CLOSE WINDOW

N1447: gsang ba thams cad kyi sgron ma'i rgya cher 'grel pa
Wyliee-texts based on the ACIP/ALL Input

ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་བཅོས་ཏེ་གཏན་ལ་ཕབ་པའོ།། །། *། །གསང་བ་ཐམས་ཅད་ཀྱི་སྒྲོལ་མའི་འགྲེལ་པ་བཞུགས་སོ།། །།རྒྱ་གར་སྐད་དུ། སརྦབ་གུ་ཧཡ་བྲ་ཏ་ཊཱིཀ། བོད་སྐད་དུ། གསང ་བ་ཐམས་ཅད་ཀྱི་སྒྲོན་མའི་རྒྱ་ཆེར་འགྲེལ་པ། དཔལ་རྡོ་རྗེ་རྣོན་པོ་ལ་ཕྱག་འཚལ་ལོ། །སྟོང་པ་ཤིན་ཏུ་སྟོང་པ་དང། །ཆེན་པོ་སྟོང་པ་ཐམས་ཅད་སྟོང། །ཟུང་འཇུག་རྡོ་རྗེ་སེམས་དཔའ་ལ། །བཏུད་དེ་ཕྱི་མའི་རྒྱུད་བཤད་བྱ། །དེ་བཞིན་གཤེགས ་པའི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་འདུས་པའི་རྒྱུད་ཀྱི། རྒྱུད་ཕྱི་མ་འདིས་གོང་དུ་ལེའུ་བཅུ་བདུན་པོ་རྩ་བའི་རྒྱུད་ཀྱི་དོན་ཐམས་ཅད་གསལ་པར་སྟོན་པ་དང། དོན་མ་ཚང་བ་རྣམས་ཀྱང་རྒྱས་པར་བྱེད་པ་དང། ལེའུ་སོ་སོའི་ངེས་པའི་དབྱེ ་བ་སྟོན་པ་དང། རྒྱུད་ཀྱི་རྒྱལ་པོ་འདིའི་དོན་གྱི་གཙོ་བོ་བསྙེན་སྒྲུབ་བཞི་ཡིན་པར་སྟོན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེའུ་བཅོ་བརྒྱད་པོ་འདིའི་དོན་ཀྱང་བསྟོད་པ་བསྟན་པ་དང། རྒྱུད་ཕྱི་མའི་དོན་ཞུས་པ་པོ་བསྟན་པའོ། ། ་བསྟོད་པ་བསྟན་པ་ཡང་གསུམ་སྟེ། རྩ་བའི་རྒྱུད་རྫོགས་པ་དང། རྟེན་དང་བརྟེན་པ་དབྱེར་མེད་པ་ལ་བསྟོད་པ་དང། ཐེ་ཚོམ་ཐམས་ཅད་ཚད་ནས་དེ་བཞིན་གཤེགས་པ་ལ་བསྟོད་པ་དང། རྒྱུད་ཀྱི་དོན་ཐམས་ཅད་བསྡུས་པའི་སྒོ་ནས་བསྟོད་པའོ། །དེ་ལ ་དེ་ནས་ཞེས་བྱ་བ་ལ། །རྠ་ཞེས་བྱ་བའི་སྒྲ་དོན་ནི་བཀྲ་ཤིས་པའི་ཚིག་ཡིན་ཏེ། རྩ་བའི་རྒྱུད་རྫོགས་ནས་ཕྱི་མའི་རྒྱུད་འཆད་པའི་སྐབས་སྦྱོར་བ་སྟེ་ཡི་གེའི་དོན་ཏོ། །རྠ་ཞེས་བྱ་བ་ནི་ཨ་ཀཱ་རོ་མུ་ཁ་སརྦབ་དྷརྨ་ནཱི་ཞེས་བྱ་བ་ནི། ཆོས་ཐམས་ཅད་རང ་བཞིན་མེད་པ་ཡེ་ཤེས་ཀྱི་ཚོགས་སོ། །ཐ་ནི་བསོད་ནམས་ཀྱི་ཚོགས་ཏེ། །ཚོགས་གཉིས་སྟོན་པར་བྱེད་པའི་རྒྱུད། །ཅེས་བྱ་ཏེ་སྤྱིའི་དོན་ཏོ། ། ནི་ཤེས་རབ་ཀྱི་པདྨ་ཆོས་ཀྱི་དབྱིངས་སྐྱེད་པར་བྱེད་པའོ། །ཐ་ནི་ཐབས་ཀྱི་རྡོ་རྗེ་སྟེ་སྦས་པའི་དོན་ཏོ། ། ་ནི་སྐྱེ་བ་མེད་པ་རྣམ་པར་དག་པའི་ཤེས་རབ་བོ། །ཐ་ནི་དམིགས་པ་མེད་པའི་སྙིང་རྗེ་སྟེ་མཐར་ཐུག་པར་བཤད་པའོ། །བྱམས་པ་ལ་སོགས་ཤེས་པ་ལ། བྱམས་པ་ནི་སྐྱེ་བ་གཅིག་གི་ཐོགས་པའི་བྱང་ཆུབ་སེམས་དཔའ་ ་སྟེ། དེས་མ་འོངས་པའི་འགྲོ་བའི་དོན་ཏུ་རྒྱུར་ཞུས་པ་ཡིན་ཏེ་དྲང་བའི་དོན་ཏོ། །བྱམས་པ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱིས་སེམས་ཅན་རྣམས་ལ་བྱམས་པ་ཆེན་པོའི་སྒྲོ་ནས་རྩ་བའི་རྒྱུད་གསལ་བར་བྱ་བའི་ཕྱིར་འཁོར་དུ་སྤྲུལ་ནས་ཞུས་པ་ཡིན་ཏེ ་ངེས་པའི་དོན་ཏོ། །བྱང་ཆུབ་སེམས་དཔའ་ཞེས་པ་ནི་འོག་ནས་སྟོན་ཏོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ། དེ་བཞིན་ཉིད་དུ་གཤེགས་པས་ན་དེ་བཞིན་གཤེགས་པ་སྟེ། སྤྱིའི་དོན་ཏོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་ཇི་ལྟར ་སྐྱེད་པའི་ཚེ་འོངས་པ་རྣམ་པར་འཇིག་པ་ན། དེ་བཞིན་དུ་འགྲོ་བ་ནས་དེ་བཞིན་གཤེགས་པ་སྟེ། སྦས་པའི་དོན་ཏོ། །དེ་བཞིན་གཤེགས་པ་ཞེས་པ་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་མངའ་བའི་ཕྱིར་དེ་བཞིན་གཤེགས་པ་སྟེ། མཐར ་ཐུག་པར་བཤད་པའོ། །དབང་བསྐུར་བ་ལ་སོགས་པ་ཡང་འོག་ནས་བཤད་པར་བྱའོ། །དངོས་པོ་ཐམས་ཅད་ཅེས་བྱ་བ་ནི་རང་གི་ཡེ་ཤེས་མཛའ་དག་གི་རྟོགས་པས་ཆོས་ཉིད་ཀྱི་དོན་ཇི་ལྟ་བ་དང། མནོར་བར་ཇི་བཞིན་དུ་མཉན་པའི་སྒོ་ནས་མཐོང ་མཐོང་ཞིང། བསམ་པའི་སྒོ་ནས་ཐོས་ལ། སྒོམ་པའི་སྒོ་ནས་ཁོང་དུ་ཆུད་པར་གྱུར་ཏོ་ཞེས་པའི་དོན་ཏོ། །ཆེས་ནི་ཕུང་པོ་ལ་སོགས་པའོ། །གཟིགས་པ་ཞེས་པ་ནི་ཐམས་ཅད་སྟོང་པར་རོ། །དེ་དག་ཐམས་ཅད་ཅེས ་པ་ནི་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན། བསྡུས་པ་རྡོ་རྗེ་འཆང་ཆེན་པོ་ཡིན་པས་དེ་སྐད་ཅེས་བྱའོ། །ད་ནི་བསྟོད་པ་གསུམ་ལས། དང་པོ་རྩ་བའི་རྒྱུད་རྫོགས་པར་གྱུར་པ་ལ་བསྟོད་པའི་ཕྱིར། ཨེ་མའོ་ཞེས་པ་ལ་སོགས་པ ་གསུངས་ཏེ། ཨེ་མའོ་ཞེས་པ་ནི་གསང་བ་འདུས་པའི་རྩ་བའི་རྒྱུད་བཤད་པ་ལ་ངོ་མཚར་དུ་གྱུར་པའོ། །གང་ལ་ངོ་མཚར་ན་ཀུན་ཏུ་བཟང་པོ་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་བྲལ་བའི་རྡོ་རྗེ་འཆང་ཆེན་པོ་ལ་བྱ་སྟེ། དེའི་སྐུ ་དང་གསུང་དང། ཐུགས་དང་ནི། རྣམ་པར་སྣང་མཛད་དང། སྣང་བ་མཛའ་ཡས་དང། མི་བསྐྱོད་པའོ། །དེ་གསུམ་ངེས་པའི་རྡོ་རྗེ་གསུམ་གྱིས་ཤེས་པ་ནི། དེ་གསུམ་ངེས་པའི་རྡོ་རྗེ་གསུམ་ཤེས་ཤེས་པ་ནི། དེ་གསུམ་གྱི་སྐུ་གསུང་ཐུགས་རྡོ་རྗེ ་གསུམ་ལ་ཀུན་ཏུ་བཞུགས་ཞེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མཉམ་པ་ཉིད་སྒྱུ་མ་ལྟ་བུ་ལ་དམིགས་ནས་ཅང་མི་གསུང་བར་གྱུར་པ་ལ་བྱའོ། །སེམས་ཅན་ཐམས་ཅད་དུས་གསུམ་གྱི། །རྡོ་རྗེའི་ངོ་བོ་ཡང་དག ་པར་ཞེས་པ་ནི། སེམས་ཅན་ཐམས་ཅད་ཀྱི་ལུས་དང་རྣམ་པར་སྣང་མཛད་ནི་རྟེན་དང་བརྟེན་པ་ཉིད་དུ་མེད་ཅིང་དེ་བཞིན་ཉིད་དུ་རྫོགས་པ་དང། མ་རྫོགས་པའི་ལུས་ངག་དབྱེར་མེད་པར་བསྟན་པ་དང། དེ་བཞིན་དུ་ཁམས་གསུམ་པའི་ངག་དང ་ཡིད་གང་ཡིན་པ་དེ་ནི་སྣང་བ་མཛའ་ཡས་དང་མི་བསྐྱོད་པ་གཅིག་པར་བསྟན་ཏོ། །འདི་སྐད་སྟོན་པར་འགྱུར་ཏེ། རིགས་ལྔ་དང་ལྡན་པའི་སྤྲུལ་པའི་སྐུ་དཔག་ཏུ་མེད་ཅིང་མཛའ་ཡས་པའི་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྣམས་དང། ་ཁྲོ་བོའི་རྒྱལ་པོ་ལ་སོགས་པ་ཐམས་ཅད་རྣམ་པར་སྣང་མཛད་དང་འོད་དཔག་མེད་དང། མི་བསྐྱོད་པ་ཉིད་ཐོབ་པར་གྱུར་ཏོ་ཞེས་བྱའོ། །སངས་རྒྱས་ཐམས་ཅད་རྫུ་འཕྲུལ་ཆེ་ཞེས་པ་ནི་སངས་རྒྱས་ཐམས་ཅད་རིགས་གསུམ་དུ་གྱུར་པས་སོ། །བྱང་ཆུབ་རྡོ ་རྗེའི་གནས་ཐོབ་ཅེས་པ་ནི། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱང་རིགས་གསུམ་དང་རྟེན་དང་བརྟེན་པར་དབྱེར་མེད་པའི་གནས་ཐོབ་པར་གྱུར་པའོ། །ེ་མའོ(རྒྱུད་འགྲེལ་ཐམས་ཅད་རིགས་གསུམ་དུ་འདུས་པ་དང་འོད་གསལ་གྱི་རང་བཞིན་ཅན་འདུས་ཤིང། འོད་གསལ་གྱི་རང་བཞིན་ཅན་དུ་ཅང་མི་གསུང་བར་གྱུར་པས་དབང་པོ་སྤྱོད་ཡུལ་ལས་འདས་པ་ནི་ཞི་བ་སྟེ། འདི་ལ་རབ་ཏུ་ཆེ་ཞིང་དགོངས་པའོ། །ེ་མ་འཁོར་བ་དག ་གི་རྒྱུན་ཞེས་པ་ནི་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་ལུས་དང་ངག་དང་སེམས་ཀྱི་རྒྱུན་རིགས་གསུམ་དུ་མཆོག་ཏུ་མྱ་ངན་ལས་འདས་པ་ལ་ངོ་མཚར་བའོ། །དེ་ཡང་ལེའུ་བཅུ་བདུན་པ་ལས། དེ་ནས་དེ་བཞིན་གཤེགས་པ་སྐུ་རྡོ་རྗེ་རྣམ ་པར་སྣང་མཛད་ཁམས་གསུམ་ཐམས་ཅད་ཀྱི་ལུས་ལ་གནས་ཤིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་མཉམ་པ་ཉིད་ལ་དམིགས་ནས་ཅང་མི་གསུང་བར་གྱུར་ཏོ་ཞེས་བྱ་བ་ལ་བསྟོད་པ་ཡིན་ནོ། །རྡོ་རྗེ་འཆང་ཆེན་པོ་ཞེས་བསྟོད་པ་ལ་དགྱེས་ནས ་སྣང་བ་གསུངས་བ། དེ་ནས་ཞེས་པ་ལ་སོགས་པ་སྟེ། དེ་དེ་བཞིན་ནོ་ཞེས་པ་ནི་སངས་རྒྱས་སུ་གྱུར་པའོ། །དེ་དེ་བཞིན་ཏེ་ཞེས་པ་ནི་ཁམས་གསུམ་ཐམས་ཅད་ཀྱང་རིགས་གསུམ་དུ་སྣང་བའོ། །དེ་ལྟར་བསྟོད་པ་བསྟན་ནས། དེ་ནི་རྒྱུད་ཕྱི་མའི་དོན་ཞུས ་པ་བསྟན་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་ཞེས་པ་ལ་སོགས་པ་བསྟན་ཏེ། བྱང་ཆུབ་སེམས་དཔའ་འདུས་པར་ཞེས་པ་ནི་བྱམས་པ་ལ་སོགས་པ་བརྗོད་ཀྱིས་མི་ལང་བ་རྣམས་སོ། །གསང་བའི་མཆོད་པ་ཞེས་པ་ལ་སོགས་པ་ནི་ཞུ་བའི་ཕྱིར་སྦྱོར་བ ་བསྟན་པ་སྟེ། གསང་བ་ནི་རྡོ་རྗེ་དང་པདྨའི་མཆོད་པའོ། །མཆོད་པ་ནི་འདོད་པ་ལྔ་དང། མཆོད་པ་ལྔ་དང། རིན་པོ་ཆེ་སྣ་བདུན་ལ་སོགས་པའོ། །ཕྱག་བྱས་ཏེ་ཞེས་པ་ནི་ལུས་ཀྱི་ཡན་ལག་ལྔ་གཏུགས་པ་སྟེ་དྲང་བའི་དོན་ཏོ། །རང ་གི་སེམས་ཀྱི་ཆོས་ཉིད་ཡེ་ཤེས་ཀྱི་རིག་པར་འགྱུར་བ། །དེ་ཕྱག་ཡིན་ཏེ་ངེས་པའི་དོན་ཏོ། །རྒྱུད་ཕྱི་མའི་དོན་སྤྱིར་ཞུས་པ་བསྟན་པའི་ཕྱིར། ཨེ་མའོ་ཞེས་པ་ལ་སོགས་པ་གསུངས་ཏེ། ཤིན་ཏུ་རྙེད་དཀའ་བ་ཞེས་པ་ནི། དང་པོ་འཕེལ་བར་བྱ་བའི་ཕྱིར ་རྒྱུད་རྙེད་པར་དཀའ་བ་བསྟན་པ་ཡིན་ཏེ། དེ་ཡང་སངས་རྒྱས་མར་མེ་མཛད་ཀྱིས་ཀྱང་མ་གསུངས་ལ། དེ་བཞིན་གཤེགས་པ་འོད་སྲུངས་མྱ་ངན་ལས་འདས་ནས་ཡང་མ་བྱུང་བར་བསྟན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དུས་དེ་སྲིད་ཀྱི ་བར་དུ་ནི་སེམས་ཅན་དམན་པ་ལ་ལྷག་པར་མོས་ཤིང་སྦྱིན་པ་དང། ཚུལ་ཁྲིམས་ལ་སོགས་པ་འདོད་ཆགས་དང་བྲལ་བའི་ཆོས་ཀྱིས་འདུལ་བ་ཟབ་མོ་བསྟན་པས་སྐྲག་པའི་ཡིད་དང་ལྡན་པ་ཡིན་ཏེ། དེ་བས་ན་སྐལ་པ་མེད་པས་དེའི་ཚེ ་གསང་བ་ཆེན་པོའི་དོན་བཤད་པ་མ་གསུངས་ལ། དུས་འདིར་ནི་སེམས་ཅན་འདོད་ཆགས་ལ་སྤྱོད་ཅིང་སྙིགས་མ་ལྔ་བདོ་བའི་སེམས་ཅན་རྣམས་ཀྱིས་མོས་པ་མཁྱེན་ནས་བྱོན་ཏེ། རྡོ་རྗེ་འཆང་འབའ་ཞིག་གིས་གསུངས་པ་ཡིན་པའི་ཕྱིར། ་ཤིན་ཏུ་རྙེད་དཀའ་བའི་བྱང་ཆུབ་སྒྲུབ་པའི་ཐབས་འདི་ཡིན་ཞེས་པ་ནི། གི་གཱའི་ཀླུང་གི་བྱེ་མ་སྙེད་དཔག་ཏུ་མེད་པ་སྙད་ཀྱིས་བསྐལ་པར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འབད་ཅིང་བསྩལ་ཀྱང་བྱང་ཆུབ་ཐོབ་པར་མི་འགྱུར ་བ་གང་ཡིན་པ་གསང་བ་འདུས་པ་ལ་དགའ་བའི་བྱང་ཆུབ་སེམས་དཔའ་ནང་གི་མངོན་པར་བྱང་ཆུབ་པའི་རིམ་པས་དོན་དམ་པའི་བདེན་པ་ལ་ཞུགས་ནས་རྙོག་པའི་དྲི་མ་ཐམས་ཅད་བཀྲུས་ཏེ། སྐད་ཅིག་ཐང་ཅིག་དང། མིག་བཙུམ ་པ་ཙམ་གྱིས་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་ལངས་ནས་ཐམས་ཅད་མཁྱེན་པའི་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་པས་ནའོ། །རྒྱུད་ནི་མཆོག་གི་མཚོ་གྱུར་ཞེས་པ་ནི་རྒྱུད་ཐམས་ཅད་ཀྱི་རྩ་བའི་རྒྱུད་ནི་དེ་ཁོ་ན་ཉིད་བསྡུས་པ་ཡིན་ལ། ། ་དེའི་རྒྱུད་ཕྱི་མ་ནི་གསང་བ་འདུས་པ་ཡིན་ནོ། །དེའི་ཡང་རྒྱུད་ཕྱི་མར་གྱུར་པ་ནི་ལེའུ་བཅོ་བརྒྱད་པོ་འདི་ཡིན་ནོ། །སྦས་པ་ཞེས་པ་ནི་གཏེར་སྦས་པ་དང་འདྲ་བར་འདོད་ཆགས་ཀྱི་ཆོས་ལ་སོགས་པ་རྩ་བའི་རྒྱུད་དུ་ཚིག་དོན་མི་གསལ་བར་གསུངས ་པ་དེ་ནི་རྟོགས་པར་བྱ་བའི་ཕྱིར་རྒྱུད་ཕྱི་མ་ཞུས་ཞེས་པའོ། །དེ་ལྟར་བདག་གིས་དོན་ཞུས་ནས་གཞན་གྱི་ཕྱིར་ཞུས་པ་ནི། སེམས་ཅན་རྣམས་ལ་ཞེས་པའོ། །གང་བཤད་ཅེས་པ་ནི་གོང་དུ་རྩ་བའི་རྒྱུད་དོ། །རྡོ་རྗེ་འཆང་གིས་སྣང་བ་གསུངས ་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་གསུངས་ཏེ། ལེགས་སོ་ཞེས་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཞུས་པའི་ཕྱིར་རོ། །རྒྱུད་ཕྱི་མའི་ཐེ་ཚོམ་རྣམས་ཞུ་བ་བསྟན་པའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་ཀུན། རབ་ཏུ་དག་པས ་མིག་ཅེས་པ་ལ་སོགས་པ་གསུངས་ཏེ། ཡང་དང་ཡང་དུ་ཞེས་པ་དོན་ཆེན་པོ་ནི་ཞུ་པ་མང་པོས་འཐོབ་པར་བྱེད་པའི་ཕྱིར་རོ། །རྒྱུད་འདི་ཡི་མིང་ཅི་ཡིན་ཞེ་ན་དཔལ་གསང་བ་འདུས་པ་རྣལ་འབྱོར་གྱི་རྒྱུད་ཅེས་སྟོན་ཏེ། གསང་བ་དང། འདུས་པ་དང། ་དཔལ་གྱི་དོན་འབྲེལ་བ་དང། རྒྱུད་དང། རྣལ་འབྱོར་ཞེས་ཐེ་ཚོམ་བཞི་ཞུས་ཏེ། རྒྱུད་ཀྱི་དོན་ཐམས་ཅད་མདོར་བསྡུས་ཏེ་ཞེས་ཞུས་པ་ཡིན་ནོ། །ལེའུ་དང་པོ་ལ་རིགས་ལྔར་བསྟན་དུ་ཞུས་པ་ནི། དེ་ཉིད་རྣམ་པ་དུ་རུ་བཤད་ཅེས་པའི། །སྐུ་གསུང ་ཐུགས་ཀྱི་ཚུལ་དུ་བསྟན་པའི་ཕྱིར། དེ་བཞིན་གསང་བ་རྣམ་པ་དུ་ཞེས་པའོ། །རྡོ་རྗེ་འཆང་ཆེན་པོའི་གཅིག་པུའི་དོན་ཞུས་པ་ནི། གསང་ཆེན་ཡང་ནི་གང་ལ་བགྱི་ཞེས་པའོ། །ལུས་རྣམ་པར་དབེན་པ་རྒྱས་པར་ཞུས་པ་ནི། དམ་པ་རྣམ་པ་དུ་ཞེས་པའོ ་ལེའུ་གཉིས་པ་ལས། བྱང་ཆུབ་སེམས་བསྟན་པའི་དོན་ཞུས་པ་ནི། བྱང་ཆུབ་སེམས་ཞེས་གང་ལ་གྱི་ཞེས་པའོ། །ལེའུ་དང་པོ་ལས། རིགས་པའི་སྐྱེས་བུ་ཆེན་པོའི་གཟུགས་བསྟན་པའི་དོན་ཞུས་པ་ནི། རིག ་པའི་སྐྱེས་བུ་ཞེས་པའོ། །ལེའུ་དང་པོ་ལས། ལྷ་བཅུ་གསུམ་གྱི་སྔགས་བསྟན་པའི་དོན་ལ་ཐེ་ཚོམ་བཅུ་དྲུག་ཞུས་པ་ནི། བཛྲ་དྷིཀ་ཅེས་པ་ནས། དེ་བཞིན་བིགྷཱནྟ་ཀྲིཏ་ཅེས་པའི་བར་གྱིས་བསྟན་ཏོ། །ལེའུ་དྲུག་པ་ལས་བྱང་ཆུབ་སེམས་དཔའ་ཨི ་སྤྱོད་པ་དང། དེ་བཞིན་གཤེགས་པའི་སྤྱོད་པ་བསྟན་པའི་དོན་ཞུས་པ་ནི། ཀུན་ཏུ་སྤྱོད་པ་གང་ཞིག་ལགས་ཞེས་པའོ། །ལེའུ་ལྔ་པ་བདུན་པ་ལས། སྔགས་ཀྱི་སྤྱོད་པ་བསྟན་པའི་དོན་ཞུས་པ་ནི། དེ་བཞིན་སྔགས་ཀྱི་སྤྱོད་པ་གང ་ཞེས་པ་སྟེ། རྣལ་འབྱོར་གྱི་སྤྱོད་པའོ། །ལེའུ་གསུམ་པ་ལས། བཟླས་བརྗོད་གསུངས་པའི་དོན་ཞུས་པ་ནི། བཟླས་པ་གང་ཞིག་ལགས་ཅེས་པའོ། །ལེའུ་བཅོ་ལྔ་པ་ལས། ལྷ་དབང་བསྐུར་བའི་དོན་ཞུས་པ་ནི། རྒྱས་གདབ་པ་ཞེས ་གང་ལ་བཤད་ཅེས་པའོ། །ལེའུ་བཅུ་གསུམ་པ་ལས། ཁྲོ་བོ་བཅུའི་བསམ་གཏན་གསུང་པ་ལ་ཞུས་པ་ནི། ཆོས་ཀྱི་འབྱུང་གནས་ཅེས་པའོ། །ལེའུ་བཅུ་བདུན་པོ་ཐམས་ཅད་ཀྱི་བསྡུས་པའི་སྡོམ་ཞུས་ནི། །སྡོམ་པ་ཇི་ལྟ་བུ་ཞེས་པའོ།། ་ལེའུ་དགུ་པ་ལས་གསུངས་པའི་ཉོན་མོངས་པ་དབང་དུ་བྱེད་པའི་དོན་ཞུས་པ་ནི། སེམས་ཅན་དོན་མཛད་ཇི་ལྟ་བུ་ཞེས་པའོ། །ལེའུ་བཞི་པ་དང་བཅུ་དྲུག་པ་ལས་གསུངས་པའི་དཀྱིལ་འཁོར་གྱི་དོན་ཞུས་པ་ནི། དཀྱིལ་འཁོར་ཞེས་པ་ནི་གང་ལ ་གྱི་ཞེས་པའོ། །ལེའུ་དེ་དག་ཉིད་ཀྱི་དོན་ཞུས་པ་ནི། ཕྱག་རྒྱ་དགོད་པ་ལྟ་བུ་ཞེས་པའོ། །ལེའུ་བརྒྱད་པ་ལས་གསུངས་པའི་དོན་ཞུས་པ་ནི། མེ་ཏོག་ཅེས་པ་དང། མཆོད་རྟེན་ཞེས་པའོ། །ལེའུ་བཅུ་གསུམ་པ་གསུངས་པའི་དོན་ཞུས་པ་ནི། ་ཡེ་ཤེས་དཀྱིལ་འཁོར་ཞེས་པ་དང། འདིར་ནི་གནས་ཞེས་གང་ལ་བཤད་ཅེས་པའོ། །ལེའུ་བཅུ་དྲུག་པའི་མངག་གཞུག་པ་གསུངས་པའི་དོན་ཞུས་པ་ནི། མགོན་པོ་བསྐུལ་བ་དང། གདོང་པ་དང། སྤྱན་དྲང་བ་དང། བཅིང་བའོ། །ལེའུ་བརྒྱད ་པ་དང་བཅུ་དྲུག་པའི་དོན་ཞུས་པ་ནི། དབང་བསྐུར་བ་ནི་ཇི་ལྟར་ཞེས་པའོ། །ལེའུ་བཅུ་དྲུག་པ་ལས་གསུངས་པའི་དོན་ཞུས་པ་ནི། རིག་པའི་བརྟུལ་ཞུགས་ཤེས་པའོ། །ལེའུ་བཞི་པ་དང་ལྔ་པ་དང་དྲུག་པ་དང་བརྒྱད་པ་དང། བཅུ་གཉིས ་པ་དང་བཅོ་ལྔ་པ་དང་བཅུ་དྲུག་པ་དང་བཅུ་བདུན་པ་རྣམས་ལས་གསུངས་པའི་དོན་ཞུས་པ་ནི། བདུད་རྩི་ལྔ་རྣམས་ཞེས་པ་དང། དབང་པོ་ལྔ་ཞེས་པའོ། །ལེའུ་བཅུ་གཅིག་པ་དང་བཅུ་བདུན་པའི་དོན་གསུངས་པ་ནི། དངོས་གྲུབ་ཐ་མ་མཆོག ་ཇི་ལྟ་བུ་ཞེས་པའོ། །རྒྱུད་དབུ་ཞབས་ཀྱི་དོན་ཞུས་པ་ནི། དེ་ལ་ཐབས་ནི་རྣམ་པ་དུ་ཞེས་པ་དང། དེ་བཞིན་ཐབས་འབྱུང་ཇི་ལྟ་བུ་ཞེས་པའོ། །ལེའུ་བཅུ་གསུམ་པ་དང། བཅུ་བཞི་པ་དང། བཅོ་ལྔ་པའི་དོན་ལ་བཀའ་ནི་ཇི་ལྟར་བསྒོ ་ཞེས་ཞུས་པ་དང། རྡོ་རྗེ་འཆང་ཆེན་པོ་གནང་བར་བསྟན་པའི་ཕྱིར། འོད་གསལ་ལ་བཞུགས་དེ་ཅང་མི་གསུང་བར་བསྟན་པའི་ཕྱིར། དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཅེས་པ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་འཛིན་པ་ལ ་དམིགས་ཅེས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་ནས་རྡོ་རྗེ་འཆང་འོད་གསལ་ལ་ཞུགས་པ་ལས་ཡང་དང་ཡང་དུ་བསྐུལ་བ་བསྟན་པའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་ཆེ་ཞེས་པ་ལ་སོགས་པ་སྟེ། སྙིང་རྗེའི་བདག་ཉིད་ཅེས ་པ་ནི། བྱང་ཆུབ་སེམས་དཔའ་རྣམས་སྙིང་རྗེས་གཞན་གྱིས་དབང་དུ་གྱུར་པའོ། །ཁྱད་པར་གྱི་ཆོས་བཤད་ན་མཉམ་བཞག་དགོས་པ་བསྟན་པའི་ཕྱིར། དེ་ནས་དེ་བཞིན་གཤེགས་པ་ཞེས་པ་ལ་སོགས་པ་གསུངས་ཏེ། སྐུ་གསུང་ཐུགས་ནི་རྡོ་རྗེ ་ལ་ཞེས་པ་ནི་ལེའུ་གཉིས་པ་ལས་སྟོན་ཏེ། སེམས་ལུས་ལྟ་བུ་སྐུ་རྡོ་རྗེ་ལྟ་བུ་དང། ལུས་སེམས་ལྟ་བུ་ཐུགས་རྡོ་རྗེ་ལྟ་བུ་དང། སེམས་ཚིག་ཏུ་བརྗོད་པ་ལྟ་བུ་གསུང་རྡོ་རྗེ་ལྟ་བུར་བསྐྱེད་ཅིག་ཅེས་པ་སྟེ། རྡོ་རྗེ ་གསུམ་མི་ཕྱེད་པའི་ངོ་བོ་ཉིད་ཀྱིས་བྱང་ཆུབ་བསྐྱེད་ཅིག་པའོ། །སྐུ་གསུང་ཐུགས་ནི་རྡོ་རྗེ་ལ་ཁ་ཞག་ནས་ཅེས་པ་ནི་སྐུ་གསུང་ཐུགས་ནས་ནམ་མཁའ་ལྟ་བུ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དུ་ཡང་དག་པར་སྦྱར་ཞིང་གཅིག་ཏུ་གྱིས་ལ་བྱང་ཆུབ་སེམས་དཔའ་ཨི་དབང་པོ་རྣམས་ལ་ཞུས་པ་ལ་རྒྱ་ཆེར ་མཉན་པར་གྱིས་ཤིག་པས་ཏེ། དྲང་བའི་དོན་ཏོ། །སྐུ་གསུང་ཐུགས་ནི་རྡོ་རྗེར་གྱིས་ཞེས་པ་ནི། ཡིད་ཀྱི་རང་བཞིན་གྱིས་ལུས་སྐྱེད་ཅིག་པ་སྟེ། སེམས་ལུས་ལྟ་བུ་སེམས་གསུམ་པོ་ཁམས་ཕྲ་བ་དང་ལྷན་ཅིག་ཏུ་ལོངས་སྤྱོད་རྫོགས་པའི་སྐུ་ལྟ་བུར ་ལུས་གང་བསྐྱེད་པ་དང། ལུས་སེམས་ཉིད་ལས་གཞན་ན་ཅི་ཡང་མེད་པ་དང། སེམས་ཚིག་ཏུ་བརྗོད་པ་ལྟ་བུ་སྟེ་ཚིག་ཏུ་བརྗོད་པ་གང་ཡིན་པ་དེ་དང། །དེའི་ངོ་བོར་སེམས་ཉིད་སྐྱེད་ཅིག་པའོ། །སྐུ་གསུང་ཐུགས་ནི་རྡོ་རྗེ་ལས། །གཞག་ནས་བྱང ་ཆུབ་སེམས་དཔའ་དབང་པོ་ཞེས་པ་ནི། བྱང་ཆུབ་སེམས་དཔའ་ཨི་དབང་པོ་ཁྱེད་རྣམས་སྐུ་གསུང་ཐུགས་ནམ་མཁའ་ཨི་ངོ་བོ་ཉིད་འོད་གསལ་བར་ཡང་དག་པར་སྦྱར་ཞིང་གཅིག་ཏུ་བྱས་ནས་རྡོ་རྗེ་འཆང་ཆེན་པོར་བདག་ཉིད་བསྐྱེད་པར་གྱིས་ཤིག ་པའོ། །དོན་དེ་ཉིད་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་གསུངས་ཏེ། བཀའ་སྤྱི་བོར་རབ་ཏུ་མནོས་ཏེ། ཞེས་པ་ནི་མགུ་བར་གྱུར་ནས། ལེགས་པར་གསོལ་ཏེ། གདམས་པ་བཞིན་དུ་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའོ། །བྱང་ཆུབ་སེམས ་དཔའ་རྣམས་ཀྱིས་ཞུས་པའི་དོན་བསྟན་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་ཐུགས་རྗེ་ཆེན་པོ་ལ་དམིགས་པ་ནི། སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་རྡོ་རྗེ་འཆང་གི་དོན་ལ་གནས་ནས་ཞུས་པའི་དོན། ་གསུང་གཅིག་གིས་བཀའ་སྩལ་པའོ། །འདི་སྐད་སྟོན་ཏེ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་གཞལ་ཡས་ཁང་ཆེན་པོར་འདུས་ཏེ། ཏིལ་གྱི་གང་བུ་བཞིན་གྱུར་ནས། དགོངས་པ་གཅིག་གིས་དེ་ཁོ་ན་ཉིད་ཀྱིས་དོན་གཅིག་པོ་གསུང་གཅིག་གི་སྟོན ་པ་ཡིན་ནོ། །ད་ནི་རྒྱུད་ཀྱི་མཚན་བསྟན་པའི་ཕྱིར། སྐུ་གསུང་ཐུགས་ནི་རྣམ་པ་གསུམ། །གསང་བ་ཞེས་སུ་བསྟན་པ་ཡིན། ཞེས་བྱ་བ་ལ། དམ་ཚིག་དང་སྡོམ་པ་ལ་སོགས་པ་སྟེ་རིགས་གསུམ་དུ་ཡོངས་སུ་གྱུར་པ་ནི། ཡི་གེའི་དོན་བཤད་པའོ ་གསང་བ་ནི། ཨོཾ་ཨཱ(རྒྱུད་འགྲེལ་འདུས་པ་ཞེས་བྱ་བ་བསྟན་པའི་ཕྱིར། སངས་རྒྱས་ཐམས་ཅད་ཅེས་བྱ་བ་ལ། ཚོགས་པ་འདུས་པ་ཡིན་པར་བཤད་ཅེས་བྱ་བ་ལ། སངས་རྒྱས་ཐམས་ཅད་ཚོགས་པ་ནི་གཉིས་གཅིག་ཏུ་གྱུར་པ་ནི་འདུས་པ་སྟེ། ཡི་གེའི་དོན་ཏོ། །སངས ་རྒྱས་ཐམས་ཅད་ཅེས་བྱ་བ་ནི་རྡོ་རྗེ་འཆང་ཡབ་ཡུམ་ཡིན་ལ། །དེའི་རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བ་ནི་ཚོགས་ཤིང་འདུས་པ་སྟེ་སྤྱིའི་དོན་ཏོ། །སངས་རྒྱས་ཐམས་ཅད་ཅེས་བྱ་བ་ནི་ཐབས་དང་ཤེས་རབ་ལ་བྱ་སྟེ། དེ་གཉིས་ཚོགས་ཤིང ་ཡང་དག་པར་སྦྱོར་བ་ནི་འདུས་པ་སྟེ་སྤས་པའོ། །སངས་རྒྱས་ཐམས་ཅད་ཅེས་པ་ནི་ཀུན་རྫོབ་དང་དོན་དམ་པའི་བསྟེན་པ་སྟེ། དེ་དག་གཉིས་འདུས་ཤིང་ཚོགས་པ་ནི། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་རྡོ་རྗེ་འཆང་ཆེན་པོ་ཞེས ་བྱ་བ་ནི་འདུས་པ་སྟེ་མཐར་ཐུག་པའི་དོན་ཏོ། །འདི་སྐད་སྟོན་ཏོ། །དེ་བཞིན་གཤེགས་པ་དང། པདྨ་དང། རྡོ་རྗེ་གསུམ་དུ་སྐུ་གསུང་ཐུགས་སྣང་བ་དེ་ཉིད་སངས་རྒྱས་དང། པདྨ་དང་རྡོ་རྗེ་འཆང་གཅིག་ཏུ་གྱུར་པ་ནི། ཡི་གེའི་དོན་གྱི་གསང་བ་འདུས་པའོ ་ཡི་གེ་གསུམ་ལས། རྡོ་རྗེ་འཆང་ཆེན་པོའི་སྐུར་གྱུར་ནས། རིག་མ་དང་རྡོ་རྗེ་པདྨ་འདུས་པར་གྱུར་པ་ནི། །སྤྱི་དོན་གྱི་གསང་བ་འདུས་པ་ཞེས་བྱའོ། །རྣམ་པ་གསུམ་གྱི་རླུང་གི་བཞོན་པ་དང་ལྡན་པ་དེ་ཉིད་ཐབས་དང་ཤེས་རབ ་ཀྱི་བདག་ཉིད་སྒྱུ་མ་ལྟ་བུའི་སྐུར་གྱུར་པ་ནི། སྤས་པའི་དོན་གྱི་གསང་བ་འདུས་པའོ། །བདེན་པ་རྣམ་པ་ཟུང་དུ་འཇུག་པ་གཉིས་སུ་མེད་པར་གྱུར་པ་ནི། མཐར་ཐུག་པའི་གསང་བ་འདུས་པ་ཞེས་བྱའོ། །དེས་ནི་རྒྱུད་ཀྱི་དོན་ཐམས་ཅད་སྟོན་པ ་ཡིན། རྒྱུད་ཀྱི་འབྲེལ་བ་ནི། དོན་ཐམས་ཅད་ཕུན་སུམ་ཚོགས་པ་དཔལ་གྱི་སྒྲར་བསྟན་པ་ཡིན་ནོ། །སྤྱིར་ལྔ་པ་དགུ་པ་ཉིད་དང་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེའུ་ལྔ་པ་ལས་ནི་རྣལ་འབྱོར་གྱི་སྤྱོད་པ་གསུངས་སོ།། ་བཅུ་བདུན་པ་དང་བཅུ་གསུམ་པ་ཞེས་བྱ་བ་ལ། ལེའུ་བཅུ་བདུན་པ་ལས་ནི་དམ་ཚིག་དང་སྡོམ་པ་རབ་ཏུ་སྟོན་པ་ཡིན་ནོ། །ལེའུ་བཅུ་གསུམ་པ་ལས་ནི་ནང་ལ་མཆོག་ཏུ་གཞོལ་བའི་ལས་ཀྱི་ཚོགས་གསུངས་སོ། །སངས་རྒྱས་ཞེས་པ་ནི། ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲུབ་པ་ཆེན་པོའི་སྤྱོད་པ་ནི་ལེའུ་འདི་རྣམས་ཀྱིས་བསྟན་པ་ཡིན་ནོ། །འདི་སྐད་སྟོན་ཏེ། ལྔ་པའི་རྣལ་འབྱོར་གྱི་སྤྱོད་པ་གསུམ་སྤྲོས་པ་དང། སྤྲོས་པ་མེད་པ་དང། ཤིན་ཏུ་སྤྲོས་པ་མེད ་པ་གསུམ་ལ་སྤྱོད་པ་ཉམས་འོག་ཏུ་ཆུད་ནས། ལེའུ་དགུ་པའི་ཉོན་མོངས་པ་ལྔའི་སྤྱོད་པ་རྨད་དུ་བྱུང་བརྩོམ་པར་བྱེད་ལ། དེ་སྔོན་དུ་གྱུར་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྤྱོད་པ་ཐམས་ཅད་ལ་བཅུ་བདུན་པའི་སྒོ་ནས་སྤྱོད་པར་བྱེད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཨི ་སྤྱོད་ལ་རྣལ་འབྱོར་གྱི་སྤོས་པ་གསུམ་ན་རྟོགས་ནས། དེ་བཞིན་གཤེགས་པའི་སྤྱོད་པ་རྨད་དུ་བྱུང་བ་དང་དམ་ཚིག་དང་སྡོམ་པ་སྤྱོད་པས་བདག་གི་དོན་རྫོགས་པར་བྱས་ནས། གཞན་གྱི་དོན་དུ་ནང་ལ་མཆོག་ཏུ་གཞོལ་བ་ལས་ལེའུ་བཅུ་གསུམ ་པའི་ལས་གྱི་ཚོགས་རྣམས་སྤྱོད་པར་འགྱུར་རོ་ཞེས་སྟོན་ཏོ། །བཞི་བ་དང་ནི་བཅུ་དྲུག་པ། །བརྒྱད་པ་དེ་བཞིན་བཅུ་གཉིས་པ། །ཞེས་བྱ་བ་ལ། ལེའུ་བཞི་པ་ལས་ནི་དབང་བསྐུར་བའི་དཀྱིལ་འཁོར་གསུངས་སོ། །ལེའུ་བཅུ་དྲུག་པ་ལས་ནི་བཞི་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་སྤྲོས་ཏེ་རྒྱས་པར་གསུངས་སོ། །དེ་ཡང་བཞི་པ་ནི་སློབ་མའི་དཀྱིལ་འཁོར་ཡིན་ལ། བཅུ་དྲུག་པ་ནི་དངོས་གྲུབ་ཀྱི་དཀྱིལ་འཁོར་ཡིན་ནོ། །ལེའུ་བརྒྱད་པ་ལས་ནི་དབང་བསྐུར་བ་གསུངས་སོ། །ལེའུ་བཅུ ་གཉིས་པ་ལས་ནི་ཕྱག་རྒྱ་ཆེན་པོ་ཡོངས་སུ་གྱུར་པ་གསུངས་སོ། །སློབ་དཔོན་སྤྱིའི་ལས་དང་ནི་ཞེས་པ་ནི། །སློབ་དཔོན་ཐམས་ཅད་ཀྱི་ཕྲིན་ལས་ཐམས་ཅད་ནི། དཀྱིལ་འཁོར་བྲིས་ཏེ་བུམ་པ་དང། གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཡིན། །དངོས་གྲུབ་བརྟུལ་ཞུགས་?་པ་ཡིན་ཞེས་པ་ནི་དཀྱིལ་འཁོར ་བྲིས་ཏེ་རིག་བརྟུལ་ཞུགས་སྔོན་དུ་སོང་བས། རིགས་བརྟུལ་ཞུགས་ཀྱི་ཕྱག་རྒྱའི་སྒོ་ནས་དངོས་གྲུབ་རྣམས་གཉིས་སྒྲུབ་པར་བྱེད་པའོ། འདི་སྐད་སྟོན་པར་འགྱུར་ཏེ། བདག་གི་དོན་དུ་དཀྱིལ་འཁོར་བྲིས་ཏི་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པས་དངོས་གྲུབ་བསྒྲུབ་པར་བྱ་ཞིང། གཞན་གྱི་དོན་དུ་དཀྱིལ ་འཁོར་བྲིས་ཏེ་སློབ་མ་གཞུག་པའི་ཆོ་གས་བཅུག་ལ། དབང་རྣམ་པ་བཞི་བསྐུར་བར་བྱེད་བ་ནི་སྒྲུབ་པ་ཡིན་ནོ། །ཞེས་སྟོན་པར་འགྱུར་རོ། །དྲུག་པ་དང་ནི་གཉིས་པ་དང། །བཅུ་པ་དང་ནི་བཅུ་བཞི་པ། ཞེས་བྱ་བ་ལ། ལེའུ་དྲུག་ལ་ལས ་ནི་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་གསུངས་སོ། །ལེའུ་བཞི་པ་ལས་ནི་རྫོགས་པའི་རིམ་པ་འབའ་ཞིག་སྟོན་ཏོ། །ལེའུ་བཅུ་པ་ལས་ནི་མངོན་པར་འདོད་པའི་དངོས་གྲུབ་མངོན་དུ་བྱ་བའི་ཕྱིར། །ཕྱི་དང་ནང་གི་བདག་ཉིད་ཅན་གྱི ་སྙིང་པོ་བསྐུལ?་བ་གསུངས་སོ། །ལེའུ་བཅུ་བཞི་པ་ལས་ནི་སྔགས་ལ་མཆོག་ཏུ་གནོལ་བའི་ལས་ཀྱི་ཚོགས་གསུངས་སོ། །དྲག་སྤྱོད་རྗེས་སུ་ཆགས་པ་དང། ཉེ་བར་སྒྲུབ་པའི་སྡོམ་པའོ་ཞེས་པ་ནི། ལེའུ་བཅུ་པ་དང་བཅུ་བཞི་པ། ་དྲག་པོར་སྤྱོད་པ་ཡིན་ལ། ལེའུ་དྲུག་པ་ལས་ནི་ཐབས་དང་ཤེས་རབ་ཀྱིས་རྗེས་སུ་ཆགས་གསུངས་པ་དེ་དག་ནི་རང་གི་ལྷ་ཉེ་བར་བསྒྲུབ་པའི་སྡོམ་པའོ། །འདི་སྐད་སྟོན་པར་འགྱུར་ཏེ། ལེའུ་དྲུག་པ་ནི་བསྐྱེད་པའི་རིམ་པ ་དང། ལེའུ་གཉིས་པ་རྫོགས་པའི་རིམ་པ་དང་ལྡན་པའི་རྣལ་འབྱོར་པས་མ་གྲུབ་ན་རང་གི་ལྷ་སྐུལ་བཅུ་པ་ལྟར་བྱས་ཏེ། བདག་གི་དོན་རྫོགས་ནས་གཞན་གྱི་དོན་ལ་སྔགས་ལ་མཆོག་ཏུ་གཞོལ་བའི་སྒོ་ནས། བཅུ་བཞི་པའི་སྒོ་ནས་མཛད་པར་འགྱུར་རོ ་ཞེས་སྟོན་ཏོ། །བདུན་པ་དང་ནི་གསུམ་པ་དང། བཅུ་གཅིག་པ་དང་བཅོ་ལྔ་པ་ཞེས་བྱ་བ་ལ། ལེའུ་བདུན་པ་ལས་ནི་རྣལ་འབྱོར་གྱི་སྤྱོད་པ་སྤྲོས་པ་གསུམ་གསུངས་སོ། །ལེའུ་གསུམ་པ་ལས་ནི་ཡོངས་སུ་བརྟན་པ་དང། ཡོངས་སུ་མ་དག་པའི་ལྷའི་རྣལ ་འབྱོར་གསུངས་སོ། །ལེའུ་བཅུ་གཅིག་པ་ལས་ནི་བསྐྱེད་པའི་རིམ་པའི་སྐུ་དང། རྫོགས་པའི་རིམ་པའི་ཡེ་ཤེས་ཀྱི་སྐུ་བསྐྱེད་པ་སྟོན་ཏོ། །ལེའུ་བཅོ་ལྔ་པ་ལས་ནི། ལས་ཀྱི་ཚོགས་དངོས་གྲུབ་ཐམས་ཅད་རྨི་ལམ་གྱི་ལྟས་དང། སྒྱུ་མ་ལྟ་བུའི ་ཏིང་ངེ་འཛིན་གསུངས་སོ། །དངོས་གྲུབ་བཞི་ཞེས་པ་ནི། ལེའུ་བཅོ་ལྔ་པའི་ལས་ཀྱི་ཚོགས་དང། ལེའུ་བཅུ་གཅིག་པའི་ཐུན་མོང་པའི་དངོས་གྲུབ་ཡིན་ནོ། །ལྟས་ཤེས་པ་ནི་ལེའུ་བཅོ་ལྔ་པའི་རྨི་ལམ་གྱི་ལྟས་དང། སྒྱུ་མ་ལྟ་བུའི་ལྟས་སྟོན ་ཏེ། དེ་དག་ནི་བསྙེན་པའི་སྡོམ་པ་ཡིན་ནོ། །འདི་སྐད་སྟོན་ཏེ། བདག་གི་དོན་གསུམ་པ་དང་བཅུ་གཅིག་པ་ལས་འབྱུང་བའི་རིམ་པ་གཉིས་ཀྱི་སྒོ་ནས་བསྒྲུབ་ཅིང། །བདུན་པའི་རྣལ་འབྱོར་གྱི་སྤྱོད་པས་གྲོགས་བྱ་སྟེ་རྫོགས་པར་བྱས་ལ ་གཞན་གྱི་དོན་དུ་ལེའུ་བཅོ་ལྔ་པའི་ལས་ཀྱི་ཚོགས་ཀྱིས་སྒྲུབ་པར་བྱེད་དོ། །ཞེས་སྟོན་ཏོ། །བསྡུས་པའི་དོན་ནི་བསྙེན་པའི་དངོས་གྲུབ་ཀྱི་ལྟས་བྱུང་བ་དང། ཉེ་བར་སྒྲུབ་པས་གཞན་དོན་དུ་ལྷ་བསྐུལ་བ་ལ་ཞུགས་ཏེ། བདག་གི་དོན ་རྫོགས་པར་གྱུར་པ་དེས་བསྒྲུབས་པས་གཞན་དོན་དུ་དཀྱིལ་འཁོར་དང། བདག་དོན་དུ་ཐུན་མོང་གི་དངོས་གྲུབ་སྒྲུབ་པར་བྱེད་ལ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ནི། སྒྲུབ་པ་ཆེན་པོའི་སྒོ་ནས་སྒྲུབ་པར་བྱེད་ཅེས་པ་ནི། ལེའུ་སོ་སོའི་འབྲེལ་པ ་དང། རྒྱུད་ཀྱི་གཞུང་གི་སྡུས་པའི་དོན་ཡིན་ནོ། །ལེའུ་དང་པོ་དང་ནི་བཅུ་གཅིག་པ་ཞེས་བྱ་བ་ལ། བཅུ་ཞེས་བྱ་བ་མི་མངོན་པར་བྱས་པའི་ནང་དུ་འདུས་ཏེ། བསྙེན་སྒྲུབ་བཞིའི་མདོར་བསྟན་པའི་ལེའུ་ཡིན་ཏེ། ལེའུ་དེ་ལས་ནི་རྗོད་པ་དང་རྗོད ་པར་བྱེད་པའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་སྤྲུལ་པའི་དཀྱིལ་འཁོར་དུ་ཉན་པའི་སྐལ་པ་དང་ལྡན་པ་རྣམས་ལ་རིག་པའི་དབང་བསྐུར་བ་བྱིན་ནས། དྲང་བ་དང་ངེས་པའི་དོན་གྱི་བྱེ་བྲག་གིས་བརྟག་པ་དང། རྫོགས་པའི་རིམ་པའི་སྒྲུབ་ཐབས་སོ་སོར ་སྟོན་ཅིང་འོག་ནས་འབྱུང་བའི་ལེའུ་བཅུ་དྲུག་པོ་ཀུན་གི་དོན་མདོར་བསྡུས་ཏེ་བསྟན་པ་ཡིན་པར་རིག་པར་བྱའོ། །ད་ནི་ལེའུ་དེ་དག་གི་དོན་ཇི་ལྟ་བུ་ཡིན་པ་གསལ་བར་བསྟན་པའི་ཕྱིར། དེ་བཞིན་གཤེགས་པ་ཀུན་གྱི་ལས། ཚར་གཅོད་ཕན ་འདོགས་བྱེད་པ་དག་ཅེས་པ་ནི། ཉེ་བར་སྒྲུབ་པའི་ལེའུ་བཞི་པ་ལས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེམས་ཅན་འདུལ་བ་ལ་ཞི་བ་ལ་ཕན་འདོགས་པའི་སྤྱོད་པས་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་བྱེད་པ་དང། སེམས་ཅན་གདུལ ་དཀའ་བ་རྣམས་ནི་ཚར་གཅོད་པའི་སྤྱོད་པས། འཇུག་པར་བྱེད་པས་ནི། དུལ་དང་གདུལ་དཀའ་ཞི་བ་ཡི། །སེམས་ཅན་རྣམས་ཀྱི་གཞུག་པའོ་ཞེས་བྱའོ། །བསྐྱེད་པའི་རིམ་པ་དང་འབྲེལ་བའི། །བསྙེན་པ་རྡོ་རྗེ་ཆོ་ག་བཞི་ཞེས་པ་ནི། བསྙེན ་པའི་ལེའུ་བཞི་པ་ལས་ནི། བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་རྡོ་རྗེ་ཆོ་ག་བཞི་བསྟན་པས། ཐུན་མོང་གི་དངོས་གྲུབ་སྒྲུབ་པར་བྱེད་པའི་ཕྱིར། ཐུན་མོང་དངོས་གྲུབ་འབྲེལ་པ་ཡི། །མཆོག་ཏུ་གྱུར་པའི་གཞུང་ཉིད་དོ། །ཞེས་གསུངས་སོ། །དཀྱིལ ་འཁོར་བརྟུལ་ཞུགས་འབྲེལ་པ་ཡིས། །ཞེས་པ་ན། སྒྲུབ་པའི་ལེའུ་བཞི་པ་ལས་ནི། དཀྱིལ་འཁོར་དང་དངོས་གྲུབ་བསྒྲུབ་པའི་ཚེ། རིག་པ་བརྟུལ་ཞུགས་དང་འབྲེལ་ལ། དཀྱིལ་འཁོར་དང་སློབ་དཔོན་ལས་ཀྱི་ཚེ་སློབ་མ ་ཡོངས་སུ་སྨིན་པ་དང་འབྲེལ་ཏོ། །དེ་ཡང་བླ་མ་སྔགས་ཀྱི་ལམ་གྱིས་ནི་ཞེས་སྟོན་ཏོ། །བརྟུལ་ཞུགས་བཟང་དང་ཞེས་པ་ནི། སྒྲུབ་པ་ཆེན་པོའི་ལེའུ་བཞི་སྟོན་ཏེ། །དབང་བསྐུར་བས་རང་གི་སློབ་མར་གྱུར་པ་དེས་རྣལ་འབྱོར་གྱི་སྤྱོད་པའི་བརྟུལ ་ཞུགས་བཟང་པོ་ལ་སྤྲོས་པའི་སྤྱོད་པ་དང། བདག་ཉིད་ཆེན་པོའི་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་དང། རྨད་དུ་བྱུང་བ་དང་དམ་ཚིག་དང་སྡོམ་པའི་སྤྱོད་པ་བསྟན་པའི་སྒོར་ཞུགས་པས་རང་སེམས་ཡོངས་སུ་གྲོལ་ཏེ། འོད ་གསལ་བ་ཐོབ་པར་འགྱུར་རོ་ཞེས་སྟོན་ཏོ། །དེ་ལྟར་རྒྱུད་ཀྱི་མཚན་ལ་དཔལ་གསང་བ་འདུས་པ་ཞེས་བྱ་བ་བཤད་ནས། ད་ནི་རྣལ་འབྱོར་གྱི་རྒྱུད་ཅེས་བྱ་བ་བསྟན་པའི་ཕྱིར། རྣལ་འབྱོར་ཞེས་ནི་གང་ལ་བགྱི། ཞེས་པའི་ལན་དུ། ཐབས་དང་ཤེས ་རབ་སྙོམས་འཇུག་པ་ཅེས་པ་ལ་སོགས་པས་སྟོན་ཏོ། །ཤེས་རབ་ཅེས་པ་ནི་སྣང་བ་དང་དོན་དམ་པའི་མཚན་ཉིད་ཆོས་ཐམས་ཅད་དངོས་པོ་མེད་པའི་ཤེས་རབ་ལ་བྱའོ། །ཐབས་ཞེས་བྱ་བ་ནི་སྣང་བ་མཆེད་པ་དང་ཤིན་ཏུ་སྟོན་པ་དང་ཐབས ་དང་ཀུན་རྫོབ་ཀྱི་མཚན་ཉིད་ཆོས་ཐམས་ཅད་སྒྱུ་མ་ལྟ་བུའི་དངོས་པོའི་མཚན་ཉིད་ཀྱི་ཐབས་ལ་བྱའོ། །སྙོམས་པར་འཇུག་པ་ཞེས་པ་ནི་སྣང་བ་ཐོབ་པ་དང། སྟོང་པ་ཆེན་པོ་དང། ཉེ་བར་ཐོབ་པ་གཉིས་སུ་མེད་པའི་རྣལ་འབྱོར་སྒྱུ་མ་ལྟ་བུ་སྟེ ་སྦས་པའི་དོན་ཏོ། །ཤེས་རབ་ཅེས་བྱ་བ་ནི་དོན་དམ་པའི་བདེན་པ་ཆོས་ཐམས་ཅད་དངོས་པོ་མེད་པའི་ཤེས་རབ་སྟེ། དེ་སྐད་དུ་ཡང། གང་ཞིག་དམིགས་པ་ཐམས་ཅད་ཀྱི། གནས་དང་ཚིག་ཏུ་མ་གྱུར་པ། །འཇུག་སྟེ་ཐུགས་ཀྱི་རྡོ་རྗེ་ཡིས། ་ཤེས་རབ་ཅེས་སུ་རྣམ་པར་བཤད། ཅེས་པའོ། །ཐབས་ནི་སྣང་བ་གསུམ་ཀུན་རྫོབ་ཀྱི་དངོས་པོའི་མཚན་ཉིད་ལ་བྱའོ། །དེ་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱིས། སྣང་བ་གསུམ་པོར་བསྟན་པ་ནི། །ཀུན་རྫོབ་ཅེས་སུ་གྲགས་ཞེས་བཤད་པས་སོ། །སྙོམས་པར ་འཇུག་པ་ཞེས་པ་ནི། ཀུན་རྫོབ་དོན་དམ་པའི་རྣལ་འབྱོར་པས་རྒྱུ་བ་དང་མི་རྒྱུ་བའི་ཆོས་ཐམས་ཅད་ཕྱག་རྒྱ་ཆེན་པོའི་གཟུགས་ཀྱིས་གཅིག་ཏུ་བྱས་ནས་ཟུང་དུ་འཇུག་པའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་གཟུགས་ནི་རྣལ་འབྱོར་ཞེས་བྱ་སྟེ། དོན ་གྱི་རྒྱུད་མཐར་ཐུག་པའི་རྒྱུད་ཅེས་པའི་དོན་བསྟན་པའི་ཕྱིར། རྒྱུད་ནི་རྒྱུན་ཞེས་བྱ་བར་གྲགས་ཞེས་བ་ནི། རྒྱུད་ཀྱི་ངེས་པའི་ཚིག་བསྟན་པ་ཡིན་ཏེ། ཏན་ཏྲ་ཞེས་པའི་སྒྲས་བསྙེན་སྒྲུབ་བཞིའི་དོན་ལེའུ་འཁྲུགས་པར་སྣང་ཡང་དོན་དུ་འབྲེལ ་པར་གྱུར་པ་ལ་རྒྱུད་ཅེས་བྱའོ། །ཡང་འོག་ནས་འབྱུང་བའི་རྒྱུད་ཀྱི་རང་གི་ངོ་བོ་གསུམ། །རྒྱུན་དུ་འབྲེལ་པར་གྱུར་པ་ལ། །རྒྱུད་དམ་རྒྱུན་ཞེས་པར་བཤད་དོ། །ད་ནི་རྒྱུད་ཀྱི་དབྱེ་བས་རྒྱུད་ཀྱི་རང་གི་ངོ་བོ་བཤད་པའི་ཕྱིར། རྒྱུད་དེ་རྣམ་པ་གསུམ ་འགྱུར་ཏེ། །བཞི་དང་དེ་བཞིན་རང་བཞིན་དང། །མི་འཕྲོགས་པ་ཡི་རབ་ཕྱེ་བ། །ཞེས་པ་ལ་སོགས་པ་གསུངས་ཏེ། རྒྱུའི་རྒྱུད་དང། རང་བཞིན་ཐབས་ཀྱི་རྒྱུད་དང། འབྲས་བུའི་རྒྱུད་མི་འཕྲོགས་པ་གསུམ་དུ་རབ་ཏུ་ཕྱེ་བའོ། །དེ་ཡང་རྒྱུ་དང ་འབྲས་བུ་གཉིས་སུ་དབྱེ་བ་ནི། བཞི་དང་རང་བཞིན་རྒྱུ་ཡིན་ཏེ། དེ་བཞིན་མི་འཕྲོགས་འབྲས་བུའོ། །ཞེས་བྱའོ། །བཞི་གང་ཡིན་པ་བསྟན་པའི་ཕྱིར། བཞི་ནི་ཐབས་ཞེས་བྱ་བ་སྟེ། ཞེས་པ་ནི་བསྙེན་སྒྲུབ་ཡན་ལག་བཞི་ནི་རྒྱུད་འདིའི་ཐབས ་ཀྱི་རྒྱུད་ཡིན་ཏེ། དེ་ཡང་འདི་ཉིད་ལས་ཐབས་ནི་རྣམ་པ་བཞི་པོ་དག་།བྱང་ཆུབ་རྡོ་རྗེ་ཅན་གྱིས་གསུངས། །རྣལ་འབྱོར་རྒྱུད་ནི་ཐམས་ཅད་དུ། །རྣལ་འབྱོར་པ་ཡི་བརྟག་པར་བསྔགས། །བསྙེན་པའི་ཆོ་ག་དང་པོ་སྟེ། །ཉེ་བར་སྒྲུབ་པ་གཉིས་པ་ཡིན། ། ་སྒྲུབ་པ་ཡང་ནི་གསུམ་པ་ཡིན། །སྒྲུབ་པ་ཆེན་པོ་བཞི་པ་ཡིན། ཞེས་འབྱུང་བ་ཡིན་ནོ། །དེ་བས་ན་རྒྱུའི་རྒྱུད་སྒྲུབ་པ་པོ་རིན་པོ་ཆེ་ལྟ་བུའི་གང་ཟག་གི་རང་བཞིན་དང། ཐབས་ཀྱི་རྒྱུད་བསྙེན་སྒྲུབ་ཡན་ལག་བཞི་དང། ་འབྲས་བུའི་རྒྱུད་མི་གནས་པའི་མྱ་ངན་ལས་འདས་པ་རྡོ་རྗེ་འཆང་ཟུང་འཇུག་གི་སྐུ་གང་ཡིན་པ་གཞན་གྱིས་འཕྲོག་པར་མི་ནུས་པ་དང། གསུམ་ནི་རྒྱུད་ཀྱི་རང་གི་ངོ་བོ་སྟེ། དེའི་ཕྱིར་གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ། །ཞེས་པའོ། །ད་ནི་རིགས ་དབྱེ་བ་བསྟན་པའི་ཕྱིར། རིགས་ནི་ལྔ་དང་གསུམ་དག་ཅེས་པ་ལ་སོགས་པ་གསུངས་ཏེ། རིགས་ནི་ལྔ་ཞེས་པ་མདོར་བསྟན་པ་གསལ་བར་ཕྱེ་བ་ནི། དེ་ཉིད་རྣམ་པ་ལྔ་རུ་བཤད། །ཅེས་བྱ་བ་ཡིན་ཏེ། ཁམས་བཞི་པོ་དེ་དག་ལས་ལུས ་ཀྱི་ཕུང་པོ་མངོན་པར་འགྲུབ་པར་འགྱུར་ཏེ། ཁམས་རྣམས་ཚོགས་ལས་འབྱུང་ཞིང་སྐྱེ་སྟེ། དེ་བས་ན་གང། གང་གཟུགས་ཀྱི་ཕུང་པོ་ལ་སོགས་པ་འབྱུང་བ་ལས་གྱུར་པ་ནི། དེ་བཞིན་གཤེགས་པའི་རིགས་ཅན་ཏེ། དེ་ནི་སའི་ཁམས ་བསྡུད་པས་ཉེ་བར་འགྲོའོ། །དེ་བཞིན་དུ་རིན་པོ་ཆེའི་རིགས་ཅན་རྣམས་ནི་ཆུའི་ཁམས་སོ། །པདྨའི་རིགས་ཅན་རྣམས་ཀྱི་མེའི་ཁམས་སོ། །ལས་ཀྱི་རིགས་ཅན་རྣམས་ནི་རླུང་གི་ཁམས་སོ། །རྡོ་རྗེའི་རིགས་ཅན་རྣམས་ནི་རྣམ་པར་ཤེས་པའི ་ཁམས་བསྡུས་པར་གྱུར་པ་ཡིན་ཏེ། ཚུལ་འདི་ནི་རང་གི་ལུས་ཀྱི་དཀྱིལ་འཁོར་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་དབྱེ་བས་ཕུང་པོ་རྣམས་གསང་བ་ལྔའི་རང་བཞིན་དུ་འབྱུང་བ་ཆེན་པོ་ལྔའི་དེ་ཁོ་ན་ཉིད་དུ་འགྱུར་རོ། །རྩ་བའི་རྒྱུད ་ལས་ཀྱང། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྡན་ནི་རབ་ཏུ་གྲགས། ཅེས་གསུངས་སོ། །གསུམ་དག་ཅེས་པ་མདོར་བསྟན་པ་གསལ་བར་བཤད་པ་ནི། གསང་བ་རྣམ་པ་གསུམ་དུ་བཤད་ཅེས་བྱ་བ་ཡིན་ཏེ། དེ་བཞིན་གཤེགས་པ ་ལྔ་པོ་ལས་གསུམ་དུ་བསྡུ་བར་བྱ་སྟེ། དེ་ཡང་རིན་ཆེན་འབྱུང་ལྡན་སྐུ་རྡོ་རྗེ་དང་ལྷན་ཅིག་།གཉིས་སུ་མེད་པར་གྱུར་པའོ། །དོན་ཡོད་གྲུབ་པ་ནི། གསུང་རྡོ་རྗེ་དང་གཉིས་སུ་མེད་པར་གྱུར་པའོ། །མི་བསྐྱོད་པ་ནི་དྲུག་པ་རྡོ་རྗེ་འཆང་དང་ལྷན་ཅིག ་ཏུ་གཉིས་སུ་མེད་པར་གྱུར་པའོ། །དེ་ལྟར་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ནི་རང་གི་ལུས་དང་ངག་དང་ཡིད་ཀྱིས་བསྡུས་པར་གྱུར་པའི་ཕྱིར་གསུམ་དུ་བཤད་དོ། །ཟླ་གསང་ཐིག་ལེ་ལས་ཀྱང། །ལུས་ངག་ཡིད་ཀྱིས ་སྦྱོར་བ་ཡིས། །གསུམ་དུ་ཡང་ནི་འགྱུར་བ་ཡིན་ཞེས་གསུངས་སོ། །ངོ་བོ་ཉིད་མདོར་བསྟན་པ་གསལ་བར་བཤད་པ་ནི། ལྷག་པའི་ལྷ་ནི་གསང་ཆེན་ཏེ། ཞེས་བྱ་བ་ཏེ། རྡོ་རྗེ་གསུམ་མི་ཕྱེད་པའི་མཚན་ཉིད་རྡོ་རྗེ་འཆང་ཆེན་པོར་ལྷག་པར་མོས་པར ་བྱ་བ་ནི་བྱིན་གྱིས་བརླབ་པའི་རྣལ་འབྱོར་ཏེ། རྫོགས་པའི་རིམ་པའི་སྐུར་གྱུར་བྱུང་བ་དང་པོ་དེ་ལ་དེ་སྐད་བྱ་བ་འམ། ཡང་ན་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་བསྡུས་པའི་སྐུ་ནི་རྡོ་རྗེ་འཆང་ཆེན་པོ་ཡིན་ལ། འཇིག་རྟེན་དང་འཇིག ་ལས་འདས་པའི་ལྷ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་སྣང་བའི་སྐུ། ཟུང་དུ་འཇུག་པའི་ཡེ་ཤེས་ཀྱི་སྐུ་དེ་ལ་ལྷག་པའི་ལྷ་ཞེས་བྱ། དེ་ནི་སྐུ་གསུང་ཐུགས་ཀྱི་གསང་བ་འདུས་པ་སྟེ། ཤིན་ཏུ་རྫོགས་པ་ཆེན་པོར་གྱུར་པས་དེ་ལ་དེ་སྐད ་ཅེས་བྱའོ། །བདེ་མཆོག་ལས་ཀྱང། འདི་ནི་རང་འབྱུང་བཅོམ་ལྡན་འདས། གཅིག་པུ་རབ་ཏུ་ཆེ་བའི་ལྷ། །ཞེས་གསུངས་སོ། །རིགས་བརྒྱ་ཞེས་མདོར་བསྟན་པ་གསལ་བར་བཤད་པ་ནི། དམ་པའི་རིགས་ནི་རྣམ་པ་བརྒྱ་ཞེས་བྱ་བ་ཡིན་ཏེ ་ཕུང་པོ་ལྔ་དང་འབྱུང་བཞི་ནི། དབང་པོ་ལྔ་དང། ཡུལ་ལྔ་རེ་རེ་ལས་རིགས་ལྔ་ལྔའི་དབང་དུ་བྱས་པས་རིགས་བརྒྱུར་འགྱུར་ཏེ། དེ་ཡང་གང་ཞེ་ན། རྣམ་པར་སྣང་མཛད་ཀྱི་དབང་དུ་བྱས་ཏེ། བཤད་པའི་གཟུགས་ཀྱི་ཕུང་པོ་ལ་དེ་བཞིན ་གཤེགས་པ་ལྔས་བྱིན་གྱིས་བརླབ་པའི་རིགས་ལྔ་དང། རིན་ཆེན་འབྱུང་ལྡན་གྱི་ཏིང་ངེ་འཛིན་གྱི་དབང་དུ་བྱས་ཏེ་བཤད་པའི་ཚོར་བའི་ཕུང་པོ་ལ་དེ་བཞིན་གཤེགས་པ་ལྷས་བྱིན་གྱིས་བརླབས་པའི་རིགས་ལྔ་དང། སྣང་བ ་མཛའ་ཡས་ཀྱི་ཏིང་ངེ་འཛིན་གྱི་དབང་དུ་བྱས་ཏེ་བཤད་པའི། །འདུ་ཤེས་ཀྱི་ཕུང་པོ་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པའི་རིགས་ལྔ་དང། དོན་ཡོད་གྲུབ་པའི་ཏིང་ངེ་འཛིན་གྱི་དབང་དུ་བྱས་ཏེ་བཤད་པའི་འདུ་བྱེད་ཀྱི་ཕུང ་པོ་ལ་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པའི་རིགས་ལྔ་དང། མི་བསྐྱོད་པའི་ཏིང་ངེ་འཛིན་གྱི་དབང་དུ་བྱས་ཏེ་བཤད་པའི། རྣམ་པར་ཤེས་པའི་ཕུང་པོ་ལ་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པའི་རིགས་ལྔ་སྟེ། ་སྤྱིར་ཕུང་པོ་ལྔའི་དབང་དུ་བྱས་པའི་དམ་པའི་རིགས་ནི་ཉི་ཤུ་རྩ་ལྔའོ། །སའི་ཁམས་ལ་སང་རྒྱས་སྤྱན་གྱི་ཏིང་ངེ་འཛིན་གྱི་དབང་དུ་བྱས་ཏེ་བཤད་ན། ཕྱི་དང་ནང་གི་སའི་ཁམས་ལ་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པས ་བཅུར་འགྱུར་ཡང་རིགས་ལྔར་བགྲང་བ་དང། མཱ་མ་ཀཱིའི་ཏིང་ངེ་འཛིན་གྱི་དབང་དུ་བྱས་ཏེ་བཤད་པའི། ཕྱི་ནང་གི་ཆུའི་ཁམས་ལ་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པས་བཅུར་འགྱུར་ཡང་རིགས་ལྔར་བགྲང་བ་དང། གོས ་དཀར་མོའི་ཏིང་ངེ་འཛིན་གྱི་དབང་དུ་བྱས་ཏེ་བཤད་པའི། །ཕྱི་ནང་གི་མེའི་ཁམས་ལ་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པས་ཕྱི་ནང་གི་དབང་གིས་བཅུར་འགྱུར་ཡང་ལྔར་བགྲངས་པ་དང། སྒྲོལ་མའི་ཏིང་ངེ་འཛིན་གྱི་དབང་དུ ་བྱས་ཏེ། བཤད་པའི་ཕྱི་ནང་གི་རླུང་གི་ཁམས་ལ་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པས་ཕྱི་ནང་གིས་དབང་གིས་བཅུར་འགྱུར་ཡང་རླུང་དུ་གཅིག་པས་རིགས་ལྔར་བགྲངས་ཏེ། སྤྱིར་དམ་པའི་རིགས་ཉི་ཤུའོ། །བྱང་ཆུབ ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་གྱི་དབང་དུ་བྱས་ཏེ་བཤད་པ་ལས། རིགས་ལྔ་བཅུར་འགྱུར་བ་ནི་འདི་ཡིན་ཏེ། སའི་སྙིང་པོའི་ཏིང་ངེ་འཛིན་གྱི་དབང་དུ་བྱས་པས་མིག་གི་སྐྱེ་མཆེད་ལ་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པའི་རིགས་ལྔ ་དང། ཕྱག་ན་རྡོ་རྗེའི་ཏིང་ངེ་འཛིན་གྱི་དབང་དུ་བྱས་པའི་བཤད་པ། རྣ་བའི་སྐྱེ་མཆེད་ལ་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པའི་རིགས་ལྔ་དང། ནམ་མཁའ་སྙིང་པོའི་ཏིང་ངེ་འཛིན་གྱི་དབང་དུ་བྱས་པའི་སྣའི་སྐྱེ་མཆེད་ལ་དེ་བཞིན་གཤེགས ་པ་ལྔས་བྱིན་གྱིས་བརླབས་པའི་རིགས་ལྔ་དང། འཇིག་རྟེན་དབང་ཕྱུག་གི་ཏིང་ངེ་འཛིན་གྱི་དབང་དུ་བྱས་ཏེ་བཤད་པའི་ལྕེའི་སྐྱེ་མཆེད་ལ། དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པའི་རིགས་ལྔ་དང། སྒྲིབ་པ་རྣམ་པར་སེལ་བའི་ཏིང ་ངེ་འཛིན་གྱི་དབང་དུ་བྱས་པའི་བཤད་པ། ལུས་ཀྱི་སྐྱེ་མཆེད་ལ་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པའི་རིགས་ལྔ་དང། སྤྱིར་དམ་པ་རིགས་བརྒྱ་ཉི་ཤུ་རྩ་ལྔའོ། །ཡུལ་རྣམས་ལྷ་མིའི་ཏིང་ངེ་འཛིན་གྱི་དབང་དུ་བྱས་ཏེ། བཤད་པའི ་རིགས་ལྔ་བཅུར་འགྱུར་བ་ནི་འདི་ཡིན་ཏེ། གཟུགས་རྡོ་རྗེ་མའི་ཏིང་ངེ་འཛིན་གྱི་དབང་དུ་བྱས་ཏེ་བཤད་པའི་གཟུགས་རྣམས་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པའི་དེ་བཞིན་གཤེགས་པ་རིགས་ལྔ་དང། སྒྲ་རྡོ་རྗེ་མའི་ཏིང་ངེ ་འཛིན་གྱི་དབང་དུ་བྱས་ཏེ་བཤད་པའི་སྒྲ་རྣམས་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པའི་རིགས་ལྔ་དང། །དྲི་རྡོ་རྗེ་མའི་ཏིང་ངེ་འཛིན་གྱི་དབང་དུ་བྱས་པའི་དེ་རྣམས་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པའི་རིགས ་ཟལྔ་དང། རོ་རྡོ་རྗེ་མའི་ཏིང་ངེ་འཛིན་གྱི་དབང་དུ་བྱས་ཏེ་བཤད་པའི་རོ་རྣམས་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པའི་རིགས་ལྔ་དང། རེག་རྡོ་རྗེ་མའི་ཏིང་ངེ་འཛིན་གྱི་དབང་དུ་བྱས་པའི་རེག་བྱ་ཐམས་ཅད་དེ་བཞིན་གཤེགས་པ་ ་ལྔས་བྱིན་གྱིས་བརླབས་པའི་རིགས་ལྔ་དང། སྤྱིར་དམ་པ་རིགས་བརྒྱ་ཉི་ཤུ་རྩ་ལྔའོ། །རིམ་པ་ལྔ་པོ་ཉིད་ལ་འཇུག་པའི་ཡེ་ཤེས་ལྔ་དང། སྤྱིར་དམ་པའི་རིགས་ནི་བརྒྱ་ཡིན་ཏེ། ཟླ་གསང་ཐིག་ལེ་ལས་རིགས་ནི་རྣམ ་པ་བརྒྱར་བཤད་པ། མདོ་རུ་བསྡུ་ན་རྣམ་པ་ལྔ། ཞེས་འབྱུང་བ་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པའི་དབང་པོ་ལ་གསུམ་སྟེ། དབང་པོ་ཐམས་ཅད་ཀྱི་བདག་པོ་སྟེ། ཕྱིའི་ཡུལ་ནི་མེད་ཀྱི། །སོ་སོ་རང་རིག་པས་ཆོས་ཀྱི་དབྱིངས་ཡུལ་དུ་བྱས ་ནས། རྡོ་རྗེ་འཆང་ཆེན་པོའི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱ་སྟེ། རིགས་བརྒྱ་པོ་ཀུན་ལ་ཁྱབ་པར་བྱེད་པ་ཞེས་བཤད་དོ། །བྱང་ཆུབ་རྡོ་རྗེ་བཅས་ཞེས་གསུངས་པ་ཞེས་པ་ནི། རྡོ་རྗེ་འཆང་ཆེན་པོ་ནི་འདིར་མིང་གཞན་བྱང་ཆུབ་སེམས ་རྡོ་རྗེ་ཞེས་བྱ་སྟེ། དེ་དང་བཅས་པ་ནི་རིགས་ལྔ་ནས་བརྒྱའི་བར་དུ་སྣང་བ་སྟེ། དེ་དག་ཐམས་ཅད་ཀྱང་རྩ་བའི་རྒྱུད་ཆེན་པོ་ལས་མ་གསུངས་ཤིང། ཕྱི་མའི་རྒྱུད་འདིར་བཤད་ཅིང་བསྟན་པའི་ཕྱིར་རྒྱུད་ཕྱི་མ་ཞེས་བྱའོ། །དེ་ལྟར་རྒྱུད་ཀྱི་མཚན ་བསྟན་ནས། ད་ནི་རྒྱུད་ཀྱི་དོན་སྟོན་པའི་མཚན་བསྟན་པའི་ཕྱིར། བྱང་ཆུབ་སེམས་རིག་པའི་སྐྱེས་བུ་རྡོ་རྗེ་འཆང་ཞེས་བྱ་བ་ནི། ཐོག་མ་ཐ་མ་མེད་ཞི་བ། །དངོས་དང་དངོས་མེད་མི་བཟད་གཙོ། །ཞེས་བྱ་བ་ནི། བྱང་ཆུབ་ཅེས་པ་ལ་ཐོག ་མ་ནས་སྣང་བ་སྟེ། ཟླ་བའི་དཀྱིལ་འཁོར་ལྟ་བུའོ། །མེད་ཅེས་པ་ནི་ད་ལྟ་བུའི་ཀུན་རྫོབ་ཀྱི་བདེན་པ་སྣང་བ་གསུམ་སྟོང་པར་ཐིམ་ཞིང། ཞི་བ་ལ་དེ་སྐད་ཅེས་བྱའོ། །དངོས་དང་ཅེས་པ་ནི་ཀུན་རྫོབ་ཀྱི་བདེན་པ་སྣང་བ་གསུམ་? ་དངོས?་མེད་ཅེས་ལ་ནི་ཐམས་ཅད་སྟོང་པ་དོན་དམ་པའི་བདེན་པའི་དང?་དུ་སྣང་བ་གསུམ་གྱི་དངོས་པོ་མེད་ཅིང་དམིགས་པ་ལ་བྱང་ཆུབ་ཅེས་བྱ་སྟེ། མངོན་པར་བྱང་ཆུབ་པའི་རྒྱུད་ལས་ཀྱང། བྱང་ཆུབ་ནམ་མཁའ་ཨི་མཚན་ཉིད་དོ། ཀུན? ་རྟོག་པ་ཐམས་ཅད་སྤངས། །གང་ཞིག་དེར་རྟོགས་འདོད་པ་སྟེ། །བྱང་ཆུབ་སེམས་དཔའ་ཞེས་བྱའོ། །གསང་བའི་བདག་པོ་དེ་ལ་བྱང་ཆུབ་གང་ཞེ་ན། །རང་རང་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་སྟེ། །དེ་ཡང་བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་བོ་ཞེས་འབྱུང་ངོ། །མི་བཟད་གཙོ་ཞེས་པ་ནི། །ཟུང་འཇུག་གི་སྐུ་ལ་མི་བཟད་པ་འམ་གཙོ་བོ་ཞེས་བྱ་སྟེ། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང། །གཙོ་བོ་བདེ་བ་ཀུན་རང་བཞིན། སེམས་དཔའ་ཆེན་པོ་འགྲོ་དང་འདུག། ་གནས་དང་ཟས་དང་གོས་ལ་སོགས། །མཁའ་ལས་སྐད་ཅིག་དག་གིས་རྙེད། །ཡེ་ཤེས་རང་བཞིན་མིའི་སེང་གེ་དག་།མི་བཟད་ལུས་ཐོབ་མ་ལུས་འགྲོ་བའི་རྒྱུ། །ཞེས་གསུངས་སོ། །སྟོང་ཉིད་སྙིང་རྗེ་མི་ཕྱེ་བ། །བྱང་ཆུབ་སེམས་ཞེས་བྱ ་བ་ཡིན། །ཞེས་ནི། གཙོ་བོ་ཟུང་འཇུག་དེ་ཉིད་འོད་གསལ་བ་དང། །སྙིང་རྗེ་ཆེན་པོ་ལ་ཁྱབ་པ་ཐ་མི་དད་ཅིང་དབྱེར་མེད་པ་ལ་དེ་སྐད་ཅེས་བྱ་སྟེ། །དེ་སྐད་དུ་ཡང། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། ཤེས་རབ་སྙིང་རྗེས་གཅིག་པར་ནི། ་ཤེས་ནས་ཟུང་དུ་འཇུག་གྱུར་པ། ཟུང་འཇུག་ཅེས་བྱར་བཤད་པ་ཡིན། །རིམ་འདི་སངས་རྒྱས་སྤྱོད་ཡུལ་ལོ་ཞེས་གསུངས་སོ། །ད་ནི་རིག་པའི་སྐྱེས་བུ་ཞེས་བྱ་བའི་དོན་བཤད་པའི་ཕྱིར། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། མི་ཕྱེད་པ་དང་ཞེས ་པ་ནི། སྐུ་གསུང་ཞུགས་ནི་སྣང་བ་རྣམ་པ་གསུམ་ཀྱི།། །བདག་ཉིད་ལ་སྐྱེས་བུ་ཞེས་བྱ་བ་ཡིན་ལ། རྡོ་རྗེ་ཡིས་ཤེས་པ་ནི། །རིག་པ་སྟེ་དོན་དམ་པའི་བདེན་པའོ། །མི་ཕྱེད་པ་ཞེས་པ་ནི། དེ་དག་ལས་སྐྱེས་བུ་རྣམ་པ ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ལ་སོགས་པ་དང་བཅས་པའི་རིག་པའི་སྐྱེས་བུས་ཏེ་ངེས་པའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །མི་ཕྱེད་ཕྱེད་པའི་དངོས་པོ་ཉིད། །ཅེས་པ་ལ། སྐུ་གསུང་ཐུགས་ནི་ཡི་གེ་གསུམ་མོ། །རྡོ་རྗེ་ཡེ་ཤེས་པ་ནི་ཟླ ་བ་དང་ཉི་མ་དང་པདྨ་དང། ཡི་གེ་ལས་ཐ་མར་རྡོ་རྗེར་གྱུར་པ་སྟེ། དེ་དག་སོ་སོར་ཕྱེ་བའི་དངོས་པོ་ལས་སྐྱེས་བུའི་གཟུགས་བསྐྱེད་པ་སྟེ། ཡི་གེ་གསུམ་གྱི་རིག་པ་ལས་སྐྱེས་བུ་བསྐྱེད་ཅེས་བྱ་བའི ་དོན་ཏོ། །འདི་སྐད་སྟོན་ཏེ། དྲང་དོན་དུ་སྒྲུབ་ཐབས་བཞིན་དུ་རྣལ་འབྱོར་བཞིའི་རིམ་གྱི་སྔགས་ཐམས་ཅད་ཀྱི་གཟུགས་ཀྱི་སྐུ་རྡོ་རྗེ་འཆང་དུ་བསྐྱེད་པ་དང། ངེས་པའི་དོན་དུ་བདེན་པ་གཉིས་སུ་ལས་ཟུང་འཇུག་གི་སྐུར་བཞེངས་པར་སྟོན་པ་ཡིན།། ་རྒྱུད་ཀྱི་སྟོན་པའི་མཚན་བྱང་ཆུབ་ཀྱི་སེམས་རིག་པའི་སྐྱེས་བུ་རྡོ་རྗེ་འཆང་ཞེས་བྱ་ལ། ད་ནི་རྡོ་རྗེ་འཆང་ཞེས་བྱ་བའི་དོན་བསྟན་པའི་ཕྱིར་རྒྱུ་ལྔ་དང་ནི་འབྲས་བུ་ལྔ། །རྡོ་རྗེ་ཞེས་ནི་བཤད་པ་ཡིན། ཞེས་བྱ་བ་ལ། རྒྱུ་ལྔ་ནི་རྣམ་པར་ཤེས་པ་ལྔ། འབྲས ་བུ་ལྔ་ནི་ཡེ་ཤེས་ལྔ་སྟེ། དེ་ཉིད་ཀྱི་མངོན་པར་བྱང་ཆུབ་པ་ལྔ་ཡང་དག་པར་སྟོན་པའི་རྡོ་རྗེ་འཛིན་པར་མཛད་པས་ན་རྡོ་རྗེ་འཆང་སྟེ། དྲང་བའི་དོན་ཏོ། རྒྱུ་ལྔ་ནི། ཀུན་རྫོབ་ཀྱི་བདེན་པའོ། །འབྲས་བུ་ལྔ་ནི་དོན་དམ་པའི་བདེན་པའོ། །རྣམ་ཤེས་ཡིད ་ཀྱི་སྣང་བ་གསུམ་ཡིན་ལ། རྡོ་རྗེ་ཞེས་པ་ནི་དོན་དམ་པའི་བདེན་པའི་འབྲས་བུ་བསྟན་པའོ། །འཆང་བ་འཛིན་ཞེས་གྲགས་པ་སྟེ། ཞེས་པ་ནི། བདེན་པ་གཉིས་ཀྱི་བདག་ཉིད་ཅན་གྱི་རྡོ་རྗེའི་ཡེ་ཤེས་འཛིན་པར་མཛད་པས་རྡོ་རྗེ ་འཆང་སྟེ། ངེས་པའི་དོན་ཏོ། །སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང། བདག་བྱིན་བརླབ་པའི་ཏིང་ངེ་འཛིན། །དེ་དག་འོད་གསལ་བའི་གནས། །རྒྱུ་དང་འབྲས་བུའི་ཁྱད་པར་གྱིས། །བདེན་པ་གཉིས་སུ་བསྟན་པ་ཡིན། །ཞེས་གསུངས་སོ ་ཡང་ན་ཕྱོགས་གཞན་བསྟན་པའི་ཕྱིར། རྒྱུ་རྣམས་ལྔ་ནི་འབྲས་བུ་ལྔ། །རྡོ་རྗེ་ཞེས་སུ་བསྟན་པ་ཡིན། །ཞེས་བྱ་བ་ནི། །ཕྱི་དང་ནང་གིས་བདག་ཉིད་ཅན་གྱི་རྒྱུ་དང་འབྲས་བུ་སྣང་པའི་ཡུལ་དང་དབང་པོ་ལྔ་པོ་འདི་རྣམས་ནི་རང་བཞིན་གྱིས་འོད ་གསལ་བའི་ཕྱིར། །དངོས་པོ་མེད་པ་སྟེ། དེ་བས་ན་ཆོས་རྣམས་ཀྱང་མེད་ཅིང་དེ་རྣམས་ཀྱི་ཆོས་ཉིད་ཀྱང་ཡོད་པ་མ་ཡིན་ཏེ། ཆོས་རྣམས་མེད་པའི་ཕྱིར་རོ། །དེ་བས་ན་འདི་ལྟར་ནམ་མཁའ་ལྟ་བུ་བདག་ཉིད་ཅན་རྣམ་པར་ཤེས་པའི་ཡིད་འོང་འོད་གསལ ་འདི་ནི་རྡོ་རྗེ་ཞེས་བྱ་བ་ཡིན་ཏེ། དེ་འཛིན་པས་ན་འཆང་ཞེས་བྱའོ། །རྣམ་པར་སྣང་མཛད་ཀྱི་བྱང་ཆུབ་ཀྱི་སེམས་བསྟན་པའི་ཕྱིར། ཡོད་དང་མེད་དང་དབུས་ལས་འདས། འབྱུང་དང་འབྱུང་ལས་གྱུར་ལས་བྱུང།། སེམས་ཅན་ཀུན་གྱིས་ལུས ་ཡིན་ཏེ། །སྐྱེ་ལས་ཞེས་པ་ནི་སྣོད་དུ་གྱུར་པའི་དངོས་པོ་ཐམས་ཅད་དང་བྲལ་བ་དང། འབྱུང་དང་འབྱུང་ལས་གྱུར་ལས་བྱུང། །སེམས་ཅན་ཀུན་གྱི་ལུས་ཡིན་ཏེ། ཞེས་པ་ནི། ཡང་ཕུང་པོ་དེ། ཁམས་དང་སྐྱེ་མཆེད་ཀྱི་བདག་ཉིད་ཅན་གྱི ་གཟུང་བ་དང། རྣམ་པར་འཛིན་པ་རྣམ་པར་སྤངས་པའོ། །ཡོད་དང་མེད་དང་དབུས་ལས་འདས་ཞེས་པ་ནི། རང་བཞིན་གྱི་འོད་གསལ་བའི་ཆོས་བདག་མེད་པ་མཉམ་པ་ཉིད་གཉིས་སུ་མེད་པ་དེ་ནི་ཡོད་པ་སྟེ། རྟག་པ་མ་ཡིན་ཞིང་མེད་པ་ཏེ ་ཆད་པ་མ་ཡིན་ཞིང་དེ་ཉིད་ཀྱི་དབུས་ལས་འདས་པའི་ཆོས་མཉམ་པ་ཉིད་ཡིན་ནོ། །སྐྱེ་ལས་རྒྱལ་བ་ཞེས་པ་ནི། རང་གི་སེམས་ཡེ་ནས་མ་སྐྱེས་བ་རྡོ་རྗེ་གསུམ་མི་ཕྱེད་པའི་ལུས་སྟོང་པ་ཉིད་ཀྱི་ངོ་བོ་མིག་གི་སྤྱོད་ཡུལ་ཙམ་ཡིན་པའི་ཕྱིར་རོ།། ་ཛིན་ཛིཀ་ཅེས་པ་ནི། རྒྱལ་བའི་ངང་ཚུལ་ཅན་ཡིན་པས་ན་རྒྱལ་བ་སྟེ། རྩིབས་བཅུ་གཉིས་པའི་ཆོས་ཀྱི་འཁོར་ལོས་བདུད་རྣམས་ལས་རྒྱལ་བས་ན་རྒྱལ་བ་སྟེ་དྲང་བའི་དོན་ཏོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བདུད་བཞི་ཟིལ་གྱིས ་གནོན་པས་ན་རྒྱལ་བ་སྟེ། །ངེས་པའི་དོན་ཏོ། །རིན་ཆེན་འབྱུང་ལྡན་གྱི་བྱང་ཆུབ་ཀྱི་སེམས་བསྟན་པའི་ཕྱིར། ཚོར་བ་ཡིས་ནི་ངེས་པར་བས་ཞེས་པ་ལ། ཚོར་བ་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་རྣམས་སོ། །ངེས་པར་ཚོར་བ་དངོས ་པོ་མེད་ཅིང་མཚན་མ་མེད་པའི་ཕྱིར། ཆོས་ཀྱི་མཚན་ཉིད་མ་གྲུབ་པས་ངེས་པར་ཚོར་བ་ཞེས་བྱའོ། །འོ་ན་ལྷའི་སྐུ་ཇི་ལྟར་བསྐྱེད་ཅེ་ན། དོན་ཐམས་ཅད་འབྱུང་བས་ན། སེམས་ནི་རིན་པོ་ཆེ་ཞེས ་བྱ། ཞེས་བྱ་བ་ནི། བདག་མེད་པའི་ཆོས་དོན་དམ་པའི་བདེན་པ་དེ་ལས་རང་ལ་བྱིན་གྱིས་བརླབས་པའི་རིམ་གྱིས་ཀུན་ཏུ་འབྱུང་བ་སྟེ། སྔོན་གྱི་འཕེན་པའི་ཤུགས་ཀྱིས་ནོར་བུ་རིན་པོ་ཆེ་ལྟར་འབྱུང་ངོ། །རཏན་དྷྲིཀ་ཅེས་པ་ནི་བསམ ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་རིན་པོ་ཆེ་འཛིན་པར་མཛད་པས་ན། རིན་ཆེན་འཆང་སྟེ། དྲང་བའི་དོན་ཏོ། །ཡང་དག་པའི་མཛའ་རིན་པོ་ཆེ་འཛིན་པར་མཛད་པས་ན་རིན་ཆེན་འཆང་སྟེ། ངེས་པའི་དོན་ཏོ། །འོད་དཔག་ཏུ་མེད ་པའི་བྱང་ཆུབ་ཀྱི་སེམས་བསྟན་པའི་ཕྱིར། མཚན་གཞི་མཚན་ཉིད་དངོས་པོ་ཡིས་ཤེས་པ་ལ། མཚན་གཞི་ནི་འདུས་བྱས་དང་འདུས་མ་བྱས་རྣམས་སོ། །མཚན་ཉིད་ཅེས་པ་ནི་ཆོས་རྣམས་ཀྱི་ཆོས་ཉིད་མ་གྲུབ་ན་དེ་རྣམས་ཀྱི་མཚན ་ཉིད་གང་ལ་ཡོད་དེ། མོ་གཤམ་བུའི་ཁ་དོག་ལྗང་བ་དང་དཀར་བ་ལ་སོགས་པ་དང་འདྲའོ། །ཀུན་ལ་ཞེས་པ་ནི་བསྒོམ་པར་བྱ་བ་མེད་པའོ། །ཀུན་གྱིས་ཞེས་པ་ནི་བསྒོམ་པ་མེད་པའོ། །ཐམས་ཅད་དུ་ཞེས་པ་ནི་སྒོམ་པ་དང་སྒོམ་པའི་རང ་བཞིན་མེད་པའི་ཕྱིར་རོ། །འོ་ན་ལྷའི་རྣལ་འབྱོར་དུ་ཇི་ལྟར་འགྱུར་ཞེ་ན། དགའ་བའི་མཚན་ཉིད་མཚན་གཞི་ཞེས་བྱ་བ་ནི། དགའ་བའི་མཚན་ཉིད་དུ་འདུ་ཤེས་ཀྱི་དགའ་བས་ཏེ་ཀུན་རྫོབ་ཀྱི་བདེན་པའོ། །མཚན་གཞི་ནི་དོན་དམ་པར་འདུས་བྱས་དང ་འདུས་མ་བྱས་ཀྱི་ཆོས་རྣམས་རང་བཞིན་མེད་པའོ། །དེ་གཉིས་གཅིག་ཏུ་སྦྱོར་བ་ལས་ལྷའི་སྐུ་འབྱུང་ངོ། ། རོ་ལིཀ་ཅེས་པ་ནི། ཨ་ནི་མ་ལུས་པའོ། །རོ་ནི་འཁོར་བའོ། །ལིཀ་ནི་དེ་ལས་འདས་པས་ན། ཨ་རོ་ལོ་ཀ་སྟེ་དྲང་བའི་དོན ་ཏོ། ། ནི་མ་ལུས་པའོ། །རོ་ནི་ཡེ་ཤེས་གསུམ་མོ། །དེ་བས་ན་དོན་དམ་པའི་བདེན་པར་བགྲོད་པར་འགྱུར་བ་སྟེ། ངེས་པའི་དོན་ཏོ། །དོན་ཡོད་གྲུབ་པའི་བྱང་ཆུབ་ཀྱི་སེམས་བསྟན་པའི་ཕྱིར། རྣམ་ཤེས་ཅེས་པ་ནི་ཀུན་རྫོབ་ཀྱི་བདེན་པའོ།། ་རབ་མཐར་འབྱིན་བྱེད་ཅེས་པ་ནི། དོན་དམ་པའི་བདེན་པ་སྟེ། ཕྱི་ནང་གི་དངོས་པོ་རྣམས་ནི་བདེན་པ་གཉིས་ཀྱི་ངོ་བོ་ཉིད་གཅིག་ཏུ་འདུ་ཤེས་པ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདུ་བྱེད་སེམས་དཔའ་འཛིན་པ་ན་ཞེས་པ་ནི། མངོན་པར ་རྟོགས་པའི་རྒྱུད་དང། འབྲས་བུའི་ངོ་བོ་ཉིད་བྱང་ཆུབ་གཉིས་རྒྱུ་དང་འབྲས་བུ་དབྱེར་མི་ཕྱེད་པར་ཡིད་འདུ་བྱེད་སེམས་དཔའ་རྟོགས་པར་བྱེད་ཅིང་འཛིན་པར་བྱེད་དེ། རྒྱུ་དང་འབྲས་བུ་མི་ཕྱེད་པར་ཡོངས་སུ་ཤེས་པ་ཉིད་ནི་ཤེས་རབ་འཛིན་ཞེས ་བྱའོ། །པྲཛྙཱ་དྷྲིཀ་ཆོས་རབ་ཏུ་འཛིན་པར་བྱེད་པའི་མཚན་ཉིད་དེ་འཛིན་པར་བྱེད་པས་ན་ཤེས་རབ་འཛིན་ཏེ། དྲང་བའི་དོན་ཏོ། །ཤེས་རབ་ནི་ཟླ་བ་སྣང་བ་སྟེ། དེ་ཁམས་ཕྲ་བ་འཛིན་པར་མཛད་པས་ན་ཤེས་རབ་འཛིན་པ་སྟེ། ངེས་པའི་དོན་ཏོ།། ་ད་ནི་ཞེ་སྡང་གི་རིགས་པ་སོགས་པའི་དོན་བསྟན་པ་ལ། དང་པོ་རིགས་ཐམས་ཅད་ཀྱི་གཞི་བསྟན་པའི་ཕྱིར། རིགས་ནི་རྒྱུད་ཅེས་བྱ་བར་བཤད། རྒྱུད་ནི་ཐོག་མ་ཞེས་བརྗོད་དོ་ཞེས་པ་ལ། རིགས་ནི་ནང་གི་སེམས་ཀྱི་རྒྱུད་ཅེས་བྱ་བ་ཡིན ་ཏེ། རང་གི་སེམས་ཀྱི་རང་བཞིན་དེ་ནི་ཐོག་མ་མེད་པའི་དུས་ནས་ཡང་དག་པའི་ཀུན་རྫོབ་ཏུ་ཡེ་ཤེས་སྒྱུ་མ་སྣང་བ་དེ་ལ་ཐོག་མ་མེད་པ་ཞེས་བྱ་བ་དང། རིགས་དང་རྒྱུན་དང་རྒྱུད་ཅེས་བྱའོ། །དེ་ཉིད་སེམས་རྣམ་པར་དག་པ་ཡང་དག་པར་རྟོགས ་པའི་དུས་ན། ཡང་དག་པའི་རིགས་ཞེས་བྱ་བ་ཡིན་ནོ། །མི་འཇིག་སྐྱེ་བ་མེད་གང་ཡིན་ཞེས་པ་ལ། དོན་དམ་པ་སེམས་ཀྱི་རྒྱུན་དེ་སྐྱེ་བ་མེད་པ་གང་ཡིན་པ་དེ། ཀུན་རྫོབ་ཏུ་ནི་སེམས་ཀྱི་རྒྱུད་དེ་སྒྱུ་མ་ལྟ་བུར་སྣང་བས་མི་འཇིག་པ་ཞེས་བྱའོ། ། ་དེ་བས་ན་མི་འཇིག་སྐྱེ་བ་མེད་པའི་སེམས་དེ་ནི་གཙོ་བོ་འམ་མགོན་པོ་འམ་བརྟེན་ནམ་རྒྱུ་འམ་ཐོག་མ་ཞེས་བྱའོ། །འདི་སྐད་སྟོན་ཏེ། རང་གི་སེམས་ཀྱི་རྒྱུན་སྒྱུ་མ་ལྟ་བུར་སྣང་བ་དེ། །དོན་དམ་པ་སྐྱེ་འཇིག་མེད ་བར་རྟོགས་པ་དེ་ལས་ཡེ་ཤེས་ལྔའི་ཚུལ་དུ་རིགས་ཐམས་ཅད་འབྱུང་བར་འགྱུར་རོ། །ཞེས་སྟོན་ཏོ། །ད་ནི་ཞེ་སྡང་གི་རིགས་ཞེས་བྱ་བ་བསྟན་པའི་ཕྱིར། །རྒྱུ་འབྲས་གཉིས་ལ་ཤེས་པ་ནི་རྒྱུ་རྣམ་པར་ཤེས་པ་ལས་འབྲས་བུ་ཞེ་སྡང ་སྐྱེ་སྟེ། དེ་གཉིས་ཀྱི་ཆོས་ཀྱི་དབྱིངས་ཡེ་ཤེས་ཀྱི་སྐྱེ་བ་མེད་པར་སྣང་བས་ན་རྣམ་པར་ཤེས་པ་ཉིད་དག་པ་ཞེ་སྡང་ཞེས་བྱའོ། །འདི་སྐད་སྟོན་ཏེ། ཐུགས་རྗེ་ཆེན་པོའི་ཐབས་ཀྱི་ཁྲོ་བོ་ནི་ཞེ་སྡང་ཡིན་ལ། དེའི་རིགས་ནི་ཞེ་སྡང་གི་རིགས ་གཏི་མུག་བསྟན་པའི་ཕྱིར། བེམས་པོ་བཟངས་པའི་རང་བཞིན་ཅན་ཞེས་པ་ནི། རང་གི་སེམས་ཀྱི་རྒྱུན་སྟོང་པ་ཉིད་ལས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་གཟུགས་ཀྱི་སྐུར་སྣང་བ་ནི། གཟུང་འཛིན་གྱི་རྟོག་པ་བེམས་པོ་དང་བྲལ་བསང ་དེའི་རང་བཞིན་དེ་ལ་གཏི་མུག་ཅེས་བྱ་སྟེ། ཞི་བ་ངང་ཚུལ་དེ་ལ་གཟུགས་དང་གཏི་མུག་ཅེས་བྱའོ། །འདི་སྐད་སྟོན་ཏེ། སེམས་རྨོངས་པ་རྣམས་སྤྱད་པའི་ཕྱིར་ཞི་བའི་ངང་ཚུལ་ཅན་གང་ཡིན་པས་ན་གཏི་མུག་སྟེ་དེའི་རིགས་སོ། །ང་རྒྱལ་བསྟན་པའི་ཕྱིར། བདག་ཏུ་སློབ་པའི་ངོ་བོ་ཡིས། ཚོར་བ་གྲགས་པ་ཡིན་པར་བཤད ་ཅེས་པ་ལ་རང་གིས་?་གྱི་རྒྱུན་སྐྱེ་འཇིག་མེད་པ་དེ་ཉིད་བདག་དང་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་སློབ་མའི་ངོ་བོ་ཆེན་པོས་ངེས་པར་དྲེགས་པའོ། །འདི་སྐད་སྟོན་ཏེ། བསམ་པ་ཐམས་ཅད་རྫོགས་པར་བྱེད་པས་ན། ཡང་དག་པའི ་ཚོར་བ་ནི་ཡིད་བཞིན་གྱི་ནོར་བུ་སྟེ་དེའི་རིགས་ཞེས་བྱའོ། །འདོད་ཆགས་རྣམ་པར་དག་པ་བསྟན་པའི་ཕྱིར། དངོས་ལ་ཆགས་པའི་མཚན་ཉིད་ཅན། །འདུ་ཤེས་ཡང་དག་ཆགས་བདག་ཉིད། ཅེས་བྱ་བ་ལ། རང་གི་སེམས་ཀྱི་རྒྱུན་གཉིས་སུ ་མེད་པ་དེ་ཉིད་སོ་སོར་རྟོག་པའི་ཡེ་ཤེས་སུ་སྣང་བས་དངོས་པོ་ཐམས་ཅད་ཐུགས་རྗེས་ཆགས་པ་དང། ཡང་དག་པའི་ཡེ་ཤེས་ཀྱིས་འདུ་ཤེས་ཀྱིས་ཡང་དག་པའི་མཛའ་ལ་ཆགས་པའི་བདག་ཉིད་དེ་སྐད་ཅེས་བྱའོ། །འདི་སྐད་སྟོན་ཏེ། སོ་སོར་རྟོག་པའི ་ཡེ་ཤེས་ལ་ཀུན་ཏུ་ཆགས་པ་ནི་འདོད་ཆགས་ཏེ། དེ་ནི་རིགས་སོ་ཞེས་པའོ། །ཕྲ་དོག་བསྟན་པའི་ཕྱིར། རྐྱེན་གྱིས་དྲང་བའི་བདག་ཉིད་ཅན། །འདུ་ཤེས་རྟག་ཏུ་ཕྲག་དོག་ཡིན་ཞེས་པ་ནི། སེམས་ཀྱི་རྒྱུན་གཉིས་སུ་མེད་པ་དེ་ཉིད་བྱ་བ་ནན་ཏན་གྱི་ཡེ ་ཤེས་སུ་སྣང་བས་སྙིང་རྗེ་ཆེན་པོའི་དམ་ཚིག་གི་རྐྱེན་གྱིས་དྲངས་ཏེ་སེམས་ཅན་རྣམས་འདོན་པའི་བདག་ཉིད་ཅན་གྱི་ཡང་དག་འདུ་བྱེད་དང། གཞན་གྱི་འགྲོ་བའི་དོན་བྱེད་པའི་སྐབས་མི་འབྱེད་པའི་ཕྲག་དོག་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ལ་དམ་ཚིག་གི ་རིགས་ཤེས་བྱའོ། །ད་ནི་དེ་ལྟར་བསྟན་པའི་དོན་བསྡུ་བའི་ཕྱིར། སྲིད་པ་ཀུན་འབྱུང་ཐམས་ཅད་དུ། བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད་ཅེས་པ་ནི། སེམས་ཀྱི་འདོད་པ་ལས་འདོད་ཆགས་ལ་སོགས་པའི་སྲིད་པའི་མཚན་ཉིད་ཐམས་ཅད་འབྱུང་བ་ལྟར ་སྣང་ཡང་དོན་དམ་པར་བྱང་ཆུབ་སེམས་ཀྱི་མཚན་ཉིད་སྐྱེ་མེད་དུ་བཤད་པའོ། །དེས་ནི་རིགས་ལྔའི་འཇུག་གི་དོན་བསྡུས་པའོ། །ད་ནི་མོ་ཧ་ར་ཏི་ལ་སོགས་པའི་ཡུམ་བཞི་བསྟན་པའི་ཕྱིར། དམ་ཚིག་སྣ་ཚོགས་འདྲ་བ་ཞེས་པ་ལ་སོགས ་པ་གསུངས་ཏེ། མོ་ཧ་ར་ཏི་ཞེས་པ་ནི་གཏི་མུག་རྣམ་པར་སྣང་མཛད་དོ། །དེ་ལ་དགའ་བས་ན་གཏི་མུག་དགའ་སྟེ། དྲང་བའི་དོན་ཏོ། །གཉིས་མེད་ཡེ་ཤེས་ཚོགས་རྣམས་ལ། །ང་རྒྱལ་བྱེད་པ་ཞེས་བྱ་བ་ལ་གཉིས་སུ་མེད་པའི་ཡེ་ཤེས་གཏི་མུག ་རྣམ་པར་དག་པ་ལ་ཡང་དག་པའི་ང་རྒྱལ་བྱེད་པ་རྨོངས་པ་སྟེ། དེ་ནི་གཏི་མུག་དགའ་བ་སྟེ། ངེས་པའི་དོན་ཏོ། །དེ་ལ་ཕན་ཚུན་མཛོད་པ་ནི་?ཞེས་སྡང་ཞེས་བྱ་བ་སྟེ་ཞེ་སྡང་ནི་མི་བསྐྱོད་པའོ། །དེ་ལ་དགའ་བས་ན་ཞེ་སྡང་དགའ་སྟེ། དྲང་པའི་དོན་ཏོ།། ་ཉོན་མོངས་པ་ཞེ་སྡང་རྣམ་པར་དག་པའི་ངང་དུ་ཕན་ཚུན་འཚེར་བ་ལ་དགའ་བས་ན། ཞེ་སྡང་དགའ་བ་སྟེ། ངེས་པའི་དོན་ཏོ། །མཚན་ཉིད་འདོད་ཆགས་ཞེན་པ་ཡིན་ཞེས་བྱ་བ་ནི། འདོད་ཆགས་ནི་འོད་དཔག་ཏུ་མེད ་པའོ། །དེ་ལ་ཞེན་ཅིང་རྗེས་སུ་ཆགས་པར་བྱེད་པའི་མཚན་ཉིད་ནི་གོས་དཀར་མོ་སྟེ། དྲང་བའི་དོན་ཏོ། །འདོད་ཆགས་ཀྱི་མཚན་ཉིད་རྣམ་པར་དག་པར་ཞེན་པ་ནི་འདོད་ཆགས་དགའ་བ་སྟེ། ངེས་པའི་དོན་ཏོ། །ཡེ་ཤེས་ཐབས་ནི་རྡོ་རྗེ་བཤད།། ་ཅེས་པ་ནི། རྡོ་རྗེ་ནི་དོན་ཡོད་པར་གྲུབ་པ། དེ་ལ་ཡེ་ཤེས་ཀྱི་ཐབས་ཀྱིས་དགའ་བས་ན་རྡོ་རྗེ་དགའ་སྟེ། དྲང་བའི་དོན་ཏོ། །རྡོ་རྗེ་ཡེ་ཤེས་ལ་ཐབས་ཀྱི་དགའ་བས་ན་རྡོ་རྗེ་དགའ་བ་སྟེ། ངེས་པའི་དོན་ཏོ། །ཕུན་སུམ་ཚོགས་པའི་དོན་གྱི་ཡུམ ་གྱིས་ཉེ་བར་སྡུད་པའི་ཚིག་བསྟན་པའི་ཕྱིར། དགའ་བ་རྫོགས་པའི་ལོངས་སྤྱོད་མཆོག་ཅེས་པ་ནི། དགའ་བ་སྟེ་ལྷ་མོ་འདི་དག་ལྷན་ཅིག་སྤྱོད་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེན་པའི་ལོངས་སྤྱོད་ཀྱི་མཆོག་སྒྲུབ་པར་བྱེད་པའོ ་བུད་མེད་བདེ་མདོག་ཕུན་སུམ་ཚོགས་པ་ཞེས་པ་ནི། འདོད་པའི་དབང་ཕྱུག་ཁྱད་པར་ཡིན་པས་བཙུན་མོའི་མཆོག་དམ་ཚིག་ཕུན་སུམ་ཚོགས་པའི་ཡོན་ཏན་སྒྲུབ་པར་བྱེད་པའོ། །གཏི་མུག་ཅེས་པ་ལ་སོགས་པ་གོང་དུ་བསྟན་པ་རྣམས་སོ། ། ་དེ་རྣམས་ནི་སངས་རྒྱས་རྣམས་ཀྱི་ཐབས་རྡོ་རྗེ་ཐེག་པ་སྟེ། གཉིས་སུ་མེད་པའི་ཐེག་པ་ཞེས་ཀྱང་བྱའོ། །ད་ནི་ཁྲོ་བོ་ཆེན་པོ་བཞིའི་སྔགས་བསྟན་པའི་ཕྱིར། མི་འཇིགས་ཆོས་རྣམས་བདག་ཉིད་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། མི་འཇིག ་ཆོས་རྣམས་བདག་ཉིད་ཅེས་པ་ནི། ཀུན་རྫོབ་ཏུ་ལུས་ཀྱིས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་པས་མི་འཇིགས་ཞེས་བྱའོ། །མ་སྐྱེས་པའི་དོ་ཟ་ཉིད། ཅེས་པ་ནི། དོན་དམ་པར་ན་དེ་རྣམས་མ་སྐྱེས་ཤིང་སྐྱེ་བ་མེད་པ་སྟེ། དེ་ལྟར་བདག ་?་གཉིས་སུ་སྣང་བ་ལས་དངོས་པོ་རྣམས་མི་འདའ་བས། །དངོས་པོ་ཀུན་གྱི་དམ་ཚིག་པས། དེ་ཉིད་རྟག་པ་དང་ཆད་པའི་གཤིན་རྗེ་ལས་ཐར་བས་ན་ཡ་མཱནྟ་ཀྲིཏ་ཅེས་བྱའོ། །གཞན་གྱིས་མི་ཐུབ་པའི་སྔགས་བསྟན་པའི་ཕྱིར། རྣམ་ཤེས་མིག་བདག ་ཆོས་རྣམས་ནི་ཞེས་རྣམ་པར་ཤེས་པའི་སེམས་ཀྱི་ཆོས་རྣམས་དེ་ཉིད་ཡང་དག་པ་མ་ཡིན་ཏེ། དོན་དམ་པར་ནི་ཆོས་ཉིད་དུ་མི་འགྱུར་ཞིང། གཟུང་འཛིན་གྱི་དག་པ་དེ་ནི་སེམས་ཀྱི་དམ་ཚིག་དེ་ལས་མི་འདའ་བ་ལས་ཤེས་རབ་སྟེ། སེམས་ཡང་དག་པའི ་མཛའ་གང་པ་ཞེས་བྱའོ། །རྟ་མགྲིན་གྱི་སྔགས་བསྟན་པའི་ཕྱིར། བརྗོད་མེད་བདག་ཉིད་ཆོས་རྣམས་ནི་ཞེས་བྱ་བ་ལ། ངག་གིས་བརྗོད་པའི་མིང་དང། གཟུགས་ཀྱི་བློའི་རྟོག་པ་རྣམས་བརྗོད་དུ་མེད་པར་དོན་དམ་པར་རྫོགས་པ་ནི་ཆོས་རྣམས ་ཀྱི་དམ་ཚིག་མི་འདའ་བ་ཡིན་པས་ན་ངག་ཡང་དག་པའི་མཐར་ཕྱིན་པའོ། །བདུད་རྩི་འཁྱིལ་བའི་དོན་བསྟན་པའི་ཕྱིར། མི་རྟོགས་བདག་ཉིད་ཆོས་རྣམས་ནི་ཞེས་བྱ་བ་ལ་ལུས་ངག་ཡིད་གསུམ་གྱི་ཆོས་རྣམས་སྟོང་པ་ཞི་བར་རྟོགས་པ་ནི། ་རྡོ་རྗེ་ཀུན་ཞེས་པ་ནི་སངས་རྒྱས་ཀུན་གྱི་མི་འདའ་བའ་ཨི་དམ་ཚིག་ཡིན་ཞེས་བྱའོ། །མི་འཇིགས་ཅེས་པ་ལ་སོགས་པ་ནི་རབ་ཏུ་བྱེད་པའི་ཚིག་སྡུད་པའོ། །དེ་ལྟར་ཁྲོ་བོ་བཞིའི་ངེས་པའི་དོན་བསྟན་ནས། ང་ནི་དྲང་བ་ངད་དེས་པའི་དོན་གཉིས ་ཀྱིས་ཁྲོ་བོ་བཞི་བསྟན་པའི་ཕྱིར། །གཏི་མུག་ཅེས་པ་ནི་རྨོངས་པའི་མུན་པ་སྟེ་མ་རིག་པའོ། །གཏི་མུག་ལོངས་སྤྱོད་པས་ཞེས་པ་ནི་ཡང་དག་པའི་གཏི་མུག་དོན་དམ་པའི་བདེན་པ་སྟེ། དེ་མཐར་ཐུག་པར་མཛད་ཅིང་འཇིག་པར་མཛད་པས ་གཤིན་རྗེ་གཤེད་དོ། །དྲང་བའི་དོན་ཏོ། །གཤིན་རྗེ་གཤེད་ཅེས་པ་ནི། གཤིན་རྗེ་ནི་དམྱལ་བ་སྟེ། དེ་བཅོམ་ལྡན་འདས་ཀྱི་ཁྲོ་བོ་ཆེན་པོའི་ཏིང་ངེ་འཛིན་གྱིས་མཐར་ཐུག་པར་མཛད་ཅིང་འཇིག་པར་མཛད་པ་སྟེ། དེས་ན་ལུས་ངན་སོང་དུ་མི ་འགྲོ་བས་ལུས་མཐར་བྱེད་ཅིང། །རྒྱུ་དེས་ནས་མ་རིག་པ་དག་པས་ཤེས་བྱའི་སྒྲིབ་པ་དག་ཅིང་མཐར་བྱེད་པར་འགྱུར་ཏེ་ངེས་པའི་དོན་ཏོ། །ཉེས་པ་ཟད་པ་ལོངས་སྤྱོད་པས་ཞེས་པ་ནི། ཤེས་རབ་ཀྱི་ཉོན་མོངས་པའི ་ཉེས་པ་འཇིག་པར་མཛད་པས་ཉེས་པ་དེ་ཟད་པར་བྱེད་པས་ཤེས་རབ་མཐར་བྱེད་དེ། དྲང་བའི་དོན་ཏོ། །རྣམ་པར་རྟོག་པའི་བདག་ཉིད་ནི། ཤེས་རབ་ཏེ་ཉེས་པའོ། །དེ་འོད་གསལ་པའི་ཉེས་པས་ལོངས་སྤྱོད་པའི་ཉེས་པ་ཟད་ཕྱིར། ཤེས་རབ ་མཐར་བྱེད་པ་དེས་ན་སེམས་རྣམ་པར་དག་པར་བྱེད་པས། ཉོན་མོངས་པའི་སྒྲིབ་པ་མཐར་བྱེད་པར་འགྱུར་ཏེ། ངེས་པའི་དོན་ཏོ། །འདོད་ཆགས་འདོད་པ་ལོངས་སྤྱོད་པས་ཅེས་པ་ནི། འདོད་ཆགས་ཀྱི་ཏིང་ངེ་འཛིན་གྱིས་པདྨ་ཆུས་མ་གོས་བཞིན ་དུ། ཉོན་མོངས་པ་རྣམས་ཀྱིས་གོས་པར་མ་??་ཕྱིན་ཅི་ལོག་ལ་ལོངས་སྤྱོད་པ་དེ་ཉིད་འཇིགས་པར་མཛད་པས་ན་པདྨ་མཐར་བྱེད་པ་སྟེ། དྲང་བའི་དོན་ཏོ། །པདྨ་མ་ནི་སྐྱེ་གནས་སོ། །མཛའ་ནི་ནང་སྟེ་དེར་འདོད་ཆགས་དབང་པོ་གཉིས་སྙོམས ་པར་འཇུག་པའི་ཕྱིར་བདེ་བའི་ཐབས་ཀྱི་མཆོག་ཏུ་དགའ་བའི་བདེ་བ་སྐྱེད་པར་མཛད་པས་ཕྱིན་ཅི་ལོག་གི་འདོད་ཆགས་མཐར་བྱེད་དང། དེས་ན་ཆགས་པ་མཐར་བྱེད་དོ། དེ་བཞིན་སྙོམས་འཇུག་ནི་འདོད་ཆགས་ཡིན་ལ། དེ་མཐར་བྱེད ་པར་འགྱུར་ཏེ། ངེས་པའི་དོན་ཏོ། །ཉོན་མོངས་ཀུན་ཟད་གང་ཡིན་དང་ཞེས་པ་ནི། བདུད་རྩི་འཁྱིལ་བའི་ཏིང་ངེ་འཛིན་སྟོན་ཏེ། ཉོན་མོངས་པ་ནི། གཏི་མུག་དང། ཉེས་པ་དང། འདོད་ཆགས་སོ། །དེ་དག་ཀུན་ཟད་པ་གང་ཡིན་པ་དང། དེ་བཞིན ་དུ་ལུས་དང་ངག་དང་ཡིད་ཀྱི་ལས་ནི་གང་ཡིན་པ། ཟད་པའི་ཡེ་ཤེས་དང་ཤེས་བྱའི་སྒྲིབ་པ་དང། ཉོན་མོངས་པའི་སྒྲིབ་པ་དང། སྙོམས་པར་འཇུག་པའི་སྒྲིབ་པའི་རྟོག་པ་ཐམས་ཅད་ཟད་པའི་ཡེ་ཤེས་ལ་དེ་སྐད་ཅེས་བྱའོ། །དེ་ལྟར ་ཉོན་མོངས་པ་དང་སྒྲིབ་པ་དང། ལས་ཐམས་ཅད་རྣམ་པར་དག་པས་ཡེ་ཤེས་ཆེན་པོའི་འབྲས་བུ་ལ་བདུད་རྩི་འཁྱིལ་པ་ཞེས་བྱའོ། །བགེགས་མཐར་བྱེད་ཅེས་པ་ནི་གདོན་སྟོང་ཕྲག་མང་པོ་རྣམས་མཐར་མཛད་ཅིང་འཇིག་པར་མཛད་པས་ན་བགེགས ་མཐར་བྱེད་པ་སྟེ། དྲང་བའི་དོན་ཏེ། །བགེགས་བཞི་པོ་སྟེ། དེ་དག་འཕེལ་བ་དང་འགྲིབ་པས་ལུས་གཟིར་པས་ན་བགེགས་སོ། །དེ་རྣམས་ཐབས་ཀྱི་ཡེ་ཤེས་ཤར་བས་རྣམ་པར་མཛད་པས་ན་བགེགས་མཐར་བྱེད་དོ། །ངེས་པའི་དོན་ཏོ། །ཁྲོ་བོ ་ཆེན་པོ་བཞིའི་ཞར་ལ་ཁྲོ་བོ་དྲུག་བསྟན་པའི་ཕྱིར། གཟུང་དང་ཆགས་པ་ཉིད་དང་ནི་ཞེས་པ་ལ་སོགས་པ་སྨོས་ཏེ། ཁྲོ་བོ་དྲུག་གང་ཡིན་པ་གསལ་བར་བྱ་བའི་ཕྱིར། འདོད་པའི་རྒྱལ་པོ་ལ་སོགས་པ་དྲུག་ཅེས་བསྟན་ཏེ། འོག་ནས་འདོད་རྒྱལ ་འབྱུང་སྟོན། མི་གཡོ། སྟེང་དུ་འཁོར་ལོ། །འོག་ཏུ་གནོད་མཛེས་ཞེས་པ་རིམ་པ་བཞིན་དུ་སྦྱར་རོ། །དྲུག་ལས་ཐུགས་ནི་ཀུན་ཏུ་འབྱུང་ཞེས་པ་ནི། ཁྲོ་བོ་དྲུག་གི་རྣམ་པར་ཤེས་པ་ལ་སོགས་པ་ལ། རྣམ་པར་ཤེས་པ་དྲུག་རིམ་པ་བཞིན་དུ་སྦྱར་རོ ་དེ་ལྟར་གླེང་གཞིའི་ལྷ་གསུམ་དང་ཁྲོ་བོ་དྲུག་བསྟན་ནས། ད་ནི་དཀྱིལ་འཁོར་གཞན་རྣམས་ཞར་ལ་འབྱུང་བ་བསྟན་པའི་ཕྱིར། དམ་ཚིག་རྡོ་རྗེ་ཞེས་པ་ནི་སྒྲིབ་པ་རྣམ་པར་སེལ་བའོ། །སོགས་པས་ནི་སྐུ་རྡོ་རྗེ་ནི་སའི་སྙིང་པོའོ། །གསུང་རྡོ་རྗེ་ནི ་འཇིག་རྟེན་དབང་ཕྱུག་གོ་།ཐུགས་རྡོ་རྗེ་ནི་ཕྱག་ན་རྡོ་རྗེའོ། །ཏིང་ངེ་འཛིན་རྡོ་རྗེ་ནི་ནམ་མཁའ་ཨི་སྙིང་པོའོ། །རྒྱལ་བ་རྡོ་རྗེ་ནི་བྱམས་པ་སྟེ་དྲུག་གོ་།ས་ནི་སངས་རྒྱས་སྤྱན་ནོ། །སོགས་པས་ནི་ཆུ་མཱ་མ་ཀཱིའོ། །མེ་ནི་གོས་དཀར་མོའོ། །རླུང་ནི་དམ་ཚིག་སྒྲོལ ་མའོ། །ནམ་མཁའ་ནི་འཇམ་དཔལ་ལོ། །འབྱུང་ཞེས་པ་ནི་ཡུམ་བཞིའོ། །འབྱུང་ལས་གྱུར་ནི་དབང་པོ་དྲུག་སྟེ། བྱང་ཆུབ་སེམས་དཔའ་འོ། །རེག་པ་ནི་ལྷ་མོའོ། །རྒྱལ་བ་ནི་བྱང་ཆུབ་སེམས་དཔའ་ཨོ། །གཟུགས་ཀྱི་རྡོ་རྗེ་ལ་སོགས་གང་ཞེས་པ་ནི་སྒྲ་རྡོ་རྗེ ་དང། དྲི་རྡོ་རྗེ་དང་རོ་རྡོ་རྗེ་དང་རེག་རྡོ་རྗེ་དང་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་དང་ཀུན་ཏུ་བཟང་པོ་དྲུག་སྟེ། དེ་ཡན་ཆད་དུ་དཀྱིལ་འཁོར་ཚང་བར་རྫོགས་པར་བསྟན་ནས། དེ་རྣམས་ཀྱིས་བདག་པོ་ནི། རྡོ་རྗེ་འཆང་ཡིན་པའི་ཕྱིར། རྡོ་རྗེའི ་བདག་པོ་ཞེས་བཤད་ཅེས་བྱའོ། །དེ་བས་ན་རྩ་བའི་རྒྱུད་དུ་ལྷ་བཅུ་གསུམ་བསྟན་པ་ལས། རྒྱུད་ཕྱི་མ་ལས་ལྷ་སུམ་ཅུ་རྩ་གཉིས་ཁ་བསྐང་བ་ཡིན་ནོ། །དེ་ལྟ་བུའི་ལྷ་རྣམས་རྡོ་རྗེ་འཆང་ཆེན་པོ་ལས་སྤྲུལ་པར་བསྟན་ཅིང་ཡི་གེ་གསུམ ་ལས་འབྱུང་བར་བསྟན་པའི་ཕྱིར། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། བདག་ཉིད་ཆེན་པོས་ལྷ་སུམ་ཅུ་རྩ་གཉིས་ཀུན་ཏུ་འབྱུང་བར་བསྟན་པ་ཡིན་ནོ། །ཞེས་བྱའོ། །ད་ནི་རྣལ་འབྱོར་པའི་སྤྱོད་པ་བསྟན་པའི་ཕྱིར། ཐབས་དང་ཤེས་རབ་ལས་བྱུང ་བའི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་གྱི་སྤྱོད་པའི་ཐབས་དང། ཤེས་རབ་ཀྱི་སྤྱོད་པས་སྤྲོས་པ་དང་བཅས་པ་དང། སྤྲོས་པ་མེད་པ་དང། ཤིན་ཏུ་སྤྲོས་པ་མེད་པ་ལས་བྱུང་བའི་སྤྱོད་པ་དང་ལྡན་པས། ཕུང་པོ་ཞེས་པ་ལྷ་སུམ ་ཅུ་རྩ་གཉིས། རྫོགས་པའི་རིམ་པའི་སྦྱོར་བ་ཡིས། སྦྱོར་བ་ངེས་བྱས་ཤེས་པ་སྣང་བ་གསུམ་དུ་ངེས་པ་དེ་ཉིད། ཐམས་ཅད་དག་པ་ཤེས་པ་འོད་གསལ་དུ་མོས་པ་བྱས་ལ། རྨད་དུ་བྱུང་བའི་སྤྱོད་པ་བསྟན་པའི་ཕྱིར། འཇིགས་པ་ཐམས ་ཅད་སྤངས་ནས་སུ་ཞེས་པ་ནི་གདོན་དང་ལྷ་ལ་སོགས་པའི་བདུད་དོ། །དོགས་པ་མེད་པའི་ཞེས་པ་ནི་ངན་སོང་ལ་སོགས་པའོ། །སེང་གེ་ཞེས་པ་ནི་སེང་གེ་ལྟ་བུའི་སྤྱོད་པ་སྤྱད་པར་བྱ་བ་ནི། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་ཤིང ་སྙིང་རྗེ་ཆེན་པོས་འགྲོ་བའི་དོན་རྫོགས་པར་བྱེད་པའོ། །སེང་གེ་ལྟ་བུ་དེ་ཉིད་རྒྱས་པར་བསྟན་པ་ནི། འདི་ལ་མི་བྱ་ཅུང་ཟད་མེད་ཅེས་པ་ལ་སོགས་པའོ། །མཉམ་པར་མ་བཞག་སྦྱོར་ཞེས་པ་ནི། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པས? ་མཉམ་པར་གཞག་པ་དང། མ་གཞག་པའི་རྟོག་པ་མེད་པ་ནི་ཀུན་ཏུ་སྨྱོན་པ་ལྟ་བུར་རྒྱུ་བས་ན་ཀུན་ཏུ་སྤྱོད་པ་ཞེས་བྱའོ། །སྤྱོད་པ་དེ་ལ་ཡང་གཉིས་ཏེ། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ནི་འཇིག་རྟེན་པ་དང་འགལ་ན་ཡང་རུང། མི་འགལ། ་ན་ཡང་རུང། རྣམ་པ་གང་དང་གང་གིས་སེམས་ཅན་གྱི་དོན་རྫོགས་པར་འགྱུར་པའི་རྣམ་པ་དེ་དང་དེས་སྔགས་པ་རྣམས་ནི་ནུས་པ་རབ་ཏུ་འཇུག་པའོ། །དེ་བཞིན་གཤེགས་པའི་སྤྱོད་པ་ནི། སློབ་དཔོན་གང་དག་གིས་དེ་ཁོ་ན་ཉིད་འདོན་ཅིང། ་ཟློས་པའི་རིན་པོ་ཆེ་ལྟ་བུའི་གང་ཟག་དེ་རྣམས་ཀྱི་སྤྱོད་པ་ནི། རྫོགས་པའི་གོ་རིམ་བཏགས་ནས། གང་དག་མཉམ་བར་བཞག་པའི་སྦྱོར་བས་སྤྱོད་པ་དེ་ཉིད་ནི། ཚེ་འདི་ཉིད་ལ་རང་གི་ངོ་བོ་ཉིད་ཡོངས་སུ་བརྗེ་བ་ཡིན་པའི་ཕྱིར་རོ། །དེ་ནི་སྔགས་གྱི ་རིམ་པའི་ཚིག་བསྟན་པའི་ཕྱིར། དབང་པོ་དང་ནི་ཡུལ་རྣམས་ཀྱིས་ཞེས་པ་ནི། མིག་ལ་སོགས་པའི་དབང་པོ་ལྔ་དང། གཟུགས་ལ་སོགས་པའི་ཡུལ་ལྔའི་རྐྱེན་གྱིས་སེམས་དང་སེམས་ལས་བྱུང་བ་དང། མ་རིག་པའི་ཡིད་དེ་ལ། མན་ཞེས་བྱ ་བར་བརྗོད་ཅེས་པའོ། །ཏྲ་ནི་སྒྲུབ་པར་བྱེད་པའི་དོན་ཞེས་པ་ནི། དེ་ལྟར་སེམས་ལས་བྱུང་བ་དང། མ་རིག་པ་དང་གསུམ། སྣང་བ་དང། སྣང་བ་མཆེད་པ་དང། སྣང་བ་ཐོབ་དང། ཤེས་རབ་དང། ཉེ་བར་ཐོབ་པ་དང། སྟོང་པ་ཉིད་དང། ཤིན་ཏུ་སྟོང་པ་དང། ་སྟོང་པ་ཆེན་པོ་གསུམ་དུ་ཀུན་རྫོབ་ཏུ་ཤེས་པར་བྱས་ནས། ཐམས་ཅད་སྟོང་པ་དོན་དམ་པའི་བདེན་པར་རྟོགས་པའི་དུས་སུ་རང་བཞིན་བརྒྱ་དྲུག་ཅུའི་ཡིད་སྐྱོབ་པར་གྱུར་པས་ན་སྔགས་ཞེས་བྱའོ། །སྔགས་ཀྱི་སྤྱོད་པ་བསྟན་པའི་ཕྱིར། འཇིག་རྟེན ་སྤྱོད་ལས་རྣམ་གྲོལ་བར་ཞེས་པ་ནི། སྤྱོད་པ་དེ་དོན་ལྡན་ནས་འཇིག་རྟེན་པའི་སྤྱོད་པ་སྣ་ཚོགས་པ་རྣམ་པར་གྲོལ་བར་བྱེད་དོ། །དེ་ཡང་གང་ཡིན་ཞེ་ན། སྔར་བཤད་དམ་ཚིག་སྡོམ་པ་ཞེས་པ་ནི། སྡང་རྩ་བའི་རྒྱུད་ལེའུ་བཅུ་བདུན་པ་ལས། ལྷ་དང་ཀླུ་དང། ་ལྷ་མ་ཡིན་དང། སྲིན་པོ་དང། ཤ་ཟ་དང། མཁའ་འགྲོ་མ་ལ་སོགས་པའི་དམ་ཚིག་དང། སྡོམ་པ་བསྟན་པ་དེ་རྣམས་རྣལ་འབྱོར་པས་སྤྱོད་ཅིང་བསྲུང་བ་ནི། སྔགས་ཀྱི་སྤྱོད་པ་ཞེས་བྱའོ། །ད་ནི་བཟླས་བརྗོད་བསྟན ་པའི་ཕྱིར། རང་རང་གི་ངོ་བོ་ཉིད་ཅེས་པ་ལ་སོགས་པ་གསུངས་ཏེ། རང་རང་ཅེས་པ་ནི་སྐུ་དང་གསུང་དང་ཐུགས་དང་རིན་པོ་ཆེ་དང། ཐོགས་མེད་དོ། །ངོ་བོ་ཉིད་ནི་རྡོ་རྗེ་འཛིན་པ་གཅིག་བུའི་མཐར་ཕྱིན་པའོ། །སྙིང་པོ་ཡིད་ཀྱི་རྣམ་བསམས་ཏེ་ཞེས་པ ་ནི། ཨོཾ་ཨཱ(རྒྱུད་འགྲེལ་ཞེས་པ་ནི། སོ་སོ་ཐ་དད་པར་སྤྲོ་ཞིང། རང་གི་ལུས་ཀྱི་དཀྱིལ་འཁོར་ལས་འབྱིན་པའི་བྱ་བ་བྱེད་པའོ། །ཟུང་དུ་སྦྱར་བ་བསྟན་པའི་ཕྱིར། །སངས་རྒྱས་སྣ་ཚོགས་རྡོ་རྗེའི་བདག་།ཡེ་ཤེས་ས་བོན་དག་གིས་བསྡུ་ཞེས་པ་ནི། སྤྲུལ་པའི ་ལྷའི་སྐུ་བརྗོད་པ་སྟེ། གནས་ནས་སྤྱོད་ནས་སྤྲོ་བ་སྟེ། ཕུང་པོ་ལ་སོགས་པའི་རང་བཞིན་གྱིས་བདག་ཉིད་དུ་བཞག་པར་བྱ་བ་དང། ཟུང་དུ་སྦྱར་བའི་གནས་སྐབས་སུ་རབ་ཏུ་བསྡུ་བ་སྟེ། ཏིང་ངེ་འཛིན་གྱི་སེམས་པར་བཞག་པར་བྱའོ། །བྱང་ཆུབ་བདག་མེད་ས་བོན་གྱིས། ་བརྟུལ་ཞུགས་ཅན་གྱིས་བདག་མེད་གཟུར་ཞེས་པ་ནི། ལུས་ངག་ཡིད་གསུམ་དངོས་པོ་མེད་ཅིང་བདག་མེད་པའི་བྱང་ཆུབ་སྟེ། བརྟུལ་ཞུགས་ཞེས་པ་སོ་སོར་རྟོག་པའི་བདག་ཉིད་ཅན་གྱི་ཡེ་ཤེས་ཀྱི་ཁྱད་པར་ཅན་བདག་མེད་པར་གཟུང་ཞིང་སྒྲ་ཞིང ་གསལ་བར་བྱའོ། །སྣ་ཚོགས་དེ་བཞིན་སྣ་ཚོགས་སྤོ་ཞེས་པ་ནི། སྐུ་གསུང་ཐུགས་ཀྱི་དབྱེ་བས་རང་གི་ལུས་ཀྱི་དཀྱིལ་འཁོར་ལས་གོང་མ་བཞིན་དུ་འབྱིན་ཅིང་སྤྲོ་བའོ། །དུས་གསུམ་ས་བོན་དག་གིས་བཟླ་ཞེས་པ་ནི། སྐུ་རྡོ་རྗེའི་ས་བོན ་ཨོཾ་ནི་གཟུང་བའི་དངོས་པོ་དང་འཛིན་པའི་དངོས་པོ་མེད་པར་སྤྱད་པ་ནི་སྐུའི་བཟླས་པའོ། །གསུང་རྡོ་རྗེའི་ས་བོན་ཨཱ(རྒྱུད་འགྲེལ་བྱང་ཆུབ་པས་ཆོལ་བ་ནི་ཐུགས་ཀྱི་བཟླས་པའོ། །དེ་ལྟར་ཡིད་ཀྱི་བཟླས་པ་བཤད་ནས། ང་ནི་དག་གི་བཟླས་པ་བསྟན་པའི་ཕྱིར་བཟླས་པ་སྨ་བར་གྲགས་པ་ཡིན་ཞེས་པ་ནི། ཁྲོ་བོ་གཤིན་རྗེ་གཤེད་ལ་སོགས་པའི་དམ ་ཚིག་ལས་བསྒྲང་པ་ལ་སོགས་པའི་དུས་སུ་རང་གི་ལྕེས་སྒྲ་བསྒྲགས་ཤིང་སྨྲ་བ་སྟེ། རང་དམ་གཞན་གྱིས་ཐོས་པར་རོ། །དག་ཀུན་བཟླས་པ་ཅེས་པ་ནི་སྤྲུལ་ཞེས་པ་ལ་སོགས་པའི་སྔགས་ཀྱི་ཚིག་གོ་།སྔགས་ནི་འབོད་པ ་ཞེས་པ་ནི། ལྕེས་སྒྲ་བསྒྲངས་ཤིང་སྐད་དུ་འདོན་པའོ། །དེ་ཉིད་བསྐུལ་བར་སྨྲ་བའི་ཞེས་པ་ནི། རང་གི་འཁོར་བསྐུལ་བའོ། །རྒྱས་འདེབས་པའི་དོན་བསྟན་པའི་ཕྱིར། ཇི་ལྟར་ཐུགས་སོགས་བྱིན་བརླབས་ཏེ་ཞེས་པ་ནི། ་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ནས། ཡེ་ཤེས་སེམས་དཔའ་བསྐྱེད་པ་དང། ཏིང་ངེ་འཛིན་སེམས་དཔའ་ཡང་དེ་བཞིན་དུ་རིགས་པར་བྱའོ། །དེ་ལྟར་ཕྱག་རྒྱ་བཞིས་རྒྱས་བཏབ་ནས། དབུ་བརྒྱན་ཇི་ལྟར་བྱ་བ་བསྟན་པའི ་ཕྱིར། དེ་རྣམས་སྤྱི་བོར་དབང་ཞེས་པ་ནི། ལྷ་སོ་སོ་ལ་སྤྱི་བོར་ལྷ་བཞག་པའོ། །དེ་བཞིན་ཀུན་ཏུ་མཆོད་པའོ་ཞེས་པ་ནི། དབང་བསྐུར་བའི་ལྷ་མོ་མཆོད་ནས་གསོལ་བ་གདབ་སྟེ། དབང་བསྐུར་བའོ། །རྡོ་རྗེ་འཆང་བ་གང་ཡིན་པའི ་དག་པ་ཡོད་པའི་སྦྱོར་བ་དང། བདག་བྱིན་བརླབ་སོགས་དེ་བཞིན་ཏེ། ཞེས་པ་ནི། དཀྱིལ་འཁོར་པའི་ལྷ་རྣམས་ལ་རྩ་བའི་རྒྱུད་ཀྱ་ལེའུ་བཅོ་ལྔ་པ་ལས་བསྟན་པ་བཞིན་ཏེ། རྡོ་རྗེ་ཆང་བའི་དབུ་ལ་དཔལ་རྡོ་རྗེ་སེམས་ ་དཔས་དབང་བསྐུར་བའོ། །རིག་པ་སྤྱན་མ་ལ་སོགས་པ་སོ་སོ་ལ་རྣམ་པར་སྣང་མཛད་ལ་སོགས་པས་དབང་བསྐུར་རོ། །དེ་བཞིན་དུ་རྡོ་རྗེའི་རིགས་ལ་མི་བསྐྱོད་པས་དབང་བསྐུར་རོ། །དེ་བཞིན་གཤེགས ་པའི་རིགས་ལ། སྐུ་རྡོ་རྗེས་དབང་བསྐུར་རོ། །པད་མའི་རིགས་ལ་གསུང་རྡོ་རྗེས་དབང་བསྐུར་རོ། །རིན་པོ་ཆེའི་རིགས་ལ་རིན་ཆེན་འབྱུང་ལྡན་གྱི་དབང་བསྐུར་རོ། །ལས་ཀྱི་རིགས་ལ་དོན་ཡོད་གྲུབ་པས་དབང་བསྐུར་རོ། །དེ་བས་བདག་ལ ་དབུ་རྒྱན་གྱིས་བྱིན་གྱིས་བརླབས་པ་བཞིན་དུ་ཤེས་པར་བྱའོ། །དེ་བཞིན་ལོངས་སྤྱོད་བཞིར་ཤེས་བྱ། ཞེས་པ་ནི་ཕྱག་རྒྱའོ། །དེ་ལྟར་དཀྱིལ་འཁོར་པའི་དབུ་རྒྱན་བསྟན་ནས། ད་ནི་དཔའ་བོ་གཅིག་པའི་དབུ་རྒྱན་བསྟན་པའི ་ཕྱིར། དཔའ་བོ་རྡོ་རྗེ་གཅིག་པུ་ཡི་ཞེས་པ་ལ་སོགས་པའོ། །དབུ་རྒྱན་གྱི་ཚུལ་ཡང་གསུམ་སྟེ། སྙིང་པོ་ཞེས་པ་ནི། ཨོཾ་ཨ(རྒྱུད་འགྲེལ་ཅེས་པ་ནི་བཤད་ཟིན་ཏོ། འབྲས་བུ་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པའོ། རྒྱུ་ཅེས་པ་ནི་རྡོ་རྗེ་འཆང་བའོ། ཆོས་འབྱུང་བསྟན་པའི་ཕྱིར། ལོངས་སྤྱོད་བཞི་དང་ཡང་དག་ལྡན་ཞེས་པ་ལ་སོགས་པ་སྟེ། ལོངས་སྤྱོད་བཞི་ཞེས་པ་ནི། སྐུ་རྡོ་རྗེ་དང་གསུང་རྡོ་རྗེ་དང་ཞུགས་རྡོ་རྗེ་དང་ཡེ་ཤེས་སེམས ་དཔའ་ཨོ། །ཡང་དག་ལྡན་ལ་སོགས་པའོ། །རིག་པའི་སྐྱེས་བུ་ཞེས་པ་ནི་རྡོ་རྗེ་འཆང་བ་ཆེན་པོའོ། །གྲུ་གསུམ་ཞེས་པ་ནི། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཆོས་ཀྱི་འབྱུང་གནས་གྲུ་གསུམ་དུ་བསྒོམས་ལ་དེའི་ཕྱི་རོལ་ཏུ་བཀའ་ཨི་འཁོར ་ལོ་བསྒོམ་པའི་ཕྱིར། ཀུན་ནས་སེར་པོའི་འཁོར་ལོ་ནི། དབུས་སུ་ཆོས་འབྱུང་བསྒོམས་ལ། དེའི་དབུས་སུ་རིག་པའི་སྐྱེས་བུ་རྡོ་རྗེ་འཆང་བསྒོམ་པའོ། །རྩིབས་ཀུན་ལ་ནི་ཁྲོ་བོ་བཅུ་ཞེས་པ་ནི། རྩིབས་བཅུ་ལ་ཁྲོ་བོ་བཤིན་རྗེ ་གཤེད་ལ་སོགས་པ་བསམ་གཏན་གྱི་དཀྱིལ་འཁོར་དུ་བསྒོམས་ལ། བཀའ་བསྒོ་པས་དབང་པོ་ལ་སོགས་པའི་ཕྱོགས་སྐྱོང་ལ་བགེགས་བྱེད་པ་རྣམས་བསྲུང་ཞིང་བཟློག་པར་བྱ་བ་དང། སྒྲུབ་པ་པོ་རྣམས་ཀྱི་སེམས་རྣམ་པར་གཡེང ་བ་བསྲུང་བའི་ཕྱིར་རོ། །འགོག་པའི་རྡོ་རྗེ་ཅེས་པ་ནི། རྩེ་གཅིག་པས་གནས་པ་ནི། མི་གཡོ་བ་དང་མཚུངས་པ་ནི་འཁོར་ཞེས་པ་ནི། ལྷ་རྣམས་མི་གཡོ་བར་འཁོར་ལོ་འཁོར་ཞེས་པའོ། །སངས་རྒྱས་ཞེས་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་སོ ་ད་ནི་རྒྱུད་ཀྱི་སྡོམ་པ་བསྟན་པའི་ཕྱིར། རྡོ་རྗེ་འཆང་གི་ཆོས་བསྟན་པ་ཞེས་པ་ནི། རྡོ་རྗེ་འཆང་བར་མཛད་པས། རྡོ་རྗེ་འཛིན་པ་སྟེ་ཡི་གེའི་དོན་ཏོ། །མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་པོ་དེའི་རང་བཞིན་གྱིས་རྡོ་རྗེ་འཆང་བར་མཛད་པས ་ན་རྡོ་རྗེ་འཛིན་པ་སྟེ་སྤྱིའི་དོན་ཏོ། །ཡིད་ཀྱི་རང་བཞིན་གྱིས་སྐུ་ལུས་འཛིན་པར་མཛད་པས་ན་རྡོ་རྗེ་འཛིན་པ་སྟེ་སྦས་པའི་དོན་ཏོ། །རྡོ་རྗེ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དེའི་ངོ་བོ་ཉིད་ཀྱིས་འཆང་བར་མཛད་པས་ན་རྡོ་རྗེ་འཛིན་པ་སྟེ ་མཐར་ཐུག་པའོ། །བསྐྱེད་པ་ཡི་ནི་རིམ་པ་ཞེས་པ་ནི། ཐོག་མར་གནས་ཀྱི་ངེས་པ་དང། སྙིང་རྗེ་ཆེན་པོ་ལ་དམིགས་པ་དང། བཀའ་ཨི་འཁོར་ལོ་དང། བསྲུང་བའི་འཁོར་ལོ་ལ་དམིགས་པ་དང། སྟོང་པ་ཉིད་ལ་དམིགས་པ་དང། སའི་ཆ ་གཞལ་ཡས་ཁང་བསྐྱེད་པ་དང། ལྷག་པར་མོས་པས་ལྷ་བསྐྱེད་པ་དང། དོན་དམ་པའི་དཀྱིལ་འཁོར་ལ་བཞག་པ་དང། སླར་ཉི་མ་ལ་དམིགས་པ་དང། མཐར་ཟླ་བའི་དཀྱིལ་འཁོར་ལ་དམིགས་པ་དང། རྡོ་རྗེ་འཆང་ཆེན་པོ་བསྐྱེད་པ ་དང། སྔགས་ཀྱིས་བྱིན་གྱིས་བརླབ་པ་དང། ཕུང་པོ་ལ་སོགས་པ་དག་པ་དང། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང། སེམས་དཔའ་སུམ་བརྩེགས་བསྒོམ་པ་དང། རྡོ་རྗེ་པདྨ་འདུས་བྱས་ཏེ། བྱིན་གྱིས་བརླབས་པ་དང། རྗེས་སུ་ཆགས་པས ་མཆོད་པའི་སྔགས་དང། ནང་གི་དཀྱིལ་འཁོར་དང། ཕྱུང་བའི་དཀྱིལ་འཁོར་དང། དག་གི་བཟླས་པ་དང། རྡོ་རྗེའི་བཟླས་པ་དང། དོན་དམ་ལ་ཞུགས་པ་དང། བསྐུལ་བ་དང། བསྟོད་པ་དང། ཉེ་བར་བསྡུ་བ་དང། སྔགས ་ལ་མཆོག་ཏུ་གཞོལ་བའི་ལས་དང། ནང་ལ་མཆོག་ཏུ་གཞོལ་བའི་ལས་དང། ཁ་ཟས་ཀྱི་བསམ་གཏན་དང། ཐུན་མོང་གི་དངོས་གྲུབ་བརྒྱད་བསྒྲུབ་པ་རྣམས་ནི་བསྐྱེད་པའི་རིམ་པའོ། །དེ་བཞིན་རྫོགས་པའི་རིམ་པའོ་ཞེས་པ་ནི ་སྔགས་ཀྱི་དེ་ཁོ་ན་ཉིད་དང། ཕྱག་རྒྱའི་དེ་ཁོ་ན་ཉིད་དང། །བདག་གི་དེ་ཁོ་ན་ཉིད་དང། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དོ། །སྒྲུབ་པ་ཡིན་ཞེས་པ་ནི། དཀྱིལ་འཁོར་བྲིས་པ་ལས་ཀྱི་ཚོགས་དང། གྲུབ་པ་བརྒྱད་དང་སངས་རྒྱས་ཉིད་སྒྲུབ ་པའོ། །ནན་ཏན་ཞེས་པ་ནི་མངོན་པར་འདོད་པའི་དངོས་གྲུབ་མངོན་དུ་བྱ་བའི་ཕྱིར། ཕྱི་ནང་གི་བདག་ཉིད་ཅན་གྱི་རང་གི་ལྷ་ལ་སྙིང་པོ་བསྐུལ་བའོ། །དེ་བཞིན་ཞེས་པ་ནི། རྩ་བའི་རྒྱུད་ལེའུ་ལྔ་པ་དང། བདུན་པ་དང། དགུ་པ་དང། བཅུ་བདུན ་པའོ། །དམ་ཚིག་སྡོམ་པ་ནི། རྣལ་འབྱོར་གྱི་སྤྱོད་པ་དང། རྨད་དུ་བྱུང་བའི་སྤྱོད་པ་དང། དམ་ཚིག་དང་སྡོམ་པ་རྣམས། །སྔར་ནི་དེ་ཀུན་རྒྱས་པར་ནི། །རིམ་པའི་དབྱེ་བས་ཕྱེ་བ་ཡིན། །ཞེས་པ་ནི། སྔར་རྩ་བའི་ལེའུ་དེ་དག་ཏུ་གསལ་བར ་བཤད་པའོ། །འདི་སྐད་སྟོན་ཏེ། རྒྱུད་ཀྱི་སྡོམ་ནི། བསྐྱེད་པའི་རིམ་པ་དང། རྫོགས་པའི་རིམ་པ་དང། དཀྱིལ་འཁོར་དུ་སྒྲུབ་པ་དང། ནན་ཏན་གྱི་སྙིང་པོ་བསྐུལ་བ་དང། རྣལ་འབྱོར་གྱི་སྤྱོད་པ་དང། རྨད་དུ་བྱུང་བའི་སྤྱོད་པ་དང། ་དམ་ཚིག་དང། སྡོམ་པ་རྣམས་ཀྱི་རིམ་པའི་དབྱེ་བས་ཕྱེ་བ་དེ་རྣམས་སྔར་རྩ་བའི་རྒྱུད་དུ་བསྟན་པ་ཡིན་ནོ། །ཞེས་པ་ནི། རྒྱུད་ཀྱི་དོན་བསྡུས་པའི་སྡོམ་ཡིན་ནོ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱི་བསམ་གཏན་བསྟན་པའི་ཕྱིར། ་གཟུགས་དང་སྒྲ་སོགས་འདོད་པ་ནི། ཞེས་པ་ལ་སོགས་པ་གསུངས་ཏེ། བདེ་བ་ནི་འདོད་ཆགས་སོ། །སྡུག་བསྔལ་ནི་ཞེ་སྡང་ངོ། །འདོད་པ་དེ་རྣམས་དམ་ཚིག་མཚུངས་ཞེས་པ་ནི། ཐམས་ཅད་སྟོང་པ་འོད་གསལ་བར་དམ་ཚིག་གསུངས་ཞེས ་པའོ། །ད་ནི་རྣམ་པ་བདེན་པ་དང། རྣམ་པ་བརྫུན་པ་དང། གཉིས་བསྟན་པའི་ཕྱིར། །རྣམ་བཅས་ནི་རྣམ་པ་མེད་ཅེས་པའོ། །ཡི་གེ་གསུམ་ནི་ཨོཾ་ཨཱ(རྒྱུད་འགྲེལ་རིགས་གསུམ་མོ། །དེ་ལྟར་གསུང་གིས་ཏིང་ངེ་འཛིན་མདོར་བསྟན་ནས། ད་ནི་དེ་དག་ཉིད་རྒྱས་པར་བཤད་པའི་ཕྱིར། ཞེ་སྡང་སྦྱོར་བས་རྣལ་འབྱོར་པ་ཞེས་བྱ་བ་ལ། རྡོ་རྗེ་འཆང་ཆེན་པོའི་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་བསྐྱེད ་ནས། རྡོ་རྗེ་ལ་སོགས་པ་ཕྱག་ཏུ་བསྒོམས་ནས། དཀྱིལ་འཁོར་བ་རྣམས་བསྐྱེད་དེ། ཕྱག་གི་རྡོ་རྗེ་ལས་འོད་ཟེར་འཕྲོ་བ་བསྒོམས་ཏེ། དེས་དུས་གསུམ་དུ་བྱུང་བའི་དེ་བཞིན་གཤེགས་པ་དམིགས་ཏེ། ངེས་ཕྱེ་མར་བརླགས་ཤིང ་འཇིགས་པར་འགྱུར་བ་སྟེ། དེ་ལྟ་བུའི་སྤྲོ་བ་དང་བསྡུ་བ་དེས་ནི་ལས་ཀྱི་ཚོགས་དྲག་པོ་ནུས་པར་འགྱུར་ཞིང། སེམས་ཀྱི་དབང་ཕྱུག་འཐོབ་པར་འགྱུར་རོ། །གཏི་མུག་སྦྱོར་བས་རྣལ་འབྱོར་པས། གཏི་མུག་འཁོར་ལོ་བསྐྱེད་ནས་ནི། ཞེས་པ ་རྣམ་པར་སྣང་མཛད་དཀྱིལ་འཁོར་གྱི་གཙོ་བོར་བསྒོམས་ལ། མི་བསྐྱོད་པ་ལ་སོགས་པའི་འཁོར་རྣམས་སྤྲོ་སྟེ། རྒྱན་རིན་པོ་ཆེ་ལ་སོགས་པ་གང་དང་གང་དེ་བཞིན་གཤེགས་པ་གང་དང་གང་མདོག་མཐུན་པ་དེ་དང་དེ་གདོན་ཞིང་བསྐུལ ་བར་བྱའོ། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་གཏང་ནས་སྒྲུབ་པ་པོ་འོད་ཟེར་དཀར་པོ་ལ་སོགས་པའི་ཞགས་པས་མངོན་པར་འདོད་པའི་རིན་པོ་ཆེའི་རིགས་བཅིངས་ལ་མི་གཡོ་བར་བྱའོ། །དེ་ནས་རང་གི་ལྕེའི ་པདྨ་ལས་བྱུང་བའི་ཡི་གེ་ཧྲཱིའི(རྒྱུད་འགྲེལ་།གཏི་མུག་སེམས་ཀྱི་རྒྱ་མཚོ་བསྒོམ་ཅེས་པའོ། །སྦྱིན་པའི་ཆར་ནི་རབ་ཏུ་འབེབས་ཞེས་པ་ནི། དེ་ནས་ཕོངས་པ་རྣམས་ལ་སྦྱིན་པའི་ཆར་དབབ་ཅིང་སྦྱིན་པར་བྱའོ། །འདོད ་ཆགས་འཁོར་ལོ་བསྐྱེད་ནས་ནི། ཞེས་པ་ནི་རྡོ་རྗེ་ཡོངས་སུ་གྱུར་བ་ལས་འོད་དཔག་མེད་བསྐྱེད་ལ། དཀྱིལ་འཁོར་བའི་ལྷ་རྣམས་ཀྱིས་གཞལ་ཡས་ཁང་གི་ནང་ཐམས་ཅད་དུ་དག་ཅིང་སྤྲོས་པའོ། །ལྷ་མོ་ཐམས་ཅད་ཕྲོགས ་ནས་སུ་ཞེས་པ་ནི། དཀྱིལ་འཁོར་གྱི་ལྷ་ཡབ་ཡུམ་རྣམས་རྗེས་སུ་མཉེས་པ་ལ་སོགས་པ་སྔོན་དུ་འགྲོ་བའི། །རྡོ་རྗེ་དང་པདྨ་མཉམ་པར་སྦྱར་ལ་དགའ་བ་སྤྱད་ཅིང་བདག་ཉིད་རོལ་བར་བྱ་བ་དག་གིས་སྐད་ཅིག་ཉེ་བར་སྦྱད་པར་བྱའོ ་དེའི་ཡོན་ཏན་བསྟན་པ་ཡི་ཁམས་གསུམ་དག་ཏུ་འབྱུང་བ་ཡིས། ཞེས་པ་ལ་སོགས་པས་བསྟན་ཏོ། །ད་ནི་སྤྱོད་པ་དེ་སྤྱོད་པའི་དགོས་པ་བསྟན་པའི་ཕྱིར། དཀྱིལ་འཁོར་དང་ནི་ཞེས་པ་ནི། བསྐྱེད་པའི་རིམ་པ་ཕྱུང་བའི་དཀྱིལ་འཁོར་དང། ་རྫོགས་པའི་རིམ་པ་སྤྲོས་པའི་ཟུང་འཇུག་གི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རོ། །དབང་བསྐུར་དང་ཞེས་པ་ནི། །གསང་བ་དང། ཤེས་རབ་ཡེ་ཤེས་དང། བཞི་པའོ། །ལམ་མཆོག་གི་ནི་ཚོགས་རྣམས་ཞེས་པ་ནི། ནང་ལ་མཆོག་ཏུ ་གཞོལ་བའི་ཚོགས་སོ། །གྲུབ་པའི་བགྲོད་པ་ཞེས་པ་ནི། དེ་རྣམས་ཕྱག་རྒྱ་ལ་བརྟེན་ནས་གྲུབ་པར་འགྱུར་ཏོ། །དྲང་བའི་དོན་ཏོ། །ངེས་པའི་དོན་ནི་དགོངས་པ་ལུང་སྟོན་གྱི་ལེའུ་དགུ་པ་ལས་བཤད་དོ། །འདི་སྐད་སྟོན་པར་འགྱུར་ཏེ། ཞེ ་སྡང་གི་དམ་ཚིག་ནི་མ་རིག་པ་འོད་གསལ་བར་འགྱུར་ཏེ། ཡེ་ཤེས་ཀྱི་རང་བཞིན་གྱི་སྐུར་གྱུར་པའོ། །གཏི་མུག་གི་དམ་ཚིག་ནི་རྫོགས་པའི་བྱང་ཆུབ་སྒྲུབ་པར་བྱེད་པའོ། །འདོད་ཆགས་ཀྱི་དམ་ཚིག་ནི་སྟོང་པ་བཞི་དང་མཉམ་པར་སྦྱར ་ནས། བདེན་པ་གཉིས་ཀྱི་དབང་པོ་ཟུང་འཇུག་དུ་སྦྱར་ནས་སྦྱོར་བའི་ཞེས་སྟོན་ཏོ། །རྡོ་རྗེ་དྲ་བ་རིན་ཆེན་འབྱུང་ཞེས་པ་ནི། རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་གྱུར་པ་ལས། དཀོན་མཆོག་དཔལ་བསྒོམས་ལ། གཞལ་ཡས་ཁང་གི་ནང་དུ་དཀྱིལ ་འཁོར་པས་གང་བར་སྤྲོ་སྟེ། བརྩེ་བ་མེད་པའི་རྩུབ་པའི་ངག་གིས་བསྡུས་པའི་དོན་ཐམས་ཅད་འབྱུང་བའི་ཕྱིར་སྨྲ་བར་བྱ་སྟེ། དྲང་བའི་དོན་ཏོ། །ཕུང་པོ་ལ་སོགས་མེད་སྟོན་ཚིག་།ཡང་དག་དོན་གྱི་བརྫུན་ངག་སོགས། བརླབས་ན་བྱང ་ཆུབ་འཐོབ་པར་འགྱུར། ཞེས་བྱ་བ་སྟེ། དེ་བཞིན་གཤེགས་པའི་དོན་ཏོ། རིན་ཆེན་བཞིན་དུ་དམ་ཚིག་ཅེས་ཤེས་པ་ནི། རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་གྱུར་པ་ལས་དོན་ཡོད་གྲུབ་པ་བསྒོམས་ལ། དེའི་འོག་ཏུ་དཀྱིལ་འཁོར་བ་ཐམས ་ཅད་བསྒོམ་པར་བྱའོ། །དེ་ནས་སེམས་ཅན་ཐམས་ཅད་ཀྱང། དེ་ཉིད་དུ་གནས་པར་བསྒོམ་ཞིང། དེ་རྣམས་ལ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་པས། ཆོས་ཐམས་ཅད་བརྫུན་པའོ་ཞེས་རྡོ་རྗེའི་ཚིག་དོན་ལ་གནས་པ་སྟེ་། ་དེ་བཞིན་གཤེགས་པ་ཐམས་ཅད་ལ་དང་སེམས་ཅན་ཐམས་ཅད་ལ་བསླུ་བ་པོ་ལྟ་བུའི་ངོ་བོ་ཉིད་ཀྱིས་ཚིག་བརྗོད་པར་བསྒོམ་པ་ནི། དྲང་བའི་དོན་ཏོ། །གང་ཞིག་ཕྱི་ནང་བདག་ཉིད་ཆེ། འདི་དག་ཐམས་ཅད་བརྫུན་པར་འདོད།། ་རྣམ་རྟོག་འཆང་ལས་གྲོལ་བྱང་ཆུབ། །འདི་ནི་དོན་ཡོད་དམ་ཚིག་གོ་།ཅེས་པ་སྟེ། ངེས་པའི་དོན་ཏོ། །དཀྱིལ་འཁོར་གྱི་དོན་བསྟན་པའི་ཕྱིར། བྷ་ག་དཀྱིལ་འཁོར་ཞེས་གྲགས་དང། ཞེས་པ་ནི། ནང་དུ་གནས་པ་དང། ཕྱིར་ཕྱུང་བའི་དཀྱིལ ་འཁོར་རོ། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཞེས་པ་ནི་དོན་དམ་པའི་དཀྱིལ་འཁོར་རོ། །ལུས་ཀྱི་དཀྱིལ་འཁོར་ཞེས་བྱ་དང། ཞེས་པ་ནི་སྐུའི་དཀྱིལ་འཁོར་ཏེ་རྡོ་རྗེ་འཆང་གི་སྐུ་ལ་ལྷ་སུམ་ཅུ་རྩ ་གཉིས་བཀོད་པའོ། །ཕྱག་རྒྱ་དགོད་པའི་དོན་བསྟན་པའི་ཕྱིར། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ཤེས་པ་ནི། གོང་སྒ་ལུས་ཀྱི་དཀྱིལ་འཁོར་རྒྱས་པ་བསྟན་པའི་ཕྱིར། ལུས་ལ་ལྷ་དགོད་པ་དེ་ཉིད། ཕྱག་རྒྱ་དགོད་ཅེས་ཀྱང་བྱའོ།། ་ད་ནི་གོང་དུ་དཀྱིལ་འཁོར་གྱི་ལྷ་བསྟན་པ་དེ་རྣམས་དཀྱིལ་འཁོར་དུ་དགོང་བའི་ཕྱིར། ཕྱག་རྒྱ་བརྟེན་དགོས་པའོ། །ལྷ་བཅུ་གསུམ་ནི་ལེའུ་བཞི་པར་བསྟན་ལ། དེའི་ལྷག་མ་རྣམས་ཀྱི་ཕྱག་རྒྱ་བསྟན་པའི་ཕྱིར། ལྕགས་ཀྱུ་དབྱུག་ཏོ་ཞེས ་པ་ལ་སོགས་པ་ཁྲོ་བོ་དྲུག་དང། བྱང་ཆུབ་སེམས་དཔའ་བརྒྱད་དང། ལྷ་མོ་ལྔ་དང། ཡུམ་བཞི་རྣམས་ཀྱི་ཕྱག་རྒྱ་བསྟན་པ་ཡིན་ནོ། །མེ་ཏོག་ཅེས་པའི་དོན་བསྟན་པའི་ཕྱིར། ལྷ་མོ་དགུ་དང་ཞེས་པ་ནི། སྲོག་ཅེས་པའི་རླུང་དང། ཐུར་དུ ་སེལ་བའི་རླུང་དང། མེ་དང་མཉམ་པའི་རླུང་དང། གྱེན་དུ་རྒྱུ་བའི་རླུང་དང། རྒྱུ་བ་དང། ཡང་དག་པར་རྒྱུ་བ་དང། རབ་ཏུ་རྒྱུ་བ་དང། ངེས་པར་རྒྱུ་བ་དང། ཀུན་ཏུ་རྒྱུ་བའོ། །ནམ་མཁའ་ཨི་ཁམས་ཞེས་པ་ནི་ཁྱབ་བྱེད་ཀྱི་རླུང་ངོ། །སྐུ་གསུང ་ཐུགས་ཞེས་པ་ནི། འཇུག་པ་དང། གནས་པ་དང་ལྡང་བའི་མཚན་ཉིད་ཀྱི་རླུང་ངོ། །རིགས་ཀྱི་རིམ་པ་ཞེས་པ་ནི། དེ་ཉིད་ཡི་གེ་གསུམ་དུ་ཤེས་པར་བྱ་ཞིང་རིགས་གསུམ་གྱི་སྔགས་སྟོན་པར་རིག་པར་བྱའོ། །མཆོད་རྟེན་ཞེས་པ་ནི ་དོན་བསྟན་པའི་ཕྱིར། རིན་ཆེན་སྣ་བཞིའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་གྱི་གཞལ་ཡས་ཁང་ནི་མཆོད་རྟེན་དང་འདྲ་བས་ནས་དེ་ཉིད་ལ། མཆོད་རྟེན་སངས་རྒྱས་ཐམས་ཅད་ཀྱི། །བཞུགས་ནས་ཕོ་བྲང་ཡིན་པར་བཤད་ཅེས་བྱའོ།། ་ཡེ་ཤེས་འཁོར་ལོའི་དོན་བསྟན་པའི་ཕྱིར། ཡེ་ཤེས་སེམས་དཔའ་གང་རེག་པ་ཞེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་དཀྱིལ་འཁོར་ལ་རེག་པར་བྱེད་པའོ། །དེ་ཉིད་ས་བོན་གང ་ཡིན་པ་བསྟན་པའི་ཕྱིར། མི་འགྱུར་རྡོ་རྗེ་གསུམ་ཡི་གེ་ཞེས་པ་ནི། ཨོཾ་ཨཱ(རྒྱུད་འགྲེལ་གསོལ་བ་གདབ་ཅིང་བསྐུལ་བར་བྱ་སྟེ། གཤིན་རྗེ་གཤེད་ཀྱིས་སོ། །ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་སུ་ཞེས་པ་ནི། དམ་ཚིག་དེ་ཉིད་ཀྱིས་དམ་པ་རྣམས་ལ་སྦྱར་ཞིང་དམ་ཚིག་དོན་སྒྲུབ་པ་ནི། བདུད་རྩི་འཁྱིལ་པ་དང་དམ་ཚིག་སྟོང་པ་རྡོ་རྗེ་ ་ཅན་ཀུན་སྤྱན་འདྲེན་པ། ཞེས་པ་ན་དམ་ཚིག་པོད་པ་སྟེ། དམ་ཚིག་དེ་ལས་བོད་ཅིང། མིང་དང་སྦྱར་ནས་གཞན་གྱིས་མི་ཐུབ་པས་དམ་ཚིག་དུ་བྱེད་པའོ། །རྡོ་རྗེ་ཅན་གྱི་གནས་དེའི་ཞེས་པ་ནི། དམ་ཚིག་འཆིང་བ་སྟེ་རྟ་མགྲིན་གྱིས་དེ་ལ་འཆིར ་དྲག་པོས་ངེས་པར་སྦྱོར་ཏེ་བཅིངས་པའོ། །དབང་བསྐུར་བའི་དོན་བསྟན་པའི་ཕྱིར། སྐུ་གསུང། ཐུགས་ཀྱི་རྡོ་རྗེ་ཞེས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་ཞེས་པ་ནི། རྣམ་པར་སྣང་མཛད་དང། སྣང་བ་མཛའ་ཡས་དང། མི་བསྐྱོད་པའི ་དཀྱིལ་འཁོར་རོ། །དབང་བསྐུར་དབྱེ་བ་རྣམས་གསུམ་མོ། །རྒྱུ་དང་མི་རྒྱུ་འདི་ལ་རབ་ཏུ་བརྟག་ཅེས་པ་ནི་བསྡུས་པའོ། །བུམ་པའི་དབང་བསྐུར་དང་པོ་སྟེ། ཞེས་པ་ནི་རིག་པའི་དབང་བསྐུར་བྱིན ་ནས་སློབ་དཔོན་གྱིས་དབང་བསྐུར་བར་བྱ་སྟེ། དེ་ཡང་བླ་མའི་མན་ངག་གིས། སློབ་མའི་ཆོ་ག་སྔོན་དུ་འགྲོ་བ་དང་བཅས་པའི་ལྷ་དེ་ཉིད་ཀྱི་མགོལ་བཅིང་བ་དང། གདོང་གཡོགས་དཀྲོལ་བ་སྟེ་དཀྱིལ་འཁོར་བསྟན་པ་དང། བུམ་པ་ལ་མི ་བསྐྱོད་པར་གྱུར་པས་ཁྲུས་བྱ་བ་དང། དབུ་རྒྱན་ལ་རིན་ཆེན་འབྱུང་ལྡན་བསྒོམས་པས་དབང་བསྐུར་བ་དང། །རྡོ་རྗེ་འོད་དཔག་མེད་དུ་བསྒོམས་པས་དབང་བསྐུར་བ་དང། དྲིལ་བུ་ལ་དོན་ཡོད་གྲུབ་པར་བསྒོམས ་པས་དབང་བསྐུར་བ་དང། མེ་ལོང་བསྟན་པ་དང། སྤྱི་བོར་རྣམ་པར་སྣང་མཛད་བསྒོམས་ལ་དབང་བསྐུར་བ་དང། རིགས་ལྔའི་དམ་ཚིག་སྦྱིན་པ་དང། །སློབ་དཔོན་གྱི་དབང་བསྐུར་བ་བྱས་ནས། སློབ་མ་དེ་ལ་དཀྱིལ་འཁོར་དང། ལྷའི ་དེ་ཁོ་ན་ཉིད་བསྟན་ཏེ། བརྟུལ་ཞུགས་དང། ཤཱཀྱ་ཐུབ་པར་ལུང་བསྟན་པ་དང། རྡོ་རྗེ་འཛིན་པས་དབུགས་དབྱུང་བ་དང། །རྗེས་སུ་སྣང་བ་ལ་སོགས་ཏེ་དབང་དགུ་པ་རྡོ་རྗེ་འཆང་ཆེན་པོར་སྤྲུལ་པའི་དཀྱིལ་འཁོར་དུ་རིག་པའི་དབང་བསྐུར་བ་ནི ་བུམ་པའི་དབང་གི་ཆོ་ག་ཡིན་ནོ། །གཉིས་པ་ལ་ནི་གསང་བའི་དབང་ཞེས་རྒྱས་པར་བསྟན་པའི་ཕྱིར། མིག་ཡངས་སྔགས་ཀྱི་སྣོད་དུ་རུང་ཞེས་པ་ལ་སོགས་པས་བསྟན་ཏེ། སྔགས་ཀྱི་སྣོད་དུ་རུང་བས་ཕྱག་རྒྱ་མོ་གཉིས་སུ་མེད་པའི ་མིག་ཡངས་པའོ། །མེ་ཏོག་ཅེས་པ་ནི་རང་བྱུང་བའོ། །ས་བོན་ཞེས་པ་ནི་ཁུ་བའོ། །གསང་པའི་དབང་ཞེས་པ་ནི་ཐབས་དང་ཤེས་རབ་ཀྱི་སྙོམས་པར་འཇུག་པའི་མཚན་ཉིད་ཀྱི་ཆོ་ག་འདི་ནི་དེ་ཁོ་ན་ཉིད་གསང་བའི་མཆོད་པ་ཞེས་བྱ་སྟེ། ཕྱིའི ་མཆོད་པ་བལྟོས་ཏེ་འདི་འདོད་ཆགས་དང། འདོད་ཆགས་དང་བྲལ་བར་དང། འདོད་ཆགས་བར་མའི་རིམས་ཀྱིས་ཉོན་མོངས་པའི་གནས་རྣམ་པར་དག་པ་མངོན་སུམ་དུ་བྱེད་པའི་ཕྱིར་རོ། །སྔགས་པ་ནི་སློབ་དཔོན་ནོ། །སློབ་མ་དག་ལ་སྦྱིན་ཞེས་པ་ནི། ་??་ནས་འབྱུང་བ་བཞིན་དུའོ། །ནམ་མཁའ་ཨི་དབྱིངས་ཞེས་པ་ནི། སློབ་དཔོན་ཡབ་ཡུམ་རྡོ་རྗེ་དང་པདྨའི་ནམ་མཁའ་ཨི་ཁམས་སུ་ཕྲད་པ་ལས། དྲི་ཆུ་དང་མི་རྐང་སྟེ་ས་བོན་དང། ཡང་དག་པར་ལྡན་ཞེས་པ། །བདུད་རྩི་ཕྱི་མ་རྣམས་སྦྱར་བའི ་འདི་སྐད་སྟོན་ཏེ། སློབ་མས་བསྟབས་པའི་ཆོ་ག་བཞིན། མཛེས་པའི་ལུས་ལ་གནས་པ་ཇི་ལྟ་བ་བཞིན་དུ། ཨོཾ་ལ་སོགས་པའི་ས་བོན་རྣམས་ལ། རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ལྔར་བྱིན་གྱིས་བརླབ་པ་བྱས་ལ། སྙོམས་པར ་འཇུག་པའི་ཆོ་གས་བྱང་ཆུབ་སེམས་དུར་ཕོར་ལ་སོགས་པར་བཞག་ལ། དྲི་ཆུ་དང་བསྲེས་ཏེ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ལ་སོགས་པ་སྔོན་དུ་འགྲོ་བས་སློབ་མ་དབང་བསྐུར་བར་བྱ་སྟེ། བྱང་ཆུབ་སེམས་ནི་རིན་ཆེན་འབར་ཕྱུང་བ། མ་ལུས ་རྒྱལ་བ་རྣམས་ཀྱིས་ལུས་སྐམས་ལ། །རྣམ་དག་རྡོ་རྗེ་ལས་བྱུང་ཡེ་ཤེས་ཆུ། །དྲི་མེད་རིན་ཆེན་སྤྱི་དབབ་དབང་བསྐུར་རོ། །སློབ་མས་ཀྱང་བྱང་ཆུབ་ལས་མི་གཡོ་བའི་བསམ་པས་བཟའ་བ་དང། རང་གི་ལུས་ལ་གནས་པའི་དེ་བཞིན ་གཤེགས་པ་རྣམས་ཚིམ་པར་བྱའོ་ཞེས་བསམས་ནས་བཟའ་ཞེས་སྤྱང་པར་བྱ་སྟེ་མྱང་ངོ། །བླ་མས་ཀྱང་སངས་རྒྱས་ཐམས་ཅད་མན་ངག་བླ་མ་བརྒྱུད་པ་ལས་འོངས་པ་སྒྱུ་མའི་དཔེ་བཅུ་གཉིས་ཉེ་བར་མཚོན་པ་ཀུན་རྫོབ་ཀྱི་མན་ངག་ཇི་ལྟ ་བ་བཞིན་དུ་བསྟན་ཏོ། །དེ་ལྟར་གསང་བའི་དབང་བསྐུར་བ་བསྟན་ནས། ད་ནི་མཆོག་ཏུ་གསང་བའི་དབང་བསྐུར་བ་བསྟན་པའི་ཕྱིར། རྡོ་རྗེ་པདྨ་སྦྱར་བ་ཡིས། རྡོ་རྗེ་ཅན་ཀུན་ཡང་བདག་བསྡུ། །ཞེས་པ་ནི་རྡོ་རྗེ་ཧཱུཾ་ལས་བསྐྱེད་པ་དང། པདྨ ་ཨ་ལས་བསྐྱེད་ནས། རྡོ་རྗེ་པདྨའི་མཚམས་སུ་འོད་ཟེར་སྤྲོས་ཏེ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་འདུས་པ་ལྷ་སུམ་ཅུ་རྩ་གཉིས་རང་གི་སྐུ་བཞིའི་དཀྱིལ་འཁོར་ལ་གནས་པ་རྣམས་རང་གི་སྙིང་གར་བསྡུས་ཏེ། ས་བོན་གྱི་གཟུགས་སུ ་རྡོ་རྗེའི་ལམ་ནས་ཕྱུང?་ལ་སློབ་མའི་ཁར་དབབ་པར་བྱའོ། །དབང་བསྐུར་པའི་གོ་འཕང་མཆོག་ཅེས་པ་ནི། མཆོག་ཏཱུང་གསང་བའི་དབང་བསྐུར་བའི་ཆོ་ག་འདི་ཡིན་ཏེ། འདིའི་ཡོན་ཏན་ནི་ལས་རྒྱལ་མཆོག་ཅེས་པ་ལ་སོགས་པས་སྟོན་ཏེ། དེ ་ཡང་ཟླ་གསང་ཐིག་ལེ་ལས། རྡོ་རྗེ་པདམོ་ལས་དྲངས་པ། སྦོམ་པོ་དང་ནི་དབང་གི་བླ། །རྡོ་རྗེ་རྐན་དུ་བཞག་བྱ་སྟེ། རྟག་པ་དགའ་བ་བདེ་བ་ཆེ། །ཀྱེ་མ་དམ་ཚིག་འདི་བརྗོད་ཅིང། །ཀྱེ་མ་རྡོ་རྗེ་བླང་བར་བྱ། །ད་ནི་གསང་བ ་ཞེས་བྱ་སྟེ། །དབང་བསྐུར་བ་ཡི་ཐབས་མཆོག་གོ་།རྡོ་རྗེ་སློབ་དཔོན་བདག་ཉིད་ཆེ། །རང་གི་ཁར་ནི་རྡོ་རྗེ་བཞག་།སེམས་དཔའ་ཆེན་པོས་དྲངས་བྱས་ན། །སེམས་ཀྱི་བྱང་ཆུབ་བདེ་བ་ཐོབ། །འདི་ནི་མཆོག་ཏུ་གསང་བ་སྟེ། །དབང་བསྐུར་བ་ཡི་བདེ་བའོ། ་སློབ་མ་མི་ཤེས་པ་རྣམས་ལ། །འདི་དག་ཐམས་ཅད་བསྒྲགས་མི་བྱ། །རྡོ་རྗེ་སློབ་དཔོན་གྱིས་བྱ་བ། །ཡང་ནས་ཡང་དུ་བརྟགས་ཏེ་བྱ། །འདི་ཡིས་དབང་ནི་བསྐུར་མ་ཐག་།སློབ་མ་ཚོགས་ཀྱི་བདག་པོར་འགྱུར། །སངས་རྒྱས་རྡོ་རྗེ་འཛིན ་པ་ཡིས། །སློབ་དཔོན་ཉིད་དུ་བདེ་བར་འགྱུར། །གཟུངས་མ་རྣམས་ཀྱི་དག་པའི་བདག་།སངས་རྒྱས་རྣམས་ཀྱི་རྡོ་རྗེར་བཤད། །མཁའ་ལ་འགྲོ་བའི་སྤྱོད་འགྱུར་ཏེ། །རི་དང་འགྲོ་བ་ཀུན་གྱི་བདག་།དེས་ན ་ཤེས་རབ་ཡེ་ཤེས་དབང། །སློབ་མ་མཆོག་ལ་སྦྱིན་པར་བྱའོ་ཞེས་འབྱུང་ངོ། །དེ་ལྟར་གསང་བའི་དབང་བསྐུར་ནས། །ད་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་ཕྱིར། མཆོག་ཏུ་དད་ཅིང་ཤེས་རབ་ཆེ་ཞེས་པ་ལ་སོགས་པས་སྟོན ་ཏེ། ཤེས་རབ་ཀྱི་མཚན་ཉིད་དད་པ་ཆེ་བ་དང། ཤེས་རབ་ཆེ་བ་དང། གཟུགས་བཟང་བ་དང། སྒྲུབ་པ་པོ་ལ་མོས་པ་དང། རྣལ་འབྱོར་ལ་གོམས་པ་དང། དམ་ཚིག་ལྡན་པ་སྟེ་བླ་མ་ལ་དབུལ་སྟེ། བླ་མས་འོག་ནས་འབྱུང་བའི ་བཞིན་བྱིན་གྱིས་བརླབས་ཏེ། སྒྲུབ་པ་པོ་ལ་འོག་ནས་འབྱུང་བའི་ཆོ་གས་སྦྱིན་པར་བྱའོ། །བྱིན་གྱིས་བརླབས་པའི་ཐབས་རྒྱས་པར་བསྟན་པ་ནི། རྨོངས་པས་བདག་ཉིད་གཏི་མུག་སྦྱར་ཞེས་པ་ནི། རྣལ་འབྱོར་པས་གཏི་མུག་རྣམ་ ་པར་སྣང་མཛད་དུ་བསྒོམ་ལ། རིག་མ་གཏི་མུག་དགའ་མར་བྱིན་གྱིས་བརླབས་ལ། རྣམ་པར་སྣང་མཛད་ཀྱི་ཡེ་ཤེས་ཀྱི་རྒྱུན་ལ་གནས་པའི་དབང་བསྐུར་ན་རྣམ་པར་སྣང་མཛད་དུ་འགྱུར་རོ། །རིག་པའི་བརྟུལ་ཞུགས་བསྟན་པའི་ཕྱིར། སློབ ་མ་ལ་ཤེས་རབ་སྦྱིན་པའི་ཆོ་ག་བསྟན་པ་ནི། རིག་པའི་ལྷ་མོ་དེ་ཉིད་ནི། ཞེས་པ་ནི། གོང་དུ་བྱིན་གྱིས་བརླབས་པའི་ཡུམ་གང་ཡང་རུང་བ་དེ་ཉིད་དོ། །ལག་པར་ཞེས་པ་ནི། སློབ་མའི་ལག་པར་རིག་མའི་ལག་པ་བཞག་ལ། ་སློབ་དཔོན་གྱི་ལག་པ་སློབ་མའི་མགོར་བཞག་ལ། སློབ་མལ་བསྒོ་པའི་ཚིགས་སུ་བཅད་པ་ནི། ཐབས་གཞན་གྱིས་ནི་སངས་མི་རྒྱ། །ཞེས་པ་ལ་སོགས་པ་བསྟན་ཏོ། །དེའི་དོན་ནི་འདི་སྐད་དེ། སློབ་མས་ཕྱིའི་མངོན་བྱང་དང། ནང ་གི་མངོན་པར་བྱང་ཆུབ་པའི་རིམ་གྱིས་འདོད་ཆགས་དང། ཆགས་བྲལ་དང། འདོད་ཆགས་བར་མའི་རིམ་གྱིས་འོད་གསལ་བའི་ཡེ་ཤེས་མངོན་དུ་བྱས་ལ་ཕྱག་རྒྱ་ཆེན་པོ་བསྒྲུབ་པར་བྱ་བ་ནི། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པར ་བྱའོ། །བཞི་པ་ནི་བདག་གིས་མ་བཤད་དོ། །ད་ནི་བདུད་རྩི་ཟ་བའི་ཐབས་བསྟན་པའི་ཕྱིར། ཐ་མལ་ལུས་ཀྱིས་ཆོས་ལ་ནི་ཞེས་པ་ལ། རང་ལས་བྱུང་བའི་རྫས། བཤད་པ་དང། གཅི་པ་དང། ས་བོན་དང། ཁྲག་དང། མཆིལ་མ་ལྔ ་པོ་རྣམས་ཡེ་ཤེས་ལྔར་བྱིན་གྱིས་བརླབས་ལ་བཟའ་པར་བྱའོ། །སྦར་དང་དེ་བཞིན་བསྲེག་ཅེས་པ་ནི། ཡཾ་ལས་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ། རཾ་ལས་མེའི་དཀྱིལ་འཁོར་བསམས་ཏེ། ཨ་ལས་པདྨ་མ་ཀ་པཱ་ལ་བསྒོམ་མོ ་དེ་ནས་རླུང་གིས་མེ་སྦར། མེས་བདུད་རྩི་བསྐོལ་བས་བདུད་རྩིའི་གཟུགས་སུ་བྱའོ། །རྡོ་རྗེ་ཧཱུཾ་ལས་བྱུང་བ་ཞེས་པ། བར་སྣང་དུ་ཉི་མའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་ཧཱུཾ་གིས་མཚན་པ་དང། བདུད་རྩི་ཉིད་ཡི་གེ་ཨོཾ་གྱིས་མཚན་པར ་བསྒོམས་ལ། ཨོཾ་གྱི་འོད་ཟེར་གྱིས་བསྡུས་པ་དང། ཧཱུཾ་གི་འོད་ཟེར་གྱིས་བདུད་རྩིར་གྱུར་པའོ། །བདག་ཡབ་ཡུམ་གྱི་སྦྱོར་མཚམས་ལས་ཀྱང་འོད་ཟེར་དང་མཚུངས་པ་སྤྲོས་པས་ཕྱོགས་བཅུ ་ཡེ་ཤེས་ཀྱི་བདུད་རྩི་ལྕགས་ཀྱུས་དྲངས་ནས་བདུད་རྩིར་བབ་པ་ལ་བཟའ་བར་བྱའོ། །བཟའ་བའི་སྦྱོར་བས་བཟའ་བར་བྱ། ཞེས་པ་ནི། རང་གི་ལྷའི་རྣལ་འབྱོར་དང་ལྡན་པས་ལྐོག་མ་དང་མགྲིན་པ་སྦྱང་བ་བྱས་ལ། དཔའ་བོ ་ལྔ་བསྟན་པའི་ཕྱིར། བསྒྲུབ་བྱའི་དངོས་གྲུབ་ཆོ་ག་ཡིས་ཞེས་པ་ནི། བདུད་རྩི་ལྔའི་ཆོ་ག་གོང་དུ་བསྟན། ཆོག་གས་དཔའ་བོ་ལྔ་སྟེ། ཤ་ལྔ་ཨོཾ་ཨཱ(རྒྱུད་འགྲེལ་བསྟན་པའི་ཕྱིར། མི་སྣང་བ་ལ་སོགས་པའི་དངོས་གྲུབ་ནི་ཞེས་པ་ལ། མི་སྣང་བ་དང། མངོན་པར་ཤེས་པ་དང། རིགས་འཛིན་མངག་གཞུག་པ་དང། །ལས་ཀྱི་ཆགས་རྣམས་ནི་ཐ་མལ་པའི་དངོས་གྲུབ་སྟེ། ལྷ་དང་གནོད་སྦྱིན ་ལ་སོགས་པ་དང་ཐུན་མོང་དུ་གྱུར་པའོ། །བཤད་པའི་རྒྱུད་ལྷ་མོ་བཞིས་ཞུས་པ་ལས། རིལ་བུ་མིག་སྨན་དངོས་གྲུབ་དང། ས་འོག་རལ་གྲིའི་དངོས་གྲུབ་དང། ནམ་མཁར་འཕུར་དང་མིག་སྨན་དང། འཆི་བ་མེད་དང་ནད་འཛེམས་དང ་གྲུབ་པ་བརྒྱད་ཅེས་གྲགས་པ་ཡིན་ཞེས་བཤད་དོ། །དངོས་གྲུབ་མཆོག་བསྟན་པའི་ཕྱིར། སངས་རྒྱས་ཉིད་འགྲུབ་ཅེས་པ་ནི། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་གཉིས་སུ་མེད་པའི་ཡེ་ཤེས་ཟུང་དུ་འཇུག་པའི་མཚན་ཉིད་ཡན ་ལག་ཉི་ཤུ་རྩ་གཅིག་དང་ལྡན་པ་དེ་ནི། སངས་རྒྱས་རྣམས་ཀྱི་དངོས་གྲུབ་མཆོག་ཅེས་བྱ་བ་འམ། འབྲས་བུའི་རྒྱུད་མི་འཕྲོག་པ་ཞེས་བྱ་བར་གསུངས་སོ་ཞེས་བཤད་དོ། །རྒྱུད་གསང་བ་འདུས་པ་ལ་ཐབས་ཀྱི ་རྒྱུད?་དུ་ཡོད། ཅེས་བྱ་བར་གྲགས་པའི་ཕྱིར། ཐབས་ནི་བཞི་པོ་དག་ཅེས་བྱ་བ་ལ། རྣལ་འབྱོར་རྒྱུད་ནི་ཐམས་ཅད་དུ་ཞེས་བྱ་བ་ནི། གཉིས་སུ་མེད་པ་སྟོན་པའི་རྒྱུད་ཐམས་ཅད་དོ། །བསྙེན་པའི་ཆོ་ག་དང་པོ་སྟེ། ཞེས་པ་ལ་སོགས ་པ་ནི། བསྐྱེད་པའི་རིམ་པ་དང། རྫོགས་པའི་རིམ་པ་གཉིས་ཀྱི་རྣལ་འབྱོར་བསྙེན་སྒྲུབ་བཞིར་འདུས་པར་བྱང་སེམས་རྡོ་རྗེ་ཅན་གྱིས་གསུངས་སོ། །རིམ་པ་གཉིས་ཀྱི་ཚུལ་དུ་བསྙེན་སྒྲུབ་བཞི་རྒྱས་པར་བཤད་པའི་ཕྱིར། ཐུན་མོང་མཆོག་གི ་བྱེ་བྲག་གིས། །བསྙེན་པ་རྣམ་པ་གཉིས་སུ་གསུངས། །ཤེས་པ་ལ། སྦྱོར་བ་བཞིའི་རིམ་གྱིས། རྡོ་རྗེ་སེམས་དཔའ་མཉེས་པར་བྱ་བ་བསྐྱེད་པས་ཐུན་མོང་གི་དངོས་གྲུབ་སྒྲུབ་པར་བྱེད་པ་དང། ཡན་ལག་དྲུག་གི་རིམ་གྱིས་རྡོ་རྗེ་འཆང ་ཆེན་པོ་རྫོགས་པའི་རིམ་པ་སྐྱེད་པས་མཆོག་གིས་དངོས་གྲུབ་སྒྲུབ་པར་བྱེད་པས་གཉིས་སུ་འགྱུར་ཞེས་བྱའོ། །དེ་ལ་བསྐྱེད་པའི་རིམ་པ་བསྙེན་སྒྲུབ་བཞི་དང། རྫོགས་པའི་རིམ་པ་བསྙེན་སྒྲུབ་བཞིར་རྒྱུད་འདི་ལས་སྟོན་པ་ལ། དང ་པོར་རྫོགས་པའི་རིམ་པའི་བསྙེན་སྒྲུབ་བསྟན་ཏོ། །དང་པོར་བསྙེན་པ་ལ་གཉིས་ཏེ། ཐུན་མོང་གི་བསྙེན་པ་རྡོ་རྗེ་འཆང་གི་བཞི་དང། མཆོག་གི་བསྙེན་པ་ཡེ་ཤེས་བདུད་རྩི་མཆོག་སྟོན་པའོ། །རྡོ་རྗེ་བཞི་བསྟན་པའི་ཕྱིར། དང་པོ ་སྟོང་ཉིད་བྱང་ཆུབ་སེམས་ཏུ་སོ་སོར་གཞིག་པས་དེ་བཞིན་ཉིད་དུ་དམིགས་པས་འཆི་བར་འགྱུར་བ་ཇི་ལྟར་གཞན་གྱི་རྒྱུད་དུ་གནས་པ་འཇིག་འུཾ་སྣང་བ་དེ་བཞིན་དུ་བདག་གི་རྒྱུད་དུ་གནས་པའང་གསང་བར་བསྟན་པས་ནི་དོན་དམ་པ་ལ ་དམིགས་པ་ཉིད་བསྟན་པ་ཡིན་ཏེ། གསང་བའི་ཆོ་ག་འདི་ནི་རྫོགས་པའི་རིམ་པ་ལ་གནས་པ་རྣམས་ཀྱི་ཡིན་ཏེ། འདི་ནི་རྡོ་རྗེ་འཆང་ཆེན་པོའི་བཀའ་ཨོ། །ཁྲོ་བོ་ཆེན་པོ་དམ་ཚིག་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་ལས་བྱུང་ནས་དེ་དང་གཅིག་ཏུ་གྱུར ་པ་ཞེ་སྡང་རྡོ་རྗེ་ནི་རྡོ་རྗེ་ཁྲོ་བོ། དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ནི་བསྡུད་པར་བྱེད་པའི་ཚིག་གོ་།དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། །རྒྱལ་པོ་ནི་འབར་བར་གྱུར་པའོ། །རྡོ་རྗེ་འཛིན་ནི་ཞེ་སྡང་རྡོ་རྗེའོ། །ཐམས་ཅད ་ནམ་མཁའ་ནི་ཐམས་ཅད་སྟོང་པའི་བདག་ཉིད་དེ། དེ་ཉིད་ཀྱིས་ནི་ཐུབ་པ་ཆེན་པོའོ། །ཐམས་ཅད་དབང་བསྐུར་ནི་ཟད་ཅིང་འཇིག་པའོ། །རྫོགས་པའི་སངས་རྒྱས་ནི་དེ་ཞེས་པའོ། །ཡེ་ཤེས་རྡོ་རྗེ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བར་ ་འདོད་པའི་འབྲས་བུ་རབ་ཏུ་སྟེར་བའི་མི་འཇིགས་པའི་ངོ་བོ་ཉིད་འོག་ནས་བཤད་པའི་ཆེད་དུ་བརྗོད་པའི་ཚིགས་སུ་བཅད་པས་བཀའ་སྩལ་ཅིང་གསལ་བར་མཛད་པའོ། །ེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །ངོ་བོ་ཉིད་ཀྱིས་བདག ་ཅེས་པ་ནི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །རྡོ་རྗེ་ཐེག་པ་བླ་ན་མེད་པ་ནི་ངོ་བོ་ཉིད་དང་བྲལ་བའི་འོད་གསལ་བ་བླ་ན་མེད་པ་སྟེ། གང་ཞིག་བསྒོམས་པས་མ་སྐྱེས་པའི་ཆོས་རྣམས་ལ་ཏེ་རྒྱུ་དང་བྲལ་བའི་ཕྱིར་སྐྱེ་བ་མེད ་པའི་ཆོས་རྣམས་ཟིན་པ་དང། མགྲིན?་པར་གྱུར་པ་རྣམས་ལ་དུས་གསུམ་དུ་གྱུར་བའི་རྒྱལ་བ་རྣམས་ཀྱིས་ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་རྣམས་ཀྱི་སྐྱེ་བས་འབྱུང་བ་གཏན་ཅིང་གསུངས་སོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། ཆོས ་བདག་མེད་པ་ལ་གནས་པ་ལ་འོག་ནས་བཤད་པ་འདི་ནི་ཕྲན་ཚེགས་ཏེ། ཡོ་བྱད་ཉུང་ཟད་ཙམ་གྱིས་བསྒྲུབ་པར་བྱ་བ་ཡིན་པས་ན་ལས་ཕྲན་ཚེགས་སོ། །འོན་ཀྱང་སྙིང་པོར་གྱུར་པས་ན་རྡོ་རྗེའོ། །དེ་ཉིད་ཀྱིས་ན་སྦ་བར་བྱ་བ་ཡིན་པས་ན ་གསང་བའོ། །སྤྲུལ་ནི་ཞེས་བྱ་བ་ལ་སོགས་པ་ལ། སྤྲུལ་གདེངས་ཀ་གཅིག་པ་འམ། གདེངས་ཀ་གསུམ་ལ་སོགས་པ་དང་ལྡན་པ་མི་སྡུག་ཅིང་གཟུགས་ངན་པ་དང། འཇིགས་པར་བྱེད་པ་རྣམ་པར་འགྱུར་བ་འོད་ནག་པོ་འབར་བ་འཁྲུག་ཅིང ་ཁྲོ་ལ་ལྕེ་གཉིས་ཀུན་ཏུ་བསྐྱོད་པ་ཁ་རེ་རེ་ཞིང་མཆེ་བའི་ཕྲེང་བས་གཏམས་པ་རྡོ་རྒྱས་སམ། སོལ་བ་འམ། གང་ཡང་རུང་བའི་ཚོན་གྱིས་བྲི་ཞིང་བསམས་ལ། དེ་ལ་ཏེ་དེར་འདི་ནི་སྟེ། འོག་ནས་བཤད་པའི་ཀླུ་ཁྲོ་བོ་བསྐུལ་བའི་སྙིང་པོ་སྟེ། ས་བོན ་བསམ་པར་བྱའོ། །ཁཾ་ཀླུའི་ཁ་ནང་དུ་ཁཾ་ནག་པོ་བཀོད་ལ་དེ་ཡོངས་སུ་གྱུར་པ་ལས་བྱུང་བའི་དུག་ཧ་ལ་ཧ་ལ་དང་འདྲ་བར་གནག་པ་མེ་ལྟར་བསྲེག་པ་བཟོད་པར་དཀའ་བ་བསྒོམས་ལ། ནོར་རྒྱས་ལ་སོགས་པ་གང་ཡང་རུང་བའི་རྣམ་པར ་ཤེས་ས་ཧྲི་ལས་བྱུང་དུག་ཅེས་བྱ་བ་ནི་རྒྱུ་བ་དང་མི་རྒྱུ་བས་བྱུང་བའི་བདག་ཉིད་ཅན་ནོ། །ཁམས་གསུམ་ན་ནི་གནས་པ་ཀུན་ཞེས་པ་ནི་མཆོག་དང། འབྲིང་དང་ཐ་མའི་སྣོད་ན་གནས་པ་མ་ལུས་པ་ཀུན་ཧྲི་དེ་ཡིས། ཁྱེད་ཞིང་དྲངས་པར་བསྒོམས ་ལ། ནོར་རྒྱས་ལ་སོགས་པ་གང་ཡང་རུང་བའི་རྣམ་པར་ཤེས་པ་ཧྲི་ལས་བྱུང་བའི་ལྕགས་ཀྱུས་དྲངས་ལ་བཅུག་པས་སྦྲུལ་རྣམ་པར་གཡོ་བ་བསྒོམས་ན། འགུལ་པར་གདོན་ཞེས་བ་ལ། དང་པོ་མེད་པར་བསྒོམ་པ་ལ་སོགས་པའི་སྟོང ་པ་ཉིད་དུ་བསྒོམ་པ་དང། ཡི་ག་གསུམ་བཀོད་པ་ལ་སོགས་པའི་ཡི་གེ་བཀོད་པ་ཕྱག་རྒྱ་ཆེན་པོའི་གཟུགས་བསྐྱེད་ནས། སྐྱེ་མཆེད་ལ་ཡི་གེ་བཀོད་པ་དང། སྐུ་གསུང་ཐུགས་ཀྱི་ཡི་གེ་དང། ཏིང་ངེ་འཛིན་སེམས་དཔའ་དང། རིག་མའི ་ལུས་དང། རྡོ་རྗེ་པདྨའི་ཡི་གེ་དང། འབྱིན་པའི་ཡི་གེ་ལ་སོགས་པས་ལྷ་རྣམས་བསྐྱེད་པ་སྟེ། དྲང་བའི་དོན་ཏོ། །མཆོག་གི་སྒྲུབ་པ་ལ་གནས་རྣམས་ཀྱིས་ཀྱང། རྡོ་རྗེ་རྣམ་པ་བཞི་ནི་སྟོང་པ་ཉིད་རྣམ་པ་བཞི་ཡིན་ཏེ། དེས་བསྙེན་པ་བྱ་ཞིང་རྡོ་རྗེ ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་འབད་པར་བྱའོ། །ཡེ་ཤེས་བདུད་རྩི་མཆོག་བསྟན་པའི་ཕྱིར། མཆོག་གི་ཡེ་ཤེས་བདུད་རྩི་ཉིད་ཅེས་པ་ལ་སོགས་པས་བསྟན་ཏོ། མཆོག་གི་ཡེ་ཤེས་ནི་འོད་གསལ་བའི་ཡེ་ཤེས་སོ། །བདུད ་རྩི་ཉིད་ཅེས་པ་ནི་ས་བོན་གྱི་ཐིག་ལེས་བསྒྲུབ་པའོ། །དེའི་ཐབས་ནི་སྦྱོར་བ་ཡན་ལག་དྲུག་གིས་འགྲུབ་པར་འགྱུར་གྱིས། །གཞན་གྱིས་མི་འགྲུབ་ཅེས་སྟོན་ཏོ། །སྦྱོར་བའི་ཡན་ལག་དྲུག་བསྟན་པའི་ཕྱིར་སོ་སོར ་སྡུད་དང་ཞེས་པ་སོགས་ནི་མདོར་བསྟན་པའོ། །རྒྱས་པར་དབྱེ་བ་བསྟན་པའི་ཕྱིར། དབང་པོ་བཅུ་པོ་རྣམས་ཞེས་བྱ་བ་ནི། དབང་པོ་ལྔ་དང་དབང་པོའི་ཡུལ་ཏེ། གཉིས་ཀ་ལ་དབང་བོ་ཞེས་བྱའོ། །རང་གི་འཇུག་གནས་ཞེས་བྱ་བ་ནི་། ་དབང་པོ་བཅུའི་ཡུལ་དང་ཡུལ་ཅན་རྣམས་ཀྱིས་གཟུང་བ་དང་འཛིན་པའི་རང་བཞིན་གྱིས་འཇུག་པའོ། །དེར་འཇུག་པས་ན་རང་གི་འཇུག་གནས་སོ། །ཐམས་ཅད་ཅེས་པ་ནི་དམན་པ་དང་བར་མ་དག་མཆོག་གི་བྱེ་བྲག་གིས་སོ། །འདོད་པས་ཤེས ་པ་ནི་འདོད་ཅིང་ཆགས་པར་བྱ་བ་ཡིན་པས་ན་འདོད་པས་ཏེ་གཟུགས་ལ་སོགས་པའོ། །སོ་སོར་སྡུད་པ་ནི་ཞེས་པ་ལ། དེ་རྣམས་ལ་དབང་བོ་རྣམས་ཀྱིས་ཡང་དང་ཡང་དུ་སྡུད་ཅིང་ལེན་པས་ན་སོ་སོར་སྡུད་པ་ཞེས་བྱ་སྟེ། ཡན་ལག་དང ་བོའི་བཤད་པའོ། །སོ་སོར་སྡུད་པ་རྣམ་པར་སྦྱར་བའི་ཆེད་དུ་ཡན་ལག་གཉིས་པ་བསྟན་པའི་ཕྱིར། འདོད་པ་ལྔ་པ་ཞེས་བྱ་བ་གསུངས་ཏེ། འདོད་པོ་ལྔ་པོ་དབང་པོ་ལྔའི་ཡུལ་དུ་གྱུར་པ། གཟུགས་ལ་སོགས་པའོ། །མདོར་བསྡུས ་ན་ཞེས་པ་ནི་དབང་པོ་ལྔ་དང་གཅིག་ཏུ་གྱུར་ནས་སོ། །སངས་རྒྱས་ལྔ་རུ་སྦྱོར་བ་ཡིས་ཤེས་བ་ནི་མིག་ལ་སོགས་པ་སྟེ། དེ་རྣམས་ཀྱི་སྦྱོར་བ་ནི་ཡང་དག་པར་རྫོགས?་པས། སངས་རྒྱས་ལྔ་རུ་སྦྱོར་བ་ཡིན་ཏེ། དེ་བས་ན་གཟུགས་ལ་སོགས་པ་རྣམས་ཀྱང ་སངས་རྒྱས་ཡིན་ནོ། །བརྟག་པ་བསམ་གཏན་ཞེས་བཤད་དེ་ཞེས་པ་ནི། དེ་ལྟར་གྱུར་པའི་ཡོངས་སུ་དག་པའི་བསམ་གཏན་ཞེས་བཤད་དོ། །དེ་ཡང་རྟོག་པ་ལ་སོགས་པའི་དབྱེ་བས་རྣམ་པ་ལྔ་རུ་འགྱུར་ཏེ། །རྟོག་དང་ཞེས་པ་ལ་སོགས་པ་མདོར ་བསྟན་པའོ། །རྒྱས་པར་དབྱེ་བ་བསྟན་པའི་ཕྱིར། གསང་བ་གསུམ་བྱུང་བརྟག་པ་སྟེ་ཞེས་པ་ལ། གསང་བ་གསུམ་ནི། དབང་པོ་ལྔ་དང། ཡུལ་དང་དབང་པོའི་ཤེས་པ་ནི་གསང་བ་གསུམ་མོ། །བརྟག་པ་ནི་དབང་པོ་ལྔ་དང། དབང་པོའི་ཤེས་པ་དང ་དེ་ནི་ཡུལ་རྣམས་ནི། དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཡིན་ནོ་ཞེས་གང་བརྟག་པའོ། །དེའི་ལོངས་སྤྱོད་པ་ཡི་ཞེས་པ་ནི། དེ་ཉིད་རྣམ་པར་སྤྱོད་པ་ནི་གནས་པ་ལ་སྤྱོད་པའོ། །དེ་ལྟར་སྤྱད་ནས་དེ་ཁོ་ན་ཉིད་ལ་འཇུག་པ་ལ་མངོན་པར ་ཕྱོགས་པ་གང་ཡིན་པ་བདེ་པའི་མཚན་ཉིད་ཅན་གང་ཡིན་པ་དེ་ནི་རང་འདྲ་བའོ། །དེ་ཁོ་ན་ཉིད་ལ་མངོན་པར་ཞུགས་པས་ལུས་ཡོངས་སུ་དག་པ་ལ་སོགས་པའི་མཚན་ཉིད་ཅན་གྱི་བདེ་བ་གང་ཐོབ་དེ་ནི་བདེ་བས་བསྡུས་པའོ། །དེ་ལྟར་སྦྱངས ་པ་ལས་རབ་ཀྱི་མཐར་སོན་པའི་ཕྱིར། ཤེས་དང་ཤེས་བྱ་བྱུང་ཟད་པ་ཞེས་པ་ལ། ཤེས་པ་ནི། མིག་ལ་སོགས་དྲུག་གི་འཇུག་པའི་རྣམ་པར་ཤེས་དང། ཤེས་བྱ་སྟེ། གཟུགས་ལ་སོགས་པ་ནས། ཆོས་ཀྱི་ཁམས་ཀྱི་བར་དུ་བྱུང་བའི་?? ་ཤེས་པ་ལས་བྱུང་བ་ཟད་པའོ། །ཟད་པའོ་ཞེས་པ་ནི་སེམས་ཀྱིས་གཟུང་བ་དང་འདྲིན་པ་སྟོང་པ་ཉིད་དེ། དེ་བས་ན་ཡེ་ཤེས་ཀྱི་མཚན་ཉིད་སེམས་རྩེ་གཅིག་པ་ལ་ནི་རང་སེམས་རྣམ་པར་ཤེས་པར་བྱ་ཞེས་གསུངས་སོ། །དེ་ལྟ་བུའི་སེམས་དེ་ནི། སངས ་རྒྱས་ཀུན་དངོས་ཞི་བ་ནི། ཞེས་པ་ལ། སྣང་བ་ཙམ་དང། ཐམས་ཅད་སྟོང་པར་ཅིག་པར་མཐར་ཐུག་པར་འགྱུར་ཏེ། ཡན་ལག་གཉིས་པའི་དབྱེ་བ་རྣམས་ལྔའོ། །རྡོ་རྗེ་བཟླས་པ་བསྟན་པའི་ཕྱིར། ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། ཞེས ་པ་ལ་སོགས་པ་གསུངས་ཏེ། མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་རང་གི་དབུགས་ཏེ། དེ་ཉིད་གཡས་པ་མེ་ལོང་ལ་སོགས་པ་ཡིན་པས་ན། འབྱུང་བ་ལྔའི་ངོ་བོ་ཉིད་ཅེས་གསུངས་སོ། །གོང་བུའི་གཟུགས་ཀྱིས་ཕྱུང་ཞེས་པ་ནི། ཡང་དེ་ཉིད ་ལ་སོགས་པའི་བདག་ཉིད་ཅན་རང་རང་གི་རྡོ་རྗེའི་བུ་ག་ལས་ཕྱུང་པདྨའི་སྣ་རྩེད་གོང་བུའི་གཟུགས་ཀྱིས་ཏེ། བྱང་ཆུབ་སེམས་ཐིག་ལེའི་གཟུགས་ཀྱི་བསྒོམ་པར་བྱའོ། །རིན་ཆེན་ཁ་དོག་སྣ་ལྔ་པ་ཞེས་པ་ནི་དེ ་ཉིད་གྱེན་དུ་འགྲོ་བའི་དབུགས་ནི་ཁ་དོག་ལྔ་སྟེ། དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་ནོ། །དེ་ཉིད་ཀྱིས་རིན་པོ་ཆེའི་སྲོག་དང་རྩོལ་བ་ཞེས་པ་ནི། རང་གི་སྙིང་ཀའི་པདྨ་ལས། ཨ་ཐུང་དུ་བསམས་ཏེ། སྲོག་ནི་ཐིག་ལེར་གྱུར་པར་བཞས ་ཅེས་པ་ནི། མི་ཤིགས་པར་རྟོག་པར་བཀོད་པ་སྟེ། ཡན་ལག་བཞི་པའོ། །རང་ཤེས་པ་ནི་རང་གི་གཟུགས་ལ་སོགས་པའོ། །དབང་པོ་ནི་མིག་ལ་སོགས་པའོ། །དེ་ལ་དབང་པོ་གཉིས་བཅིང་ངེས་པར་དེའི་རླུང་ཐིག་ལེ་ནས་སོ། །རིན་ཆེན ་ངག་ཅེས་པ་ནི། དེའི་འོག་ཏུ་ཡུལ་དང་དབང་པོའི་རྟེན་དུ་གྱུར་པའི་རིན་པོ་ཆེ་སྟེ། སེམས་ཀྱི་རིན་པོ་ཆེ་སྲོག་དང་རྩོལ་བ་དང་བཅས་པར་བཀག་ཅིང་ནུབ་པར་གྱུར་བའི་གཟུང་བ་གང་ཡིན་པ་དེ་ནི་འཛིན་པར་བཤད། དེ་གང་ཡིན་ཞེ་ན། ཡང ་དག་པའི་མཛའ་སྟེ། དེ་དག་ནི་འཛིན་པ་ཞེས་བྱ་བའི་ཡན་ལག་བཞི་བསྟན་པའོ། །སེམས་ནི་འགོག་པའི་རྡོ་རྗེར་འགྱུར། །ཞེས་པ་ནི། འགོག་པའི་རྡོ་རྗེ་ནི་འོད་གསལ་པའོ། །དེར་གྱུར་པ་ནི་སེམས་དེར་གྱུར་པའོ། །མཚན་མ་ཉེར་འཛིན ་འབྱུང་བར་འགྱུར། །ཞེས་པ་ནི་མཚན་མ་རྣམས་ནི་ཉེ་བར་འཛིན་པ་ནི། མཚན་མ་ཉེ་བར་འཛིན་ཏེ་མཚན་མར་སྣང་བའོ། །འབྱུང་བར་འགྱུར་བ་ནི་སྐྱེ་བར་འབྱུང་པའོ། །མཚན་མའི་ཁམས་ནི་རྣམ་པ་ལྔར། །བྱང་ཆུབ་རྡོ་རྗེས་གསུངས་པ ་ཡིན། ཞེས་པ་ནི། ས་ཆུ་ལ་ཐིམ་པར་གྱུར་པ་ལས་སྨིག་རྒྱུ་འདྲ་བར་སྣང་བར་གྱུར་པ་ནི་མཚན་མ་དང་པོའོ། །དེ་བཞིན་དུ་ཆུ་མེ་ལ་ཐིམ་པར་གྱུར་པ་ལས་དུ་བ་ལྟ་བུ་སྟེ་གཉིས་པའོ། །མེ་རླུང་ལ་ཐིམ་པར་གྱུར་པ་ལས་ནམ་མཁའ་སྣང་བར ་གྱུར་པ་ལྟ་བུ་སྟེ་གསུམ་པའོ། །ཁམས་ཕྲ་བ་ཀུན་ཏུ་སྣང་བ་གསུམ་དུ་ཡོད་པ་ལས་མར་མེ་ལྟར་སྣང་བའི་ཚོགས་ཀྱི་ངོ་བོ་ཉིད་ནི་བཞི་པའོ། །ཀུན་ཏུ་སྣང་བ་ལས་ཐིམ་པར་གྱུར་པ་ལས། སྤྲིན་མེད་ནམ་མཁའ་ཨི་རང་བཞིན་རྟག་ཏུ་སྣང་བ་འོད་གསལ ་ཙམ་དུ་གྱུར་པ་ནི་ལྔ་པའོ། །མཚན་མ་ལྔ་པོ་དེ་དག་གིས་ནི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །དེ་སྐད་དུ་ལས་ཀྱི་མཛའ་རྣམ་པར་འབྱེད་པ་ལས། ས་ནི་དང་པོ་ཆུ་ལ་ཐིམ། མེ་ནི་རླུང་ལ་ཐིམ་པར་གྱུར། །རླུང་ཡང་རྣམ་པར་ཤེས་ལ ་འཇུག། རྣམ་ཤེས་གཟུང་བ་དེ་ཉིད་ནི། འོད་གསལ་བར་ཡང་འཇུག་པ་ཡིན། །ཞེས་གསུངས་སོ། །རྗེས་སུ་དྲན་པ་བསྟན་པའི་ཕྱིར། །བརྟན་འགྱུར་ཞེས་པ་ནི། བརྟན་པར་གྱུར་ཅིང་རྣམ་པར་དག་པར་གྱུར་ནས་སོ། །རྡོ་རྗེའི་ལམ་ནས་ཞེས་པ ་ནི། །རྡོ་རྗེའི་ལམ་ནས་འདས་པར་མི་བྱ་བའི་མཚན་མ་ལྔའི་རིམ་གྱིས་འོད་གསལ་པར་འཇུག་པས། ནམ་མཁའ་ཨི་ཁམས་སུ་སྤྲོ་བར་བྱ་ཞེས་པ་ནི། འཇིག་རྟེན་གྱི་ཁམས་སུ་སྤྲོ་བར་བྱ་ཞིང་ཆོས་ཀྱི་སྐུའི་ཚུལ་གྱིས་ཁྱབ་པར་བྱའོ། །རྗེས་དྲན་གང་ཞིག ་རྣམས་བསྒོམས་པ་ཞེས་པ་ནི། དེ་ལྟར་འོད་གསལ་བར་སོང་བར་རྣམ་པར་བསྒོམ་ཞིང་མངོན་དུ་བྱས་ནས་ཞེས་པའོ། །དེ་དང་འདྲ་བར་སྤྲོ་བར་བྱ་ཞེས་པ་ནི། གང་སྔོན་དུ་རྗེས་སུ་དྲན་པ་སྨིག་རྒྱུ་དང་འདྲ་བ་ལ་སོགས་པའི་ཡང་དག་པའི་མཛའ་ ་ཐོབ་པ་དེ་འདྲ་ཞིང་དེ་ཉིད་ཀྱི་རིམ་གྱིས་སྤྲོ་བར་བྱ་ཞིང་བསྐྱེད་པར་བྱ་སྟེ། བཤད་མ་ཐག་པ་དེ་དག་ནི་རྗེས་སུ་དྲན་པ་ཞེས་བཤད་པར་བྱ་ཞིང་ཁོང་དུ་ཆུད་པར་བྱའོ། །དེ་སོ་སོར་སྣང་བ་དེ་ལས་སྐྱེས་ཞེས་པ་ནི། སོ་སོར་སྣང་བ་ནི། ཀུན་རྫོབ་དེ་ལ ་རྗེས་སུ་དྲན་པའི་ཡན་ལག་སྐྱེ་བར་འགྱུར་གྱི་གཞན་དུ་མ་ཡིན་ནོ། །ཏིང་ངེ་འཛིན་བསྟན་པའི་ཕྱིར། ཐབས་དང་ཤེས་རབ་ཅེས་གསུངས་ཏེ། ཀུན་རྫོབ་དང་དོན་དམ་པའི་སྦྱོར་བས་སོ། །དངོས་པོ་ཐམས་ཅད་མདོར་ཞེས་པ་ནི་རྒྱུ་བ་དང་མི་རྒྱུ ་བས་གནས་པའོ། །གོང་བུའི་ཚུལ་གྱིས་ཞེས་པ་ནི། ཕྱག་རྒྱ་ཆེན་པོའི་གཟུགས་ཀྱིས་གཅིག་ཏུ་བྱས་ནས་རྒྱུ་བ་དང་མི་རྒྱུ་བ་དེའི་དབུས་སུ་ཟུང་དུ་འཇུག་པའི་བདག་ཉིད་ཅན་རྡོ་རྗེ་འཆང་ཆེན་པོའི་གཟུགས ་རྣམ་པར་བསྒོམ་ཞེས་པར་བྱའོ། །རིམ་པ་འདི་ཉིད་ཀྱིས་ཡུད་ཙམ་ཞེས་པ་ནི་སྐད་ཅིག་ཙམ་གྱིས་ཡེ་ཤེས་རྫོགས་བྱེད་ཅེས་པ་ནི་ཡེ་ཤེས་ཀྱི་སྐུ་རྫོགས་པར་བྱེད་པ་ནི་ཏིང་ངེ་འཛིན་ཏེ། ཡན་ལག་དྲུག་པའོ། ད་ནི་སྦྱོར་བ་ཡན་ལག་དྲུག་གི་ཡོན་ཏན ་བསྟན་པའི་ཕྱིར། སོ་སོར་སྡུད་ལ་སྙོམས་ཞུགས་ན། སྔགས་རྣམས་ཐམས་ཅད་བྱིན་གྱིས་བརླབ། །ཅེས་པ་ལ་སོགས་པ་སྟེ་གོ་སླའོ། །དེ་ལྟར་བསྙེན་པ་བསྟན་ནས། ད་ནི་ཉེ་བར་སྒྲུབ་པ་ལ། སྙིང་པོ་དེ་ནི་ཐུགས་ཀ་རུ། ། ་ཞེས་པ་ལ་སོགས་པས་སྟོན་ཏེ། དེ་ལ་སྙིང་པོ་ཞེས་པ་ནི། དཀྱིལ་འཁོར་པའི་ལྷ་རྣམས་རེ་རེའི་སྙིང་ཀའི་དབུས་སུ་ཆུད་པའི་ཐུགས་ཀར་ཟླ་བ་ལ། གནས་པའི་ཡེ་ཤེས་སེམས་དཔའ་བསྒོམ་པར་བྱའོ། །ཟླ་བ་རྡོ་རྗེའི་སྦྱོར་བ ་བལྟ་ཞེས་པ་ནི། ཡེ་ཤེས་སེམས་དཔའ་དེ་རྣམས་ཀྱི་ཐུགས་ཀའི་ཟླ་བར་ཆུད་པར་རང་རང་གི་ཕྱག་མཚན་ལ་བརྟེན་པར་བྱའོ། །སེམས་ནི་སྔགས་ཀྱི་དངོས་བྱས་ཤེས་པ་ནི། ཕྱག་མཚན་བུམ་པ་ལ་རང་གི་སེམས་ཡི་གེ་མཆོག་ཏུ་མི ་འགྱུར་བའི་ཚིག་བསམ་མོ། །མཚོན་ཆ་མཆོག་གི་དྲངས་ནས་སུ་ཞེས་པ་ནི། དེ་ནས་བདག་པོ་ལ་སོགས་པ་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་གྱི་དཀྱིལ་འཁོར་པ་རྣམས། གཅིག་ཏུ་གྱུར་པའི་འོད་ཟེར་གྱི་ཚོགས་ལྕགས་ཀྱུ་ལྟ་བུར ་གྱུར་པས། བསྒྲུབ་བྱའི་ཐུགས་ཀའི་སེམས་དཔའ་གསུམ་དུ་གྲགས་པ་བསྐུལ་བར་བྱའོ། །དེ་ལྟར་རྡོ་རྗེ་ལྕགས་ཀྱུས་བཏབ་པས་སྒྲུབ་པ་པོ་ལ་བཀོད་པར་བྱ་བ་བསྐྱེད་པའི་འོག་ཏུ་གནོད་མཛེས་ལ་བཀའ་བསྒོ་བའི་ཕྱིར། སྔགས ་ཀྱི་གཟུགས་ཀྱི་ཚུལ་གྱིས་སུ་ཞེས་པ་ནི། གནོད་མཛེས་རྒྱལ་པོ་མདུན་དུ་བཀུག་སྟེ་བཀའ་ལུང་ནོད་པར་བསམ་ལ། བྱང་ཆུབ་ཚིགས་བཅད་བརྗོད་པར་བྱ་སྟེ། ཞེས་པ་ནི། གནོད་མཛེས་ཀྱིས་འདི་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས ་སྒྲུབ་པ་པོ་ལ་བྱང་ཆུབ་ཀྱི་དངོས་གྲུབ་ཁྱད་པར་ཅན་མྱུར་དུ་རྩོལ་ཏེ་ཞེས། བཀའ་བསྒོ་བའི་ཆོ་ག་ཞེས་པ་ནི་གོང་གི་ཆོ་གའོ། །རང་གི་དཀྱིལ་འཁོར་ཞེས་པ་ནི། རང་གི་ལྷག་པའི་ལྷའོ། །སེམས་དེ་ཡེ་ཤེས་གཟུགས་ཤེས་པ་ནི། རྫོགས་པའི་རིམ་པས ་རང་གི་ལྷ་བསྐུལ་བ་སྟོན་ཏོ། །ཕུང་པོ་ལ་སོགས་པ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་མི་སྣང་བར་བྱས་ནས། ཐ་མར་ཀུན་རྫོབ་དང་དོན་དམ་པའི་བདེན་པས་གཅིག་ཏུ་བྱས་ལ་ཟུང་དུ་འཇུག་པ་བསྒོམ་པར་བྱ་བ་ནི་ཉེ་བར་སྒྲུབ་པ་སྟེ ་ལེའུ་བཅུ་པོའི་དོན་སྟོན་པ་ཡིན་ནོ།། །།ད་ནི་སྒྲུབ་པ་བསྟན་པའི་ཕྱིར། ཇི་སྲིད་མཐོང་བ་དེ་སྲིད་དུ་ཞེས་པ་ལ་སོགས་པ་གསུངས་ཏེ། བསྡུས་པའི་དོན་ནི་འདོད་པ་ལ་ལོངས་སྤྱོད་པའི་ཏིང་ངེ་འཛིན་དང། སྟོབས ་པའི་ཆོ་ག་དང། དྲག་ཤུལ་གྱི་ཆོ་གའོ། །དེ་ལ་འདོད་པ་ལ་ལོངས་སྤྱོད་པའི་ཏིང་ངེ་འཛིན་མདོར་བསྟན་པའི་ཕྱིར། ཇི་སྲིད་མཐོང་བ་ཞེས་པ་ནི། དངོས་གྲུབ་ཐུན་མོང་དང་མཆོག་གོ་།ཟླ་བ་དྲུག་ཅེས་པ་ནི། འོག་ནས་འབྱུང་བའི་ཏིང་ངེ་འཛིན་གྱིས་ཟླ ་བ་དྲུག་ཏུ་འདོད་པ་སྤྱད་པར་བྱ་སྟེ། འཇིག་རྟེན་གྱི་ཁམས་མཛའ་ཡས་ཤིང་མུ་མེད་པ་ཐམས་ཅད་ན། རབ་དང་འབྲིང་དང་ཐ་མས་ཕྱེ་བའི་བདུད་རྩི་ཇི་སྙེད་ཡོད་པར་གྲགས་པ་རྣམས་གཟུགས་རྡོ་རྗེ་ལ་སོགས་པར་ཡོངས་སུ་བརྟགས་ལ ་སྔགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུས་སྤྲོས་པ་གསུམ་གྱི་སྤྱོད་པ་བྱའོ། །གལ་ཏེ་ཟླ་བ་དྲུག་གིས་ནི་ཞེས་པ་ལ་ཟླ་བ་དྲུག་རིག་པའི་བརྟུལ་ཞུགས་སྤྱད་པས་དངོས་གྲུབ་མ་ཐོབ་ན་ཞེས་པའོ། །སྤོགས་པའི་ཆོ་ག་བསྟན་པའི་ཕྱིར། སྡོམ་པ་ལན་གསུམ ་བརྩམ་པར་བྱ་ཞེས་པ་ནི། ཟླ་བ་བཅོ་བརྒྱད་དུ་སྤྲོས་པ་གསུམ་གྱི་སྤྱོད་པ་སྤྱད་པར་བྱའོ། །དེས་ཀྱང་བླ་ན་མེད་པའི་བྱང་ཆུབ་མ་གྲུབ་ན། དྲག་ཤུལ་གྱི་ཆོ་ག་བསྟན་པའི་ཕྱིར། དྲག་ཤུལ་སྦྱོར་བ་བསྒྲུབ་པར ་བྱ་ཞེས་ནི། རིགས་ཀྱི་དབྱེ་བའི་སྦྱོར་བ་ཡིས། རྡོ་རྗེ་ཕུར་བུས་གདབ་ཅེས་པ་བསྟན་པ་ཡིན་ཏེ། རྡོ་རྗེ་དང་པདྨ་མཉམ་པར་སྦྱར་བས་ཕུར་བུས་གདབ་པར་བྱའོ། །འདི་སྐད་སྟོན་ཏེ། རྣམ་པར་སྣང་མཛད་ཀྱི་སྦྱོར་བ་དང་ལྡན་པས། སངས་རྒྱས ་སྤྱན་མདུན་དུ་བཞག་ལ། ལག་པ་ཕན་ཚུན་འཁྱུད་པ་དང་དཀྲི་བ་ལ་སོགས་པ་བྱ་བ་ནི་སྐུའི་ཆོ་གའོ། །སྣང་བ་མཛའ་ཡས་ཀྱི་སྦྱོར་བ་དང་ལྡན་པས། གོས་དཀར་མོ་མདུན་དུ་བཞག་ལ། སྣང་བ་དང། སྣང་བ་མཛད་པ་དང། སྣང་བ་ཐོབ་པ་གསུམ ་འབྱུང་བའི་པདྨ་ལྷ་མོའི་བྷ་ག་ལ་རྡོ་རྗེ་རྩེ་ལྔ་པ་བསྒོམས་ལ། ཆོས་འབྱུང་ཡོད་པའི་ནང་དུ་ཚུད་པར་བྱའོ། །མི་བསྐྱོད་པའི་སྦྱོར་བ་དང་ལྡན་པས་མཱ་མ་ཀཱི་མདུན་དུ་བཞག་ལ། རང་གི་རྡོ་རྗེ་རྩེ་མོ་ལྔ་པར་བསྒོམས་ལ། རང་གི་ཕྱག་རྒྱལ་ཆོས་འབྱུང ་གི་ནང་དུ་ཚུད་པའི་མེའི་དཀྱིལ་འཁོར་དང་ལྡན་པར་རང་གི་རྡོ་རྗེས་གདན་གདབ་ཅིང་བརྡུང་ན་འོད་གསལ་ཐོབ་པར་འགྱུར་རོ། །འདོད་པ་ལོངས་སྤྱོད་པའི་ཏིང་ངེ་འཛིན་བསྟན་པའི་ཕྱིར། འདོད་ཆགས་ཆེན་པོའི་ཚུལ་གྱིས་ཤེས་པ་ནི། འདོད ་ཆགས་ཀྱིས་འདོད་ཆགས་སྤང་བར་བྱ་བའི་འདོད་ཆགས་དང་བྲལ་བའི་སྐུ་སྤངས་ནས། རྡོ་རྗེ་འཆང་ཆེན་པོའི་སྐུར་བདག་ཉིད་སྤྲུལ་པར་མཛད་པའོ། །དེར་ཡང་སེམས་ཅན་སྨིན་ཅིང་གྲོལ་བར་མཛད་པས་ཡུལ་རྣམས་ལ་ཆགས་པར་མཛད་པ་སྟེ ་དེའི་ཚུལ་དང་ལྡན་པའི་ཏིང་ངེ་འཛིན་ཏོ། །ཡེ་ཤེས་འཁོར་ལོ་ཅན་རྣམས་བསྡུ་ཞེས་པ་ནི། རང་གིས་ས་བོན་གྱི་འོད་ཟེར་གྱི་ལྕགས་ཀྱུས་དྲངས་ནས། རང་གི་དཀྱིལ་འཁོར་བ་དྲངས་ནས་ཉིད་ཀྱི་སྐུ་ལས་ཕུང་པོ་དང་ཁམས་ལ་སོགས་པའི་ངོ་བོ་ཉིད ་གྱིས་ཞུགས་པར་གྱུར་པའོ་ཞེས་པའོ། །ལྷ་མོ་དགུ་ནི་སྤྲོས་ནས་སུ་ཞེས་པ་ནི། བཅོམ་ལྡན་འདས་མཆོག་ཏུ་དགའ་བའི་སྒྲས་ཚིམ་པར་བྱེད་པའི་ཕྱིར་གནས་སྐབས་སྔ་མ་སྤངས་ཏེ། ལྷའི་བུ་མོའི་ལུས་སུ་མངོན་པར་སྤྲུལ་ནས་བཅོམ་ལྡན་འདས ་ཀྱིས་སྐུ་ལས་བྱུང་བར་གྱུར་ཏོ། །ལྷ་མོ་དགུ་ནི་སའི་ཁམས་ནི་སངས་རྒྱས་སྤྱན་ལྟ་བུ་དང། ཆུའི་ཁམས་ནི་མཱ་མ་ཀཱི་ལྟ་བུ་དང། མེའི་ཁམས་ནི་གོས་དཀར་མོ་ལྟ་བུ་དང། རླུང་གི་ཁམས་ནི་སྒྲོལ་མ་ལྟ་བུ་དང། རྣམ་པར་སྣང་མཛད་ནི་གཟུགས་ཀྱི་ངོ་བོ་དང། ་རིན་ཆེན་འབྱུང་ལྡན་ནི་སྒྲའི་ངོ་བོ་ལྟ་བུ་དང་སྣང་བ་མཛའ་ཡས་ནི་དྲིའི་ངོ་བོ་ལྟ་བུ་དང། དོན་ཡོད་གྲུབ་པ་ནི་རོའི་ངོ་བོ་ལྟ་བུ་དང། མི་བསྐྱོད་པ་ནི་རེག་བྱའི་ངོ་བོ་ལྟ་བུར་སྤྲོས་ནས་ཞེས་བྱ་སྟེ་དྲང་བའི་དོན་ཏོ། །འདོད་ཆགས་ཆེན་པོའི་ཚུལ་གྱིས་ཞེས་པ་ནི། ་འདོད་ཆགས་དང། འདོད་ཆགས་དང་བྲལ་བ་དང། འདོད་ཆགས་པར་མ་ལ་སོགས་པའི་རིམ་གྱིས་རྣམ་པར་དག་པ་མངོན་དུ་འབྱིན་པའི་ཐབས་དེའི་ཏིང་ངེ་འཛིན་ཏོ། །ཡེ་ཤེས་འཁོར་ལོ་ཅན་རྣམས་བསྡུ་ཞེས་པ་ནི། ཕྱི་རོལ་གྱི་དེ་བཞིན་གཤེགས ་པའི་འཁོར་ལོ་དེ་དག་ཏུ་དམིགས་པའི་མངོན་པར་ཞེན་པ་སྤངས་ནས། དེས་ཐམས་ཅད་ལ་སྒྲུབ་པའི་སྐུ་ནི་བདག་ཡིན་ནོ་ཞེས་བྱིན་གྱིས་བརླབས་པ་དང་ལྡན་པ་སྟེ། ལྷ་མོ་དགུ་ནི་སྔ་མ་དང་འདྲ་སྟེ། ངེས་པའི་དོན་ཏོ། །དེ་ལྟར་གཟུགས་ཀྱི ་དཀྱིལ་འཁོར་དྲུག་སྤྲུལ་པས་འདོད་པའི་དབང་ཕྱུག་དུ་བསྟན་ནས། ད་ནི་རྒྱུད་འདི་ལ་སེམས་གཙོ་བོ་ཡིན་པས་མི་བསྐྱོད་པས་བསྡུས་པའི་དཀྱིལ་འཁོར་གྱི་བྱ་བ་བསྟན་པའི་ཕྱིར། ཡོངས་སུ་གྱུར་ལས་ཕྱག་རྒྱ་བཞི་ཞེས་པས་སྟོན་ཏེ། ལྷ་མོ ་རྣམས་ལུས་ལ་བཀོད་ནས། ཡོངས་སུ་གྱུར་པ་ལས། ཤེས་རབ་ཀྱི་གནས་དེར་ཕྱག་བརྒྱ་བཞིའི་དཀྱིལ་འཁོར་གྲུ་བཞི་པ་རྡུལ་མེད་པ་དམ་ཚིག་ཆེན་པོའི་དཀྱིལ་འཁོར་བྱིན་གྱིས་བརླབས་ཏེ། སྤྲུལ་པར་མཛད་པའོ། །བདག་ཉིད་དབུས་སུ ་གནས་བྱས་ཞེས་པ་ནི། རྡོ་རྗེ་འཆང་ཆེན་པོ་དེ་བཤད་མ་ཐག་པའི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་གྱི་དབུས་སུ་བདག་ཉིད་བཞག་པར་གྱུར་ཏོ། །འཁོར་ལོ་ཅན་ཀུན་བསྡུ་བར་བྱ། ཞེས་པ་ནི། རིག་སྔགས་བསྡུས་པའི ་འཁོར་ལོ་སླར་ཡང་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་སྐུ་ལ་ཞུགས་པར་གྱུར་ཏོ་ཞེས་བྱའོ། །ཐམས་ཅད་རྡོ་རྗེའི་དངོས་བྱས་ལ། །ཐམས་ཅད་བྱང་ཆུབ་བསྒོམ་པར་བྱ། ཞེས་པ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་སྟེ་དྲང་བའི་དོན་ཏོ། །ཕྱག་རྒྱ་བཞིའི་དཀྱིལ་འཁོར ་ཞེས་པ་ནི། གཟུགས་ཀྱི་ཕུང་པོ་ཡིན་ལ། དེ་རྣམས་ཀྱིས་གང་བསྟན་ཅིང་བཞུགས་པའི་གནས་སུ་མཛད་པའི་བཙུན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའོ། །དེ་ཉིད་ནི་དཀྱིལ་འཁོར་ཏེ། སངས་རྒྱས་བསྐྱེད་པའི་རྒྱུར་གྱུར་པས་ན་སྐྱེས་གནས ་ཡིན་ཏེ། དགོངས་པ་ལས་ཀྱང། སངས་རྒྱས་ཀུན་གྱིས་གང་བསྟན་པའི། །ས་གྱུར་དེ་ནི་བཅུ་གསུམ་པ་དེ་ནི་བཙུན་མོར་ཡང་དག་བཤད། །དམ་ཆོས་བྷ་ག་ཞེས་བརྗོད་དོ། །ཞེས་པ་ངེས་པའི་དོན་ཏོ། །བདག་ཉིད་དབུས་སུ་གནས་བྱས་ལ་ཞེས ་པ་ནི། དམ་ཚིག་ཆེན་པོ་འདི་ལ་དྲི་མ་མེད་པར་དེར་བདག་ཉིད་གནས་པར་གྱུར་པ་ནི་འཇོག་པར་མཛད་པའོ། །འཁོར་ལོ་ཅན་ཀུན་བསྡུ་བར་བྱ། །ཞེས་པ་ནི། དམ་ཚིག་ཆེན་པོའི་དཀྱིལ་འཁོར་འོད་གསལ་བར་རབ་ཏུ་གྱུར་པའོ། །ཐམས་ཅད ་རྡོ་རྗེ་དངོས་བྱས་ལ། །དེ་ཚེ་བྱང་ཆུབ་བསྒོམ་པར་བྱ། །ཞེས་པ་ནི། དེ་ནས་འོད་གསལ་བ་ལ་ཞུགས་པའི་འོག་ཏུ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་རིགས་ཐམས་ཅད་ཀྱི་བདག་ཉིད་ཅན། བདག་ཉིད་དོན་དམ་པའི་བདེན་པ་ལས་བཞེངས་ནས ་སྲིད་པ་དང་མྱ་ངན་ལས་འདས་པ་རོ་གཅིག་པའི་ངོ་བོ་ཉིད་ཀྱིས། དམ་ཚིག་ཆེན་པོའི་དཀྱིལ་འཁོར་གྱི་དབུས་སུ་འཇིག་རྟེན་གསུམ་གྱི་བདག་ཉིད་དུ་བཞག་པར་གྱུར་ཏོ། ཞེས་བྱ་བའི་དོན་ཏོ། །དེ་ཡང། ནམ་མཁའ་ཀུན་གྱི་སྐབས་ན་དཔལ། །རྡོ་རྗེ ་སེམས་དཔའ་རབ་ཏུ་ཞུགས་པ་ཞེས་བདེ་བ་མཆོག་གི་བཤད་དོ། །དེ་ལྟར་དེ་བཞིན་གཤེགས་པ་ལྔ་པོ་དྲུག་པའི་བདག་ཉིད་དུ་གྱུར་པ་བསྟན་ནས། ང་ནི་རྡོ་རྗེ་འཆང་ཆེན་པོ་ལ་བཙུན་མོ་བཞི་དང་ཅིང་བདུན་པའི་ཡིད་ཀྱིས་ལྟ་བར་འདོད་པའི་ཕྱིར་སྙིང ་རྗེ་དང་བཅས་པས་སྨྲ་བ་བསྟན་པའི་ཕྱིར། བསྐུལ་བའི་ཀླུ་དབྱངས་བཞི་ཡིས་ནི། ཞེས་པ། དྲུག་ལྡན་ལ་སོགས་པའི་སྒེག་ཅིང་སྙན་པའི་གླུ་དབྱངས་ཀྱིས་སྤྱན་ལ་སོགས་པ་བཞིས་བསྟོད་པ་སྔོན་དུ་འགྲོ་བས་བསྐུལ་བར་བྱེད་དོ། །དེ་ཡང་སེམས་ཅན ་ཁམས་ན་གནས་ཀྱི་དབང་ཕྱུག་ཁྱོད་ནི་རྡོ་རྗེའི་ཐུགས་ཤེས་པ་ལ་སོགས་པའོ། །ལྷ་མོས་སྙིང་པོ་བསྐུལ་བ་ཡིས་ཤེས་པ་ནི། དེ་ལྟར་ཚངས་པའི་གནས་པ་བཞིའི་རང་བཞིན་དང་ལྷ་མོ་རྣམས་ཀྱིས་ཡང་དག་པར་བསྐུལ་བར་གྱུར་པའོ། །དུས་གསུམ ་རྡོ་རྗེའི་རང་བཞིན་སེམས་ཤེས་པ་ནི། བསྐུལ་བར་གྱུར་པ་དང། སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་སྟོང་པ་ཉིད་ཀྱི་རྣལ་འབྱོར་བཞེངས་ནས་དཔལ་ཤིན་ཏུ་དག་པའི་བདེ་བས་འདོད་ཆགས་ལ་སྤྱོད་ལ་བསྟན་པ་ཡིན་ཏེ། དེ་ཡང་གཟུགས་ལ ་སོགས་པའི་ཡུལ་རྣམས་ཀྱི་ངོ་བོ་ཉིད་ཡོངས་སུ་ཤེས་པས་མིག་ལ་སོགས་པ་གཅིག་ཏུ་བྱས་ཏེ། ཀུན་ཏུ་དགའ་བའི་བདེ་བའི་གནས་སྐབས་ཀྱི་སྤྱན་ལ་སོགས་པ་ལ་རོལ་པ་མཛད་ནས་ཅིང་མི་གསུང་བར་གྱུར་པའོ། །ཡེ་ཤེས་ལྟ་བུར་ལུས ་བསྒོམ་པོ་ཞེས་པ་ནི། ཉོན་མོངས་པ་ལ་སོགས་པའི་བྱ་བ་དང་བྲལ་ཞིང། ཡེ་ཤེས་ཕྱག་རྒྱ་དང་ལྷན་ཅིག་སྙོམས་པར་ཞུགས་ནས་བཞུགས་སོ་ཞེས་བྱ་བའི་བར་དུའོ། །དེ་ནས་རྫོགས་རིམས་ཀྱི་སྒོ་ནས་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་སྙོམས་པར ་ཞུགས་པའི་མགོ་།ནམ་མཁའ་ཨི་གཏོས་འདི་རྡོ་རྗེ་འཆང་བའི་ངོ་བོ་ཉིད་རྡོ་རྗེ་གསུམ་དང་ཡང་དག་པར་ལྡན་པ་རྣམ་པར་སྣང་མཛད་ལ་སོགས་པ། དེ་བཞིན་གཤེགས་པའི་ཚོགས་ཀྱིས་ཡོངས་སུ་གང་ཞིང་ཏིལ་གྱི་གང་བུ་བཞིན་དུ་བར་མཚམས་མེད ་པར་གྱུར་ལ། མཆོག་ཏུ་དག་པའི་བུམ་པ་བཞིན་དུ་གནས་ཤིང་མི་གཡོ་བར་གྱུར་ཏོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་སྙོམས་པར་ཞུགས་པ་བསྟན་ནས། ད་ནི་ངེས་འགྲོ་བའི་དོན་མཛད་པ་བསྟན་པའི་ཕྱིར། བཞི ་ཡིས་ཁ་དོག་རྣམ་པར་དབྱེ། ཞེས་པ་ནི། ཁམས་གསུམ་ན་གནས་པའི་སེམས་ཅན་རྣམས་རྡོ་རྗེ་འཆང་ཆེན་པོའི་དཔལ་གྱིས་རེག་སྟེ་རྡོ་རྗེའི་འོད་ཟེར་གྱིས་དབང་བསྐུར་ནས། དེས་རེག་ཅིང་ཡུལ་དུ་བྱས་པ་ཐམས་ཅད་ཀྱིས་དེ་བཞིན་གཤེགས ་པ་ཉིད་འཐོབ་བོ། །དེ་བཞིན་རོ་ཡིས་སྙིང་པོ་སྟེ་ཞེས་པ་ནི། རྡོ་རྗེ་འོད་ཟེར་གྱི་དབང་བསྐུར། རྡོ་རྗེ་ཡེ་ཤེས་ཀྱི་སྤྱོད་པ་སྟེ། རང་གིས་སྙོམས་པར་ཞུགས་པའི་བདེ་བ་ཉམས་སུ་མྱོང་བའི་སེམས་ཅན་ཐམས་ཅད་ཀྱི་སྙོམས་པར་ཞུགས་པའི་བདེ ་བ་བདག་གིས་མཛད་པའོ། །དབང་བསྐུར་བ་ནི་རང་གི་རྒྱུད་ཅེས་པ་ནི། རྡོ་རྗེ་འོད་ཟེར་གྱིས་དབང་བསྐུར་བ་ནས་བརྩམས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དབང་བསྐུར་བར་གྱུར་ནས། ཀུན་ཏུ་བཟང་པོ། ཀུན་ཏུ་བཟང་པོ་ཞེས་སྔོན ་མ་བྱུང་བའི་དོན་གྱིས་མིང་ཅན་དུ་གྱུར་ཏོ། །རང་གི་རྒྱུད་ཅེས་པ་ནི། བཞི་ཡིན་ཏེ་རྡོ་རྗེ་འོད་ཟེར་གྱིས་དབང་བསྐུར་བས་འབྲས་བུ་ཀུན་ཏུ་བཟང་པོར་གྱུར་བའོ། །སྔགས་ཀྱི་ཆོས་ནི་དབྱེ་བར་འགྱུར་ཞེས་པ་ནི། འདོད་ཆགས་ཀྱིས་སྤྱོད་པའི་ཡི་གེའི་ཚོགས་ལས་རྡོ་རྗེ ་འཆང་ཆེན་དེ། ཉིད་རྗེས་སུ་ཆུད་ཅིང་འཐོབ་པ་སྟེ། འདོད་ཆགས་ལ་སོགས་དག་པར་བྱེད་ཅིང་སོམ་ཉིད་མེད་པར་སྟོན་པའོ། །རིགས་པའང་ཆོས་ཀྱི་ཕྱག་རྒྱ་ཅེས་པ་ནི། ཡེ་ཤེས་ཀྱི་ཕྱག་རྒྱ་ཡང་མིང་གཞན། ཆོས་ཀྱི་ཕྱག་རྒྱ་ཞེས་བྱ་བས ་བསྟན་ཏོ། །ཞེས་བྱ་བའམ། ཡང་ན་ཡེ་ཤེས་ཀྱི་ཕྱག་རྒྱ་དེ་ཉིད་རྣམ་པར་དག་པ་ཐམས་ཅད་སྟོང་པར་ཆུད་པས་ཐབས་མང་ཞེས་བྱའོ། །ཁམས་གསུམ་གྱི་སེམས་ཅན་དབང་བསྐུར་པས་ཀུན་ཏུ་བཟང་པོར་གྱུར་པའི་འབྲས་བུ་དེ་རྣམ་པར ་ཕྱེ་བ་བསྟན་པའི་ཕྱིར། འཁོར་ལོ་བསྒྱུར་པའི་རྒྱལ་པོ་དྲུག་ཅེས་པ་ནི། རིགས་ལྔ་དང་རྡོ་རྗེ་འཆང་ཆེན་པོའོ། །གཙུག་ཏོར་ནི་རིགས་ཀྱི་བདག་པོས་རྒྱས་གདབ་པའི་ཕྱིར། བདུད་རྩི་བསྟན་བདེ་བ་མི་འགྱུར་བར་གནས་པའོ། །ལོངས་སྦྱོར་བཞི་ཞེས ་པ་ནི་སྤྱན་ལ་སོགས་པའོ། །རྡོ་རྗེ་བདག་པོ་ཞེས་པ་ནི་འདོད་པ་ལྔའི་ལྷ་མོའོ། །བསམ་གཏན་རྡོ་རྗེ་ཞེས་པ་ནི། ལྷ་དེ་རྣམས་ཀྱི་ངོ་བོ་ཉིད་ཀྱི་འོད་ཟེར་གྱི་སེམས་ཅན་རྣམས་ལ་དབང་བསྐུར་བའི་ཆོ་ག་དེས། ཡེ་ཤེས་ལུས་དང་ལྷན་ཅིག་ཅེས ་བཞི་ཡེ་ཤེས་ཀྱི་ཕྱག་རྒྱའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་ཞེས་པ། འདོད་ཆགས་ཀྱི་སྤྱོད་པས་ཐམས་ཅད་སྟོང་པ་དང་གཉིས་སུ་མེད་པ་ཟུང་འཇུག་བསྒྲུབ་པ་ནི། སྒྲུབ་པ་ཞེས་བྱ་བའི་དོན་ཏོ། །ང་ནི་སྒྲུབ་པ་ཆེན་པོ་བསྟན་པའི་ཕྱིར། སྔར ་བཤད་པའི་རིམ་གྱིས་ནི། ཞེས་པ་རྩ་བའི་རྒྱུད་ཀྱི་ལེའུ་དང་པོར་བསྟན་པའི་རིམ་གྱིས། རིག་པའི་སྐྱེས་བུ་རྡོ་རྗེ་ཅན་ཞེས་པ་ནི། རྡོ་རྗེ་འཆང་གོང་དུ་བསྐྱེད་པ་ནས། རིག་པའི་སྐྱེས་བུ་བདག་དང་འདྲ་བར་དཀྱིལ་འཁོར་བསྐྱེད་ཅེས་པ་ནི། ་རང་བཞིན་གྱིས་འོད་གསལ་བའི་ཏིང་ངེ་འཛིན་ལས་བཞེངས་ནས། ཉོན་མོངས་པ་ལྔས་ཁྱབ་པའི་སེམས་ཅན་གྱི་ཁམས་ལ་གཟིགས་ནས་ཉོན་མོངས་པའི་རང་བཞིན་ཡོངས་སུ་ཤེས་པ་ཉིད་ནི་བྱང་ཆུབ་ཡིན་ལ། དེའི་ངོ་བོ་ཉིད་ནི་བདག་ཡིན ་ནོ་མཁྱེན་ནས། གདུལ་བྱ་རྣམས་ཀྱི་ཉོན་མོངས་པ་ཞེ་སྡང་ལ་སོགས་པ་སྦྱར་བའི་ཕྱིར་རིགས་ལྔ་དབྱུང་བའི་ཕྱིར། ཡང་རྣམ་པར་སྣང་མཛད་ལ་སོགས་པ་ལོངས་སྤྱོད་ཀྱི་ཕྱིར་ལྷ་མོ་བཞི་ཕྱུང་བ་དང། དེ་བཞིན་དུ་ལྷ་མོ་ལྔ་དང། བྱང་ཆུབ ་སེམས་དཔའ་བརྒྱད་དང། ཁྲོ་བོ་བཅུ་ཕྱུང་བའི་དཀྱིལ་འཁོར་དུ་བསྐྱེད་པ་ནི་སྒྲུབ་པ་ཆེན་པོ་ཞེས་བྱའོ། །དེ་ལྟར་རྫོགས་པའི་རིམ་པ་བསྙེན་སྒྲུབ་པ་ནི་བསྟན་ནས། ད་ནི་བསྐྱེད་པའི་རིམ་པ་བསྙེན་སྒྲུབ་བཞི་བསྟན་པའི་ཕྱིར། བསྙེན་པའི་དུས་གསུམ ་ཏོར་ཆེ། ཞེས་པ་ལ་སོགས་པ་གསུངས་ཏེ། བསྙེན་པ་ཞེས་པ་ནི། བྱང་ཆུབ་སེམས་ལ་དམིགས་པ་རྩེ་གཅིག་ཏུ་འཇོག་པ་སྟེ་དེ་བཞིན་དེ་ཉིད་ཡིན་ལ། དེ་ལ་བསྙེན་ཅིང་དམིགས་པར་བྱ་བ་ཡིན་པས་ན་བསྙེན ་པའོ། །གཙུག་ཏོར་ཆེ་བའི་སྦྱོར་བ་ཉིད་ཅེས་པ་ནི་ཡང་དག་པར་སྦྱོར་པའོ། །དེ་གང་ཞེ་ན། སའི་ཆ་ལ་སོགས་པ་ནས་གཙུག་ཏོར་ཡི་གེ་བྲུམ་ལས་གཞལ་ཡས་ཁང་བསྐྱེད་པའོ། །གཟུགས་སུ་དམིགས་ཞེས་པ་ནི་དཀྱིལ་འཁོར་འཁོར ་ལོ་ལྷག་པར་མོས་པ་བསྐྱེད་པའོ། །དེ་བྱས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ་ཞེས་བྱ་བའི་སྔགས་ཀྱི་དོན་རྣམ་པར་དཔྱད་ནས། དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱིས་མཚན་ཅན་བསྒོམ་མོ། །ཉེ་བར་བསྒྲུབ་པའི་དུས ་སུམ་ཞེས་པ་ནི་སྟོང་པ་ཉིད་ལ་དམིགས་ནས། ཉི་མ་དང་ཟླ་བ་དང་པདྨ་ལ་སོགས་པ་རིམས་ཀྱིས་གོང་ནས་གོང་དུ་བཞག་ལ། དེའི་སྟེང་དུ་ཡི་གེ་རྣམ་པར་དགོད་དེ། ཐམས་ཅད་བསྡུས་པ་ལ་ཟླ་བའི་དཀྱིལ་འཁོར་བསམ་ཞིང། ་དེའི་སྟེང་དུ་ཡང་ཡི་གེ་གསུམ་བཀོད་ལ། དེ་ཡོངས་སུ་གྱུར་པ་ལས་ཕྱག་མཚན་ཕྱག་མཚན་ཡོངས་སུ་གྱུར་པ་ལས་ཕྱག་རྒྱ་ཆེན་པོའི་གཟུགས་བསྐྱེད་པ་ནི། ཉེ་བར་གཏད་དེ་གནད་དུ་བསྒྲུབ་ཅིང་བསྐྱེད་པ་ནི་ཉེ་བར་སྒྲུབ་པའོ། །བདུད་རྩི་འཁྱིལ་བའི་? ་བར་ཞེས་པ་ནི། ཕྱག་རྒྱ་ཆེན་པོའི་གཟུགས་དེ་ལ། རྣམ་པར་སྣང་མཛད་ལ་སོགས་པ་ནས་བྱང་གི་སྒོའི་བདུད་རྩི་འཁྱིལ་པའི་བར་དུ་ལྷ་རྣམས་ཀྱི་སྔགས་ཀྱི་ཡི་གེ་མ་ལུས་པར་བཀོད་ལ། གཟུགས་ཀྱི་ཕུང་པོ་ལ་སོགས་པའི་རྒྱུ་འབྲས ་ཡོངས་སུ་ཤེས་པས་བསྒོམ་པར་བྱའོ། །སྔགས་པ་ཆོ་ག་ཤེས་པ་ཡིས་ཞེས་པ་ནི། མགོ་བོ་དང་མགྲིན་པ་དང་སྙིང་ཀར། ཟླ་བ་དང་པདྨ་དང་ཉི་མ་ལ། ཨོཾ་ཨཱ(རྒྱུད་འགྲེལ་ལ། སྐུ་རྡོ་རྗེ་དང་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེ་སྤྲོ་བ་དང་བསྡུ་བ་དང། བསྐུལ་བ་དང། སྨོན་ལམ་དང་སྔགས་བརྗོད་པའི་སྐུ་དང་གསུང་དང་ཐུགས་ཀྱིས་བྱིན་གྱིས་བརླབས་པའི་ཆོ་གའོ། །སྒྲུབ་པ་རང་ཞེས་པ་ནི། སྒྲུབ་པ་ཉེ་བར་བཞག་པའི་དོན ་དུ་གསོལ་པ་འདེབས་པའོ། །རང་ལྷའི་སྦྱོར་བས་ཞེས་པ་ནི། དམ་ཚིག་སེམས་དཔའ་དང་ཏིང་ངེ་འཛིན་སེམས་དཔས་བསྒྲུབ་པའོ། །སྒྲུབ་པ་ཆེན་པོ་ཞེས་པ་ནི། དཀྱིལ་འཁོར་རྒྱལ་པོ་མཆོག་གི་མཐར་ཐུག་པ་ནི། གཞན་གྱི་དོན་ཆེན་པོ ་སྒྲུབ་པ་ཆེན་པའོ། །གཙོ་བོ་སངས་རྒྱས་བདག་པོའི་སྐུ་ཞེས་པ་ནི། སྒྲུབ་པ་ཆེན་པོ་དེ་བསྐྱེད་པར་བྱེད་པའི་ཚེ་ན། རྡོ་རྗེ་ཅན་ཀུན་ཞེས་པ་ནི། རྡོ་རྗེ་ཅན་གྱིས་དེ་རང་གིས་ལྷག་པའི་ལྷའི་སྦྱོར་བ་དང་ལྡན་པའི་སྔགས་པས། རྡོ་རྗེ་པདྨ ་མངོན་པར་འདུས་བྱས་པ་སྔོན་དུ་འགྲོ་བའི་སྙོམས་པར་འཇུག་པ་བྱས་ལ། བཛྲ་དྷྲིཀ་ཅེས་པ་ལ་སོགས་པས་དེ་ལས་བྱུང་བའི་རྡོ་རྗེ་ཅན་དེ། དེ་བཞིན་གཤེགས་པ་རྣམས་ནི་རྣལ་འབྱོར་མ་མཆོག་གི་གསང་སྔགས་ཆེན་པོའོ། །དེ་ལྟར་ཇི ་ཕྱེ་ཞེས་བྱས་ནས་ཞེས་པ་ནི། དེ་རྣམས་ཀྱི་ཕྱག་རྒྱ་ཆེན་པོའི་གཟུགས་རྣམ་པར་ཕྱེ་སྟེ་སོ་སོར་བསྒོམས་ནས། དབུ་རྒྱན་གྱི་རིགས་རྣམ་པར་ཕྱེ་བར་བྱའོ། །དེ་ཡང་དེ་བཞིན་གཤེགས་པ་ལྔའི་ཕྱག་རྒྱ་ཆེན་པོའི་གཟུགས་ཀྱིས་རལ་བ ་དང་དབུ་རྒྱན་ལ་བདག་པོ་རྡོ་རྗེ་འཆང་ཆེན་པོ་བསམས་ལ། དེའི་རིགས་ལྷག་མ་རྣམས་ཀྱིས་དབུ་བརྒྱན་ལ་ནི་རྣམ་པར་སྣང་མཛད་ལ་སོགས་པས་རྣམ་པར་ཕྱེ་བས་ཤེས་པར་བྱས་ནས་དངོས་གྲུབ་འགྲུབ་པར་འགྱུར་གྱི། ཆོ་ག་ཉམས ་པས་ན་བསྐལ་བ་བྱ་བ་སྙེད་དུ་སངས་རྒྱས་ཀྱང་མི་འགྲུབ་ན་གཞན་ལྟ་ཅི་སྨོས་ཞེས་པའི་དོན་ཏོ། །ད་ནི་འདོད་ཆགས་ཀྱིས་ཆེས་ཀྱིས་མངོན་པར་བྱང་ཆུབ་པའི་ཐབས་བསྟན་པའི་ཕྱིར། བསྒྲུབ་བྱ་སྒྲུབ་པ་ཡང་དག་སྦྱོར་ཞེས་པ་ལ་སོགས ་པ་གསུངས་ཏེ། བསྒྲུབ་བྱ་ཞེས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །སྒྲུབ་པ་ཞེས་པ་ནི་འོད་གསལ་བའོ། །ཡང་དག་པར་སྦྱོར་པ་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། གསུམ་ནི་དམིགས་པ་ནི་བསྒོམ་པའི་རྣམ་པར་དག་པ་སྟེ། ་བསྙེན་པའོ། །རྡོ་རྗེ་ཞེས་པ་ནི་ཐབས་ཀྱི་ཡེ་ཤེས་སྙོམས་པར་འཇུག་པའི་མཚན་ཉིད་བྱུང་བར་གྱུར་ནས། པདྨ་ཞེས་པ་ནི། ཤེས་རབ་ཀྱི་ངོ་བོ་ཉིད་དུ་གྱུར་པས་ངེས་པར་འགག་པས་ཞེས་པའོ། །དེ་ནི་ཉེ་བར་སྒྲུབ་པའོ། །ཡི་གེ་ཧཱུཾ་དང ་ཕཊ་ལྡན་པའི་ཞེས་པ་ནི། སྔོན་དུ་འགྲོ་བས་འོད་གསལ་སྒྲུབ་ཅིང་ཀུན་ཏུ་སྣང་བ་ཉེ་བར་འཐོབ་པས་འབྱུང་བར་འགྱུར་རོ། སྒྲུབ་པས་བསྒྲུབ་པ་ཞེས་པ་ནི། མ་རིག་པའི་སྐད་ཅིག་མ་དེ་འདས་ཤིང་སྤོང་བར་གྱུར་པའི་དུས་སུ་འགྲུབ་སྟེ་། ་སྟོང་པ་ཉིད་དང། ཤིན་ཏུ་སྟོང་པ་ཉིད་དང། སྟོང་པ་ཆེན་པོ་ཉིད་ཀྱི་རྒྱུ་རྐྱེན་གྱིས་འགྲུབ་པར་འགྱུར་རོ། །དེ་གང་ཞེ་ན། ངོ་བོ་ཉིད་ནི་ཞི་བདེ་བ། སྒྲུབ་པ་ཆེན་པོ་ཞེས་པ་ནི་འོད་གསལ་བ་མངོན་དུ་བྱེད་པས་ཕྱག་རྒྱ་ཆེན་པོ་འགྲུབ་པར་འགྱུར་བ་ནི། ་སྒྲུབ་པ་ཆེན་པོར་བཤད་དེ། ཐབས་ལས་བྱུང་བ་བསྟན་པའི་ཕྱིར། དཔལ་ལྡན་སངས་རྒྱས་ཀུན་གྱི་བདག་ཅེས་པ་ལ། སངས་རྒྱས་ཀུན་གྱི་བདག་ཅེས་པ་ནི་སྐུའི་དབང་ཕྱུག་གོ་།རྡོ་རྗེ་འཆང་ཆེན་པོ་ནི་ཐུགས་ཀྱི་དབང་ཕྱུག་གོ་།དེ་ཉིད་ཆོས ་རྣམས་ཆོས་ཉིད་དོ་ཞེས་པ་ནི་གསུང་གི་དབང་ཕྱུག་གོ་།སངས་རྒྱས་ཀུན་གྱི་ཐབས་ལས་བྱུང་ཞེས་པ་ནི། དབང་ཕྱུག་བརྒྱད་འཐོབ་པར་འགྱུར་བ་ནི། ཐབས་དེའི་འབྲས་བུ་ཐབས་ལས་བྱུང་པ་སྟེ། རྩ་བའི་རྒྱུད་ཀྱི་ལེའུ་བཅུ་གསུམ་པ་? ་གསུངས་པ། སྟོན་པ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་འདི་སྐད་ཅེས་གསུངས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཡི་གེ་གསུམ་དང་ལྡན་ན། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་? ་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱོད་པའི་རྡོ་རྗེ་འདི་ལ་དད་ཅིང་བསྒོམ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་པ། གསུམ་པོ་གང་ཞིག་ལགས། རྡོ་རྗེ་འཛིན་པས་བཀའ་སྩལ་པ། དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་སྐུའི་རྡོ་རྗེ་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེ་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེས་ཏེ། འདི་གསུམ་མོ་ཞེས་གསུངས་སོ། །སློབ་དཔོན་ཟླ་བ་གྲགས་པས་ཀྱང། ཇི་སྲིད་ཡ་ར་ལ་ཧའི་? ་ཀ་བ་གྷ?་མཛའ་མེད་ཛའི་མཛའ་། །ད་དྷའི་མཛའ་དང་མ་མཐར་ཨུབཅས། །དེ་དེའི་རྩ་བ་ཡི་གེ་གསུམ། །ཞེས་མཛའ་ཅན་གྱི་རྒྱུད་ཐམས་ཅད་ཀྱི་ཐབས་ལས་བྱུང་བ་སྐུ་གསུང་ཐུགས་རྡོ་རྗེ་དབང་ཕྱུག་ཐོབ་པ་ལ་བཤད་དོ། །སྐུ་གསུང་ཐུགས ་ནི་མཚོན་པ་ཙམ་སྟེ། ཇི་སྲིད་རྡོ་རྗེ་དང་ལ་མཆོག་ཆེན་པོ་ལས། སྐུ་ཡི་དབང་ཕྱུག་གསུང་གི་དབང་ཕྱུག་དང། །དེ་བཞིན་དུ་ནི་ཐུགས་ཀྱི་དབང་ཕྱུག་དང། །རྫུ་འཕྲུལ་ཀུན་ཏུ་འགྲོ་བའི་དབང་ཕྱུག་དང། ཅི་འདོད་བསྐྱེད་དང་དབང་ཕྱུག་དོན ་བརྒྱད་དོ། །ཞེས་པ་ནི། རྫུ་འཕྲུལ་གྱི་དབང་ཕྱུག་དང། ཐམས་ཅད་དུ་སོན་པའི་དབང་ཕྱུག་དང། འདོད་པའི་དབང་ཕྱུག་དང། གནས་ཀྱི་དབང་ཕྱུག་དང། འཁོར་གྱི་དབང་ཕྱུག་སྟེ་དེ་འཐོབ་པར་འགྱུར་རོ་ཞེས་པའི ་དོན་ཏོ། །དཀྱིལ་འཁོར་སོ་སོའི་རྣལ་འབྱོར་པས་ལས་ཀྱི་ཚོགས་བྱེད་པའི་དུས་སུ་དཀའ་བ་བསྟན་པའི་ཕྱིར། ལས་དང་རྗེས་མཐུན་གང་གང་གི་ཞེས་པ་ལ་སོགས་པ་གསུངས་ཏེ། ལས་དང་རྗེས་མཐུན་ཞེས་པ་ནི། ཞི་བ་ལ་སོགས ་པའི་བསྒྲུབ་པར་ནུས་པའི་ལྷ་ཐ་དད་པའོ། །རྣལ་འབྱོར་ཞེས་པ་ནི་ཞི་བ་ལ་རྣམ་པར་སྣང་མཛད་ཀྱི་སྦྱོར་བ་དམིགས་པ་ལ་སོགས་པའི་དཀྱིལ་འཁོར་དང་བཅས་པ་ཞེས་པ་ནི་ཞི་བ་ལ་རྣམ་པར་སྣང་མཛད་བསྐྱེད་ན། དེ་བསྐྱེད་ཅེས་པ་ནི། སྤྱན་མ ་མདུན་དུ་བསྐྱེད་ལ། དམ་ཚིག་མི་བཟད་ཅེས་པ་ནི། ཨོཾ་རུ་རུ་སྤུ་རུ་ཞེས་པ་ལ་སོགས་པའི་གསང་སྔགས་ཀྱིས་བཀའ་བསྒོ་སྟེ་ལས་སོ་སོར་བསྒྲུབ་པར་བྱའོ། །སྐུ་གསུང་ཐུགས་རྡོ་རྗེ་ཞེས་པ་ནི། རིགས་གསུམ་གྱི་སངས ་རྒྱས་སོ། །གཙུག་ཏོར་དམ་ཚིག་ཅེས་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་ཡང་ལས་ཞི་བ་ལ་སོགས་པ་བསྒྲུབ་པའི་དུས་སུ་བཀའ་བསྒོ་བ་དང། བཀའ་ཨི་འཁོར་ལོས་བགེགས་བསྐྲད་པའི་ཚེ་བསྒོ་བ་གཉིས་སུ་རིག་པར་བྱའོ། །ད་ནི་ལས ་ཀྱི་ཚོགས་སྣ་ཚོགས་ཇི་ལྟར་བྱ་བ་བསྟན་པའི་ཕྱིར། བསྒྲུབ་བྱའི་ལུས་གང་ཡིན་པ་ལ་ཞེས་པ་ནི། དགྲ་བོ་སྟ་རི་དང་ཐོ་བ་ལག་ཏུ་བཟུང་སྟེ། སེམས་ཁྲོས་པར་གྱུར་པ་ཡིས། ནམ་མཁའ་ཨི་གཏོས་འདི། ཉན་ཐོས་དང་རང་སངས་རྒྱས ་དང། ཡང་དག་རྫོགས་པའི་སངས་རྒྱས་དང། དེ་བཞིན་དུ་སངས་རྒྱས་ཀྱི་བསྟན་པ་ལ་གནས་ཤིང་ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་དགེ་སློང་དང། བསླབ་པ་ལྔ་དང་ལྡན་པའི་དགེ་བསྙེན་རྣམས་དང་། ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱིས་གང་བར་བསམས་པ་དེ་རྣམས། དགྲ་བོས་དེ་རྣམས་ཐོ་བས་བརྡུངས་ཤིང་སྟ་རེས་བཅད་པར་བསམས་ཏེ་གསོད་པར་བསྒོམས་ལ། ཡང་དགྲ་བོའི་ལུས་ལ་གསང་བ་འདུས་པའི ་དཀྱིལ་འཁོར་རྣམ་པར་བསྒོམས་ནས། དགྲ་བོ་དེའི་ལུས་ལ་གནས་པའི་དཀྱིལ་འཁོར་བ་རྣམས་ལ་དེའི་ཉེས་པ་བསྒྲག་པར་བྱའོ། །དེ་ནས་དེ་རྣམས་བཅོམ་ནས་ཞེས་པ་ནི། དགྲ་བོའི་ལུས་ཀྱི་ལྷ་རྣམས་ཁྲོས་ཏེ། དགྲ་བོ་བཅོམ ་བསད་ནས་བྱུང་བར་འགྱུར་རོ། །དངོས་པོ་ཀུན་གྱིས་ཤེས་པ་ནི། རང་གི་ལྷ་ལ་དགྲ་བོའི་ལྷ་དྲངས་ཏེ། རང་གི་འཁོར་ལོ་ལ། དགྲ་བོ་ལྷ་རྣམས་གཞུག་པར་བྱའོ། །ཇི་སྐད་གསུངས་པའི་རྫས་རྣམས་ཀྱིས་ཞེས་པ་ནི། ་ལེའུ་བཅོ་ལྔ་པ་དང། བཅུ་བཞི་པ་ལས་སོ། །ཁྲོ་བས་ཁྱབ་ཅེས་པ་ནི། རང་ཁྲོ་བོར་བསྒོམ་པའོ། །དེ་ནས་བཀའ་མ་ནོས་ཁྲོ་བོ་ཞེས་པ་ནི། ལེའུ་བཅོ་ལྔ་པ་དང། བཅུ་གསུམ་པ་ལས་བསྟན་པ་བཞིན་དུ། རང་གི་འཁོར ་ཁྲོ་བོ་དང། སྲིན་པོ་དང། ལོ་སྤྱང་དང། སྤྲུལ་ལ་སོགས་པ་རྦད་ཅིང། དེ་རྣམས་ཀྱིས་བཀུག་ལ་གཟུགས་དབབ་པར་བྱའོ། །སྤྱི་བོ་མགྲིན་པ་སྙིང་ག་རུ་ཞེས་པ་ནི། ལེའུ་བཅུ་གསུམ་པ་དང་བཅུ་བཞི་པ་ལས་གསུངས་བཞིན ་དུ་ཕུར་བུའི་ཆོ་གའོ། །ཡམས་དང་ཉེ་བར་འཚེ་བ་ཞེས་པ། ལེའུ་བཅུ་གསུམ་པ་ལས་འབྱུང་བ་བཞིན་དུ། ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པའི་ཕུར་བུས་གདབ་པར་བྱའོ། །དེ་ནས་སྦྱོར་བ་ཐམས་ཅད་ཅེས་པ་ནི། འཁྲུལ་འཁོར ་དང། སྔགས་ཀྱི་བཟླས་བརྗོད་དང་སྦྱར་བའོ། །བསམ་གཏན་ལ་སོགས་པ་དང། སྦྱིན་སྲེག་དང། མཚན་མོ་གནོད་པ་ལ་སོགས་པའི་ལས་ཀྱི་ཚོགས་ཅན་ཞེས་པའི་དོན་ཏོ། །ལས་སོ་སོའི་བསམ་པ་གསུངས ་པ་ནི། ཞི་བ་ལ་ཞི་བའི་སེམས་ཀྱིས་ཀྱང། ཞེས་པ་ལ་སོགས་པ་སྟེ། གོ་སླའོ། ད་ནི་ཐེ་ཚོམ་ཚེད་པའི་བསྟོད་པ་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་གསུངས་ཏེ། རྡོ ་རྗེ་འཆང་ཆེན་པོའི་འོད་གསལ་ལ་ཞུགས་པ་ལ། བསྟོད་པའི་རྒྱལ་པོས་བསྟོད་དོ། །སངས་རྒྱས་ཐམས་ཅད་གསོད་པ་ཞེས་པ་ནི། འདས་མ་ཐག་ཏུ་དྲག་པོའི་ལས་གསུངས་པའི་ཐེ་ཚོམ་ཞུས་པའོ། ། ་དེའི་ལན་གསུངས་པ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། སློབ་དཔོན་བྱང་ཆུབ་རྡོ་རྗེ་ཅན་ཞེས་པ་ནི་དོན་དམ་པའི་བྱང་ཆུབ་རྟོགས་པའོ། །དངོས་རྣམས་ཐམས ་ཅད་སྒྱུ་མ་བཞིན་ཞེས་པ་ནི། ཟུང་འཇུག་གི་སྐུ་བསྒོམས་པས་སྒྱུ་མ་དང་འདྲ་བའོ། །དེ་བས་ན་སྡིག་པས་ངན་སོང་དུ་མི་འགྲོ་ལ། བསོད་ནམས་ཀྱིས་མཐོ་རིས་སུ་མི་འགྲོ་སྟེ་། ་འབྲས་བུ་བྱང་ཆུབ་ཡིན་ཅེས་གསུངས་སོ། །བྱང་ཆུབ་རྡོ་རྗེ་ཞེས་པ་ནི་ཐམས་ཅད་སྟོང་པའོ། །ཡེ་ཤེས་ཀྱིས་ནི་རྒྱས་བཏབ་ཅེས་པ་ནི། བདེན་པ་གཉིས་དབྱེར་མེད་པར་བསྒོམ་པའོ། །སྒྲུབ ་པ་ཆེན་པོའི་མཐར་ཐུག་པར་བྱས་ནས་སྟོན་ཏོ། །དེའི་དོན་ལ་བྱང་ཆུབ་སེམས་དཔའ་རྣམས་ལེགས་ཞེས་གསོལ་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཞེས་པ་ལ་སོགས་པའོ། །དེ་བཞིན ་གཤེགས་པ་རྣམས་གསང་བ་འདུས་པའི་དབང་བསྐུར་བ་ཐོབ་ཅིང། ཟུང་དུ་འཇུག་པ་ལ་གནས་པ་ཅི་ལ་ཡང་ཡང་བ་མེད་པར་བསྟན་པ་ནི། དེ་ནས་དེ་བཞིན་གཤེགས་པ་དེ་དག་ཅེས་པ་ལ་སོགས ་པ་གསུངས་པའོ། །དེ་ནས་བསྟོད་པ་གསུམ་པ་རྒྱུད་གསང་བ་འདུས་པའི། དོན་ཐམས་ཅད་བསྡུས་པའི་སྒོ་ནས་བསྟོད་པ་གསུངས་པ་བསྟན་པའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་ཆེན ་པོ་ཞེས་པ་ལ་སོགས་པ་གསུངས་ཏེ། །དང་པོ་སངས་རྒྱས་དཀོན་མཆོག་གསང་བ་འདུས་པའི་ལྷ་སུམ་ཅུ་རྩ་གཉིས་ཀྱི་སྒོ་ནས་བསྟོད་པ་ནི། དུས་གསུམ་རྡོ་རྗེའི་ཐུགས་ཡིན་ཞེས་པ་ནི། རྡོ་རྗེ ་འཆང་ཆེན་པོ་སྟེ། དེ་ཉིད་སྲིད་པ་འཁོར་བ་དང། ཐར་པ་མྱ་ངན་ལས་འདས་པ་གཉིས་ཀ་ཞི་ཞིང། སྒྲིབ་པ་ཐམས་ཅད་སྤངས་ཏེ། ནམ་མཁའ་ཨི་འོད་གསལ་རྟོགས་ནས་སངས་རྒྱས་ཏེ། ་རྣམ་པར་སྣང་མཛད་ལ་སོགས་པས་ཟུང་འཇུག་གི་སྐུ་དབང་ཕྱུག་བརྒྱད་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་རིག་པའི་སྐྱེས་བུ་རྡོ་རྗེ་འཆང་ཡིན་ཞེས་པ་དེ་ལ་ཕྱག་འཚལ་ལོ། །གཟུགས་དང་ཚོར་བ་ཞེས་པ་ནི ་རིགས་ལྔའོ། །རྣམ་པར་ཤེས་པ་དྲུག་ནི། ཁྲོ་བོ་འདོད་པའི་རྒྱལ་པོ་ལ་སོགས་པའོ། །སྐྱེ་མཆེད་ནི་ལྷ་མོ་ལྔའོ། །ཆོས་ཀྱི་སྐྱེ་མཆེད་ནི་ཀུན་ཏུ་བཟང་པོའོ། །དབང་པོ་དྲུག་ནི ་སའི་སྙིང་པོ་ལ་སོགས་པ་དྲུག་གོ་།ས་ལ་སོགས་པ་ནི་ཡུམ་བཞིའོ། །ནམ་མཁའ་རྡོ་རྗེ་ནི་འཇམ་དཔལ་ལོ། །ཁྲོ་བོ་སྒོ་བསྲུང་བཞི་བསྟན་པའི་ཕྱིར། གཏི་མུག་སྟེ་ཞེས་པ ་ལ་སོགས་པའོ། །འདོད་པའི་རྒྱལ་པོ་ལ་སོགས་པའི་ཁྲོ་བོ་དྲུག་བསྟན་པའི་ཕྱིར། སྤྲོ་དང་དགའ་དང་རྣམ་པ་ཞེས་པ་ལ་སོགས་པའོ། །དེ་ལྟར་དཀྱིལ་འཁོར་པའི་ལྷའི་སྒོ་ནས་བསྟོད་ནས་། ་ད་ནི་ཆོས་དཀོན་མཆོག་གསང་བ་འདུས་པ་པའི་རྒྱུད་ཀྱི་སྒོ་ནས་བསྟོད་པ་གསུངས་པ། །གང་ཞིག་ཐོག་མེད་དངོས་རྣམས་དག་ཅེས་པ་ལ་སོགས་པས་སྟོན་ཏེ། བུམ་པའི་དབང་དང། གསང ་བའི་དབང་དང། །བརྟུལ་ཞུགས་དང་སྟེ། ཤེས་རབ་ཡེ་ཤེས་དབང་དང། སྤྲོས་དང་བྲལ་ཞེས་པས། དབང་བཞི་པ་རྣམས་ལ་ཕྱག་འཚལ་ཞེས་པའོ། །གང་ཞིག་དངོས་གྲུབ ་མཆོག་གི་ཞེས་པ་ནི། རིམ་པ་གཉིས་ཀྱི་བསྙེན་བསྒྲུབ་ཡན་ལག་བཞི་རྣམས་ལ་ཕྱག་བཙལ་བའོ། །མི་སྣང་ལ་སོགས་ཞེས་པ་ནི། མཐུན་མོང་གི་དངོས་གྲུབ་རྡོ་རྗེ་མཆོག་བཞིའི་སྒོ་ནས ་བསྒྲུབ་པ་དང། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མ་ནོར་པར་རྟོགས་པའི་ཐབས་དང། ཐབས་ལས་བྱུང་བ་དེ་ལ་ཕྱག་འཚལ། ད་ནི་དགེ་འདུན་དཀོན་མཆོག་རྣལ་འབྱོར ་པ་གསང་བ་འདུས་པ་ལས་འཇུག་པ་རྣམས་ཀྱང། འབྲས་བུ་རྡོ་རྗེ་འཆང་ཆེན་པོ་འདྲ་བར་བསྟན་པའི་ཕྱིར། གང་ཞིག་རབ་གསང་འདུས་པའི་རྒྱུད་ཅེས་པ་ལ་སོགས་པའི་རྒྱུད་གསུངས་ཏེ། རྒྱུད་ཁྱད ་པར་དུ་གྱུར་པའི་དཀྱིལ་འཁོར་ཉན་པ་དང། བསམ་པ་ལས་ཡོན་ཏན་ཡོད་པར་བསྟན་པ་ནི། བསྒོམ་པ་ལ་གནས་པ་རྣམས་ཀྱི་ཡོན་ཏན་བསྟན་པའི་ཕྱིར། གང་ཞིག་གསང་བ་སྤྱོད་པ ་ཡིས་ཤེས་པ་ནི། བསྒོམ་པའི་ཡོན་ཏན་དང་པོར་ལས་ཀྱི་ཚོགས་འཁྲུལ་འཁོར་ནུས་པར་སྟོན་པའོ། །ཅིའི་ཕྱིར་ཞེ་ན། དེ་ཡང་དང་པོར་བསྒྲུབ་སླབ་སླ་བས་སོ། །བསྒོམ་པ་ནི་གོམས ་ནས་སྒྲུབ་པ་པོ་དེ་ཉིད། རྡོ་རྗེ་འཆང་ཆེན་པོ་དང་མཚུངས་པར་ཡོན་ཏན་ཡོད་པར་བསྟན་པའི་ཕྱིར། གང་ཞིག་གཙོ་བོ་སྒྲུབ་པ་པོ། །མཐོ་རིས་ཞེས་པ་ལ་སོགས་པ་གསུངས་ཏེ། ད་ནི་བསྟོད ་པ་དེའི་ཕན་ཡོན་བསྟན་པའི་ཕྱིར། བསྟོད་པའི་ཚིག་ནི་འདིས་ཤེས་པ་ལ་སོགས་པའོ། །དེ་ལྟར་བསྟོད་པ་བྱས་པས་རྒྱུད་རྫོགས་པར་གྱུར་པ་ལ། དེ་བཞིན་གཤེགས་པ་རྣམས་རྗེས་སུ་ཡི་རང་བར ་བསྟོད་པའི་ཕྱིར། བྱང་ཆུབ་སེམས་དཔའ་གྲགས་ཆེན་ཞེས་པ་ལ་སོགས་པའོ། །རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པ་རྫོགས་པར་ཕྱེ་བའི་ཕྱིར། འདུས་པ་གསང་བ་ལས་བྱུང་བ་ཞེས་པ ་ལ་སོགས་པའོ། །ཕྱི་རྒྱུད་བཤད་པ་རྫོགས་ནས་ཀྱང། རྩ་བའི་རྒྱུད་རྫོགས་པ་བཞིན་དུ། སྐུ་གསུང་ཐུགས་མཉམ་པ་ལས་ཞུགས་པ་བསྟན་པའི་ཕྱིར། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཅེས ་པ་ལ་སོགས་པ་གསུངས་སོ། །གསང་བ་ཐམས་ཅད་སྟོན་པ། རྡོ་རྗེ་ཡེ་ཤེས་བྱིན་གྱིས་བརླབས་པ་ཞེས་བྱ་བའི་ལེའུ་བཅོ་བརྒྱད་པ་རྫོགས་སོ།། །།ཞེས་བྱ་བ་ལ། ་གསང་བ་ཐམས་ཅད་ནི་རྩ་བའི་རྒྱུད་ཀྱི་དོན་གསང་བ་རྣམས་འདིར་སྟོན་པས་དེ་སྐད་ཅེས་བྱའོ། །རྡོ་རྗེ་ནི་ཐམས་ཅད་སྟོང་པའོ། །ཡེ་ཤེས་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། རྡོ་རྗེ་འཆང་ཆེན་པོས ་རྒྱུད་པ་འདི་བྱིན་གྱིས་བརླབས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལེའུ་ནི་གོང་དང་འདྲ་བར་ཉོན་མོངས་པའི་འཚེ་བ་བཟློག་པར་བྱེད་པའོ། །བཅོ་བརྒྱད་པ་ཞེས་པ་ནི། ལེའུ་དང་པོར་རིམ་པ་གཉིས་ཀྱི་གཞི་སྟོན་པ་དང། ་ལེའུ་བཅུ་དྲུག་པ་ལས་བསྙེན་སྒྲུབ་བཞིའི་དོན་སྟོན་པ་དང། བཅོ་བརྒྱད་པ་དེ་ཐམས་ཅད་ཀྱིས་གསང་བའི་མན་ངག་སྟོན་པ་འདི་རྫོགས་སོ་ཞེས་བྱའོ།། །དཔལ་ལྡན་འདུས ་པ་ཡོངས་གསལ་བའི། ཕྱི་མའི་རྒྱུད་ཀྱི་དོན་གསལ་འདི། །སྒྲོན་མ་གསལ་བའི་རྗེས་འབྲངས་ནས། ཀླུ་སྒྲུབ་མན་ངག་བཤད་པ་འདི། །གསང་བ་ཐམས་ཅད་སྟོན་པའི་འགྲེལ། །གསང་བའི ་སྒྲོན་མ་ཞེས་བྱ་བ། །སློབ་དཔོན་ཀླུ་སྒྲུབ་འཕགས་པའི་ལྷ། །ཀླུ་ཡི་བྱང་ཆུབ་ཤཱཀྱའི་བཤེས། །ཟླ་བ་གྲགས་པ་ལ་སོགས་པའི། །མན་ངག་རིམ་པ་ལ་བརྟེན་ནས། །བདག་གིས་བྲིས ་པའི་དགེ་བ་འདིས། །འགྲོ་ཀུན་བྱང་ཆུབ་ཐོབ་པར་ཤོག་།དཔལ་གསང་བ་འདུས་པའི་རྒྱུད་ཕྱི་མའི་གསང་བ་ཐམས་ཅད་སྟོན་པ་ཞེས་བྱ་བ། ་རྒྱ་ཆེར་འགྲེལ་བ། གསང་བའི་སྒྲོན་མ་ཞེས་བྱ་བ། སྙན་གྲགས་བཟང་པོའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །། ་པཎྜི་ཏ་སྨྲི་ཏི་ཛྙཱ་ན་ཀཱིརྟརིས་རང་འགྱུར་བྱས་པའོ། །ཀུན་ཏུ་བཟང་པོ། །ནམ་མཁའ་ཨི་སྙིང་པོ། །སྙན་གྲགས་བཟང་པོ། །ན་རོ་བ། ཡེ་ཤེས་དངོས་གྲུབ། རྩ་ཤད་པ། ་དེ་རྣམས་མཚན་གྱི་རྣམ་གྲངས་ཡིན་ནོ། །རྩ་ཤད་པ། དྲན་པའི་ཡེ་ཤེས། ལོ་གཞོན་ཚུལ། ཤེས་རབ་སེང་གེ། ཐམས་ཅད་མཁྱེན་པ་བུ་སྟོན་ནོ།། །། ་སརྦ་མངྒ་ལཾ།། ་