དབང་ལ་ནི་མེ་ལྷ་དམར་པོ་ཞེ་བྱ་བ་འོད་དང་ཁ་དོག་དམར་པོའོ། །མངོན་སྤྱོད་ལ་ནི་མེ་ལྷ ་རླུང་ཞེས་བྱ་པ་འོད་དང་ཁ་དོག་ནག་པོའོ། །དེ་དག་ཀྱང་སྤྱན་གསུམ་པ་ཕྱག་བཞི་པ་མཆོད་ཕྱིར་ཐོགས་པ་དང་རལ་པའི་ཐོར་ཚུགས་དང་ལྡན་པ་ཞི་བ་དང་རྒྱས་པའི་མེ་ལྷ་ནི་གཡས་གཉིས་ན་དབྱུག་ཏོ་དང་བསྐྱབས་སྦྱིན། །གཡོན་གཉིས་ན ་གུནདྷེ་ངང་བགྲང་ཕྲེང། །དབང་གི་མེ་ལྷ་ནི་གཡས་པ་ན་དབྱུག་པ་དང་ལྕགས་ཀྱུ། །གཡོན་པ་ན་བགྲང་ཕྲེང་དང་ཞགས་པ། །མངོན་སྤྱོད་ཀྱི་མེ་ལྷ་ནི་གཡས་དང་པོ་ན་རལ་གྲི། གཉིས་པ་ན་དབྱུག་པ། །གཡོན་དངཔོ་ན་ཞགས་པ། གཉིས་པ་ན་ཕྲེང་བའོ། །ལས་སོ ་སོའི་དཀྱིལ་འཁོར་གྱི་ལྷ་ཡང་ཞི་བ་ལ་ནི་རྣམ་པར་སྣང་མཛད་གཙོ་བོར་གྱུར་པ། ཐམས་ཅད་སྐུ་མདོག་དཀར་པོའོ། །རྒྱས་པ་ལ་ནི་རིན་ཆེན་འབྱུང་ལྡན་གཙོ་བོར་གྱུར་པ་ཐམས་ཅད་སྐུ་མདོག་སེར་པོའོ། །དབང་ལ་ནི་འོད་དཔག་མེད་གཙོ་བོར་གྱུར་པ་ཐམས་ཅད ་སྐུ་མདོག་དམར་བོའོ། །མངོན་སྤྱོད་ལ་ནི་མི་བསྐྱོད་པ་གཙོ་བོར་གྱུར་པ་ཐམས་ཅད་སྐུ་མདོག་ནག་པོའོ། །གཞན་ཡང་གཤིན་རྗེ་གཤེད་ཀྱིས་དགུག་པ་ལ་སོགས་པ་ཁྲོ་བོ་བཅུའི་ལས་སོ་སོ་ནི་རང་རང་གི་ལས་གཙོ་བོར་བྱས་པའི་ལས་དང་རྗེས་སུ་དཔག་པར་བྱའོ། །སྤྱན ་གྱིས་ཞི་བར་བྱ་བ་དང། ཤུ་ལི་ནི་ས་ཀླུའི་བུ་མོས་དགུག་པ་ལ་སོགས་པ་དང། གནོད་མཛེས་ཀྱིས་ལྷ་མ་ཡིན་གྱི་བུ་མོ་དགུག་པ་ལ་སོགས་པ་ཕལ་ཆེར་ཕྱག་རྒྱ་རེ་རེ་ལ་སྦྱིན་སྲེག་བྱའོ། །དེ་ཡང་དགུག་པ་ནི་དབང་གི་ཁོངས་སུ་བསྡུས་ནས་བསྟན་ནོ། །བསྐྲད་པ་དང་དབྱེ་བ་དང ་བསད་པ་དང་རེངས་པ་དང་རྨུགས་པ་ནི་མངོན་སྤྱོད་ཀྱི་ཁོངས་སུ་བསྡུས་ནུས་བསྟན་པའོ། །ོཾ་ཊཀྐི་ནི་པ་པ་ཀ་ཨགན་ཡེ་ཊཀྐི་ཧཱུཾ་ཛ:ཞི་བའི་མེ་ལྷ་སྤྱན་དྲང་བའི་སྔགས་སོ། །ོཾ་ཊཀྐི་ནི་མ་ཧི་ནཀྲ་ཨགན་ཡེ་ཊཀྐི་ཧཱུཾ་ཛཱ:རྒྱས་པའི་མེ་ལྷ་སྤྱན་དྲང་བའི་སྔགས་སོ། །ོཾ་ཊཀྐི་ནི་ཀ ་མ་ཨགན?་ཡེ་ཊཀྐི་ནི་ཧཱུཾ་ཛ:། དབང་གི་མེ་ལྷ་སྤྱན་དྲང་བའི་སྔགས་སོ། །ོཾ་ཊཀྐི་ནི་ཛ:ཧཱུཾ་བཾ་ཧོ:ཧཱུཾ་ཀྲོ་དྷ་ཏེ་ཛ་ཨགན་ཡེ་ཧཱུཾ་ཛ(རྒྱུད་འགྲེལ་པདྨའི་དབྱིབས་ལྟ་བུའི་ཐབ་ཁུང་བྱ་སྟེ། རྒྱར་ཁྲུ་གང་སོར་བཞི་དོར་གང་ཁྱེར་གྱི་རྒྱ་དང་དཔངས་སོར་བཞི་ཡོད་པ། ཐབ་ཀྱི་ནན་དུ་པདྨ་འདབ་མ་བརྒྱད་ཡོད་པ། དབུས་ཀྱི་ལྟེ་བ་ལ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་འམ་རྩེ་དགུ་པས་མཚན་པའོ། །ཤར་ལ་སོགས་པའི་པདྨ་ལ་འཁོར་ལོ་དང ་རིན་པོ་ཆེ་དང་པདྨ་དང་རལ་གྲིའོ། །མཚམས་ཀྱི་པདྨ་ངག་ལ་ཨུཏཔ་ལ་དཀར་པོ་དང། སྔོན་པོ་དང། དམར་པོ་དང། ལྗང་གུ་བྲིའོ། །ཁ་ཁྱེར་གྱི་ནང་དུ་སོར་བཞི་དོར་བ་ལ་ལས་དང་རྗེས་སུ་མཐུན་པའི་ཁ་དོག་ཅན། པདྨའི་ཕྲེང་བ་ལྟ་བུས་བསྐོར་རོ། །དེ་ཉིད་ལ་པདྨའི་དབྱིབས་ལྟ་བུ་ཞེས་བྱའོ། ། ་ནང་དུ་ཡང་མཛའ་སྐོར་དུ་རྡོ་རྗེ་ཕྲེང་བས་བསྐོར་རོ། །ཕྱི་རོལ་དུ་ཡང་ཁ་ཁྱེར་ལ་རྡོ་རྗེ་ཕྲེང་བས་བསྐོར་རོ། །གྲུ་བཞིར་རྡོ་རྗེ་བཞིས་བརྒྱན་པས་ཐབ་ཁུང་ཉིད་སྣ་ཚོགས་རྡོ་རྗེ་ལ་གནས་པ་ལྟ་བུར་བརྟག་གོ་།སྔར་བསྟན་པའི་ལས་སོ་སོའི་ཐབ་ཁུང་ནི་རིའུ་མིག་དང་བརྟག་པར་བྱ་སྟེ། དེ་ཡང་ཕྱག ་རྒྱ་དགོད་པ་ནི་དཀྱིལ་འཁོར་བསྒྱུར་བའི་དབང་གིས་ཅི་རིགས་སུ་སྦྱར་རོ། །འདིར་ལས་ཐམས་ཅད་པའི་མེ་ལྷ་ནི་ལྔ་པ་མི་ལྟ་ཞེས་བྱ་བ་ཡིན་ཏེ། ལས་དང་རྗེས་སུ་མཐུན་པར་བསྐྱེད་དོ། །ལས་ཐམས་ཅད་པའི་ལྷ་ནི་ལྷ་ཐམས་ཅད་པའི་བདག་ཉིད་ཡིན་པས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན ་པོ་ཉིད་དེ། དེ་ཡང་ཐབ་ཀྱི་ཁོར་ཡུག་ཏུ་ཡང་ཤིང་སྔོན་པོས་གཡོགས་ལ་དེའི་སྟེང་དུ་རྩཝ་ཀུ་ཤ་སྔོན་པོ་གཙང་མའི་བསང་གཏོར་གྱིས་བསངས་ལ། མགོ་རྩ་ཕན་ཚུན་དུ་ནོན་པས་གཡས་སྐོར་དུ་འཁོར་བར་དགྲམ་མོ། །མཆོད་རྫས་སྲེག་རྫས་གཡས་སུ་དགྲམ། དེ་ད་ཀུན་ལ ་ཨོཾ་བཛྲ་སཏྭ་ཨ་ཞེས་པས་ལན་བདུན་བཟླས་པས་བྱིན་བརླབ་པར་བྱའོ། །ཧོཾ་གཟར་ཡང་ཡུ་བ་ཁྲུ་གང་རྒྱ་སོར་བཞི་རིན་པོ་ཆེ་འམ་པདྨའི་དབྱིབས་སུ་བྱས་པའི་དཀྱིལ་དུ་རྡོ་རྗེ་སོར་གཉིས་པས་མཚན་པའོ། །དགང་གཟར་སོར་གཉིས་ཐབས?་སུ་སོར་གཅིག་ཆུ་ལ་སོར་གཉིས་བྱའོ། །གཉིS ་ཀའི་དབུས་སུ་ཡེ་ཤེས་ཀྱི་ལྷའི་ཡིག་འབྲུ་གཅིག་བསམ་མོ། །དེ་ལ་འདི་ནི་རྫས་དབུལ་བའི་སྔགས་ཏེ། ཨོཾ་ན་མ:ས་མནྟ་བུདྡྷ་ནཱན་ཨགན་ཡེ་སྭཱཧཱ། །དགན་བླུགས་ཀྱི་སྔགས་སོ། །ོཾ་ཨགན་ཡེ་སྭཱཧཱ། །དམར་གྱིའོ། །ོཾ་སརྦབ་པ་པཾ་ད་ཧ་ན་བཛྲཱ་ཡ་སྭཱཧཱ། །ཏིལ་གྱིའོ། །ོཾ་བཛྲ ་བིཛཱ་ཡ་སྭཱཧཱ། །སོ་བའི་འོ། །ོཾ་བཛྲ་མཧཱ་བེ་གཱ་ཡ་སྭཱཧཱ། །ནས་ཀྱིའོ། །ོཾ་བཛྲ་མཧཱ་བ་ལཱ་ཡ་སྭཱཧཱ། འབྲས་ཀྱིའོ། །ོཾ་བཛྲ་གྷསྨ་རི་སྭཱཧཱ། །གྲོའི་འོ། །ོཾ་བཛྲ་ཨཛྙ་སྭཱཧཱ། ཨུ་དུམྦ་རའི་འོ། །ོཾ་བོ་དྷཱི་བྲིཀྵཱ་ཡེ་སྭཱཧཱ། ཨ་ཤྭཏྠའི་འོ། །ོཾ་བཛྲ་ལ་ཏྲ?་ཨཾ?་སྭཱཧཱ། ་བླག་ཤའིའོ། །ོཾ་བཛྲ་ཀུ་བེ་ར་ཡེ་སྭཱཧཱ་།ནྱ་གྲོདྷའི་འོ། ཨོཾ་བཛྲ་ཧ་ས་ཀརཱ་ཡ་སྭཱཧཱ། ། མྲའི་འོ། །ཡམ་ཤིང་དེ་དག་ནི་ཨུརྫུ་ན་ལ་སོགས་པའི་ཤིང་ལེགས་པ་གང་རྙེད་པ་ལ་བཟླས་པ་བྱས་ལ་མངོན་པར་སྔགས་ཏེ་སྦྱིན་སྲེག་བྱའོ། །ལས་ཀྱི་བྱེ་བྲག་ལ་ནི་པ་ལ་ནི་སྭཱཧཱ་འི? ་མཛའ་དང་བཅས་པའོ། །རྒྱས་པ་ལ་ནི་བོ་ཥ་ཊ་ཧོའི་མཛའ་དད་བཅས་པའོ། །དབང་ལ་ནི་མ་ནི་ཧྲིའི་མཛའ་དང་བཅས་པའོ། །དགུག་པ་ལ་ནི་ཛའི་མཛའ་དང་བཅས་པའོ། །མངོན་སྤྱྡ་ལ་ནི་ཧཱུཾ་གི་མཛའ་དང་བཅས་པའོ། །སྲེག་རྫས་དབུལ་བའི་རིམ་པ་ནི་མར་ལ་སོགས་པ་ཞུ ་བའི་རྫས་ནི་ཞལ་དུའོ། །ཡམ་ཤིང་མིང་རུས་བསྲགས་པའི་ཕྱེ་མ་དང། བདུག་སྤོས་ནི་འོད་ཀྱི་དཀྱིལ་འཁོར་དུ་དབུལ་ལོ། །ཞོ་དང་འབྲས་ལ་སོགས་པའི་ཁ་ཟས་དང་ཏིལ་དང་འཐོར་འཐུང་ནི་ཕྱག་དུ་དབུལ་ལོ། །དྲི་ནི་ཐུགS་ཀར་རོ། །མེ་ཏོག་ནི་སྤྱི་བོ་རུའོ། །ཞབས་བསིལ་ནི་ཞབས ་བའི། །མཆོད་ཡོན་དང་མར་མེ་ནི་མདུན་དུའོ། །དེ་ལ་སྔགས་པ་རྡོ་རྗེ་སེམས་དཔའ་ཨི་ཏིང་ངེ་འཛིན་དུ་གནས་པ་ལས་དང་རྗེས་སུ་མཐུན་པས་རི་ལས་བསྐྱེད་པའི་མེའོ། །དཀྱིལ་འཁོར་གྱི་དབུས་སུ་ཨ་ལས་གྱུར་པའི་སྣ་ཚོགས་པདྨའི་སྟེང་དུ་གདན་ཞི་བ་འཆུའི་དཀྱིལ་འཁོར་རོ། །རྒྱས་བ ་ལ་གསེར་གྱིས་གཞི། དབང་ལ་ནི་མེའི་དཀྱིལ་འཁོར། མངོན་སྤྱོད་ལ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་ལས་དང་མཐུན་པའི་མེ་ལྷ་དམ་ཚིག་སེམས་དཔའ་ཇི་ལྟ་བ་བཞིན་བསྐྱེད་ལ། དེ་ནས་ཨོཾ་ཨགན་ཡེ་མ་ཧཱ་ཏེ་ཛ་སརྦ་ཀརྨམ་མཧཱ་སཏྭ་ཀ་ཀཱ་རུ་ཎ་ཏྲི་ཏ་སྭཱཧཱ། ཨརྡྷ་སཱ་དྷ་ཡ་སྨི་སནྣ ་བྷ་བ་ཞེས་བྱ་བ་འདིས་ནམ་མཁའ་ཨི་སྤྱོད་ཡུལ་ནས། ཡེ་ཤེས་ཀྱི་མེ་ལྷ་ཐབ་ཀྱི་གཡས་ཕྱོགས་སུ་སྤྱན་དྲངས་ལ་ལས་ཐམས་ཅད་པའི་ཆུ་ཡིས་བསང་གཏོར་བྱས་ལ། མཆོད་ཡོན་གྱི་སྣོད་དུ་མཆོད་ཡོན་དང། ཞབས་བསིལ་དང། མཆོད་པ་དང་སྟོད་པ་ཚུལ་བཞིན་དུ་བྱས་ཏེ། དེ་ལ ་ཨོཾ་ཛ:ཧཱུཾ་བཾ་ཧོ(རྒྱུད་འགྲེལ་ཧཱུཾ་སྭཱཧཱ་།མར་མེའི་སྔགས་སོ། །ོཾ་ཨཱ:བཛྲ་ནཻ་བི་དྱཱ་ཧཱུཾ་སྭཱཧཱ། ལྷ་བཤོས་ཀྱི་སྔགས་སོ། །དེ་ནས་དབང་བླུགས་ཀྱིས་སྔགས་ཀྱིས་མར་གྱི་དགང་བླུགས་གསུམ་གསུམ་དབུལ་ལོ། །དྲག་པོ་ཡིན་ན་ཤིང་མར་གྱི་དགང་བླུགས་གསུམ་གསུམ་དབུལ?་ལོ། །དེ་ལྟར་ཞལ་དུ་ཕུལ་ཡང་སྤྱན?་གྱི ་འོད་ཟེར་གྱིས་རེག་པ་ཙམ་གྱིས་མཉེས་བར་འགྱུར་བའི་ངོན་གྱིས་ན་སྤྱན་ལ་དབུལ་ལོ། །དེ་ནི་སྤྱིར་མཉེས་པར་བྱའོ། །དེ་ནས་བྱེ་བྲག་ཏུ་མཉེས་པར་བྱའོ། །དེ་ནས་ཤིང་ཁྲུ་གང་ལ་རས?་ཀྱིས་དཀྲིས་ལ་རྒྱལ་པོ་དང། བྲམ་ཟེ་དང། རྗེའུ་རིགས་དང། གདོལ་པའི་ཁྱིམ ་ནས་ལས་དང་མཐུན་པར་མེ་བླངས་ལ་དེ་སྦར་ཏེ་བཙུགས་ནས་རླུང་ཡབ་ཀྱིས་གཡབ་ཅིང། །ོཾ་བཛྲ་ཛཝ་རཾ་ཛ་ལ་ཧཱུཾ་ཕཊ་ཅེས་སྦར་རོ། །ོཾ་བཛྲ་ཨ་ནཱ་ལམ་ཧཱ་བྷུ་ཏ་ཛཝ་ལ་ཡ་སརྦབ་དུཥྚཾ་ཧཱུཾ་ཕཊ་སྭཱཧཱ། དྲི་ཤྱེ་ཧོ་ཛ:ཧཱུཾ་བཾ་ཧོ(རྒྱུད་འགྲེལ་དཔའ་ལ་བསྟིམས་ལ་སྤྱི་བོ་ནS་རྐང་པའི་བར་དུ་རྣམ་པར་སྣང་མཛད་ནས། གནོད་མཛེས་ཀྱི་མཐར་ཐུག་པའི་བར་བྱིན་གྱིས་བརླབ་པ་དང། གནས་གསུམ་དུ་སྐུ་གསུང་ཐུགས་རྡོ་རྗེ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ལ་དེ་ནས་མཆོད་པ་སྔོན་དུ་འགྲོ་བའི་མར་གྱི ་དགང་བླུགས་གསུམ་འམ། བདུན་འབུལ་ལོ། །དེ་ནས་བཀྲ་ཤིས་ཀྱི་ཡབ་ཤིང་ངོ། །དེ་ནས་མར་དང། ཏིལ་དང། ཞོ་དང། འབྲས་དང། ཀུ་ཤ་རིམ་པ་བཞིན་དུ་དབུལ་ལོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་མེ་ལྷ་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀར་ཟླ་བའི་དཀྱིལ ་འཁོར་གྱི་སྟེང་དུ་ཧཱུཾ་ལས་ངེས་པར་བྱུང་བའི་འཁོར་ལོ་ཡོངས་སུ་རྫོགས་པར་བསྒོམས་ལ། ཨོཾ་ཨེ་ཧཡེ་ཧི་བྷ་ག་བན་ནེ་ཏ་བན་ཛ་ནས་མ་ཡེན་ཙ་ཨ་ཀ་ས་ས་པྲ་ཏི་ཨཱ:ཧཱུཾ་པུ་ཛ་ཨཏྨ་པྲ་སི་དྷ་མེ་ཞེས་བྱ་བས་བདུད་རྩི་རྣམ་པ་ལྔས་མཉེས་པར་བྱས་པ་དང། དེ་ལྟར ་བསྟན་པའི་ལྷའི་དཀྱིལ་འཁོར་དེ་ལ་ཡེ་ཤེས་སེམས་དཔའ་དགུག་པ་ལ་སོགས་པ་བྱིན་གྱིས་བརླབ་པའི་ཆོ་ག་བཞིན་དུ་བྱས་པར་ལ་མཆོད་པ་དང། བསྟོད་པ་དང། སྦྱིན་སྲེག་གི་ཁྱད་པར་གྱིས་མཉེས་པར་བྱས་ལ་ཡི་གེ་གསུམ་གྱིས་བདག ་གི་ཐུགས་ཀར་བསྡུའོ། །འཇིག་རྟེན་སྐྱོང་བ་རྣམས་ལ་མཆོད་པ་སྔོན་དུ་འགྲོ་བའི་སྦྱིན་སྲེག་གི་ཆོ་གས་ཇི་ལྟ་བ་བཞིན་དུ་མཉེས་པར་བྱ་སྟེ། བཟོད་པ་གསོལ་ལ། ལས་བཅོལ་ལ་རང་གི་གནས་སུ་བཏང་ངོ། །དེ་ནས་མེ་ལྷ་ཡེ་ཤེས་སེམས་དཔའ་ལ་མཆོད་ཡོན་དང། ཞེངS? ་བསིལ་དང། མཆོད་པས་མཉེས་པར་བྱས་ལ་མར་གྱི་དགང་བླུགས་གསུམ་ཕུལ་ཏེ་སྔགས་འདིས་བཤེགས་སུ་གསོལ་ལོ། །ོཾ་ཏྲི་ཏོ་སརྦབ་སཏྭ་སྠི་སིདྡྷི་མ་དང་ཏ་ཡ་ཐ་མུ་གཙྪ་དཾ་བྷུ་ཏ་བ་ཤ་ཡཾ་བུ་ར་ནན་མ་ཚ་མུ་ཞེས་པའོ། །དེ་ནས་མེ་ལྷ་དམ་ཚིག་སེམས་དཔའ་ལ ་ཚོགས་ཀྱི་ལྷག་མ་དང་སྦྱིན་སྲེག་གི་ལྷག་མས་ཅི་ནུས་ཀྱིས་སྦྱིན་སྲེག་གི་ཆོག་ག་རྫོགས་པར་བྱའོ། །དེ་ལ་དཀྱིལ་འཁོར་གྱི་མངོན་དུ་བགེགས་ཞེ་བར་བྱེད་ན། མི་རུས་ཕྱེ་མས་གནོད་མཛེས་ཀྱི་སྔགས་ཀྱི་ཕྲེང་བས་བྱའོ། །སློབ་མའི་སྡིག་པ་ཞི་བར་བྱ་བའི་ཕྱིར་གཡོན་ཕྱོགས ་སུ་ཙོག?་བུར་འདུག་ལ། སློབ་མའི་སོར་མོ་གུང་མོ་སློབ་དཔོན་གྱི་མཐེབ་སྲིན་གྱིས་བཟུང་ལ་། ཏིལ་དང་དེའི་སྔགས་ཀྱི་ཅི་ནུས་ཀྱི་ཞི་བར་བྱའོ། །དེ་ནས་མེ་ལྷ་དེ་ཉིད་ཐུགས་ཀར་བསྡུ་སྦྱིན་སྲེག་གི་ཡོ་བྱད་དེ་དག་སློབ་དཔོན་གྱི་ཡིན་པས་གཞན་གྱི་སྤྱད་དུ་མི་རུང་ངོ། །སློབ་དཔོན ་གྱིས་ཀྱང་ཅི་རིགས་སུ་སྤྱད་པར་བྱའོ། །དེ་ནས་དགེ་བའི་རྩ་བ་བསྔོ་བ་དང། སྨོན་ལམ་བཏབ་སྟེ་ཐབ་ཀྱི་ནང་ཆུས་བཀྲུ་བར་བྱའོ། །དེ་དག་ནི་སྦྱིན་སྲེག་གི་ཆོ་གའོ། །དེ་ནས་དཀྱིལ་འཁོར་གྱི་མཐར་རབ་གནས་གྱི་ཆོ་ག་བྱ་སྟེ། སྔ་དྲོའི་དུས་སུ་སློབ་དཔོན་མཚན་ཉིད ་ཐམས་ཅད་དང་ལྡན་པས་བླ་རེ་དང་རྒྱལ་མཚན་དང་ལྡན་པ་སྤོས་དང་མེ་ཏོག་ལ་སོགས་པའི་མཆོད་པའི་ཡོ་བྱད་ཚོགས་པར་བྱ་སྟེ། མཆོད་རྟེན་དང། ཚ་ཚ་དང། རི་མོར་བྲིས་པ་དང། ལུགས་སུ་བླུགས་པ་དང་། འབུར་དུ་བརྐོས་པ་ལ་སོགས་པ་དཀྱིལ ་འཁོར་ཆེན་པོའི་བྱིན་གྱིས་བརླབ་བའི་ཆོ་གས་ཇི་ལྟ་བ་བཞིན་དུ་བྱིན་གྱིས་བརླབས་ཏེ། མཆོད་པ་ཐམས་ཅད་ཀྱིས་མཉེས་པར་བྱས་ལ་།འཁོར་བ་ཇི་སྲིད་ཀྱི་བར་དུ་སེམས་ཅན་གྱི་དོན་གྱི་ཕྱིར་རབ་ཏུ་བཞུགས་པར་གསོལ་བ་བཏབ་སྟེ། དེ་ནས་སྦྱིན་སློག་གིས་མཉེས་པར་བྱས་ནས་བཀྲ་ཤིས ་པར་བྱིན་གྱིས་བརླབ་པ་འདི་ནི་རབ་གནས་ཀྱི་ཆོ་གའོ། །ཐམས་ཅད་སྟོང་པ་ཟབ་ཅིང་ཕྲ་བས་ན། །རྟོག་གེའི་ཡུལ་མིན་འཁྲུལ་པས་ཤེས་མི་ནུས། །དེས་ན་དེ་ལ་འཇུག་པར་བྱ་བའི་ཕྱིར། །རིམ་གཉིས་ཐབས་ཀྱི་སྔོན་འགྲོའི་ཆོ་ག་ཡིན། །དཔལ་གསང་བ་འདུས་པའི ་དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུ་བྷ་ཤི་ཏ་དང་།ཞུས་ཆེན་གྱི་ལོཙྪ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།དབང?་བཞི་པ་རབ? ་ཏུ་བྱེད་པ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་བཞུགས་སོ།། *། །རྒྱ་གར་སྐད་དུ། ཤེ་ཀ་ཙ་ཏུ་པྲ་ཀ་ར་ཎ། དབང་བཞི་པའི་རབ་ཏུ་བྱེད་པ། །དཔལ་རྡོ་རྗེ་སེམས་དཔ་ལ་ཕྱག་འཚལ་ལོ། །འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། །དངོས ་