| Wylie | e-texts based on the ACIP/ALL Input |
#། །རྒྱ་གར་སྐད་དུ་། ཤྲཱི་གུ་ཧཡ་ས་མ་ཛ་ཏ་ནྟྲ་སྱ་ཏནྟྲ་ཊཱི་ཀཱ་ནཱ་མ། བོད་སྐད་དུ་། དཔག་གསང་བ་འདུས་པའི་རྒྱུད ་ཀྱི་འགྲེལ་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྣ་ཚོགས་སྤྲུལ་པའི་རོལ་པ་སྤྲོ་བའི་ཚོགས་ཀྱིས ་སེམས་ཅན་མ་ལུས་དོན་མཛད་པ། །རང་སྣང་ལོངས་སྤྱོད་བདེ་བ་ཉམས་མྱོང་བས་ནི་མ་ལུས་རྟོག་པའི་དྲ་བ་འཇོམས། ། ་སུམ་ཅུ་རྩ་གཉིས་གྲངས་ལྡན་ལྷ་ཡི་འཁོར་ལོར་ལྷན་སྐྱེས་ངོ་སྐུ་གང་ཞིག་བཞུགས། །སྲིད་པའི་འཇིགས་པ་མ་ལུས་གཅོད།། ་མཛད་རྡོར་སེམས་དེས་ནི་ཁྱོད་ལ་སྲུང་བར་ཤོག་།ཉོན་མོངས་ཀྱི་ཚོགས་རབ་རིབ་སྙིང་ག་མུན་པའི་སྐྱེ་བོ་ཡི། ། ་ཤིན་ཏུ་རྣོ་བའི་ཤེས་རབ་རལ་གྲི་ཡིས་ནི་རྣམ་གཅོད་པ། །མ་ལུས་སྐྱེ་བོའི་དཔའ་བོ་གང་ཞིག་དཔལ་ལྡན་འཇམ་རྡོར་རྗེ། །ལུས་དང ་ངག་དང་ཡིད་རྣམས་ཀྱིས་ནི་དེ་ལ་བདག་ཕྱག་འཚལ། །གཏིང་མེད་འཁོར་བའི་རྒྱ་མཚོ་ལས། །བསྐལ་པ་རྒྱ་ཡིས་བརྒལ་མི ་འགྱུར། །གང་གི་དྲིན་གྱིས་ཕ་རོལ་ཕྱིན། །བླ་མའི་ཞབས་ལ་རབ་བཏུད་དེ། །དཔལ་ལྡན་འདུས་པའི་མཛོད་གྲགས་པ། ། ་མན་ངག་གཏེར་གྱིས་རྣམ་པར་བརྒྱན། །དེ་བཞིན་གཤེགས་པས་གསང་བའི་ཕྱིར། །རྒྱས་བཏབ་གང་ཞིག་སྔར་ཡོད་པ། །མན་ངག་ནོར་ནི་མ་ཐོབ ་པས། །དབུལ་པོ་རྣམས་ལ་ཕན་པའི་ཕྱིར། །བྱང་ཆུབ་རྒྱལ་སྲིད་ཐོབ་ཕྱིར་དང། །འགྲེལ་པའི་ལྡེ་མིག་གིས་དགྲོལ་བྱ། །སྐྱོན་ཚོགས་ཡང་དག ་སྤངས་ནས་ནི། །ཡོན་ཏན་ཆ་ལ་བློ་གདབ་བྱ། །མཁས་པ་རྣམས་ཀྱིས་འགྲེལ་པ་འདིར། །གང་ཕྱིར་སྐྱེས་བུ་གཞན་དོན་མཛད། །རེ་ཞིག་སྐྱེས་བུ ་ཆེན་པོ་རྣམས། །བདག་ཉིད་ཆུང་བར་འདོད་པ་སྟེ། །གཞན་དོན་གཞན་ནི་རབ་མཛད་པ། །དམ་པའི་རང་བཞིན་ཟླ་བ་བཞིན། །འདིར་ནི་བཅོམ་ལྡན ་འདས་ཤཱཀྱ་ཐུབ་པས་རྒྱུད་ལ་སོགས་པ་རྣམ་པ་བཞིའི་རིགས་པས་རང་དང་གཞན་གྱི་དོན་མཛད་ལ། །བྱ་བ་དང་སྤྱོད་པ་ལ་སོགས་པའི་ཚུལ་གྱིས་སེམS ་ཅན་རྣམས་འདུལ་ཏེ། དེ་ལ་མོས་པ་དང་ལྡན་པའི་སེམས་ཅན་གྱི་ཁམས་ལ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཚིག་བཤད་ལ། དེའི་རྗེས ་ལ་དབང་པོ་དམན་པ་ལ་སོགས་པའི་དབྱེ་བ་ལ་བརྟེན་ཏེ། སྐུ་གསུམ་གྱི་བདག་ཉིད་ཅན་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་རིམ་གྱིས་གོང་ནས་གོང ་དུ་ཁྱད་པར་དང་ལྡན་པ་བྱ་བ་དང། སྤྱོད་པ་དང། རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་དང། རྣལ་འབྱོར་མའི་རྒྱུད་ཀྱི་དབྱེ་བས་སྔགས་ཀྱི་ཐེག་པ་ཆེན་པོ་རྣམ་པ་ལྔ ་བསྟན་ཏོ། །དེ་ལ་གཏི་མུག་གི་རིགས་ཅན་གྱི་སེམས་ཅན་ལ་བརྟེན་ཏེ་དཀྱིལ་འཁོར་དང། སྐོར་བ་དང། མཆོད་རྟེན་གྱི་ལས་དང། ཁྲུས་ཀྱི་ཆོ་ག་དང། སྦྱིན ་སྲེག་དང། མཆོད་པ་དང། བསྙེན་གནས་དང། བརྟུལ་ཞུགས་དང་སྡོམ་པ་ལ་སོགས་པ་གཙོ་བོར་གྱུར་པའི་བྱ་བའི་རྒྱུད་བཀའ་སྩལ་ཏེ། དཔེར་ན་སྒྲོན་མ་འབྱུང་བ ་ལ་སོགས་པའོ། །དེའི་རྗེས་ལ་དབང་པོ་དམན་པ་དང་བར་པའི་གཏི་མུག་གི་རིགས་ཅན་གྱི་སེམས་ཅན་གྱི་ཁམས་ལ་བརྟེན་ཏེ་དངོས་གྲུབ་དང་ཏིང་ངེ་འཛིན་དང་སྤྱོད་པ་དང་མཐུ་དང་ལྡན་པ་དཔལ་མཆོག་དང་པོ་ལ ་སོགས་པ་སྤྱོད་པའི་རྒྱུད་གསུངས་སོ། །དེའི་རྗེས་ལ་འདོད་ཆགས་དང་ཞེ་སྡང་དམན་པའི་རིགས་ཅན་གྱི་སེམས་ཅན་ལ་བརྟེན་ཏེ་དེ་རྣམ་པར་དག་པའི་ཐབས་སུ་གྱུར་པ་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས ་པའི་རྣལ་འབྱོར་གྱི་རྒྱུད་གསུངས་སོ། །དེ་བཞིན་དུ་བར་པ་དང་ལྷག་པའི་འདོད་ཆགས་དང་ཞེ་སྡང་གི་རིགས་ཅན་ལ་བརྟེན་ཏེ་རྣམ་པར་དག་པར་བྱ་བའི་ཕྱིར། དཔལ་གསང་བ་འདུས་པ་ལ་སོགས ་པ་རྣལ་འབྱོར་ཆེན་པོའི་རྒྱུད་གསུངས་སོ། །འབའ་ཞིག་ལྷག་པ་འདོད་ཆགས་དང། ཞེ་སྡང་གི་རིགས་ཅན་ལ་བརྟེན་ཏེ་རྣལ་འབྱོར་མའི་རྒྱུད་གསུངས་སོ། །དེ་ལ་བྱ་བའི་ཕྱོགས་ནི་དབང་པོ་དམན ་པ་རྣམས་ཀྱིའོ། །སྤྱོད་པའི་ཕྱོགས་ནི་དབང་པོ་བར་བ་རྣམས་ལའོ། །རྣལ་འབྱོར་གྱི་ཕྱོགས་ནི་དབང་པོ་རབ་རྣམས་ལའོ། །རྣལ་འབྱོར་ཆེན་པོ་དང་རྣལ་འབྱོར་མའི་རྒྱུད་ཀྱི་ཕྱོགས་ནི་དབང་པོ་རབ་ཀྱི་རབ་རྣམས་ལ ་བསྟན་ཏེ། དབང་པོ་དབྱེ་བའི་རིམ་པ་དང་ཡུལ་གྱི་རྣམ་པར་དབྱེ་བ་རབ་ཏུ་བསྟན་ཏེ། །དེ་ལ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་ཕྱོགས་འདི་ནི་འདོད་པའི་ཁམས་ཀྱི་གདུལ་བྱ་སེམས་ཅན་གྱི་རིགས་རྣམ་པ་བཞི ་ལ་བརྟེན་ཏེ་བསྐལ་པ་བཟང་པོ་ལག་ན་རྡོ་རྗེ་ལ་བརྟེན་ཏེ་སྙིག་མ་ལྔའི་དུས་འདི་ལ་སེམས་ཅན་རྣམས་ཀྱི་ཚེ་དང། བརྩོན་འགྲུས་དང་སྟོབས་ཆུང་བ་ཉིད་དུ་གཟིགས་ཏེ། དེ་རྣམས་གདོན་པར ་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོ་ལ་སོགས་པས་ཐུགས་དབང་དུ་མཛད་ནས་སྤྱོད་པ་གསུམ་སྤྱོད་པས་བདེ་བའི་ཐབས་ཀྱིས་བྱང་ཆུབ་ཐོབ་པར་འགྱུར་པ་འབའ་ཞིག་ཏིང་ངེ་འཛིན་ཙམ་གཙོ་བོར་གྱུར་པ་སྤྲོས་པ་དང་བྲལ་བ ་དཔལ་གསང་བ་འདུས་པ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལ་འདིའི་རེ་ཞིག་དང་པོ་བརྗོད་པ་ལ་སོགས་པ་ལྔ་བཤད་པར་བྱ་སྟེ། གང་གི་ཕྱིར་དེ་མེད་པས་ཉན་པ་པོ་རྣམས་མི་འཇུག་པའི་ཕྱིར་དེ་རྣམས་བསྟན ་པར་བྱའོ། །རྗོད་པ་དང། བརྗོད་པར་བྱ་བ་དང། འབྲེལ་པ་དང་དགོས་པ་དང། དགོས་པའི་དངོས་པའོ། །ཇི་སྐད་དུ། བསྟན་བཅོས་རྣམས་ནི་ཐམས་ཅད་དང། རྒྱུད་སོགས་གང་ཡང་རུང་པ་ཡི། །བརྗོད་པ་མེད་པས་འཇིག ་རྟེན་འདི། །ལྐུགས་དང་ལོང་བ་འདྲ་པར་འགྱུར། །ཞེས་འབྱུང་ངོ། །བརྗོད་པར་བྱ་བ་མེད་པའི་ཚིག་ནི་ལེའུ་བཅུ་ལ་སོགས་པའི་ཚིག་བཞིན་དུ་དོན་མེད་པར་བསྟན་བཅོས་འགྱུར་བའི་ཕྱིར་རོ། །ཇི་སྐད་དུ་ཉན་པ་པོ་འདུག་འགྲུབ ་པ་ནི?་གང་ཕྱིར་འབྲེལ་པ་བསྟན་པ་སྟེ། །དེ་ཕྱིར་བསྟན་བཅོས་རྣམས་ཀུན་ལ། །འབྲེལ་པ་སྔོན་དུ་བརྗོད་པར་བྱ། །དེ་ལ་འདིའི་བརྗོད་པ་ནི་དཔལ་གསང་བ་འདུས་བ་ཞེས་བྱའོ། །བརྗོད་པར?་བྱ་བ་ནི་ལེའུ་བཅོ་བརྒྱད་ཀྱི་རིམ་པས་རྫོགས ་པ་བཅོཾ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དང་དེའི་དཀྱིལ་འཁོར་རོ། །ཡང་ན་དང་པོ་སྦྱོར་བ་ལ་སོགས་པའི་དབྱེ་བའི་ཏིང་ངེ་འཛིན་གསུམ་མམ། རིམ་པ་གཉིས་སམ། འབའ་ཞིག་པ་རྫོགས་པའི་རིམ་པ་གཙོ་བོར་གྱུར་པ་ནི་རིམ་པ་ལྔ་འམ། རང་བཞིན་ལ་སོགས་པའི་དབྱེ་བས་གནས ་པ་དོན་དྲུག་སྟེ། བརྗོད་པར་བྱ་བ་མེད་པའི་ཚིག་ནི་ལེའུ་བཅུ་པ་ལ་སོགས་པའི་ཚིག་བཞིན་དུ། དོན་མེད་པར་བསྟན་བཅོས་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ། ཉན་པ་པོ་འཇུག་འགྲུབ་པ་ནི། གང་ཕྱིར་འབྲེལ་པ་བསྟན་པ་སྟེ། །དེ་ཕྱིར་བསྟན་བཅོས་རྣམས་ཀུན་ལ། །འབྲལ? ་པ་སྔོན་དུ་བརྗོད་པར་བྱ་ཞེས་ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་ཅན་མ་བརྗོད་པ་དང་བརྗོད་པར་བྱ་བའི་མཚན་ཉིད་ཅན་སྒྲ་དང་དོན་དག་ལ་འབྲེལ་པར་བསྟན་ཏོ། །གལ་ཏེ་སྒྲ་དང་དོན་ལ་དོན་དམ་པའི་འབྲེལ་པ་མེད་ན་ཡང་བློས་བྱས་པ་ནི་ཡོང་པ་ཁོ་ན་ཡིན་ཏེ་།རྣམ ་པར་རྟོག་པ་ལ་ཕལ་ཆེར་དུ་རྣམ་པར་དཔྱད་དོ། །འབྲེལ་པ་དེ་ཡང་རྣམ་པ་དྲུག་ཡིན་ཏེ། དེ་བཞིན་གཤེགས་པ་དང། ལྷ་མོ་དང། བྱང་ཆུབ་སེམས་དཔའ་དང། ལྷ་དང། ལྷ་མ་ཡིན་དང། མིའོ། །དེ་ལ་བཅོམ་ལྡན་འདས་རྡོ་རྗེ་འཆར་ཆེན་པོ་དོན་དམ་པའི་ངོ་བོ ་གཟུགས་དང་ལྡན་པ་བཤད་མི་ནུས་ཏེ། དེ་དང་ལྡན་པས་ན་ལམ་པོ་ཆེའི་སྐྱེས་བུ་བཞིན་དུ་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་བའོ། །རྣམ་པ་དང་བཅས་པའི་དངོས་པོ་ལ་འཇིགས་པ་མཐོང་པའི་ཕྱིར་རོ། །གཟུགས་དང་ལྡན་པ་མ་ཡིན་ན་རི་བོང་གི་རྭ་བཞིན་ཤིན ་ཏུ་མེད་པ་ལ་མི་དམིགས་པའི་ཕྱིར་བསྙེན་བཀུར་བྱེད་པ་མེད་པས་ལྐུགས་པ་དང། ལོང་བ་དང་འདྲ་བ་བླ་མ་དང་སློབ་མ་མེད་པར་གྲོལ་བར་ཐལ་བར་འགྱུར་ཏེ། མེད་པ་ལ་དོན་བྱ་བ་མི་དམིགས་པའི་ཕྱིར་རོ། །དེ་བས་ན་འདིར་ཇི་ལྟར་གནས་པར་བྱའོ། །དེའི་ལན་འདི་ཡིན་ཏེ ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ནི་རྣམ་པ་དང་བཅས་པ་ཡིན་ལ་རྣམ་པ་མེད་པ་ཡང་ཡིན་ནོ། །འོ་ན་གྲིབ་མ་དང་ཉི་མ་བཞིན་དུ་འགལ་བའི་ཆོས་གནས་པར་འགྱུར་རོ། །མི་འགྱུར་ཏེ་གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་འོད་གསལ་བ་ལས་གཅིག་ཏུ་ལྡང་པར་ ་མཛད་ལ། བརྒྱ་བྱིན་གྱི་གཞུ་བཞིན་དུ་སེམས་ཅན་རྗེས་སུ་གཟུང་བའི་ཕྱིར་སྐུ?་སྤྲུལ་པ་སྟེ། འདུས་བྱས་པ་མ་ཡིན་ཏེ། སྐྱེ་བ་དང་རྒ་བ་དང། མི་རྟག་པ་ལ་སོགས་པས་འདུས་བྱས་པའི་མཚན་ཉིད་མེད་པའི་ཕྱིར་དང། ཡེ་ཤེས་ཀྱི་སྐུ་ཉིད་ཡིན་པའི ་ཕྱིར་དང། རྡོ་རྗེ་བཞིན་དུ་མི་ཕྱེད་པའི་ཕྱིར་རོ། །དེ་བས་ན་རྣམ་པ་དང་བཅས་པ་བཅོམ་ལྡན་འདས་རིགས་པ་ཡིན་ནོ། །རྣམ་པ་མེད་པ་ཡང་བཅོམ་ལྡན་འདས་ནི་འོད་གསལ་པ་ལ་བཞུགས་པའི་དུས་སུ་ཕོ་མོ་མ་ནིང་གི་རྣལ་འབྱོར་གྱི་བསྒོམ་པས་ཕུང་པོ་དང། ཁམས ་དང། སྐྱེ་མཆེད་མ་ལུས་པ་ལ་སྟོང་པ་ཉིད་ཀྱི་མེས་བསྲེགས་པའི་ཕྱིར་རོ། །འདི་སྐད་དུ་།གོས་བཞིན་དངོས་པོ་རྣམས་ལ་ནི། །རྣམ་པ་བུམས་ཐ་དད་ལ། སྟོང་ཉིད་མེ་ཡིས་བསྲེགས་པ་ལ་།ཐལ་བའི་དབྱེ་བ་གང་ཡང་མེད། །ཅེས་འབྱུང་ངོ། །དེ་བས་ན་རྣམ་པ་མེད ་པ་ཡང་ངོ། །འགལ་བ་ཡང་མ་ཡིན་ཏེ། ཐ་དད་པའི་བྱ་བ་ལ་བརྟེན་པའི་ཕྱིར་རོ། །བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དེ་ལྟ་བུས་རང་གི་ཐུགས་ཀའི་ས་བོན་ལས་སམ། ནང་གི་བདག་ཉིད་ཀྱི་དཀྱིལ་འཁོར་གྱི་རིམ་པས་དེ་བཞིན་གཤེགས་པ་ལྔ་སྤྲོས་ཏེ། ་དེ་རྣམས་ལ་དེ་ཁོ་ན་ཉིད་གང་བསྟན་པ་དེ་ནི་དེ་བཞིན་གཤེགས་པའི་འབྲེལ་པའོ། །བཅོམ་ལྡན་འདས་དེ་ཉིད་ཀྱིས་འདོད་ཆགས་ཀྱི་རིགས་ཅན་རྣམ་པར་དག་པར་བྱ་པའི་ཕྱིར་རང་གི་ས་བོན་དེ་ཉིད་ལས་ལྷ་མོ་བཞི་སྤྲོས་ཏེ། དེ་རྣམས་ལ་གང་ཆོས་ཀྱི་དེ་ཁོ་ན་ཉིད ་གསུངས་པ་དེ་ནི་ལྷ་མོའི་འབྲེལ་པ་སྟེ། དཔེར་ན་ལྷ་མོ་བཞིས་ཡོངས་སུ་ཞུས་པའི་རྒྱུད་ལ་སོགས་པའོ། །དེ་ལ་ནི་རྡོ་རྗེ་འཆང་ཆེན་པོ་ཁོ་ན་འདུལ་བྱའི་ཕྱིར་བུད་མེད་ཀྱི་གཟུགས་ཅན་ཏེ། གང་གི་ཕྱིར་དེ་ཁོ་ན་ཉིད་ལ་བུད་མེད་དང་སྐྱེས་བུའི་དབྱེ་བ་མེད་པ་སྟེ། རྣམ་པ ་མེད་པས་ནམ་མཁའ་བཞིན་དུ་མི་ཕྱེད་པའི་ཕྱིར་རོ། །རྡོ་རྗེ་སྙིང་པོ་ལ་སོགས་པ་ལ་བརྟེན་ཏེ་དཔལ་ཀྱེ་རྡོ་རྗེ་ལ་སོགས་པའི་རྒྱུད་རྣམས་ལས་གང་ཞིག་དེ་ཁོ་ན་ཉིད་གསུངས་པ་ནི་བྱང་ཆུབ་སེམས་དཔའ་ཨི་འབྲེལ་པའོ། །བརྒྱ་བྱིན་གྱིས་ཡོངས་སུ་ཞུས་པ་ལ་སོགས་པ་ལེ་གང ་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་དེ་ནི་ལྷའི་འབྲེལ་པའོ། །ལྷ་དང་ཀླུ་དང་དྲང་སྲོང་ལ་བརྟེན་ཏེ་གང་ཞིག་ཁོ་ན་ཉིད་བསྟན་པ་དེ་ནི་ལྷ་དང་ལྷ་མ་ཡིན་གྱི་འབྲེལ་པ་སྟེ། དཔེར་ན་མི་སྦྱིན་གྱི་བུ་ལ་བརྟེན་ཏེ་སྒྲོན་མའི་རྟོག་པ་ལ་སོགས་པ་ལའོ། །རྒྱལ་པོ་རབ་གསལ་ལ་སོགས་པ་ལ་བཅོམ ་ལྡན་འདས་ཀྱིས་ཆོས་གང་བསྟན་པ་དེ་ནི་མེའི་འབྲེལ་པའོ། །ལ་ལ་ན་རེ་རྡོ་རྗེ་འཆང་ཆེན་པོས་དེ་བཞིན་གཤེགས་པ་རྣམས་ལ་གསུངས་པ་སྟེ། དེ་རྣམས་ཀྱིས་ཀྱང་ལྷ་མོ་རྣམས་ལ་གསུངས་སོ་ཞེས་ཟེར་རོ། །བེམས་པོ་བེམས་པོ་མེ་བརྟེན་པས། །འབྲེལ་པ་རྣམ་པ་གཉིས་སུ་འདོད།། ་བེམས་པོ་སྒྲ་དང་དོན་འབྲེལ་པས། །གཉིས་བརྗོད་བྱེད་ཉན་པ་པོའི། །གཉིས་པའི་རྣམ་པ་དྲུག་ཡིན་ཏེ། །ཞལ་ནས་ཞལ་གྱི་རིམ་པས་བྱུང། །དེ་བཞིན་གཤེགས་སོགས་དབྱེ་བ་ཡིས། །བློ་ལྡན་རྣམས་ཀྱིས་བཤད་པ་ཡིན། །ཞེས་བྱ་བ་མདོར་བསྡུས་པའི་ཚིགས་སུ་བཅད་པ་གཉིས་སོ། ། ་འདིར་ནི་དེ་བཞིན་གཤེགས་པའི་འབྲེལ་པ་སྟེ། དེ་བཞིན་གཤེགས་པ་ལྔ་བསྐྱེད་དེ། དེ་རྣམས་ལ་བཅོམ་ལྡན་འདས་ཀྱིས་རྒྱུད་གསུངས་པའི་ཕྱིར་རོ། །དང་པོ་སྦྱོར་བ་ལ་སོགས་པ་དོན་བཅུ་དྲུག་ལ་ཐོས་པ་དང་བསམ་པ་དང་བསྒོམ་པའི་རིམ་པས་རྣལ་འབྱོར་པས་གང་ཞིག ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པ་དེ་ནི་དགོས་པའོ། །རང་གི་དོན་ཕུན་སུམ་ཚོགས་པ་ཐོབ་པའི་རྣལ་འབྱོར་པས་དབུགས་དབྱུང་བ་རྣམས་གཉིས་ཀྱི་རིམ་པས་གང་ཞིག་གཞན་མ་རྣམས་རྡོ་རྗེ་འཆང་ཆེན་པོ་ཉིད་དུ་མཛད་པ་དེ་ནི་དགོས་པའི་དགོས་པའོ། །དེ་ནས་འདར་ནི ་རྣམ་པར་དཔྱད་པར་བྱ་སྟེ། གསུང་རབ་ཡན་ལག་བཅུ་གཉིས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དཔེར་ན་མདོ་སྡེ་དང། དབྱངས་ཀྱིས་བསྙད་པ་དང། ལུང་དུ་བསྟན་པ་དང། ཚིགས་སུ་བཅད་པ་དང། ཆེད་དུ་བརྗོད་པ་དང། གླེང་གཞི་དང། ངེས་པར་བརྗོད་པ་དང། འདི་ལྟར་བྱུང ་བ་དང། ཤིན་ཏུ་རྒྱས་པ་དང། སྐྱེས་པའི་རབS་དང། རྨད་དུ་བྱུང་བ་དང། ཆོས་གཏན་ལ་དབབ་པ་ཞེས་བྱ་སྟེ། དེ་རྣམས་ཀྱི་ནང་ནས་འདི་གང་ཡིན་ཞེ་ན། འདིར་ལན་སྨྲས་པ། མདོ་སྡེ་ཞེས་བྱ་བའོ། །ཇི་སྐད་དུ། སྣ་ཚོགས་དོན་དང་ཡང་དག་ལྡན། །ཚིག་ཉུང་ཡང་དག་ལྡན་པ ་སྟེ། གཏན་ཚིགས་དཔེ་རྣམས་ཀྱིས་གྲུབ་པ། །མདོ་སྡེ་མཁན་གྱིས་བརྗོད་དེ་བཞིན། །ཟབ་པའི་དོན་གསལ་བར་བྱེད་པས་ན་མདོ་སྡེ་ཞེས་བཤད་པ་ཡིན་ནོ། །གལ་ཏེ་དེ་ལྟ་བུ་ཡིན་ན། དགོས་བ་བསྡུས་དང་བཅས་པ་དང། ཚིག་དོན་བཅས་དང་དགོས་པར ་ལྡན། ཐེ་ཚོམ་ལན་དང་བཅས་པ་སྟེ། །མདོ་སྡེའི་དོན་ལ་མཁས་པས་བརྗོད། །ཅེས་བྱ་བས་དགོས་པ་ལ་སོགས་པ་བཤད་དུ་རུང་བ་ཡིན་ནོ། །དེ་ནི་བདེན་པ་ཡིན་ཏེ། འོན་ཀྱང་བརྗོད་པ་ལ་སོགས་པ་ལྔས་དེ་རྣམས་བཤད་ཟིན་ཏེ། ལོགས་སུ་མི་བཤད་དོ། །འདི་ལྟ་སྟེ ་དགོས་པ་ནི་དགོས་པ་བཤད་ཟིན་ཏོ། །བརྗོད་པར་བྱ་བས་ནི་ཚིག་གི་དོན་དང་དོན་བསྡུས་པ་དང། དགོངས་པ་རྣམས་ཏེ་ཚིག་གི་དོན་ཁོ་ན་བརྗོད་པར་བྱ་བ་སྟེ། དེ་ཇི་སྲིད་དུ་མདོར་བསྡུས་པ་མ་བྱས་པའམ། དགོས་པ་དང་བཅས་པ་མ་བསྟན་པ་སྟེ། དེ་སྲིད་དུ་སུས་ལེན་པར་བྱེད་དོ། ་དེ་བཞིན་དུ་འབྲེལ་པས་ནི་ཐེ་ཚོམ་དང་ལན་བསྟན་པ་སྟེ། གང་གི་ཕྱིར་དེ་བཞིན་གཤེགས་པ་ལ་སོགས་པའི་དབྱེ་བས་གང་ཞིག་སྔར་འབྲེལ་པ་བཤད་པ་དེ་ལ་ངེས་པར་ཐེ་ཚོམ་དང་ལན་གྱི་སྒོ་ནས་ཆོས་ཀྱི་བསྟེན་པ་བྱུང་བ་སྟེ། དེ་བས་ན་དགོས་པ་ལ་སོགས་པ་དྲུག ་བརྗོད་པ་ལ་སོགས་པའི་ནང་དུ་བསྡུས་པ་སྟེ་ལོ་གསུམ་མི་བསྟན་ཏོ། །ད་ནི་བྱིས་པའི་བློ་གྲུབ་པར་བྱ་བའི་ཕྱིར་མདོར་བསྡུས་པས་ལེའུ་བཅོ་བརྒྱད་ཀྱི་དོན་བསྡུས་པ་བཤད་པར་བྱ་སྟེ། དེ་ལ་རེ་ཞིག་དང་པོ་ལེའུ་དང་པོ་ལས་རྣམ་པ་གཉིས་ཀྱིས་ལྷའི་རྣལ་འབྱོར་སྒོམ་པས ་སྤྲུལ་པའི་དཀྱིལ་འཁོར་སྤྲོས་ཏེ་།རྒྱུད་མ་ལུས་པའི་དོན་གྱིས་འབྲས་བུར་གྱུར་པ་རྡོ་རྗེ་འཆང་ཆེན་པོའི་དཀྱིལ་འཁོར་བཅོམ་ལྡན་འདས་མི་བསྐྱོད་པ་བྱུང་བའི་རྗེས་སུ་ཞུགས་པས་རྡོ་རྗེ་འཆང་ཆེན་པོའི་དཀྱིལ་འཁོར་བཀའ་སྩལ་ཏོ། །རྣམ་པ་གཉིས་ཀྱི་རིམ་པའི་ལྷའི ་རྣལ་འབྱོར་གྱིས་དགོད་པ་བྱུང་བསོད་བཟློག་པར་བྱ་བའི་ཕྱིར་དོན་དམ་པའི་བདེན་པ་ལ་ཞུགས་པའི་རྫོགས་པའི་རིམ་པ་འབའ་ཞིག་གཙོ་བོར་གྱུར་པ་བྱང་ཆུབ་ཀྱི་སེམས་ཀྱི་ལེའུ་བསྟན་ཏོ། །དོན་དམ་པ་ལ་ཞུགས་པས་གཞན་གྱི་དོན་མེད་པའི་ཕྱིར་སྨོན་ལམ ་གྱི་འབྲས་བུ་མེད་པས་དེའི་སྐྱོན་སེལ་བར་བྱ་བའི་ཕྱིར་ཡོངས་སུ་དག་པའི་ལྷའི་རྣལ་འབྱོར་བསྟན་པའི་ལེའུ་གསུམ་པའོ། །ཡོངས་སུ་དག་པའི་སྒྲ་ནི་རྣམ་པ་གཉིས་ཏེ། གཅིག་ནི་བསྐྱེད་པའི་རིམ་པ་རྗོད་པར་བྱེད་པ་དང། གཉིས་པ་ནི་རང་ལ་བྱིན་གྱིས་བརླབས་པའི་རིམ་བརྗོད་པར་བྱེད་པའོ།། ་འདིར་ནི་གཉིས་ཀ་ཡང་གཟུང་བར་བྱའོ། །རིག་མའི་དབང་ཐོབ་པས་ཕྱིར་མི་ལྡོག་པའི་ཕྱིར་ལེའུ་བཞི་པའོ། །དབང་ཐོབ་པས་སྤྱོད་པ་སྤྱོད་དེ་ལེའུ་ལྔ་པའོ། །སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་མེད་པས་སྤྱོད་པ་འགྲུབ་པར་མི་འགྱུར་ཏེ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ ་སྟོན་པར་བྱེད་པ་ལེའུ་དྲུག་པའོ། །དེ་ཡང་ཉེ་བར་མཚོན་པ་ཙམ་ཡིན་ལ། གཞན་ཡང་ཕྲ་མོའི་རྣལ་འབྱོར་ལ་སོགས་པ་བསྟན་པ་སྟེ། འདི་རྒྱུད་ཡིན་པའི་ཕྱིར་རོ། །ལེའུ་ལྔ་པ་ལས་གསུངས་པའི་སྤྱོད་པ་ལེའུ་བདུན་པ་ལས་རྒྱས་པར་བསྟན་པ་སྟེ། ཁྱད་པར་ནི་མ་ཡིན་ནོ།། རྒྱས ་པའི་དོན་ཤེས་ནས་བདེ་བས་གོ་བའི་ཕྱིར་རོ། །ཇི་སྐད་དུ། ཆོ་ག་དེ་རྣམས་ནི་ལེགས་པར་བསྡུས་པ་ཡིན་ཏེ། གང་གི་མཚན་ཉིད་དང་སྤོས?་པ་བསྟན་པ་ཡིན་ནོ། །དེ་ལྟར་ན་ཡང་དངོས་གྲུབ་མེད་པས་གཙང་བ་དང་མི་གཙང་པའི་རྣམ་པར་རྟོག་པ་ཞི་བར་མི་འགྱུར་ཏེ། དེའི་ཕྱིར ་གསང་བའི་དབང་བསྐུར་བའི་ལེའུ་བརྒྱད་པའོ། །གསང་བའི་དབང་བསྐུར་བ་ཐོབ་པས་དེའི་དུས་གྲུབ་པའི་ཕྱིར་རྡོ་རྗེ་འཆང་ཆེན་པོའི་སྟོབས་ཀྱིས་རྣལ་འབྱོར་གྱི་ཏིང་ངེ་འཛིན་རྫོགས་པར་བྱ་བའི་ཕྱིར་ལེའུ་དགུ་པའོ། །སྔགས་ལ་མོས་པ་དང་ལྡན་པའི་རྣལ་འབྱོར་པས ་?་གསང་བའི་དབང་ཐོབ་པས་ཕྱི་ནས་སྔས་ཀྱི་བསྐུལ་བས་རྡོ་རྗེ་འཆང་ཆེན་པོ་གྲུབ་པའི་ཕྱིར་ལེའུ་བཅུ་པའོ། །དེ་ལྟར་ན་ལེའུ་དགུ་པ་དང་བཅུ་པ་ནི་བརྒྱད་པའི་ཡན་ལག་ཏུ་གྱུར་པ་སྟེ། མྱུར་པ་དང་རིང་བར་དབྱོད་པར་བྱེད་པའི་སློབ་མའི་དབྱེ་བས་སོ། །དྲག ་ཤུལ?་གྱི་རྣལ་འབྱོར་དང་སྙིང་པོ་བསྐུལ་བདག་གི་གང་ཞིག་རྡོ་རྗེ་འཆང་ཆེན་པོ་ཐོབ་པ་དེ་ནི་དེའི་དབྱེ་བ་གཉིས་པ་སྟེ། སྔགས་ཀྱི་སྐུ་རྫོགས་པ་དང། ཡེ་ཤེས་ཀྱི་སྐུ་རྫོགས་པའོ། །སྔགས་ཀྱི་སྐུ་ནི་བསྐྱེད་པའི་རིམ་པ་དང། ཡེ་ཤེས་ཀྱི་སྐུ་ནི་རྫོགས་པའི་རིམ་པ་སྟེ། དེའི ་ཕྱིར་ལེའུ་བཅུ་གཅིག་པའོ། །ཡེ་ཤེས་ཀྱི་སྐུ་ལ་ཞུགས་པས་སེམས་ཅན་གྱི་དོན་བྱ་བའི་ཕྱིར་རིགས་ཀྱི་དབྱེ་བས་ཕྱག་རྒྱ་ཆེན་པོར་ཡོངས་སུ་འགྱུར་བའི་མཚན་ཉིད་བསྟན་པའི་ལེའུ་བཅུ་གཉིས་པའོ། །སེམས་ཅན་གྱི་དོན་དེ་ཡང་རིགས་ཀྱི ་དབྱེ་བས་ལས་ཀྱི་ཚོགས་པས་འགྲུབ་པར་འགྱུར་ཏེ། དེའི་ཕྱིར་ལེའུ་བཅུ་གསུམ་པའོ། །ལྷའི་འཁོར་ལོའི་དབྱེ་བས་ལས་ཀྱི་ཆོགས་གྲུབ་པར་བྱ་བའི་ཕྱིར་ལེའུ་བཅུ་བཞི་པའོ། །གལ་ཏེ་ལས་ཀྱི་ཚོགས་ཀྱི་སྒོ་ནས་ཞེན་པ་རགས་པ་སྐྱེ་བར་འགྱུར་ན་དེའི་སྐྱོན་སེལ ་བར་བྱ་བའི་ཕྱིར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་བྱེད་པའི་ལེའུ་བཅོ་ལྔ་པའོ། །ལེའུ་བཅུ་དྲུག་པ་ནི་ལེའུ་བཞི་པའི་ཡན་ལག་ཏུ་གྱུར་པ་སྟེ། དེ་ལ་ལེའུ་བཞི་པ་བཞིན་དུ་དཀྱིལ་འཁོར་གྱི་ཆོ་གའི་རིམ་པ་བསྟན་ཏོ། །ཁྱད་པར་ནི་རྒྱས་པ་དང་མདོར་བསྡུས ་པས་བྱས་པའོ། །དེ་ཡང་ཉེ་བར་མཚོན་པ་ཙམ་ཡིན་ཏེ། ལེའུ་ཐམས་ཅད་ཀྱི་ཡང་ན་དེ་ཡན་ལག་ཡིན་པས་དེ་ཉིད་ཀྱི་ཕྱིར་ཕྱིས་བསྟན་ཏོ། །དེ་ལྟར་ན་རང་གི་དོན་སྒྲུབ་པ་དང་གཞན་གྱི་དོན་སྒྲུབ་པ་བསྟན་ཏོ། །དེ་དག་ཀྱང་དམ་ཚིག་དང་སྡོམ་པའི་སྒོ་ནས ་འགྲུབ་པར་འགྱུར་ཏེ། དེའི་དོན་སྟོན་པར་བྱེད་པ་ལེའུ་བཅུ་བདུན་པའོ། །དེའི་འོག་མ་ལེའུ་གཞན་མེད་དེ་བྱ་བ་མེད་པའི་ཕྱིར་རོ། །འོ་ན་ལེའུ་བཅོ་བརྒྱད་པ་ཡོད་པ་མ་ཡིན་ནམ་ཞེ་ན་། བདེན་ཏེ་།དེ་ནི་གཞན་མ་རྣམས་ཀྱི་འགྲེལ་པ་དང་འདྲ་བ་ཡིན ་ཏེ། འགལ་བ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེའི་མིང་ནི་རྒྱུད་ཕྱི་མ་དང་འདུས་པ་ཕྱི་མ་ཞེས་སོ། །དེའི་དོན་གྱི་རྣམ་པར་དབྱེ་བ་ནི་དེ་ཉིད་དུ་བཤད་པར་བྱའོ། །དེ་ནི་བརྗོད་པ་ལ་སོགས་པ་ལྔའི་ནང་ན་གཉིས་པ་བརྗོད་བྱ་རྣམ་པ་བཅུ་དྲུག་པ་གང་ཡིན་པ་དེའི ་དབྱེ་བ་བཤད་པའི་རྒྱུད་རྣམས་ལས་བཤད་པར་བྱ་སྟེ། དེ་ལ་རེ་ཞིག་དང་པོ་ཚིག་གི་དོན་བཅུ་དྲུག་ནི་འདི་ཡིན་ཏེ། དང་པོ་སྦྱོར་བ་དང། དཀྱིལ་འཁོར་རྒྱལ་བ་མཆོག་དང། ལས་རྒྱལ་བ་མཆོག་དང། བསྐྱེད་པའི་རིམ་པ་དང། རྫོགས་པའི་རིམ ་པ་དང། རྡོ་རྗེ་བཟླས་པ་དང། སེམས་རྣམ་པར་དག་པ་དང། རང་བྱིན་གྱིས་བརླབ་པ་དང། མངོན་པར་བྱང་ཆུབ་པ་དང། ཟུང་དུ་འཇུག་པའི་རིམ་པ་དང། རང་བཞིན་དང། རྒྱུ་དང། ལས་དང། འབྲས་བུ་དང། རྣལ་འབྱོར་དང། སྒྲུབ་པ་རྣམས་ཀྱི་དེ་ཁོ་ན་ཉིད་ཤེས་པས་རྡོ་རྗེ་འཆང ་ཆེན་པོའི་གོ་འཕང་ཐོབ་པར་འགྱུར་རོ། །མདོར་བསྟན་པའི་ཚིག་འདི་རྣམས་ཀྱི་རྒྱས་པར་བཤད་པ་ནི་རྣལ་འབྱོར་ཆེན་པོའི་རྒྱུད་རྡོ་རྗེ་ཕྲེང་བ་ལས་བཤད་པར་བྱ་སྟེ། དེ་ནས། རྡོ་རྗེ་འཆང་ཆེན་བཅོམ་ལྡན་འདས། །འཇིག་རྟེན་གསུམ་དག་ཆེན་པོ་ནི། །ཕྱག་ན་རྡོ་རྗེ་ཡི་དགའ་ ་ཕྱིར། ལྷ་ཡི་རྣམ་པ་འགྲུབ་པ་བསྟན། །བྱང་ཆུབ་ཀྱི་སེམས་བསྐྱེད་ནས་ནི། །སྡིག་པ་བཤགས་པ་ལ་སོགས་ཏེ། །ཚད་མེད་པ་རྣམས་བསྒོམས་ནས་ནི། །བསོད་ནམས་ཀྱི་ནི་འཕེལ་བྱའི་ཕྱིར། །བླ་མ་སངས་རྒྱས་སོགས་དགེ་སློང། །ཡང་དག་མཆོད་ཅིང་འགྲོ་དོན་བྱ། །སྔགས ་ནི་རྗེས་སུ་དྲན་བྱས་ནས། །ཐམས་ཅད་སྟོང་པ་རྗེས་དྲན་བྱ། །ལུས་ངག་ཡིད་ནི་སྟོང་ཉིད་དུ། །དེ་བཞིན་དུ་ནི་ཁམས་གསུམ་པ། །བསྒོམས་ནས་དེ་ལྟར་རྣལ་འབྱོར་ནི། །དང་པོ་སྦྱོར་བ་ཞེས་འདོད་དོ། །དེ་ནས་གཞན་དོན་གྲུབ་པའི་ཕྱིར། །སྟོང་ཉིད་རང་བཞིན་སྤང་བའི་ཕྱིར། །བློ་ལྡན་ལྷ ་མོས་བསྐུལ?་པ་ནི། །གཟུགས་བརྙན་གཟུང་བར་བྱ་བའོ། །ཉོན་མོངས་ཉེ་ཉོན་གཟིག་བྱ་ཕྱིར། །རིམ་པ་ཇི་བཞིན་གནས་ཇི་བཞིན། །ཕུང་པོ་ཁམས་ལ་སོགས་ལས་འབྱུང། །དཀྱིལ་འཁོར་པ་རྣམས་སྤྲོ་བར་བྱ། །བསྒོམ་པའི་ལམ་ནི་དེ་ལྟ་བུ། །རྣལ་འབྱོར་པས་གང་བསྒོམ ་པ་ནི། དེ་ནི་དཀྱིལ་འཁོར་རྒྱལ་བ་མཆོག། རྒྱལ་བ་རྣམས་ཀྱིས་གསུངས་པའོ། །སྐུ་གསུང་ཐུགས་ལ་དགོད་པ་དང། །ཡེ་ཤེས་སོགས་སོགས་སྦྱོར་བ་སྟེ། །བསྟོད་མཆོག་བདུད་རྩི་མྱང་བ་ནི། །ལས་ཀྱི་རྒྱལ་མཆོག་བསྟན་པ་ཡིན། །དེ་ཉིད་ཐ་མལ་པའི་ཡན་ལག ་དྲུག་གི་རྣལ་འབྱོར་བསྒོམ་པ་ཡིན་ནོ། །དོན་ཡོད་གྲུབ་པའི་རྒྱུད་ལས་ཀྱང། །གཞལ་ཡས་ཁང་ནི་རྣམ་སྣང་མཛད། །དབང་ནི་མི་བསྐྱོད་དེ་བཞིན་གཤེགས། །བདུད་རྩི་མྱང་བ་འོད་དཔག་མེད། །བསྟོང་པ་དཔལ་ལྡན་རིན་ཆེན་འབྱུང། །མཆོད་པ་དོན་ཡོད ་གྲུབ་ཡིན་ཏེ། །རྡོར་སེམས་རྗེས་སུ་ཆགས་པ་ཡིན། །རྡོ་རྗེ་རྗེས་སུ་ཆགས་པ་དང། །སངས་རྒྱས་གནས་ནི་རྣམ་བསྒོམ་དང། །དབང་དང་བདུད་རྩི་མྱང་བ་དང། །མཆོད་པ་བསྟོད་པ་ཡན་ལག་དྲུག། ཡན་ལག་དྲུག་ནི་རྣལ་འབྱོར་པས། །བསྒོམས་ན་དངོས་གྲུབ་རྙེད་པར ་འགྱུར། །དེ་ནི་དང་པོར་སྦྱོར་བ་པོ་ལ་སོགས་པའི་བསྒོམ་པའི་ལམ་མོ། །དེ་བཞིན་དུ་འདུས་པའི་རྒྱུད་ཕྱི་མ་ལས་ཀྱང། བསྐྱེད་པ་ཡི་ནི་རིམ་པ་དང། །རྫོགས་པའི་རིམ་པ་དེ་བཞིན་དུ། །རིམ་པ་གཉིས་ལ་བརྟེན་ནས་ནི། །རྡོར་འཆང་རྣམས་ཀྱིས་ཆོས་བསྟན་པའོ། །དང་པོ་སྟོད་ཉིད ་བྱང་ཆུབ་དང། །གཉིས་པ་ས་བོན་བསྡུས་པ་སྟེ། །གསུམ་པ་གཟུགས་བརྙན་འགྲུབ་པ་སྟེ་།བཞི་པ་ཡི་གེ་དགོད་པ་ཡིན། །ཞེས་འབྱུང་ངོ། །དེ་ཙམ་གྱིས་བསྐྱེད་པའི་རིམ་པ་བསྟན་ཏོ། །གཞན་དུ་ཡང་ཁྱད་པར་གྱི་བསྟན་པ་སྟེ། དཔེར་ན་རྣལ་འབྱོར་མའི་སྙིང་པོའི་རྒྱུད ་ལས་ཀྱང། །ད་ནི་བཤད་པར་བྱ་བ་སྟེ། །དམ་ཚིག་རྣམས་ཀྱི་མཚན་ཉིད་ནི། །དངོས་གྲུབ་རྣམས་ཀྱི་རྒྱུད་ཉིད་དང། །དམ་ཚིག་རྣམས་ནི་བསྲུང་པའོ། །དམ་ཚིག་དང་ནི་སྒྲུབ་པ་དང། །དེ་བཞིན་སྒྲུབ་པ་ཆེན་པོ་སྟེ། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །དེ་ཕྱིར་གསུམ ་པོ་རྟག་ཏུ་བྱ། །དམ་ཚིག་བདུད་རྩི་ལྔ་ཉིད་དང། །སྒྲུབ་པ་ཤ་ནི་ལྔ་པོ་སྟེ། །བླ་མ་དང་བཅས་དགའ་པ་ནི། །སྒྲུབ་པ་ཆེན་པོ་དེ་ཉིད་ཡིན། །ཐེ་ཚོམ་ཡང་དག་ཡོངས་སྤངས་ནས། །དགོད་ཕ་རོལ་པ་དེ་བཞིན་དུ། །གཙོ་བོ་བླ་མས་ལྷ་མོ་ཀྱེ། །དགའ་པའི་རོལ་བ་སྦ་མི་བྱ། ། ་དགའ་བའི་རོལ་པ་མི་སྦ་དང། །མཆན་ཁུང་ནས་ནི་དེ་བཞིན་དུ། །བླ་མ་དགའ་བར་གྱུར་པ་ན། །ངེས་ཀྱང་ཐར་པའི་འབྲས་བུ་སྟེར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལྷ་མོ་བཞིས་ཡོངས་སུ་ཞུས་པ་ལས་ཀྱང། །ལྷ་མོ་ཉོན་ཅིག་རབ་བཤད་བྱ། །ཆོས་ཀྱི ་དབྱིངས་ཀྱི་སྒྲུབ་པ་སྟེ། །གཟུགས་དང་སྒྲ་དང་དྲི་དང་ནི། །རོ་དང་རེག་པ་དེ་བཞིན་དུ། །ཆོས་ཀྱི་ཁམས་དག་བཤད་པ་ནི། །ཁམས་ནི་བཅོ་བརྒྱད་དེ་བཞིན་དུ། །དེ་རྣམས་ལས་ནི་ཡང་དག་བྱུང། །ཤུཀྲ་ཞེས་ནི་བཤད་པ་ཡིན། །ཤུཀྲ་ལས་ཀྱང་གོང་བུ་སྐྱེ། །གོང་བུ ་ལས་ཀྱང་མིང་བྱུང་བའོ། །ནམ་མཁའ་ཁམས་དང་ཆུ་ཡི་ཁམས་།ཆོས་ཀྱི་ཁམས་དང་སྐྱེ་མཆེད་རྣམས། །དབང་པོ་ཕུང་པོ་འབྱུང་བ་རྣམས། །ཆུ་ཡི་ཁམས་ནི་ཕ་ལས་སྐྱེས། །མེ་ཁམས་མ་ལས་སྐྱེས་པ་ཡིན། །པགས?་པ་ཤ་དང་ཁྲག་དག་ནི། །མ་ལས་སྐྱེས་ཞེས་བཤད་པ་ཡིན། །རྩ ་རྒྱུས་གླད་བ་ཤུཀྲ?་དང། །དེ་ནི་ཕྲ?་ལས་སྐྱེས་པ་ཡིན། །དེ་དག་ཆ་རྣམས་ཐམས་ཅད་ནི། །གོང་བུ་བསྡུ་བར་བྱེད་པ་ཡིན། །གཟུགས་དང་ཚེར་བ་འདུ་ཤེས་དང། །འདུ་བྱེད་རྣམ་པར་ཤེས་པ་དང། སངས་རྒྱས་ལྔ་པོ་གཟུགས་བརྙན་ནི། །ཕུང་པོ་ལ་སོགས་བཤད་པ་ཡིན། །ཞེས་གསུངས་སོ། ། ་དེ་བཞིན་དུ་རྡོ་རྗེ་བདུད་རྩི་ལས་ཀྱང། །བྷ་གའི་དབུས་སུ་ནམ་མཁའ་གང། །ནམ་མཁའ་ལྔ་ཡིས་བརྒྱན་པ་སྟེ། །ལྟེ་བ་གེ་སར་དང་བཅས་པ། །འདབ་མ་བརྒྱད་ཀྱིས་རྣམ་པར་བརྒྱན། །ཐིག་ལེའི་ངོ་བོ་བདུད་རྩི་ནི། །དེ་ལ་གནས་པ་རྟག་ཏུ་འཛག། གང་ཞིག་བདུད་རྩི་འཇིག་པའི་རྒྱ?། །རྒྱུ? ་གའི་དབུས་སུ་རབ་གནས་པ་གསུམ་ཅུ་རྩ་གཉིས་དྲང?་གཞན་དག་།དེ་རྣམས་ཀྱི་ནང་གཙོ་བོ་སྟེ་ཞེས་གསུངས་སོ། །དེ་ལྟའི་རིམ་པ་ནི་ཨཱ་ལི་དང། ཀཱ་ལི་དང། འདོད་པའི་གདུགས་དང། རུ་སྤལ་མ་དང། ཟླ་བ་མ་སྟེ། རྩ་ལྔ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ལས་ནང་གི་དཀྱིལ་འཁོར ་གྱི་རིམ་པའམ། སྤྲོ་བའི་རིམ་པ་འམ། བུ?་དང་ཚེ?་བ་ལ་སོགས་པའི་རིམ་པས་ཁམས་གསུམ་པ་གང་སྐྱེད་པར་གྱུར་པར་ཡང་བསྐྱེད་པའི་རིམ་པ་ཡིན་ནོ། །རྣམ་པ་དེ་ལྟ་བུ་གཞན་མ་ཡང?་བླ་མའི་ཞལ་ནས་ཐོབ་ནས་དཔྱད་པར་བྱའོ། །དེ་བཞིན་དུ་ཕྲ་མོའི་ཐིག་ལེའི་རྣལ་འབྱོར ་གྱི་སྒོམ་པའི་རིམ་པ་དང། དེ་ཁོ་ན་ཉིད་བཞི་པ་མངོན་དུ་བྱ་བ་ནི་རྫོགས་པའི་རིམ་པའོ། །དཔལ་རྡོ་རྗེ་ཕྲེང་བའི་རྒྱུད་ལས་ཀྱང། །ཆ་གཉིས་པ་དང་དགུ་པ་ཉིད་དུ་བཤད། །སུམ་ཅུ་བཅུ་པ་ལྔ་པའི་ས་བོན་ཉིད། །ཆ་གཉིས་པ་དང་ལྔ་པ་དྲུག་པ་ཕྱེ། །དེ་ནི་ཐིག་ལེ་ངེས་པར ་འབྱུང་?་བཤད་ཅེས་འབྱུང?་ངོ། །དེ་བཞིན་དུ་ཁ་སྦྱོང་ཐིག་ལེ་ལས་ཀྱང། །རྩ་བཞི་ཡང་དག་ལྡན་པ་ནི། །པདྨ་བཞི་ལ་རྣམ་པར་གནས། །མགོ་མེད་སྙིང་ཁའི་པདྨར་གནས། །ལྐོག་མའི་པདྨར་མགོ་བོ་གནས། །ལྟེ་བའི་པདྨར་སྒྲ་གནས་པ། །གསར་པའི་པདྨར་སྒྲ་ ་མཛའ་ཨོ། །འགྲོ་དང་འོང་བ་བྱེད་པ་ནི། །ཐིག་ལེའི་རྣལ་འབྱོར་རབ་ཏུ་ཞུགས། །སྣོམ་བ་དང་ནི་ཉན་པ་དང། །ལྟ་བ་དེ་བཞིན་མཛེས་པ་དང། །རེག་པ་ལ་ནི་ཞུགས་པ་དང། །བདེ་བ་སྡུག་བསྔལ་ལ་སོགས་ཚོར། །གློ་བུར་དགོས་པ་སྨྲ་བ་དང། །དུ་བ་སྨྲེ་སྔགས ་བྱེད་པ་དང། །གཅོད་པ་དང་ནི་ཕྱེ་བ་དང། །དེ་བཅིངས་པ་དང་གྲོལ་འགྱུར་བ། །རྒྱལ་པོའི་བྱ་བ་བྱེད་བ་དང། །དེ་བཞིན་དུ་ནི་ཕྱུག་པོ་ཉིད། །བྲམ་ཟེ་རྒྱལ་རིགས་རྗེ་རིགས་དང། །དམངས་རིགས་ལ་སོགས་རིགས་རྣམས་ནི། །བུད་མེད་སྒྱུ?་མ་མང་བྱས་ནས། །དུད་འགྲོ་ཡི་དགས ་ལ་སོགས་པ། །གཟུགས་ལྡན་གཟུགས་ནི་མི་ལྡན་པ། །ནམ་མཁའ་ཨི་གཟུགས་ཅན་གྱུར་པ་འམ། །དེ་ཉིད་སྒྱུ་མ་ལ་གནས་པ། །སེམས་ཅན་ཐམས་ཅད་སྐྱེ་བར་བྱེད། །བུད་མེད་གཟུགས་ཅན་སྐྱེས་བུ་གཟུགས། །བདེ་ཆེན་གོ་འཕང་ལ་གནས་པ། །དེ་ལྟར་དེ་ཉིད་གང་གིས་ཤེས ་མཆོག་གི་ཡི་གེ་ཚོར་བ་སྟེ། །ཐམས་ཅད་བདག་ཉིད་གནས་པ་གང། །གསང་བ་ཞེས་ནི་ངེས་ཚོར་བའོ། །ཁ་དོག་མེད་པ་ཁ་དོག་དམར། །ཁ་དོག་དཀར་པོ་སེར་པོ་དང། །ཐིག་ལེའི་ངོ་བོ་དེ་ཡིན་པ།། འགྲོ་དང་འོང་བ་རབ་བསྟན་པའོ། །གང་ཞིག་རིག་མ་སྒྱུ་མ་ཆེ། །མཛའ་ ་ཡས་སྣ་ཚོགས་གཟུགས་ལྡན་མ། །སྐྱེ་དང་འཇིག་པའི་གནས་སུ་ནི། །ཐིག་ལེའི་པོའི?་རབ་ཏུ་འཇུག་།ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང། །བཞི་སྟོང་ཡང་ནི་ཤེས་པས་ན། །དེ་ཉིད་གང་གིས་མི་ཤེས་ན། །དེ་ནི་ཐམས་ཅད་འབྲས་བུ་མེད། །བཅུ་གཉིས་ལྔ་པ་བརྒྱད་བ་མཛའ་། །ཐམས ་ཅད་འབྱུང་བ་བསྡུས་པ་སྟེ། ། སོགས་ཡི་གེ་རྣམས་ཀྱིས་ནི། །ལྔ་པའི་གདན་དུ་བྱས་པ་སྟེ། །དེ་ནི་སྙིང་རྗེ་ཆེ་རི་མོ། །དྲུག་ལྡན་འོག་ཏུ་ཁ་བལྟས་པ། །ཐོག་མེད་མཛའ་མ་མེད་པའི་ལྷ། །དེ་ཡི་མགོ་བོར་གདབ་པར་བྱ། །དེ་ལྟར་གསང་བ?་མཆོག་ཡིན་ཏེ། །ལྷ་མོ་? ་གིས་རབ་ཏུ་བཤད་ཅེས་གསུངས་སོ། །འདུས་པའི་རྒྱུད་ཕྱི་མ་ལས་ཀྱང། དབང་བསྐུར་བ་ནི་རྣམ་པ་གསུམ། །རྒྱུད་འདི་ལ་ནི་རབ་ཏུ་གསལ། །དང་པོ་བུམ་པའི་དབང་བསྐུར་བ། །གཉིས་པ་གསང་བའི་དབང་བསྐུར་བ། །གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །དེ་ལྟར་དེ་བཞིན ་བཞི་པའོ་ཞེས་བཞི་པ་གསུངས་སོ། །དེ་ཉིད་ཡང་བཤད་པ་ནི་དགོངས་པ་ལུང་བསྟན་པའི་བཤད་བའི་རྒྱུད་ལས་ཀྱང། །ཆོས་དབྱིངས་འདི་ནི་ངག་པ་སྟེ། །སེམས་ཅན་ཁམས་ནི་གྲོལ་བར་བྱེད། །བདེ་ཆེན་རྒྱལ་པོ་ཉིད་འདི་དུ། །དངོས་པོ་ཀུན་གྱིས་ཡང་དག་གནས། །ཕ་རོལ་ཕྱིན་པ ་བཅུ་རྫོགས་ནས། །སྟོབས་དང་དཔང་རྣམས་དེ་བཞིན་དུ། །ས་ནི་བཅུ་པོ་འདས་ནས་ནི། །རྟགས་ནི་འགྲེང་བ་དེ་ནས་འགྱུར་།ཞེས་འབྱུང་ངོ། །དེ་བཞིན་དུ་གཉིས་སུ་མེད་བར་གྲུབ་པ་ལས་ཀྱང། སྲིད་གསུམ་གནས་ནི་ཐམས་ཅད་དུ། །གཡོ་དང་མི་གཡོ་དངོས་པོ་གང། །དེ ་རྣམས་དེ་ཉིད་རྣལ་འབྱོར་གྱིས། །རྡོ་རྗེ་འཛིན་བཞིན་བལྟ་བར་བྱ། །ཕ་རོལ་ཆོལ་བ་གང་ཡང་དུང། །རྟགས་ཀྱི་དབྱེ་བས་རྣམ་གནས་པ། །དེ་དག་ཡང་ནི་སྨད་མི་བྱ། །རྡོ་རྗེ་སེམས་དཔའ་ཨི་སྤྲུལ་པ་ཡིན། །ཞེས་འབྱུང་ངོ། །བདེ་བ་མཆོག་ལས་ཀྱང། །གསང་བ་མཆག་གི ་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་གནས། །སངས་རྒྱས་ཐམས་ཅད་དངོས་སེམས་དཔའ་། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །ཞེས་འབྱུང་ངོ། །རྩ་བའི་རྒྱུད་ལས་ཀྱང། ཕ་མ་རྡོ་རྗེ་རབ་སྦྱོར་བས། །སེམས་ནི་མཉམ་པར་བཞག་པར་འགྱུར་ཞེས་འབྱུང། །རྒྱལ ་བའི་ཡུམ་ལས་ཀྱང། ལུས་རྣམ་པར་དག་པའི་གནས་འདི་ཡིན་ཏེ། གང་ཞིག་བྱང་ཆུབ་སེམས་དཔའ་ཨི་གནས་སོ། །དག་རྣམ་པར་དག་པའི་གནས་འདི་ཡིན་ཏེ། གང་ཞིག་བྱང་ཆུབ་སེམས་དཔའ་ཨི་གནས་སོ། །སེམས་རྣམ་པར་དག་པའི་གནས་འདི་ཡིན་ཏེ། གང་ཞིག་བྱང ་ཆུབ་སེམས་དཔའ་ཨི་གནས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྒྱུད་འདི་ཉིད་ལས་ཀྱང། འདི་ལྟ་སྟེ། རིགས་ཀྱི་བུ་ནམ་མཁའ་ནི་ཐམས་ཅད་དུ་རྗེས་སུ་འགྲོ་བ་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་རྟོག་མེད་པའི་ཆོས་རྣམས་ལ། །ཀུན་རྫོབ་ཡང་ནི་རབ་ཏུ་བརྗོད་ཅེས ་བྱ་བའི་བར?་གྱིས་ནི་རྫོགས་བའི་རིམ་པ་ཁོ་ནར་བཤད་པ་སྟེ། རབ་ཏུ་བསྟན་པའོ། །ད་ནི་རྡོ་རྗེ་བཟླས་པ་བསྟན་པར་བྱ་སྟེ། དཔེར་ན་རབ་ཏུ་བྱེད་བ་ལས་ནི། །རླུང་གི་དེ་ཉིད་རིམ་གྱིས་ནི། །སྔགས་ཀྱི་དེ་ཉིད་ལ་ཞུགས་བྱ། །སྔགས་ཀྱི་གྲུབ་བ་ཐོབ་ནས་ནི། །རྡོ་རྗེ་བཟླས ་པ་ལ་བསླབ་བྱ་ཞེས་འབྱུང་ངོ། །དེ་ལ་རྡོ་རྗེ་བཟླས་པ་འདིའི་ཐབས་བསྟན་པར་བྱ་སྟེ། སྙིང་ཁའི་གནས་ལས་གང་ཞིག་སྲོག་ཅེས་བྱ་བའི་རླུང་ཕུང་པོ་དང་དབང་པོ་ལ་གནས་པ། རྣམ་པ་བཅུས་ཉིན་མོ་དང་མཚན་མོ་ཟོ་ཆུན་གྱི་འཁྲུལ་འཁོར་གྱི་རིམ་པས་གྱེན་དུ་རྒྱུ ་བ་ཁ་དང་སྣ་ལས་སོག་དང་རྩོལ་བའི་ངོ་བོས་འཇུག་པ་དང་གནས་པ་དང་ལྡང་བར་བྱེད་པ་འཁོར་བའི་འཁོར་ལོར་ཐམས་ཅད་འཇུག་པར་བྱེད་དེ། ཡི་གེ་གསུམ་གྱི་བདག་ཉིད་ཀྱིས་དེ་ཉིད་ནི་རྣལ་འབྱོར་པས་སྤྱི་བོ་དང་ལྐོག་མ་དང་སྙིང་ཁར་ཉེ་བར་བསྡུས་ནས་རྡོ་རྗེ་བཟླས་པར ་བྱའོ། དེའི་རིམ་པ་འདི་ཡིན་ཏེ། དེ་བཞིན་གཤེགས་པ་གསུམ་གྱི་རིམ་པས་འཁོར་ལོ་ལ་སོགས་པའི་གཞི་ལ་གནས་པ་སྤྲོ་བ་དང་བསྡུ་བར་བྱེད་པ་སྤྱི་བོ་ལ་སོགས་པར་ཡི་གེ་གསུམ་བཀོད་ལ། ཆ་བྱེད་དང་གསུམ་དང་ལྡན་པའི་ཡི་གེ་ཨོཾ་རིམ་གྱིས་ཐིག་ལེའི་ནང་དུ ་བསྡུས་ཏེ། ཐིག་ལེ་དེ་ཡང་གསུང་གི་ས་བོན་གྱི་ཐིག་ལེ་གཉིས་ལ་བསྡུས་ཏེ། གསུང་གི་ས་བོན་དེ་ཡང་ཆ་གཉིས་པ་རང་གི་ཐིག་ལེ་གཉིས་པོ་ལ་ཉེ་བར་བསྡུས་ཏེ། ཐིག་ལེ་ཡང་ཐུགས་རྡོ་རྗེའི་ས་བོན་གྱི་ཐིག་ལེ་ལ་ཞུགས་པར་འགྱུར་རོ། །ཐུགས་ཀྱི་ས་བོན་ནི ་ཆ་བཞི་པ་སྟེ། དཔེར་ན་ཧ་ཨུ་མགོ་བོ་ལ་སོགས་པ་དེ་རྣམས་ནི་གཅིག་ལ་གཅིག་ཞུགས་པས་ཐིག་ལེའི་ནང་དུ་བསྡུ་བར་འགྱུར་རོ། །དེ་ནས་གསལ་བ་དང། མི་གསལ་བའི་ངོ་བོ་དང། སྔགས་དང། དཀྱིལ་འཁོར་བ་དང། ཕྱག་རྒྱ་མ་ལུས་པའི་ངོ་བོ་ཁ་དོག་ལྔ་པ ་དེ་སྲིད་དུ་བསྒོམ་པར་བྱ་སྟེ། ཇི་སྲིད་དུ་དེ་ལ་དམིགས་པ་ཡང་རྣལ་འབྱོར་པ་ལ་ལྡོག་པར་འགྱུར་རོ། །དམིགས་པ་ལྡོག་པས་ངག་རྣམ་པར་དག་པར་འགྱུར་རོ། །དེ་བཞིན་དུ་དབུས་ཀྱི་ལམ་ལས་ཐིག་ལེ་དེ་ཉིད་པདྨའི་སྣ་རུ་འགག་པར་བྱས་ཏེ། སྔ་མ་བཞིན་དུ་སྤྲོ་བ་ལ་སོགས ་པ་རྡོ་རྗེ་འཆང་ཆེན་པོའི་བསྒོམ་པས་གནས་པར་བྱའོ། །དེ་བཞིན་དུ་ཐིག་ལེ་ཉིད་ཡང་གྱེན་དུ་དྲངས་པ་ཀུན་རྫོབ་སྣ་ལ་ཙན་ཀའི་ཚད་ཙམ་སྤྲོ་བ་ལ་སོགས་པའི་རིམ་པས་བསམ་པར་བྱས་ལ་རྡོ་རྗེ་སེམས་དཔའ་ཨི་ང་རྒྱལ་སྐྱེད་པར་བྱེད་དེ་།ཞེ་སྡང་དང་འདོད་ཆགས ་དང་གཏི་མུག་གི་རིགས་ཅན་གྱི་སེམས་ཅན་ལ་བརྟེན་ཏེ་སྣ་གསུམ་བརྟག་པ་ཡིན་ནོ། །འོ་ན་ཀུན་རྫོབ་ཀྱི་སྣ་དང། སྙིང་ཁའི་སྣ་དང། པདྨའི་ནང་གི་སྣ་དང། པདྨའི་ཕྱིའི་སྣ་ཡང་གཞན་དུ་བསྟན་པ་སྟེ། ཇི་ལྟར་རིགས་གསུམ་གྱི་སེམས་ཅན་གཙོ་བོར་གྱུར་པ་འགྲུབ་པོ་ཞེ་ན་།བདེན་ཏེ། ་འོན་ཀྱང་ཕྱི་རོལ་གྱི་སྣ་ལ་ཐིག་ལེ་དགོང་པ་མི་རིགས་ཏེ། བཅོམ་ལྡན་འདས་ཀྱིས་དེ་ལ་ནི་ཆར་རེངས་པའི་སྔགས་གསུངས་སོ། །དཔེར་ན་ཧཱུཾ་ཕཊ་ཡང་དག་ལྡན་པ་ནི། །གཡོ་བ་གྲུབ་པར་རབ་ཏུ་བཤད་ཅེས་འབྱུང་ངོ། །དེ་ལྟ་བུའི་བཟླས་པ་ལ་གོམས་པའི་རྣལ་འབྱོར་པ་སྐད་ཅིག་མས་རྡོ་རྗེ ་འཆང་ཆེན་པོ་ཉིད་དུ་འགྱུར་ཏེ། རླུང་གི་དེ་ཁོ་ན་ཉིད་བསྟན་ཏོ། །རྩ་བའི་རྒྱུད་ལས་ཀྱང། སྣ་ཡི་རྩེ་མོར་ཡུངས་ཀར་བསམ། །གཡོ་དང་མི་གཡོ་ཡུངས་དཀར་ལ། །གསང་བའི་ཡེ་ཤེས་ཀྱིས་བརྟགS་པ། །དགྱེས་པའི་ཡེ་ཤེས་གནས་བསྒོམ་བྱ། །ཁ་དོག་ལྔ་པ་ནོར་བུ་ཆེ། །ཡུངས ་ཀར་ཙམ་ན་རིགས་པ་སྟེ། །རྩོལ་བས་སྣ་ཡི་རྩེ་མོ་རུ། །རྟག་ཏུ་རྣལ་འབྱོར་པས་བསྒོམ་བྱ་ཞེས་གསུངས་སོ། །དེ་བཞིན་དུ་གསང་བ་དང་ལྟེ་བ་དང་སྙིང་ཁ་དང་ལྐོག་མའི་གནས་རྣམ་ལ་འབྱུང་བ་ཆེན་པོ་བཞིའི་རང་བཞིན་འཁོར་ལོ་བཞི་སྟེ། དེ་རྣམས་ལས་རིམ་པའི་ལྟ ་བ་བཞིན་དུ་ཁ་དོག་དམར་པོ་འོད་ཟེར་གཡས་པ་ལས་སྤྲོ་ཞིང་སྣའི་རྩེ་མོར་ཐུན་ཕྱེད་བྱེད་ཀྱི་དུས་སུ་གནས་པ་འཇུག་པར་འགྱུར་རོ། །དེ་བཞིན་དུ་གཡོན་པ་ལས་འབྱུང་བ་ལྗང་སེར་གནས་པ་དང་འཇུག་པར་འགྱུར་རོ། །སྣ་ཁུང་གཉིས་ཀ་ལས་ཁ་དོག་སེར་པོ་གནས་པ་དང ་འཇུག་པར་འགྱུར་རོ། །དེ་བཞིན་དུ་དལ་བུས་དམན་པར་རྒྱུ་བ་ཁ་དོག་དཀར་པོ་རླུང་གི་གནས་པ་འཇུག་གོ། འོད་དཔག་ཏུ་མེད་པ་དང། དོན་ཡོད་གྲུབ་པ་དང། རིན་ཆེན་འབྱུང་ལྡན་དང། རྡོ་རྗེ་འཆང་གི་བདག་པོ་ཉིད་དུ་དམིགས་པར་བྱའོ། །དེ་ལྟར་ན་འབད་པ་མེད་པ ་རྣལ་འབྱོར་པ་ལ་ཞི་བ་ལ་སོགས་པ་འགྲུབ་སྟེ། དེ་ཁོ་ན་ཉིད་ཡོངས་སུ་ཤེས་པས་སོ། །ཇི་སྐད་དུ་དོན་དམ་པར་ནི་དོན་གཅིག་མཐོང་བ་ན། འགྲོ་བ་མ་ལུས་དོན་གཅིག་མཐོང་བར་འགྱུར། །འགྲམ་གྱི་ཕྱོགས་སུ་ཆུ་ནི་འཐུང་བས་ཀྱང། །རྒྱ་མཚོ་མ་ལུས་པ་ནི་ཤེས་པར ་འགྱུར་ཞེས་འབྱུང་ངོ། །ལུས་ཐམས་ཅད་ཁྱབ་པར་བྱེད་པའི་རླུང་གང་ཡིན་པ་དེ་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཤི་བའི་ལུས་ལས་འབྱུང་བར་འགྱུར་ཏེ། དེ་ལ་ལས་གཞན་ནི་མ་མཐོང་སྟེ་རླུང་གི་དེ་ཁོ་ན་ཉིད་དེ། །སྔགས་ཀྱི་དེ་ཁོ་ན་ཉིད་ནི་དཔལ ་གསང་བ་འདུས་པ་ལས་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་སྔགས་ཐམས་ཅད་ཀྱི་སྙིང་པོ་བསྐུལ་བ་ཞེས་བྱ་བ་ཤིན་ཏུ་ཟབ་པ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས་ངག་གི་ལམ་གྱི་ངེས་པར་ཚིག་གིས་བྱུང ་ངོ། ཨོཾ་ཨཱ(རྒྱུད་འགྲེལ་ཡི་གེ་རྣམས་ཀྱི་གནས་བརྒྱད་དེ། བྲང་དང་ལྐོག་མ་སྤྱི་བོ་དང། །ལྕེ་རྩ་དང་ནི་སོ་རྣམས་དང། །སྣ་དང་ཆུ་དང་རྐན་རྣམས་སོ་ཞེས་འབྱུང་ངོ། །དེ་རྣམས་རེག་ཅིད་ཨཱ་ལི་ཏཱ་ལིའི་ཡི་གེའི་ཚོགས་ཀྱི་བདག་ཉིད་ཅན་ཡི་གེ་བཞི་བཅུ་རྩ་དགུ་པའི་རང་བཞིན་ཅན་ཐབས ་དང་ཤེས་རབ་ཀྱི་ངོ་བོ་ཡི་གེའི་ཕྱི་མོ་སྐྱེད་པར་བྱེད་དེ་ཡི་གེའི་ཕྱི་མོ་དེས་ཡང་ཤིང་ལ་སོགས་པའི་སྒྲ་བཞིན་དུ་ཚིག་རྣམས་སྐྱེད་པར་བྱེད་དེ། དེ་རྣམས་ཀྱིས་ཀྱང་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པའི་ངག་དང་ངག་ཆེན་པོ་དང། ཇི་སྲིད་རིག ་པའི་གནས་རྣམ་པ་ལྔ་དང། འཇིག་རྟེན་པའི་རྣམ་པ་བཅུ་བཞི་དང། བརྡ་དང་སྐད་དྲུག་དང། སྣ་ཚོགས་པའི་རོལ་མོ་ལ་སོགས་པ་སྐྱེད་པར་བྱེད་དེ། དེ་བས་ན་དེ་རྣམས་ཐམས་ཅད་དང། འཇིག་རྟེན་གྱི་ཐ་སྙད་ཡི་གེ་ཕྱི་མོ་ཉིད་ལས་འབྱུང་བ་ཡིན་ནོ། །ཇི་སྐད ་དུ། གལ་ཏེ་སྒྲ་ཞེས་སྒྲོན་མ་འདི། །འཁོར་བར་གསལ་བར་མི་འགྱུར་ན། །ཁམས་གསུམ་པ་ནི་ཐམས་ཅད་འདི། །མུན་ནག་ཉིད་དུ་སྐྱེ་བར་འགྱུར། །དང་པོ་རྒྱལ་པོའི་གྲགས་གཟུགས་ཀྱིས། །ངག་དངོས་མེ་ལོང་ལ་བརྟེན་ཏེ། །དེ་རྣམས་གནས་པར་མི ་འགྱུར་ཡང། །ལྟོས་ཤིག་རང་བཞིན་མི་འགྱུར་བ་ཞེས་བྱ་བའི་ཚིག་གིས་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཡང་ཨཱ་ལི་དང་ཀཱ་ལིའི་རང་བཞིན་ཡིན་ནོ་ཞེས་བསྐྱེད་པའི་རིམ་པ་བསྟན་ཏོ། །བསྡུ་བའི་རིམ་པ་ཡང་བཤད་པར་བྱ་སྟེ། དཔེར་ན་ཨཱ་ལི་ལ་སོགས་པའི ་སྟེ?་ཚན་བརྒྱད་ནི་རྣམ་པར་ཤེས་པ་བརྒྱད་ཀྱི་ངོ་བོ་ཡིན་ནོ། །དེ་རྣམས་ཀྱང་དང་པོའི་ཡི་གེ་རྣམས་ལ་ཐིམ་པ་སྟེ་ཡི་གེ་བརྒྱད་དུ་འགྱུར་རོ། །ཡི་གེ་བརྒྱད་པོ་དེ་རྣམས་ཀྱང་དབྱངས་དང་གསལ་བྱ་དང་ཡི་གེའི་དབྱེ་བས་གསུམ་དུ་འགྱུར་རོ། །དཔེར་ན་དབྱངསྣི་ཤེས་རབ ་ཀྱི་ངོ་བོ་ཡིན་པ་དང། གསལ་བྱ་ནི་ཐབས་ཀྱི་ངོ་བོ་ཡིན་ནོ། །ཡ་ལ་སོགས་པ་ནི་གཉི་གའི་རང་བཞིན་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་རྣམས་ནི་བུད་མེད་དང་སྐྱེས་པ་དང་མ་ནིང་གི་ངོ་བོར་ཤེས་པར་བྱའོ། །དེ་བས་ན་ཨཱ(རྒྱུད་འགྲེལ་ཧཱུཾ་ནི་གསལ་བྱ་སྡུད་པར་བྱེད་པ་སྟེ་ཐབས་ཀྱི་རང་བཞིན་ནོ། །ོཾ་ནི་ཡར?་ལ་ཝ་ལ་སོགས་པ་སྡུད་པར་བྱེད་པ་སྟེ་མ་ནིང་གི་རང་བཞིན་ནོ། །ཡི་གེ་གསུམ་པོ་དེ་ཡང་ཁམས་གསུམ་གྱི་བདག་ཉིད་ཅན་དང། སྐུ་གསུང་ཐུགས་ཀྱི་ངོ་བོ་དང། ཟླ་བ་དང་ཉི་མ་དང་མེའི་ངོ་བོ་རྣམ ་པར་སྣང་མཛད་དང། འོད་དཔག་ཏུ་མེད་པ་དང། མི་བསྐྱོད་པའི་རང་བཞིན་དང། འཇུག་པ་ལ་སོགས་པའི་རང་བཞིན་དང། འཆི་བ་ལ་སོགས་པ་སྲིད་པ་གསུམ་གྱི་རང་བཞིན་དུ་ཤེས་པར་བྱའོ། །དེ་རྣམས་ཀྱང་སྔ་མ་བཞིན་དུ་ཉེ་བར་བསྡུས་ཏེ་ལྟེ་བའི་འཁོར་ལོ་རྩིབས ་བརྒྱད་པའི་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོའི་རྩིབས་ཀྱི་ཡི་གེ་ལ་ཞུགས་ཏེ། ཚིག་ཐམས་ཅད་སྐྱེད་པར་བྱེད་པའི་ངོ་བོ་ལ་འཇུག་པ་ལ་སོགས་པའི་རྣམ་པར་དབྱེ་བ་དང་བྲལ་བ་དམ་པའི་ཡི་གེ་ཐུང་བ་ལ་ཞུགས་ཏེ། ཆོས་ཀྱི་དབྱིངས་ཀྱི་ངོ་བོའི་རྣལ་འབྱོར་པས་གནས ་པར་བྱའོ། །དཔལ་སྒྱུ་འཕྲུལ་དྲ་བའི་རྒྱུད་རྣལ་འབྱོར་ཆེན་པོ་ལས་ཀྱང་གང་ཞིག་ཡི་གེ་ཀུན་གྱི་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་དུ་གཞན་ཡང་སྔགས་ཀྱི་ངོ་བོ་རྣམ་པ་བཞི་ཡིན་ཏེ། སྔགས་བཏུ་བ་དང། སྔགས་ཀྱི་བརྡ་དང། སྔགས་ཀྱི ་དོན་དང། སྔགས་ཀྱི་དེ་ཁོ་ན་ཉིད་དང། །དེ་ལ་རེ་ཞིག་སྔགས་བཏུ་བ་ནི་སྔར་བཤད་པ་སྟེ། རྣམ་པར་གཞན་གྱིས་བཤད་པར་བྱའོ། །འདིར་ནི་ལྟེ་བར་གནས་པའི་རྩིབས་བརྒྱད་པའི་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོའི་ཡི་གེ་ཨ་ལས་རྣམ་པར་སྣང་མཛད ་ཀྱི་ང་རྒྱལ་གྱིས་ཁ་དོག་དཀར?་པོའི་འོད་སྤྲོས་ཏེ་ཟླ་བའི་དཀྱིལ་འཁོར་ལ་འཁོར་ལོའི་སྟེང་དུ་ཡི་གེ་ཨོཾ་གྱི་ངོ་བོས་སྤྱི་བོའི་གནས་སུ་བཞག་པར་བྱའོ། །དེ་བཞིན་དུ་གསུང་རྡོ་རྗེའི་ང་རྒྱལ་གྱིས་ལྐོག་མར་ཉི་མའི་དཀྱིལ་འཁོར་ལ་པདྨའི་སྟེང་དུ་ཁ་དོག་དམར་པོ་ཡི་གེ་ཨཱ: ་དགོད་པར་བྱའོ། །དེ་བཞིན་དུ་སྙིང་ཁར་ཉི་མའི་དཀྱིལ་འཁོར་ལ་རྡོ་རྗེའི་སྟེང་དུ་ཐུགས་རྡོ་རྗེའི་ང་རྒྱལ་གྱིས་ནམ་མཁའ་ཨི་ཁ་དོག་དང་འདྲ་བའི་ཡི་གེ་ཧཱུཾ་དགོད་པར་བྱའོ། །དེ་ནས་བཟླས་པ་བྱས་ཏེ། ནང་གི་བདག་ཉིད་ཀྱི་རིམ་པས་སྔགས་བཏུ་བའོ། །སྔགས་ཀྱི་བརྡ་ནི་དཔེར་ན ་སྤྲུལ་ལྟ་བུའི་སྔགས་ནི། ཨོཾ་དང་ཧྭཱ་སྭཱ་དང་ལྡན་པའོ། །མགོ་མེད་སྔགས་ནི་ཨོཾ་མེད་པའོ། །མཛའ་མེད་སྔགས་ནི་སྭཱཧཱ་མེད་པའོ། །བཏུ་བའི་སྔགས་ནི་གཉི་ག་མེད་པའོ། །རིགས་དེ་དང་མཐུན་པ་བརྡ་གཞན་མ་རྣམས་ཀྱང་ལས་ཀྱི་ཚོགས་ཀྱི་རྗེས་སུ་འབྲང་བར་ཤེས ་པར་བྱ་སྟེ། དཔེར་ན་སྙིང་པོ་ནི་བཅོམ་ལྡན་འདས་ལ་མངོན་དུ་བརྗོད་པར་བྱེད་པའོ། །ཉེ་བའི་སྙིང་པོ་ནི་ཡན་ལག་གི་སྒོ་ནས་སོ། །སྙིང་པོ་སྐུལ་བར་བྱེད་པ་ནཾ་གཞན་ལས་དངོས་གྲུབ་མངོན་དུ་བྱེད་པར་བྱ་བའི་ཕྱིར་རོ། །རྩ་བའི་སྔགས་ནི་བཟླས་པའི་ཕྱིར་རོ། །ཕྲེང་བའི ་སྔགས་ནི་མཆོད་པའི་ཕྱིར་རོ། །རིག་སྔགས་ནི་ལས་ཀྱི་ཚོགས་གྲུབ་པར་བྱེད་པའོ། །གཟུངས་སྔགས་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་འགྲུབ་པར་བྱེད་བའོ། །ས་བོན་རྣམས་ནི་ལྷའི་སྐུ་རྫོགས་པར་བྱ་བའི་ཕྱིར་ཏེ། དེ་ལ་སོགས་པའི་བརྡ ་རྣམ་པ་སྣ་ཚོགས་པའི་མོས་པ་དང་ལྡན་པའི་སེམས་ཅན་གྱི་དོན་དུ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །སྔགས་ཀྱི་དོན་ནི་དཔེར་ན་སྐུ་གསུང་ཐུགས་ཀྱི་རིགས་ཀྱི་གཙོ་བོར་གྱུར་པ་རྣམ་པར་སྣང་མཛད་ལ་སོགས་པ་ཡི་གེ་གསུམ་པའི་དོན་ཡིན་ནོ། །འི་དོན་ནི་རྡོ་རྗེ ་འཆང་ཆེན་པོའི་ཡིན་ནོ། །ཇི་སྐད་དུ་། ཡིས་བསྟན་པའི་ཡེ་ཤེས་ནི། །སངས་རྒྱས་ཀྱི་ནི་སྙིང་པོ་ཡིན་ཞེས་གསུངས་ཏེ། དེ་ལྟ་བུའི་དོན་གྱི་སྒོ་ནས་བཟླས་པ་བྱའོ། །དེ་བཞིན་དུ་།དོན་རྟོགས་པ་ཡི་བཟླས་བ་ནི། །ངོ་བོ་ཉིད་མེད་བཟང་པོ་ཡིས། །དུས་གསུམ་སངས་རྒྱས་རྣམས ་བརྟགས་པ། །དེ་ནི་རྡོ་རྗེ་བཟླས་བར་བཤད་།ཅེས་གསུངས་སོ། །སྔགས་ཀྱི་དེ་ཁོ་ན་ཉིད་ནི་དེ་བཞིན་ཉིད་ཡིན་ཏེ། གང་གི་ཕྱིར་སྔགས་ཐམས་ཅད་ནི་འོད་གསལ་བ་ལས་འབྱུང་ཞིང་དེ་ཉིད་དུ་ཐིམ་པར་འགྱུར་རོ། །འོད་གསལ་བ་ཡང་གང་ཞིག་རྣལ་འབྱོར་པས ་ཐམས་ཅད་སྟོང་བ་ཉིད་ཡང་དག་པའི་མཛའ་ཨི་ངོ་བོར་ཤེས་ན་དེ་ནི་ཁམས་གསུམ་བའི་བླ་མ་ལྷ་དང་མི་རྣམས་ཀྱིས་མཆོད་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་གང་གིས་སྔགས་ཀྱི་དེ་ཁོ་ན་ཉིད་མི་ཤེས་ན། དེས་ལས་ཀུན་རྩོམ་པ་ནི་འབྲས་བུ་མེད་ནོ། །ཇི་སྐད ་དུ། སོ་ཆུ་རྐན་དང་ལྕེ་རྣམས་ཀྱིས། །གང་ཞིག་གཡོ་བར་གྱུར་པ་ན། །འགྱུར་བ་ཉིད་དུ་གང་གནས་བ། །དེ་ནི་ཡི་གེ་ག་ལ་ཡིན། །དེ་ཕྱིར་ཡི་གེ་ངོ་བོ་ཉིད། །སྔས་རྣམས་འདོད་པ་མ་ཡིན་ཏེ། །གང་ཕྱིར་རྩ་མཆོག་དག་དང་ནི། །འགུགས་པར་བྱེད་པ་མི ་ནུས་སོ། །དེ་བཞིན་དུ་འདུས་པའི་རྒྱུད་ཕྱི་མ་ལས་ཀྱང་། དབང་པོ་རྣམས་དང་ཡུལ་རྣས་ལ། །བརྟེན་ནས་?་ནི་གང་བྱུང་བ། །དེ་ནི་མན་ཤེས་བཤད་པ་ཡིན། །ཏྲ་ནི་སྐྱོབ་པའི་དོན་དུའོ། །བརྗོད་པ་བཟླས་པ་ཞེས་བཤད་པ། །དག་ནི་ཐམས་ཅད་སྔགས ་སུ་བརྗོད། །སྔགས་ནི་ཡོད་སྐྱོབ་བཤད་པ་སྟེ། །དེ་ཉིད་དབྱེ་བས་བརྗོད་པ་ཡིན་ཞེས་གསུངས་སོ། །དོན་འདི་ཉིད་ལ་དགོངས་ནས་དགོངས་པ་ལུང་བསྟན་པའི་འདུས་པ་བཤད་པའི་རྒྱུད་ལས་ཀྱང། །དང་པོ་གཅིག་ནི་དགུ་དབུས་ན། །གང་ཞིག་བཅུ་ཡིས ་མ་བཅིངས་པ། །དེ་ནི་བཅིངས་མེད་ཅེས་བྱ་སྟེ། །དེ་ཤེས་པ་ནི་མཆོག་གི་གནས། །དབྱངས་དང་གསལ་བྱའི་ཡི་གེ་སྟེ། །གྲངས་དགུ་ཡི་ནི་རྗེས་འཇུག་པ། །ས་བཅིངས་ཕན་ཚུན་ཡང་དག་སྦྱོར། །གང་གིས་ཤེས་དེ་འགྲོ་བའི་བླ། །གང་ཞིག ་ཤེས་ནས་དངོས་གྲུབ་འདོད། །གཟུགས་མེད་གཟུགས་དང་བྲལ་བ་དང། །རྣམ་གྲོལ་འབྲས་བུ་ཕུན་སུམ་ཆོག། །དེ་ཚེ་དེས་ནི་ཐོབ་པར་འགྱུར། །འབྱུང་པོའི་མཛའ་དང་ཡང་དག་ལྡན། །ཆ་ལ་སོགས་ཏེ་བཅུ་དྲུག་གནས། །ལྔ་པ་ལྔ་ནི་ཡང་དག ་ལྡན། །བཞི་ནི་གསུམ་དུ་ངེས་པར་སྦྱར། །ཡི་གེ་ཨོཾ་བཅས་རིང་པོར་བཅས། །ཡོན་ཏན་སྦྱོར་སོགས་ཕྱིས་དང་མཚུངས། །ཐུང་ངུམ་ལུས་ངག་ཏུ་འགྱུར། །གཅིག་མིན་དུམ་མ་ཡིན་ནོ། །ཡ་ཡི་དོན་གྱིས་གང་ཡང་རུང། །དངོས་གྲུབ་འདོད་པར་བྱ་བ་སྟེ། །ར་ལ་སོགས ་པ་གསུམ་ཉིད་ཀྱིས། །འགྲོ་བའི་དོན་ལ་རབ་ཏུ་འཇུག། ཡི་གེ་གང་ཞིག་སྔར་བཤད་དང། །གང་ཡང་མངོན་པར་ཕྱོགས་པ་རྣམས། །བུད་མེད་སྐྱེས་པ་མ་ནིང་སྟེ། །ཁམས་ལ་སོགས་པ་རབ་ཏུ་བརྟག། འོག་ནས་སྟེང་དུ་བཅས་པར་ནི། །ཤེས་ནས་བློ་ནི་ངེས་པར ་སྦྱོར། །དྲུག་བཤད་བཞི་དང་གསུམ་དང་གཅིག་།ངོ་མེད་ངོ་བོ་ལས་སྐྱེས་པ། །དེ་རྣམས་ཡ་སོགས་དོན་སྦྱར་ན། །དུས་གསུམ་ཡེ་ཤེས་སྐྱེ་བར་འགྱུར། །འགྲོ་བ་དག་ནི་དགུ་མཐར་ན། །རྨི་ལམ་མིག་འཕྲུལ་འདྲ་བར་བྱ། །འདི་ནི་བརྗོད་པའི་སྔགས་རྣམས་ཏེ། ། ་ངོ?་མེད་ངོ་བོ་ལས་སྐྱེས་པའོ། །དེ་ནས་ཡོངས་སུ་འགྱུར་བའི་གཟུགས། །གང་ཞིག་ལྷ་ནི་ཉེར་དམིགས་པ། །དེ་ཉིད་གསུམ་གནས་བརྡ་ཡིན་ཏེ། །རང་བཞིན་བཟླས་པའི་མཚན་ཉིད་དོ། །བརྗོད་དུ་མེད་ཅིང་བསྟན་དུ་མེད། །འདི་ནི་བྱང་ཆུབ་སེམས་ཀྱི་མཆོག་།དེ་ནི ་གསུམ་པོ་གཅིག་འགྱུར་ཏེ། །འབྱུང་བ་མེད་ཅིང་འགྲོ་བ་མེད། །འགོག་པ་མེད་ཅིང་རང་ཞིང?། །རྟག་དང་ཆད་པ་རྣམ་པར་སྤངས། །དུས་གསུམ་རིག་པས་བརྡ?་བྱས་པ། །ནམ་མཁའ་དབྱེར་མེད་མཚན་ཉིད་དོ། །འདི་ནི་དོན་དམ་ལས་བྱུང་བ། །སོ་སོ་རང་རིག་མཚན་ཉིད ་ད། །འདུག་པ་ལ་སོགས་ཐམས་ཅད་ནི། །བྱ་བ་ཀུན་ལ་རྣལ་འབྱོར་པས། །བརྗོད་དུ་མེད་ཅིང་བསྟན་དུ་མེད། །དུས་གསུམ་ལས་འདས་རྟག་ཏུ་བཟླས། །གོས་དཀར་ལ་སོགས་བཟླས་བཤད་པ། །བརྒྱ་ཕྲག་གཉིས་དང་ཉི་ཤུ་ལྔ། །བཞི་པོ་ལེགས་པར་? ་ནས་ནི། །སྦྱོར་བཞི་བསྡུས་པས་བརྒྱ་ཕྲག་དགུ། །དགུ་བརྒྱ་དག་ཏུ་གང་བསྟན་པ། །ཉི་ཤུ་རྩ་བཞི་རིམ་གྱིས་ནི། །དེ་ནི་སོ་སོར་བྱུང་བ་ལས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །དེ་ལྟར་གསང་བའི་དགོས་པ་ལས། །ཕྲ་མོའི་རྣལ་འབྱོར་རབ་ཏུ་བསྟན། །བསམ་གཏན་ཁ་ཏོན་མེད་པ ་ནི། །དེ་ལྟར་ཡིན་ཡང་བཟླས་པར་བཤད་ཅེས་འབྱུང་ངོ། །དེ་ལྟ་བུའི་རིམ་པས་ནི་རྡོ་རྗེ་བཟླས་པའི་རིམ་པ་བསྟན་ཏོ།། །།ད་ནི་སེམས་ལ་དམིགས་པའི་རིམ་པ་བསྟན་པར་བྱ་སྟེ། དེ་ཡི་དབྱེ་བ་འདི་ཡིན་ཏེ། །ཀུན་གཞི་རྣམ་པར་ཤེས་པ་དང། །ཉོན་མོངས་པ་ཅན ་གྱི་ཡིད་གྱི་རྣམ་པར་ཤེས་པ་དང། །མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དྲུག་སྟེ། རྣམ་པར་ཤེས་པ་བརྒྱད་ཀྱི་བདག་ཉིད་ཅན་ཁམས་གསུམ་པ་འདི་བཟང་འགྲོ་དང་ངན་འགྲོ་ལ་ཉོན་མོངས་པ་དང་རྣམ་པར་སྨིན་པའི་བག་ཆགས་རྣམས་ཀྱི་ཤིང་རྟའི་འཁོར་ལོ་བཞིན ་དུ་འཁོར་བར་བྱེད་པ་ཡང་དང་ཡང་དུ་སྐྱེད?་བ་ལེན་པར་བྱེད་པ་སྟེ་དེ་སྲིད་དུ་འཁོར་བ་ཡིན་ནོ། །རྣམ་པར་ཤེས་པ་བརྒྱད་ཀྱི་བདག་ཉིད་ཀྱི་སེམས་དེ་ཡང་གསུམ་གྱིས་བསྡུས་པར་ཤེས་པར་བྱའོ། །ཇི་སྐད་དུ་།རྣམ་པར་སྨིན་པ་ཀུན་གཞི་སྟེ། །འགྲོ་བ་བསྐྱེད་པར་བྱེད ་བའི་རྒྱུ། །བདག་ལ་སོགས་པའི་འབྲེལ་པ་ཡིས། །ཉོན་མོངས་པ་ཅན་ཡིད་བཤད་དོ། །དོན་གཟུང་བ་ཡི་རྩོལ་བ་ཡིན། །རྣམ་ཤེས་མིག་ལ་སོགས་པའོ་ཞེས་འཕགས་པ་བྱམས་པས་གསུངས་པའི་ཕྱིར་རོ། །སེམས་རྣམ་པ་གསུམ་པོ་དེ་ལྟ་བུ་རྣམ་པར ་ཤེས་པ་གསུམ་པོ་ཉིད་དུ་བཤད་དོ། །དེ་བཞིན་དུ་རྣམ་ཤེས་ཤེས་པའི་བདག་ཉིད་དོ་ཞེས་མཛོད་ལས་འབྱུང་བའི་ཕྱིར་རོ། །དེ་ལ་རེ་ཞིག་འཇུག་པའི་རྣམ་པར་ཤེས་པ་ནི་སྣང་བ་དང་སྟོང་པ་དང། ཤེས་རབ་དང། སེམས་དང། གཞན་དབང་གི་རང་བཞིན་ཅན ་ནོ། །དེའི་རང་བཞིན་ནི་འདོད་ཆགས་དང་བྲལ་བ་ལ་སོགས་པ་སུམ་ཅུ་རྩ་གསུམ་སྟེ། ཀུན་རྫོབ་ཀྱི་བདེན་པས་མཚན་མོ་བུད་མེད་དང། འཇམ་པ་དང། གཡོན་པ་དང། པདྨ་དང་།ཟླ་བའི་དཀྱིལ་འཁོར་དང་།རྗེས་སུ་འཇུག་པའི་དབྱངས་དང་།ཟླ་བ་སྣང་པའི ་རང་བཞིན་ཅན་རང་རིག་པའི་མཚན་མས་རྟོགས་པར་ཤེས་པར་བྱའོ། །ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་ནི་སྣང་བ་མཆེད་པ་དང། ཤིན་ཏུ་སྟོང་པ་དང། ཐབས་དང་ཀུན་བརྟགས་དང་།སེམས་ལས་བྱུང་བའི་རང་བཞིན་ཅན་ཡིན་ནོ།། ་དེའི་རང་བཞིན་ནི་འདོད་ཆགས་ལ་སོགས་པ་བཞི་བཅུ་སྟེ། ཉིན་མོ་དང་སྐྱེས་པ་དང། རྣོ་བ་དང། གཡས་པ་དང། ཉི་མའི་དཀྱིལ་འཁོར་དང་།རྡོ་རྗེ་དང་ཚེག་དྲག་དང། ཉི་མའི་སྣང་བའི་རང་བཞིན་དུ་ཤེས་པར་བྱའོ། །ཀུན་གཞི་རྣམ་པར་ཤེས་པ་ནི་སྣང ་བ་ཉེ་བར་ཐོབ་པ་དང། སྟོང་པ་ཆེན་པོ་དང། ཉེ་བར་ཐོབ་པ་དང། ཡོངས་སུ་གྲུབ་པ་དང། མ་རིག་པའི་ངོ་བོ་ཡིན་ནོ། །དེའི་རང་བཞིན་ནི་ཆགས་པ་བར་པ་ལ་སོགས་པ་བདུན་ཏེ། ཐིག་ལེ་དང། ས་བོན་དང་བྲལ་བ་དུས་མཚམས་ཀྱི་སྣང་བའི་ངོ་བོ་ཉིད ་དུ་ཤེས་པར་བྱའོ། །སེམས་དེ་རྣམས་དང་རང་བཞིན་རྣམས་ཀྱི་ཉིན་མོ་དང་མཚན་མོའི་བྱེད་པས་རྣམ་པ་ནི་བརྒྱད་དང་བཅུ་དྲུག་ཡིན་ནོ། །དེ་རྣམས་ཁོ་ན་ནི་འགྲོ་བ་དྲུག་སྲིད་པའི་འཁོར་ལོར་འགྲོ་བ་རྣམས་འཁོར་བར་བྱེད་དེ། སྐད་ཅིག་མ་ལ་སོགས ་པའི་དབྱེ་བས་ཁམས་གསུམ་ཁྱབ་ཅིང་མངོན་པའི་ཆོས་ཀྱི་ཚུལ་གྱིས་ནི་ཉོན་མོངས་པ་དགུ་བཅུ་རྩ་བརྒྱད་ཀྱི་རང་བཞིན་ཡིན་པ་དང། དབུ་མ་པའི་ཚུལ་གྱིས་ནི་རྟག་དང་ཆད་པ་ལ་སོགས་པ་ལྟ་བ་དྲུག་ཅུ་རྩ་གཉིས་ཀྱི་རང་བཞིན་དུ་རང་བཞིན་དེ ་རྣམས་ཤེས་པར་བྱ་སྟེ། དེ་རྣམས་རྣམ་པར་དག་པར་བྱ་བའི་ཕྱིར། ཐབས་ཀྱི་རིམ་པ་གཉིས་ཡིན་ཏེ་།གཅིག་ནི་སྔགས་ཀྱི་རིམ་པ་དང་གཉིས་པ་ནི་ཕྱག་རྒྱའི་རིམ་པའོ། །དེ་ལ་སྔགས་ཀྱི་རིམ་བ་ནི་འདི་ཡིན་ཏེ། རེ་ཞིག་དང་པོ་སྔར ་བཤད་པའི་གདན་ལ་གནས་པ་ཨོཾ་ལ་སོགས་པའི་ཡེ་ཤེས་གསུཾ་པོ་ནི་སྤྱི་བོ་ལ་སོགས་པར་བསམ་སྟེ། དེ་ལས་སྤྲོ་བ་དང་བསྡུ་བ་བྱས་ལ་ཡི་གེ་ཨོཾ་ནི་འཇུག་པའི་རྣམ་པར་ཤེས་པའི་བདག་ཉིད་དུ་བསམས་ཏེ། ཐིག་ལེས་བརྒྱན་བའི་ཡི་གེ ་གཙོ་བོ་ནི་ཞི་བའི་ཕྱིར་འཇམ་པའི་ངོ་བོ་ཨ་ལ་སོགས་པའི་ཡི་གེ་བཅུ་དྲུག་ཉེ་བར་བསྡུད་པར་བྱེད་པའི་ཕྱིར་བུད་མེད་དང་ཤེས་རབ་ཀྱི་རང་བཞིན་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་ཀུན་རྫོབ་ཀྱི་བདག་ཉིད་ཅན་ནང་དང་ཕྱི་དང་གཉི་ག་དང་གསུམ་གྱི ་སྟོང་པ་ཉིད་དེ། སྟོང་པ་ཉིད་བཞིའི་རང་བཞིན་ཡིན་པའི་ཕྱིར་སྟོང་པ་ཉིད་དང་ཤེས་རབ་དེ་ཁོ་ན་ཉིད་ཡིན་ཏེ། ཤེས་རབ་ཀྱི་ངོ་བོ་དེ་ཉིད་ཀྱི་ཕྱིར་རྣམ་པར་རྟོག་པའི་འགྲོ་བ་དང་འོང་བ་དང་བྲལ་བས་མཚན་མོའི་རང་བཞིན་དང། རྣམ་པར་ཤེས་པ་དྲུག ་ཁྱབ་པར་བྱེད་པའི་ཕྱིར་སེམས་གཅིག་གི་ངོ་བོ་ཡུལ་དང་དབང་པོ་སྣང་བའི་ཡིད་ལ་བྱེད་པ་སྟེ། གཞན་མ་རྣམས་ཀྱིས་བསྐྱེད་པར་བྱས་པའི་ཕྱིར་གཞན་དབང་གི་ངོ་བོ་ལྟེ་བར་གནས་པ་ནི་རྩིབས་བརྒྱད་པ་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོ་ལ་པདྨ་དང ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྣམ་པར་བཀོད་ལ། །དེ་ལས་བྱུང་བའི་སྣང་བ་དང་འདྲ་བའི་འོད་ཟེར་གྱི་འཁོར་ལོ་རྩ་གཡོན་པ་ལས་ཞུགས་པ་གང་ཡིན་བ་ནི་སྤྱི་བོའི་གནས་ལས་གདན་དང་བཅས་པ་ཡི་གེའི་ཨོཾ་བཀུག་ལ། དེ་ཉིད་ཁ་འོག ་ཏུ་བལྟས་པ་གཙོ་བོའི་ཡི་གེའི་ཐིག་ལེ་ལ་ཐིམ་པར་བྱའོ། །དེ་ནས་འབའ་ཞིག་པ་རྗེས་སུ་འཇུག་པའི་དབྱངས་ནི་ཟླ་བའི་འོད་ཟེར་ལྟ་བུ་བསམས་ལ། འཇུག་པའི་རྣམ་པར་ཤེས་པ་དང་དེའི་རང་བཞིན་རྣམས་ཞི་པར་གྱུར་ཏེ། དེའི ་ཚེ་སྣང་བ་ལྡོག་པས་ཟླ་བའི་སྣང་བ་དང་འདྲ་བའི་སྣང་བའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་ལྟེ་བའི་འཁོར་ལོ་ལ་ཆོས་ཀྱི་དབྱིངས་འཁོར་ལོའི་ལྟེ་བར་ཉི་མ་ཤར་བའི་འོད་ལྟ་བུ་དེ་ཉིད་ཀྱི་ཕྱིར། ཉིན་མོའི་རང་བཞིན་སྟོང ་པ་ཉིད་ཆེན་པོ་ལ་སོགས་པ་སྟོང་པ་ཉིད་བཞིའི་རང་བཞིན་ཅན་ཤིན་ཏུ་སྟོང་པ་ཉིད་ཀྱི་ངོ་བོ་ཉི་མ་ལ་གསལ་བ་ཉིད་ཀྱི་ཕྱིར། མུན་པ་འཇིག་པར་བྱེད་པའི་ཕྱིར་རྣོ་བ་དང་།འདོད་ཆགས་ལ་སོགས་པའི་རང་བཞིན་རྣམས་དང ་རང་བཞིན་གྱིས་མི་དམིགས་པའི་ཕྱིར་ཀུན་བརྟགས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་སེམས་ལས་བྱུང་བ་དང། ཉོན་མོངས་པ་ཅན་གྱི་ཡིད་དང་ཐ་མི་དད་པས་སེམས་ལས་བྱུང་བ་དང། ཉི་མའི་དཀྱིལ་འཁོར་དང་།རྡོ ་རྗེ་ལས་གནས་པ་ཐིག་ལེ་གཉིས་དང་ལྡན་པའི་ཡི་གེའི་གཙོ་བོ་རྣམ་པར་བསྒོམ་ལ། དེ་ལས་བྱུང་བའི་གཡོན་པའི་ལམ་ནས་ཞུགས་པ་ཉི་མའི་སྣང་བ་དང་འདྲ་བའི་འོད་ཟེར་གྱི་འཁོར་ལོ་ཐབས་ཀྱི་ངོ་བོ་ཡིན་པའི་ཕྱིར་སྐྱེས་པའི་རང་བཞིན་ཅན ་གྱིས་ལྐོག་མར་གནས་པའི་ཉོན་མོངས་པ་ཅན་ཡིད་ཀྱི་རྣམ་པར་ཤེས་པའི་རང་བཞིན་གསུང་གི་དབང་ཕྱུག་བཀུག་ལ། གཙོ་བོའི་ཡི་གེའི་ཐིག་ལེ་གཉིས་ལ་ཐིམ་པ་སྟེ། དེའི་ཚེ་ཉོན་མོངས་པ་ཅན་གྱི་ཡིད་སྣང་བ་མཆེད་པའི་རྣམ་པར་ཤེས་པ་ལྡོག ་ཅིང་སྣང་བ་མཆེད་པའི་ཡེ་ཤེས་ཉི་མའི་སྣང་བ་དང་འདྲ་བ་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་ལྟེ་བར་འཁོར་ལོ་དང་ས་བོན་དང་།ཐིག་ལེ་བསྒོམས་པ་སྤངས་ལ། ཉོན་མོངས་པ་ཀུན་གྱི་གཞི་ཡིན་པའི་ཕྱིར་?་རིག་པའི་ངོ་བོ་རྣམ་པ་དང་བཅས་པའི་བསྒོ ་པ་དང་བྲལ་བས་ཡོངས་སུ་གྲུབ་པའི་རང་བཞིན་སྣང་བ་གཉིས་སྤངས་པའི་ཕྱིར་སྣང་བ་ཉེ་བར་ཐོབ་པ་དེ་བཞིན་དུ་ཤིན་ཏུ་སྟོང་པ་ཉིད་ལས་བརྩམས་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་བར་གྱི་རང་བཞིན་ཅན་གྱི་སྟོང་པ་ཉིད་ཆེན་པོ་ཤིན་ཏུ ་རྣམ་པར་དག་པའི་ངོ་བོ་ཀུན་གཞི་རྣམ་པར་ཤེས་པ་གང་ཡིན་པ་དེ་ཉིད་ནི་ནམ་མཁའ་ཉིད་དུ་བསམས་ཏེ་།དེ་ལས་བྱུང་བའི་དབུས་ཀྱི་ལམ་ནས་ཞུགས་པའི་དུས་མཚམས་ཀྱི་སྣང་བ་དང་འདྲ་བའི་སྣང་བས། སྔ་མ་བཞིན་སྙིང་གང་གནས ་པའི་ཡི་གེ་ཧཱུཾ་བཀུག་ལ་མར་ལ་མར་བཞིན་དུ་རོ་གཅིག་པར་གྱུར་པར་བྱ་སྟེ། དེའི་ཚེ་སྣང་བ་ཉེ་བར་ཐོབ་པའི་ངོ་བོ་ཀུན་གཞི་རྣམ་པར་ཤེས་པ་ལྡོག་ལ་དུས་མཚམས་ཀྱི་སྣང་བ་དང་འདྲ་བའི་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་སྐྱེ་བར ་འགྱུར་རོ།། དེའི་རྗེས་ལ་ནམ་མཁའ་རྣམ་པར་རྟོག་པ་ཡང་སྤངས་ལ་རང་གི་མཚན་ཉིད་ལ་སོགས་པའི་སྟོང་པ་ཉིད་བཞིའི་ངོ་བོ་ཐམས་ཅད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་འོད་གསལ་བ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་རྣལ་འབྱོར་པས་ཐོབ་པར་འགྱུར་རོ། །དགོངས ་པ་དེ་ཉིད་ལ་བརྟེན་ཏེ་རབ་ཏུ་བྱེད་པ་ལས་ཀྱང་།སྟོང་པ་ཤིན་ཏུ་སྟོང་པ་དང་།སྟོང་པ་ཆེན་པོ་གསུམ་པ་སྟེ། །བཞི་པ་ཐམས་ཅད་སྟོང་པ་ཉིད། །རྒྱུ་དང་འབྲས་བུའི་དབྱེ་བས་སོ། །ཐབས་དང་ཤེས་རབ་སྦྱོར་བ་ཡི། །ཉེ་བར་ཐོབ་པ་གྲུབ་པ་སྟེ།། ཉེ་བར་ཐོབ ་པ་གྲུབ་པ་ལས། །ཐམས་ཅད་སྟོང་པ་འོད་གསལ་བའོ། །རྣམ་པར་ཤེས་པ་གསུམ་སྦྱོར་བས། །རྒྱུ་ཡི་རིམ་པས་རྣམ་དག་པ། །སྟོང་པ་གསུམ་གྱི་སྐུ་སྦྱོར་བས།། བླ་མེད་གོ་འཕང་ཐོབ་པར་འགྱུར་ཞེས་འབྱུང་བ་སྟེ། སྔགས་ཀྱི་རིམ་པས་སེམས་རྣམ ་པར་དག་པའོ། །ཕྱག་རྒྱའི་རིམ་པས་ཀྱང་བཤད་པར་བྱ་སྟེ། རེ་ཞིག་དང་པོ་བླ་མ་ལ་སློབ་མས་དད་པ་མཆོག་གིས་མཆོད་པ་བྱས་ལ། ཁྱེད་ལ་ཕྱག་འཚལ་ཕྱག་འཚལ་མདུད་ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་ཡང་དག ་པར་བསྟོད་ལ་ཤིན་ཏུ་བསླབ་པའི་ཕྱག་རྒྱ་མ་དེ་ཉིད་ལ་ཕུལ་ཏེ། ཕྱི་ནས་ཀྱང་ས་ཕྱོགས་སུ་པུས་མོ་གཉིས་གཙུགས་པའི་སློབ་མ་དེ་ལ་ཕྱག་རྒྱ་མ་དེ་ཉིད་བླ་མས་སྦྱིན་པར་བྱའོ།། དེ་དག་ཀྱང་རྣམ་པར་སྣང་མཛད་ཆེན་པོ་དང་ཆོས་ཀྱི་དབྱིངས ་ཀྱི་དབང་ཕྱུག་མའི་ངོ་བོར་བླ་མ་བསྒོམ་པར་བྱའོ། །དེའི་རྗེས་ལ་སློབ་མས་ཀྱང་རྡོ་རྗེ་དང་པདྨའི་སྙོམས་པར་འཇུག་པར་བྱ་སྟེ། དེ་ཡང་འཁྱུད་པ་དང་འོ་དང། འཇིབ་པ་དང། སོ་དང་སེན་མོ་འདེབས་པ་དང། བྷོ་ལའི་འཁྱུད་པ་དང། དྲང་པོའི་སྟངས ་སྟབས་ཀྱིས་ལུས་ཀྱི་སྤྱོད་པ་དང། དེ་བཞིན་དུ་བདེ་བའི་སྒྲ་དང། འབའ་ཞིག་པའི་དབྱངས་དང། ཕུག་རོན་དང་ངང་པ་དང། བུང་བ་དང། ཆུ་ལ་ལྷུང་བའི་འབྲས་བུའི་སྐད་དེ་དག་གི་བྱ་བ་དང། རེངས་པ་དང། རྡུལ་དང། བ་སྤུ་ལྡང་བ་དང། སྐད? ་འགྱུར་བ་དང། འདར་བ་དང་མདོག་ལོག་པ་དང། མཆི་མ་འཛག་པ་དང། ཐིམ་པ་སྟེ་སེམས་ཀྱི་བྱ་བ་བརྒྱད་ཀྱི་དང་པོའི་དགའ་བ་ཉམས་སུ་མྱོང་ཞིང་འཇུག་པའི་རྣམ་པར་ཤེས་པ་འགོག་པས་དེ་ལས་བུང་བའི་རང་བཞིན་གྱི་ཚོགS ་ཡོངས་སུ་ཟད་ཅིང་ཡེ་ཤེས་བྱུང་བ་གང་ཡིན་པ་དེ་ནི་སྣང་བའི་ཡེ་ཤེས་སོ། །དེ་ནས་རྩ་བདུན་ཁྲི་ཉིས་སྟོང་བྱང་ཆུབ་ཀྱི་སེམས་ཀྱིས་ཁྱབ་པར་བྱེད་བ་སྟེ། དེའི་ཚེ་མཆོག་ཏུ་དགའ་བ་ཉམས་སུ་མྱོང་ཞིང་ཉོན་མོངས་པ་ཅན་གྱི་ཡིད་འགགས་པས་དེ ་ལས་བྱུང་བའི་རང་བཞིན་གྱིS་ཚིགས་ཟད་པར་གྱུར་ནས་ཡེ་ཤེས་གང་ཞིག་ཤར་བ་དེ་ནི་སྣང་བ་མཆེད་པའི་ཡེ་ཤེས་ཏེ་གཉིས་པའོ། །དེའི་རྗེས་ལ་དགའ་བའི་འཁོར་ལོ་བྱུང་བའི་དུས་གསུམ་རྩེ་མོ་རྣམས་ལས་བྱང་ཆུབ་ཀྱི་སེམས་འཛག་ཅིང་རྡོ་རྗེ་ནོར ་བུའི་ཆང་ཟུངས་ལམ་ཕྱིན་པར་གནས་སུ་དབུས་མའི་གནས་སྐབས་སུ་ཀུན་གཞི་རྣམ་པར་ཤེས་པ་ལྡོག་པས། དེ་ལས་བྱུང་བའི་རང་བཞིན་གྱི་ཚོགས་ཀྱང་ཟད་པར་འགྱུར་ཞིང་ཡེ་ཤེས་གང་བྱུང་བ་དེ་ནི་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་ཏེ་གསུམ ་པའོ། དུས་དེ་རྣམས་སུ་ཡང་རིམ་པ་ཇི་ལྟ་བ་བཞིན་དུ་ཟླ་བ་དང་ཉི་མ་དང། དུས་མཚམས་ཀྱི་སྣང་བ་དང་འདྲ་བ་སྣང་བ་རྣམས་གསལ་བར་འགྱུར་ཏེ། བག་ཆགས་ཕྲ་མོ་མ་ལུས་པ་ནི་ཟད་པར་མི་འགྱུར་ཏེ། རགས་པའི་རང་བཞིན་རྣམས་མེད་པའི ་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་འདིར་ནི་ས་བརྒྱད་པ་ཡིན་ནོ།། རབ་ཏུ་བྱེད་པ་ལས་ཀྱང། དང་པོའི་ལས་ཀྱི་སྦྱོར་བ་ཡིས། །ས་བརྒྱད་པ་ནི་ཐོབ་པར་འགྱུར་ཞེས་འབྱུང་ངོ། །གང་གི་ཚེ་རྡོ་རྗེའི་རྩེ་མོའི་ཆང་ཟུངས་སུ་བྱང་ཆུབ་ཀྱི་སེམས་ཕྱིན་ལ། སྲོག་དང་རྩོལ་བ ་སྐམ་པའི་རིགས་པ་འམ། ས་བོན་དགོད་པའི་རིགས་པས་བྱང་ཆུབ་ཀྱི་སེམས་དེ་ཉིད་རེངས་པ་དང་བརྟན་པར་འགྱུར་ན། །གཡོ་བ་དང་མི་གཡོ་བའི་རྣམ་པར་རྟོག་པ་རྣམས་ཟད་པས་མ་ལུས་པའི་སྒོ་རྣམས་འགགས་པར་འགྱུར་ཞིང་གཡོན་པ་དང ་གཡས་པ་རུ་སྦས་མ་དང་ཟླ་བ་མ་སྟེ། རྩ་གཉིས་འདོད་པའི་གདུགས་རྩ་དབུས་མ་དང་ལྷན་ཅིག་རེ་གཅིག་པར་གྱུར་ན་དེའི་ཚེ་རང་རིག་པའི་མངོན་སུམ་གྱིས་བརྟག་པར་བྱ་བ་བརྗོད་དུ་མི་ནུས་པ་རྣམ་པར་རྟོག་པ་དང་བྲལ་བ་མེ་ལོང་གི་གཟུགས་བརྙན་བཞིན ་དུ་ཡོད་པ་དང་མེད་པ་དག་གིས་རྣམ་པར་གྲོལ་བ་དཔེའི་ངོ་བོ་གང་ཞིག་ཡེ་ཤེས་ཤར་བར་འགྱུར་བ་དེ་ནི་ལྷན་ཅིག་སྐྱེས་པའི་བདེ་བ་འོད་གསལ་བ་བཞི་པ་ཞེས་བསྟན་བ་སྟེ། དེ་ཉིད་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏེ། ལས་དང་ཡེ་ཤེS་ཀྱི་དབང་ཉིད་ཐོབ་པའི ་ཕྱིར་རོ། །ཀུན་ཏུ་འོད་ཀྱིས་བཅུ་གཅིག་པ་སྟེ། དེ་ནི་དཔེ་ལས་བྱུང་བའི་རིམ་པ་བཞི་པ་ལ་འཆད་པར་འགྱུར་རོ།། འདིར་ནི་ཆོས་ཀྱི་སྤྲིན་ཏེ་ས་བཅུ་པར་ཐོབ་པར་འགྱུར་རོ།། རབ་ཏུ་བྱེད་པ་ལས་ཀྱང་།སྣང་བ་གསུམ་ནི་མཐོང་བ་ཡིས། །ས་བཅུ་པ་ལ་རབ་ཏུ་གནས། ་ཞེས་འབྱུང་ངོ། །རིགས་པ་འདི་ཉིད་ཀྱིས་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མི་གཡོ་བ་ཞེས་བྱ་བ་མིང་གི་རྣམ་གྲངས་གཞན་ཡོད་པ་སྣང་བ་གསུམ་གྱིས་ཡེ་ཤེས་ཀྱི་ཏིང་ངེ་འཛིན་བྲལ་དུ་བཅུག་པ་དགོངས་པ་གཅིག ་དང་གསུང་གཅིག་གིས་འོད་གསལ་བ་ཉན་དུ་བཅུག་སྟེ། དེ་ཐོས་པ་ཙམ་གྱིས་ནི་ཐམས་ཅད་མཁྱེན་པར་གྱུར་ཅིག། སངས་རྒྱས་ཀྱི་ཞིང་ལས་སངས་རྒྱས་ཀྱི་ཞིང་དུ་ཕྱིར་མི་ལྡོག་པར་འགྱུར་ཞིང་སེམས་ཅན་གྱི་དོན་མཛད་དོ། །དེའི་ཕྱིར་དེ་ཁོ་ན་ཉིད་འདི་ལ ་རྒྱུད་ཐམས་ཅད་ལས་བཅོམ་ལྡན་འདས་ཀྱིས་ཕན་ཡོན་བསྟན་པའོ། །གལ་ཏེ་ཀུན་རྫོབ་ཀྱི་ཕྱག་རྒྱ་མ་མ་རྙེད་ན་དེའི་ཚེ་སྔར་ཉམས་སུ་མྱོང་བའི་དཔེ་དང་འདྲ་བས་ཡེ་ཤེས་ཀྱི་ཕྱག་རྒྱ་མའི་རིམ་པ་བསྒོམ་པར་བྱ་སྟེ། ཕྱག་རྒྱའི་རིམ་པས་སེམས་རྣམ་པར ་དག་པར་བསྟན་ཏོ། །དེ་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་བཤད་པར་བྱ་སྟེ། རེ་ཞིག་དང་པོ་འདིར་སྔར་བཤད་པའི་རིམ་པས་སེམས་རྣམ་པར་དག་པར་བྱས་ཏེ། དོན་དམ་པ་ལ་མངོན་པར་ཞེན་པ་སྤང་བའི་ཕྱིར་དང། སེམས་ཅན་གྱི་དོན་བྱ་བའི ་ཕྱིར་དང། དཀྱིལ་འཁོར་དང། སྔགས་བཟླས་པ་དང། བསྒོམ་པ་ལ་སོགས་པའི་བྱ་བ་རྣམས་སྒྱུ་མ་བཞིན་དུ་ཐ་སྙད་བྱ་བའི་ཕྱིར་ཀུན་རྫོབ་ཀྱི་བདན་པ་མཐོང་བའི་རིམ་པ་བརྩམས་པར་བྱ་སྟེ། དེའི་རིམ་པ་ནི་འདི་ཡིན་ཏེ། འོད་གསལ་བ་དེ་ཉིད་ལས ་ཀྱང་གཅིག་ཆར་ལྡན་པར་བྱས་ལ། མཚན་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བརྒྱད་ཅུས་སྐུ་བརྒྱན་པས་ཕུང་པོ་དང་ཁམས་དང། སྐྱེ་མཆེད་མ་ལུས་པ་རྣམ་པར་དག་པའི་ངོ་བོ་དཀྱིལ་འཁོར་བ་རྣམས་ཀྱིས་ཡོངས་སུ་བསྐོར་བ་དྲི་ཟའི་གྲོང་ཁྱེར་དང། ཆུའི་ཟླ་བ་དང། བྲག ་ཅ་དང་གཟུགས་བརྙན་དང། སྒྱུ་མ་དང་སྨིག་རྒྱུ་དང། རྨི་ལམ་དང། མགལ་མེའི་འཁོར་ལོ་དང། སྤྲུལ་པ་ལ་སོགས་པའི་དཔེ་རྣམས་ཀྱིས?་དཔེར་བྱས་པ་བརྒྱ་བྱིན་གྱི་གཞུ་ལྟ་བུ་ཁ་དོག་ལྔ་པ་འོད་ཟེར་གྱི་འཁོར་ལོ་སྤྲོ་བར་བྱེད་པ་རྡོ་རྗེ་འཆང་ཆེན་པོའི་སྐུ་གང་ཞིག་རྣལ་འབྱོར ་པས་འཛིན་པ་དེ་ནི་སྒྱུ་མའི་སྐུ་སྟེ། ལོངས་སྤྱོད་རྫོགས་པ་དང། སྤྲུལ་པའི་སྐུ་བདག་ཉིད་བདག་ལ་བྱིན་གྱིས་བརླབ་པ་ཞེས་བྱའོ། །དེ་ནི་སྒྱུ་མའི་རང་བཞིན་གྱིས་སྐུ་ཀུན་རྫོབ་ཀྱི་བདེན་པ་མཐོང་བ་རྡོ་རྗེའི་སྐུ་སྟེ་རྡོ་རྗེ་སེམས་དཔའ་ཨོ། །དེའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི ་ངོ་བོ་དེ་ཉིད་མཆོད་པར་བྱ་བ་དང། ཕྱག་བཙལ་བར་བྱ་བའོ། །ཕྱི་རོལ་ཏུ་ཡང་མཐོང་བ་དང། རེག་པ་གང་ཡིན་པ་དེ་ཐམས་ཅད་སྔ་མ་བཞིན་དུ་བལྟ་བར་བྱའོ། །ཕྱག་རྒྱ་དང་དཀྱིལ་འཁོར་དང། སྦྱིན་སྲེག་དང། བཟླས་པ་དང། བསྒོམས་པ་དང་འཛིན་པ་དང། བསམ ་གཏན་བརྩམ་པའི་སྤྱོད་པ་གཙོ་བོར་གྱུར་པ་དངོས་པོ་གང་ཡིན་པ་དེ་རྣམས་ཀྱང་དེ་བཞིན་དུ་བལྟ་བར་བྱའོ། །དེ་བས་ན་ཏིང་ངེ་འཛིན་འདི་མི་ཤེས་པས་གང་ཞིག་ལས་བྱེད་པ་དེ་ལ་ཐལ་བར་སྦྱིན་སྲེག་བཞིན་དུ་ཐམས་ཅད་འབྲས་བུ་མེད་པར་འགྱུར་རོ། །བསོད་ནམས ་དང་ཡེ་ཤེས་ཀྱི་ཚོགས་བསྡུ་བ་འདི་ཉིད་ལས་ཐོབ་པར་འགྱུར་རོ། །སྤྱོད་ལམ་ཐམས་ཅད་ལ་ཡང་ཏིང་ངེ་འཛིན་འདི་ཉིད་ཀྱིས་སྤྱད་ཅིང་རྡོ་རྗེ་འཆང་བཞིན་དུ་ཁམས་གསུམ་པ་ཡང་དེའི་ངོ་བོར་བྱ་སྟེ། བདག་བྱིན་གྱིས་བརླབ་པའི་རིམ་པ་གཅིག་ཡིན་ནོ། ། གཉིས་པ་ཡང ་དཔེར་ན་རེ་ཞིག་དང་པོ་སྔ་མ་བཞིན་དུ་ཉེ་བར་བསྡུ་བའི་རིམ་པ་འོད་གསལ་བ་ལས་ལངས་ཏེ་དུས་མཚམས་ཀྱི་སྣང་བ་དང་འདྲ་བ་མཐོང་བར་འགྱུར་ཏེ། དེའི་ཚེ་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་ལ་འཇུག་གོ། དེའི་རྗེས་ལ་སྐད་ཅིག་མ་གཞན་ལ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་རྣམ ་པར་བསྒོམས་ལ། དེའི་སྟེང་དུ་ཐིག་ལེ་གཉིས་ཀྱིས་རྣམ་པར་བརྒྱན་པ་ཡི་གེའི་གཙོ་བོ་བཀོད་ལ། ཉི་མའི་སྣང་བ་དང་འདྲ་བས་སྣང་བ་མཐོང་བར་འགྱུར་ཏེ། དེའི་ཚེ་སྣང་བ་མཆེད་པའི་ཡེ་ཤེས་ལ་འཇུག་གོ། དེའི་འོག་ཏུ་པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་རྗེས་སུ ་འཇུག་པའི་དབྱངས་ཟླ་བའི་སྣང་བ་དང་འདྲ་པ་མཐོང་བར་འགྱུར་ཏེ། དེའི་ཚེ་སྣང་བའི་ཡེ་ཤེས་འཇུག་གོ། དེ་ལྟར་ན་ཐབས་དང་ཤེས་རབ་ཀྱི་ངོ་བོ་ཟླ་བ་དང། ཉི་མ་དང་པདྨ་དང་རྡོ་རྗེའི་ཡི་གེ་གཉིས་ཀྱི་འོད་ཟེར་གཉིས་ཡང་དག་པར་སྦྱོར་བས་ལྷའི་སྐུ་སྐྱེ་བར་འགྱུར་རོ། །ལྷའི ་སྐུ་དེ་ལ་ཡང་འགུགས་པ་ལ་སོགས་པ་ཕྱག་རྒྱ་བཞི་པོས་རྒྱས་བཏབ་པར་བྱས་ལ་རྡོ་རྗེ་འཆང་ཆེན་པོའི་ང་རྒྱལ་གྱིས་གནས་པར་བྱའོ། །ཀུན་ཏུ་བརྟགས་པའི་ལྷའི་སྐུ་དེའང་གལ་ཏེ་འོད་གསལ་བ་ལས་བྱུང་བ་སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར་ཡོངས་སུ་དག་པ་ཡིན་ནོ།། ་སྔ་མ་ཡང་ཡོངས་སུ་དག་པ་སྟེ། རྣམ་པར་མི་རྟོག་པའི་ཕྱིར་ཏེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་རིམ་པའོ། །ད་ནི་མངོན་བར་བྱང་ཆུབ་པའི་རིམ་པ་བསྟན་པར་བྱ་སྟེ། དེའི་ཐབས་ནི་གཉིས་ཏེ། གཅིག་ནི་ཕྱག་རྒྱའི་རིམ་པས་ཐོབ་པའི་དེ་ཁོ་ན་ཉིད་ཀྱི་དུས་སུ་བླ་མས? ་མན་ངག་གི་སྒོ་ནས་གང་བསྟན་པའོ། །གཉིས་པ་ནི་རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པའི་ཏིང་ངེ་འཛིན་དག་གིས་སོ། །དེ་ལ་དང་པོ་དད་པ་དང་གུས་པ་དང་བཅས་པས་ཐོས་པ་དང་བསམ་པ་དང་བསྒོམ་པ་ལ་མངོན་པར་བརྩོན་པའི་སློབ་མས་བླ་མ་ལ་དེ་བཞིན ་གཤེགས་པ་ལྔའི་རང་བཞིན་གྱི་མཆོང་པ་དང་བསྟོད་པ་བྱས་ལ་ཕྱག་རྒྱ་ཡང་ཕུལ་ཏེ། མངོན་པར་བྱང་ཆུབ་པའི་རིམ་པ་ལ་གསོལ་བ་གདབ་པའི་ཕྱིར་ཚིགས་སུ་བཅད་པ་རྣམས་བརྗོད་པར་བྱའོ། །རྡོ་རྗེ་སློབ་དཔོན་གྱིས་དེ་དག་ཐོས་ནས་ཐུགས་རྗེའི་དབང་དུ་? ་པ་དང་བས་སྔར་ཉམས་སུ་མྱོང་བ་གསལ་བར་བྱ་བའི་ཕྱིར་སློབ་མ་ལ་དེ་ཁོ་ན་ཉིད་བསྟན་བར་བྱའོ། །ཀྱེ་སྐལ་བ་དང་སྣང་བ་ལ་སོགས་པ་སྣང་བ་གསུམ་དགའ་བ་ལ་སོགས་པའི་རིམ་གྱིས་ཁྱོད་ཀྱིས་ཉམས་སུ་མྱོང་བ་གང་ཡིན་པ་དེ་དག་ནི་མཚན་མོ ་དད་ཉིན་མོ་དང་མཚམས་གྱི་རང་བཞིན་དང་བྲལ་བ་ཡིན་ཡང་དེ་བཞིན་དུ་ཕྲ་བའི་ངོ་བོ་དེ་རྣམས་དང་སྦྱར་བར་འགྱུར་ཏེ། ལྡང་བའི་དུས་དང་བག་ཆགས་ལ་གནས་པའི་ཕྱིར་རོ། །ལྷན་ཅིག་སྐྱེས་པའི་ངོ་བོ་འོད་གསལ་བའི་དེ་ཁོ་ན་ཉིད་ཁྱོད་ཀྱི་མྱོང་བ་གང་ཡིན་པ་དེ་ནི་མཚན ་མོ་དང་ཉིན་མོ་དང་མཚམས་དང་བྲལ་བས་རང་བཞིན་དང་བྲལ་བ་དེ་ནི་ཁོ་ནའོ། །འདིར་ཕྱི་རོལ་གྱི་དཔེ་ནི་ཇི་ལྟར་ཉི་མ་མ་ཤར་བ་དང་མཚམས་ཀྱི་ཆ་ནུབ་ཅིང། མཚན་མོའི་སྣང་བ་འབྱུང་བ་བློ་རྣོ་བས་སྐད་ཅིག་མའི་ཁྱད་པར་མཚོན་པ་དེ་བཞིན་དུ་དགའ་བའི ་མཚན་ཉིད་ཀྱི་སྣང་པའི་ཡེ་ཤེས་འདས་པ་དང། དགའ་བྲལ་གྱི་མཚན་ཉིད་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་མ་བྱུང་བ་དང། མཆོག་གི་དགའ་བའི་མཚན་ཉིད་ཅན་སྣང་བ་མཆེད་པའི་ཡེ་ཤེས་ཟད་པས་གློག་གི་སྣང་བ་ལྟར་མཚོན་པར་དཀའ་བ་སྐང ་ཅིག་མའི་ཁྱོད་པར་གང་ཡིན་བདེ་ལ་ཁྱོད་ཀྱིས་བསྒོམ་པ་ཉམས་སུ་མྱོང་བ་ལ་རྩོམ་པར་བྱའོ། གང་གི་ཕྱིར་བུ་དེ་ཁོ་ན་ཉིད་དེ་ཐོག་མ་དང་བར་དང་ཐ་མ་དང་བྲལ་བ་ཡང་ཐོག་མ་དང་བར་དང། ཐ་མའི་རང་བཞིན་འགྲོ་བ་དང། འོང་བ་དང་ཟད་པ་དང། འཕེལ་བ་དང ་དངོས་པོ་དང། དེ་ནི?་ཡིན་པ་དང། བསོད་ནམས་དང་སྡིག་པ་དང། ཡོད་པ་དང་མེད་པ་དང། གནས་པ་དང་འགྲོ་བ་དང། ངོ་མཚར་བ་དང། ངོ་མི་འཚར་བ་ཐམས་ཅད་སྟོང་པ་ཉིད་ཐོབ་ལ་མིག་བཙུམས་པ་འམ་སད་པ་གང་ན་དང་བཅས་པ་འམ། དེ་མེད་པ་དྲང་པོའམ ་སྒྱུར?་པོ། །?་བསྡམས་པ་འམ་དེ་བརྗོད་པར་བྱེད་པ་ལུས་དྲང་བཅས་པའམ་ལུས་མེད་པ། རྒྱལ་པོའམ་འབངས་གང་ཡང་རུང་བར་གནས་པ་ཁྱོད་ནི་ཐམས་ཅད་མཁྱེན་པ་ཞེས་བརྗོད་པ་སྟེ། ཕྱིའི་མངོན་པར་བྱང་ཆུབ་པའི་ལྟ་བས་ནང་གི་མངོན་པར་བྱང་ཆུབ ་ཀྱི་རིམ་བ་བསྟན་ཏོ། །ཐབས་གཉིས་པ་ནི་དཔེར་ན་དེ་ནས་སློབ་མ་དེ་ཉིད་མན་ངག་ཐོབ་པས་དེ་ཉིད་བརྟན་པར་བྱ་བའི་ཕྱིར། དང་པོ་རིལ་པོར་འཛིན་པའི་ཏིང་ངེ་འཛིན་བསྒོམ་པར་བྱ་སྟེ། དེ་ལ་རིམ་པ་འདི་ཡིན་ཏེ། རྩིབས་བརྒྱད་པའི་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོའི་རྩིབས་དབུས ་མ་ལ་བསྐལ་པའི་མེ་འབར་བ་དང་འདྲ་བའི་ཡི་གེ་རྣམ་པར་བསྒོམས་ཏེ། དེ་ལས་བྱུང་བའི་འོད་ཟེར་གྱི་འཁོར་ལོས་མགོ་ནས་བརྩམས་ཏེ་རྐང་བའི་བར་བསྲེགས་ལ་མེ་ལོང་ལ་ཐིམ་པའི་དབུགས་བཞིན་དུ་འོད་གསལ་བའི་ངོ་བོར་རང་གི་ལུས་བོ་མཐོང་བར་བྱ ་སྟེ། རིལ་བོར་འཛིན་བའི་ཏིང་ངེ་འཛིན་ཡིན་ནོ། །དེ་བཞིན་དུ་དེ་ཉིད་ལས་འོད་ཟེར་གྱི་འཁོར་ལོ་སྤྲོས་ཏེ། དེས་ཀྱང་དང་པོ་སྣོད་དང་འཇིག་རྟེན་གྱི་ཁམས་བསྲེགས་ལ། ཡང་དེ་བཞིན་དུ་རང་གི་ལུས་པོ་མི་སྣང་བར་བྱས་ནས་དག་པའི་ཆུའི་ནང་དུ་ཐིམ་པའི་ཟླ་བ་བཞིན ་དུ་རང་དང་གཞན་རྣམས་བལྟ་བར་བྱ་སྟེ། རྗེས་སུ་གཞིག་པའི་ཏིང་ངེ་འཛིན་ཡིན་ཏེ། མངོན་བར་བྱང་ཆུབ་ཐོབ་པའི་ཕྱིར་རོ། །དེ་ནི་བླ་ན་མེད་པའི་དགོངས་བའི་རིམ་པ་སྟེ་བཞི་པའོ། །དེའི་རྗེས་ལ་འོད་གསལ་བའི་ཏིང་ངེ་འཛིན་ལ་ལངས་ཏེ། བདེ་བ་གཉིས ་དབྱེར་མེད་པའི་མཚན་ཉིད་ཅན་འབྲས་བུར་གྱུར་པ་ཟུང་འཇུག་གི་རིམ་པ་འདིས་བསྒོམ་བར་བྱ་སྟེ། རེ་ཞིག་དང་བོ་བཞི་པའི་མན་ངག་གི་རིམ་པས་འོད་གསལ་བ་མངོན་དུ་བྱས་ལ་སྨིག་རྒྱུ་ལ་སོགས་པའི་རྟགས་ལྔ་པོས་ལྷུན་གྱིས་གྲུབ་པས་བརྟན་པ ་ཉིད་དུ་ཉེ་བར་མཚོན་ཏོ། གཞན་ཡང་མི་གནས་པའི་མྱ་ངན་ལས་འདས་བ་ལས་གནས་པའི་ཕྱིར་དང། སྣ་ཚོགས་པའི་སངས་རྒྱས་ཀྱི་བྱ་བ་ཡང་བྱེད་པའི་ཕྱིར་དང། སྨོན་ལམ་རྣམས་ཀྱང་འབྲས་བ་དང་བཅས་པ་བྱེད་པའི་ཕྱིར་རོ། །དེ་ཉིད་ཀྱིས་ཅིག་ཆར ་དུ་ལངས་ཏེ། དེའི་ངོ་བོར་ཡང་འགྲོ་བ་བལྟས་ཏེ་ཟུང་འཇུག་གི་ཏིང་ངེ་འཛིན་དམིགས་པར་བྱའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། དམིགས་པ་དང་བཅས་པ་དང། དམིགས་པ་མེད་པ། སྟོང་བ་དང་སྟོང་པ་མ་ཡིན་པ། ཡོད་པ་དང་མེད་པ། རྣམ་པ་དང་བཅས་པ ་དང་རྣམ་པ་མེད་པ། གཟུང་བ་དང་འཇིན་པ། རྟག་པ་དང་ཆད་པ། འཁོར་བ་དང་མྱ་ངན་ལས་འདས་པ། བཅིངས་པ་དང། གྲོལ་བ། དགེ་བ་དང་མི་དགེ་བ། ལས་དང་ལས་མ་ཡིན་པ། ཐབས་དང་ཤེས་རབ། སྟོང་པ་ཉིད་དང་སྙིང་རྗེ་ལ་སོགས ་པ་ཐ་མི་དད་པའི་བློས་རོ་གཅིག་པར་གྱུར་པས་འགྲོ་བ་མ་ལུས་པའི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ། དཔག་བསམ་གྱི་ཤིང་ལྟ་བུ་སྤྲོ་བ་དང་སྡུ་བའི་བྱེད་པ། དབང་ཕྱུག་མཆོག་དང་ལྡན་པ། ཕྲ་བ་དང་རགས་པ་ལ་སོགས་པའི་དབྱེ་བས་ཕྱེ་བར་གྱུར་པའི་རྫུ ་འཕྲུལ་བརྒྱད་དང་ལྡན་པ། ཟླ་བ་དང་ཉི་མ་དང་མེའི་སྣང་བ་འཇིག་པར་བྱེད་པ། ཕྱག་རྒྱ་ཆེན་པོའི་ངོ་བོ་རྡོ་རྗེ་འཆང་ཆེན་པོའི་སྐུ་རྣལ་འབྱོར་པས་གང་བསྒོམ་པར་བྱ་བ་དེ་ནི་ཟུང་འཇུག་གི་ཏིང་ངེ་འཛིན་ཡིན་ནོ། །འོ་ན་ལྡང་བ་དང་སེམས་ཅན་གྱི་དོན་དང་ཏིང་ངེ་འཛིན་ཏེ། ་ཕན་ཚུན་འགལ་བ་མ་ཡིན་ནམ་ཞེ་ན། དེ་ལྟར་མ་ཟེར་ཞིག། གང་གི་ཕྱིར་བཅོམ་ལྡན་འདས་སངས་རྒྱས་རྣམས་ནི་རྟག་ཏུ་མཉམ་པར་བཞག་པའོ། །དེ་རྣམས་ཀྱི་བཞུགས་པ་ནི་བཞི་ཡིན་ཏེ། སྤྱོད་ལམ་གྱི་བཞུགས་པ་དང། བསྟན་པའི་བཞུགས་པ་དང། ཏིང་ངེ་འཛིན ་གྱིས་བཞུགས་པ་དང། ནང་དུ་ཡང་དག་ལ་བཞུགས་པའི་བཞུགས་པའོ། །བཞུགས་པ་དེ་རྣམས་ནི་རིམ་པ་ཇི་ལྟ་བ་བཞིན་དུ་སྐུ་གསུང་ཐུགས་ཀྱི་སྒྱུ་འཕྲུལ་ལ་མཉམ་པར་བཞག་པའི་སྤྱོད་པ་ཉིད་ཤེS་པར་བྱའོ། །དེ་ལྟ་བས་ན་ལྡང་བའམ་ཏིང་ངེ་འཛིན་ལ་བཅོམ་ལྡན ་འདས་རྣམས་ནི་འོད་གསལ་བའི་ངོ་བོ་ཡིན་ནོ། །དེ་རྣམས་ཀྱི་ཡང་བསྟན་པ་དང། སྨིན་མ་ལ་སོགས་པའི་རྣམ་པ་གང་ཡིན་པ་དེ་ནི་ལྷུན་གྱིས་གྲུབ་པར་འབྱུང་བ་ཡིན་ཏེ། དཔེར་ན་ཀུན་ཏུ་འོད་ཀྱིས་ལ་གཞལ་ཡས་ཁང་པ་དྲ་བ་དང་དྲ་བ་ཕྱེད་པ་ལ་སོགས་པ་ལས ་དམིགས་པ་མེད་པའི་སྙིང་རྗེའི་ནུས་པ་དང་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་རྫ་མཁན་ཀྱི་འཁོར་ལོ་བཞིན་དུ་ཆོས་བསྟན་པ་རྣམས་འབྱུང་བར་འགྱུར་རོ། །ཇི་སྐད་དུ། སྐྱེས་བུ་ཡིད་བཞིན་ནོར་བུ་བཞིན། །དེ་ཡི་གནས་པ་ཙམ་གྱིས་ནི། །རྩིག་པ་ལ་སོགས་བསྟན ་པ་རྣམས། །ཇི་ལྟར་འདོད་པ་བཞིན་དུ་འབྱུང། །ཞེས་འབྱུང་ངོ། །དེ་ལྟར་ན་ཟུང་འཇུག་གི་ཏིང་ངེ་འཛིན་ལ་གནས་པའི་སྤྱོད་བ་གང་ཡིན་པ་དེ་ནི་སྤྲོས་བ་མེད་པའི་སྤྱོད་པའོ། །དཔེར་ན་བུ་དང་དགྲ་དང་གསེར་དང་རྡོ་དང། རང་དང་གཞན་དང། གཙང་བ་དང་མི་གཙང་པ་དང་བྲར།?་ཟེ་དང ་རིགས་ངན་ལ་སོགས་པ་ལ་བློ་མཉམ་པ་འདོད་ཆགས་དང། ཞེ་སྡང་དང་བྲལ་བ་ཇི་སྲིད་དུ་འཁོར་བའི་བར་དུ་སེམས་ཅན་གྱི་དོན་མ་ཆང་པར་བྱེད་པའི་རྣལ་འབྱོར་པ་གང་ཡིན་པ་དེ་ནི་རྡོ་རྗེ་སེམས་དཔའ་གཉིས་པ་ཡིན་ནོ། །རྣལ་འབྱོར་དེ་ཉིད་ཀྱི་སྐུ་ནི་ཤི་བ་དང། རྒས་པ ་ལ་སོགས་པའི་སྐྱོན་རྣམས་དང་འདོད་ཆགས་ལ་སོགས་པའི་སྐྱོན་གྱིས་ཀྱང་འདམ་གྱིས་པདྨ་བཞིན་དུ་མི་གོས་ཏེ། ཟུང་དུ་འཇུག་པའི་ཏིང་ངེ་འཛིན་བསྟན་པའོ། །དེ་ཞིག་ནི་རང་བཞིན་དང་རྒྱུ་དང་ལས་དང་འབྲས་པུ་རྣམ་པ་བཞི་པོའི་མདོར་བསྟན་པ་ནི་རྡོ་རྗེ་ཕྲེང་རྒྱུད་ལས ་འཇུག་པར་བྱ་སྟེ། རང་བཞིན་བསྙེན་པར་བཤད་པ་སྟེ། རྒྱུ་ནི་ཉེ་བར་སྒྲུབ་པ་ཡིན། ལས་ནི་སྒྲུབ་པ་ཞེས་བཤད་པ། །འབྲས་བུ་སྒྲུབ་པ་ཆེན་པོ་ཡིན། །མདོར་བསྟན་བའི་ཚིག་འདི་རྣམས་ཀྱི་རྒྱས་པར་བཤད་པའི་ཚིག་འདུས་རྒྱུད་ཕྱི་མ་ལས་ནི། བསྒྲུབ་བྱ་སྒྲུབ་བྱེད་སྦྱོར་བ ་ཡིས། གང་ཕྱིར་བསྙེན་པ་ཞེས་བཤད་པ། །རྡོ་རྗེ་པདྨ་ཡང་དག་སྦྱོར།། ཉེ་བར་སྒྲུབ་པ་བཤད་པ་ཡིན། །ཧཱུཾ་ཕཊ་ཡང་དག་ལྡན་པ་ནི། །སྒྲུབ་པ་བསྐྱོད་པར་རབ་ཏུ་བཤད། །རང་བཞིན་རང་བདེ་ཞི་བ་དང། །དེ་ནི་སྒྲུབ་པ་ཆེན་པོར་བཤད། །དཔལ་ལྡན་སངས་རྒྱས་ཀུན་གྱི་བདག ་རྡོར་འཆད་ཆེན་པོའི་གོ་འཕང་སྟེ། །སངས་རྒྱས་ཐམས་ཅད་རྣམས་ཀྱི་ཐབས། །དེ་ནི་ཆོས་ཀུན་ཆོས་ཉིད་དོ། །ཞེས་གསུངས་སོ། །དེའི་དོན་འདི་ཡིན་ཏེ། རིགས་ལྔའི་ཚོགས་དང་ལྡན་པའི་རྣལ་འབྱོར་མ་དང་ལྷན་ཅིག་ཏུ་དགོད་པ་དང། འོ་བྱེད་བ་ལ་སོགས་པ་ཕྱི་རོལ་གྱི་བྱང ་བ་དང་ལྡན་པའི་བྱ་བ་གང་ཡིན་པ་དེ་ནི་བསྙེན་པ་སྟེ། དེ་ཉིད་རང་བཞིན་ཡིན་ཏེ། རང་བཞིན་ནི་འདོད་ཆགས་རྣམ་པར་དག་པའི་རྒྱུར་གྱུར་པའི་ཕྱིར་རོ། །དེའི་རྗེས་ལ་མིག་དང། ལྕགས་ཀྱུ་དང་བ་དན་ནི་མཛུབ་མོ་གཉིས་དྲང་པོ་སྟེ། བྷ་གང་རབ་ཏུ་ཞུགས་པ་ལ་འདོད་པའི ་གདུགས་ཀྱི་སྟེང་དུ་མའི་སྣ་དང་འདྲ་བའི་པགས་པ་གཡོགས་པ་མཆོད་རྟེན་གྱི་རྣམ་པ་ཅན་བདེ་བ་ཆེན་པོའི་གཞི་ཇི་སྲིད་དྲེ་པའི་རེག་པ་རྙེད་པ་དེ་སྲིད་དུ་བསྐུལ་བར་བྱའོ། །དེའི་རྗེས་ལ་ཨོཾ་སརྦ་ཏ་ཐཱ་ག་ཏ་ན་ཨ་ནུ་རཱ་ག་ཡ་མི་ཞེས་བྱ་བའི ་སྔགས་ཀྱིས་རྡོ་རྗེ་དང་པདྨ་སྤྱར་བར་བྱ་སྟེ། ཉེ་བར་སྒྲུབ་པ་ཡིན་ཏེ་དེ་ཁོ་ན་ཉིད་ཉེ་བར་སྒྲུབ་པའི་ཕྱིར་དེ་ཉིད་རྒྱུ་ཡིན་ཏེ། འོག་ནས་འཆད་པར་འགྱུར་བའི་འབྲས་བུ་གསལ་བར་བྱེད་པའི་ཕྱིར་རོ། །དེ་ནས་རྡོ་རྗེ་དང་མཚོ་སྐྱེས་ཡང་དག་པར་སྦྱོར་བས་ཤིན་ཏུ ་གཡོ་བའི་ཁམས་ཐ་མའི་རྒྱུ་བ་འགགས་པའི་ཕྱིར་རིམ་པ་ཇི་ལྟ་བ་བཞིན་དུ་ནོར་བུའི་རྩེ་མོ་དང། སྣའི་རྩེ་མོ་རུ་ཐུགས་རྡོ་རྗེའི་ས་བོན་དང་དྲག་པོའི་ས་བོན་དག་རྣམ་བར་བཀོད་ལ་རྟོག་པ་མེད་ཅིང་སྣ་ཚོགས་པའི་བྱེད་པའི་བྱ་བ་རྣམས་ཀྱིས་གང་ཞིག ་སྐྱོད་པར་བྱེད་པ་དེ་ནི་སྒྲུབ་པ་སྟེ། ཁམས་བདུན་པའི་རྒྱུ་བ་འགགས་པ་སྒྲུབ་པར་བྱེད་པ་སྟེ། དེ་ཉིད་ལས་དེ་རེངས་པའི་བྱ་བ་མངོན་དུ་བྱེད་པའི་ཕྱིར་རོ། །དེའི་རྗེས་ལ་ལྷན་ཅིག་སྐྱེས་པ་ཐོབ་པས་རིགས་མི་མཐུན་པའི་ཡིད་ལ་བྱེད་པ་རྣམས་ལྡོག་པས་ཡེ ་ཤེས་གང་གསལ་བར་གྱུར་པ་དེ་ནི་སྒྲུབ་པ་ཆེན་པོ་སྟེ། རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཆེན་པོ་འགྲུབ་པར་བྱེད་པས་ན་དེ་ཉིད་ཀྱང་འབྲས་བུ་ཡིན་ཏེ། རང་བཞིན་ལ་སོགས་པ་བཞི་པོ་སྟན་ཏོ། །ད་ནི་རྣལ་འབྱོར་བཤད་པར་བྱ་སྟེ། དེ་ཡང་ཡན་ལག་དྲུག ་གི་མཚན་ཉིད་ཅན་ཡིན་ལ། སོ་སོར་སྡུད་པ་དང། བསམ་གཏན་དང་སྲོག་དང། རྩོལ་པ་དང། འཛིན་པ་དང་རྗེས་སུ་དྲན་པ་རང་ཏིང་ངེ་འཛིན་རྣམས་ཏེ། དེ་ཉིད་ནི་མཆོག་གི་བསྙེན་པའོ། །རྒྱུད་ཕྱི་མ་ལས་ཀྱང་།ཐ་མལ་མཆོག་གི་དབྱི་བ་ཡིས། །བསྙེན་པ ་རྣམ་པ་གཉིས་སུ་འདོད། །རྡོ་རྗེ་བཞི་པོས་ཐ་མལ་པ། །མཆོག་ནི་ཡན་ལག་དྲུག་གིས་སོ། །དང་པོ་སྟོང་ཉིད་བྱང་ཆུབ་སྟེ། །གཉིས་པ་ས་བོན་བསྡུས་པ་དང། །གསུམ་པ་སྐུ་ནི་གྲུབ་པ་སྟེ། །བཞི་པ་ཡི་གེ་དགོད་པའོ། །རྡོ་རྗེ་བཞི་པོས་བསྙད?་པ་འདི། །ཐ་མལ་པ ་ཡི་སྒྲུབ་པ་ཡིན། །མཆོག་ནི་ཡེ་ཤེས་བདུད་རྩི་ཡིས། །རྣལ་འབྱོར་རྩོལ་བ་རྣམས་ཀྱིས་བྱ། །བསྙེན་པ་ཡན་ལག་དྲུག་པ་ཡིས། །མཆོག་གི་སྒྲུབ་པ་བྱས་ནས་ནི། །བསྒྲུབ་པ་བྱ་སྟེ་གཞན་དུ་ནི། །མཆོག་གི་དངོས་གྲུབ་འབྱུང་མི་འགྱུར། །སོ་སོར་སྡུད་དང་བསམ་གཏན་དང། ་སྲོག་དང་རྩོལ་བ་འཛིན་པ་དང། །རྗེས་སུ་དྲན་པའི་ཏིང་འཛིན་ཏེ། །ཡན་ལག་དྲུག་པའི་རྣལ་འབྱོར་བཤད། །དབང་པོ་རྣམས་དང་དོན་རྣམས་བཅུ། །རང་རང་ཡུལ་ལ་ཐམས་ཅད་གནས། །འདོད་པ་རེ་རེ་ཀུན་སྤྱོད་པ། །དེ་ནི་སོ་སོར་སྡུད་པར་བཤད། །འདོད་པ་ལྔ་ནི ་མདོར་བསྡུས་པ། །སངས་རྒྱས་ལྔ་རུ་རབ་སྦྱོར་བས། །བརྟག་པ་བསམ་གཏན་བཤད་པ་སྟེ། །བསམ་གཏན་དེ་ཡང་རྣམ་ལྔར་འགྱུར། །རྟོག་པ་དང་ནི་དཔྱོད་པ་དང། །དགའ་བ་དེ་བཞིན་བདེ་བ་དང། །སེམས་ནི་རྩེ་གཅིག་པ་ཉིད་དེ། །ལྔ་པོ་དེས་ནི་བསམ་གཏན ་བསྡུས།། རྟོག་པ་གསང་བ་གསུམ་བྱུང་བ། །དཔྱོད་པ་དེ་ཡིས་སྦྱོར་བ་སྟེ། །གསུམ་པ་དགའ་བ་དང་འདྲ་བ། །བཞི་པ་བདེ་བ་སྡུད་པར་བྱེད།། ཤེས་དང་ཤེས་བྱ་བྱུང་མཛད་པ། །རང་སེམས་ལྔ་པར་ཤེས་པར་བྱ། །སངས་རྒྱས་ཀུན་གྱི་རང་བཞིན་དབུགས། །ནམ ་མཁའ་ཀུན་ལ་རབ་གནས་པ། །ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །བྱུང་བ་ལྔ་ཡི་ངོ་བོ་ཉིད། །པདྨའི་སྣ་རྩེར་བྱང་ནས་ནི། །གོང་བུའི་གཟུགས་སུ་བརྟགས་པར་བྱ། །རིན་ཆེན་ཁ་དོག་སྣ་ལྔ་པ། །སྲོག་དང་བརྩོལ་བ་ཞེས་སུ་བཤད། །རང་སྔགས་སྙིང་ཁར་བསམS ་ནས་ནི། །སྲོག་གི་ཐིག་ལེ་ལ་གནས་དགོད། །དབང་པོ་འགགས་ནས་རིན་ཆེན་ནི། །འཛིན་པར་བྱེད་པས་འཛིན་པར་བཤད། །འགོག་པ་རྡོ་རྗེར་སེམས་གནས་ན། །མཚན་མ་འཛིན་པའི་བྱུང་བར་འགྱུར། །མཚན་མ་དེ་ཡང་རྣམ་པ་ལྔ། །བྱང་ཆུབ་རྡོ་རྗེས་བཀའ་ ་སྩལ་ཏོ། །དང་པོ་སྨིག?་རྒྱུ་ལྟ་བུ་སྟེ། །གཉིས་པ་དུ་བ་དང་འདྲ་བ། །གསུམ་བ་སྲིན་བུ་མེ་ཁྱེར་མཚུངས། །བཞི་པ་མར་མེ་བཞིན་འབར་བ། །ལྔ་པ་རྟག་ཏུ་གསལ་བ་སྟེ། །སྤྲིན་མེད་ནམ་མཁའ་འདྲ་བའོ། །བརྟན་པ་རྡོ་རྗེའི་ནས་ལས་ནི། །ནམ་མཁའ་ཨི་ཁམས་སུ་སྤྲོ་བར ་བྱ། བསྒོམས་ནས་གང་ཞིག་རྗེས་དྲན་པས། །དེ་དང་འདྲ་བ་སྤྲོ་བར་བྱ། །དེ་ནི་རྗེས་དྲན་ཞེས་བྱ་སྟེ། །སོ་སོར་སྣང་བ་མ་སྐྱེས་སོ། །ཐབས་དང་ཤེས་རབ་སྙོམས་འཇུག་པས། །དངོས་པོ་ཐམས་ཅད་མདོར་བསྡུས་པས། །གོང་བུའི་སྦྱོར་བས་བསྡུས་ནས་ནི། །སྐུ་ནི་དབུས་སུ ་བསྒོམ་པར་བྱ། །ཅིག་ཅར་ཡེ་ཤེས་རྫོགས་པ་ནི། །ཏིང་ངེ་འཛིན་ཞེས་ནི་བཤད་པ་ཡིན། །སོ་སོར་སྡུད་པ་སྙོམས་འཇུག་པས། །སྔགས་ཐམས་ཅད་ཀྱིས་བྱིན་རློབ་འགྱུར། །བསམ་གཏན་ཡེ་ཤེས་སྙོམས་འཇུག་པས། །མངོན་ཤེས་ལྔ་ནི་ཐོབ་པར་འགྱུར། །སྲོག་དང་རྩོལ་བས་ངེས་པར་ནི། །བྱང་ཆུབ་སེམས ་དཔའ་རྣམས་ཀྱིས་གཟིགས། །འཛིན་པའི་སྟོབས་ཀྱིས་གཏན་དུ་ནི། །རྡོ་རྗེ་སེམས་དཔའ་འབབ་པར་འགྱུར། །རྗེས་དྲན་ཡང་དག་སྦྱོར་བ་ཡིན། །འོད་ཀྱི་དཀྱིལ་འཁོར་འབྱུང་བར་འགྱུར། །ཏིང་འཛིན་དབང་བཙམ་གྱིས་ནི། །སྒྲིབ་པ་མེད་པར་འགྱུར་བ་ཡིན། ཞེས་གསུངས་སོ། །དེ་རྣམས་ཀྱི ་དོན་འདི་ཡིན་ཏེ། །ཡོངས་སུ་རྫོགས་པ་དང་ལྡན་པའི་ལྷའི་ང་རྒྱལ་དང་བཅས་པའི་རྣལ་འབྱོར་པས། ལྷ་མོས་རྗེས་སུ་འབྲང་བ་དང། ཕྱི་རོལ་གྱི་གཟུགས་ལ་སོགས་པའི་ཡུལ་ལྔ་མིག་ལ་སོགས་པའི་དབང་པོ་ལྔས་སྟོང་པར་བྱེད་པ་གང་ཡིན་པ་དེ་ནི་སོ་སོར་བསྡུད་པ་ཞེས་བསྟན་ཏོ། ། ་གཟུགས་ལ་སོགས་པའི་ཡུལ་དེ་རྣམས་ཀྱང་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་དུ་བསྒོམ་པར་བྱ་བ་གང་ཡིན་པ་དེ་ནི་བསམ་གཏན་ནོ། །བསམ་གཏན་དེ་ཡང་རྟོག་པ་དང། དཔྱོད་པ་དང་དགའ་བ་དང། བདེ་བ་དང་སེམས་རྩེ་གཅིག་པའི་དབྱེ་བས་རྣམ ་པ་ལྔ་ཡིན་ནོ། །དེ་ལ་འདོད་པར་བྱ་བ་དང། འདོད་པ་དང་འདོད་པར་བྱེད་པ་རྣམས་འབྱུང་བ་ནི་རྟོག་པའོ། །དེ་རྣམས་ལོངས་སྤྱོད་པའི་བྱ་བ་ནི་དཔྱོད་པའོ། །ཆགས་པ་ཡོད་ན་དགའ་བ་འབྱུང་བའོ། །དེ་ལས་ཀྱང་དགའ་བའི་བདེ་བའོ། །དེ་ལས་ཀྱང་མཆོག་ཏུ་དགའ་བའི་བདེ་བ་ནི་སེམས་རྩེ་གཅིག་པར་གྱུར ་པའོ། མེ་ལོང་ལ་སོགས་པའི་ཡེ་ཤེས་ལྔའི་བདག་ཉིད་ཅན་དང། ས་ལ་སོགས་པའི་འབྱུང་བ་ལྔའི་ངོ་བོ་ཡུངས་ཀར་གྱི་འབྲས་བུའི་ཚད་ཙམ་ཁ་དོག་ལྔ་པའི་རིན་ཆེན་དབུགས་ཀྱི་སྦྱོར་བས་སྙིང་ཁ་ལས་སྤྲོས་ཏེ། པདྨའི་སྣའི་རྩེ་མོར་བསམ་པར་བྱ་བ་གང་ཡིན་པ་དེ་ནི་སྲོག་དང་རྩོལ་པའོ།། ་སྔར་བཤད་པའི་རིམ་པས་རང་གི་སྙིང་ཁའི་སྔགས་ཀྱི་ཐིག་ལེར་གནས་པའི་སེམས་མཚན་མ་ལྔ་བྱུང་བའི་བར་དུ་ཡང་དང་ཡང་དུ་འཛིན་པར་བྱ་བ་གང་ཡིན་པ་དེ་ནི་འཛིན་པའོ། །དེ་ལ་མཚན་མ་ལྔ་ནི་སྨིག་རྒྱུ་དང། དུ་བ་དང་སྲིན་བུ་མེ་ཁྱེར་དང་མར་མེ་དང་སྤྲིན་མེད་པའི་ཉི་མ་ཕྱེད་ཀྱི་ནམ་མཁའ་དང་འདྲ ་པར་ཐམས་ཅད་དུ་རྟག་ཏུ་སྣང་བ་སྟེ། མཚན་མ་དེ་རྣམས་ཀྱིས་སྔགས་དམ་པའི་ཐིག་ལེའི་ངོ་བོར་ངང་གི་སེམས་བརྟན་པར་གྱུར་པའི་ཤེས་པར་བྱའོ། །དེ་ནས་བྱང་ཆུབ་ཀྱི་སེམས་དེ་ནི་རང་གི་སྙིང་ཁའི་རྡོ་རྗེའི་ལམ་ནས་བཙུན་མོའི་ནམ་མཁའ་ཨི་ཁམས་སུ་སྤྲོས་ཏེ། དེ་ཉིད་ཀྱིས་ཀྱང་མ་ལུས ་པའི་ནམ་མཁའ་ཨི་ཁམས་རྡོ་རྗེའི་ཆུའི་བུམ་པ་བཞིན་དུ་ཡོངས་སུ་གང་བསྒོམ་པ་གང་ཡིན་པ་དེ་ནི་རྗེས་སུ་དྲན་པའོ། །རྗེས་སུ་དྲན་པ་དེ་ཉིད་ཀྱི་མཐར་ནི་ནམ་མཁའ་རྡོ་རྗེ་ལ་གནས་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱི་དབང་བསྐུར་བའི་རིག་པས་དེ་བཞིན་གཤེགས་པ ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོར་གྱུར་པ་སྟེ། སྣང་བ་ཤར་བར་འགྱུར་རོ། །དེའི་རྗེས་ལ་དངོས་པོ་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་རེ་རེའི་རྡུལ་ཕྲ་རབ་བཞིན་དུ་རང་རང་གི་ཕྱག་རྒྱ་དང་བཅས་པའི་དེ་བཞིན་གཤེགས་པ་ལ་སོགས་པ་ལྷ་ཐམས ་ཅད་ཀྱིས་རྣམ་བར་བསམས་ཏེ་བསྡུས་ལ་དེའི་རྡུལ་ཕྲ་རབ་ཀྱིས་ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་ལ་གནས་པ་བདེ་བ་ཆེན་པོའི་བདག་ཉིད་ལྷའི་གཟུགས་སུ་རང་གི་བདག་ཉིད་རྡོ་རྗེ་དཀྱིལ་འཁོར་དུ་གནས་པ་བསྒོམ་པར་བྱ་བ་གང་ཡིན་པ་དེ་ནི་ཏིང་ངེ་འཛིན་ཞེས་བྱ་སྟེ། ཡན་ལག ་དྲུག་པའོ། །ཡན་ལག་དྲུག་པོ་དེ་དག་གིས་ཡེ་ཤེས་བདུད་རྩིས་ཡོངས་སུ་རྫོགས་པའི་མཆོག་གིས་རྣལ་འབྱོར་བསྟན་ཏོ། །ད་ནི་སྒྲུབ་པ་རྣམ་པར་དཔྱད་པར་བྱ་སྟེ། དེ་ཡང་དམ་ཚིག་དང་སྡོམ་པ་གཙོ་བོར་གྱུར་པ་ཡིན་ཏེ། དམ་ཚིག་ནི་བསྲུང་བར་བྱ་བ་དང་བཟའ་བར་བྱ་བ་གཉིས་ཡིན ་ནོ། སྡོམ་པ་ལ་ནི་ཞི་བ་ལ་སོགས་པ་དངོས་གྲུབ་བརྒྱད་སྒྲུབ་པར་བྱེད་པ་སྟེ། བཤད་པའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལ་བསྲུང་བར་བྱ་བའི་དམ་ཚིག་ནི་རྩ་བའི་ལྟུང་བ་བཅུ་བཞི་དང། ཁ་ན་མཐོ་བ་སྦོམ་པོ་བཅུ་ཡིན་ཏེ། དཔེར་ན། སློབ་དཔོན་ལ་ནི་སྨོད་པ་དང། ་བདེ་གཤེགས་བཀའ་ལས་འདས་པ་དང། སྣང་བས་སྤུན་རྣམས་ཡོད་མིན་བཤད། །བྱམས་པ་ཆེན་པོ་རྣམ་སྤངས་དང། །བྱང་ཆུབ་སེམས་ནི་ཡོངས་སྤོང་དང། །ཐེག་པ་གསུམ་ལ་སྨོད་པ་དང། །སྐལ་མིན་གསང་བ་བཤད་པ་དང། །རྒྱལ་བའི་བདག་ཉིད་ཕུང་པོ་སྨོད། ། ་ཆོས་རྣམས་མཛའ་གཉིས་སྒྲོ་འདོགས་དང། །དང་པའི་སེམས་ནི་མི་སྨོད་དང། །དག་པའི་ཆོས་ལ་སོམ་ཉི་དང། །གདུག་ལ་བྱམས་པ་ཆགས་བྲལ་དང། །ཇི་སྲིད་དམ་ཚིག་མི་བསྟེན་དང། །ཤེས་རབ་རང་བཞིན་བུད་མེད་སྨོད། །དེ་ནི་རྩ་བའི་ལྟུང་བ་རྣམས་སོ། །དེ་བཞིན་རིག་མ་བསྟེན་པར ་མི་དགའ་དང། །དམ་ཚིག་རྣམས་ནི་མི་སྦྱོར་དང། །ཚོགས་ཀྱི་འཁོར་ལོར་རྩོད་པ་དང། །གསང་བའི་ཆོས་ནི་བསྟན་པ་དང། །དད་དང་ལྡན་པའི་སེམས་ཅན་ལ། །དམ་པའི་ཆོས་ནི་ལོག་སྟོན་དང། །ཞག་བདུན་པར་དུ་ཉན་ཐོས་པའི། །ནང་ན་གནས་དབང་ང་རྒྱལ་དང། །མ་དེས་མི་སྦྱོར་སྣོད ་མིན་ལ། །གསང་བའི་ཆོས་ནི་བསྟན་པའོ། །དེས་ནི་ཁ་ན་མ་ཐོ་སྒོམ། །སྔགས་པའི་སྡོམ་པ་འཆལ་བར་འགྱུར། །ཞེས་བྱ་བའི་ཁ་ན་མ་མཐོ་བ་སྦོམ་པོ་རྣམས་སོ། །བཟའ་བར་བྱ་བའི་དམ་ཚིག་རྣམས་ནི་ལྷ་མོ་བཞིས་ཡོངས་སུ་ཞུས་པའི་རྒྱུད་ལ་འཇུག་པར་བྱ་སྟེ། ཆོས་རྣམས་བསྒྲུབ ་པ་བཤད་བྱས་ནས། །ཡན་ལག་བརྒྱད་པ་རྫས་བསྒྲུབ་བྱ། །མི་དང་གླང་པོ་རྟ་དང་ནི། །བ་ལང་ཁྱི་དང་པོད་བུ་དང། །རྡུ་མོ་དང་ནི་མ་ཧེ་དང། ཆ་ནི་མཉམ་པར་བྱ་བ་སྟེ། །མཐེ་བོད་གི་ཚིགས་ཚད་ཙམ་ནི། །མཉམ་པར་བཞག་པས་སྦྱར་བར་བྱ། །བཤད་གཅི་དང་ནི་བྲག་?་དང།། ་ནས་ཀྱི་འབྲུ་ནི་ཚད་ཙམ་སྟེ། །སྔགས་ཀྱི་གཙོ་བོས་སྦྱར་བྱས་ཏེ། །གཞན་ཡང་བྱིན་གྱིས་བརླབ་པར་བྱ། །ཡེ་གེ་ཨོཾ་དང་ཨཱ(རྒྱུད་འགྲེལ་དག་པར་བྱ། །ཡུངས་ཀར་ལྔ་ཡི་ཚད་ཙམ་ནི། །ལྔ་དང་ལྔ་གཉིས་བསྲེ་བར་བྱ། །བདུད་རྩི་དབང་པོ་ལྔ་དྲི་མ། །དེ་ནས་རིལ་བུ་བྱ་བ་ནི། །ཚེས་བརྒྱད་པ་འམ་བཅུ་བཞི་ལ། །པདྨའི་སྣོད་དུ་བཞག་ནས་ནི། །སྟོང་ཕྲག་བརྒྱད་ནི་བཟླས་པར་བྱ། །ཉིན་དང་ཉིན་རེ་བཟའ་བ་དང། །ཐུན་བཞི ་ཡང་ནི་བསྒོམ་པར་བྱ། །ཇི་ལྟར་བསྐལ་བའི་མཐར་ཐུག་པར། །རྒྱ་ཆེན་དངོས་གྲུབ་དེས་ཐོབ་འགྱུར། །གཟི་བརྗིད་མདོག་དང་སྟོབས་བརྩོན་འགྲུས། །སྨོན་ལམ་དག་ནི་ལྔ་པ་སྟེ། །རིལ་བུ་ཆེན་པོ་སྤྱོད་པ་ཡིས། །མངོན་ཤེས་ལྔ་ནི་ཐོ?་པར་འགྱུར། །ཞེས་བྱ་བའི་དམ་ཚིག་གོ། ད་ནི་སྡོམ ་པ་བཤད་པར་བྱ་སྟེ། །ཞི་བ་དང་ནི་རྒྱས་པ་དང། །དབང་ཉིད་དང་ནི་མངོན་སྤྱོད་དང། །རྣམ་པར་སྣང་དང་དགུག་པ་དང། །དེངས་པ་དང་ནི་གནས་སྤོ་བའོ། །དེ་ལ་རེ་ཞིག་ལས་ཀྱི་ཚོགས་ཀྱི་གོ་རིམ་བཤད་པའི་རྒྱུད་ལ་འཇུག་པར་བྱ་སྟེ། ཞི་བ་དང་ནི་རྒྱས་པ་དག། །ཡར་ངོའི་དུས་སུ ་བྱ་བ་ཡིན། དབང་དང་མངོན་སྤྱོད་ལ་སོགས་པ། །མར་ངོ་ཡི་ནི་དུས་སུ་བྱ། །ཞི་བ་བྱང་ཕྱོགས་ཁ་བལྟས་པས། །ཤར་དུ་ཁ་བལྟས་རྒྱས་པ་བྱ། །གཤིན་རྗེའི་ཕྱོགས་སུ་དྲག་པོའི་ལས། །དབང་དང་དགུག་པ་ནུབ་ཕྱོགས་སུ། །མེ་ཡི་མཆམས་སུ་གསོད་པ་དང། །བདེན་བྲལ་ཕྱོགས་སུ ་དེ་བཞིན་སྡང། །རླུང་གི་མཚམས་སུ་གནས་ལས་སོ། །དབང་ལྡན་མཚམས་སུ་རེངས?་པར་འགྱུར། །ཞི་བ་ལ་ནི་ཁ་དོག་དཀར། །རྒྱས་པ་ལ་ནི་ཁ་དོག་སེར། །དབང་དང་དགུག་པ་དག་ལ་དམར། །གསོད་པ་ལ་ནི་མདོག་ནག་པོའོ། །བྱམས་པའི་སེམས་ཀྱིས་ཞི་བ་དང། ། ་དགའ་བའི་སེམས་ཀྱིས་རྒྱས་པ་དང། །ཆགས་པའི་སེམས་ཀྱིས་དབང་བ་དང། །ཁྲོ་བའི་སེམས་ཀྱིས་གསོར་བར་བྱ། །ཞི་བ་སྲོད་ཀྱི་དུས་སུ་བྱ། །ཐོ་རངས་སུ་ནི་རྒྱས་པ་ཡིན། །དབང་?་སྔོན་སྤྱོད་ལམ་དག་ནི། །ཉིན་ཕྱེད་མཚན་ཕྱེད་དག་ལའོ། །ཞི་བ་ཞི་བའི་མཛའ་ཅན་གྱིས། །རྒྱས་པ ་ཝཽ་ཥ་ཌ་མཛའ་ཅན་གྱིས། །གསོང་པ་ཧཱུཾ་ཕཊ་མཛའ་ཅན་གྱིས། །དགུག་པ་ནི་བ་ཛ(རྒྱུད་འགྲེལ་དག་གིས་དཔལ་གསང་བ་འདུས་པའི་རྒྱུད་མ་ལུས་པ་གང་གིས་རྟོགས་པར་གྱུར་པ་དེ་ནི་འགྲོ་བའི་བླ་མ་བཞིན་དུ་འགྱུར་རོ། །གཞན་དུ་ན་འབའ་ཞིག་པ་ཚིག་གི་དོན་ཙམ་གཟུང་བས་རང་གི་མོས་པ་ཙམ་ལ་རྗེས་སུ་འབྲང་ཞིང་རང་དབང་གིས་གླེགས་བམ་ཀློག་ཅིང་བླ་མ་རྣམས ་ལ་སྨོད་ལ་ཁོ་བོ་ཅག་གིས་རྟོགས་པར་འགྱུར་ཞེས་རྨོངས་པ་རྣམས་སེམས་སོ། །དགོངས་པ་ལུང་དུ་བསྟན་པ་ལས་ཀྱང། རྒྱུད་དག་ལ་ནི་མི་མཁས་པ། །སྒྲུབ་པའི་ཐབས་ཙམ་ཤེས་ནས་ནི། །ཁོ་བོ་ཅག་ནི་སློབ་དཔོན་ཞེས། །ལུང་ལས་མཁས་པ་ཡིན་ཞེས་ཟེར།། ་ང་ཡི་ཚིག་ནི་རེས་ཉིད་ཅེས། །རྨོངས་པས་དེ་ལྟར་བརྗོད་ཅིང་སྨོད། །དགོངས་པའི་བྱང་ཆུབ་ཀྱི་སེམས་ནི། །དོན་བཞིན་དེ་རྣམས་མི་ཤེས་སོ། །ཞེས་གསུངས་སོ། །དེ་ལྟར་རྣམ་པར་དཔྱད་པ་བླ་མའི་ཞལ་སྔ་ལ་བསྙེན་པའི་རྩོལ་བ་ལ་རྩོལ་བར་བྱ་བ་སྟེ། གང་གི་དྲིན་གྱིས་དེ་ཁོ་ན་ཉིད་ཐོབ ་པར་གྱུར་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་རྙེད་པར་འགྱུར་བ་སྟེ་ཧ་ཅང་ཐལ་བར་འགྱུར་བས་ཆོག་གོ། ད་ནི་དོན་རྣལ་མ་རྣམ་པར་དཔྱད་པར་བྱ་སྟེ། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགའ་ལྡན་གྱིས་གནས་ལ་སོགས་པར་ཆོས་བསྟན་པར་མཛད་པ་དེའི་ཚེ་ཚད་མེད་པའི་ཆོས་ཀྱི ་ཕུང་པོ་བསྲུང་པའི་ཕྱིར་ཕྱག་ན་རྡོ་རྗེ་ལ་གཏད་པ་ཡིན་ཏེ། ཀྱེ་རྡོ་རྗེ་ཆོས་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་ཁོ་ན་ཉིད་འདི་ཁྱོད་ཀྱིས་གཟུང་བར་གྱིས་ཤིག་ཅེས་གསུངས་སོ། །དེའི་ཚེ་ཕྱག་ན་རྡོ་རྗེ་ཉིད་ཀྱིས་བསྡུས་པ་པོར་གྱུར་ཅིང་བཅོམ་ལྡན་འདས་ལས་ཇི་ལྟར་ཐོས་པའི་རྒྱུད ་བསྟན་པར་བྱ་བའི་ཕྱིར་གླེང་གཞིའི་ཚིག་བསྟན་པར་བྱ་སྟེ། འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་ནི་རྒྱུད་འདི་ལ་ནི་དངོས་པོ་བཞི་ཡིན་ཏེ། གླེང་གཞི་དང། ཉེ་བར་བསྡུ་བ་དང། སྐབས་དང་སྟན་བཅོས་ཀྱི་ལུས་རྣམས་སོ། །དེ་ལ་ཉེ་བར་བསྡུ་བ་ནི་མཛའ་དུ་བཅོམ་ལྡན་འདས ་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཞེས་བྱ་བ་ལ་སོགས་པའོ། །སྐབས་ནི་དཔེར་ན་དེ་ནས་དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་གསོལ་ཏོ་ཞེས་བྱ་བ་ལ་སོགས་པའོ། །བསྟན་བཅོས་ཀྱི་ལུས་ནི་དོན་བཅུ་དྲུག་གོ། གླང ་གཞི་དང་པོའི་ཚིག་སྟེ། སྟོན་པ་པོ་དང། འཁོར་དང་དུས་དང་གནས་ཕུན་སུམ་ཚོགས་པ་གཙོ་བོར་གྱུར་པ་ཡིན་ནོ། །འདི་སྐད་ཅེས་བྱ་པའི་ཚིག་ཕྲད་ཀྱིས་ནི་སྟོང་པ་ཉིད་ཀྱི་ངོ་བོ་བཅོམ་ལྡན་འདས་བསྟན་པའོ། །བདག་གི་ཞེས་པས་འཁོར་ཕུན་སུམ་ཚོགས་པ་བསྟན ་ཏོ། དུས་གཅིག་ན་ཞེས་བྱ་བ་ནི་དུས་གཅིག་ལ་སྟེ་གང་གི་ཆེ་བཅོམ་ལྡན་འདས་ཀྱིས་སྔགས་ཀྱི་ཚུལ་བསྟན་པ་སྟེ། དུས་གཞན་དུ་ནི་མ་ཡིན་ནོ། ཡང་ན་དུས་གཅིག་ན་ཞེས་བྱ་བ་ནི་སྐད་ཅིག་མ་གཅིག་ལ་སྟེ། དེ་ཉིད་ཀྱིས་ནི་མངོན་པར་ཤེས་པ་ཐོབ་པ་ཉིད་བདག་ཉིད་ལ་བསྟན་པ་ཡིན་ནོ། །གང་ལས ་དང་གང་དུ་ཐོས་པ་སྟེ་སྟོན་པ་པོ་དང་གནས་ཀྱི་ཕུན་སུམ་ཚོགས་པ་བསྟན་པར་བྱ་སྟེ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་ནི་ལྷ་ག་པཱ་ན་ཡིན་ཏེ། བྷ་ནི་གསལ་བ་ལའོ། །ག་ནི་འགྲོ་བ་ལའོ། །བྷ་དང་ག་དག་ནི་བྷ་ག་སྟེ། གསལ་བ་དང་འགྲོ་བའི་རང་བཞིན་ཅན ་སྲོག་རྩོལ་བའི་རླུང་ངོ། །དེ་དག་བྱང་ཆུབ་ཀྱི་སེམས་གང་ལ་ཡོད་པ་དེ་ནི་བྷ་ག་བཱ་ན་ཏེ་བཅོམ་ལྡན་འདས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རླུང་བཅུ་སྟེ། དེ་རྣམས་ཀྱི་ནང་དུ་སྐུ་དང་གསུང་དང་ཐུགས་རྣམས་ནི་སྲོག་དང་རྩོལ་བ་དང་མཉམ་པ་སྟེ་རླུང་གསུམ་མོ། །དེ་རྣམས་ཀྱི་སྙིང་པོ ་ནི་སྲོག་གི་རླུང་སྟེ་དེའི་རྡོ་རྗེའི་བཙུན་མོ་ནི་ཐམས་ཅད་སྟོང་པ་ཉིད་དེ། དེའི་བྷ་ག་ནི་འོད་གསལ་བ་སྟེ། དེ་ལ་བཞུགས་པ་ནི་ཏིང་ངེ་འཛིན་དེ་ལ་དམིགས་ལ་གནས་པར་འགྱུར་ཞེས་སྟོན་ཏོ། །དེས་ནི་དོན་འདི་བཤད་པ་ཡིན་ཏེ། དང་པོ་སེམས་ཅན་གྱི་དོན་བྱ་བའི་ཕྱིར་ཁམས་གསུཾ་པ་དང ་དཀྱིལ་འཁོར་གྱི་འཁོར་ལོ་ཉེ་བར་བསྡུས་ལ་རླུང་བཅུའི་བདག་ཉིད་ཅན་ལོངས་སྤྱོད་རྫོགས་པའི་སྐུ་གཅིག་དང། དུ་མའི་བསྒོམ་པས་མི་སྣང་བར་བྱས་ལ། རྣམ་པར་ཐར་བ་བཞིའི་ཏིང་ངེ་འཛིན་གྱི་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་ལ་བཅོམ་ལྡན་འདས་བཞུགས་ཞེས་སྟོན་ཏོ། །དེ་ནི ་དང་པོ་སྤྱོར་བའོ། །དེ་བཞིན་དུ་འདི་སྐད་བདག་གིས་ཞེས་པ་ནི་ཨེ་བོཾ་མཱ་ཡ་སྟེ་སྦྱན་ལ་སོགས་པའི་རིགས་ཀྱི་ལྷ་མོ་བཞི་ཡིན་ཏེ། དེ་རྣམས་ཀྱིས་ནི་ཁྱོད་ནི་རྡོར་སེམས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བཞི་པོས་བཅོམ་ལྡན་འདེས་བསྐུལ་བས་དེ་ཉིད། ཐོ་པ་ནི་རྨི་ལམ ་བཞིན་དུ་གསན་ཅིང། དུས་གཅིག་ན་ཞེས་པ་ནི་གསན་པའི་དུས་དེ་ཉིད་དུ་སྟོང་པ་ཉིད་ཀྱི་ངོ་བོའི་བཅོམ་ལྡན་འདས་ཀྱིས་ཅི་མཛད་པ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ནི་ཕུང་པོ་ལྔ་དང། སྐུ་དང་གསུང་དང་ཐུགས ་ནི་གསུམ་སྟེ། དེ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ནོ། །སྙིང་པོ་ཞེས་པ་ནི་ཛི་ན་ཛི་གཅེས་བྱ་བ་ལ་སོགས་པའི་སྔགས་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་དང་རྡོ་རྗེ་བཙུན་མོ་ནི་སྤྱན་ལ་སོགས་པ་སྤྲོས་ཏེ། དེ་རྣམས་ཐམས་ཅད་ཀྱི་བྷ་ག་ནི་དཀྱིལ་འཁོར་གྱི ་གཞིར་གྱུར་པའི་ཆོས་འབྱུང་གི་གཞལ་ཡས་ཁང་པར་གཞུགས་པའོ། །དེ་ལ་དགོངས་པ་འདི་ཡིན་ཏེ་ལྷ་མོས་བསྐུལ་མ་ཐག་ཏུ་ཟླ་བ་དང་རྡོ་རྗེ་ལ་སོགས་པའི་རིམ་པས་རང་གི་སྐུ་ལ་དམིགས་ཏེ། རང་རང་གི་སྔགས་ཀྱིས་དཀྱིལ་འཁོར་པ་རྣམས་སྤྲས་ཏེ། ཆོས་འབྱུང་གཞིར་གྱུར ་པའི་སྣ་ཚོགས་པའི་རིན་པོ་ཆེའི་གཞལ་ཡས་ཁང་པ་ལ་གསལ་བའི་དཀྱིལ་འཁོར་གྱི་དབུས་སུ་བཅོམ་ལྡན་འདས་བཞུགས་པ་ཡིན་ཞེས་སྟོན་ཏོ། །དེ་ནི་དཀྱིལ་འཁོར་རྒྱལ་བ་མཆོག་གོ། དེ་བཞིན་དུ་ཨེ་བཾ་མཱ་ཡ་བཞི་པ་ནི་དགོངས་པའི་བཤད་པས་དགུག་པ་དང། ་གཞུག་པ་དང་བཅིང་བ་དང། དབང་དུ་བྱ་བ་བཞི་བོ་སྟེ། དེ་རྣམས་ཀྱིས་ཐོས་པ་ཞེས་པ་ནི་ཡེ་ཤེས་སེམས་དཔའ་དང་ལྷན་ཅིག་ཏུ་དབྱེར་མེད་པར་བྱས་ལ། དེའི་རྗེས་ལ་དུས་གཅིག་ན་ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའ་ཞུགས་པའི་དུས་དེ་ཉིད་ལ་བཅོམ་ལྡན་འདས་དེ་བཞིན ་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་དང། སྣང་བ་མཛའ་ཡས་དང། མི་བསྐྱོད་པ་སྟེ། དེ་རྣམས་ཀྱིས་ཉེ་བར་མཚོན་པ་ནི་ཡི་གེ་ཨོཾ་ཨཱ:ཧཱུཾ་སྟེ་དེ་རྣམས་རང་གི་སྐུ་གསུང་ཐུགས་དང། དཀྱིལ་འཁོར་བ་རྣམས་ཀྱི་སྐུ་གསུང་ཐུགས་ལ་དགོད་པར་བྱས་ལ། སྙིང ་པོ་ཞེས་པ་ནི་སའི་སྙིང་པོ་ལ་སོགས་པའི་ས་བོན་རྣམས་ཏེ། དེ་དག་ནི་སྐྱེ་མཆེད་རྣམས་ལ་དགོད་དེ་ཐ་མི་དད་པའི་སྒོ་ནས་རྡོ་རྗེ་ནི་བསྟོད་པ་སྟེ། བླ་ན་མེད་པའི་ཕྱིར་རྡོ་རྗེ་བཙུན་མོ་ཞེས་བྱ་བ་ནི་མཆོད་པ་སྟེ། བྷ་ག་ཞེས་བྱ་བ་ནི་བྷ་ག་ལས་འབྱུང་བའི་ཕྱིར་འདུད་རྩི་མྱང་བ་བྱས ་ལ་བཞུགས་པ་ནི་རྡོ་རྗེ་འཆང་ཆེན་པོ་ཞེས་ཚིག་གི་ལྷག་མའོ། །དེས་ནི་འདི་བཤད་པ་ཡིན་ཏེ། ཡོངས་སུ་རྫོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་བལྟས་ལ་ཡེ་ཤེས་སེམས་དཔའ་ཨི་དཀྱིལ་འཁོར་ཞུགས་ཏེ། སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་པ་དང། སྐྱེ་མཆེད ་རྣམ་པར་དག་པ་བྱས་ལ་བསྟོད་པ་དང་མཚེད?་པ་དང་བདུད་རྩི་མྱང་བ་བྱས་ལ་འཁོར་ལོའི་དབང་ཕྱུག་གི་ཚུལ་གྱིས་བཅོམ་ལྡན་འདས་བཞུགས་སོ་ཞེས་སྟོན་ཏོ། །དེ་ནི་ལས་ཀྱི་རྒྱལ་བ་མཆོག་གོ། དེ་བཞིན་དུ་ཨེ་བཾ་མཱ་ཡ་ཞེས་པ་ནི་ཤེས་རབ་དང་ཐབས་ཡིན་ནོ། །ཇི་སྐད་དུ། ཨེ་ནི ་ཤེས་རབ་རང་བཞིན་ཏེ། །བཾ་ཡིག་འདི་ནི་ཐབས་སུ་བཤད། །ཐིག་ལེ་ས་བོན་མི་འཇིགས་པ་ཞེས་འབྱུང་ངོ། །བདག་གིས་ཤེས་པ་ནི་བདག་གོ། དེ་བས་ན་ཤེས་རབ་དང་ཐབས་བདག་ཉིད་ཀྱི་ཐིག་ལེ་ད?་བདག་ཡིན་ཏེ། དེ་ལྟ་བུའི་ང་ནི་ཐིག་ལེ་ཐོས་པ་ནི་སྤྲོ་བའོ། །གང་གི་ཚེ་ཞེ ་ན། དུས་གཅིག་ན་ཞེས་པ་ནི་མཆོག་ཏུ་དགའ་བའི་སྐད་ཅིག་མ་ལའོ། །ཐིག་ལེ་དེ་ཉིད་ཀྱང་རིགས་མི་མཐུན་པའི་ཡིད་ལ་བྱེད་པ་རྣམས་འཇོམས་པར་བྱེད་པས་ན་བཅོམ་ལྡན་འདས་ཏེ། དེས་ནི་ཐིག་ལེ་རྡོ་རྗེ་དང་པདྨའི་མཛའ་རུ་གནས་པ་ཉིད་བསྟན་ཏོ། །དེ་ནས་ཐིག་ལེ་དེ་ཉིད་མཚོ ་སྐྱེས་ཀྱི་ནང་དུ་ཞུགས་པས་ཅི་བྱེད་པ་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་རིགས་ལྔའི་རྒྱལ་བ་རྣམས་སམ། ཕྱི་རོལ་གྱི་ཀུན་རྫོབ་ཀྱི་རིགས་ལྔའི་སེམས་ཅན་རྣམས་སོ། །སྐུ་དང་གསུང་དང། ཐུགས་ཞེས་པ་ནི་རིགས་གསུམ་གྱི་བུད་མེད་དང་སྐྱེས ་པ་དང་མ་ནིང་རྣམས་སམ། ཁམས་གསུམ་ལའོ། །སྙིང་པོ་ཞེས་པ་ནི་སྔགས་ཐམས་ཅད་དམ། རྣམ་པར་ཤེས་པ་བརྒྱད་དོ། །རྡོ་རྗེ་བཙུན་མོ་ནི་སྤྱན་ལ་སོགས་པ་འམ། དེ་རྣམས་རྣམ་པར་དག་པའི་ངོ་བོ་ལ་སོགས་པའི་ཁམས་སོ། །དེའི་རིམ་པས་གང་ཞིག་བྷ་ག་ཞེས ་པ་ནི་སྤྲོས་པ་སྟེ། སྤྲོས་པ་དེ་རུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཚུལ་དུ་སྐྱེས་པས་བཞུགས་པ་ཞེས་པ་ནི་གནས་པ་ཡིན་ནོ། །དེས་ནི་འདི་བཤད་པ་ཡིན་ཏེ། བྱང་ཆུབ་སེམས་ཀྱི་ཐིག་ལེ་ནི་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་གཅིག་པུ་གང་ཡིན་པ་དེས་ལྷའི་འཁོར་ལོ་དང ་སྔགས་ཀྱི་ཕུང་པོ་དང་རྣམ་པར་ཤེས་པ་རྣམས་དང། སྣ་ཚོགས་པའི་རང་བཞིན་ཁམས་གསུམ་པ་སྐྱེད་པར་བྱེད་པ་སྟེ། གཞན་ལ་སྐྱེད་པའི་ནུས་པ་མེད་པ་ཞེས་ཚིག་གི་དོན་ཏོ། །དེ་ནི་བསྐྱེད་པའི་རིམ་པའོ། །དེ་བཞིན་དུ་ཨེ་བཾ་།མཱ་ཡ་ཞེས་པ་ནི་ཨ་ནི་ཤེས་རབ་ཀྱི་པདྨ་དང། པཾ ་ནི་ཆུའི་ཁམས་སོ། །ཐིག་ལེ་ནི་བྱང་ཆུབ་ཀྱི་སེམས་ཏེ་དེ་ཉིད་མི་འཇིགས་པ་ཉིད་དུ་བསྟན་པའི་ཕྱིར་རོ། །བདག་གིས་ཐོས་པ་ནི་དེ་ཉིད་སྐུ་གཉིས་ཐ་མི་དད་པས་ཉམས་སུ་མྱོང་པའོ། །གང་གི་ཚེ་ཞེ་ན། དུས་གཅིག་ན་ཞེས་པ་ནི་ཤེས་རབ་ཀྱི་ཡེ་ཤེས་ཀྱི་དབང་བསྐུར་པའི ་དུས་སུའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། བཅོམ་ལྡན་འདས་ཞེས་པ་ནི་བྷ་གའི་ནམ་མཁའ་ལ་གནས་པའི་ཕྱིར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་ནི་རྩ་ལྔ་སྟེ། དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཞེས་པ་ནི་འདོད་པའི་གདགས་དང་རུས་སྤལ་མ་དང། ཟླ? ་བ་མའོ་དེ་རྣམས་ཀྱི་སྙིང་པོ་ཞེས་པ་ནི་དབུས་མ་སྟེ། ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ་ཀུན་ཏུ་བཟང་མོ་དེ་ཉིད་རྡོ་རྗེ་བཙུན་མོ་ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྟེ་མཱ་མ་ཀཱིའོ། །དེའི་བྷ་ག་ཞེས་པ་ནི་སྒྲིབ་པ་མེད་པའི་ཕྱོགས་ཏེ་ནམ་མཁའ་ཨོ། །དེ་ལ་བཞུགས?་པ་ཞེས་པ ་ནི་གནས་པ་ཡིན་ནོ། །འདིར་ནི་དགོངས་པ་འདི་ཡིན་ཏེ་གང་གི་ཚེ་ནམ་མཁའ་ཨི་ཁམས་ལ་གནས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཤཱཀྱ་སེང་གེ་བསྐུལ་བ་དེའི་ཚེ་ངེས་མི་གཡོ་བའི་ཏིང་ངེ་འཛིན་སྤངས་ལ་འོད་ཀྱི་སྤྲུལ་པའི་ཕྱག་རྒྱལ་དང་ཡང? ་དག་པར་སྦྱོར་ཞིང། འོད་གསལ་པ་རྟོགས་ཏེ། ཤེས་རབ་ཀྱི་པདྨར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་བྱས་ལ། ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོས་རྡོ་རྗེའི་སྐྱིལ་མོ་ཀྲུང?་ལ་བཞུགས་པའོ་ཞེས་སྟོན་ཏོ། །དེ་ནི་རྫོགས་པའི་རིམ་པའོ། །དེ་བཞིན ་དུ་ཨེ་བཾ་མཱ་ཡ་ཞེས་པས་ནི་ཨེ་བཾ་ཞེས་པ་ནི་ཤེས་རབ་དང་ཐབས་ཀྱི་ངོ་བོ་བཅོམ་ལྡན་འདས་མི་བསྐྱོད་པའོ། །བདག་གིས་ཞེས་པ་ནི་སྣང་བ་མཛའ་ཡས་སོ། །ཐོས་པ་ཞེས་པ་ནི་རྣམ་པར་སྣང་མཛད་ངོ། །དེ་རྣམས་ཀྱིས་ཉེ་བར་མཚོན་པ་དོན་རྣམས་?་དེ་བཞིན ་དུ་བཤད་པ་སྟེ། ཨོཾ་ཨཱ:ཧཱུཾ་ངོ་དུས་གཅིག་ན་ཞེས་པ་ནི་ཡན་ལག་མ་ཉམས་པའི་དུས་སུ་རྡོ་རྗེ་འཆང་ཆེན་པོ་ཉམས་སུ་མྱོང་བའི་ཚུལ་གྱིས་སོ། །བཅོམ་ལྡན་འདས་ཞེས་པ་ནི་དེ་རྣམས་ཐ་མི་དད་པའི་བློས་འཇིག་པའི་ཕྱིར་རོ། །དེ་རྣམས་ཀྱང་དུས་གསུམ་གྱི་དེ་བཞིན ་གཤེགས་པ་ཐམས་ཅད་ཉེ་བར་བསྡུས་པས་སྐུ་དང་གསུང་དང་ཐུགས་སོ། །དེ་དག་སྙིང་པོ་ནི་སྙིང་ཁའི་སྣ་དང། རྡོ་རྗེའི་ལྐོག་མ་དང། བཙུན་མོའི་བྷ་ག་ནི་ཚངས་པའི་རྩའི་མཛའ་རུ་རྣམ་པར་དགོད་ཅིང་ཐ་མི་དད་པའི་བློ་རླུང་ཙམ་གྱིས་བཞུགས་པ་ནི་ཁྱད་པར་གྱིས་བཟླས་སོ། །འདིར་ཡང་དགོངས་པ ་འདི་ཡིན་ཏེ་སྙིང་ཁ་ལ་སོགས་པའི་གནས་གསུམ་དུ་ཡི་གེ་དགོད་ཅིང་རྡོ་རྗེ་འཆང་ཆེན་པོའི་ང་རྒྱལ་བྱས་ལ་སྐུ་གསུང་ཐུགས་ཀྱི་ངོ་བོ་དེ་བཞིན་གཤེགས་པ་གསུམ་གྱིས་རྣམ་པར་རྟོག་པ་སྤངས་ཏེ། ཡན་ལག་མ་ཉམས་པ་བཟླས་པའི་རྣལ་འབྱོར་པས་དེ་སྲིད་དུ་བཟླས་པ ་བྱ་སྟེ། ཇི་སྲིད་དུ་འོད་གསལ་བ་མཐོང་བའོ། །ཞེས་སྟོན་ཏོ། །རབ་ཏུ་བྱེད་པ་ལས་ཀྱང། སློངས་མོ་ཟ་ཞིང་མི་བཟླ་སྟེ། །མ་བླངས་པ་ལའང་ཆགས་མི་བྱ། །འདོད་པ་ཐམས་ཅད་ལོངས་སྤྱོད་བྱེད། །ཡན་ལག་མ་ཉམས་སྔགས་བཟླས་བྱ་ཞེས་གསུངས་ཏེ། རྡོ་རྗེ་བཟླས་པའི ་རིམ་པའོ། །དེ་བཞིན་དུ། འདི་སྐད་བདག་གིས་ཐོས་པ་ཞེས་པ་ནི་འདི་སྐད་ནི་འདི་ལྟ་བུ་སྟེ། བདག་གིས་སེམས་རྣམ་པར་དག་པའི་དེ་ཁོ་ན་ཉིད་ཐོས་པ་ནི་རྙེད་པའོ། །ཇི་ལྟ་བུ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ནི་སེམས་ཅན་ཐམས་ཅད་དེ་དེ་རྣམས་ཀྱི་གང་ཞིང ་སྐུ་དང་གསུང་དང་ཐུགས་ནི་སྣང་བ་དང་སྣང་བ་མཆེད་པ་དང་སྣང་བ་ཉེ་བར་ཐོབ་པ་སྟེ། སྐུ་གསུང་ཐུགས་ཀྱི་བདག་ཉིད་ཀྱི་འགྲོ་བའི་རྒྱུ་ཡིན་པའི་ཕྱིར་རོ། །སྙིང་པོ་ནི་དེ་རྣམས་ཀྱི་སྙིང་པོ་སྟེ། མཚན་མོ་དང་ཉིན་མོའི་དབྱེ་བས་རྒྱུ་བ་རང་བཞིན་བརྒྱ་དྲུག་ཅུའོ། །དེ་ཡང ་གང་གི་ཚེ་རྒྱུ་བཞིན། དུས་གཅིག་ན་ཞེས་པ་ནི་སྐད་ཅིག་མ་གཅིག་ལའོ། །དེ་ཡང་ཉེ་བར་མཚོན་པ་ཙམ་ཡིན་ལ། སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་དང་མིག་བཙུམ་པ་ལ་སོགས་པ་ལ་རྒྱུ་བའོ། །རྡོ་རྗེ་བཙུན་མོ་ནི་དམིགས་པ་མེད་པའི་ཤེས་རབ་སྟེ། །ངེས་བྱས་པ ་རང་བཞིན་?་རྣམས་ལ་གང་ཞིག་བྷ་ག་ནི་འཇོམས་པ་སྟེ། འོད་གསལ་པ་ལ་ཞུགས་པ་ཐམས་ཅད་སྟོང་པ་ཉིད་རྫོགས་པ་དེ་ལ་ཞུགས་པ་ནི་འོད་གསལ་བ་ལ་ཞུགས་པའོ། །དེའི་དགོངས་པ་འདི་ཡིན་ཏེ། སྔགས་དང་ཕྱག་རྒྱའི་རིམ་པས་རྣམ་པར་ཤེས་པ་གསུཾ ་དང། དེ་རྣམས་ཀྱི་རང་བཞིན་གྱི་ཚོགས་རྣམ་ཅིང་འོད་གསལ་བའི་གོ་འཕང་དེ་ཉིད་ལ་བཅོམ་ལྡན་འདས་བཞུགས་སོ་ཞེས་སྟོན་ཏོ། །དེ་ནི་སེམས་རྣམ་པར་དག་པའི་རིམ་པའོ། །དེ་བཞིན་དུ་ཨེ་བཾ་མཱ་ཡ་ཞེས་པ་ནི་།ེ་ནི་ལས་ཀྱི་ཕྱག་རྒྱའོ། །བཾ་ནི ་ཆོས་ཀྱི་ཕྱག་རྒྱའོ། །མཱ་ནི་ཕྱག་རྒྱ་ཆེན་པོའོ། །ཡ་ནི་དམ་ཚིག་གི་ཕྱག་རྒྱ་སྟེ། ཕྱག་རྒྱ་བཞི་པོ་དེ་དག་གིས་ཐོས་པ་ནི་བྱིན་གྱིས་བརླབ་པའོ། །དུས་གཅིག་ན་ཞེས་བྱ་བ་ནི་ཅིག་ཆར་དུ་བསྐྱེད་པ་ཡིན་གྱི། བསྐྱེད་པའི་རིམ་པས་བསྐྱེད་པ་ནི་མ་ཡིན་ནོ། །རྡོ་རྗེ་འཆང་ཆེན་པོའི ་སྐུ་དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཏེ། རྣམ་པ་སྣ་ཚོགས་པའི་རྫུ་འཕྲུལ་དང་ལྡན་པའོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཐབས་ཀྱི་རང་བཞིན་དང། སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་ཞེས་བྱ་བ་ནི་ཁམས་གསུམ་པ་དང་རོ་གཅིག་པར་འགྱུར་བའོ། །རྡོ་རྗེ ་ནི་དེ་བཞིན་གཤེགས་པ་དང། བཙུན་མོ་ནི་ལྷ་མོ་རྣམས་ཀྱི། བྷ་ག་ནི་དབང་ཕྱུག་ལ་སོགས་པ་ཡོན་ཏན་དྲུག་དང་ལྡན་པའི་ཕྱིར་དཀྱིལ་འཁོར་གང་ཡིན་པའོ། །དེ་ལ་བཞུགས་པ་ནི་འཇའ་ཚོན་ལ་སོགས་པ་དང་འདྲ་བ་སྒྱུ་མའི་རང་བཞིན་གྱི་སྐུས་བཞུགས ་པའོ། འདི་སྐད་བཤད་པ་ཡིན་ཏེ། བཅོམ་ལྡན་འདས་འོད་གསལ་བ་ལས་ལངས་ཏེ། དཀྱིལ་འཁོར་པའི་དབུས་སུ་གནས་པ་གཟུགས་བརྙན་དང་འདྲ་བ་ཕྱག་རྒྱ་ཆེན་པོའི་སྐུ་གཞེངས་ནས་འགྲོ་བའི་དོན་མཛད་པའི་ཕྱིར་སྒྱུ་མ་ལྟ་?་བུའི་ཏིང་ངེ་འཛིན་ལ་བཞུགས་སོ་ཞེས ་བྱ་བའི་དོན་ཏོ། །ཕྱག་རྒྱའི་དབྱེ་བ་ནི་དཔལ་ཐམས་ཅད་མཁྱེན་པ་འཇིགས་བྱེད་ཀྱི་རྒྱུད་ལས་གསུངས་པ། དེ་ནས་གཞན་ཡང་བཤད་བྱ་བ། །གསང་བ་ཡི་ནི་རྣལ་འབྱོར་མཆོག་།ཡེ་ཤེས་སེམས་དཔའ་རྣམ་བསྒོམས་ནས། །ཕྱག་རྒྱ་ཆེན་པོ་འཛིན་པ་ཡིན། །ཟླ་བའི་དཀྱིལ ་འཁོར་དང་འདྲ་བ། །བྱང་ཆུབ་སེམས་ནི་སྙིང་ཁར་གནས། །ཡི་གེ་ཕྱི་མོའི་ཡི་གེར་ལྡན། །ཅུང་ཟད་འཇིག་རྟེན་ཅིག་མཚུངས་པ། །རྣལ་འབྱོར་ཆེན་པོས་བལྟས་ནས་ནི། །དམ་ཚིག་ཏུ་གྲངས་འཛིན་པར་བྱ། །སྣ་ཚོགས་རྡོ་རྗེ་སྙིང་ཁར་གནས། །ལས་ཀྱི་ཕྱག་རྒྱ ་རྟག་ཏུ་བཅིངས། །ངེས་པ་ཡིས་ནི་ཤེས་བྱ་སྟེ། །དེ་བཞིན་ངེས་པར་ཡང་དག་འགྲུབ། །ལྕེ་ནི་རྡོ་རྗེར་རྣམ་བསྒོམས་ནས། །ཆོས་ཀྱི་ཕྱག་རྒྱ་ཡང་དག་བརྗོད། །ལས་ཐམས་ཅད་ནི་ཅི་འདོད་པས། །མྱུར་དུ་གྲུབ་སྟེ་ཐེ་ཚོམ་མེད། །དེ་ལྟར་ཕྱག་རྒྱ་རྣམ་པ་བཞི། །བློ་ལྡན་གང་ཞིག་མི་ཤེས ་པས། །སྡོམ་པའི་རྣལ་འབྱོར་མཆོག་དག་ནི། །དེ་ཡིས་མཉེས་པར་འགྲུབ་མི་འགྱུར། །བདེ་བའི་ཐབས་ནི་རྙེད་དཀའ་པ། །སངས་རྒྱས་རོལ་མོ་གསང་བ་ནི། །བྱང་ཆུབ་སེམས་ཞེས་གྲགས་པ་སྟེ། །ཤེས་རབ་རྒྱ་མཚོར་རྟག་ཏུ་གནས། །ཞེས་གསུངས་སོ། །དེ་ནི་བདག་ལ ་བྱིན་གྱིས་བརླབ་པའི་རིམ་པའོ། །དེ་བཞིན་དུ་ཨེ་བཾ་མཱ་ཡ་ཞེས་པ་ནི་ཨེ་ནི་ཤེས་རབ་སྟེ་མཚན་མའོ། །བཾ་ནི་ཐབས་ཏེ་ཉི་མའོ། །ཐིག་ལེ་ནི་དེ་དག་གི་ནང་དུ་གནས་པའི་མཚན་མོའི་དུས་མཚམས་སམ། ཉིན་མོའི་དུས་མཚམས་སོ། །བདག་གིས་ཐོས་པ་ནི་དེ་རྣམས ་མན་ངག་གི་དབང་བསྐུར་བའི་རིམ་པས་ཉན་པའོ། །དུས་གཅིག་ན་ཞེས་པ་ནི་དུས་གསུམ་པོ་དེ་དག་མེད་པའི་སྐད་ཅིག་མ་ལའོ། །ཐོས་པ་དེ་ཅི་ཡིན་ཞེ་ན། བཅོམ་ལྡན་འདས་ཞེས་པ་ནི་འོད་གསལ་བའོ། །ཇི་ལྟ་བུ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཅེས ་ག་ཐམས་ཅད་ནི་དཔེ་ཉིད་དུ་གནས་པ་ཕྱི་རོལ་གྱི་སྨིག་རྒྱུ་ལ་སོགས་པའི་སྣང་བ་ལྔའོ། །དེ་བཞིན་གཤེགས་པ་ནི་དཔེ་ལས་བྱུང་བའི་ངོ་བོ་ནང་གི་སྟོང་པ་ཉིད་ལ་སོགས་པའོ། །དེའི་རང་བཞིན་ཅན་ཡིན་ནོ། །དེ་བཞིན་དུ་སྐུ་དང་གསུང་དང་ཐུགས་ནི་བདག་ཉིད་ཀྱི་གང ་ཡིན་པ་དེ་རྣམས་དང་སྙིང་པོ་ནི་ཁམས་གསུམ་པ་སྟེ། རྡོ་རྗེ་ནི་རིལ་པོར་འཛིན་པའི་ཏིང་ངེ་འཛིན་དང། བཙུན་མོ་ནི་རྗེས་སུ་གཞིག་པའི་ཏིང་འཛིན་གྱིས་གང་ཞིག་བྷ་ག་ནི་མི་སྣང་བར་བྱེད་པ། དེ་ལ་བཞུགས་པ་ནི་ཏིང་ངེ་འཛིན་དེ་མངོན་དུ་བྱས་པ་ལ་བཞུགས་པའོ།། ་འདིར་ནི་མདོར་བསྡུས་པའི་དོན་འདི་ཡིན་ཏེ། ཕྱི་རོལ་གྱི་མངོན་པར་བྱང་ཆུབ་པའི་རིམ་པས་ནང་གི་བདག་ཉིད་མངོན་པར་བྱང་ཆུབ་ཐོབ་ལ་དེ་བསྟན་པར་བྱ་བའི་ཕྱིར་རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པའི་ཏིང་ངེ་འཛིན་གཉིས་པོས་བཅོམ་ལྡན་འདས་འོད་གསལ ་བར་ཞུགས་ཞེས་ཚིག་གི་དོན་ཏོ། །དེ་ནི་མངོན་པར་བྱང་ཆུབ་པའི་རིམ་པའོ། །དེ་བཞིན་དུ་འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་ནི་ཟུང་དུ་འཇུག་པའི་རྡོ་རྗེ་ཕྲེང་པའི་རྒྱུད་ལ་འཇུག་པར་བྱ་སྟེ། འདི་སྐད་བདག་གིས་ཐོས་དེ་ཉིད། །དུས་ནི་གཅིག་ཏུ ་གསལ་པ་ཉིད། །བཅོམ་ལྡན་གསང་བའི་རྡོར་དབང་ཕྱུག་།རྡོ་རྗེ་གསུམ་གྱི་དམ་ཚིག་མཆོག། དེ་བཞིན་གཤེགས་ཀུན་ཡེ་ཤེས་ནི། །བསམ་གྱིས་མི་ཁྱབ་ཡོན་ཏན་ཆགས། །ཡོད་མེད་གཉིས་ཀ་ལས་འདས་པ། །གནས་མིན་གནས་ན་བརྡར་བྱས་པ། ། ་ནམ་མཁའ་གཅིག་གི་ངོ་བོ་ཉིད། །?་མཁྱེན་ཡེ་ཤེས་རང་བཞིན་ལྡན། །རྣམ་དག་གྲགས་པའི་འགྲོ་སྙིང་ཁར། །ཐུབ་པ་ཆེན་པོ་བཞུགས་པའོ། །ཞེས་གསུངས་སོ། །དེ་ནི་ཟུང་འཇུག་གི་རིམ་པའོ། །གཞན་ཡང་ཨེ་བཾ་མཱ་ཡ་ཞེས་པ་ནི་ལྷའི་དབང་པོས ་ཞུས་པ་ལས་།ེ་ནི་མ་ཉིད་ཡིན་པ་སྟེ། །བ་ཞིག་ཡང་ནི་ཕ་རུ་དྲང། །ཐིག་ལེ་དེ་རུ་རྣལ་འབྱོར་ཡིན། །རྣལ་འབྱོར་དེ་ནི་རྨད་བྱུང་མཆོག་།ཅེས་གསུངས་སོ། །དེ་བས་ན་བསྒྲུབ་བྱ་སྒྲུབ་བྱེད་ཡང་དག་པར་སྦྱོར་བ་ནི་ཨེ་བཾ་གྱི་དོན་ཡིན་ནོ། །བདག་ནི་རྡོ་རྗེ ་འཆང་ཆེན་པོ་སྟེ། ཐོས་པ་ནི་དེས?་འཁྱུད་པ་ལ་སོགས་པའི་བྱ་བས་ཉམས་སུ་མྱོང་བའོ། །དུས་གཅིག་ན་ཞེས་པ་ནི་འཁྱུད་བ་ལ་སོགས་པའི་བྱ་བ་དང་ལྡན་པའི་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ་ལའོ། །དེ་དག་ནི་ཕ་དང་མ་དག་ཡིན་ནོ། །བཅོམ་ལྡན ་འདས་ནི་སྒྲུབ་བྱེད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ཕུང་པོ་ལྔའོ། །སྐུ་དང་གསུང་དང་ཐུགས་རྣམས་ནི་རྣམ་པར་ཤེས་པ་གསུམ་མོ། །སྙིང་པོ་ནི་དེ་རྣམས་ཀྱི་སྙིང་པོར་གྱུར་པ་གང་ཞིག་མཆོག་ཏུ་དགའ་བསྐྱེད་པར་བྱེད་པ། རྡོ་རྗེ་བཙུན ་མོ་ནི་སྒྲུབ་བྱ་ཤེས་རབ་མ། དེ་དག་གི་བྷ་ག་ནི་ཡང་དག་པར་སྦྱོར་བ་སྟེ། བཞུགས་པ་ནི་དེ་ཉིད་དུ་གནས་པའོ། །དེ་བས་ན་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་ཡང་དག་པར་སྦྱོར་བའི་མཚན་ཉིད་ཅན་བསྙེན་པར་བསྟན་ཏོ། །དེ་ནི་རང་བཞིན་ནོ། ། ་དེ་བཞིན་དུ་ཨེ་བཾ་མཱ་ཨ་ཞེས་པ་ནི་ཨེ་ནི་པདྨ་ཞེས་བཤད་པ། བཾ་ནི་རྡོ་རྗེ་ཉིད་དུ་བཤད། །ཐིག་ལེ་དེར་ནི་ས་བོན་ཡིན། །དེ་ལས་སྐྱེས་པ་ཁམས་གསུམ་པའོ། །ཞེས་གསུངས་སོ། །དེའི་དོན་འདི་ཡིན་ཏེ། རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བ་དི་ཨེ་བཾ་ཡིན་ནོ། བདག་གིས ་ཐོས་པ་ནི་དེ་ཉིད་བདག་གིས་བསྡུས་པའོ། །ཇི་ལྟར་ཞེ་ན། གཅིག་ནི་ཤེས་རབ་ལའོ། །དུས་ནི་ཐབས་ལའོ། །ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཕུང་པོ་ལྔ་སྟེ། སྐུ་དང་གསུང་དང་ཐུགས་ནི་སྐུ་གསུམ་སྟེ། སྙིང་པོ་ནི་དེ་རྣམས ་ཆོས་ཀྱི་དབྱིངས་དང་རོ་གཅིག་པར་གྱུར་པའི་ཕྱིར་རོ། །དེ་བཞིན་དུ་རྡོ་རྗེ་བཙུན་པོ་ནི་གང་ཟག་དང་ཆོས་བདག་མེད་པའི་མཚན་ཉིད་ཅན་གྱི་ཡེ་ཤེས་ཀྱིས་བྷ་ག་ནི་དེའི་རྗེས་ལས་ཐོབ་པའི་དག་པ་འཇིག་རྟེན་པའི་ཡེ་ཤེས་གང་ཐོབ་པ་དེའི་ཕྱིར་བཞུགས་པ་ནི ་གནས་པའོ་ཞེས་སྟོན་ཏོ། །བྷ་ག་ལ་ཞེས་བྱ་བ་འདི་རྒྱུ་མཚན་གྱི་བདུན་པའོ། །དེ་ལྟར་ན་རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བའི་མཚན་ཉིད་ཅན་ཉེ་བར་སྒྲུབ་པ་བསྟན་ཏོ། །དེའི་རྒྱུའོ་དེ་བཞིན་དུ་ཨེ་བཾ་མ་ཡ་ཞེས་པ་ནི་ཨེ་ནི་ཤེས་རབ་ཉིད་ཡིན་ཏེ། བ་ཞིག ་དགའ་བའི་བདག་པོ་ཡིན། །ཐིག་ལ་མི་འཇིག་དེ་ཉིད་ནི། །ཡི་གེ་རྣམས་ནི་དེ་ལས་སྐྱེས། །དེ་བས་ན་དོན་འདི་ཡིན་ཏེ། །ཡི་གེ་ཨེ་དང་བཾ་དག་ནི་ཤེས་རབ་དང་ཐབས་ཏེ། དེ་དག་གིས་ཡང་དག་པར་སྦྱོར་ཞིང་མཱ་ཡ་ཞེས་ཡི་གེ་གཉིས་ནི་རྡོ་རྗེ་དང་པདྨ་སྟེ། ཐོས་པ ་ནི་དེ་དག་སྐྱོད་པར་བྱེད་པའོ། །ཇི་ལྟར་ཞེ་ན་གཅིག་ནི་པདྨ་དང། དུས་ནི་རྡོ་རྗེ་ལའོ། །དེ་བཅོམ་ལྡན་འདས་ནི་གང་ཞིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་ནི་ཡི་གེ་གསུམ་སྟེ། དེ་རྣམས་རྡོ་རྗེ་ནི་མཚན་མ་དང། རྡོ་རྗེ་བཙུན་མོའི ་བྷ་ག་ནི་ཤེས་རབ་ཀྱི་པདྨ་སྟེ། དེར་ཞུགས་པ་ནི་རྣམ་པར་དགོད་ཅིང་གནས་པའོ་ཞེས་སྟོན་ཏོ། །དེའི་དགོངས་པ་འདི་ཡིན་ཏེ། ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པ་ཡི་གེ་ཨོཾ་གྱིས་ནོར་བུའི་ཆང་བྱིན་གྱིས་བརླབ་པ་རྫོགས་ཏེ། ཡི་གེ་ཧྲཱི:ཡོངས་སུ་གྱུར ་པ་ལས་སྐྱེས་པ་པདྨའི་ལྟེ་བར་ཨོཾ་གྱིས་བྱིན་གྱིས་བརླབས་པ་རྣམ་པར་བསྒོམ་སྟེ། དེ་ཉིད་དུ་ཡང་ཆར་རེངས་པའི་སྔགས་རྣམ་པར་དགོང་ལ་ཡང་དག་པར་བསྐུལ་བར་བྱ་སྟེ་སྒྲུབ་པ་ཡིན་ནོ། །དེས་ནི་ལས་སོ་དེ་བཞིན་དུ་ཨེ་བཾ་མཱ་ཡ་ཞེས་པ་ནི་ཨེ་ནི་སྣོད་ཀྱི་འཇིག ་རྟེན་ནོ། །བཾ་ནི་སེམས་ཅན་གྱི་འཇིག་རྟེན་ནོ། །མཱ་ནི་འབྱུང་བ་ཆེན་པོ་རྣམས་སོ། །ཡ་ནི་སྐྱེ་མཆེད་རྣམས་སོ། །ཐོས་པ་ནི་ཕུང་པོ་རྣམས་སོ། །བཅོམ་ལྡན་འདས་ནི་དུས་གསུམ་མོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ཡེ་ཤེས་ལྔའོ། །སྐུ་དང་གསུང་དང་ཐུགས་ནི་ཁམས་གསུམ་པའམ། ་ས་འོག་དང་ས་བླ་དང། མཐོ་རིས་སམ། སྐུ་གསུམ་མམ། འདོད་པ་ལ་སོགས་པ་གསུམ་པོ་ཡིན་ནོ། །སྙིང་པོ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །རྡོ་རྗེ་བཙུན་མོ་ནི་སྟོང་པ་ཉིད་དོ། །བྷ་ག་ནི་དེ་རྣམས་ཀྱི་རང་བཞིན་ཏེ། ལྷན་ཅིག་སྐྱེས་པའི་བདེ་བའོ། །དུས་གཅིག་ནི་མཚོན་པར ་དཀའ་བ་སྐད་ཅིག་མ་དེ་ཉིད་དེ། དེ་ཉིད་དུ་ཞུགས་པ་ནི་གནས་པའོ། །ཞེས་སྟོན་ཏོ། །དེས་འདི་བཤད་པ་ཡིན་ཏེ། ཕྱི་དང་ནང་གི་རྣམ་པར་རྟོག་པ་མ་ལུས་པ་དང། བྲལ་བའི་བདེ་བ་ཆེན་པོར་བཞུགས་པ་སྟེ། སྒྲུབ་པ་ཆེན་པོ་ཡིན་ནོ། །དེ་ནི་འབྲས་བུའོ། །དེ་བཞིན་དུ་འདི་སྐད ་བདག་གིས་ཞེས་བྱ་བ་ལ་སོགས་པ་ནི་སྒྲ་ཇི་བཞིན་མ་ཡིན་པའི་དོན་དུ་ནི་འདི་སྐད་བདག་གིས་ཞེས་བྱ་བ་ནི་སོ་སོར་སྡུད་པའོ། །ཐོས་པ་ནི་བསམ་གཏན་ནོ། །དུས་གཅིག་ནི་ཞེས་པ་ནི་སྲོག་དང་རྩོལ་བའོ། །བཅོམ་ལྡན་འདས་ནི་འཛིན་པའོ། །དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་ནི་རྗེས་སུ་དྲན་པའོ། །རྡོ་རྗེ་བཙུན་མོ་ནི་ཕྱག་རྒྱ་ཆེན་པོའི་ངོ་བོ་ཏིང་ངེ་འཛིན་ཏོ། །བྷ་ག་ནི་དེ་རྣམས་རིམ་པས་བསྒོམ་བྱ་སྟེ། དེ་ལ་བཞུགས་པ་སྟེ། ཡན་ལག་དྲུག་གོ། དེ་ནི་རྣལ་འབྱོར་རོ། །དེ་བཞིན་དུ་འདི་སྐད་བདག་གིས་ཞེས་པ་ནི་འདི ་སྐད་ནི་འདིའོ། །བདག་གིས་ཐོས་པ་ནི་ཟོས་པ་སྟེ་མྱང་བའོ། །དུས་གཅིག་ན་ཞེས་པ་ནི་དམ་ཚིག་གི་དུས་སྟེ། བསྟན་བཅོས་ལས་གསུངས་པའི་ཞག་རྣམས་ལའོ། །ཇི་ལྟ་བུ་ཞེ་ན་བཅོམ་ལྡན་འདས་ནི་བཤད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ཤའོ། །སྐུ་དང་གསུང ་དང་ཐུགས་ནི་ཁྲག་གོ། སྙིང་པོ་ནི་བྱང་ཆུབ་ཀྱི་སེམས་སོ། །རྡོ་རྗེ་དང་བཙུན་མོའི་བྷ་ག་ལས་འབྱུང་བ་གཅི་བའོ། །དེ་ཉིད་དུ་བཞུགས་པ་ནི་བདུད་རྩི་མྱང་བའི་མཚན་ཉིད་ཅན་གྱི་རྣལ་འབྱོར་དེས་བཞུགས་པ་སྟེ་སྒྲུབ་པ་བསྟན་ཏོ། །དེ་ལྟ་བུའི་དང་པོའི་གླེང་གཞིའི་ཚིག་གིས་རྒྱུད་མ་ལུས་པའི ་དོན་རབ་ཏུ་གསལ་བར་བྱེད་པ་སྟེ། གང་ཞིག་གཞན་ཡང་བཤད་པ་དེ་ནི་སྤྲོས་པ་སྟེ། བྱིས་པའི་བློ་རྣམས་ཀྱིས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་རོ། །ཇི་སྐད་དུ་གླེང་གཞི་དབང་དུ་བྱས་ནས་ནི། །གང་ཞིག་དོན་ནི་རབ་བསྟན་པ། །རྒྱུད་ཀྱི་དོན་ནི་དེ་ཉིད་བཤད། །ལྷག་མ་སྐབས་ཀྱིས ་གྱུར་པ་ཡིན་ཞེས་འབྱུང་ངོ། །ད་ནི་བཅོམ་ལྡན་འདས་གང་ཞིག་དང་ལྷན་ཅིག་བཞུགས་པ་དེ་རྣམས་སྡུད་པ་པོས་བཤད་པར་བྱ་ཉིད་བཤད། །ལྷག་མ་སྐབས་ཀྱིས་པའི་སྐུ་ལ་ཚད་མེད་པའི་ཕྱིར་གྲངས་མེད་པས་བརྗོད་དུ་མི་ནུས་པ་རྣམས་དང། སྒྱུ ་འཕྲུལ་གྱི་མཐུ་མཛའ་ཡས་པའི་ཕྱིར་ཡང་བརྗོད་ཀྱིས་མི་ལང་བའོ། །སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་སྙེད་ཀྱིས་ཞེས་པ་ནི་དཔེ་ཡིན་ནོ། །ཡང་ན་རྡུལ་ཕྲ་རབ་ཀྱི་ཆ་ཤས་ཀྱིས་ཡོངས་སུ་རྟོག་པས་རང་བཞིན་མི་དམིགས་པ་དེ་བཞིན་དུ་རང་བཞིན་མེད་པ་སྟེ། དང་པོར་མི ་སྐྱེས་པའི་དེ་ཁོ་ན་ཉིད་ལ་རྣམ་པར་གནས་པ་རྣམས་ལྷན་ཅིག་ཏུ་ཞེས་སྟོན་ཏེ། རྫོགས་པའི་རིམ་པའོ། །གཙོ་བོར་གྱུར་པའི་ཕྱིར་དཀྱིལ་འཁོར་པ་རྣམས་བཤད་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་དམ་ཚིག་གཙོ་བོར ་གྱུར་པའི་ཕྱིར་དམ་ཚིག་རྡོ་རྗེ་ནི་དོན་ཡོད་གྲུབ་པ་སྟེ། འདིར་ནི་དེའི་རིགས་ཅན་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ། །སྐུ་གསུང་ཐུགས་ཀྱི་རིགས་ལས་བྱུང་བའི་ཕྱིར་སྐུ་རྡོ་རྗེ་དང་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེ་ནི་སའི་སྙིང་པོ་དང། འཇིག་རྟེན་དབང་ཕྱུག་དང་ཕྱག་ན་རྡོ་རྗེ་དམར ་སོ། ཏིང་ངེ་འཛིན་སེམས་རྩེ་གཅིག་པ་ཉིད་དེ། དེ་ཉིད་ནི་རྡོ་རྗེ་སྟེ་མི་ཕྱེད་པའི་ཕྱིར་རོ། །དེ་གང་ལ་ཡོད་པ་དེ་ནི་ཏིང་ངེ་འཛིན་རྡོ་རྗེ་སྟེ་ཀུན་ཏུ་བཟང་པོའོ། །ཤེས་རབ་ཀྱི་མཚོན་ནཆས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དག་ལས་རྒྱལ་བར་བྱེད་པས་ན་རྒྱལ་བའི་རྡོ་རྗེ་སྟེ་འཇམ ་དཔལ་ལོ། །དེ་བཞིན་དུས་ལ་སོགས་པ་བཞི་པོ་རྣམ་པར་དག་པར་བྱེད་པའི་ཕྱིར། ས་རྡོ་རྗེ་དང་ཆུ་རྡོ་རྗེ་དང་མེ་རྡོ་རྗེ་དང་རླུང་རྡོ་རྗེ་རྣམས་ནི་ལྷ་མོ་སྤྱན་དང། མཱ་མ་ཀཱི་དང་གོས་དཀར་མོ་དང་དམ་ཚིག་སྒྲོལ་མ་སྟེ། རིགས་ཀྱི་ལྷ་མོ་རྣམས་སོ། །ནམ་མཁའ་ནི་མི་ཟང་པའི་ཕྱིར། ་རྡོ་རྗེ་ནི་མཛོད་གང་ལ་ཡོད་པ་དེ་ནི་ནམ་མཁའ་རྡོ་རྗེ་ནམ་མཁའ་ཨི་སྙིང་པོའོ། །གཟུགས་ལ་སོགས་པའི་ཡུལ་ལྔ་རྣམ་པར་དག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། གཟུགས་རྡོ་རྗེ་ལ་སོགས་པའོ། །ཆོས་ཀྱི་དབྱིངས་ནི་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། དེ་ལ་རྡོ་རྗེ་ནི་ཆོས་ཀྱི་རྒྱལ ་སྲིད་མི་བྱེད་པར་མཛད་པས་ན། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་སྟེ་བྱམས་པའོ། །དེ་རྣམས་ཇི་ལྟ་བུ་ཡིན་ཞེ་ན། བྱང་ཆུབ་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་སྟེ། དེ་ལ་སེམས་དཔའ་ཨི་རང་བཞིན་གང་ལ་ཡོད་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨོ། །ཆེན་པོ་ནི་ཁམས་གསུམ་པ་སྟེ། ་དེ་ལ་བྱང་ཆུབ་སྦྱིན་པའི་ཕྱིར་སེམས་དཔའ་ཆེན་པོའོ། །འདིར་ཡང་ལྷ་མོ་རྣམས་ལ་ཡོད་པ་སྟེ། དེ་དག་ཀྱང་བྱང་ཆུབ་སེམས་དཔའ་ཞེས་བརྗོད་དོ། །ཡང་ན་བྱང་ཆུབ་སེམས་དཔའ་ཨི་སྒྲ་ནི་འབྲུ་མང་པོ་པའི་བསྡུ་པ་ལ་མོ་རྟགས་ཀྱི་ངོ་བོར་ཤེས་པར་བྱའོ། །དེ་ལྟར་ན་བྱང ་ཆུབ་སེམས་དཔའ་བརྒྱད་དང། རིགས་ཀྱི་ལྷ་མོ་བཞི་དང། མཆོད་པའི་ལྷ་མོ་ལྔ་སྟེ་དེ་རྣམས་དང་ལྷན་ཅིག་ཏུ་བཞུགས་པ་སྟེ་།གཞན་མ་རྣམས་ནི་མ་ཡིན་ནོ། །ཞེས་བཤད་པར་བྱ་བའི་ཕྱིར། དེ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ནི་ནམ་མཁའ་ཨི་ཁམས་བཞིན ་དུ་གྲངས་ལས་འདས་པའོ། །དེ་བཞིན་ནི་དེ་བཞིན་ཉིད་དེ་ཆོས་ཀྱི་དབྱིངས་སོ། །དེ་ལས་གཤེགས་པ་ནི་ཆོས་ཀྱི་སྐུ་སོ། །ཡང་ན་དེ་བཞིན་ཉིད་དེ་ཉིད་ལས་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་ངག་གིས་གཤེགས་པས་ན་དེ་བཞིན་གཤེགས་པ་སྟེ། ཕུང་པོ་ལྔ་? ་པར་དག་པའི་གཙོ་བོར་གྱུར་པ་ལྔ་ཁོ་ན་བཤད་པར་བྱ་སྟེ། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཐོབ་པས་སྒྲིབ་པ་གཉིས་ཀྱིས་བསྐྱོད་པར་མི་འགྱུར་བས་ན་མི་བསྐྱོད་པའོ། །དེ་ཉིད་ཀྱི་ཕྱིར་ནི་རྡོ་རྗེའོ། །དེ་བཞིན་དུ་མེ་ལོང་ལྟ་བུའི་ཡེ ་ཤེས་ཀྱིས་མེ་ལོང་བཞིན་དུ་ཁྱད་པར་དུ་སྣང་བས་ན་རྣམ་པར་སྣང་མཛད་དོ། །ནམ་མཁའ་ཨི་མཛོད་ཀྱི་ཏིང་ངེ་འཛིན་ནི་བསམ་པ་ཐམས་ཅད་རྫོགས་པར་བྱེད་པས་ན་རིན་ཆེན་ཏེ། དེ་ཉིད་དཔལ་གང་ལ་ཡོད་པད་ནི་རིན་ཆེན་དཔལ་ལོ། །ཡང་ན་རིན་ཆེན་ནི་མཉམ་པ་ཉིད་ཀྱི་ཡེ ་ཤེས་ཏེ། དེ་ཉིད་དཔལ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སོ་སོར་རྟོག་པའི་ཡེ་ཤེས་ཉིད་རྒྱ་མཚོ་བཞིན་དུ་འོད་དཔག་ཏུ་མེད་པ་གང་ལ་ཡོད་པ་དེ་ནི་རྡོ་རྗེ་འོད་དཔག་ཏུ་མེད་པའོ། །བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་ཉིད་འགྲོ་བ་མ་ལུས་པའི་གདོན་མི་ཟ་བ་ནི ་འབྲས་བུ་དང་བཅས་པ་དེ་ཉིད་ཀྱི་ཕྱིར་རྒྱུན་མ་ཆད་པའི་རྡོ་རྗེ་གང་ལ་ཡོད་པ་དེ་ནི་རྡོ་རྗེ་གདོན་མི་ཟ་བའོ། །དེ་དག་ལ་སོགས་པ་ཞེས་པ་ནི་དེ་རྣམས་གཙོ་བོར་གྱུར་པའོ། །ནམ་མཁའ་ཨི་དབྱིངས་ཐམས་ཅད་ཀྱང་མཉམ་པ་ཞེས་པ་ནི་མཛའ་ཡས་པའོ། །དེ་རྣམས་ཀྱི་མཛའ་ ་ཡས་པ་དེ་ཉིད་དཔེའི་སྒོ་ནས་བསྒོམ་པར་བྱ་བའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་བཞིན་དུ། ཏིལ་གྱི་གང་པུ་གཅིག་ལ་ཏིལ་རྣམས་ཕན་ཚུན་འབྲེལ་ནས་གནས་པ་དེ་བཞིན་དུ་རྒྱུད་ཀྱི་རྒྱལ་པོ་ཉན་པའི་ཕྱིར་ཐམས་ཅད་ནམ་མཁའ་ཡང་དག ་པར་འདུས་པར་གྱུར་པའོ་ཞེས་སྟོན་ཏོ། །ཡང་ན་ཏལ་འབྲུ་གཅིག་ལ་གཟུགས་དང་རོ་དང་མདོག་མཉམ་པའི་ཏིལ་རྣམས་གནས་པ་དེ་བཞིན་དུ་ནམ་མཁའ་ཨི་དབྱིངས་ཀྱི་ངོ་བོ་རྡོ་རྗེ་འཆད་ཆེན་པོ་དང། དེ་བཞིན་གཤེགས་པ་ལ་སོགས་པ་རོ་གཅིག་པར་གྱུར་པ་གནས ་པ་སྟེ། ལོངས་སྦྱོར་རྫོགས་པ་དང། སྦྲུལ་པའི་སྐུ་དང་ཐ་མི་དད་པས་མཛད་པ་གཅིག་ཡིན་པའི་ཕྱིར་རོ།། དེ་ནི་བསྐྱེད་པ་དང་རྫོགས་པའི་རིམ་པའི་དོན་ཡིན་ནོ། །གླེང་གཞི་བསྟན་ནས་བཅོམ་ལྡན་འདས་རྣམས་པར་སྣང་མཛད་ཆེན་པོས་འདོད་ཆགས་ཀྱི་རིགས་ཅན་སེམས ་ཅན་རྣམས་ལ་བརྟན་ཏེ། དེ་རྣམས་གདུལ་བར་བྱ་བའི་ཕྱིར་དེ་དང་རྗེ་སུ་མཐུན་པའི་ཏིང་ངེ་འཛིན་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་པའི་ཡོན་ཏན་ལྔ་བྱང་ཆུབ་ཐོབ་པའི་ཕྱིར་སྟེན་པར་བྱེད་པས་ན་བཅོམ་ལྡན་འདས་སོ།། ་ཆེན་པོ་ནི་ཉན་ཐོས་དང་རང་སངས་རྒྱས་ཏེ། དེ་རྣམས་ཀྱི་ནང་ན་ཡང་དག་པའི་ཡེ་ཤེས་ཐོབ་པས་ཁྱད་པར་དུ་སྣང་བས་ན་རྣམ་པར་སྣང་མཛད་ཆེན་པོ་སྟེ། རྡོ་རྗེ་འཆང་ཆེན་པོ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞེས་པ་ནི་འདོད་ཆགས་ལ་སོགས ་པའི་རང་བཞིན་བརྒྱ་དྲུག་ཅུ་སྟེ། འདོད་ཆགས་ཆེན་པོའི་ཚུལ་ནི་དེ་རྣམས་སྔར་བཤད་པའི་སྔགས་དང་ཕྱག་རྒྱའི་རིམ་པས་འོད་གསལ་བ་ཉིད་དུ་བྱ་བའོ། །དེ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་ཐུགས་རྡོ་རྗེ་རྩེ་གཅིག་པ་ཉིད་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པའི་དགོད ་པ་དེ་དག་ཐམས་ཅད་ཅེས་པ་ནི་དཀྱིལ་འཁོར་པ་ལྷའི་འཁོར་ལོ་སྟེ། དེ་དང་དེའི་རང་བཞིན་སྐུ་ལ་སོགས་པའི་རྣམ་པར་རྟོག་པ་ཉིད་ཀྱི་སྐུ་ལ་ཞེས་པ་ནི་འོད་གསལ་བར་ཞུགས་པར་མཛད་དེ་སེམས་རྣམ་པར་དག་པའོ། །སྔར་བཤད་པའི་འདོད་པའི་དབང་ཕྱུག་བསྟན་པར ་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞིག་དཀྱིལ་འཁོར་པ་རྣམས་སྔར་ཉེ་བར་བསྡུས་པ་དེ་རྣམས་ཁོ་ན་དེ་བཞིན་གཤེགས་པ་ཐམས་ཅད་དོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དབང་པོ་ནི་རྡོ་རྗེ་ཆེན་པོ་སྟེ། དེ ་ཉིད་ཡོངས་སུ་མཉེས་པར་བྱ་བའི་ཕྱིར་ཤེས་པ་ནི་ལྷན་ཅིག་སྐྱེས་པ་འགྲུབ་པར་བྱ་བའི་ཕྱིར་རོ། །ཉིད་ཀྱི་སྐུ་ནི་རང་གི་སྐུ་སྟེ། དེ་རྣམས་ཀྱི་བུད་མེད་ཀྱི་གཟུགས་སུ་ཞེས་པ་ནི་གདུལ་བྱའི་དབང་གིས་ལྷ་མོའི་གཟུགས་སུ་སྤྲུལ་ཏེ། དོན་དམ་པས་ནི་མ་ཡིན་ནོ། །གང་གི་ཕྱིར་དེ་ཁོ་ན ་ཉིད་ལ་བུད་མེད་དང་སྐྱེས་པའི་དབྱེ་བའི་དགོངས་པའི་དབང་གིས་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་རོལ་མོ་མཛད་པ་ཡིན་ནོ། །བཅོམ་ལྡན་འདས་དེ་ཉིད་ཀྱི་སྐུའི་དཀྱིལ་འཁོར་ལས་མངོན་པར་བྱུང་བ་ནི་དེ་བཞིན་གཤེགས་པ་དེ་རྣམས་བུད་མེད་ཀྱི་གཟུགས་སུ་ཕྱི་རོལ ་ཏུ་བྱུང་ཞེས་ཚིག་གི་ལྷག་མའོ། །གང་ཞིག་བྱུང་བ་དེ་རྣམས་བསྟན་པར་བྱ་བའི་ཕྱིར། དེ་ལ་ལ་ལ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་སྤྱན་ནི་སའི་ཁམས་ཀྱི་ངོ་བོ་སྟེ། དེ་རྣམས་གཟིགས་ན་དེའི་རྣམ་པར་དག་པའི་ཕྱིར་སངས་རྒྱས་སྤྱན་ནོ། ་མཱ་མ་ཀཱི་ཞེས་པ་ནི་མཱ་ཞེས་པ་ནི་ཟླ་བ་སྟེ། དེ་ཉིད་ཆུའི་ཁམས་སོ། །དེ་རྟོགས་པ་དང་འཇོམས་པའི་ཕྱིར་མཱ་མ་ཀཱི་སྟེ་ཆུའི་ཁམས་རྣམ་པར་དག་པ་ཞེས་སྟོན་ཏོ། །གོས་དཀར་མོ་ཞེས་པ་ནི་མེའི་ཁམས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་ཉོན་མོངས་པ་དང། རྣམ་པར་རྟོག་པ་རྣམས་བསྲེག་ཅིང ་དོན་དམ་པའི་བདག་ཉིད་ཀྱི་གོས་དཀར་པོ་དང་ལྡན་པས་ན་གོས་དཀར་མོའོ། །རླུང་གི་ཁམས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་སྐྱེ་བ་དང་ལས་དང་ཉོན་མོངས་པའི་བདག་ཉིད་རྣམ་པ་བཅུ་གཉིས་ཀྱི་སྲིད་པའི་འཁོར་ལོ་ལས་མྱུར་དུ་སྒྲོལ་བར་བྱེད་པས་ན་སྒྲོལ་མའོ། །དེ་བཞིན་དུ་ལ་ལ ་གཟུགས་ཀྱི་ངོ་བོ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་ནི་ས་ལ་སོགས་པའི་རྣམ་པར་དག་པའི་ངོ་བོ་ལྷ་མོ་རྣམས་གཅིག་པུ་བྱུང་བ་མ་ཡིན་གྱིས། འོན་ཀྱང་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་སྟེ། ཡུལ་རྣམས་རྣམ་པར་དག་པའི་བདག་ཉིད་གཟུགས་དང་སྒྲ་དང་དྲི་དང་རོ ་དང་རེག་བྱའི་རྡོ་རྗེ་མ་རྣམས་འབྱུང་ཞིང་གནས་པར་གྱུར་ཏོ། །ཞེས་བྱ་བའི་དོན་ཏོ། བསྐྱེད་པ་དང་རྫོགས་པའི་རིམ་པ་དག་གོ། དེ་ལྟ་བུའི་ལྷ་མོའི་འཁོར་སྤྲོས་ཏེ། དམ་ཚིག་ཆེན་པོའི་དཀྱིལ་འཁོར་སྤྲུལ་པར་བྱ་བའི་ཕྱིར། དེ་ནས་ཤེས་བྱ་བ་ལ་སོགས་པ་གསུངས ་ཏེ། མི་བསྐྱོད་པ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་ལ་རྗེས་སུ་ཞུགས་པས་ཐུགས་ཀྱི་རྡོ་རྗེ་སྟེ། འདིར་ནི་དེ་ཉིད་གཙོ་བོར་གྱུར་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་འམ། དེ་བཞིན་གཤེགས་པ་ཐཾད?་ཀྱིས་བོད་གིས་བྱིན་གྱིས་བརླབས་པ་གང་ཞིག་བཙུན་མོ ་རང་སྣང་གི་ཤེས་རབ་སྟེ། དེ་ཉིད་ཀྱི་བྷ་ག་ནི་ཆོས་འབྱུང་གི་ཕྱག་རྒྱའི་གནས་སོ། །དམ་ཚིག་ཆེན་པོར་དཀྱིལ་འཁོར་ནི་དམ་ཚིག་ནི་ལྷ་མོ་སྤྱན་ལ་སོགས་པ་བཞིས་ས་ལ་སོགས་པ་རྣམ་པར་དག་པའི་རང་བཞིན་དང། གཟུགས་ལ་སོགས་པ་རྣམ་པར་དག་པའི་ངོ་བོ ་གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྔ་པོའི་བཞིར་གྱུར་པའི་དཀྱིལ་འཁོར་ནི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་རོ། །དེ་ཡང་ཇི་ལྟ་བུ་ཞེ་ན། གྲུ་བཞིར་ཞེས་པ་ནི་གྲུ་བཞིའི་ཡོན་ཏན་དང་ལྡན་པ་དང། དེ་བཞིན་དུ་རྡུལ་མེད་པ་ནི་རིན་པོ་ཆེ་ལ་སོགས་པའི་ངོ་བོར་བྱིན་གྱིས ་བརླབས་པ་ནི་ཟླ་བ་དང་རྡོ་རྗེ་ལ་སོགས་པའི་ས་བོན་གྱི་རིམ་པའོ་ཞེས་ཚིག་གི་ལྷག་མའོ།། དམ་ཚིག་གི་འཁོར་ལོ་དེ་ཡང་ཇི་ལྟ་བུ་ཞེ་ན། གསལ་བ་ཞེས་བྱ་བ་ལ་སོགས་པ་ལ་གསལ་བ་ནི་རིན་པོ་ཆེའི་རང་བཟིན་ཡིན་པའི་ཕྱིར་གསལ་བར་གྱུར་པའོ། །དེའི ་ངོ་བོ་ཉིད་ཅེས་པ་ནི་ནམ་ཡང་དྲི་མ་ཉིད་དུ་མི་འགྱུར་པའོ། །སྣ་ཚོགས་གཟུགས་ཞེས་བྱ་བ་ནི་ཁ་དོག་སྣ་ལྔའོ། །སྔས་རྒྱས་སྤྲིན་གྱིས་ཀུན་ཏུ་ཁབ་པ་ནི་འགྲོ་བའི་དོན་དུ་སྐྱོབ་པ་དུ་མ་དུ་མ་སྤྲོ་བའོ། །འོད་ཟེར་འཕྲོ་བ་མང་པོ་འཁྲུག་ཅེས་པ་ནི་འོང་ཀྱི་ཚོ་ཀྱིས་ཁྱབ་པ་དང་ཕྱི་རོལ་དུ ་ཡང་དེ་དག་སྤྲོ་བར་བྱེད་པའོ། །གསལ་བ་ལ་སོགས་དཀྱིལ་འཁོར་ཞེས་པ་ནི་ཟླ་བ་དང་ཉི་མའི་དཀྱིལ་འཁོར་དང་ལྡན་པའོ། །དེ་བཞིན་གཤེགས་པ་ནི་འོག་ནས་འཆད་པར་འགྱུར་བའི་དཀྱིལ་འཁོར་པ་རྣམས་ཀྱི་གནས་སུ་གྱུར་པའི་ཕྱིར་རོ། །གནས་ནི་གཞིའོ་བྱིན་གྱིས་བརླབས ་པར་མཛད་དོ་ཞེས་བྱ་བ་ནི་སྔ་མ་དང་སྦྱོར། །སྤྲུལ་ནས་ཇི་ལྟར་མཛད་ཅེ་ན། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་སྟེ། རྡོ་རྗེ་འཆང་ཆེན་པོ་ལ་རྗེས་སུ་ཞུགས་པས་མི་བསྐྱོད ་པའོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་དབུས་ནི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་གྱི་དབུས་དེར་བཞག་པར་གྱུར་ཏོ་ཞེས་བྱ་བ་ནི་རང་གི་བདག་ཉིད་དཀྱིལ་འཁོར་གཙོ་བོ་ཉིད་དུ་བཞག་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་བཤད་པ་ཡིན་ཏེ། རིམ ་པ་གཅིག་གི་ཕྱོགས་ལ་སྤྱན་ལ་སོགས་པ་དང། རིམ་པ་གཉིས་པའི་གྲུ་རུ་གཟུགས་རྡོ་རྗེ་མ་ལ་སོགས་པ་དང། རེག་བྱ་རྡོ་རྗེ་མ་ལ་སོགས་པ་རང་སྣང་བའི་ཤེས་རབ་དང་ཐ་མི་དད་པས་འཁྱུད་པར་གྱུར་ཏོ། །ཞེས་བྱ་བ་ནི་དཀྱིལ་འཁོར་རྒྱལ་མཆོག་གོ། དེ་བཞིན་གཤེགས ་བ་མི་བསྐྱོད་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །ཐམས་ཅད་ནི་ལྐོག་མ་དང། དེ་བཞིན་གཤེགས་པ་ནི་སྙིང་ཁ་དང། རྡོ་རྗེ་ནི་ལྟེ་བ་དང། རྡོ་རྗེ་བཙུན་མོ་ནི་གསང་བ་ལའོ། །གྲུ་བཞི་པ་ནི་སའི་དཀྱིལ་འཁོར་རོ། །རྡུལ་མེད་པ་ནི་ཆུའི་དཀྱིལ་འཁོར་རོ། །དམ་ཚིག་ཆེན་པོ་ནི་རླུང་གི་དཀྱིལ་འཁོར ་རོ། །དཀྱིལ་འཁོར་ནི་མེའི་དཀྱིལ་འཁོར་རོ། །བྱིན་གྱིས་བརླབས་པ་ནི་བསམ་ནས་སོ། །དཀྱིལ་འཁོར་དེ་རྣམས་ལ་གསལ་བ་ནི་འོད་ཟེར་གྱི་འཁོར་ལོ་སྟེ། དེའི་ངོ་བོ་ཉིད་ནི་དེ་བཞིན་གཤེགས་པའི་རང་བཞིན་ནོ། །སྣ་ཚོགས་གཟུགས་ནི་དམར་པོ་དང། སེར་པོ་དང་ལྗང་ཁུ་དང། ཀུན་ཏུ་ནི་གཡས་པ ་དང་གཡོན་པ་དང་གཉིག་ལས་འབྱུང་པའོ། །སངས་རྒྱས་སྤྲིན་གྱིས་ཀུན་ཏུ་ཁྱབ་པ་ནི་པདྨ་དང་རིན་པོ་ཆེ་དང་ལས་ཀྱི་རྡོ་རྗེ་མགོན་པོའི་བདག་པོས་ཁྱབ་པའོ་འོད་ཟེར་འཕྲོ་བས་འཁྲུག་པ་ནི་སྣའི་རྩེ་མོར་འོད་ཟེར་གྱི་ཚུལ་གྱིས་འཛིན་པའོ། །གསལ་བ་ལ་སོགས་པའི་དཀྱིལ་འཁོར་ལྡན་པ་ནི ་ཟླ་བ་དང་ཉི་མའི་རང་བཞིན་གྱིས་རླུང་གཉིས་ཀྱིས་?་ཆུན་གྱི་འཁྲུལ་འཁོར་དང་འདྲ་བར་རྒྱུ་བའོ། །དེ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ནི་ཞི་བ་ལ་སོགས་པའི་ལས་བཞི་པོའི་གནས་ཏེ་གཞིར་གྱུར་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བསྒོམས་ནས་དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་པོ་ནི་ཡི་གེ་གསུམ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་ལྐོག་མ་ལ་སོགས་པའི་མེ་ལ་སོགས་པའི་དཀྱིལ་འཁོར་གང་ཡིན་པ་དེ་རྣམས་ཀྱི་དབུས་སུ་བཞག་པར་གྱུར་ཏོ། །ཞེས་བྱ་བ་ནི་དགོད་པར་གྱུར་ཏོ་ཞེས་བྱ་བ་སྟེ། རྡོ་རྗེ་བཟླས་པའི ་རིམ་པའོ། །དེ་ལྟར་དམ་ཚིག་ཆེན་པོའི་དཀྱིལ་འཁོར་གྱིས་དབུས་སུ་བཅོམ་ལྡན་འདས་གནས་པར་གྱུར་ན་དེ་བཞིན་གཤེགས་པ་ལྔ་གང་དུ་བཞུགས་ཤེ་ན། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔ་ནི་བྱང་ཆུབ ་སེམས་ཀྱི་རྡོ་རྗེ་སྟེ་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀར་བཞུགས་པ་ནི་གནས་པར་གྱུར་ཏེ། འདོད་ཆགས་ཀྱི་རིགས་ཅན་འདུལ་བར་བྱ་བའི་ཕྱིར་ལྷ་མོའི་དབུས་སུ་བཞུགས་པས་ད་ལྟར་དེ་བཞིན་གཤེགས་པ་རྣམས་དགོས་པ་མེད་པའི་ཕྱིར་ཏེ། ལས་ཀྱི་རྒྱལ་པོ་མཆོག་གོ། ཡང ་ན་དེ་ནས་ཞེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔ་སྟེ། བདུད་རྩི་ལྔ་དེ་དག་སྦྱང་བ་ལ་སོགས་པའི་རིམ་གྱིས་བསྒྲུབས་ལ་བྱང་ཆུབ་སེམས་ཀྱི་རྡོ་རྗེ་ནི་བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད་དུ་བརྟན་པར་བྱ་ལ་སྙིང་པོ་ནི་སྔགས་ཀྱི་བྱིན་གྱིས་བརླབས་ཏེ། བཞུགས་པ ་ནི་ཉམས་སུ་མྱོང་བར་མཛད་པ་སྟེ། སྒྲུབ་པའོ། །བཅོམ་ལྡན་འདས་ཀྱིས་ཚུལ་ནི་འདི་ཡིན་ཏེ། ཆོས་བསྟན་པ་ཇི་ལྟར་བྱུང་བ་དེའི་དང་པོར་དེ་དང་འདབ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་འགྱུར་རོ། །འདིར་ནི་འོག་ཏུ་དེ་བཞིན་གཤེགས་པའི་དཀྱིལ་འཁོར ་སྤྲོ་པའི་སྐབས་ཡིན་ན་དེའི་ཚེ་དང་པོར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་མངོན་དུ་བྱེད་པའི་ཕྱིར་།དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་ཀྱི་སེམས་ཀྱི་?་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ཕུང་པོ་ལ་སོགས་པ་སྟེ། དེ་རྣམས་ཟིལ ་གྱིས་གནོན་པ་ནི་སྟོང་པ་ཉིད་ལ་སོགས་པའི་རྣམ་པར་ཐར་པ་བཞིའི་སྒོ་ནས་མི་སྣང་བར་མཛད་པའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་མ་ཐག་ཏུ་ཇི་སྲིད་ནམ་མཁའ་ཨི་དབྱིངས་དེ ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ངོ་བོ་ནི་ཐམས་ཅད་སྟོང་པ་ཉིད་ཀྱི་བདག་ཉིད་དུ་གནས་པར་གྱུར་ཏོ། །དོན་འདི་ཉིད་རྒྱས་པར་བཤད་པ་ཇི་སྲིད་སེམས་ཅན་ཐམས་ཅད་ནམ་མཁའ་ཨི་དབྱིངས་ལ་གནས་པ་ནི་ནམ་མཁའ་ཨི་དབྱིངས་བཞིན་དུ་གྲངས་མེད་པར་གནས་པ་དེ ་དག་ཐམས་ཅད་རྡོ་རྗེ་སེམས་དཔའ་ཨི་བྱིན་གྱིས་བརླབ་པ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་རྫུ་འཕྲུལ་གྱིས་བདེ་བ་དང་ཡིད་བདེ་བ་ཐོབ་པར་འགྱུར་ཞེས་པ་ནི་ལུས་དང་སེམས་དང་ཉོན་མོངས་པའི་རྣམ་པར་རྟོག་པ་མེད་པས། རབ་ཏུ་ཞི་བའི་སྟོང་པ་ཉིད་ཀྱི་རོ་ཉམས་སུ་མྱོང ་པ་ཐོབ་པར་གྱུར་པ་སྟེ། དང་པོ་སྦྱོར་བའི་ཏིང་ངེ་འཛིན་ཏོ།། ཡང་ན་རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བས་དེ་བཞིན་གཤེགས་པ་ཐམས་ཅད་ནི་དགའ་བ་ལ་སོགས་པ་སྟེ། དེ་རྣམས་ཟིལ་གྱིས་གནོན་པའི་རྡོ་རྗེ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། དེ་ཞེས་བྱ་བའི ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ལ། དེའི་དུས་སུ་ནམ་མཁའ་ཨི་དབྱིངས་ཐམས་ཅད་ནི་ཁམས་བཞིའི་ངོ་བོ་ལུས་པོ་དེ་བཞིན་གཤེགས་པ་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་ཏེ་དེའི་སྒོ་ནས་རྡོ་རྗེའི་ངོ་བོ་ནི་རྡོ་རྗེའི་ནོར་བུར་གནས་པར་གྱུར་ཏོ། །དེ་བཞིན ་དུ་གང་ཞིག་སེམས་ཅན་རྣམས་ནི་པདྨའི་ནང་དུ་གནས་པའི་འདོད་པའི་གདུགས་ལ་སོགས་པའི་རྩ་སྟེ། དེ་རྣམས་རྡོ་རྗེ་སེམས་དཔའ་ཨི་ནི་ལྷན་ཅིག་སྐྱེས་པ་སྟེ། དེའི་བྱིན་གྱིས་བརླབས་པ་ནི་ནུས་པ་སྟེ། དེ་ཉིད་ཀྱི་སྒོ་ནས་བདེ་པ་དང་ཡིད་བདེ་བ་ནི་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཏེ། དེ་ཐོབ ་པར་གྱུར་པ་ནི་བདེ་བ་ཆེན་པོའི་ཡེ་ཤེས་རྙེད་པར་གྱུར་ཏེ། སྒྲུབ་པ་ཆེན་པོའོ། །ད་ནི་བསྟན་པར་མཛད་པའི་ཕྱིར་བསྐྱེད་པའི་རིམ་པས་མི་བསྐྱོད་པའི་དཀྱིལ་འཁོར་བཅོམ་ལྡན་འདས་ཀྱིས་སྤྲོ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནི་རྡོ་རྗེ ་འཆང་ཆེན་པོའོ། །དེ་བཞིན་གཤེགས་པ་ནི་སྔར་བཤད་པའི་སྒྲུབ་པ་ཆེན་པོའི་རིམ་པས་དེ་ཉིད་ནི་རྣམ་པར་མི་རྟོག་པ་ཉིད་དེ། དེ་ལ་གཤེགས་པས་ན་དེ་བཞིན་གཤེགས་པའོ། །གཞན་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ནི་དཀྱིལ་འཁོར་རྣམ་པ་གཉིས་ཏེ། དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ནི་སྐུ་ལ་སོགས་པ་རྡོ་རྗེའི་རིགས་ལས་བྱུང་བའོ། །དམ་ཚིག་ནི་དེ་རྣམས་རིམ་པ་ཇི་ལྟ་བ་བཞིན་དུའོ། །འབྱུང་བ་ནི་སྔགས་ཐམས་ཅད་སྤྲོ་བས་སྐྱེད་པར་བྱེད་པའོ། །དེ་ཉིད་འཁོར་བའི་བར་སེམས་ཅན་གྱི་དོན་མཛད་པའི་ཕྱིར་གནས ་པས་ན། རྡོ་རྗེ་སྟེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་ཐུགས་རྩེ་གཅིག་པ་ཉིད་ལ་སྙོམས་པར་ཞུགས་ཏེ། འོག་ནས་འཆད་པར་འགྱུར་པའི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་རླབས་སོ་ཞེས་ཆིག་གི་འབྲེལ་པའོ། །བྱིན་གྱིས་བརླབས་པ་དེ་གང་ཡིན་ཞེ་ན། རིག་པ་ཆེན་པོ་ནི ་ལྟ་མོ་སྤྱན་མ་ལ་སོགས་པ་དང། གཟུགས་རྡོ་རྗེ་མ་ལ་སོགས་པའོ། །སྐྱེས་བུ་ནི་བྱང་ཆུབ་སེམས་དཔའ་ཨི་རྣམས་སོ། །གཟུགས་ནི་ཁྲོ་བོ་རྣམས་ཀྱི་གཟུགས་དང་དེའི་རང་བཞིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པའོ། །སྔགས་ནི་དེ་རྣམས ་ཀྱི་སྔགས་ཏེ། བཛྲ་དྷྲིཀ་ཅེས་བྱ་བ་ལ་སོགས་པའོ། །དེ་རྣམས་ཀྱི་བྱིན་གྱིས་བརླབས་པ་ནི་རང་རང་གི་སྔགས་རྣམས་ཀྱིས་སྐྱེ་བ་སྟེ། བདག་ཉིད་ཀྱང་བྱིན་གྱིས་བརླབས་སོ་ཞེས་སྟོན་ཏོ། །ཏིང་ངེ་འཛིན་འདི་ལ་སྙོམས་པར་ཞུགས་མ་ཐག་ཏུ་དེ་བཞིན་གཤེགས་པ་ཐམས ་ཅད་ནི་ལྷ་མོ་སྤྱན་ལ་སོགས་པ་སྟེ། དེ་རྣམས་ཀྱིས་ཞལ་གསུམ་དང་ཕྱག་དྲུག་ལ་སོགས་པའི་སྐུ་མདོག་དང་དབྱིབས་ཀྱི་བདག་ཉིད་དུ་བཅོམ་ལྡན་འདས་མཐོང་བ་སྟེ་དགོངས་པ་འདིས། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་བསྐྱེད་པའི་རིམ་པའོ།། ་དེ་ལ་རིམ་པ་འདི་ཡིན་ཏེ། །དགོན་པ་ཆེན་པོའི་ས་ཕྱོགས་དང། །འབྲས་བུ་མེ་ཏོག་ལ་སོགས་བརྒྱན། །སྐྱེ་བོ་མེད་པའི་རི་བོ་ལ། །དངོས་གྲུབ་ཀུན་བསྡུས་བསྒྲུབ་པར་བྱ། །རེ་ཞིག་དང་པོ་གདན་འཇམ་པོའི་སྟེང་ན་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་བཅས་ནས་ཞེ་སྡང་རྡོ་རྗེའི་ཏིང ་དེ་འཛིན་མངོན་དུ་བྱས་ལ་རིམ་པ་འདིས་རྣལ་འབྱོར་པས་གནས་བསྲུང་བར་བྱ་སྟེ། རང་གི་སྙིང་ཁར་པདྨ་ཉི་མའི་གདན་ལ་གནས་པའི་ཁྲོ་བོ་རྡོ་རྗེའི་ཧཱུཾ་ལས་ཕྱི་རོལ་ཏུ་ཕྱོགས་བཅུ་ལ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཁྲོ་བོ་བཅུ་སྤྲོས་ཏེ། དེའི་རྗེས་ལ་དེའི་ནང་ན་གནོད་མཛེས ་ཀྱི་རྒྱལ་པོ་ལ་བཀའ་སྩལ་ཏེ། ཕྱོགས་བཅུ་ལ་གནས་པའི་ལྷ་ཆེན་པོ་དང་ཁྱབ་འཇུག་ལ་སོགས་པ་ཇི་བཞིན་དུ་དབྱིབས་དང་ཁ་དོག་དང་ལག་ཅ་དང། སྟན་དང་ལྡན་པ་ཕུར་བུས་གདབ་པར་བྱའོ། །ོཾ་སུམ་བྷ་ནི་སུཾ་བྷ་ཞེས་བྱ་བ་ལ་སོགས་པ་ཚིག་བཞི་པོས ་བགུག་པར་བྱའོ། །དེའི་རྗེས་ལ་བ་ནོར་མཛེས་ཀྱི་རྒྱལ་པོ་རྡོ་རྗེ་ཕུར་བུ་སྟེང་དུ་བདུད་རྩི་འཁྱིལ་པའི་གཟུགས་དང། འོག་ཏུ་རྩེ་གཅིག་པའི་རྣམ་པར་རུ?་བསྒོམས་ཏེ། འཕགས་པ་རྟ་མགྲིན་གྱི་ངོ་བོ་རྡོ་རྗེ་ཐོབས་ཨོཾ་གྷ:གྷ་གྷཱ་ཏ་ཡ་ཞེས་བྱ་བ་ལ་སོགས་པའི་ཚིག་བཞི ་པོས་ས་འོག་བདུན་ལ་སོན་པ་བགེགས་དེ་རྣམས་ཕུར་བུས་གདབ་པར་བྱའོ། །དེའི་རྡོ་རྗེའི་ཐོ་བས་འཆང་བ་དང། འོད་ཟེར་གྱི་འཁོར་ལོ་སྤྲོས་པ་གནོད་མཛེས་ཀྱི་རྒྱལ་པོ་བལྟས་ཏེ། གང་ཡང་རུང་བའི་བགེགས་རྣམས་ཕྱོགས་བཅུར་འབྲོས་པར་བསྒོམ་པར་བྱའོ ་དེའི་རྗེས་ལ་དངོས་པོ་མེད་ཅིང་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་བདག་ཉིད་བསྲུང་བར་བྱ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་མངོན་དུ་བྱས་ལ་གཡོ་བ་དང་མི་གཡོ་བའི་དངོས་པོ་ཐམས་ཅད་རང་བཞིན་མེད་པར་བསམ་པར་བྱའོ། ། ་དེའི་རྗེས་ལ་ཡེ་ཤེས་ཀྱི་ས་གཞི་བསྐྱེད་པར་བྱ་བའི་ཕྱིར་ཡི་གེ་ཧཱུཾ་དང་ལྡན་པ་དང། སྒྲ་དང་ཐིག་ལེས་མགོ་བོར་རྣམ་པར་བརྒྱན་པ་མཐར་གནས་པའི་ཡི་གེ་བཞི་པོ་བསྒོམས་ཏེ་།དེ་ཡོངས་སུ་གྱུར་པ་ལས་སྐྱེས་པ་འབར་བའི་རྡོ་རྗེ་གཉིས་ཀྱིས་མཚན་པ་ལ་སོགས་པའི་དཀྱིལ་འཁོར་རྣམས ་བལྟས་ཏེ། དེའི་སྟེང་ཡི་གེ་བྷཱ?་ཡོངས་སུ་གྱུར་བ་ལས་སྐྱེས་པ་རིག་མེ?་དང་བཅས་པའི་རྣམ་པར་སྣང་མཛད་བསྒོམས་ཏེ། དེའི་ཡན་ལག་ལས་འབྱུང་བ་གྲུ་བཞི་ལ་སོགས་པའི་ཡོན་ཏན་དང་ལྡན་པ་གཞིའི་དཀྱིལ་འཁོར་ཏེ་རིན་པོ་ཆེའི་ངོ་བོ་གཞལ་ཡས་ཁང་པ་བལྟ་བར་བྱའོ། །དེའི་དབུས ་སུ་ནི་ཐུགས་རྡོ་རྗེའི་ས་བོན་ལས་འབྱུང་བ་ཨིནྡྲ་ནཱི་ལའི་མདོག་དང་འདྲ་བ་ཆོ་ག་བཞིན་དུ་རང་གི་བདག་ཉིད་མི་བསྐྱོད་པར་ལྟ་བར་བྱའོ། །དེ་བཞིན་དུ་ཤར་ལ་སོགས་པའི་ཕྱོགས་ལ་ཞལ་གསུམ་པ་ཕྱག་དྲུག་པ་རྣམ་པར་སྣང་མཛད་ལ་སོགས་པའོ། །དེ་བཞིན་དུ་མཚམས ་རྣམས་སུ་སྤྱན་ལ་སོགས་པའོ། །དེ་བཞིན་དུ་དེའི་ཕྱི་རོལ་གྱི་མཚམས་བཞི་པོར་གཟུགས་རྡོ་རྗེ་མ་ལ་སོགས་པའོ། །རེག་བྱ་རྡོ་རྗེ་མ་ནི་བཅོམ་ལྡན་འདས་ཀྱིས་ཁྱུད་པར་བསྒོམ་པར་བྱའོ། །དེ་བཞིན་དུ་ཤར་ལ་སོགས་པའི་སྣམ་བུ་བཞི་ལ་རིམ་པ་ཇི་ལྟ་བ་བཞིན ་དུ་བྱམས་པ་དང། སའི་སྙིང་པོ་དང། ཕྱག་ན་རྡོ་རྗེ་དང། ནམ་མཁའ་ཨི་སྙིང་པོ་དང། འཇིག་རྟེན་དབང་ཕྱུག་དང། འཇམ་པའི་དབྱངས་དང། སྒྲིབ་པ་རྣམ་པར་སེལ་བ་དང། ཀུན་ཏུ་བཟང་པོ་རྣམས་བསྒོམ་པར་བྱའོ། །དེ་བཞིན་དུ་ཤར་ལ་སོགས་པའི་སྒོ་རྣམས་སུ ་གཤིན་རྗེ་མཐར་བྱེད་དང། གཞན་གྱི་མི་ཐུབ་པ་དང། རྟ་མགྲིན་དང། བདུད་རྩི་འཁྱིལ་པ་རྣམས་སོ། །དེ་བཞིན་དུ་ཤར་ལ་སོགས་པའི་མཚམས་སུ་མི་གཡོ་བ་དང། འདོད་པའི་རྒྱལ་པོ་དང། དབྱིག་པ་སྔོན་པོ་ཅན་དང། སྟོབས་པོ་ཆེ་རྣམས་སོ། །དེ་བཞིན ་དུ་འོག་དང་སྟེང་དུ་གནོད་མཛེས་ཀྱི་རྒྱལ་པོ་དང་གཙུག་ཏོར་འཁོར་ལོ་སྒྱུར་བ་དགྲ?་གོ་།དེ་ལྟ་བུའི་ཕྱིའི་དཀྱིལ་འཁོར་བསྒོམས་ལ་དེ་ཉིད་སྐུའི་དཀྱིལ་འཁོར་བསྒོམས་པར་བྱ་བ་ཡིན་ཏེ། དཔེར་ན་གཟུགས་ཀྱི་ཕུང་པོ་ལ་རྣམ་པར་སྣང་མཛད་དེ་།དེ་ཉིད་ནི་མེ་ལོང་ལྟ ་བུའི་ཡེ་ཤེས་སོ། །སའི་ཁམས་ལ་སྤྱན་ནོ། །མིག་ལ་སའི་སྙིང་པོ་དང་བྱམས་པ་དག་གོ། གཟུགས་ལ་གཟུགས་རྡོ་རྗེ་མའོ། །འབྱུང་བ་དང་འབྱུང་བ་ལས་གྱུར་པ་དག་ལ་གཤིན་རྗེ་མཐར་བྱེད་དང། མི་གཡོ་བ་དག་གོ། ཚོར་བའི ་ཕུང་བོ་ལ་ནི་རིན་ཆེན་རྒྱལ་པོ། །དེ་ཉིད་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཆུའི་ཁམས་ལ་མཱ་མ་ཀཱིའོ། །རྣ་བའི་དབང་པོ་ལ་ཕྱག་ན་རྡོ་རྗེའོ། །སྒྲ་ལ་སྒྲ་རྡོ་རྗེ་མའོ། །གཞན་གྱིས་མི་ཐུབ་པ་དང། འདོད་པའི་རྒྱལ་པོ་སྟེ། ཁྲོ་བོ་གཉིས་པོ་ཁ་སྦྱར་བྱའོ། །འདུ ་ཤེས་ལ་སྣང་བ་མཛའ་ཡས་སོ། །དེ་ཉིད་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །མེའི་ཁམས་ལ་གོས་དཀར་མོའོ། །སྣ་ལ་ནམ་མཁའ་སྙིང་པོའོ། དྲིལ་དྲི་རྡོ་རྗེ་མའོ། །རྟ་མགྲིན་དང་དབྱུག་སྔོན་ཅན་ཏེ། ཁྲོ་བོ་གཉིས་པོ་ཁ་སྦྱར་བྱའོ། །འདུ་བྱེད་ལ་དོན་ཡོད་གྲུབ་པའོ། ་དེ་ཉིད་ནི་བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་སོ། །རླུང་གི་ཁམས་ལ་སྒྲོལ་མའོ། །ལྕེ་ལ་འཇིག་རྟེན་དབང་ཕྱུག་གོ། རོ་ལ་རོ་རྡོ་རྗེ་མའོ། །བདུད་རྩི་འཁྱིལ་པ་དང་སྟོབས་པོ་ཆེ་དག་གིས་ཁ་སྦྱར་བྱའོ། །རྣམ་པར་ཤེས་པའི་ཕུང་པོ་ལ་མི་བསྐྱོད་པའོ། །དེ ་ཉིད་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ལུས་ལ་རྣམ་པར་སེལ་བའོ། །ཡིད་ལ་འཇམ་དཔལ་ལོ། །ཡན་ལག་དང་ཉིད་ལག་ཐམས་ཅད་ཀྱི་མཚམས་རྣམས་ལ་ཀུན་ཏུ་བཟང་པོའོ། །རེག་བྱ་ལ་རེག་བྱ་རྡོ་རྗེ་མའོ། །གནོད་མཛེས་དང་གཙུག་ཏོར་དག ་གིས་ཁ་སྦྱར་བྱའོ། །དེ་ནས་སྣང་བ་དང་སྣང་བ་མཆེད་པ་དང་སྣང་བ་ཉེ་བར་ཐོབ་པའི་རིམ་བས་རྣམ་བར་ཤེས་པ་མི་སྣང་བར་བྱས་ལ། སྟོན་ཀའི་ཉི་མ་ཕྱེད་པ་སྤྲིན་མེད་པའི་ནམ་མཁའ་དང་འདྲ་བ་རང་གི་བདག་ཉིད་དང?་ཁམས་གསུམ་པ་རྣམ་པར ་བསྒོམས་ལ་དེ་ཉིད་བརྟན་བར་བྱ་བའི་ཕྱིར་སྔགས་འདི་ཉིད་དྲན་པར་བྱ་སྟེ། ཨའོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭབྷཱ་བ་ཨཱཏྨཀོཉཧཾ། ནམ་མཁའ་ཨི་ཁམས་ལ་ཧཱུཾ་ལས་བྱུང་བ་ཉི་མའི་དཀྱིལ་འཁོར་བསམས་ཏེ། དེའི་སྟེང་དུ་ཨོཾ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར ་བསྒོམས་ལ་དེའི་སྟེང་དུ་ཡང་ཨ(རྒྱུད་འགྲེལ་ཞེས་བྱ་བའི་སྔགས་འདི་བརྗོད་དོ། །དེ་ནི་རྣལ་འབྱོར་རོ། །དེ་ནས་ཟླ་བའི་དཀྱིལ་འཁོར་དེ་ཉིད་ལ་ཡི་གེ་གསུམ་ཡང་བཀོད་ཅིང་དེ་ཡོངས་སུ་གྱུར་པ་ལས་བསྐྱེད་པ་སྐུ་མདོག་དཀར་པོ་རྡོ་རྗེ་འཆང་ཆེན་པོ་རྣམ་པར་བསྒོམས་ཏེ་།དེའི་རྗེས་ལ་དེ་ཉིད་ཀྱི་ཐུགས་ཀ་ལས ་མི་བསྐྱོད་པ་སྤྲོས་ནས་རྗེས་སུ་ཞུགས་པས། ཨིནྡྲ་ནཱི་ལ་དང་འདྲ་བ་ཞལ་གསུམ་པ་ཕྱག་དྲུག་པ། ཕྱག་གཡས་པ་རྣམས་ལ་རྡོ་རྗེ་རང་འཁོར་ལོ་དང་པདྨ་བསྣམས་པ། ཕྱག་གཡོན་པ་རྣམས་ལ་དྲིལ་བུ་དང་རལ་གྲི་དང་རིན་ཆེན་བསྣམས་པ། རང་གི་བདག་ཉིད་རྡོ་རྗེ ་སེམས་དཔའ་ཉིད་དུ་བསྒོམ་པར་བྱ་སྟེ་།རྗེས་སུ་རྣལ་འབྱོར་རོ། །དེ་ནས་དེ་ཉིད་ཀྱི་སྤྱི་བོ་དང་ལྐོག་མ་དང་ཐུགས་ཀ་དང་ལྟེ་བ་དང་ཞབས་གཉིས་པོ་ལ་རིམ་པ་ཇི་ལྟ་བ་བཞིན་དུ་ཁ་དོག་དཀར་པོ་དང་དམར་པོ་དང་སྔོན་པོ་དང་སེར་པོ་དང་ལྗང་གུ་སྟེ་།ཕུང་པོ་རྣམ་པར ་དག་པའི་ངོ་བོ་ཡི་གེ་ཨོཾ་ཨཱ(རྒྱུད་འགྲེལ་དེ་བཞིན་དུ་ཐལཾ:?་ཨོཾ་ཨོཾ་ཧཱུཾ་ཧཱུཾ་མེཾ་སཾ་ཞེས་བྱ་བའི་ས་བོན་རྣམས་ཀྱིས་རིམ་པ་ཇི་ལྟ་བ་བཞིན་དུ་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་དང། རྩ་རྒྱུས་དང་ཡན་ལག་ཐམས་ཅད་ཀྱི་ཚིག་རྣམས་བྱིན་གྱིས་བརླབ་པར་བྱའོ། །དེ་བཞིན་དུ་ལག་པ་གཡས་པ ་དང་གཡོན་པའི་རྩ་དང། ཁ་དང་གསང་བའི་གནས་དང། ལག་པ་གཡས་པ་དང་གཡོན་པ་དང། བུས་མོ་གཡོས་པ་དང་གཡོན་པ་དང། སྤྱི་བོ་དང་རྐང་མཐིལ་རྣམས་ལ་རིམ་པ་ཇི་ལྟ་བ་བཞིན་དུ་ཡི་གེ་ཧཱུཾ་བཅུ་ལས་འབྱུང་བའི་གཤིན་རྗེ་མཐར་བྱེད་ལ ་སོགས་བ་ཁྲོ་བོ་བཅུ་དགོད་པར་བྱ་སྟེ། ཤིན་ཏུ་རྣལ་འབྱོར་རོ། །དེའི་རྗེས་ལ་སྤྱི་བོར་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཨོཾ་དཀར་པོ་རྣམ་བར་བཀོད་ལ་དེ་ལས་བྱུང་བའི་འོད་ཟེར་གྱི་འཁོར་ལོས་རང་གི་བདག་པོ་དང་བཅས་པའི་ལྷ་མོ་ཅན་གྱི་ཚོགས?་སྤྲོས་ཏེ་།དེ ་ཉིད་ཀྱིS་ནམ་མཁའ་ལ་གནས་པའི་རྣམ་པར་སྣང་མཛད་བཀུག་ཅིང་དེའི་མདུན་དུ་གནས་ཏེ། དཔལ་ལྡན་སངས་རྒྱས་སྐུ་འཆང་བ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་བ་དང། ཕྱོགས་བཅུ་ལ་བཞུགས་སངས་རྒྱས་རྣམས་ཞེས་བྱ་བ་ལ་སོགས་པས་དེའི་དཀྱིལ་འཁོར་ལ ་ཡང་གསོལ་བ་གདབ་པར་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་པ་ཨཱཏྨཀོཉཧཾ་ཞེས་བྱ་བའི་སྔགས་བརྗོད་ཅིང་དེ་ཉིད་དུ་ཞུགས་ཏེ་སྐུ་རྡོ་རྗེའི་ང་རྒྱལ་གྱིས་གནས་བར་བྱའོ། །དེ་བཞིན་དུ་ལྕེ་དང་སྙིང་ཁའི་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཨཱ(རྒྱུད་འགྲེལ་ཧཱུཾ་དམར་བོ་དང་ནག་པོ་བསྒོམས་ལ་དེ་དག་ལས་བྱུང་བའི་འོད་ཟེར་གྱི་འཁོར་ལོས་རང་རང་གི་བདག་མོ་དང་བཅས་བའི་གོས་དཀར་མོ་དང་མཱ་མ་ཀཱིའི་ཚོགས་སྤྲོས་ཏེ། སྔ་མ་བཞིན་དུ་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེ་དག་དེ་དག་གིས་བཀུག་ཅིང་དེའི་མདུན་དུ་ཡང་དཔལ་ལྡན ་ཆོས་ནི་གསུང་གི་ལམ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་གསོལ་བ་བཏབ་ལ། ཨོཾ་སརྦབ་ཏ་ཐཱ་ག་ཏ་བཱ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨཀོཉཧཾ། ཞེས་བྱ་བ་དང་།ོཾ་སརྦབ་ཏེ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨཀོཉཧཾ་ཞེས་བྱ་བའི་སྔགས་དག་གིས་བརྟན་པར ་བྱས་ལ། ཡི་གེ་དེ་དག་གཉིས་པོ་ལ་རང་རང་གི་བདག་པོ་དང་བཅས་པའི་དཀྱིལ་འཁོར་གཉིས་ཞུགས་ཏེ། དེའི་ང་རྒྱལ་གྱིས་གནས་པར་བྱའོ། །དེ་ནས་ཕྱག་མཚན་དྲུག་དང་ལྡན་པའི་དམ་ཚིག་སེམས་དཔའ་ཨི་རྫོགས་པར་བལྟས་ཏེ། དེའི་སྙིང་ཁར་དེ་དང་འདྲ་བའི་ཡེ ་ཤེས་སེམས་དཔའ་ཕྲ་མོ་རྣམ་བར་བསྒོམས་ལ། དེའི་སྙིང་ཁར་ཡང་ཏིང་ངེ་འཛིན་སེམས་དཔའ་ཡི་གེ་ཧཱུཾ་དགོང་པར་བྱ་སྟེ། རྣལ་འབྱོར་ཆེན་པོའོ། །དེ་ནི་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ཡིན་ནོ། །དེའི་རྗེས་ལ་དམ་ཚིག་དང་སྡོམ?་པ་གནས་པ ་ཐོབ་པ་དང་བསམ་པ་དང་བསྒོམ་པའི་རིམ་པས་ཡིད་རྫོགས་པའི་འཁྲུས་མཁན་ལ་སོགས་པ་གང་ཡང་རུང་བའི་རིགས་ཅན་མདོག་ལྗང་ཁུ་དམ་ཚིག་གི་ཕྱག་རྒྱ་མ་བླངས་ཏེ་།སྔ་མ་བཞིན་དུ་དེ་ཉིད་ཀྱི་སྤྱི་བོ་ལ་སོགས་པའི་གནས་ལྔ་པོར་ཡི་གེ་ཨོཾ་ལ་སོགས་པ་བཀོད་ལ། ་སྤྱན་ལ་སོགས་པའི་ཡི་གེ་རྣམས་ཀྱིས་ཁམས་བཞི་པོའི་རང་བཞིན་ནུ་མ་དང་མ་མཆུ་དང། བྷ་ག་དང་དེའི་ནམ་མཁའ་རྣམས་བྱིན་གྱིས་བརླབས་ལ་གཟུགས་རྡོ་རྗེ་མ་ལ་སོགས་པ་དང་སྙོམས་པར་ཞུགས་པའི་སའི་སྙིང་པོ་ལ་སོགས་པས་སྐྱེ་མཆེད་རྣམས་བྱིན་གྱིས་བརླབས ་ཤིང་སྔ་མ་བཞིན་དུ་ལག་པ་གཡས་པ་ལ་སོགས་པའི་གནས་བཅུ་ལ་རྡོ་རྗེ་རོ་ལངས་མ་དང། གཞན་གྱིས་མི་ཐུབ་མ་དང། ཁྲོ་གཉེར་མདང་རལ་པ་གཅིག་མ་དང། སྣ་ཚོགས་རྡོ་རྗེ་མ་དང། སྣ་ཚོགས་རིན་ཆེན་མ་དང། སྣ་ཚོགས་པདྨ་མ་དང། སྣ་ཚོགས་ལས་མ་དང། ་ནམ་མཁའ་རྡོ་རྗེ་མ་དང། ས་འཛིན་མ་སྟེ། ཁྲོ་བོ་རྒྱལ་པོའི་བཙུན་མོ་བཅུ་དགོད་པར་བྱའོ། །དེའི་རྗེས་ལ་བདག་ཉིད་ཀྱི་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་རྣམ་པར་བསམས་ཏེ། དེ་ཉིད་ཀྱི་རྩེ་དབུས་མ་ལ་ཡི་གེ་ཨོཾ་དགོད་ཅིང་དེ་བཞིན་དུ་ལྷ་མོའི་པདྨ་ཡང་ཡི་གེ་ཨཱ: ་ལས་བྱུང་བ་བསམས་ལ། དེ་ཉིད་ཀྱི་ལྟེ་བར་ཨོཾ་བྱིན་གྱིས་བརླབ་པ་བྱས་ལ། ཨོཾ་སརྦབ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨཀོཉཧཾ་ཞེས་བྱ་བའི་སྔགས་བརྗོད་ཅིང་སྒྲུབ་པ་བརྩམ་པར་བྱའོ། །ཡི་གེ་ཧཱུཾ་གི་རང་བཞིན་གྱི་ལུས་བདེ་བ་ཆེན་པོའི་དེ་ཁོ་ན་ཉིད་ཉམས་སུ ་མྱོང་ཞིང་དེ་ནས་ཕྱུང་བའི་དུས་སུ་ཡི་གེ་ཕཊ་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པར་དམིགས་ཏེ་།ོཾ་སརྦབ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨཀོཉཧཾ་ཞེས་བྱ་བའི་སྔགས་བརྗོད་ཅིང་པདྨའི་ནང་སྤྲོ་བར་བྱའོ། །དེའི་རྗེས་ལ་པདྨའི་ནང་དུ་བཛྲ་དྷྲིཀ་ཅེས་བྱ ་བའི་སྔགས་ཀྱིས་རྫོགས་པ་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་རལ་པའི་ཅོད་པན་དང་ལྡན་པ་རང་གི་བདག་པོས་སྤྱི་བོར་བརྒྱན་པ། སྐུ་མདོག་ནག་པོ་ཞལ་གཞན་གཉིས་དམར་པོ་དང་དཀར་པོ་མངའ་བ། ཕྱག་གཡས་པ་རྣམས་ལ་རྡོ་རྗེ་དང་འཁོར་ལོ་དང་པདྨ ་འཆང་བ། གཡོན་པ་རྣམས་ལ་དྲིལ་བུ་དང་ཡིད་བཞིན་ནོར་བུ་དང་རལ་གྲི་བསྣམས་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། བཅོམ་ལྡན་འདས་མི་བསྐྱོད་པ་བསམས་ཏེ། དེ་ནས་བཅོམ་ལྡན་འདས་དེ ་ཉིད་རྡོ་རྗེའི་སྟེང་གི་ལམ་ནས་གཤེགས་ཏེ། ཡེ་ཤེས་སེམས་དཔའ་ཨི་རྡོ་རྗེར་ཞུགས་ཤིང་དེའི་སྟེང་གི་ལམ་ནས་ཡང་གཤེགས་ལ། དེ་ཉིད་ཀྱི་ཞལ་ནས་བྱུང་སྟེ་ལྷ་མོའི་ཞལ་ཀྱི་ལམ་ནས་དེ་ཉིད་ཀྱི་ཡེ་ཤེས་སེམས་མའི་སྙིང་ཁར་ཞུགས་ཏེ། དེ་ལས་ཀྱང་ཕྱི་རོལ་དུ ་བྱུང་ལ་ཞེ་སྡང་གི་རིགས་ཅན་གྱི་སེམས་ཅན་རྣམས་ས་བཅུའི་དབང་ཕྱུག་དུ་མཛད་ཅིང་ཡང་ཚུར་གཤེགས་ལ་མདུན་དུ་བཞུགས་ཏེ། དཀྱིལ་འཁོར་གྱི་བདག་པོ་དང་ཐ་མི་དད་པར་གྱུར་ཅིང་ཉི་མ་དང་པདྨའི་གདན་གྱི་སྟེང་དུ་རང་གི་རིགས་མས་འཁྱུད་པ། དྲག་པོ ་དང་ཞི་བ་དང་ཆགས་པ་ཆེན་པོ་སྟེ། རོ་གསུམ་གྱི་བདག་ཉིད་ཅན་རྣལ་འབྱོར་པས་རང་གི་བདག་ཉིད་བསྒོམ་པར་བྱའོ། །དེའི་རྗེས་ལ་ཛི་ན་ཛི་ཀ་ཅེས་བྱ་བ་ལ་སོགས་པའི་སྔགས་བཞི་པོས་རྣམ་པར་སྣང་མཛད་དང། རིན་ཆེན་འབྱུང་ལྡན་དང། སྣང་བ་མཛའ་ ་ཡས་དང། དོན་ཡོད་གྲུབ་པ་རྣམས་ཞལ་གསུམ་པ་ཕྱག་དྲུག་པ་སྐུ་མདོག་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་ཁུ་དང། དཀར་པོ་དང་དམར་པོ་དང་སེར་པོ་དང་ནག་པོ་དང་དཀར་པོ་དང་ལྗང་ཁུ་དང་ནག་པོ་དང། དཀར་པོའི་ཞལ་མངའ་བ། འཁོར་ལོ ་དང་སྣ་ཚོགས་རྡོ་རྗེ་དང་པདྨ་དཀར་པོ་དང། དྲིལ་བུ་དང་ཡིད་བཞིན་གྱི་ནོར་བུ་དང། རལ་གྲི་དང་ཡིད་བཞིན་གྱི་ནོར་བུ་དང། རྡོ་རྗེ་དང་འཁོར་ལོ་དང། དྲིལ་བུ་དང། པདྨ་སེར་པོ་དང། རལ་གྲི་དང། ཐུགས་ཁར་པདྨ་ཁ་ཕྱེ་བ་དང། རྡོ་རྗེ་དང་འཁོར་ལོ་དང་རིན་པོ ་ཆེ་དང། རལ་གྲི་དང་དྲིལ་བུ་དང། རལ་གྲི་དང་།སྣ་ཚོགས་རྡོ་རྗེ་དང། འཁོར་ལོ་དང། དྲིལ་བུ་དང། པདྨ་ལྗང་གུ་དང། རིན་ཆེན་ཏེ་།རིམ་པ་ཇི་ལྟ་བ་བཞིན་དུ་ཕྱག་མཚན་དེ་རྣམས་ཕྱག་གཡས་པ་དང་གཡོན་པ་རྣམས་ལ་བསྣམས་པ། འཁོར་ལོ་དང། ་རིན་པོ་ཆེ་དང། པདྨ་དང། སྣ་ཚོགས་རྡོ་རྗེའི་གདན་ལ་བཞུགས་པ་སྔ་མ་བཞིན་དུ་སྤྲོས་ཏེ། སླར་ཡང་འབྱུང་ཞིང་གཏི་མུག་དང་ང་རྒྱལ་དང། འདོད་ཆགས་དང། ཕྲག་དོག་གི་རིགས་ཅན་གྱི་སེམས་ཅན་རྣམས་རྣམ་པར་དག་པར་མཛད་ལ། རིམ་པ་ཇི་ལྟ་བ་བཞིན་དུ་ཤར་དང ་ལྷོ་དང་ནུབ་དང་བྱང་ཕྱོགས་སུ་བཞུགས་པ། བཅོམ་ལྡན་འདས་ལ་མངོན་པར་ཕྱོགས་པ་བསམ་པར་བྱའོ། །དེ་བཞིན་དུ་མོ་ཧ་ར་ཏི་ཞེས་བྱ་བ་ལ་སོགས་པའི་སྔགས་རྣམས་ཀྱིས་ལྷ་མོ་སྤྱན་དང། མཱ་མ་ཀཱི་དང། གོས་དཀར་མོ་དང། སྒྲོལ་མ་རྣམས་སྔ་མ་བཞིན ་དུ་ཞལ་གསུམ་པ་དང། ཕྱག་དྲུག་པ་དང་།རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། རྣམ་པར་སྣང་མཛད་ལ་སོགས་པ་བཞིན་དུ་སྐུ་མདོག་དང་ཕྱག་མཚན་མངའ་བ་སྟེ། འོན་ཀྱང་ཨུཏཔལ་དཀར་པོ་དང་སྔོན་པོ་ལྷ་མོ་སྤྱན་དང། མཱ་མ་ཀཱི་དག་ལའོ། །ུཏཔལ་ལ་དམར་པོའི ་སྡོང་བུ་ཁ་ཕྱེ་བ་ནི་གོས་དཀར་མོའི་འོ། །སྒྲོལ་མའི་གཡོན་པར་ཨུཏཔ་ལ་དམར་པོའོ། །དེ་བཞིན་དུ་ཐུགས་ཀ་ནས་འབྱུང་ཞིང་ནང་ཞི་བ་དང། བགེགས་འཇོམས་པ་དང། རྒྱས་པ་དང་དབང་གིས་ལས་མཛད་ནས་ཤར་ལ་སོགས་པའི་གྲཝ་རྣམས་སུ་བཞུགས་པ་རང་རང ་གི་བདག་པོའི་ཅོད་པན་ཅན་བཅོམ་ལྡན་འདས་ལ་མངོན་པར་ཕྱོགས་པར་བསམ་པར་བྱའོ། །དེ་ནས་རིམ་པ་གཉིས་པའི་མེའི་མཚམས་ནས་བརྩམས་ཏེ། ཛ:ཧཱུཾ་བཾ་ཧོ(རྒྱུད་འགྲེལ་དང་ཕྱག་མཚན་འདྲ་བ་རྣམ་པར་སྣང་མཛད་ལ་སོགས་པའི་ཅོད་པན་ཅན། མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་བཞི་པོ་ཐོབ་པར་མཛད་ནས་མེ་ལོང་དང། པི་ཝང་དང། དྲི་ཕོར་དང། རོ་སྣོད་ཕྱག་གིས་བསྣམས་པ། བཅོམ་ལྡན་འདས་ལ་མངོན་པར་ཕྱོགས ་བར་བསམ་བར་བྱའོ། །དེ་ནས་སྔར་བཤད་པའི་ས་བོན་ལས་ཕྱི་རོལ་གྱི་སྣམ་བུའི་ཤར་ཕྱོགས་སུ་བྱམས་པ་དང། སའི་སྙིང་པོ། ལྷོ་རུ་ལག་ན་རྡོ་རྗེ་དང་ནམ་མཁའ་ཨི་སྙིང་པོ། ནུབ་ཕྱོགས་སུ་འཇིག་རྟེན་དབང་ཕྱུག་དང་འཇམ་པའི་དབྱངས་སོ། །བྱང་ཕྱོགས་སུ་སྒྲིབ་པ་ ་རྣམ་པར་སེལ་བ་དང། ཀུན་ཏུ་བཟང་པོའོ། །བྱང་ཆུབ་སེམས་དཔའ་དེ་རྣམས་ནི་ཕྱག་དང་ཕྱག་མཚན་རྣམས་ཀྱི་རང་གི་མགོན་པོ་དང་འདྲ་བ་དང་དེའི་ཅོད་པན་ཅན། འོན་ཀྱང་བྱམས་པའི་ཕྱག་གཡས་པ་ལ་ཀྲུ་ཤིང་གི་མེ་ཏོག་གི་ཡལ་གའོ།། ་དེ་རྣམས་ཀྱི་སེམས་ཅན་ཐམས་ཅད་ཀྱི་ཀུན་ནས་ཉོན་མོངས་པའི་སྐྱེ་མཆེད་རྣམས་དག་ཅིང་ལྷའི?་མིག་ལ་སོགས་པའི་རང་བཞིན་དུ་བསྐྱེད་དེ་སླར་ཡང་བྱུང་ཞིང་བཅོམ་ལྡན་འདས་ལ་མངོན་པར་ཕྱོགས་པ་བསམ་པར་བྱའོ། །དེ་བཞིན་དུ་ཤར་ལ་སོགས་པའི ་སྒོ་རྣམས་སུ་གཤིན་རྗེ་མཐར་བྱེད་ལ་སོགས་པ་ཞལ་གསུམ་ཕྱག་དྲུག་བ་སྐུ་མདོག་ནག་པོ་དང། དཀར་པོ་དང་དམར་པོ་དང། ལྗང་ཁུ་མངའ་བ་ཉི་མ་དང་པདྨའི་གདན་ལ་བཞུགས་པ་།གཡོན་བརྐྱང་པའི་གནས་པས་བཞུགས་པ། དབྱིག་པ་དང་འཁོར་ལོ ་དང་རྡ?་རྡོ་རྗེ་དང། ཞགས་པ་དང་།དྲིལ་བུ་དང་དགྲ་སྟ་དང་།རྡོ་རྗེ་དང་དབྱུག་པ་དང། རལ་གྲི་དང་སྡིགས་མཛུབ་ཀྱི་ཞགས་པ་དང། དྲིལ་བུ་དང་དགྲ་སྟ་དང། པདྨ་དང་རལ་གྲི་དང་།ཐོ་བ་དང། དགྲ་སྟ་དང་ཞགས་པ་དང། སྣ་ཚོགས་རྡོ་རྗེ་དང། འཁོར་ལོ ་དང། ཐོ་བ་དང། སྡིགས་མཛུབ་ཀྱི་ཞགས་པ་དང། དྲིལ་བུ་དང་དགྲ་སྟ་བསྣམས་པ། གསུས་པ་ཆེ་བ། སྤྱན་གསུམ་པ་མིའུ་ཐུང་བ། འོད་ཟེར་གྱི་ཕྲེང་བ་འཁྲུག་པ། སྤྱན་དང་སྨིན་མ་སེར་བ། རང་རྣག་གི་བདག་པོའི་ཅོད་པན་དང་ལྡན་པ། གནོད་སྦྱིན ་དང་སྲིན་པོ་དང། འབྱུང་པོ་དང། ཀླུ་དང་ལྷ་ལ་སོགས་པ་དགུག་པ་དང། རེངས་པ་དང་རྨོངས་པ་དང། བསྐྲད་པ་ལ་སོགས་པའི་ལས་མཛད་པ། བཅོམ་ལྡན་འདས་ལ་མངོན་པར་ཕྱོགས་བར་བསམ་པར་བྱའོ། །དེ་བཞིན་དུ་མཚམས་བཞི་པོ་ལ་མིག་? ་?་ལ་སོགས་པ་ནི་ཨིཊདྲ?་ནཱི་ལ་དང་འདྲ་བའི་སྐུ་མདོག་མངའ་བ། ཞལ་གསུམ་པ་ཕྱག་དྲུག་པ། སྤྱན་གསུམ་པ། རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ལྡན་དང། སྣང་བ་མཛའ་ཡས་དང། དོན་ཡོད་གྲུབ་པའི་ཅོད་པན་དང་ལྡན་བ། གཡོན་བརྐྱང་པས ་བཞུགས་པ། ཁྲོ་བོ་དང་སྒེག་པ་དང་ལྡན་པ་སྔར་བཤད་པའི་ཁྲོ་བོ་རྣམས་ཀྱི་ཕྱག་མཚན་རྣམས་བསྣམས་པ་སྟེ། འོན་ཀྱང་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་དང་ལྡན་པ་ནི་འདོད་པའི་རྒྱལ་པོ་སྟེ་།ཆར་འབེབས་པ་དང་ཆར་རེངས་པ་དང། ནེ་ཤི་བ་དང་།དུག་སེལ་བ་ལ་སོགས་པའི ་ལས་རྣམས་མཛད་ཅིང་སྔ་མ་བཞིན་དུ་བསམ་པར་བྱའོ། །དེའི་རྗེས་ལ་གཙུག་ཏོར་རྒྱལ་པོ་ནི་སྤྲིན་ནག་པོ་དང་འདྲ་བའི་སྐུ་མདོག་མངའ་བ། ཐུགས་རྡོ་རྗེའི་གཅོད་པན་དང་ལྡན་པ་།ཞལ་གསུམ་པ་ཕྱག་དྲུག་པ། སྤྱན་གསུམ་པ་ཕྱག་གཉིས་པོས་གཙུག་ཏོར་བསྣམས་པ་།ཕྱག་གཡས ་པ་གཉིས་པོ་ལ་རྡོ་རྗེ་དང་པདྨ། གཞན་ལ་སྡིག་མཛུབ་དང་རལ་གྲི་བསྣམས་པ། སྐྱོན་ཐམས་ཅད་ལྡོག་བར་མཛད་ཅིང་ཚངས་པའི་གནས་སུ་བཞུགས་པ་བསྒོམ་པར་བྱའོ། །དེ་བཞིན་དུ་འོག་ཏུ་ནི་གནོད་མཛེས་རྒྱལ་པོ་སྟེ་།ིནྡྲ་ནཱི་ལའི་སྐུ་མདོག་ཅན་མི་བསྐྱོད་པའི ་ཅོད་པན་དང་ལྡན་པ། ཕྱག་གཡས་པ་རྣམས་ལ་རྡོ་རྗེ་དང། འཁོར་ལོ་དང་རིན་ཆེན་དང། ཕྱག་གཡོན་པ་རྣམས་ལ་སྡིགས་མཛུབ་ཀྱི་ཞགས་པ་དང། པདྨ་དང་རལ་གྲི་བསྣམས་པ། དུག་རྩི་ནག་པ་ལ་སོགས་པ་འཇིག་པར་མཛད་ཅིང་བཅོམ་ལྡན་འདས་ལ་མངོན ་པར་ཕྱོགས་པར་བསམ་པར་བྱའོ། །དེ་ནི་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་ཡིན་ནོ། །དེའི་རྗེས་ལ་ཕྲ་མོའི་རྣལ་འབྱོར་བསྒོམ་པ་དང། སྤྲོ་བ་དང། བསྡུ་བའི་རིམ་པས་རྡོ་རྗེ་བཟླས་པ་བྱས་པ། རོ་དེ་ཉིད་ཀྱི་དབང་པོ་གཉིས་དང་སྙོམས་པར་ཞུགས་པས་རེག ་བྱ་རྡོ་རྗེ་མ་དང་ལྷན་ཅིག་ཐིམ་པར་གྱུར་ཅིང་དེ་བཞིན་དུ་ཞུགས་པའི་རང་གི་བདག་ཉིད་རྡོ་རྗེ་ཐིག་ལེའི་ངོ་བོར་བསམ་པར་བྱའོ། །དེ་དང་འདྲ་བའི་བཅོམ་ལྡན་འདས་བལྟས་ལ། ཚད་མེད་པ་བཞིའི་ངོ་བོ་རིགས་ཀྱི་ལྟ་མོ་རྣམས་ཀྱིས་ཁྱོད་ནི་རྡོ་རྗེ་ཐུགས་ཞེས་བྱ་བ་ལ ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་སེམས་ཅན་རྗེས་སུ་གཟུང?་བའི་ཕྱིར་བསྐུལ་བས་དཀྱིལ་འཁོར་གྱི་བདག་པོའི་ང་རྒྱལ་གྱིས་ལྡང་བར་བྱའོ། །ལྡང་བའི་བཅོམ་ལྡན་འདས་དེ་ཉིད་ནི་མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ ་རྣམས་ཀྱིས་དེ་བཞིན་གཤེགས་པ་མི་བསྐྱོད་པ་ལ་སོགས་བ་བསྟོད་པར་མཛད་པ་བསྒོམ་པར་བྱའོ། །དེའི་འོག་ཏུ་གསུམ་མི་དམིགས་པས་མཆོད་པ་བྱས་ལ་འཁོར་ལོ་ནི་རང་གི་སྐུ་ལ་སྔ་མ་བཞིན་ཞུགས་ཏེ། བདེ་བ་ཆེན་པོའི་ངོ ་བོར་གནས་པར་བྱའོ། །ཏིང་ངེ་འཛིན་ལས་སྐྱོ་བའི་དུས་སུ་སྤྱི་བོར་མཐོ་གང་ཙམ་གྱི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཨོཾ་དེ་ལས་བྱུང་བའི་བདུད་རྩིའི་རྒྱུན་གྱིས་སྐུ་གསུང་ཐུགས་ཚིམ་པར་བྱའོ། །གོ་ཀུ་ང་ཧ་ནའི་ས་བོན་རྣམས་ཀྱང་བསྡུས་ཏེ། དེ་ལས ་བྱུང་བའི་བདུད་རྩི་རྣམས་ཡི་གེ་གསུམ་གྱིས་སྦྱང་པ་ལ་སོགས་པ་བྱས་ལ་རྩ་བའི་སྔགས་ཀྱིས་བྱིན་གྱིས་བརླབས་ལ་ནང་གི་བདག་ཉིད་ཀྱི་སྦྱིན་སྲེག་བྱ་སྟེ། ཡི་གེ་ཧྲཱི(རྒྱུད་འགྲེལ་ལས་བྱུང་པའི་རྡོ་རྗེ་རྩེ་ལྔ་པ་བསྒོམས་ཏེ་། དེ་ཉིད་ཀྱི་དབུས་མའི་རྩེ་མོ་ལ་ཡི་གེ་ཨོཾ་བཀོད་ཅིང་དེའི་རྗེས་ལ་སྙིང་ཁར་ཡི་གེ་ཧཱུཾ་ལས་བྱུང་བའི་མེ་འབར་བར་བསམས་ཏེ། བདུད་རྩི་དེ་ཉིད་?་པདྨར་སྦྱིན་ལ་སྙིང་ཁའི་པདྨར་ཞུགས་ཏེ་།ལྟེ་བའི་པདྨ ་ཁ་སྦྱར་བྱས་ལ་གསང་བའི་པདྨ་ལས་ཕྱུང་པ་ཐལ་བར་གྱུར་པ་བསམ་པར་བྱའོ། །དེ་ལས་ཀྱང་སྐྱོ་ན་གཡོན་པ་དང་གཡས་པའི་སྣའི་བུ་ག་གཉིས་པོ་ལས་ཡེ་ཤེས་སེམས་དཔའ་དཀྱིལ་འཁོར་ཕྱི་རོལ་ཏུ་སྤྲོས་ཏེ། གནས་སུམ་ཅུ་རྩ་གཉིས་ལ ་མཆོད་པ་རྣམ་པ་ལྔས་མཆོད་ཅིང་བཟླས་པ་བྱའོ། །དཀྱིལ་འཁོར་པ་རྣམས་ཀྱི་སྔགས་རྣམས་ནི་ཐོག་མར་ཨོཾ་དང་ཡི་གེ་གསུམ་དང་དང་རང་གི་མཚན་རྣམས་དང་ཐ་མར་སྭཱཧཱ་སྤེལ་ལ། ?་ཟླས་པས་ཀྱང་སྐྱོན་དཀྱིལ་འཁོར་གཤེགས་སུ་གསོལ ་ཏེ། ཨ་ཀཱ་རོ་མུ་ཁཾ་ཞེས་བྱ་བ་ལ་སོགས་པའི་སྔགས་རྣམས་ཀྱིས་འབྱུང་པོ་ཐམས་ཅད་ཀྱི་གཏོང་མ་བཏང་བར་བྱའོ། །ལངས་ནས་ཀྱང་སྨོན་ལམ་བཏབ་ལ་བསམ་གཏན་གྱི་ཁང་པར་གནས་པར་བྱ་སྟེ། ལས་རྒྱལ་བ་མཆོག་གི་ཏིང་ངེ་འཛིན ་ཡིན་ནོ། །དགོངས་པ་འདི་ཉིད་ཀྱིས་སྔར་གསུངས་པ་ནི་དེ་བཞིན་གཤེགས་པ་དེ་ཉིད་ཞལ་གསུམ་པ་ལྟ་བུར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གཟིགས་བར་གྱུར་ཞེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་དཀྱིལ་འཁོར་དེ་ཉིད་དེ་བཞིན་གཤེགས་པའི་གསོལ་བ ་སྔོན་དུ་འགྲོ་བ་བླ་མ་དང། སློབ་མའི་འབྲེལ་པའི་སྒོ་ནས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་བསྐྱོད་པ་ལ་སོགས་པའི་ཐུགས་རྡོ་རྗེ་ལ་སོགས་པའོ། །རྣམ་པར་སྣང་མཛད་ནི་རྡོ་རྗེ་འཆད་ཆེན་པོའོ། །ཐུགས་ཀ་ནི་དེ་ཉིད་ཀྱི་ཡེ ་ཤེས་སེམས་དཔའ་ས་བོན་ཏེ། དེ་ལས་བྱུང་ཞིང་འདི་སྐད་གསོལ་ཏོ་ཞེས་སྟོན་ཏོ། །ཞེས་གསུངས་སོ་ཤེ་ན་།ེ་མའོ་ཞེས་བྱ་བ་ལ་སོགས་པ་ལ་།ེ་མའོ་ཞེས་བྱ་བ་ནི་ངོ་མཚར་བ་སྟེ། གང་ཞིག་སངས་རྒྱས་ཐམས་ཅད་ནི་དཀྱིལ་འཁོར་པ་སྟེ་།དེ་རྣམས ་ཀྱི་བྱང་ཆུབ་ཀྱི་སེམས་ནི་བསྐྱེད་པའི་རིམ་བས་བསྐྱེད་པར་མཛད་པའོ། །དེ་ཉིད་རང་བྱུང་བ་ནི་ཞལ་གསུམ་ལ་སོགས་པའི་རྣམ་པས་ཕྱི་རོལ་ཏུ་གསལ་བའོ། །དེ་བསན་ངོ་མཚར་བའོ། །སྐུ་གསལ་བ་ཙམ་གཅིག་པུ་ཡང་མ་ཡིན་གྱིས་ཇི་སྲིད་དེ་བཞིན་གཤེགས ་པ་ཀུན་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། དེ་རྣམས་ཀྱི་གསང་བ་ནི་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང། ཡེ་ཤེས་སེམས་དཔའ་གཞུག་པ་ལ་སོགས་པའོ། །དེ་བཞིན་དུ་རབ་ཏུ་མི་རྟོག་པ་ནི་རྣམ་པར་མི་རྟོག་པ་སྟེ། ཕྲ་མོའི་རྣལ་འབྱོར་ལ་སོགས ་པའོ། གནས་མེད་པ་ཞེས་པ་ནི་ཐབས་དང་ཤེས་རབ་སྙོམས་པར་ཞུགས་པས་ཐིག་ལེའི་ངོ་བོ་ཉིད་དུ་གྱུར་པའོ། །དེ་ཉིད་ལས་ཀྱང་ལྡང་བ་དང་ཚིམ་པ་ལ་སོགས་པ་སྟེ། དེ་ཡང་ངོ་མཚར་བའོ། །དེ་ནི་དང་པོ་སྦྱོར་བ་ལ་སོགས་པ་ཏིང་ངེ་འཛིན་གསུམ་ཡིན་ནོ། །དེ་ལྟར ་གསུངས་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་ཅི་མཛད་པ་ཞེ་ན། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་།ཡང་གཅིག་ཏུ་འདུས་ནས་ཞེས་པ་ནི། སྔར་ནི་དེ་ཞིག་གཅིག་ཏུ་འདུས་པ་ཡིན་ཏེ་།ཕྱི་ནས་དེ་ཁོ་ན་ཉིད་ཆེན་པོ་གསོལ་བ་བཏབ་པའི་ཕྱིར་འདུས ་ནས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་ནིགཟུགས་རྡོ་རྗེ་མ་ལ་སོགས་པའོ། །དེ་རྣམས་ཀྱི་སྤྲིན་ནི་ཚོགས་སོ། །སྤོས་པ་ནི་བྱུང ་བ་སྟེན་དེ་རྣམས་རྣལ་འབྱོར་པ་རྣམས་ཀྱིས་རྟག་ཏུ་སྤྱོད་པས་ན་དམ་ཚིག་གོ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉིད་ཡིན་པའི་ཕྱིར་དེ་ཁོ་ན་ཉིད་དོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་རྫོགས་པར་བྱེད་པས་ན་རིན་པོ་ཆེའོ། དེ་རྣམས་ཀྱིས་ཡང་དག་པར ་མཆོད་ཅིང་ཕྱག་འཚལ་ནས་འདི་སྐད་གསོལ་ཏེ་བསྐྱེད་པའི་རིམ་པའོ། །འདུས་པ་གསང་པ་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་ཞེས་བྱ་བ་ནི་བོད་པའི་ཚིག་སྟེ་།ཀྱེ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ནི་དེ་ཁོ་ན་ཉིད་དེ ་དོན་དམ་པ་གནང་དུ་གསོལ་ཞེས་པ་ནི་བཀའ་སྩལ་བར་མཛོད་ཅིག་ཅེས་སྟོན་ཏོ། །ཇི་ལྟ་བུ་ཞེ་ན། རྡོ་རྗེ་སྙིང་པོ་འདུས་པ་ཞེས་པ་ནི་རྡོ་རྗེ་སྙིང་པོ་ནི་དེ་བཞིན་གཤེགས་པ་དང། ལྷ་མོ་དང་བྱང་ཆུབ་སེམས་དཔའ་དང། ཁྲོ་བོ་སྟེ་དེ་རྣམས་འདུས་པ་ནི ་དཀྱིལ་འཁོར་གྱི་རིམ་པས་འདུས་པའོ། །དེ་བཞིན་གཤེགས་པ་ཀུན་གྱི་གསང་ཞེས་པ་ནི་དེ་བཞིན་གཤེགས་པ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་ལས་བྱུང་བས་ན་དེ་བཞིན་གཤེགས་པ་ཀུན་གྱིའོ། །གསང་བ་ནི་དེ་ཉིད་ཀྱི་ཕྱིར་དཀྱིལ་འཁོར་ལ་མ་ཞུགས ་པ་རྣམས་ལ་སྦས་པའི་ཕྱིར་རོ། །དེ་བཞིན་དུ་འདུས་པ་གསང་བ་ལས་བྱུང་བ་ཞེས་པ་ནི་འདུས་པ་ནི་ཡེ་ཤེས་ཀྱི་འཁོར་ལོ་ལ་ཞུགས་པས་རོ་གཅིག་པར་གྱུར་པ་ཉིད་ཐོབ་པའོ། །དེ་བཞིན་དུ་གསང་བ་ནི་སྐུ་གསུང་ཐུགས་ཀྱི་རང་བཞིན་གྱི་ས་བོན ་རྣམས་ལས་དེའི་རིགས་ཅན་ཐུགས་རྡོ་རྗེ་ལ་སོགས་པ་འབྱུང་བ་ནི་སྐྱེད་པ་གང་དུ་ཡོད་པ་དེ་ལྟ་བུ་བཤད་དུ་གསོལ་ཞེས་འབྲེལ་པའོ། །དེ་ནི་བསྐྱེད་པའི་རིམ་པའོ། །དེ་བཞིན་དུ་དེ་ཉིད་ནི་ལྷན་ཅིག་སྐྱེས་པའི་བདེ་བ་སྟེ་བཤད་དུ་གསོལ། ཇི་ལྟ་བུ་ཞེ་ན་།རྡོ ་རྗེ་སྙིང་པོ་ནི་དགའ་བ་གསུམ་སྟེ། དེ་རྣམས་འདུས་པ་ནི་བཞི་པའོ། །ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ནི་བྷ་གའི་ནང་དུ་གནས་པའི་རྩ་ལྔ་སྟེ། དེ་ལས་བྱུང་བ་ན་གསང་པའོ། །ཐམས་ཅད་ཀྱིས་ཉེ་བར་བླང་བའི་ཕྱིར་འདུས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དོ?་གཅིག ་པར་གྱུར་པའོ། །གསང་བ་ནི་དབང་པ་གཉིས་ཏེ་རྡོ་རྗེ་དང་པདྨའོ། །དེ་དག་ལས་བྱུང་བ་གང་ཡིན་པ་དེ་བཤད་དུ་གསོལ་ཞེས་ཚིག་གི་དོན་ཏོ། །དེ་ནི་སྒྲུབ་པ་ཆེན་པོའོ། །གསོལ་བ་བཏབ་མཐག་ཏུ་མང་དུ་བསྙེན་བཀུར་བསྐྱེད་པར་བྱ་བའི་ཕྱིར་དཀྱིལ་འཁོར་གྱི་གཙོ་བོས་འདུས་པ། ་བཤད་དུ་མི་ནུས་པ་ཉིད་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་ནི་འདུས་པའི་དེ་ཁོ་ན་ཉིད་མི་བསྟན་པ་སྟེ། དེ་ལ་སེམས་ནི་རྡོ་རྗེ་བཞིན་དུ་མི་ཕྱེད་པ་གང་ལ་ཡོད་པ་དེ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེས་དེ་བཞིན་གཤེགས་པ་ཐམས་ཅད ་ནི་མི་བསྐྱོད་པ་ལ་སོགས་པ་སྟེ། དེ་རྣམས་ལ་འདི་སྐད་བཀའ་སྩལ་ཏོ། །ཀྱེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ལེགས་ལེགས་སོ་ཞེས་པ་ནི་ཁྱེད་ཀྱི་ཐེ་ཚོམ་ན་ཤིན་ཏུ་ཡིད་དུ་འོང་བ་ཡིན་ཏེ། འོན་ཀྱང་བདག་གིས་བཤད་དུ་མི་རིགས་སོ། །དེ་ཁོ་ན ་ཉིད་འདི་ཡིན་པས་བཤད་དུ་མི་འདོད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ནི་ས་བཅུ་གཉིས་ཐོབ་པ་སྟེ། དེ་རྣམས་ལ་ཐེ་ཚོམ་སྐྱེ་བར་བྱེད་པ་ཡིན་ཏེ། མཚོན་པར་དཀའ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ནི་ས་བཅུ་ཐོབ་པ་གཞན་རྣམས ་ལ་ཅི་སྨོས་པ་ནི་ཐེ་ཚོམ་བྱེད་པ་ཡིན་ཞེས་འདིས་མ་འོངས་པའི་སེམས་ཅན་རྣམས་ཀྱི་བླ་མ་ལ་བརྟེན་ཏེ། ལན་གཉིས་ལན་གསུམ་གྱི་བར་དུ་གསོལ་བ་གདབ་པར་བྱའོ་ཞེས་དོན་བསྟན་ཏོ། །དེ་ནི་སྒྲུབ་པའི་ཕྱོགས་ཅིག་ཡིན་ནོ། །ཡང་ན་དེ་བཞིན་གཤེགས་པ་ཐམས ་ཅད་ནི་སྣང་བ་ལ་སོགས་པ་རྩ་བའི་རྣམ་པར་ཤེས་པ་སྟེ། དེ་རྣམས་ཀྱང་ཐེ་ཚོམ་སྐྱེད་པ་ནི་འཇིག་པ་བྱེད་པའོ། །འོན་ཀྱང་གཞན་རྣམས་བྱང་ཆུབ་སེམས་དཔའ་ནི་རང་བཞིན་བརྒྱ་དྲུག་ཅུ་སྟེ། དེ་རྣམས་འཇིག་པར་བྱེད་པ་སྨོས་ཅི་དགོས། དེ་ནི་སེམས་རྣམ་པར ་དག་པའོ། །འགྱོད་པ་སྐྱེས་པའི་དེ་བཞིན་གཤེགས་པ་རྣམས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་དྲུག་པ་སྟེ། དེ་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་ཚིག་གི་འབྲེལ་པའོ། །ཐེ་ཚོམ་ཐམས་ཅད་གཅོད་པར་མཛད་པ་ནི་རང་དང་གཞན་གྱི་སྡེ་པ་རྣམས ་ལའོ། བཅོམ་ལྡན་འདས་ནི་ཆགས་པ་དང་སྡང་བ་འཇོམས་པར་མཛད་པས་ན་ཐུགས་མཉམ་པའོ། །གསོལ་བ་གདབ་པ་གང་ཡིན་ཞེ་ན། གང་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་བ་ནི་བཅོམ་ལྡན་འདས་ཞེས་བྱ་བ་ནི་བོད་བའི་ཚིག་གོ་།ཡོན་ཏན་ནི་སྟོབས་དང་མི ་འཇིགས་པ་ལ་སོགས་པ་སྟེ། དེ་རྣམས་ཀྱིས་ཁྱད་པར་ཅན་དུ་གྱུར་པ་ནི་ཕུལ་དུ་བྱུང་བའོ། །ཐམས་ཅད་ནི་ལྷ་མོ་དང། བྱང་ཆུབ་སེམས་དཔའ་དང། ཁྲོ་བོ་རྣམས་སོ། །དེ་རྣམས་དང་དེ་བཞིན་གཤེགས་པའི་འཁོར་དུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ ་པར་སྣང་མཛད་ལ་སོགས་པ་སྟེ། དེ་རྣམས་ཀྱི་གང་ཞིག་སྐུ་གསུང་ཐུགས་ནི་དབང་བསྐུར་བའི་ངོ་བོ་ཡི་གེ་གསུམ་སྟེ། དེ་རྣམས་ཀྱི་གསང་བ་ནི་དེ་རྣམས་ལས་བྱུང་བའི་དཀྱིལ་འཁོར་གྱི་འཁོར་ལོ་རྣམས་ཏེ། སྟོང་པར་མི་སྤྲོ་བ་ནི་གསུང་བར་མི་བྱེད་ན་དེ་ཉིད་ཀྱི ་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ནི་སྐུ་ལ་སོགས་པའི་ངོ་བོ་སྟེ། དེ་རྣམས་ཀྱི་བྱིན་གྱིས་བརླབས་ནི་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་པ་བདག་ཅག་རྣམས་ལ་མཛད་ཅིང་དེ་བཞིན་གཤེགས་པ་ཐམས་ཅད་ནི་དེ་རྣམས་ཁོ་ན་སྟེ་།དེ་ཉིད་ཀྱི་རྡོ་རྗེ་དམ་ཚིག ་ནི་རྩ་བའི་སྔགས་ཏེ། དེ་རྣམས་ལས་འབྱུང་བའི་ཚིག་ནི་བཛྲ་དྷྲིཀ?་ཅེས་བྱ་བ་ལ་སོགས་པ་སྟེ་དེ་རྣམས་ཀྱིས་སོ། །ཅིའི་དོན་དུ་ཞེ་ན་།དེ་བཞིན་གཤེགས་པ་ཐམས་ཅད་ནི་སྣ་ཚོགས་པའི་ཉོན་མོངས་པ་དང། ཉེ་བའི་ཉོན་མོངས་པའི་རིགས་ཅན་གྱི་སེམས་ཅན ་རྣམས་ཏེ་།དེ་རྣམས་ཀྱི་བདེ་བ་ནི་ལུས་ཤིན་ཏུ་སྦྱངས་པའོ། །ཡིད་བདེ་བ་ནི་རྩེ་གཅིག་པས་རྣམ་པར་རྟོག་པ་ལྡོག་ཅིང་སེམས་ཤིན་ཏུ་སྤངས?་པ་སྟེ། དེ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་སྐུ་སྒོམས་པས་དེ་བཞིན་གཤེགས་བ་ཐམས་ཅད་ཀྱི་ཡེ་ཤེས་ནི་འབྲས་བུར ་གྱུར་པ་མེ་ལོང་ལྟ་བུ་ལ་སོགས་པ་དང། མངོན?་བར་ཤེས་པ་ནི་ཐག་པ་ཟད་པའི་བར་དུ་དྲུག་དང་འབྲས་བུ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་ཐོབ་བར་བྱ་བའི་ཕྱིར་ཡང་དག་པ་ནི་རིམ་བ་ཇི་ལྟ་བ་བཞིན་དུ་རབ་ཏུ་ནི་ཕུལ་དུ་བྱུང་བ་སྟེ། ཏིང་ངེ་འཛིན་སྔོན་དུ་འགྲོ་བས་རེ་རེ་སྤྲོ་བས་བསྟན ་དུ་གསོལ་ཞིག་བའོ་ཞེས་བསྐྱེད་པའི་རིམ་པའོ། །ཡང་ན་གང་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་འདི་ལྟ་བུའི་ཡོན་ཏན?་ནི་འདོད་ཆགས་དང་འདོད་ཆགས་དང་བྲལ་བ་ལ་སོགས་པའི་ཡོན་ཏན་རྣམས་ཀྱིས་ཁྱད་པར་ཅན་དུ་གྱུར་པ་གང་ཞིག་འཁོར་ནི་ལྷའི ་སྐུ་སྟེ་དེ་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་དགའ་བ་ལ་སོགས་པ་སྟེ། དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ནི་གང་ཞིག་ཤེས་རབ་ཡེ་ཤེས་ཀྱི་དབང་གིས་ཐོབ་པ་དེ་ཁོ་ན་ཉིད་བཞི་པ་དེ་སྟོན་པར་མི་སྤྲོ་བ་དེ་ནི་རང་རིག་པའི་ཕྱིར་གསུང་དུ་མི་བཞེད ་པ་དེ་ནི་རིགས་སོ། །དེ་དང་འདྲག?་བཞི་པ་གང་ཡིན་པར་ནཻ་དེ་བཞིན་གཤེགས་པ་ཐམས་ཅད་ནི་མཚམས?་དང་མཚན་མོ་དང་ཉིན་མོའི་བདག་ཉིད་ཅན་ལ་བྱིན་གྱིས་བརླབ་པ་ནི་འཇིག་པར་མཛད་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་ནི་རྟགས་ལྔ་སྟེ། དེ ་རྣམས་ལས་འབྱུང་བ་གང་ཞིག་དེ་མཚོན་པའི་ཚིག་ནི་སེམས་རྩེ་གཅིག་པ་ཉིད་ཀྱི་མཚན་ཉིད་ཅན་སྐད་ཅིག་མ་རྣམས་ཀྱིས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་བདག་དང་ཁམས་གསུམ་པ་སྟེ། དེ་དག་གི་བདེ་བ་ནི་རིལ་པོར་འཛིན་པ་དང། ཡིད་བདེ་བ་ནི་རྗེས་སུ་འཇིག ་པ་མྱོང་བར་བགྱི་བ་ནི་མི་སྣང་བར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་དང་མངོན་པར་ཤེས་པ་ནི་འབྲས་བུར་གྱུར་པ་སྟེ། དེ་རྣམས་ཐོབ་པར་བྱ་བའི་ཕྱིར་ཡང་དག་པར་རབ་ཏུ་བསྟན་དུ་གསོལ་ཞེས་མངོན་པར་བྱང་ཆུབ་པའི་རིམ་པའོ། །དེ་ནས་ཞེས ་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ཡེ་ཤེས་ཀྱི་སྒྲོན་མ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པ་ནི་ཡེ་ཤེས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དེ་ཉིད་རྣམ་པར་རྟོག་པའི་མུན་པ་འཇིགས་པར་བྱེད་པས་ན་སྒྲོན་མའོ། །དེ་ཉིད་ཡང་རྟག་པ་ཉིད་ ་ཀྱི་ཕྱིར་རྡོ་རྗེ་སྟེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་རྫོགས་པའི་རིམ་པའོ། །དེ་བཞིན་དུ་ཡེ་ཤེས་ནི་སྣང་བ་ལ་སོགས་པ་སྟེ། དེ་རྣམས་ཀྱི་སྒོན?་མ་ནི་འོད་གསལ་པའོ། །དེ་ཉིད་ཀྱང་མི་ཕྱེད་པའི་ཕྱིར་རྡོ་རྗེ་དེ་ཞེས་བྱ་བའི་ཏིང ་ངེ་འཛིན་ཏེ་སེམས་རྣམ་པར་དག་པའོ། །ཡང་ན་ཡེ་ཤེས་ནི་ཡི་གེ་གསུམ་སྟེ། དེ་རྣམས་ཀྱི་སྒྲོན་མ་ནི་རླུང་སྟེ། རྡོ་རྗེ་ནི་ངེས་བཟླས་པ་སྟེ་།དེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ་རྡོ་རྗེ་བཟླས་པའོ། །ཡང་ན་ཛྙཱ་ནི་རྟོག་པ་ལའོ། །ན་ནི་བཀག་པ་ལ་སྟེ་ཡེ་ཤེས་མེད་པ་ཞེས་སྟོན ་ཏོ། སྒྲོན་མ་ནི་མར་མེ་ལས་མར་མེ་བཞིན་དུ་བརྒྱུད་མ་ལྟ་བུའི་ཏིང་ངེ་འཛིན་ཏོ། །རྡོ་རྗེ་ནི་བདེན་པ་གཉིས་ཐ་མི་དད་པར་བྱེད་པའི་མཚན་ཉིད་ཙན?་གྱི་ཏིང་ངེ་འཛིན་ཏེ། མངོན་པར་བྱང་ཆུབ་པ་དང། བདག་ལ་བྱིན་གྱིས་བརླབ་པ་དང། ཟུང་འཇུག་གི་རིམ་པ་རྣམས་སོ། །ད ་ནི་ཞེ་སྡང་གི་ཚིགས་ནི་མི་བསྐྱོད་པའི་རིགས་ཀྱི་མཆོག་ནི་རྩ་པའོ། །སྙིང་པོ་ནི་རྣམ་པར་སྣང་པ་ལ་སོགས་པའི་ལས་མཛད་པའོ། །ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ལ་ནི་སྐུ་གསུང་ཐུགས་ཀྱི་ངོ་བོ་གཅིག་གིས་སྙོམས་པར་ཞུགས་པ་ལས་བྱུང་བ་ནི་སྤྲོ་བར ་མཛད་པ་སྟེ་སྒྲུབ་པའོ། །བཛྲ་དྷྲིཀ?་ཅེས་བྱ་བ་ལ་སོགས་པ་ནི་བཛྲ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་འཛིན་པས་ན་བཛྲ་དྷྲཱི?་ཀ་སྟེ་རྫོགས་པའི་རིམ་པའོ། །རྡོ་རྗེ་ནི་རྩེ་ལྔ་པ་སྟེ་ངེ་འཛིན་པས་ན་བཛྲ་དྷྲིཀ་སྟེ་བསྐྱེད་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ ་?་འདི་ཕྱུང་མ་ཐག་ཏུ་ནི་སྔགས་འདི་གསུངས་པ་ཙམ་གྱིས་སོ། །དེ་ཉིད་བཅོམ་ལྡན་འདས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ངོ་བོ་སྔགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་ནོ། །རིག་པ་ནི་དོན་དམ་པའི་འདི་རྣལ?་དང།། ་སྐྱེས་བུ་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། དེའི་རང་བཞིན་མི་བསྐྱོད་པ་ནི་ཀུན་གཞི་རྣམ་པ་ཤེས་པའི་བག་ཆགས་ཀྱིས་མི་གཡོ་པའོ། །དེ་ཉིད་ཕྱག་རྒྱ་ཆེན་པོའི་སྦྱོར་བ་ནི་སྔགས་དང་ཡེ་ཤེས་ཀྱི་སྐུ་དང་འབྲེལ་པའོ། །དེ་ནི་ཞལ་གསུམ་ཕྱག་དྲུག་པ་ལ་སོགས་པ་དེ ་རྣམས་ཀྱིས་སོ། །དེ་ཉིད་ཀྱི་ཕྱིར་ནག་པོ་དང། དཀར་པོ་དང་དམར་པོའི་ཚུལ་ནི་ཞལ་གྱི་ཁ་དོག་གོ་།ནག་པོ་ནི་སྣང་བ་ཉེར་བར་ཐོབ་པ་དང། དཀར་པོ་ནི་སྣང་བ་དང། དམར་པོ་ནི་སྣང་བ་མཆེད་པའི་ཡེ་ཤེས་དང་ལྡན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང ་ཐུགས་ཀྱི་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་གྱི་རང་བཞིན་གྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལ་ཞུགས་སོ་ཞེས་བྱ་བ་ནི་དེའི་བདག་ཉིད་ཀྱིས་རྗེས་སུ་ཞུགས་སོ། །དེ་ནི་རྡོ་རྗེ་སེམས་དཔའ་ཕྱུང་པ་སྟེ། བསྐྱེད་པའི་རིམ་པ་དང། རྫོགས་པའི་རིམ་པ ་དང། སེམས་རྣམ་པར་དག་པའི་རིམ་པ་རྣམས་སོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་པ་ལ་སོགས་པ་ལ། དམ་ཚིག་འབྱུང་བ་རྡོ་རྗེ་ཞེས་བྱ་བ་ནི་དམ་ཚིག་ནི་མེ་ལོང་ལྟ་བུ་ཡེ་ཤེས་ལས་འབྱུང་བ་ནི་བསྐྱེད་པ། རྡོ་རྗེ་ནི་ཏིང་ངེ་འཛིན་གང་ཡིན་པ་དེ་ཞེས་བྱ་བ་སྟེ། བདག་ལ ་བྱིན་གྱིས་བརླབ་པའི་རིམ་པའོ། །དམ་ཚིག་ནི་ཞི་བ་གཙོ་བོར་གྱུར་པའི་ཕྲིན་ལས་གང་ལས་འབྱུང་བ་དང་དེ་ཉིད་མི་ཕྱེད་བས་ན་རྡོ་རྗེ་དེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ། སྒྲུབ་པའོ། །གཏི་མུག་གི་རིགས་ནི་གཏི་མུག་རྣམ་པར་དག་པའི་རིགས་ཏེ། རྣམ་པར་སྣང་མཛད་ཀྱི ་རིགས་ཀྱིའོ། །མཆོག་?་ཞི་?་བསྒྲུབ་པས་ན་དམ་པའོ། །སྐུ་རྫོགས་པས་ནི་སྙིང་པོའོ། །ཉིད་ཀྱི་སྐུ་གསུང་ཞེས་བྱ་པ་ལ་སོགས་པ་ནི་བཤད་ཟིན་ཏོ། །དེ་ནི་བསྐྱེད་པ་དང། རྫོགས་པ་དང་སྒྲུབ་པ་རྣམས་སོ། །ཛི་ན་ཛི་ཀ་ཅེས་སྨོས་པ་ལ། ཛིན་ནི་སངས་རྒྱས་ཀྱི་རིགས་སོ།། ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་ཉོན་མོངས་པའི་སྒྲིབ་པ་ལས་རྒྱལ་བས་ན་ཛིག?་གོ། དེ་ནི་བསྐྱེད་པ་དང། རྫོགས་པའི་རིམ་པ་དག་གོ་།དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པའི་སྦྱོར་བའི་ཐབས་ཀྱིས་ཞེས་བྱ་བ་ནི ་ཁྱད་པར་དུ་མཛེས་ཤིང་སྤྲོ་པས་ན་རྣམ་པར་སྣང་མཛད་དེ་བསྐྱེད་པའི་རིམ་པའོ། །མེ་ལོང་ལྟ་བུའི་ཡེ་ཤེས་སམ་།ཞི་བས་མ་སྣང་བས་ན་རྣམ་པར་སྣང་མཛད་དེ་དེ་ནི་རྫོགས་པའི་རིམ་པ་དང་སྒྲུབ་པ་དག་གོ་།དེའི་ཕྱག་རྒྱ་ཆེན་པོ་ནི?་སྐུ་དང་སྦྱོར་བ་གང་ཡིན་པ་དེ་ནི་འཁོར ་བའི་བར་དུ་སེམས་ཅན་གྱི་དོན་མཛད་པའི་ཕྱིར་གནས་པས་ན་ཐབས་ཏེ། བསྐྱེད་པའི་རིམ་པའོ། །ཕྱག་རྒྱ་ཆེན་པོ་ནི་འོད་གསལ་བ་སྟེ། དེས་སྦྱོར་བ་ནི་ཡེ་ཤེས་ཀྱི་སྐུ་དང་སྙོམས་པར་ཞུགས་པའོ། །དེ་ཉིད་ཐབས་ནི་རྡོ་རྗེ་འཆང་ཆེན་པོའི་བོ། ་འཕང་སྟེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །དཀར་པོ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །སྤྱན་སྔར་བཞུགས་སོ་ཞེས་བྱ་བ་ནི་ཤར་ཕྱོགས་སུ་གནས་པར་གྱུར་ཞེས་བསྐྱེད་པའི་རིམ་པའོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་རིན ་པོ་ཆེ་འབྱུང་བའི་རྡོ་རྗེ་དཔལ་ཞེས་པ་ནི་རིན་པོ་ཆེ་ནི་ནམ་མཁའ་མཛོད་ཀྱི་བདག་ཉིད་འདོད་པ་ཐམས་ཅད་རྫོགས་པར་བྱེད་པ་སྟེ། དེ་ལས་འབྱུང་བ་རྡོ་རྗེ་ནི་རིན་པོ་ཆེ་འབྱུང་བའི་རྡོ་རྗེ་སྟེ། ནམ་མཁའ་ཨི་ཏིང་ངེ་འཛིན་ཏོ། །དེ་ཉིད་ངན་འགྲོ་འཇིག་པར་བྱ་བའི་ཕྱིར། དཔལ ་ནི་ཕུན་སུམ་ཚོགས་པ་སྟེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ཞེས་ཏེ། བསྐྱེད་པའི་རིམ་པའོ། །རིན་པོ་ཆེ་ནི་ཡུངས་ཀར་གྱི་འབྲས་བུའི་ཚད་ཙམ་གྱི་བྱང་ཆུབ་སེམས་ཀྱི་ཐིག་ལེའོ། །འབྱུང་བ་ནི་དེ་ཉིད་ལས་ཁ་དོག་ལྔ་པོ་འོད་ཟེར་གྱི་ཚོགས་སོ། །དེ་ཉིད་མི་ཕྱེད་པའི ་ཕྱིར་རྡོ་རྗེ་སྟེ། དེ་ཉིད་ཀྱང་བྱང་ཆུབ་སེམས་དཔའ་དང། སངས་རྒྱས་ལ་སོགས་པ་སྤྲོ་བའི་ཕྱིར་དཔལ་ལོ། །དེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ་རྣལ་འབྱོར་གྱི་ཕྱོགས་ཅིག་སྲོག་དང་རྩོལ་བའོ། །ཡིད་བཞིན་ནོར་བུའི་རིགས་མཆོག་གི་སྙིང་པོའི་སྙིང་པོ་ཞེས་པ་ནི ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་ཡིད་བཞིན་ནོར་བུའི་རིགས་མཆོག་གི་སྙིང་པོའི་སྙིང་པོ་ཞེས་ཏེ། བསྐྱེད་པའི་རིམ་པའོ། །ཉིད་ཀྱི་སྐུ་དང་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །རཏན?་དྷྲིཀ་ཅེས་པ་རཏན་ནི་བསམ་པ་ཐམས་ཅད་རྫོགས་པར ་བྱེད་པའི་ཕྱག་མཚན་ཏེ། དེ་འཛིན་པར་བྱེད་པས་ན་རཏན་དྷྲིཀ་སྟེ་བསྐྱེད་པའི་རིམ་པའོ། །རཏན་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། དེ་འཛིན་པར་བྱེད་པ་སྟེ། རྫོགས་པའི་རིམ་པའོ། །རཏན་ནི་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་དེ། དེ་ཁོ་ན་འཛིན་པར་བྱེད་པས་དང་པོ་སྦྱོར ་བའོ། །རཏན་ནི་ལྷའི་འཁོར་ལོ་སྟེ། དེ་འཛིན་པར་བྱེད་པས་དཀྱིལ་འཁོར་རྒྱལ་མཆོག་གོ། རཏན་ནི་ཡེ་ཤེས་སེམས་དཔའ་ལ་སོགས་པ་བཞུགས་པ་སྟེ་།ངེ་འཛིན་པར་བྱེད་པས་ན་རཏན་དྷྲིཀ་སྟེ་།ལས་ཀྱི་རྒྱལ་བ་མཆོག་གོ། རཏན་ནི་གསལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཡེ་གེ་གསུམ་སྟེ། ་དེ་རྣམས་?་ཆུན་གྱི་འཁྲུལ་འཁོར་གྱི་རིགས་པས་ཞུགས་པ་ལ་སོགས་པའི་རིམ་པས་འཛིན་པར་བྱེད་པ་སྟེ། རྡོ་རྗེ་བཟླས་པའོ། །རྣམ་པར་ཤེས་པ་གསུམ་རྣམ་པར་དག་པའི་འོད་གསལ་བ་ནི་རཏན་སྟེ། དེ་འཛིན་པར་བྱེད་པས་ན་རཏན་དྷྲིཀ་སྟེ། སེམས་རྣམ་པར་དག་པའོ།། ་དབང་པོའི་གཞུ་དང་འདྲ་བའི་སྐུས་འགྲོ་བའི་དོན་མཛད་པ་ནི་རཏན་སྟེ། དེ་འཛིན་པར་བྱེད་པ་ནི་སྤྲོ་བར་མཛད་པ་སྟེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །རཏན་ནི་དབང་བསྐུར་བའི་རིན་ཆེན་བཞི་པ་མངོན་པར་བྱང་ཆུབ་ཀྱི་རིམ་པ་འཛིན་པར་བྱེད་པ་སྟེ་མངོན་པར་བྱང་ཆུབ ་ཀྱི་རིམ་པའོ། །འབྲས་བུར་གྱུར་པ་ཉིད་ཀྱི་ཕྱིར་དང། སློབ་བཞིན་མ་ཡིན་པའི་ཕྱིར་རཏན་ནི་ཟུང་འཇུག་སྟེ། དེ་འཛིན་པར་བྱེད་པས་ན་རཏན་དྷྲིཀ་ཀ་སྟེ། ཟུང་འཇུག་གི་རིམ་པའོ། །རཏན་དང་རཏན་དང་རཏན་ཞེས་བྱ་བའི་བསྡུ་བ་བྱས་ལ་ཅིག་ལུས་པའོ། །དེ་བས་ན་རཏན་ནི ་ཐབས་དང་ཤེས་རབ་ཡང་དག་པར་སྦྱོར་བ་སྟེ། རང་བཞིན་ནོ། །རྡོ་རྗེ་དང་པདྨ་ནི་རཏན་སྟེ། དེ་ཉིད་འཛིན་པ་ནི་ཡང་དག་པར་སྦྱོར་བ་སྟེ་རྒྱུ་ཡིན་ནོ་།ཧཱུཾ་དང་ཕཊ་ལ་སོགས་པ་ནི་རཏན་སྟེ། དེ་དང་ལྡན་པས་པདྨས་འཛིན་པ་ནི་གཡོ་བ་སྟེ་ལས་སོ། །རཏན་ནི་ལྷན་ཅིག་སྐྱེས་པ་སྟེ་། ་ངེ་འཛིན་པར་བྱེད་པས་ན་རཏན་དྷྲིཀ་སྟེ་འབྲས་བུའོ། །རཏན་ནི་སོ་སོར་སྡུད་པ་ལ་སོགས་པའི་རིམ་པས་རྡོ་རྗེ་འཆང་ཆེན་པོ་ཉིད་འཛིན་པར་བྱེད་པ་སྟེ་རྣལ་འབྱོར་རོ། །རཏན་ནི་བསྟན་བསྲུང་བར་བྱེད་པའི་ཕྱིར་སློབ་པ་སྟེ་དེ་འཛིན་པར་བྱེད་པས་ན་རཏན་དྷྲིཀ་གོ། རཏན་ནི་རྣམ་པར་སྣང ་མཛད་ལ་སོགས་པའི་ངོ་བོ་རྫས་རྣམས་ཏེ། དེ་དག་སྦྱང་བ་ལ་སོགས་པའི་རིམ་པས་འཛིན་པ་ནི་སྤྱོད་པར་བྱེད་པ་སྟེ་རཏན་དྷྲིཀ་གོ། དེ་ནི་སྒྲུབ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །རིན་ཆེན་དཔལ་གྱི་ཕྱག་རྒྱ་ཆེན་པོར་སྦྱོར་བའི་ཐབས་ཀྱིས་ཤེས ་པ་ནི་རིན་ཆེན་?་ཕྱག་མཚན་གང་ལ་ཡོད་པ་དེ་ནི་རིན་ཆེན་དཔལ་སྟེ། རྡོ་རྗེ་ཉི་མའོ། །ཕྱག་རྒྱ་ཆེན་པོར་སྦྱོར་བའི་ཐབས་ཀྱི་ནི་ཞལ་གསུམ་དང་ཕྱག་དྲུག་པའི་རབ་ཏུ་གནས་པས་དེ་ཉིད་ལྷོ་ཕྱོགས་སུ་བཞུགས་ཏེ་བསྐྱེད་པའི་རིམ་པའོ། །དེ་ནས་བཅོམ ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་ཆེན་པོའི་ཚུལ་ནི་ཆེན་པོ་ནི་སེམས་ཅན་གྱི་ཚོགས་ཀྱི་འདོད་ཆགས་ཉོན་མོངས་པ་རྣམ་པར་དག་པར་བྱ་བའི་ཕྱིར་ཚུལ་ནི་ལམ་སྟེ་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་ཞེས་བྱ་བའི་ཏིང་འཛིན་ནི་དེ་བཞིན་དུ་བཤད་པ ་སྟེ། རྫོགས་པའི་རིམ་པའོ། །ཆེན་པོ་ནི་འདོད་ཆགས་དང་བྲལ་བ་ལ་སོགས་པའི་རང་བཞིན་སུམ་ཅུ་རྩ་གསུམ་སྟེ་ཤེས་རབ་བོ། །འདོད་ཆགས་ནི་འདོད་ཆགས་ལ་སོགས་པའི་རང་བཞིན་བཞི་བཅུ་སྟེ། ཐབས་སོ་ཚུལ་ནི་མ་རིག་པའི་རང་བཞིན་བདུན་སྟེ། དེ་རྣམས་འོད ་གསལ་བ་གང་གིས་རྣམ་པར་དག་པར་བྱ་བ་སྟེ། དེ་ལ་དེ་སྐད་ཅེས་བྱའོ། །དེ་ནི་སེམས་རྣམ་པར་དག་པའོ། །ཉིད་ཀྱི་སྐུ་དང་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུའོ། །ཱ་རོ་ལིཀ་ཅེས་པ་ནི་སྒྲའི་དོན་དུའོ། །ཱ་ནི་སྔོན་དུ་སྟེ་ཀུན་ཏུ་སྒྲ་བྱེད་པས་ན་ཨཱ་རོ་སྟེ་ངག་ལ ་བྱའོ།?་དེ་ཉིད་ལིཀ་ཅེས་པ་ནི་རྣམ་པར་དག་པར་འགྲོ་བས་ན་ཨཱ་རོ་ལིག་སྟེ། སྣང་བ་མཛའ་ཡོས། །དེ་ནི་རྫོགས་པའི་རིམ་པའོ། །ཱ་ཞེས་བྱ་བ་ནི་དབྱངས་རིང་པོས་བརྗོད་པར་བྱ་བའི་གོས་དཀར་མོའོ། ། ཨོ་ཞེས་བྱ་བ་ལ་ཡོན་ཏན་དུ་བྱས་ལ་རོ་ཡིན་ནོ། །དེ ་ལ་རིན་ཁྲག་གོ། ཨ་ནི་བདུད་རྩི་སྟེ་བྱང་ཆུབ་ཀྱི་སེམས་སོ། ། ཞེས་པ་ནི་དེ་དག་རོ་གཅིག་པར་བྱས་པའོ། །དེ་རྣམས་ལིག་ཅེས་པ་ནི་རྟོགས་པར་བྱེད་པ་སྟེ། ཨཱ་རོ་ལིཀ་ཅེས་སོ། །དེའི་དོན་འདི་ཡིན་ཏེ་གོས་དཀར་མོ་དང་གཉིས་སུ་མེད་པ་དེའི་པདྨར་ཟླ་བ་དང་ཉི་མ ་གཅིག་ཏུ་ཤེས་པས་དེ་ཉིད་ཀྱི་ཕྱིར་འདི་སངས་རྒྱས་ཐམས་ཅད་ལ་སོགས་པའི་རྒྱུད་རྣམས་ལ་པདྨ་གར་གྱི་དབང་ཕྱུག་མ་ཞེས་བརྗོད་པ་སྟེ་?་རྒྱུ་ཡིན་ནོ། །རྡོ་རྗེ་འདོད་ཆགས་ཀྱི་རིགས་ནི་འདོད་ཆགས་རྣམ་པར་དག་པའི་རིགས་ཏེ་སྣང་བ་མཛའ་ཡས་ཀྱི་རིགས་སོ། ། ་མཆོག་གི་སྙིང་པོའི་སྙིང་པོ་ཞེས་པ་ནི་དེ་ཉིད་བསྐྱེད་པའི་རྒྱུའི་སྔགས་ཏེ་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་དག་གོ། ཉིད་ཀྱི་སྐུ་ཞེས་བྱ་བ་ལ་སོགས་ནི་སྔ་མ་བཞིན་ནོ། །འཇིག་རྟེན་དབང་ཕྱུག་རིག་པ་ཆེན་པོ་ཞེས་པ་ནི་དངོས་པོའི་རང་བཞིན་གང་གིས་རྣམ་པར་དཔྱོད ་པར་བྱེད་པ་དེ་ནི་འཇིག་རྟེན་ཏེ། སོ་སོར་རྟོག་པའི་ཡེ་ཤེས། །དེ་ལ་དབང་ཕྱུག་ནི་དོའི?་ངོ་བོ་སྣང་བ་མཛའ་ཡས་སོ། །རིག་པ་ཆེན་པོའི་བདག་པོ་ནི་སྔགས་ཐམས་ཅད་དང་རིག་པ་རྣམས་ཀྱི་བདག་པོ་སྟེ། གསུང་གི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱག་རྒྱ་ཆེན་པོ་སྦྱོར་བའི་ཐབས ་ཀྱིས་ཤེས་པ་ནི་སྔ་མ་བཞིན་དུ་བསྐྱེད་པ་དང། རྫོགས་པའི་རིམ་པ་དག་གོ་།རྒྱབ་ཏུ་བཞུགས་སོ་ཞེས་པ་ནི་ནུབ་ཕྱོགས་སུ་བཞུགས་པའོ། །ཞེས་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་གདོན་མི་ཟ་བའི་དམ་ཚིག་ནི་སེམས་ཅན་སྨིན་པ་དང་གྲོལ་བ་དང་སྤྲོ་བ་ལ ་སོགས་པའི་མཚན་ཉིད་ཅན་གྱི་བྱར?་ནན་ཏན་གྲུབ་པའི་ཡེ་ཤེས་ཏེ། དེ་ལས་བྱུང་བའི་རྡོ་རྗེ་གང་ཡིན་པ་དེ་ནི་གདོན་མི་ཟ་པའི་དམ་ཚིག་འབྱུང་བའི་རྡོ་རྗེ་སྟེ། དོན་ཡོད་གྲུབ་པའོ། །དེ་ཞེས་བྱ་བའི་ཏིང་ངེ་འཛིན་དེ་བསྐྱེད་པ་དང་རྫོགས་པའི་རིམ་པ་དག་གོ་།དམ་ཚིག་འགུགས་པའི ་རིགས་ཤེས་པ་ནི། དམ་ཚིག་ནི་མུ་སྟེགས་པའི་མཁའ་འགྲོ་དང་མཁའ་འགྲོ་མ་ལ་སོགས་པ་སྟེ། དེ་རྣམས་འགུགས་པར་བྱ་བའི་ཕྱིར་རིགས་ནི་དོན་ཡོད་གྲུབ་པའི་རིགས་ཏེ་། རླུང་གི་ཁམས་གཙོ་བོར་གྱུར་པས་འགུགས་པའི་ལས་མཛད་པའི་ཕྱིར་རོ། །མཆོག་གི་སྙིང ་པོའི་སྙིང་པོ་ཞེས་ར་ནི་དེ་ཉིད་བསྐྱེད་པའི་སྔགས་ཏེ་སྔ་མ་བཞིན་དུ་བསྐྱེད་པ་དང་རྫོགས་པའི་རིམ་པ་དག་གོ། པྲཛྙཱ་དྷྲིཀ་ཅེས་བྱ་བ་ནི་འགྲོ་བའི་དོན་མཛད་པ་ནི་པྲཉཛ?་སྟེ་དེ་འཛིན་པ་སྟེ། རྫོགས་པའི་རིམ་པའོ། །ཤེས་རབ་བཞིན་དུ་རལ་རྣོ་བ་ནི་ཕྲཛྙཱ་སྟེ། དེ་འཛིན་པར་བྱེད་པས ་ན་བསྐྱེད་པའི་རིན་པའོ། །ཕུལ་དུ་བྱུང་བའི་ཤེས་པ་ནི་པྲཛྙཱ་སྟེ་འོད་གསལ་བའོ། །དེ་འཛིན་པ་སྟེ་མངོན་པར་བྱང་ཆུབ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །གདོན་མི་ཟབ་ནི་འབྲས་བུ་དང་བཅས་པའི་དངོས་གྲུབ་ས་བཅུ་ལ་གནས་པར་བྱ་བའི་མཚན་ཉིད་ཅན ་སེམས་ཅན་ཐམས་ཅད་ལ་གང་ལས་བྱུང་བ་དེ་ནི་གདོན་མི་ཟ་བའི་དངོས་གྲུབ་སྟེ་རྟ་མཆོག་གོ། དེ་ཉིད་ཀྱི་ཕྱག་རྒྱ་ཆེན་པོར་སྦྱོར་བའི་ཐབས་ཀྱིས་ཤེས་པ་སྟེ་བསྐྱེད་པའི་རིམ་པའོ། །བྱང་ཕྱོགས་སུ་བཞུགས་སོ་ཞེས་པ་ནི་དོན་རྡོག?་པའོ། །ཞེ་སྡང་གཏི་མུག་འདོད ་ཆགས་དང་ཞེས་བྱ་བ་ལ་སོགས་པའི་དོན་ཉེ་བར་བསྡུས་པ་བཤད་པར་བྱ་སྟེ། འདིར་ནི་དང་པོ་འགྲོ་བ་འདི་མུན་པ་དང་འདྲ་བ་སྟོང་པར་ཡོད་པ་སྟེ། དེའི་རྗེས་ལ་གཟུགས་མེད་པའི་ཁམས་ཀྱི་ནམ་མཁའ་མཛའ་ཡས་ཀྱི་སྐྱེ་མཆེད་ལ་སོགས་པ་གཟུགས་མེད་པ་ན་ཡང་ཞེ ་སྡང་གི་བག་ཆགས་དྲག་པར་གྱུར་ཏོ། །དེ་མ་ཐག་ཏུ་གཟུགས་དང་ལྡན་པར་འགྱུར་ཏེ། དེ་ནས་ཉོན་མོངས་པའི་བག་ཆགས་ཀྱི་མཐུས་ཟླ་བ་མཐོང་བ་ཙམ་གྱིས་ཆུ་ཤེལ་གྱི་ནོར་བུ་དང་འདྲ་བ་དེ་རྣམས་ཀྱིས་རང་གི་ལུས་ལས་སྣུམ་པའི་རང་བཞིན་ཆུའི་རྒྱུན་འབེབས ་པར་གྱུར་ཏོ། །འབེབས་པ་དེ་རྣམས་ཀྱིS་ཁ་དོག་སེར་པོའི་སའི་ཁམས་ཆགས་པར་གྱུར་ཏོ། །དེ་རྣམས་ཀྱང་ནམ་མཁའ་ལས་བྱུང་ཞིང་ཉོན་མོངས་པ་དྲག་པོའི་དབང་གིས་པའི་ཁམས་ཀྱི་སྐལ་པ་བྱས་ཤིང་བདག་པོ་བྱེད་པ་དང། དེ་རྣམས་ཀྱང་མཚན་མ་གཉིས་སུ་གྱུར ་ཏོ། བུད་མེད་དང་སྐྱེས་པའི་སྦྱོར་བས་འགྲོ་བ་རྣམས་འབྱུང་བར་གྱུར་ཏོ། །མ་དུམ་པ་ལ་སོགས་སྲུང་བར་བྱེད་པ། རྒྱལ་པོ་ལ་སོགས་པ་དང། ལུས་ཆིམ?་པར་བྱ་བའི་ཕྱིར་འབྲུ་ལ་སོགས་པ་བྱུང། །དེ་ནས་རྣམ་པ་སྣ་ཚོགས་པ་འགྲོ་བ་དྲུག་སྐྱེ་བར་གྱུར་ཏོ་ཞེས་ཕྱག ་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་བདག་ཉིད་ཅན་གྱི་འཁོར་བཟོ་ཆུན་གྱི་འཁྲུལ་འཁོར་དང་འདྲ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉོན་མོངས་པ་གཙོ་བོར་གྱུར་པའི་འགྲོ་བ་གཟིགས་ནས་འདོད་ཆགས་དང་བྲལ་བའི་ལམ་སྤངས་ཏེ་།དེ་གཙོ ་བོར་གྱུར་པ་ཉོན་མོངས་པ་ལྔ་རྣམ་པར་དག་པའི་ངོ་བོ་རིགས་ལྔ་སྤྲོས་སོ། །ཞེ་སྡང་གི་རིགས་ལ་མི་བསྐྱེད་པའི་རིགས་དང། གཏི་མུག་གི་རིགས་ཅན་ལ་གཏི་མུག་གི་རིགས་ཏེ་རྣམ་པར་སྣང་མཛད་ཀྱི་རིགས་དང། འདོད་ཆགས་ཀྱི་རིགས་ཅན་ལ་འདོད་ཆགས་ཀྱི ་རིགས་ཏེ་སྣང་བ་མཛའ་ཡས་ཀྱི་?་དང། ནོར་གྱི་དྲེགS་པས་ཁེངས་པའི་སེམས་ཅན་རྣམས་ཀྱི་ང་རྒྱལ་སྤོང་བའི་ཕྱིར་ནམ་མཁའ་མཛོད་ཀྱིས་ཡིད་བཞིན་ནོར་བུ་ནི་རིན་ཆེན་འབྱུང་ལྡན་གྱི་རིགས་དང། ཁྱབ་འཇུག་དང་དྲག་པོ་དང། དབྱིག་སྙིང་པོ་ལ་སོགས་པའི་ལྷ་རྣམས་ནི ་གདུལ་བར?་དཀའ་བའི་གཞན་གྱི་མཚན་ཉིད་ཀྱི་དམ་ཚིག་དགུག་པར་བྱ་བའི་དོན་དུ་དམ་ཚིག་གི་རིགས་ནི་སྤྲུལ་པར་མཛད་དོ། །རིགས་ལྔ་པོ་དེ་དག་ནི་དེ་བཞིན་གཤེགས་པ་དང། ལྷ་མོ་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་རྣམས་སྤྲོས་པས་མཛའ་ཡས་པའི་རིགས ་བརྒྱ་རུ་འགྱུར་རོ། །དེ་རྣམས་ཀྱང་སྣ་ཚོགས་ཀྱི་བག་ཆགས་དང་ལྡན་པའི་སེམས་ཅན་གདུལ་བའི་དོན་དུ་རིགས་བྱེ་བར་གྱུར་ཏོ་ཞེས་གཙོ་བོ་ཉིད་དུ་ལྔ་བསྟན་ཏོ། །དེ་དག་ཇི་ལྟ་བུ་ཞེ་ན། འདོད་དང་ཐར་པར་བསྒྲུབ་པ་ཞེས་བྱ་བ་ནི་གང་གིས་དེ་རྣམས་ལ་མཆོད་པ་ཙམ་ཕུལ ་བདེ་རྣམས་ལ་འདོད་པ་ནི་མཐོ་རིས་ཀྱི་བདེ་བ་?་བར་བྱེད་པ་ནི་སྟེར་བར་བྱེད་པ་དང། ཐོབ་པ་ལ་སོགས་པའི་རིམ་གྱིས་དེའི་ངོ་བོ་རྟོཌ་པ་གང་ཡིན་པ་དེ་རྣམས་ལ་ཐར་པ་ནི་མྱ་ངན་ལས་འདས་པ་སྒྲུབ་པ་ཡིན་ནོ་ཞེས་བསྐྱེད་པ་དང་རྫོགས་པའི་རིམ་པའོ།། །།དེ་ནས་ཞེས ་བྱ་བ་ལ་སོགས་པ་ལ་རྡོ་རྗེ་འཆང་ནི་མི་བསྐྱོད་པ་སྟེ། དེ་ལ་རྗེས་སུ་ཆགས་པར་བྱ་བ་ནི་སྙོམས་པར་ཞུགས་པའོ་བདེ་བས་མཉེས་པར་བྱ་བའི་ཕྱིར་དམ་ཚིག་ནི་དེའི་བྱ་བ་གཅིག་དང་ལྡན་པ་མཱ་མ་ཀཱི་སྟེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ་བསྐྱེད་པའི་རིམ་པའོ། །རྡོ་རྗེ་ཐམས ་ཅད་ནི་ལྔའི་ནང་ནས་གཙོ་བོར་གྱུར་པ་མི་བསྐྱོད་པ་སྟེ། དེའི་གཙུན་མོ་མཆོག་ནི་དམ་ཚིག་ལྷ་མོ་གཙོ་བོ་མཱ་ཡ?་ཀཱི་སྟེ། གྱུར་ཏོ་ཞེས་བྱ་བ་ནི་དུད་མེད་ཀྱི་གཟུགས་ཀྱང་འཇིག་རྟེན་དབང་ཥ་ནི་ཐུགས་རྡོ་རྗེ་ལ་དགའ་པའི་རྒྱ་ཡིན་པས་དྭེ་ཥ་ར་ཏི་སྟེ། བསྐྱེད་པའི་རིམ་པའོ། །དྭེ་ཥ་ནི། ་རྟོག་པའི་རང་བཞིན་མཚམས་ལ་སོགས་པའི་བདེ་བ་སེལ་བར་བྱེད་པ་མངོན་པར་བྱང་ཆུབ་ལ། ར་ཏི་ནི་ཆགས་བ་གང་ལ་ཡོད་པ་ཞེས་མངོན་པར་བྱང་ཆུབ་པའི་རིམ་པའོ། །བུད་མེད་ཀྱི་གཟུགས་སུ་གྱུར་ཏོ་ཞེས་བྱ་བ་ནི་དུད་མེད་ཀྱི་གཟུགས་ཀྱང་འཇིག་རྟེན་དབང་ཞེས་གསུངS ་པའི་ཕྱིར་རོ། །གང་གི་ཕྱིར་དེ་ཁོ་ན་ཉིད་ལ་བུད་མེད་དང་སྐྱེས་པའི་དབྱེ་བ་ནི་མེད་དེ། སེམས་ཅན་ཐམས་ཅད་གདུལ་བར་བྱ་བའི་ཕྱིར་སངས་རྒྱས་ཀྱི་རོལ་མོ་རྣམ་པ་སྣ་ཚོགས་པ་བསྟན་ཏོ་ཞེས་བསྐྱེད་པའི་རིམ་པའོ། །ཤར་ཕྱོགས་གྱི་གྲཝ་ཞེས་བྱ་བ་ལ་སོགས ་པ་ནི་གོ་སླའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཐམས་ཅད་ནི་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་གཟུགས་རྣམས་ཉི་ཤུ་སྟེ། དེའི་རང་བཞིན་དེ་བཞིན་གཤེགས་པ་ནི་སྐུ་རྡོ་རྗེའོ། །དེའི་རྗེས་སུ་མཉེས་པར་བྱེད་པ་ནི་ལྷ་མོ་སྦྱན་ནོ། །དེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ་།བསྐྱེད་པའི ་རིམ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་བཤད་པའི་རིམ་གྱིས་སྐུ་རྡོ་རྗེ་སྟེ་།དེའི་བཙུན་མོ་མཆོག་ཅེས་བྱ་བ་ནི་སྔ་མ་བཞིན་དུ་བསྐྱེད་པའི་རིམ་པའོ། །མོ་ཧ་རི་ཏ་ཞེས་བྱ་བ་ལ་མོ་ཧ་ནི་སྒྲིབ་པ་གཉིས་ཏེ། དེའི་གཉེན་པོ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད ་ཀྱི་རྟག་པ་དགྱེས་པར་མཛད་པས་ན་ལྷ་མོ་སྤྱན་ཏེ། བསྐྱེད་པའི་རིམ་པའོ། །མོ་ཧ་ནི་སེམས་ཀྱི་གཏི་མུག་སྟེ། རྣམ་པར་ཤེས་པ་གསུམ་མོ། །དེ་རྣམས་འོད་གསལ་བས་རྣམ་པར་དག་པ་ནི་ར་ཏི་སྟེ། སེམས་རྣམ་པར་དག་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས ་པ་ལ་ལྷོ་ཕྱོགས་ཀྱི་གྲཝ་དུ་བཞུགས་སོ་ཞེས་པ་ནི་དོན་གོ་སླ་བའོ། །རྗེས་སུ་ཆགས་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་དངོས་པོའི་རང་བཞིན་རྟོགས་པས་ཆོས་ལ་དམིགས་པའི་མཚན་ཉིད་ཅན་སྙིང་རྗེ་ཆེན་པོ་སྟེ། དེ་ཉིད་མི་ཕྱེད་པའི་ཕྱིར་རྡོ་རྗེ་སྟེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ནོ། །དེ ་ནི་བསྐྱེད་པའི་རིམ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་། ཐམས་ཅད་ནི་འདོད་ཆགས་ལ་སོགས་པ་སྟེ། དེ་རྣམས་ཀྱི་དེ་བཞིན་གཤེགས་པ་ནི་འོད་གསལ་བ་སྟེ། དེའི་ངོ་བོ་སྣང་བ་མཛའ་ཡས་ཀྱི་བཙུན་མོའི་མཆོག་ཅེས་པ་ནི་སྔ་མ ་བཞིན་དུ་གོས་དཀར་མོ་སྟེ། བསྐྱེད་པ་དང། རྫོགས་པའི་རིམ་པ་དག་གོ། རཱ་ག་ར་ཏི་ཞེས་པ་ལ། རཱ་ག་ནི་འདོད་ཆགས་རྡོ་རྗེ་ལ་དགྱེས་པ་རཱ་ག་ར་ཏི་སྟེ། གོས་དཀར་མོ་སྟེ་བསྐྱེད་པའི་རིམ་པའོ། །རཱ་ག་ནི་བདེ་བ་ཆེན་པོ་ལ་དགྱེས་པ་སྟེ་རཱ་གར་ཏིའོ། །དེ་ན་འབྲས་བུའོ། ། ་ནུབ་ཕྱོགས་ཀྱི་གྲཝ་དུ?་བཞུགས་སོ་ཞེས་པ་ནི་གོ་སླའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་ཕུང་པོ་ལྔ་དང། སྐུ་དང་གསུང་དང་ཐུགས་བསླུ་བ་ནི་མི་སྣང་བར་མཛད་པ་སྟེ། དེ་ཉིདམི་ཕྱེད་པའི་ཕྱིར་རྡོ་རྗེའོ། །དེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ། རྫོགས་པའི་རིམ ་པའོ། ཡང་ན་དེ་བཞིན་གཤེགས་པ་ཐམས་ཅད་ནི་སེམས་ཅན་ཐམས་ཅད་དེ། དེ་རྣམས་ཀྱི་གང་ཞིག་རྣམ་པར་རྟོག་པར་བྱས་པ་སྐུ་དང་གསུང་དང་ཐུགས་ནི་ལུས་ངག་ཡིད་དེ། དེ་རྣམས་བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་ཀྱིས་གང་གིས་བསླུ་བར་བྱེད་པ་ནི་ལྷའི་ངོ་བོར་རྫོགས་པ་དེ་ལ ་དེ་སྐད་ཅེས་བྱ་སྟེ་རིམ་པ་དེ་ཉིད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་དོན་ཡོད་གྲུབ་པའི་ཤེས་རབ་ནི་འཕགས་མ་སྒྲོལ་མ་སྟེ་དེ་ཉིད་བཙུན་མོའི་མཆོག་གོ་།དེ་ནི་བསྐྱེད་པའི་རིམ་པའོ། །ཐམས་ཅད་ནི་གོ་སླ། དེ་བཞིན་གཤེགས་པ་ནི་ཀུ་ཤེས་རབ་ནི་དེའོ།?་།འཛིན ་པ་ནི་ཧའོ། །བཙུན་མོའི་མཆོག་ནི་ན་སྟེ། དེ་རྣམས་ཀྱི་རང་བཞིན་ནི་ལྕགས་ཀྱུ་ལྔའི་ངོ་བོ་སྒྲོལ་མ་སྟེ་སྒྲུབ་པའོ། །བཛྲ་ར་ཏི་ཞེས་བྱ་བ་ནི་བཛྲ་ནི་རླུང་གི་ཁམས་དང་།བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་ཀྱི་བདག་ཉིད་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་ལ་འདི་དགྱེས་པས ་ན་བཛྲ་ར་ཏི་སྟེ། བསྐྱེད་པའི་རིམ་པའི་རྡོ་རྗེ་ནི་འོད་གསལ་བ་སྟེ་དེ་ལ་འདི་གསལ་བ་སྟེ་དེ་ལ་འདི་དགྱེས་པས་ན་བཛྲ་ར་ཏི་སྟེ་རྫོགས་པའི་རིམ་པའོ། །བཛྲ་ནི་འགུགས་པ་དང་དབང་ལ་སོགས་པ་ལ་དགྱེས་པས་ན་བཛྲ་ར་ཏིའོ། །དེ་ནི་སྒྲུབ་པའོ། །དེ་ནས་ཞེས་བྱ་བ་ནས་བྱང ་ཕྱོགས་ཀྱི་གྲཝར་བཞུགས་སོ་ཞེས་བྱ་བའི་བར་ནི་གོ་སླའོ། །དེ་བཞིན་གཤེགས་པ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པའི་བཙུན་མོའི་མཆོག་ཕུན་སུམ་ཚོགས་པ་ནི་ཕྱག་རྒྱ་གཙོ་མོའི་ཕུན་སུམ་ཚོགས་པ་སྟེ། བསྐྱེད ་པའི་རིམ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྩ་བདུན་ཁྲི་ཉི་སྟོང་སྟེ། དེ་རྣམས་ཀྱི་བཙུན་མོའི་མཆོག་ནི་རྩ་བཞི་སྟེ། འདོད་པའི་གདུགས་ནམ་མཁའ་བཞིའི་རྣམ་པས་བསྐོར་ནས་གནས་པ་སྟེ་རྒྱུའོ། །ཡང་ན་དེ་བཞིན་གཤེགས་པ་ཐམས་ཅད ་ནི་སེམས་ཅན་ཐམས་ཅད་དེ། དེ་རྣམས་ཀྱི་བཙུན་མོའི་མཆོག་ནི་ཞི་བ་དང་རྒྱས་པ་དང། དབང་དང་དགུག་པའི་བྱ་བ་སྟེ་།དེ་རྣམས་རྫོགས་པར་བྱེད་པས་ན་ཕུན་སུམ་ཚོགས་པ་སྟེ། ལྷ་མོ་སྤྱན་ལ་སོགས་པ་སྟེ་སྒྲུབ་པའོ། །དེ་ནི་ཉེ་བར་བསྡུ་བ་དང ་སྒྲུབ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ཁྲོ་བོའི་དཀྱིལ་འཁོར་བཤད་པར་བྱ་སྟེ། རྣམ་པར་སྣང་མཛད་ནི་རིགས་སམ་ཅོད་པན་དུ་གང་ལ་ཡོད་པ་དེ་ནི་འཕགས་པ་གཤིན་རྗེ་མཐར་བྱེད་དེ་།དེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནི་བསྐྱེད་པའི་རིམ་པའོ། །དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ནི་སྔར་བཤད་པ་སྟེ་།དེ་བྱིན་གྱིས་བརླབ་པ་ནི་སྲུང་བར་བྱེད་པའོ། །ཁྲོ་བོ་ཆེན་པོ་ནི་འཕགས་པ་གཤིན་རྗེ་མཐར་བྱེད་དེ་རིམ་པ་དེ་ཉིད་དོ། །ཡ་མཱནྟ་ཀྲིཏ་ཅེས་བྱ་བ་ལ། ཡ་མཱན་ནི་མ་དང་པ་དང་ཤི་བའི་བདུང་དང་ཉོན ་མོངས་པའི་སྒྲིབ་པ་དང། འཇིག་ཚོགས་སུ་ལྟ་བ་དང། སེར་སྣ་རྣམས་སོ། །དེ་རྣམས་འཇིག་པར་བྱེད་པས་ན་གཤིན་རྗེ་མཐར་བྱེད་དེ་རྫོགས་པའི་རིམ་པའོ། །ཡ་མཱན་ནི་འཇིག་རྟེན་པའི་མཁའ་འགྲོ་དང་མཁའ་འགྲོ་མ་རྣམས་ཏེ། དེ་རྣམས་འཇོམས་པར་བྱེད་པས ་ན་གཤིན་རྗེ་མཐར་བྱེད་དེ། བསྐྱེད་པའི་རིམ་པའོ། །ཡ་མཱན་ནི་གདོན་དང་ནད་ལ་སོགས་པ་སྟེ་དེ་རྣམས་ཀྱི་མཐར་ནི་ཞི་བར་བྱེད་པས་ན་གཤིན་རྗེ་མཐར་བྱེད་དེ་སྒྲུབ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་ས་ལ ་སོགས་པ་ཁམས་བཞི་པོའི་ངོ་བོ་ལུས་ཏེ། དེ་བསྙེངས་པར་བྱེད་པ་ནི་ཐ་མལ་པའི་ལུས་པོའི་རྣམ་པར་རྟོག་པ་འཇོམས་པར་བྱེད་པ་སྟེ་།དེའི་ཚུལ་ནི་དེའི་རང་བཞིན་གྱི་སྟེ་རྫོག་པའི་རིམ་པའོ། །ཡང་ན་དེ་བཞིན་གཤེགས་པ་ཐམས་ཅད་ནི་དེ་བཞིན་གཤེགས ་པའི་གཉེན་པོ་མུ་སྟེགས་པ་རྣམས་ཏེ་།དེ་རྣམས་བསྙེངས་པར་བྱེད་པ་ནི་ཁྲོ་བོའི་གཟུགས་ཀྱིས་འཇོམས་པའོ། །དེའི་ཚུལ་དུ་སྟེ་སྒྲུབ་པའོ། །དེ་ན་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནང་དུ་མངོན་པར་བྱང་ཆུབ་པ་ནི་ཆོས་ཀྱི་རྒྱལ ་སྲིད་ཀྱི་བདག་པོ་ཉིད་དེ། དེ་ཉིད་ཚུལ་ནི་ལམ་གང་ལ་ཡོད་པ་དེ་ནི་རིན་ཆེན་འབྱུང་ལྡན་ནོ། །དེ་ཉིད་ཀྱང་རྡོ་རྗེ་ནི་རིགས་སམ་ཅོད་པན་དུ་གང་ལ་ཡོད་པ་དེ་ནི་འཕགས་པ་གཞན་གྱིས་མི་ཐུབ་པ་སྟེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནི་བསྐྱེད་པའི་རིམ་པའོ། །དེ་བཞིན་གཤེགས་པ ་ཐམས་ཅད་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་སྟེ་བསྐྱེད་པའི་རིམ་པའོ། །པྲཛྙཱན?་ཏ་ཀྲིཏ་ཅེས་བྱ་བ་ལེ་ལོ་དང། ཕུང་པོའི་བདུད་དང། ཤེས་བྱའི་སྒྲིབ་པ་དང། མཐར་འཛིན་པའི་ལྟ་བ་དང། མ་རིག་པ་རྣམས་ཤེས་རབ་ཀྱིས་འཇོམས་པར་བྱེད་པས་ན་པྲཛྙཱན་ཏ ་ཀྲིཏ་ཏེ་རྫོགས་པའི་རིམ་པའོ། ཕུལ་དུ་བྱུང་བས་གཞན་གྱི་གནོད་པ་ཤེས་ན་པྲཛྙཱ་སྟེ། ཁྱབ་འཇུག་དང་ལྷ་ཆེན་པོ་ལ་སོགས་པའོ། །དེ་རྣམས་ཁྲོ་བོའི་གཟུགས་ཀྱིས་མཐར་ནི་འདུལ་བར་བྱེད་པས་ན་པྲཛྙཱ་ན་ཏ་ཀྲིཏ་ཏེ་བསྐྱེད་པའི་རིམ་པའོ། །རྡོ་རྗེའི་དམ་ཚིག་བསྙེངས་པར་བྱེད་པའི་ཚུལ ་དུ་ཞེས་པ་ནི་རྡོ་རྗེའི་དམ་ཚིག་ནི་དེ་བཞིན་གཤེགས་པ་བསྲུང་བའི་ཕྱིར་བསྙེངས་པར་བྱེད་པའི་ཚུལ་དུ་ཁྲོ་བོའི་ཚུལ་དུ་སྟེ། བསྐྱེད་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཆོས་རིན་པོ་ཆེའི་འབྱུང་གནས་ཏིང་ངེ་འཛིན་ཞེས་པ་ནི་ཆོས་ནི་ཡན་ལག་བཅུ་གཉིས ་བའི་གསུང་རབ་སྟེ། དེ་ཉིད་གཞན་གྱི་བསྟན་པ་རྣམས་ལས་ཕུལ་བྱུང་བའི་ཕྱིར་རིན་པོ་ཆེ་སྟེ། དེའི་འབྱུང་གནས་ནི་བསྐྱེད་པའི་གནས་ཏེ་གསུང་གི་རང་བཞིན་ཡིན་པའི་ཕྱིར་སྣང་བ་མཛའ་ཡས་ཏེ། དེའི་ངོ་བོ་ཏིང་ངེ་འཛིན་ཏེ། བསྐྱེད་པའི་རིམ་པའོ། །ཡང་ན་ཆོས་ནི་ལུས་ཀྱིས ་བསྐྱེད་བ་ལ་སོགས་ཏེ། དེ་རྣམས་ཀྱི་རིན་པོ་ཆེ་ནི་ཧཱུཾ་དང་ཕཊ་ལ་སོགས་པའི་སྔགས་རྣམས་སོ། །འབྱུང་བ་ནས་ནི་དེ་དག་གིས་ཐོབ་པའི་མཆོག་ཏུ་དགའ་བའི་བདེ་བ་སྟེ་ལས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ ་བསྐྱེད་བའི་རིམ་པའོ། །པདམཱནྟ་ཀྲིཏ་ཅེས་བྱ་བ་ལ་མ་དྲན་པ་དང་ཉོན་མོངས་པའི་བདུད་དང། ལོག་པར་ལྟ་བ་དང། ལས་ཀྱི་སྒྲིབ་པ་དང། འདོད་པའི་འདོད་ཆགས་རྣམས་པདྨ་བཞིན་དུ་ཁ་ཕྱེ་བའི་ཤེས་རབ་ཀྱི་མཐར་ནི་འཇོམས་པར་བྱེད་པས་ན་པདྨ་ཏ་ཀྲིཏ་སྟེ་རྫོགས ་པའི་རིམ་པའོ། །པདྨ་དང་ཨན་ཏ་ནི་རྡོ་རྗེ་དེ་དག་བྱེད་པ་ནི་ཡང་དག་པར་སྦྱོར་བ་སྟེ་པདམཱན་ཏ་ཀྲིཏ་ཏོ། །དེ་ནི་རྒྱུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་ཀྱི་དམ་ཚིག་ནི་མེའི་ཁམས་ཀྱིས་བྱས་པའི་གནོད་པ་སྟེ། དེ་བསྙེངས་པར་བྱེད་པ་ནི་འཇོམS ་པ་སྟེ། དེའི་ཚུལ་དུ་ཞེས་པ་ནི་དེའི་གཟུགས་ཀྱིས་ཏེ། སྒྲུབ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནང་ནས་གང་ཞིག་གཙོ་བོར་གྱུར་པ། སྐུ་དང་གསུང་དང་ཐུགས་ཞེས་པ་ནི་དེ་བཞིན་གཤེགས་པ་གསུམ་སྟེ། དེ་རྣམས་ཀྱི་རྡོ་རྗེ་ནི་ལས ་ཐམས་ཅད་པའི་དམ་ཚིག་སྟེ། དེ་ཉིད་དོན་ཡོད་གྲུབ་པ་ཡིན་ལ། དེས་ཉེ་བར་མཚོན་པའི་འཕགས་པ་བདུད་རྩི་འཁྱིལ་པ་སྟེ་དེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ་བསྐྱེད་པའི་རིམ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི་གསུམ་གང་ཡིན་པ་དེ ་རྣམས་ལ་བྱིན་གྱིས་བརླབ་པ་ནི་ལས་ཐམས་ཅད་པ་ཡིན་པའི་ཕྱིར་སྲུང་བར་མཛད་པའོ། །དེ་ཉིད་ཀྱི་ཕྱིར་ཁྲོ་བོ་ཆེན་པོ་སྟེ་ཁྲོ་བོའི་རྒྱལ་པོའི་གཟུགས་ཀྱི་གནས་པ་སྟེ། བསྐྱེད་བའི་རིམ་པའོ། །ཡང་ན་དེ་བཞིན་གཤེགས་པ་ཐམས་ཅད་ནི་རྡོ་རྗེ་ཐེག་པ་ལ་ཞུགས་པའི་སྒྲུབ་པ་པོ ་རྣམས་སོ། །དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དང། དམ་ཚིག་གི་དཀྱིལ་འཁོར་ལ་དམ་ཚིག་ཉམས་པའི་དབང་གིས་དྲི་མ་དང་ལྡན་པ་དེ་རྣམས་ལ་བྱིན་གྱིས་བརླབ་པ་ནི་གཞན་འཚོ་བ་སྟེ། གང་གི་ཕྱིར་དོན་ཡོད་གྲུབ་པའི་རིགས་ཀྱི་དཀྱིལ་འཁོར་བ་རྣམས ་ནི་དམ་ཚིག་ཉམས་པའི་གསོ་བའི་ནུས་པ་དང་ལྡན་པ་ཡིན་ནོ་ཞེས་བླ་མ་རྣམས་བཞེད་དོ། །ཡང་ན་དེ་བཞིན་གཤེགས་པ་ཐམས་ཅད་ནི་བསྟན་པའི་མི་མཐུན་པར་གྱུར་པའི་བགེགས་རྣམས་ཀྱི་སྐུ་གསུང་ཐུགས་གང་ཡིན་པ་དེ་རྣམས་ལ་བྱིན་གྱིས་བརླབ་པ་ནི་ཕུར་བུས ་གདབ་པ་སྟེ། བསྐྱེད་པའི་རིམ་པའོ། །འོག་ཏུ་རྩེ་གཅིག་པའི་འཁྱིལ་པས་བགེགས་རྣམས་ལ་ཕུར་བུས་གདབ་པ་ནི་སྔར་བཤད་ཟིན་ཏོ། །བིཁྞཾ?་ཏ་ཀྲིཏ་ཅེས་བྱ་བ་ནི་གཡེང་བ་དང་ལྷའི་བུའི་བདུང་དང། རྣམ་པར་སྨིན་པའི་སྒྲིབ་པ་དང། ལྟ་བ་མཆོག་ཏུ་འཛིན་པ་དང། ཁོང ་ཁྲོ་བ་སྟེ་བིགྷྣའོ?། །དེ་རྣམས་ལ་དེའི་གཉེན་པོས་མཐར་བྱེད་པས་ན་བིགྷྣཱཾ?་ཏ་ཀྲིཏ་ཏེ་རྫོགས་པའི་རིམ་པའོ། །བིགྷྣཱཾ?་ནི་ཁྱབ་འཇུག་དང་དྲག་པོ་ལ་སོགས་པ་དེ་རྣམས་ཀྱི་བདག་པོ་སྟེ། གླང་པོ་ཆེའི་གདོང་ཅན་ལོག་འདྲེན་ཡང་བིགྷྣཾ་རོ?། །དེ་ལ་མཐར་ནི་ཞབས་ཀྱིས་འོག་ཏུ་མནན་པར་མཛད ་པ་ན་བིགྷྣཱཾ?་ཏ་ཀྲིཏ་དེ་བསྐྱེད་པའི་རིམ་པའོ། །བིགྷྣཱཾ་ནི་བདག་དང་གཞན་གྱི་རྣམ་པར་རྟོག་པ་ད་དག་སྟོང་པ་ཉིད་ཀྱིས་བསྒོམས་པས། མཛའ་ནི་སྣང་བར་བྱེད་པས་ནི་བིགྷྣཱཾ་ཏ་ཀྲིཏ་ཏེ་དང་པོར་སྦྱོར་བའོ། །བིགྷྣཾ་ནི་སེམས་ཅན་གྱི་དོན་ལ་བགེགས་ཏེ་སྟོང་པ་ཉིད་བསྒོམ་པའོ། །དེ ་ལས་ཟླ་བ་དང་རྡོ་རྗེ་ལ་སོགས་པའི་རིམ་གྱིས་སྐུ་དང་དཀྱིལ་འཁོར་སྤྲོ་བས་ཨནྟ་ནི་དེ་གཏོང་བར་བྱེད་པས་ན་བིགྷྣཱཾ་ན་ཏ་ཀྲིཏ་དེ་དཀྱིལ་འཁོར་རྒལ་བ་མཆོག་གོ། བིགྷྣཱཾ་ནི་ས་བཅུ་མ་ཐོབ་པའོ། །བདུད་རྩི་མྱང་བ་ལ་སོགས་པས་དེ་མཐར་བྱེད་པས་ན་བིགྷྣཱཾ་ན་ཏ་ཀྲིཏ་དེ་ལས་ཀྱི ་རྒྱལ་བ་མཆོག། བིགྷྣཱཾ་ནི་སྣང་བ་ལ་སོགས་པའོ། །དེ་རྣམས་འོད་གསལ་བས་མཐར་བྱེད་པས་བིགྷྣཱཾ་ན་ཏ་ཀྲིཏ་དེ་སེམས་རྣམ་པར་དག་པའོ། །ཡི་གེ་གསུམ་འཇུག་པ་དང་གནས་པ་ལྡང་བའི་རིམ་གྱིས་ཐ་དད་ཕར?་བཟླས་པ་གང་ཡིན་པ་དེ་ནི་བགེགས་སོ། །ཡན་ལག་མ་ཉམས ་པའི་བཟླས་པས་དེ་མཐར་བྱེད་པས་ན་བགེགས་མཐར་བྱེད་དེ་རྡོ་རྗེ་བཟླས་པའོ་།ཕུང་པོ་དང་ཁམས་དང་སྐྱེ་མཆེད་བཏགས་པ་ལ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་མཐར་བྱེད་པས་ན་བགེགས་མཐར་བྱེད་དེ་བདག་ལ་བྱིན་གྱིས་བརླབ་པའོ། །འདོད་ཆགས་དང་འདོད་ཆགS ་དང་བྲལ་བ་དང་འདོད་ཆགས་པར་པ་རྣམས་ནི་བགེགས་ཏེ། དེ་རྣམས་ལྷན་ཅིག་སྐྱེས་པའི་རིམ་གྱིས་མཛའ་ནི་མི་དམིགས་པར་བྱེད་པས་ན་བགེགས་མཐར་བྱེད་དེ་མངོན་པར་བྱང་ཆུབ་པའོ། །ཀུན་རྫོབ་དང་དོན་དམ་པ་ཐ་དད་པ་ནི་བགེགས་སོ། །དེ་དག་གི་མཛའ་ནི་དབྱེར་མེད ་པར་བྱེད་པས་ན་བགེགས་མཐར་ཕྱེད་དེ་ཟུང་དུ་འཇུག་པའོ། །དགོངས་པ་བཤད་པས་ནི་ཤེས་རབ་པོ། །གྷྣཱཾ?་ནི་ཐབས་སོ། །དེ་དག་གིས་མཛའ་ནི་སྦྱོར་བར་བྱེད་པས་ན་བགེགས་མཐར་བྱེད་དེ་རང་བཞིན་ནོ། །ཐ་མལ་པའི་འཇིག་རྟེན་གྱི་སྐྱེས་པ་དང་བུད་མད?་ཀྱི་རྒྱལ་མཚན ་དག་ནི་བགེགས་ཏེ། དེ་དག་གི་མཛའ་ནི་འཇིག་རྟེན་ལས་འདས་པའི་སྤྱོད་པས་བསྡུ་བར་བྱེད་པས་ན་བགེགས་མཐར་བྱེད་དེ་རྒྱུའོ། །བྱང་ཆུབ་ཀྱི་སེམས་འཕོ་བ་ནི་བགེགས་ཏེ། ལྷན་ཅིག་སྐྱེས་པའི་བདེ་བ་ཉམས་པའི་ཕྱིར་རོ། །དེ་བས་ན་ཧཱུཾ་ཕཊ་ལ་སོགས ་པའི་ཡིག་འབྲུས་དེ་རེངས་པར་བྱས་ཤིང་མཛའ་ནི་སྐྱོད་པས་ན་བགེགས་མཐར་བྱེད་དེ་ལ་སོ། །བགེགས་ནི་དགའ་བ་དགའ་བ་དང་མཆོག་དགའ་དང་དགའ་བྲལ་འོ?། །དེ་རྣམས་ལ་བཞི་པ་ནི་མཐར་ཏེ། དེས་རོ་ཅིག་པར་བྱེད་པས་ན་བགེགས་མཐར་བྱེད་དེ་འབྲས་བུའོ།། ་སོ་སོར་སྡུད་པ་ལ་སོགས་པ་མི་མཐུན་པ་ནི་བགེགས་ཏེ། དེ་རྣམས་སོ་སོར་སྡུད་པ་ལ་སོགས་པ་ཡན་ལག་དྲུག་གིས་མཐར་ནི་འཇིག་པར་བྱེད་པས་ན་བགེགས་མཐར་བྱེད་དེ་རྣལ་འབྱོར་རོ། །རྩི་བའི་ལྟུང་བ་དང་ཁ་ན་མ་ཐོ་བ་སྦོམ་པོ་ནི་བགེགས་ཏེ། དེ་རྣམས ་ལ་དམ་?་དང་སྤོམ་པས་མཐར་བྱེད་པས་ན་བགེགས་མཐར་བྱེད་དེ་སྒྲུབ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་སེམས་ཅན་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ནི་གང་ཞིག་ལུས་དང་དག་དང་སེམས་ལ་གནོད་པར་བྱེད་པ་སྟ་སྲིན་པ་རྣམས་སོ། །དེ་རྣམས་ལ ་སྐྲག་པ་ནི་འཇིགས་པར་བྱེད་པའི་རྣམ་པ་ཕྱག་རྒྱ་ཆེན་པོའི་ཁྲོ་བོའི་གཟུགས་ཀྱིས་སོ། །བྱང་ཕྱོགས་ཀྱི་སྒོར་བཞུགས་སོ་ཞེས་བྱ་བ་སྟེ། བསྐྱེད་པའི་རིམ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ཉེ་པར་བསྡུ་བར་བྱ་སྟེ། དེ་བཞིན ་གཤེགས་པ་ཐམས་ཅད་ནི་དཀྱིལ་འཁོར་གྱི་བདག་པོ་དང་བཅས་པ་དཀྱིལ་འཁོར་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བགེགས་འཇོམས་པས་མཉེས་པར་བྱེད་པ་ནི་མགུ་བར་མཛད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་དཀྱིལ་འཁོར་ནི་གཞིའི ་དཀྱིལ་འཁོར་ཏེ། དེའི་དམ་ཚིག་ནི་རྡོ་རྗེའི་ར་བ་ལ་སོགས་པ་བཅིངས་པའི་བྱ་བ་སྟེ། དེའི་དོན་དུ་སེམས་པ་ནི་རྩལ་བ་དང་ལྡན་པའི་སེམས་སོ། །དེ་བཞིན་དུ་དཀྱིལ་འཁོར་ནི་གཞི་ཅན་གྱི་དཀྱིལ་འཁོར་ཏེ། དེའི་དམ་ཚིག་ནི་དཀའ་སྟེ་དེ་བྱ་བའི་ཕྱིར་སེམས་པ ་ནི་རྩོལ་བ་དང་ལྡན་པའི་སེམས་ཏེ་བསྐྱེད་པའི་རིམ་པའོ། །དེ་ལྟར་ན་དབུས་ཀྱི་པདྨར་བཅོམ་ལྡན་འདས་སོ། །འདབ་མ་རྣམས་ལ་དེ་བཞིན་གཤེགས་པ་བཞིའོ། །གྲཝ་རྣམས་སུ་ལྷ་མོ་སྤྱན་ལ་སོགས་པའོ། །ཕྱི་རོལ་གྱི་རིམ་པའི་གྲཝ་བཞི་པོ་ལ་གཟུགས་རྡོ་རྗེ་མ་ལ་སོགས་པའོ་རེག་བྱ་རྡོ ་རྗེ་མ་ནི་བཅོམ་ལྡན་འདས་ཀྱིས་འཁྱུད་པའོ། །སྣམ་བུ་བཞི་པོ་ལ་ནི་ཤར་གྱི་སྣམ་བུ་ནས་བརྩམས་ཏེ། བྱམས་པ་ལ་སོཌ་པ་གཉིS་གཉིས་ཏེ། བྱང་ཆུབ་སེམས་དཔའ་བརྒྱད་ཡིན་ནོ། །ཤར་ལ་སོགས་པའི་སྒོ་རྣམས་ལ་གཤིན་རྗེ་མཐར་བྱེད་ལ་སོགས་པའོ། །ཤར་ལྷོ ་ལ་སོགས་པའི་སྒོའི་གྲཝ་རྣམས་ལ་མི་གཡོ་བ་ལ་སོགས་པའོ། །སྟེང་དང་འོག་ཏུ་གནོད་མཛེས་ཀྱི་རྒྱལ་པོ་དང་གཙུག་ཏོར་འཁོར་ལོ་སྒྱུར་པ་དག་དགོང་པར་བྱའོ། །དེ་རྣམས་ཀྱི་སྐུ་མདོག་ཕྱག་མཚན་ལ་སོགས་པའི་རྣམ་པར་དབྱེ་བ་ནི། སྔར་བསྟན་པ་ཡིན་ནོ་འོ་ན་བཅོམ ་ལྡན་འདས་ཀྱིས་ལེའུ་འདི་ལ་ལྷ་བཅུ་གསུམ་བསྟན་པ་ཡིན་ཏེ། ཅིའི་ཕྱིར་སུམ་ཅུ་རྩ་གཉིས་བརྗོད་ཅེ་ན། དེའི་ལན་འདི་ཡིན་ཏེ། གླེང་གཞི་བཟླས་མ་ཐག་ཏུ་བཅོམ་ལྡན་འདས་ཀྱིས་བསྟན་པས་ཏེ། སྐྱོན་མེད་པའོ། །དཔེར་ན་དེ་བཞིན་གཤེགས་པ་དང་ལྷ་མོ ་དང་ཁྲོ་བོ་རྣམས་ནི་ཐེ་ཚོམ་མེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་རྡོ་རྗེ་རང་ཞེས་བྱ་བ་ལ་སོགས་པS་གཟུགས་རྡོ་རྗེ་མ་ལ་སོགས་པ་བསྟན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམ་ཚིག་རྡོ་རྗེ་དང་ཞེས་བྱ་བ་ལ་སོགས ་པས་བྱང་ཆུབ་སེམས་དཔའ་བརྒྱད་བསྟན་ཏོ། །དེ་ལྟར་ན་ཁྲོ་བོ་བཞི་ལུས་པར་མི་འགྱུར་རམ་ཞེ་ན། ལུས་པར་མི་འགྱུར་ཏེ་གྲཝར་བཞུགས་པ་དེ་རྣམས་ནི་གཤིན་རྗེ་མཐར་བྱེད་ལ་སོགས་པའི་སྤྲུལ་པ་ཡིན་ཏེ། གཤིན་རྗེ་མཐར་བྱེད་ལ་སོགས་པ་རྣམས་ནི་དེ ་བཞིན། གཤེགས་པ་བཞི་པོ་དང་ཐ་མི་དད་པའི་ཕྱིར་རོ། །དེའི་ཕྱིར་ལྷ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་ཡིན་ཏེ། དེ་ཉིད་གནས་པ་ཡིན་ནོ། །ད་ནི་ལེའུའི་མིང་བརྗོད་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་ ་དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་སྟེ། དེ་རྣམས་ཀྱི་གང་ཞིག་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ནི་ཡི་གེ་གསུམ་སྟེ། དེ་རྣམས་ཉིད་ཉན་ཐས་པ་ལ་སོགས་པའི་རིགས་ལ་སྤས་པའི་ཕྱིར་བསང་བསྟེ། དེ་རྣམས་ཀྱིས་གང ་ཞིག་འདུས་པ་ནི་དེ་རྣམས་ཡོངས་སུ་གྱུར་པ་ལས་སྐྱེས་པ་དཀྱིལ་འཁོར་པ་རྒྱུད་གང་ལ་ཡོད་པ་དེ་ལ་ནི་དེ་སྐད་ཅེས་བྱ་སྟེ། དེ་ལས་སོ་དེ་བཞིན་གཤེགས་པ་ཐམས་ཅད་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་ཉིད་ཀྱི་གང་ཞིག་དམ་ཚིག་གི་དཀྱིལ་འཁོར་ནི་ནང་གི་བདག་ཉིད་ཀྱི་རིམ ་པས་སྤྲུལ་པའི་དཀྱིལ་འཁོར་ཏེ། དེ་ཡང་ཕྱི་རོལ་ཏུ་སྤྲོ་པ་སྟེ། དེ་ཉིད་བྱིན་གྱིས་རློབ་པ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་དགོད་པའི་ཚུལ་ལེའུ་གང་ལ་ཡོད་པ་དེ་ནི་དེ་ཞེས་བྱའོ། །དཔེར་ན་བྱ་ཁང་བཞིན་དུ་ནི་ཁང་པའི་སྟེང་དུ་གནས་པས་རླུང་དང་ཆར་པ་ལ་སོགས་པ་སེལ་བར ་བྱེད་པ་སྟེ། དེ་བཞིན་དུ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་སྐྱོན་འཇོམས་པར་བྱེད་པས་ན་བྱ་ཁང་བཞིན་དུ་ལེའུ་ཞེས་བརྗོད་དོ། །རྒྱུད་འགྲེལ་ལས་ལེའུ་དང་པོའི་ཚིག་གི་དོན་བཅུ་དྲུག་གི་བཤད་པའོ།། །།ལེའུ་དང་པོའི་འགྲེལ་པའི་ཚིགས་སུ་བཅད་པའི་གྲངས ་ནི་སྟོང་ཕྲག་གཅིག་དང་ཚིགས་སུ་བཅད་པ་བརྒྱ་ཐམ་པའོ།། །།རྣམ་པ་གཉིས་ཀྱི་ལྷའི་རྣལ་འབྱོར་སྒོམ་པས་རྒོད་པ་སྐྱེད་པས་དེ་ཉིད་སེལ་བར་བྱ་བའི་ཕྱིར་དོན་དམ་པའི་བདེན་པ་གཙོ་བོར་གྱུར་པ་བྱང་ཆུབ་ཀྱི་སེམས་ཀྱི་ལེའུ་གཉིས་པ་བརྩམ་པར་བྱ་སྟེ། ་དེ་ནS་ཞེ་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །བཅོམ་ལྡན་འདས་ཡེ་ཤེས་ལ་དབང་ཐོབ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེ ་ལ་མཆོད་པ་ནི་ཕྱི་ནང་གསང་བའི་མཚན་ཉིད་ཅན་བྱས་ནས་ཕྱག་འཚལ་བ་ཡང་བྱས་ནས་འདི་སྐད་གསོལ་ཏོ་།ཞེས་པ་ནི་འདི་སྐད་འདྲི་བ་ཡིན་ནོ། །དེའི་དོན་འདི་ཡིན་ཏེ། རང་གི་ཐུགས་ཀ་ལས་གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་ལྔ་སྤྲོས་ཏེ། དེ་དག་གིས ་མེ་ཏོག་ལ་སོགས་པའི་མཆོད་པ་རྣམ་པ་ལྔས་ཡང་དག་པར་མཆོད་ཅིང་རེག་བྱ་རྡོ་རྗེ་མས་ཀྱང་སྙོམས་པར་ཞུགས་པའི་མཆོད་པ་བྱས་ལ། དེ་ནས་མར་ལ་མར་བཞིན་དུ་ཐ་མི་དད་པའི་བློས་ཕྱག་བཙལ་ནས་རྣམ་པར་སྣང་མཛད་ལ་སོགས་པ་ཐེ་ཚོམ་ཞུས་པའོ་ཞེས ་སྟོན་ཏོ། །རབ་ཏུ་བྱེད་པ་ལས་ཀྱང། ཇི་བཞིན་ཆུ་ལ་ཆུ་ཐིམ་དང། །ཇི་ལྟར་མར་ལ་མར་བཞིན་དུ། །རང་གི་རང་གིས་ཡེ་ཤེས་ནི། །ཐིམ་པ་དེ་ནི་ཕྱག་ཡིན་ནོ། །འོན་ཀྱང་ཀུན་མཁྱེན་རྟོགས་པ་ནི། །མེད་ན་དེ་ནི་མི་དམིགས་ཏེ། །མུན་པའི་ཚོགས་ཀྱིས་བཀབ་པ ་ནི། །དྲིན་གྱིས་མར་མེ་ཐོབ་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །ཅི་གསོལ་ཏོ་ཞེ་ན། སྐུ་དང་གསུང་དང་ཐུགས་ཞེས་བྱ་བ་ལ་སོགས་པ་ནི་ཀྱེ་བཅོམ་ལྡན་འདས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་བག་ཆགས་འཇོམས་པར་བྱེད་པ་ཀྱེ་རྡོ་རྗེ་ ་འཆང་ཆེན་པོ་བྱང་ཆུབ་སེམས་ནི་བྱང་ཆུབ་ནི་འོད་གསལ་པ་སྟེ། དེ་ལ་སེམས་ནི་དེའི་བདག་ཉིད་དུ་ཞུགས་པ་རྣམ་པར་ཤེས་པ་གསུམ་བཤད་དུ་གསོལ། ཇི་ལྟ་བུ་ཞེ་ན། སྙིང་པོ་ཞེས་པ་ནི་ཆོས་ཉིད་ཀྱི་ངོ་བོ་དེ་བཞིན་དུ་སྐུ་དང་གསུང་དང་ཐུགས་ཀྱི་ཀུན་བརྟགས ་ཀྱི་མཆོག་ཅེས་པ་ནི་ཐམས་ཅད་སྟོང་པ་ཉིད་ཀྱི་ངོ་བོས་ཕུལ་དུ་བྱུང་བའོ། །ཞེས་སྟོན་ཏོ། །དེ་བཞིན་གཤེགས་པ་ཀུན་ནི་ཕུང་པོ་ལ་སོགས་པ་མི་སྣང་བར་བྱེད་པའོ། །བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ལ་མི་བསྟན་པའི་ཕྱིར་གསང་བའོ། །བླ་ན་མེད ་པ་ནི་སློབ་བཞིན་མ་ཡིན་པའི་ངོ་བོ་བྱང་ཆུབ་ཀྱི་སེམས་དེ་ཉིད་དེ་སྔ་མ་དང་སྦྱར་རོ། །དེ་ནི་རྫོགས་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཐམས་ཅད་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་ལ་མོས་པ་དང་ལྡན་པའི་དེ་བཞིན་གཤེགས་པ་རྣམས་ལ་ཇི ་ལྟར་རྡོ་རྗེ་འཆང་ཆེན་པོས་དེ་བཞིན་ཉིད་བསྟན་པར་མཛད་པ་དེ་ལྟར་གསུངས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་མི་སྣང་བར་མཛད་པ་དེ་བཞིན་གཤེགས་པ་དྲུག་པ་སྟེ། དེ་ཉིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི ་གསོལ་བ་ནི་ཞུ་བ་མཁྱེན་ཅིང་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་གཞན་མ་རྣམས་ཀྱི་ཡོངས་སུ་རྟོག་པ་ནི་སེམས་ལ་གནས་པའི་དོན་དམ་པའི་རྟོག་པ་སྒྱུ་འཕྲུལ་གྱི་མཐུས་ཉིད་ཀྱི་ཡེ་ཤེས་ཀྱིས་མཁྱེན་ནས། དེ་རྣམས་ལ་འདི ་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་ནི་འོག་ནས་འཆད་པར་འགྱུར་བའི་དེ་ཁོ་ན་ཉིད་གསུངས་སོ་ཞེས་སྟོན་ཏོ། །དེ་ཡང་རྫོགས་པའི་རིམ་པའོ། །ཁྱེད་ཀྱི་སེམས་ཞེས་བྱ་བ་ལ་སོགས་པ་ནི་ཁྱེད་ནི་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་ལའོ་། ་སེམས་ལུས་ལྟ་བུ་ཞེས་བྱ་ལ། སེམས་ནི་རྣམ་པར་ཤེས་པ་བརྒྱད་ཀྱི་ངོ་བོའོ། །ལུས་ལྟ་བུ་ཞེས་པ་ནི་དེ་ལས་ལུས་ཐ་མི་དད་པའོ་ཞེས་ཏིང་ངེ་འཛིན་བསྐྱེད་པར་གྱིས་ཤིག་པའོ། །དེ་བཞིན་དུ་ལུས་ནི་སྒོ་དགུའི་བདག་ཉིད། སེམས་ལྟ་བུ་ཞེས་བ་ནི་སེམས་ཁོ་ན་ལུས ་ཡིན་ཏེ། དེ་ལས་ཐ་དད་པ་མ་ཡིན་ཞེས་པའོ། །དེ་བཞིན་དུ་སེམས་ཚིག་བརྗོད་པ་ལྟ་བུ་ཞེས་པ་ནི་གང་ཞིག་ངག་བརྗོད་པ་འདི་ནི་ཡི་གེ་དང་ཚིག་དང་ངག་ལ་སོགས་པའི་རིམ་པས་བརྗོད་པ་དེ་ཡང་དེ་ཉིད་ཀྱི་རྣམ་པས་སེམས་ནི་ཡིད་བསྐྱེད་པར་གྱིས་ཤིག་པའོ། ། ་ངེས་ནི་འདི་སྐད་བཤད་པ་ཡིན་ཏེ། སེམས་འདི་དང་ཚིག་འདི་དང་ལུས་འདི་ཞེས་བྱ་བའི་དབྱེ་བ་གཟུང་བར་མ་བྱེད་ཅིག་པ་སྟེ། གང་གི་ཕྱིར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་སྟེ། རྟེན་ཅིང་འབྲེལ་པའི་དབང་གིས་རྣམ་པ་སྣ་ཚོགས་པ་ཉིད་དུ་སྣང་སྟེ། མེ་ལོང ་ལ་གཟུགས་བརྙན་སྣང་བ་བཞིན་དུ་འཁྲུལ་པའི་དབང་གིས་སོ་སོར་སྣང་བ་སྟེ། དོན་དམ་པས་ནི་མ་ཡིན་ནོ། །ཇི་སྐད་དུ་དངོས་པོ་ལས་ནི་དངོས་སྐྱེས་མིན། །དངོས་མེད་ལས་ཀྱང་སྐྱེ་བ་མིན། །དངོས་པོའི་འཁྲུལ་པས་དངོས་པོ་ནི། སྐྱེ་སྟེ་ནམ་མཁའ་ཨི་མེ་ཏོག་བཞིན། ། ་དེ་བཞིན་དུ་ཆོས་ནི་སྟོང་པ་ཉིད་རྣམས་ལས། །སྟོང་པའི་ཆོས་རྣམས་འབྱུང་བ་ཡིན། །ཁ་ཏོན་མར་མེ་མེ་ལོང་བརྒྱ། །མེ་ཤེལ་ས་བོན་སྒྱུར་དང་སྒྲ་ཞེས་འབྱུང་ངོ། །བྱང་ཆུབ་སེམས་ཀྱི་རྣམ་འགྲེལ་ལས་ཀྱང། གཟུགས་ནི་དབུ་བ་ལྟ་བུར་བཤད། །ཚོར་བ་ཆུ ་བུར་དང་མཚུངས་པ། །འདུ་ཤེས་སྨིག་རྒྱུ་དང་འདྲ་བ། །འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །སྒྱུ་མ་ལྟ་བུ་རྣམ་ཤེས་ནི། །དེ་ལྟར་ཕུང་པོ་རྣམས་བསྟན་པའོ་ཞེས་བྱ་བས་དངོས་པོའི་རང་བཞིན་སྟོང་པ་ཡིན་པ་ཐ་དད་པའི་སེམས་བསྐྱེད་པར་མ་བྱེད་ཅིག་།པ་སྟེ་རྫོགས་པའི་རིམ ་པའོ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་ནི་བྱམས་པ་ལ་སོགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་ཐམས་ཅད་སྟོང་པའི་རང་བཞིན་ནོ། །ནམ་མཁའ་ཨི་ཚུལ་དུ་སྦྱོར་བ་ནི་འོད་གསལ་བའི་ངོ་བོས་ཡང ་དག་པར་སྦྱོར་ཞིང་སྒྱུ་མའི་སྐུ་བླངས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །དེ་ནི་བདག་བྱིན་གྱིས་བརླབ་པའོ། །ེ་མའོ་ནི་ངོ་མཚར་བ་འདི་ཡིན་ནོ། །ཀུན་ཏུ་བཟང་པོ་ནི་རྡོ་རྗེ་འཆང་ཆེན་པོའོ། །ཇི་ལྟ་བུ་ཞེ་ན། སྐུ་དང་གསུང་དང་ཐུགས་ནི་ཁམས་གསུམ་པའི་རྡོ་རྗེ་འཆང ་གི་རང་བཞིན་མཁྱེན་པ་ཁྱེད་ཀྱིའོ། །གང་ཞིག་སྐྱེ་བ་མེད་པའི་ཚུལ་ནི་འོད་གསལ་བ་བསྟན་པ་སྟེ། ངེས་ནི་སྐྱེ་བ་དངོས་པོ་ཐམས་ཅད་རབ་ཏུ་འབྱུང་བ། གྲགས་པ་ནི་བསྟན་པ་སྟེ་བདག་བྱིན་གྱིས་བརླབ་པའོ། །རབ་ཏུ་བྱེད་པ་ལས་ཀྱང། ཇི་ལྟར་དང་པའི་ཆུ་ལས་ནི། །ཉ་ནི་མྱུར་དུ ་འཕར་བར་འགྱུར། །ཐམས་ཅད་སྟོང་པ་དང་བ་ལས། །སྒྱུ་འཕྲུལ་དྲ་བ་དེ་བཞིན་འབྱུང། །ཞེས་བཤད་དོ། །ད་ནི་ཚིགས་སུ་བཅད་པ་དྲུག་གིས་དེ་བཞིན་གཤེགས་པ་དྲུག་པོས་འོད་གསལ་བ་ཉིད་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ཡེ་ཤེས་ལྔའི་གང་ཞིག་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་ཤེས་པ་དང་ཤེས་བྱ་བྲལ་བའི་ཐམས་ཅད་སྟོང་པ་ཉིད་དེ། དེ ་ཉིད་ཀྱི་ཚུལ་ནི་ཐབས་ཏེ་རྡོ་རྗེ་བཟླས་པའི་རིམ་པའོ། །དེ་ཞེས་བྱ་བའི་ཏིང་ངེ་འཛིན་བསྒོམ་པའི་ཁྱད་པར་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་ནི་འོད་གསལ་བའི་གོ་འཕང་ཐོབ་པའི་རྒྱུར་གྱུར་པའི་ཚིག་གསུངས་ཏེ། དངོས་པོ་མེད་པ་ཞེས་བྱ་བ་ལ་སོགས་བ་ནི ་ཕྱི་རོལ་གྱི་སོ་དང་མཆུ་གཉིས་ལ་སོགས་པ་ལས་འབྱུང་བའི་སྔགས་རྣམས་སྐད་ཅིག་མ་ཉིད་ཡིན་པས་བརྗོད་བ་ཙམ་གྱིས་འཇིག་པས་ན་དངོས་པོ་མེད་པར་སྒོམ་པ་ནི་དེའི་ངོ་བོ་དག་གི་བཟླས་པའི་མཚན་ཉིད་ཅན་མེད་པ་ནི་རེ་ཞིག་ཚད་མས་གྲུབ་པོ། །དཔེར་ན ་དངོས་པོ་གང་དང་གང་རྟེན་ཅིང་འབྲེལ་པ་ལས་འབྱུང་བ་དེ་དང་དེ་ནི་རང་བཞིན་མེད་པ་སྟེ་སྣམ་བུ་བཞིན་ནོ། །སོ་དང་མཆུ་ལ་སོགས་པའི་རྩོལ་བ་ལས་འབྱུང་བའི་སྔགས་རྣམས་ཡིན་ཏེ། དེའི་ཕྱིར་སྟོང་པ་ཡིན་ནོ་ཞེས་རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །དེ་ལྟར་ན་རེ་ཞིག་སྒྲའི ་བདག་ཉིད་ཀྱི་སྔགས་སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་མེད་པ་ཡིན་མོད་ཀྱི་སྒྲ་ཙམ་གྱི་བདག་ཉིད་དེ་ཡོད་པ་ཡིན་ནོ། །ཇི་སྐད་དུ་ནམ་མཁའ་ཨི་རླུང་ལས་འབྱུང་ཞིང་ལུས་པོ་ལས། ཡང་དག་བརྗོད་ཅིང་སྒྲ་ནི་ཁར་ཕྱིན་ཏེ། །གནས་རྣམས་གཞན་ལ་རབ་ཏུ་ཕྱེ་འགྱུར་བ། །ཡི་གེ ་ཉིད་དུ་གྱུར་པ་དེ་ནི་སྒྲ། །ཡི་གེ་དེ་ནི་ཚངས་བདག་བྱེད་མཆོག་།ཕུག་ན་གནས་པར་བྲམ་ཟེས་ཡང་དག་བརྗོད། །དེ་ནི་ཡང་དག་རབ་ཏུ་སྦྱར་བ་ནི། །ངེས་ལེགས་མངོན་མཐོ་སྐྱེས་བུ་སྦྱོར་བར་བྱེད། །ཅེས་འབྱུང་ངོ། །དེ་བཞིན་དུ་དཔལ་རྡོ་རྗེ་ས་འོག་གི་རྒྱུད་ལས་ཀྱང། ཡི ་གེ་དབྱངས་དང་སྒྲ་དང་ནི། །སྒྲ་སྒྲོགས་ང་རོ་སྙན་སྒྲ་སྐད། །བརྩེགས་དང་སྒྲ་མཛའ་ཆོག་དྲག་སྟེ། །སྒྲའི?་ཚན་ཉིད་བཅུ་པའོ། །ལྐོག་མ་མཆུ་རྐན་སོ་ལ་སོགས། །རྣམ་པར་དབྱེ་བས་ཉེར་དམིགས་པ། །གསལ་བའི་ཡི་གེ་ཚིག་དམིགས་པ། །དེ་མི་ཡི་གེ་ཞེས་བཤད ་པའོ། །དྲུག་ལྡན་ལ་སོགས་དབྱངས་དབྱེ་བས། །ཚངས་པར་སྨྲ་བ་རྣམས་ཀྱིས་བརྗོད། །ཚངས་པ་ལ་སོགས་འཇིག་རྟེན་དུ། །དབྱངས་ནི་རྣམ་བ་བདུན་དུ་གནས། །གང་ཞིག་སྒྲ་ཡི་བསྟན་བཅོས་རྣམས། །སྐད་དབྱིངས་རྟག་དང་ཚིག་སོགས་བ། །མིང་གི་ངོ་བོ་འབྱུང ་བ་ཡིས། །སྒྲ་ནི་ཐམས་ཅད་ལ་གནས་པའོ། །སྒྲ་ཡི་མཛའ་རུ་གང་ཡང་རུང། །དབྱངས་ནི་སྙན་བ་ཐོས་གྱུར་བ། །ཡིད་ནི་དགའ་བ་བྱེད་པ་བཞིན། །དེ་ནི་སྒྲ་སྒྲོགས་ཤེས་བརྗོད་པའོ། །རོལ་མོ་བྱ་དང་སྐྱེ་བོ་ཡི། །ཚོགས་པ་ལས་ནི་གང་སྐྱེས་འགྱུར། །དབྱེག?་མེད་ཅིང ་གསལ་བ་པོ། །དེ་ནི་ང་རོ་ཞེས་བསྒྲགས་སོ། །དྲིལ་བུ་པི་ཝང་ལ་སོགས་སྒྲ། །གང་ཞིག་དེ་ལས་དབྱངས་སྙན་འགྱུར། །ཡིད་ནི་དགའ་བ་བྱེད་པ་བཞིན། །དེ་ནི་སྙན་སྒྲ་བརྗོད་པ་ཡིན། །ཇི་ལྟར་འབར་བར་གྱུར་པ་ཡི། །མེ་ཡི་སྒྲ་ནི་ཐོས་འགྱུར་རམ། །གཞན་ཡང་རླུང་ངམ་ཆུ ་སོགས་སྒྲ། །དེ་ནི་སྐད་ཅེས་ཡང་དག་བརྗོད། །རླུང་མེད་ཆར་པ་དང་འདྲ་བ། །གང་ཞིག་དབྱངས་ཀྱི་ནང་དུ་གནས། །རྣ་བ་འགགས་ཤིང་རྙེད་འགྱུར་བ། །དེ་ནི་བརྩེགས་དང་སྒྲ་མཐར་བཤད། །ཇི་ལྟར་པི་ཝང་རླུང་གིས་བསྐྱོད། །སྒྲ་ནི་རབ་ཏུ་འབྱིན་པར་བྱེད། །དེ་ལྟར་སྒྲ་མཛའ་ཨི ་གནས་ལས་བྱུང། །ཤེས་རབ་ཅན་གྱིས་དེ་འདྲར་རྟོགས། །དམིགས་པར་གྱུར་པ་དེ་ཉིད་ཀྱི། །ཟབ་པ་དང་ནི་སྙན་པའི་དབྱངས། །ཇི་ལྟར་བུང་བ་བུམ་པའི་ནང། །ཤིན་ཏུ་ཕྲ་བ་རབ་བྱུང་བ། །སེམས་ཙམ་རིག་པའི་མཚན་ཉིད་ཅན། །དེ་ཡི་ཚིག་དྲག་ཅེས་གྲགས་པའོ། །དེས ་ནི་ཐམས་ཅད་འདི་ཁྱབ་སྟེ། །མར་ཁུས་ཏིལ་ལ་སོགས་པ་བཞིན། །ཐེ་ཚོམ་མེད་ཅིང་བརྗོད་དུ་མེད། །དབྱངས་དང་གསལ་བྱ་རྣམ་སྤངས་པ། །ཕྱི་ནང་བཅས་པ་རྟག་པ་སྟེ། །དེ་ནི་ཚངས་པ་མཆོག་ཏུ་བཤད། །ཅེས་བྱ་བའི་རིག་པས་སྒྲ་མཛའ་ཨི་བདག་ཉིད་ཀྱི ་བཅུ་པ་ཡོད་པ་ཡིན་ནོ་ཞེས་རྟོགས་ཤིང་བཤད་པར་བྱ་སྟེ། གང་ཞིག་སྒྲ་མཛའ་ཨི་བདག་ཉིད་སྒྲ་བསྒོམ་པར་བྱ་བ་ནི་རྟོགS་པ་སྟེ། དེ་ཡང་བསྒོམ་བ་མིན་ཞེས་པ་ནི་ཡང་དག་པར་ཡོད་པ་མ་ཡིན་ཏེ། སྔར་ཡང?་བཤད་པའི་རིག་པས་སྒྲ་མེད་པས་དེའི་ནང་དུ་དམིགས ་པའི་སྒྲ་མཛའ་ཡང་གྲུབ་པར་མི་འགྱུར་བའི་ཕྱིར་ཏེ། འབྲས་བུ་ནི་རྒྱུ་ལ་རྗེས་སུ་འབྲང་བའི་ཕྱིར་རོ། །སྒྲ་དང་སྒྲ་མཛའ་དག་ལ་རླུང་རྒྱུ་བ་ཡིན་པས་གཅིག་ཡིན་པའི་ཕྱིར་དང། རླུང་ཡང་རྣམ་པ་བཅུའི་དབྱེ་བས། །གཅིག་མ་ཡིན་པ་སྟེ། སྔ་མ་བཞིན་དུ་མི་རྟག ་པས་རྣམ་པར་ཤེས་པའི་བཞོན་པའི་ཕྱིར་རྣམ་པར་ཤེས་པ་བཞིན་དུ་སྐད་མ་ཡིན་པས་རང་བཞིན་གྱིས་མ་གྲུབ་པའི་ཕྱིར་རོ། །དེ་བས་ནི་སྒྲ་མཛའ་ཙམ?་གྱི་སྔགས་རྣམས་བསྒོམ་པར་བྱ་བ་མ་ཡིན་ནོ། །འོ་ན་ཇི་ལྟར་རྣལ་འབྱོར་པས་དངོས་གྲུབ་རྙེད་ཅེ་ན། དེ་ལྟར་དངོས ་པོ་དངོས་མེད་པས་ཞེས་བྱ་བ་ལ། དེ་ལྟར་ནི་སྔར་བཤད་པའི་གཏན་ཚིགས་ཀྱིས་ཡི་གེ་གསུམ་བསྒོམ་པ་ནི་འགྲོ་བ་དང་འོང་བའི་བསྒོམ་པ་གལ་ཏེ་མི་དམིགས་ན་དེའི་ཚེ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པ་སྟེ། མ་ནིང་གི་བཟླས་པ་རབ་ཏུ་བསྟན་པ ་ཡིན་ནོ། །དེ་ནི་རྡོ་རྗེ་བཟླས་པའི་རིམ་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་དྲུག་པའོ། །དེ་ནས་ཞེས་བྱ་པ་ལ་སོགས་པ་ལ། རྣམ་པར་སྣང་མཛད་རྡོ་རྗེ་ནི་ཁྱད་པར ་དུ་སྣང་བའི་མཛེས་པ་སྟེ། སེམས་རྣམ་པར་དག་པས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་ཤེས་པ་གསུམ་དང། མངོན་པར་རྟོགས་པ་ནི་རང་བཞིན་རྣམས། རྡོ་རྗེ་ནི་མི་སྣང་བར་བྱེད་པ་འོད་གསལ་བ་སྟེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ཏེ། སྔ་མ་བཞིན་དུ་བྱང་ཆུབ་ཀྱི་སེམས་འདི་ཞེས་པ་ནི་འོད་གསལ་བ་སྟོན་པར་བྱེད་པའི་ངག་གསུངས་སོ་ཞེས་འབྲལ་པའོ། །དངོས་པོ་ཐམས་ཅད་དང་བྲལ་པ་ཞེས་བྱ་བ་ལ་སོགས་པ་ལ། དངོས་པོ་ཐམས་ཅད་ནི་ཀུན་གཞི་རྣམ་པར་ཤེས་པ་དང་ཉོན་མོངས་པ ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་དང། འཇུག་བའི་རྣམ་པར་ཤེས་པ་རྟེ་གསུམ་མོ། །དེ་རྣམས་ཀྱང་མ་རིག་པ་དང་ཐབས་དང་ཤེས་རབ་དང། བུད་མེད་དང་སྐྱེས་པ་དང། མ་ནིང་དང་དུས་མཚམས་དང། མཚན་མོ་དང་ཉིན་མོ་དང། སྣང་བ་དང་སྣང་པ་མཆེད་པ་དང་སྣང ་བ་ཉེ་བར་ཐོབ་པ་དང། གཡོན་དང་གཡས་དང། དབུས་དང་འཇམ་བ་དང་རྣོ་བ་དང། བར་པ་དང་པདྨ་དང་རྡོ་རྗེ་དང། ཟླ་བ་དང་ཉི་མ་དང། རྗེས་སུ་འཇུག་པའི་དབྱངས་དང། ཚིག་དྲག་དང་གཉི་གའི་སྟོང་པའི་རང་བཞིན་ཡིན་ཏེ། དེ་རྣམས་དང་བྲལ་བ་ནི་ཐམས་ཅད་སྟོང་པའི།། ་གཞན་ཡང་ལུས་ངག་ཡིད་ལ་གནས་པས་ན་དངོས་པོ་ནི་ཡི་གེ་གསུམ་མོ། །དེ་རྣམས་དངོས་པོ་མ་ཡིན་ཏེ། ཁ་དོག་དང་དབྱིབས་དང། ལྷ་ལ་སོགས་པའི་རང་བཞིན་གྱིས་དེ་ཁོ་ན་ཉིད་མ་ཡིན་ཏེ། བཟླས་པ་ནི་བརྟགས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །ཡང་ན་དངོས ་པོ་ནི་འཇུག་པ་ལ་སོགས་པའི་མཚན་ཉིད་དེ་ཡང་སྒྲ་མཛའ་ཨི་བདག་ཉིད་ཡིན་པའི་ཕྱིར་དང། མི་རྟག་པ་ཡིན་པའི་ཕྱིར་དངོས་པོ་མེད་པ་ནི་དེ་ཁོ་ན་ཉིད་མ་ཡིན། ཇི་ལྟར་དངོས་གྲུབ་ཅེ་ན་བསྒོམ་པ་དག་ནི་མི་ཆགས་སོ་ཞེས་བྱ་བ་ནི་ཇི་ལྟ་བུ་ཞེ་ན། ཕུང་པོ་དང་ཁམས་དང་། ་བཟུང་བ་དང་འཛིན་པ་རྣམས་ནི་ཤེས་པ་དང། ཞེས་བྱ་སྟེ། དེ་རྣམས་ཀྱི་རྒྱུར་གྱུར་པ་རང་བཞིན་བརྒྱ་དྲུག་ཅུ་དང་སྤངས་པའོ། །འདིར་ཡང་རིམ་པ་འདི་ཡིན་ཏེ། སེམས་རྣམ་པར་དག་པར་བྱ་པའི་ཕྱིར་དངོས་པོ་བཞི་ཡིན་ཏེ། སྣང་བ་དང་སྣང་བ་མཆེད་པ་དང། སྣང་བ་ཉེ་བར ་ཐོབ་པ་དང། འོད་གསལ་བ་སྟེ། གསུམ་ནི་སྤང་བྱ་ཡིན་ལ། བཞི་པ་ནི་བླང་བྱ་སྟེ་འབྲས་བུ་ཡིན་ནོ། །དེ་རྣམས་ལ་ཡང་ཆུང་བ་ལ་སོགས་པ་དབྱེ་བ་རྣམ་པ་བཞི་ཡིན་ཏེ། དེ་ཞིག་སྣང་བ་ནི་སྣང་བ་ཆུང་བ་དང། སྣང་བ་འབྲིང་དང་སྣང་བ་ཆེན་པོ་དང། སྣང་བ་ཆེན་པོའི་ཆེན ་པོའོ། །དེ་བཞིན་དུ་སྣང་བ་མཆེད་པ་ཆུང་བ་ནས་འོད་གསལ་བ་ཆེན་པོའི་ཆེན་པོའི་བར་དུ་སྐད་ཅིག་མ་བཅུ་དྲུག་ཡིན་ནོ། །དེ་བཞིན་དུ་སྣང་བ་ཆུང་ངུའི་ཆུང་བ་དང། སྣང་བ་ཆུང་དུའི་འདྲིང་དང། སྣང་བ་ཆུང་དུའི་ཆེན་པོ་དང། སྣང་བ་ཆེན་པོའི་ཆེན་པོའོ། །དེ་ལྟར་འབྲིང་ལ ་སོགས་པ་ནས་འོད་གསལ་བའི་བར་དུ་སྐད་ཅིག་མ་དྲུག་ཅུ་རྩ་བཞི་སྟེ། ཉིན་མོ་དང་མཚན་མོའི་དབྱེ་བས་སྐད་ཅིག་མ་བརྒྱ་ཉི་ཤུ་རྩ་བརྒྱད་དུ་འགྱུར་རོ། །འདོད་ཆགས་དང་བྲལ་བ་ལ་སོགས་པའི་རང་བཞིན་བརྒྱ་དྲུག་ཅུ་ཡང་ཆུང་བ་ལ་སོགས་པའི་དབྱེ་བས ་ཉིན་མོ་དང་མཚན་མོར་སྒྲེ་ན་ལྔ་སྟོང་བརྒྱ་ཉི་ཤུ་ཡིན་ནོ། །སྣང་བ་ལ་སོགས་པའི་རང་བཞིན་དེ་རྣམས་འོད་གསལ་བ་མངོན་དུ་བྱས་པས་སྐད་ཅིག་མ་བཅུ་དྲུག་པས་རྣམ་པར་དག་པར་བྱ་བ་ཡིན་ཏེ། དེ་ལ་རིམ་པ་འདི་ཡིན་ཏེ། དང་པོ་ཤེས་རབ་ཀྱི་ཡེ་ཤེས ་ནི་ཟླ་བའི་འོད་ཟེར་ལྟ་བུ་ཤར་བར་འགྱུར་ཏེ། དེ་ལ་དང་པོ་དཔྲིན་གྱིས་བཀབ་པའི་ཟླ་བའི་འོད་ཟེར་ལྟ་བུ་མཐོང་བ་དང། རྒཉིས་པ་སྦྲིན་མེད་པའི་མི་གསལ་བའི་འོད་ཟེར་ལྟ་བུའོ། །གསུམ་པ་ཤིན་ཏུ་གསལ་བའི་ཟླ་བའི་འོད་ཟེར་ལྟ་བུའོ། །བཞི་པ་ཟླ་བའི ་དཀྱིལ་འཁོར་ལྟ་བུ་སྟེ། སྣང་པའི་ཡེ་ཤེས་ཤར་བའོ། །དེ་བཞིན་དུ་གཉིས་པ་ནི་ཐབས་ཀྱི་ཡེ་ཤེས་ཏེ། ཉི་མའི་འོད་ཟེར་ལྟ་བུ་ཤར་བར་འགྱུར་རོ། །དེ་ལ་དང་པོ་སྒྲ་གཅན་གྱིས་འཛིན་པའི་ཉི་མའི་འོད་ཟེར་ལྟ་བུ་མཐོང་བའོ། །གཉིས་པ ་ནི་སྒྲ་གཅན་གྱིས་དཀྲོལ་བའི་ཉི་མའི་འོད་ཟེར་ལྟ་བུའོ། །གསུམ་པ་ནི་ཤིན་ཏུ་གསལ་བའི་ཉི་མའི་འོད་ཟེར་ལྟ་བུའོ། །བཞི་པ་ནི་ཤར་བའི་དུས་སུ་ཉི་མའི་དཀྱིལ་འཁོར་ལྟ་བུའོ། །སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་ནི་དང་པོ་ཟླ་བ་དང་ཉི་མའི་འོད་ཟེར་གྱིས ་འདྲིས་པ་ཅུང་ཟད་མཚམས་ཀྱི་སྣང་བ་ལྟ་བུའོ། །དེ་དག་མེད་པ་མཚམས་ཀྱི་སྣང་བ་ལྟ་བུའོ། །གསུམ་པ་ནི་ཤིན་ཏུ་མུན་པས་མི་གསལ་བ་མཚམས་ཀྱི་སྣང་བ་ལྟ་བུའོ། །བཞི་པ་ནི་མུན་པ་མེད་པ་འབའ་ཞིག་པ་མཚམས་ཀྱི་སྣང་བ་ལྟ་བུའོ། །དེ་བཞིན ་དུ་འོད་གསལ་བའི་ཡེ་ཤེས་ལ་ཡང་དང་པོ་སྨིག་རྒྱུ་ལྟ་བུའོ། །གཉིས་པ་ནི་དུ་བ་ལྟ་བུའོ། །གསུམ་པ་ནི་སྲིན་བུ་མེ་ཁྱེར་ལྟ་བུའོ། །བཞི་པ་ནི་མར་མེ་འབར་བ་ལྟ་བུའོ། །སྐད་ཅིག་མ་བཞི་པོ་དེ་དག་གིས་སྤྲིན་མེད་པའི་ནམ་མཁའ་དང་འདྲ་བ་འབྲས་བུར་གྱུར་པ ་གསལ་བ་དང། དགའ་བའི་རང་བཞིན་སྐད་ཅིག་མ་བཅུ་དྲུག་འདས་མ་ཐག་ཏུ་བྱུང་བ་འོད་གསལ་བའི་དེ་ཁོ་ན་ཉིད་འཆར་བ་གང་ཡིན་པ་དེ་ནི་སེམས་རྣམ་པར་དག་པའོ། །དེ་ཉིད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་རྣལ་ ་འབྱོར་པ་ལ་གསལ་བར་འགྱུར་རོ། །སྔགས་དང་ཕྱག་རྒྱའི་བདག་ཉིད་སྔར་བཤད་པས་ན། འདིར་མ་བསྟན་པའོ། །མི་མཐུན་པ་དང་གཉེན་པོ་དང་དེའི་ཐབས་དེ་གསུམ་གྱི་དབྱེ་བས་གསོལ་བའི་རིག་པ་ལྟ་བུའོ། །སེམས་རྣམ་པར་དག་པ་ཡིན་ཏེ། དེ་ལ་ཡང ་ནད་ནི་མི་མཐུན་པ་དང། སྨན་ནི་གཉེན་པོ་དང། སྨན་པ་ལ་སོགས་པ་ནི་ཐབས་སོ། །དེ་བཞིན་དུ་རྣམ་པར་ཤེས་པ་གསུམ་ནི་མི་མཐུན་པ་དང། འོད་གསལ་བ་ནི་གཉེན་པོ་དང། སྔགས་དང་ཕྱག་རྒྱའི་རིམ་པ་ནི་ཐངས་སོ། །དེ་བཞིན་དུ་འདུ་བྱེད་སེམས ་པ་དང་ལྡན་པ་དང། འདུ་བྱེད་ལྔ་བཅུ་རྩ་གཅིག་གི་རེ་རེའི་རིགས་བརྒྱའི་དབྱེ་བས་ལྔ་སྟོང་དང་བརྒྱ་ཕྲག་གཅིག་དང་ཉི་ཤུར་འགྱུར་རོ། །དེ་བས་ན་ཕུང་པོ་དང། ཁམས་དང། སྐྱེ་མཆེད་དང་གཟུང་བ་དང། འཛིན་པའི་ངོ་བོའི་རང་བཞིན་རྣམས་སྤངས་པའོ། །དེ ་བཞིན་ཆོས་ནི་སྔར་བཤད་པའི་རང་བཞིན་རྣམས་སོ། །བདག་མེད་ནི་ངོ་བོ་མེད་པ་གང་ཟག་ལ་སོགས་པ་བདག་མེད་པ་གང་ཡིན་པའོ། །དེས་མཉམ་ཉིད་ནི་རང་བཞིན་རེ་རེ་མཚུངས་པའི་རྒྱུས་རང་སེམས་ནི་རྣམ་པར་ཤེས་པ་གསུམ་གྱི་ངོ་བོ་གཟོད་ནས་མ ་སྐྱེས་པ་ནི་ཐོག་མ་ཉིད་དུ་རང་བཞིན་མེད་པ་དེ་བས་ན་སྟོང་པ་ཉིད་ཀྱི་རང་བཞིན་ནོ་ཞེས་བྱ་བ་ནི་ཐམས་ཅད་སྟོང་པའི་ངོ་བོ་ཞེས་བྱ་བའི་དོན་ཏེ། སེམས་རྣམ་བར་དག་པའི་རིམ་པའོ་ཞེས་བཅོམ་ལྡན་འདས་ཞེས་པ་ནི་རྣམ་པར་ཤེས་བ་གསུམ་དང་དེ་ལ ་གནས་པའི་རང་བཞིན་རྣམས་འཇོམས་པར་མཛད་པས་ན་བཅོམ་ལྡན་འདས་སོ། །དེ་བཞིན་དུ་རྣམ་པར་སྣང་མཛད་ནི་རྟགས་ལྔ་སྟེ། དེ་རྣམས་འདས་མ་ཐག་ཏུ་རྡོ་རྗེ་ནི་འོད་གསལ་པ་སྟེ། དེ་ཉིད་དེ་བཞིན་གཤེགས་བའི་འབྲས་བུ་སྟེར་བའི་ཕྱིར། དེ ་བཞིན་གཤེགས་པ་སྟེ་ས་བཅུ་ལ་རབ་ཏུ་གནས་པའི་ཕྱིར་རོ། །ཇི་སྐད་དུ་ལས་དང་པོ་ཡི་རྣལ་འབྱོར་གྱིས། ས་ནི་བརྒྱད་པ་ཐོབ་འགྱུར་ཏེ། །སྣང་བ་གསུམ་ནི་མཐོང་བས་ན། །བཅུ་པ་ལ་ནི་ལེགས་གནས་སོ། །ཞེས་འབྱུང་ངོ། །དེ་ནས་ཞེས་བྱ་བ་ལ་སོགས ་པ་ལ། རྡོ་རྗེ་མི་བསྐྱོད་པ་ཞེས་པ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་བསྐྱོད་པར་མི་འགྱུར་བར་ན་མི་བསྐྱོད་པ་སྟེ། དེ་ཉིད་མི་ཕྱེད་པའི་ཕྱིར་རྡོ་རྗེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་འདས་པ་དང་མ་འོངས་པ་དང། དེ་ལྟར་བྱུང ་བ་ཕྱོགས་བཅུ་ལ་གནས་པའི་མི་ཟད་པ་ནི་སེམས་ཅན་གྱི་མི་འཇིག་པ་སྟེ། དེའི་དོན་དུ་རྡོ་རྗེ་ནི་སྒྱུ་མའི་ངོ་བོ་ཏིང་ངེ་འཛིན་ཏེ། དེ་ལ་སྙོམས་པར་ཞུགས་ཏེ་སྔ་མ་བཞིན་དུ་བྱང་ཆུབ་ཀྱི་སེམས་ནི་གསུངས་པ་ནི་བརྗོད་པ་སྟེ། དངོས་པོ་འདི་རྣམས་མ་སྐྱེས་པར་ཞེས ་བྱ་བ་ལ་སོགས་པ་ལ། དངོས་པོ་འདི་རྣམས་ནི་ཕུང་པོ་དང། ཁམས་དང་སྐྱེ་མཆེད་དེ་རང་བཞིན་གྱིས་དང་པོ་ཁོ་ན་མ་སྐྱེས་པ་ནི་སྐྱེས་ཕ་མ་ཡིན་ཏེ་སྒྱུ་མ་མཁན་གྱིས་སྤྲུལ་པའི་གྲོང་ཁྱེར་བཞིན་དུ་བྱིས་པ་རྣམས་ལ་སོ་སོར་སྣང་བ་སྟེ། ངོ་བོ་ཉིད་ཀྱིས་ནི ་རྐྱེན་གྱི་ཚོགས་པ་བརྟེན་ཏེ་སྐྱེས་པ་ནི་མ་སྐྱེས་པ་དང་འདྲ་བ་ཡིན་ཏེ། ཕན་ཚུན་བལྟོས་པའི་ཕྱིར་རོ། །རིགས་པ་དྲུག་ཅུ་པ་ལས་ཀྱང་དེ་ལ་བརྟེན་ནས་གང་སྐྱེས་པ། དེ་ནི་དོན་དམ་སྐྱེས་པ་མིན། །གང་ཞིག་ངོ་བོས་མ་སྐྱེས་པ། །དེ་ནི་སྐྱེས་པ་ཇི་ལྟར་ཡིན། །རྒྱུ་ནི ་ཟད་པས་ཤི་བ་ནི། །དེ་ནི་ཟད་པ་ཞེས་བསྟན་ཏེ། །གང་ཞིག་ངོ་བོ་སམ་ཟད་པ། །དེ་ནི་ཟད་པ་ཇི་ལྟར་བཤད། །དེས་ན་གང་ཡང་སྐྱེས་པ་མིན། །གང་ཡང་འགགས་པ་མ་ཡིན་ཏེ། །སྐྱེ་དང་ཟད་པའི་ལམ་དག་ནི། །དགོས་པའི་དོན་དུ་བསྟན་པ་ཡིན། ། ་ཞེས་འབྱུང་ངོ། །རྗེ་བཙུན་རིན་ཆེན་སྒྲོན་མ་ལས་ཀྱང། ཇི་ལྟར་ཆུ་ཤིང་རུལ་པའི་སྡོང་པོ་ལས། །སྙིང་པོ་འདོད་ནས་སྐྱེས་བུས་དེ་བཤགས་ཏེ། །ཕྱི་དང་ནང་མེད་སྙིང་པོ་ཡོད་མི་སྣང། །དེ་ལྟར་ཆོས་རྣམས་ཐམས་ཅད་ཤེས་པར་གྱིས། །ཞེས ་འབྱུང་ངོ། །དེ་བཞིན་དུ་དངོས་ལས་དངོས་པོ་སྐྱེས་པ་མིན། །དངོས་མིན་ལས་ཀྱང་སྐྱེ་མི་འགྱུར། །རྟག་ཏུ་དངོས་པོ་དངོས་འཁྲུལ་བས། །ནམ་མཁའ་ཨི་མེ་ཏོག་བཞིན་དུ་སྐྱེ། །བདག་ལས་མ་སྐྱེས་གཞན་ལས་མིན། །གཉི་ག་ལས་མེད་རྒྱུ་མེད་མིན། ། ་དངོས་པོ་གང་དྲང་གང་དུ་ཡང། །སྐྱེ་བ་ནམ་ཡང་འཐད་པ་མིན། །ཞེས་འབྱུང་ངོ། །དེ་ཉིད་ཀྱི་ཕྱིར་དངོས་པོ་ཐམས་ཅད་དང་པོ་ནས་མ་སྐྱེས་པ་དེ་བས་ན་ཆོས་ནི་མེ་ལ་སོགས་པས་སྲེག་པ་དང། གཅོད་པ་ལ་སོགས་པ་བཞིན་དུ་མིག་ལ་སོགས་པས་གཟུགS ་ལ་སོགས་པ་གཟུང་བའི་བྱ་བ་མེད་དོ། །ཆོས་ཉིད་མེད་པ་ཞེས་པ་ནི་མིག་ལ་སོགས་པའི་དབང་པོ་རྣམས་ཆོས་ཅན་ཏེ། དེ་རྣམས་ཀྱང་མེད་པ་ནི་གཉིས་པོ་དེ་དག་ཕན་ཚུན་བལྟོས་པས་མ་གྲུབ་པའི་ཕྱིར་རོ། །ཆོས་ཅན་ཡོད་པས་ཆོས་རྣམས་ཀྱི། ། ་འཇིག་རྟེན་ལ་ནི་བསམ་པ་ཞུགས། །ཞེས་འབྱུང་བའི་ཕྱིར་རོ། །ཡང་ན་སྔ་མ་བཞིན་དུ་ཕུང་པོ་ལ་སོགས་པ་མེད་པས་ན་ཆོས་ནི་རྟག་པ་ཉིད་ལ་སོགས་པའི་མཚན?་ཉིད་ཅན་ཡང་མེད་པ་ཡིན་ནོ། །ཆོས་ཉིད་མེད་པ་ཞེས་པ་ནི་གཞན་རྣམས་ཀྱིས་ཡོངས་སུ ་བརྟགས་པ་བདག་ལ་སོགས་པས་བརྡར་བྱས་པའི་ཆོས་ཅན་ཡང་མེད་པ་སྟེ་ཚད་མ་མེད་པའི་ཕྱིར་རོ། །འོ་ན་ཕུང་པོ་ཁོ་ན་བདག་ཡིན་ཞེས་མངོན་སུམ་གྱི་ཚད་མས་སྦེད་པ་མི་ནུས་པ་ཡོད་པ་མ་ཡིན་ནམ་ཞེ་ན། དེ་ལ་ལན་སྨྲས་པ། རེ་ཞིག་གཞན་མ་རྣམས་ཀྱིས ་བདག་ནི་རྟག་པ་དང། ཐམས་ཅད་བྱེད་པ་དང་ཁྱབ་བདག་དང། དབང་ཕྱུག་ཏུ་ཁས་བླངས་ཏེ། ཕུང་པོ་རྣམས་ནི་སྐྱེ་བ་དང། འཇིག་པ་དང་གནས་པའི་རིམ་པ་མཐོང་བས་མི་བརྟེན་པའོ། །དེའི་ཕྱིར་གལ་ཏེ་ཕུང་པོ་རྣམས་ཁོ་ན་བདག་ཏུ་ཁས་བླངས་ན་དེའི་ཚེ ་བདག་ཀྱང་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་རོ། །ཕུང་པོ་རྣམས་མི་རྟག་པ་ཡིན་གྱི། བདག་མ་ཡིན་ནོ་ཞེ་ན། འོ་ན་ཇི་ལྟར་དེ་དག་གི་དེའི་བདག་ཉིད་ཀྱི་འབྲེལ་པ་ཡིན་ཏེ། དེ་ཡོད་པས་ན་ཐ་མི་དད་པའི་ཚུལ་གྱིས་མཐུན་པའི་ཆོས་ཉིད་ཡོད་པ་ཡིན་ནོ། །འོ་ན ་ཡང་དེའི་བདག་ཉིད་ཡོད་ཀྱང་དངོས་པོ་གཉིས་ལ་གཞན་ལས་ལྡོག་པས་བྱས་པ་ཁྱད་པར་ཡོད་པ་སྟེ། དཔེར་ན་ཤིང་དང་ཤ་པ་དག་ལ་ཤིང་མ་ཡིན་པ་དང་ཤ་པ་མ་ཡིན་པས་བྱས་པ་སྟེ། དེ་བཞིན་དུ་ཕུང་པོ་དང་བདག་ལའང་རྟག་པ་དང་མི་རྟག་པར་བྱས་པར་འགྱུར ་རོ། །ཞེ་ན་དེ་སྐད་མ་ཟེར་ཞིག། ལྡོག་པ་ཞེས་བྱ་བ་ནི་མེད་པར་བཀག་པ་ཡིན་གྱི། མ་ཡིན་པར་བཀག་བ་ནི་མ་ཡིན་ནོ། །མེད་པར་བཀག་པ་ནི་ནུས་པ་ཐམས་ཅད་དང་བྲལ་བ་མེད་པའི་མཚན་ཉིད་དེ། དེས་ནི་དངོས་པོ་ཡང་དག་པར་རེག་པར་བྱ་བར་མི་ནུས་སོ། ། ་འབའ་ཞིག་རྣམ་པར་རྟོག་པའི་བློས། །ལྡོག་པ་ཙམ་རྣམ་པར་ཕྱེ་ཞིངS་དངོས་པོ་ཐ་མི་དད་པ་ལ་ཐ་དད་པར་སྒྲོས་བཏགས་ཏེ། གཞན་ཡིད་ཆེས་པའི་སླད་དུ་ཆོས་དང་ཆོས་ཅན་གྱི་ཐ་སྙད་བྱའི། དངོས་པོ་ལ་དབྱེ་བ་གང་ཡང་མེད་།དེ་ལྟར་ཡིན་ན་ཚད་མས་ཀྱང་བརྟགས ་པ་ཡིན་པའི་ཕྱིར་དངོས་པོ་ངས་པར་ཐོབ་པར་མི་འགྱུར་ཞེ་ན། ཐོབ་བར་འགྱུར་ཏེ་ཚང་མ་ནི་བརྟགས་པ་ཡིན་པའི་ཕྱིར་ཁྱད་པར་དུ་ནི་རྗེས་སུ་དཔག་པའོ། །ཇི་སྲིད་ཚད་མའི་བྱ་བ་རྣམ་པར་རྟོག་པའི་སྦྲུལ་པ་ཡིན་ལ། རྣམ་པར་མི་རྟོག་པའི་སྐབས ་སུ་ཚད་མ་དང་གཞལ་བྱ་ལྡོག་ཅིང་ཆོས་དང་གང་ཟག་བདག་མེད་པའི་མཚན་ཉིད་དོན་དམ་པ་རྟོག་པ་མེད་པ་རང་གི་དང་གིས་རྣལ་འབྱོར་པའི་རྒྱུད་ལ་སྣང་བ་སྟེ་དེ་བཞིན་གཤེགས་པ་བཞིན་ནོ། །ཇི་སྐད་དུ་རྗེས་སུ་དཔག་པར་བྱ་བའི་ཐ་སྙད་འདི་དག་ནི་བློ་ལ་གནས ་པའི་ཆོས་དང་ཆོས་ཅན་གྱི་རིགས་པ་སྟེ་གང་གི་ཕྱིར་ཆོས་དང་ཆོས་ཅན་གྱི་དབྱེ་བ་ནི་བློའི་རྣམ་པས་བྱས་པ་ཡིན་གྱི་དོན་གྱིས་མ་ཡིན་ནོ། །དེ་བཞིན་དུ་དེ་དངོས་མ་ཡིན་ཡོངས་ལྡོག་པའི། །དངོས་པོ་ཙམ་ནི་རབ་བསྒྲུབས་པ། །རྟགས་ནི་སྤྱི་ཡུལ་མ་ཡིན་དང། །ཐ ་དང་ལ་ནི་མི་གནས་བཤད། །ཅེས་འབྱུང་ངོ། །དེ་བས་ན་གཞན་ལྡོག་པ་ནི་དངོས་པོ་ཡོད་པ་མ་ཡིན་ནོ། །དངོས་པོ་ནི་ཐ་མི་དད་པ་ཁོ་ནའོ། །ངེས་བS་ན་ཕུང་པོ་དང་བདག་ནི་ཐ་མི་དད་པ་ཡིན་པས་མི་རྟག་པར་ཐལ་བར་འགྱུར་རོ། །གལ་ཏེ་དེ་ལྟ་བུའི་སྐྱོན་དུ་མ་གྱུར ་ཅིག། ཅེས་བྱ་བར་བདག་ཉིད་གཞི་ལ་ཕུང་པོ་ཡོད་དོ་ཞེ་ན། དེ་ཡང་མི་རིགས་ཏེ་གང་གི་ཕྱིར་བདག་ཅེས་བྱ་བ་ཚད་མས་འགྲུབ་པ་མི་དམིགས་ཏེ་ཕུང་པོ་བཞིན་ནོ། །ཡོད་ན་ཡང་གཞི་རྟག་པ་ལ་གཞི་ཅན་མི་རྟག་པ་མི་རིགས་ཏེ། ནམ་མཁའ་དང་བུམ་པ ་བཞིན་ནོ། །གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་དག་ལ་གཞི་དང་གཞི་ཅན་གྱི་ངོ་བོ་མི་འཐད་པའི་ཕྱིར་རོ། །དེ་ཡོད་ན་ཡང་དེ་རྣམས་ལ་གཞི་ནི་ཕན་འདོགས་པ་ཡིན་ནམ། དེ་ལས་གཞན་ཡིན། ཕན་འདོགས་པ་མ་ཡིན་པ་བཞི་དང་གཞི ་ཅན་མེད་པའི་ཕྱིར་རོ། །གཞན་དུ་ན་ཧ་ཅང་ཐལ་བར་འགྱུར་རོ། །ཕན་འདོགས་པ་ཡིན་ན་ངོ་བོ་གང་གིས་ཕན་འདོགས། ལྟུང་བ་བཟློག་པ་བཞིན་དུ་རྒྱ་ཤུག་དང་ལྷུང་བཟེད་བཞིན་ནོ་ཞེ་ན། དེ་ལྟར་ཡིན་ན་རྒྱ་ཤུག་ལྷུང་བ་རྣམས་ཀྱིས་མི་ལྷུང ་བའི་ཆོས་གཞན་སྐྱེད་པས་ལྷུང་བཟེད་ནི་རྒྱུ་ཉིད་ཡིན་ཏེ། དེ་བས་ན་གང་ཞིག་འདི་གཞི་དང་གཞི་ཅན་གྱི་འབྲེལ་པ་དེ་ནི་རྒྱུ་དང་འབྲས་བུའི་ངོ་བོ་ཡིན་ནོ། །དེ་བས་ན་རྒྱུ་ནི་གཞི་ཡིན་ལ་རྒྱུ་ཅན་ནི་འབྲས་བུ་ཡིན་ནོ། །འབྲས་བུ་སྐྱེས་ན་རྒྱུ་ནི་འཇིག་བས་བདག་ནི་མི་རྟག ་པ་ཉིད་ཡིན་ནོ། །གཞི་ནི་གཞི་ཅན་མངོན་དུ་ཕན་འདོགས་པ་མ་ཡིན་ཏེ་།འོན་ཀྱང་ནུས་པའི་ཁྱད་པར་གྱིས་སོ་ཞེ་ན། དེའི་ཚེ་ན་ནུས་པ་ནི་ཕན་ཐོགས་པར་བྱེད་པ་ཉིད་ཡིན་མོང་ཀྱི། བདག་གིས་ཅི་བྱ། ཡང་ན་བདག་ཁོ་ན་ཕན་འདོགས་པ་སྟེ། ནུས ་པས་ཅི་བྱ་ཡང་ན་ནུས་པ་ནི་ཕན་འདོགས་པར་བྱེད་པ་ཡིན་མོད་ཀྱི་དེ་ནི་བདག་ལ་ཐ་དད་པ་ཡིན་ནམ་ཐ་མི་དད་པ་ཡིན་ཐ་དད་པ་ཡིན་ན་བདག་གིས་ནུས་པ་ཞེས་ཅིའི་ཕྱིར་བརྗོད་པའོ། །ཐ་མི་དད་པ་ཡིན་ན་བདག་ཁོ་ན་ཕན་འདོགས་པ་སྟེ་ནུས་པ་ནི་མ་ཡིན་ནོ། ། ་ཐ་དད་པའི་ནུས་པ་ནི་བདག་གི་འབྲེལ་པས་བྱ་བ་བྱེད་དོ་ཞེ་ན། བདག་གི་ཞེས་བྱ་བའི་འབྲེལ་པ་ནི་དེའི་བདག་ཉིད་དམ། དེ་ལས་བྱུང་བའི་འབྲེལ་པ་དག་ལས་གང་ཡིན། དེའི་བདག་ཉིད་ཡིན་ན་སྔ་མ་བཞིན་དུ་ཐ་མི་དད་པས་ཐ་དད་པའི་འབྲེལ་པ་དྲུག་པ་རིགས ་སོ། །གལ་ཏེ་དེ་ལས་བྱུང་བ་ཡིན་ན་བདག་རྒྱུ་ཡིན་པས་ནུས་པ་འབྲས་བུ་བྱུང་ཞིང་འཇིག་པའི་ཕྱིར་རོ། །ཡང་ན་འདི་ལྟར་སྨྲ་བ་ཡིན་ན་། འདིར་ནི་གནས་སྐབས་གཉིས་ཡིན་ཏེ་། འབྲས་བུ་དང་ནི་བྱེད་པ་དག་། འབྲས་བུ་ཉིད་ནི་ཟད་འགྱུར་ཏེ། །བྱེད་པ ་ཉིད་ནི་མི་ཟད་པའོ། །འདིར་ནི་དཔེ་འདི་ཡིན་ཏེ། དུག་གི་ཤིང་ནི་ཡལ་ག་དང་ནི་མྱུ་གུ་དང། ལོ་མ་དང་མེ་ཏོག་དང་འབྲས་བུ་རྣམས་རིམ་གྱིས་ཟད་ན་དུག་གི་ཤིང་ནི་མི་འཇིག་པ་ཁོ་ནའོ། །འདིར་ནི་ལན་འདི་ཡིན་ཏེ། རགས་པའི་མངོན་པར་ཞེན་པའི ་བག་ཆགས་ཀྱིས་ཡེ་ཤེས་ཀྱི་མིག་སྒྲིབ་པའི་བྱིས་པ་རྣམས་ཀྱིས་རྒྱུ་ནི་མི་འཇིག་གོ་ཞེས་སོ་སོར་སྣང་སྟེ། དོན་དམ་པས་ནི་འཇིག་པ་ཁོ་ན་ཡིན་ནོ། །གང་གི་ཕྱིར་འབྲས་བུ་བསྐྱེད་པའི་དུས་སུ་རྒྱུ་ཅི་འདྲ་བ་དེ་འདྲ་བ་ཡང་འབྲས་བུ་འཇིག་བའི་དུས་སུམ ་ཡིན་ཏེ། བཅུད་དང་བཅས་པ་དང་བཅུད་མེད་པ་ཉིད་ཐ་དད་པའི་ཕྱིར་དང། ནུས་པ་དང་ནུས་པ་མི་ལྡན་པའི་ཕྱིར་རོ། །གལ་ཏེ་ངོ་བོ་གཅིག་པ་མི་འཇིག་པ་རྒྱུར་འདོད་ན། དེའི་ཚེ་རྟག་ཏུ་འབྲས་བུ་སྐྱེ་བར་བྱེད་པའམ་དུས་གང་དུ་མི་བྱེད ་པ་སྟེ་ནམ་མཁའ་བཞིན་ནོ། །སྐྱེད་པར་བྱེད་པ་དང་སྐྱེད་པར་བྱེད་པ་མ་ཡིན་པའི་ཕྱིར་དང་།སྔ་མའི་དུས་ནས་ཕྱི་མའི་དུས་སུ་ཁྱད་པར་མཐོང་བའི་ཕྱིར་དང་ངོ་བོ་གཅིག་ཉམས་པའི་ཕྱིར་མི་རྟག་པ་ཉིད་ཡིན་ནོ། །འོ་ན་བུམ་པ་ཆག་པའོ་ཞེས་མངོན་སུམ་གྱིས ་མི་རྟག་པ་ཉིད་དུ་མཐོང་བ་ཞེ་ན། དེའི་ཚེ་བྱིས་པ་རྣམས་ཀྱིས་མི་རྟག་པ་ཉིད་དུ་རྟོགས་པ་སྟེ། ངོ་བོ་ཉིད་ཀྱིས་ཐོག་མར་དེ་ནི་འཇིག་པ་ཁོ་ན་ཡིན་ནོ། །གྱོ་མོའི་དུས་སུ་འབྲས་བུ་གཞན་བྱུང་བས་རྨོངས་པ་རྣམས་ཀྱིས་བློ་ནི་བུམ་པ་འཇིག་གོ་ཞེས་སྐྱེ་པར ་འགྱུར་རོ། །དེ་བས་ན་གཞི་དང་གཞི་ཅན་གྱི་ངོ་བོ་ཁས་བླངས་ན་མི་རྟག་པ་ཉིད་ཡིན་པའི་ཕྱིར་བདག་ནི་འགྲུབ་པར་མི་འགྱུར་རོ་ཞེས་པ་འདི་ནི་གནས་པ་ཁོ་ན་ཡིན་ནོ། །ཕུང་པོ་རྣམས་ལ་ཡང་དག་གནས་པར་མི་འགྱུར་ཏེ། སྔ་མ་བཞིན་དུ་གཞི་དང ་གཞི་ཅན་གྱི་ངོ་བོ་མི་རིགས་པའི་ཕྱིར་རོ། །ཕུང་པོ་རྣམས་ཀྱང་གཞི་ཡིན་པས་རྒྱུ་ཡིན་ལ་རྒྱུ་ནི་འབྲས་བུ་དང་རྗེས་སུ་མཐུན་པ་ཡིན་པའི་ཕྱིར་བདག་མི་རྟག་པ་ཉིད་ཡན་པའི་ཕྱིར་རོ། །རྒྱུ་རྣམས་ཀྱང་དེས་པས་འབྲས་བུ་དང་ལྡན་པ་ཡིན་པས་རེས་འགའ་ ་བདག་ཀྱང་ཡོད་པར་མི་འགྱུར་རོ། །བར་ཆད་མེད་པའི་དུས་སུ་རེས་འགའ་ཡང་ཡོད་པ་ཡིན་ཏེ། ཡོད་པ་དང་མེད་པའི་ཆོས་དག་རྟག་པ་བདག་ལ་མི་རིགས་ཏེ་ནམ་མཁའ་བཞིན་དུའོ། །ལྷུང་བཟེད་འདི་ལ་རྒྱ་ཤུག་གིས་འབྲས་བུ་བཞིན་དུ་ལྡན་པའི་འདྲེལ་བ ་ཡིན་ན་སྐྱོན་ཏེ་ཐལ་བར་འགྱུར་རོ། །རྒྱུ་སྤུན་འདི་རྣམས་ལ་སྣམ་བུ་འདི་ཞེས་བྱ་བ་བཞིན་དུ་འདུ་བའི་འབྲེལ་པ་ཡོད་ན་སྐྱོན་མེད་དོ་ཞེ་ན། འོ་ན་འདུ་བ་ཞེས་བྱ་བ་གང་ཡིན། ཆ་ཤས་དང་ཆ་ཤས་ཅན་གྱི་དངོས་པོའི་མཚན་ཉིད་ཅན་ཡིན་ནོ་ཞེ་ན། འོ་ན་ཆ ་ཤས་འདི་རྣམས་ཀྱིས་ཆ་ཤས་ཅན་ཐ་དད་པ་འམ་། ཐ་མི་དད་པ་སྐྱེད་པར་བྱེད། རྒྱུ་སྤུན་སྣམ་བུ་དག་ལ་ཐ་དད་པ་མི་དམིགས་པའི་ཕྱིར་རེ་ཞིག་ཐ་དད་པ་ནི་སྐྱེད་པར་མི་བྱེད། རྒྱུ་སྤུན་དང་སྣམ་བུ་དག་ལ་ཐ་དད་པ་ཡིན་ན་རྒྱུ་སྤུན་ཁོ་ན་ཆ་ཤེས་དམིགས་ཏེ་ཆ་ཅན་སྣམ་བུ ་མ་ཡིན་ནོ་།གཡོག་པ་ལ་སོགས་པའི་བྱ་བ་བྱེད་པས་སྣམ་བུ་ནི་ཡོད་པ་ཁོ་ན་ཡིན་ཞེ་ན། འོ་ན་རྒྱུ་སྤུན་རྣམས་མེད་པས་ཇི་ལྟ་བུ་འདུ་པའི་འབྲེལ་པ་ཡིན་ཏེ། རྒྱུ་སྤུན་དང་སྣམ་བུ་དག་ཐ་མི་དད་པའི་ཕྱིར་དང། ཆ་ཤས་དང་ཆ་ཤས་ཅན་གྱི་དངོས་པོ་མེད་པའི་ཕྱིར་རོ། ། ་དེ་བས་ན་རྒྱུ་སྤུན་ཁོ་ན་ཕུན་སུམ་ཚོགས་པའི་ཁྱད་པར་གྱིས་དེ་ལྟར་གྱུར་བ་ཡིན་ནོ། །ཞེས་རྟོག་པས་བྱས་པའི་ཐ་སྙད་འདི་ནི་སྣམ་བུ་ཞེས་བྱ་བའོ། །དེས་ནི་རྩོམ་པར་བྱེད་པ་དང་ཐ་མི་དད་པར་གྱུར་པ་ནི་ཆ་ཤས་ཡིན་ནོ་།ཞེས་པའི་གཞུངས་སེལ་ཏོ། །དེའི ་ཕྱིར་ཕུང་པོ་རྣམས་ནི་བདག་གིས་མ་ཡིན་ནོ། །དེ་ལས་ཐ་དད་པ་བདག་ཀྱང་མི་དམིགས་ཏེ། ཇི་ལྟར་དམིགས་པར་མི་འགྱུར་བ་སྟོབས་ཀྱིས་དེ་ལ་ཞེན་པས་རང་གི་སེམས་སླུ་བར་བྱེད་བའོ། །འདིར་ནི་བུམ་པ་མེད་དེ་ཞེས་བྱ་བའི་སྣང་བ་མི་དམིགས་པས་རེ་ཞིག་བདག ་མེད་དོ། །མི་སྣང་བ་མི་དམིགས་པས་ཇི་ལྟར་བདག་མེད་དོ་ཞེ་ན།། དེ་ལྟར་མ་ཟེར་ཞིག་ཚད་མ་གཉིས་ལས་ལྡོག་པའི་མཚན་ཉིད་ཅན་དེ་ནི་ཐེ་ཚོམ་གྱི་རྒྱུ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་དེས་ནི་དེ་ཡོད་པའི་ཐ་སྙད་མི་རིགས་སོ། །འོ་ན་ཐེ་ཚོམ་ལས་རྟོག་པ་དང་ལྡན་པ་འཇུག ་པར་འགྱུར་རོ་ཞེ་ན། འདིར་སྨྲས་པ། དོན་གྱི་ཐེ་ཚོམ་དང། དོན་མེད་པའི་ཐེ་ཚོམ་དང་གཉིས་ཀའི་ཐེ་ཚོམ་མོ། །དེ་ལ་དོན་གྱི་ཐེ་ཚོམ་ནི་འཇུག་པའི་ཡན་ལག་ཡིན་ལ་དོན་མེད་པའི་ཐེ་ཚོམ་དང་གཉི་གའི་ཐེ་ཚོམ་ནི་ལྡོག་པའི་ཡན་ལག་ཡིན་ཏེ། གཏིང་པོ་ཏན ་པ་དང། དྲག་པོའི་ཆུ་བོར་རྒྱལ་བ་དང། རོ་ལངས་པ་བཞིན་ནོ། །དེའི་ཕྱིར་ཕྱི་མའི་ཐེ་ཚོམ་དག་ལ་བརྟེན་ཏེ། རྟོག་པ་དང་ལྡན་པས་ལྡོག་པ་ཁོ་ན་རིགས་སོ། །ཐེ་ཚོམ་ལས་འཇུག་ན་ཡང་ཕྱི་དུས་སུ་རྟོག་པ་སྔོན་དུ་བྱེད་པས་སྣང་བ་མི་དམིགས་པས་བདག་མི་དམིགS ་པ་སྟེ་།ཕུང་པོ་ལས་ཐ་དད་པ་བདག་མི་དམིགས་སོ། །མེ་དང་བུང་ཤིང་བཞིན་དུ་བདག་དང་ཕུང་པོ་འདྲེས་པ་མི་དམིགས་ཏེ། གང་གི་ཕྱིར་འདི་མེ་དང་བུད་ཤིང་ཞེས་བྱ་བའི་ཇི་ལྟར་ཐ་དད་པ་མེད་པ་དེ་བཞིན་དུ་བདག་དང་ཕུང་པོ་དག་ལ་གལ་ཏེ་ཁས ་བླངས་ནི་དེའི་ཚེ་ཕུང་པོ་དང། བདག་ལ་གཞི་མཐུན་པ་ལས་འབྱུང་བའི་སྐྱོན་ཐ་དད་པར་འགྱུར་ཏེ་དེ་ནི་གནས་པ་ཡིན་ནོ། །ང་ནི་རྣལ་མའི་དོན་རྗེས་སུ་འབྲང་བར་བྱ་སྟེ། དེ་ལྟར་ཕུང་པོ་དང་བདག་ལ་གཞི་མཐུན་པ་ལ་སོགས་པ་མེད་པས་བྲག་གི་རྩེ་མོ་ཉི་ཤུ་ལས ་འབྱུང་བའི་འཇིག་ཚོགས་ལ་ལྟར་?་བས་འབའ་ཞིག་པ་དྲི་མ་མེད་པའི་མཛའ་ཡས་པ་ནམ་མཁའ་དང་འདྲ་བ་འོད་གསལ་བ་གསལ་བར་འགྱུར་རོ། །ཇི་སྐད་དུ། ཕུང་པོ་བདག་མིན་དེ་དེར་མིན། །དེ་ལ་དེ་མིན་དེ་མད?་མིན། །མེ་དང་བུད་ཤིང་བཞིན་དུ་ནི། །བདག ་ཕུང?་འདྲེས་མིན་གར?་ཕྱིར་ཡོད། །བདག་ཅེས་དངོས་པོ་མེད་པ་སྟེ། །བྱེད་པ་པོ་ཞེས་གང་ལ་བརྗོད། །ཆོས་ཅན་ཡོང་ན་ཆོས་རྣམས་ནི། །འཇིག་རྟེན་པ་ལ་སྨོས་ཞེས་འབྱུང་ངོ། །དེ་ལྟར་ཕྱིའི་བདག་ལ་སོགས་པའི་ཕུང་པོའི་ལྟ་རྣམས་སེལ་བས་ཇི་ལྟར་རྣལ་འབྱོར ་པས་སེམས་ཅན་གྱི་དོན་འགྲུབ་ཞེ་ན་། ནམ་མཁའ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་ནི་ནམ་མཁའ་ལ་གནས་པའི་ཕྱིར། ནམ་མཁའ་ནི་འཇའ་ཚོན་ཏེ། དེ་དང་འདྲ་བ་ནི་སྒྱུ་མའི་ངོ་བོ་ལྷའི་སྐུ་འོད་གསལ་བ་ལས་ཅིག་ཅར་དུ་སྤྲོས་པ་དཀྱིལ་འཁོར་གྱི་གཙོ་བོ་ཉིད་དུ ་དཀྱིལ་འཁོར་པའི་ནང་དུ་གནས་པ་གཟུགས་བརྙན་བླངས་ཏེ་། སེམས་ཅན་གྱི་དོན་རྣལ་འབྱོར་པས་བྱའོ། །ཇི་ལྟ་བུ་ཞེ་ན། བདག་མེད་པ་ཞེས་པ་ནི་བདག་མེད་པའི་ཚུལ་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་ཉེ་བར་མཚོན་པའོ། །ཇི་སྐད་དུ་མེ་ལོང་གི་ནི་གཟུགས ་བརྙན་དང། རྨི་ལམ་སྒྱུ་མ་ཆུ་བུར་དང། མིག་འཕྲུལ་དང་འདྲ་གང་གིས་ནི། ལྟ་བ་དེ་ནི་ཁྱབ་བདག་ཡིན་ཞེས་འབྱུང་ངོ། །དེ་ཉིད་ཀྱི་ཕྱིར་བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་པ་ནི་བྱང་ཆུབ་ནི་འོད་གསལ་བའི་དེ་ཁོ་ན་ཉིད་དེ། དེ་ལས་ཚུལ་ནི་སེམས ་ཅན་གྱི་དོན་བྱ་བའི་ཕྱིར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་ལྷའི་སྐུ་བླང་བའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། བརྟན་པ་ནི་མ་ལུས་པའི་ཁམས་གསུམ་གྱི་སེམས་ཅན་སྨིན་པ་དང་གྲོལ་པ་ལ་སོགས་པའི་བྱ་བ་ལ་མི་གཡོ་བར་གྱུར་པ་རྣལ་འབྱོར་པ་ལ་སྐྱེ་བ་ཡིན་ཏེ། བདག་ལ་བྱིན ་གྱིས་བརླབ་པའི་རིམ་པ་གསུམ་པའོ་ཞེས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་དོན་རྟོགས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རིན་ཆེན་ནི་བྱང་ཆུབ་ཀྱི་སེམས་ཏེ་དེ་ཉིད་དཔལ་ནི་མཚན་མ་རྒྱལ་མཚན་གྱི་རྩེ་མོར་འཛིན་པའི་ཡན་ལག་གིས་གང་གིས ་འཛིན་པ་དེ་ནི་རིན་ཆེན་དཔལ་རྡོ་རྗེའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྩ་བདུན་ཁྲི་ཉེས་སྟོང་སྟེ། དེ་རྣམས་ཀྱི་གང་ཞིག་ཆོས་ནི་དགའ་བ་ལ་སོགས་པ་གསུམ་སྟེ། དེ་རྣམས་ཀྱི་བདག་མེད་པའི་མངོན་པར་བྱང་ཆུབ་ཀྱི་རིམ་པ་བཞི་པ་སྟེ་དེ་ཉིད་མི་ཕྱེད ་པའི་ཕྱིར་རྡོ་རྗེའོ། །དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་ཞེས་པ་ནི་མངོན་པར་བྱང་ཆུབ་ཀྱི་རིམ་པ་སྟོན་པར་བྱེད་པའི་ཚིག་གསུངས་སོ། །ཆོས་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། ཆོས་རྣམས་ཐམས ་ཅད་ནི་འདོད་ཆགས་དང། འདོད་ཆགས་དང་བྲལ་བ་དང། འདོད་ཆགས་པར་བྱ་སྟེ་།དེ་རྣམས་བསྐྱོད་པ་དང་དགའ་བ་དང། དགའ་བྲལ་གྱི་བདག་ཉིད་དུ་བརྟགས་པའི་ཕྱིར་དངོས་མེད་ཅེས་པ་ནི་སྤང་བར་བྱ་བའོ་ཞེས་སྟོན་ཏེ། ཆོས་ནི་དགའ་བ་གསུམ་གྱི་དེ་ཉིད་ཡིན་ལ་དེ ་རྣམས་ཀྱི་མཚན་ཉིད་ནི་རྣམ་པ་སྣ་ཚོགས་པ་དང། རྣམ་པར་སྨིན་པ་དང། རྣམ་པར་འཇོམས་པའི་སྐད་ཅིག་མ་སྟེ། དེ་རྣམས་དང་རྣམ་པར་སྤང་བ་ནི་དོན་དམ་པས་ཉེ་བར་མཚོན་པ་བརྟགས་པའི་ཕྱིར་མེད་པའོ་ཞེས་སྟོན་ཏེ། སྐད་ཅིག་མ་དང་དགའ་བ་དག་རྒྱུ ་དང་འབྲས་བུ་རང་བཞིན་མེད་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ཡིན་ན་བླང་བར་བྱ་བའི་དེ་ཁོ་ན་ཉིད་གང་ཡིན་ཞེ་ན། བདག་མེད་ཆོས་ལས་ཀུན་ཏུ་བྱུང་ཞེས་བྱ་བ་ལ་། ཆོས་ནི་ཕུང་པོ་ལ་སོགས་པ་འམ། འདོད་ཆགས་ལ་སོགས་པ་སྟེ། དེ་རྣམས་བདག་མེད་པ ་ནི་བླ་མའི་མན་ངག་གིས་སྣང་བ་བཞི་པ་ཐོབ་པ་སྟེ། དེ་ལས་ཀུན་ཏུ་བྱུང་ཞེས་པ་ནི་རྣམ་པར་རྟོག་པ་མེད་པ་དང་། གསལ་བ་གང་ཞིག་དཔེ་ལས་བྱུང་བའི་བདེ་བ་སྐྱེས་པ་དེ་ཉིད་ཀྱི་རིམ་པ་ཐམས་ཅད་ཀྱི་འབྲས་བུར་གྱུར་པའི་ཕྱིར་བླང་བར་བྱའོ། །གལ་ཏེ་ངེས ་འགའ་ཨི་ཆེ་ཤིན་ཏུ་ཕྲ་བའི་ཕྱིར་སེམས་ལ་བརྟན་པར་མི་འགྱུར་ན་དེའི་ཚེ་བྱང་ཆུབ་ནི་རིལ་པོར་འཛིན་པའི་ཏིང་ངེ་འཛིན་དང། ཚུལ་ནི་རྗེས་སུ་གཞིག་པའི་ཏིང་ངེ་འཛིན་གྱིས་འདི་ཞེས་པ་ནི་དེ་ཁོ་ན་ཉིད་བཞི་པ་བརྟན་པ་སྟེ། མི་གཡོ་བར་བྱའོ་ཞེས་ཚིག་གི་དོན་ཏེ་མངོན་བར་བྱང ་ཆུབ་པའི་རིམ་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ་རིན་ཆེན་དཔལ་རྡོ་རྗེ་ཞེས་བྱ་བ་ལ་སྔ་མ་བཞིན་དུའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དཔག་ཏུ་མེད་པ་ནི་ཚད་མེད་པ་སྟེ། སྲིད་པ་དང་མྱ་ངན་ལས་འདས་པ་དག་ལ་མི་གནས་པའི་ཕྱིར་ཚེ་ནི ་སེམས་ཅན་གྱི་དོན་མཛད་པའི་ཕྱིར་གནས་པ་སྟེ། དེ་ཉིད་རྡོ་རྗེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆོས་ནི་ཀུན་རྫོབ་དང། དོན་དམ་པ་དང། འདོད་ཆགས་དང། འདོད་ཆགས་དང་བྲལ་བ་དང། རྣམ་པ་དང་བཅས་པ་དང། རྣམ་པ་མེད་པ་ལ་སོགས་པ་སྟེ ་དེ་རྣམས་འོད་ཟེར་འབར་བ་ནི་ཟུང་འཇུག་ཏུ་བྱ་བ་སྟེ། དེ་ཉིད་གཙད་བ་དང་མི་གཙང་བ་ལ་སོགས་པའི་མུན་པའི་ཆོགས་འཇིག་པས་ན་སྒྲོན་མེ་དང་འདྲ་བ་སྟེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པའི་མཚན་ཉིད་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི ་སེམས་འདི་ནི་མི་གནས་པའི་མྱ་ངན་ལས་འདས་པའི་ཏིང་ངེ་འཛིན་གཙོ་བོར་གྱུར་པ་ཚིག་གསུངས་སོ། །མ་སྐྱེས་པ་ཞེས་བྱ་བ་ལ་སོགས་པ་ལ་ཀུན་རྫོབ་དང་དོན་དམ་པ་ལ་སོགས་པའི་མཚན་ཉིད་མ་སྐྱེས་པ་སྟེ། ཟུང་དུ་འཇུག་པའི་རིམ་གྱིས་དབྱེར་མེད་པར་གྱུར ་ན་དེའི་ཚེ་རྣལ་འབྱོར་བའི་ངོ་བོ་མེད་པ་ནི་ཀུན་རྫོབ་ཀྱི་བདེན་པ་ལ་སོགས་པ་རྟོགས་པའོ། །བསྒོམ་པ་ཡང་མེད་དེ་དོན་དམ་པའི་བདེན་པ་ལ་སོགས་པ་རྟོགས་པའོ། །ཟུང་དུ་འཇུག་པའི་རིམ་པ་ལ་གནས་པས་འཁོར་བའི་བར་དུ་སངས་རྒྱས་ཐམས་ཅད་ཀྱི་བྱ་བ ་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཀུན་ཏུ་འོད་ཀྱི་ས་ལ་སྔ་མའི་སྨོན་ལམ་གྱི་ཤུགས་ཀྱིས་རྟོག་པ་མེད་ན་ཡང་རང་གི་ངང་གིས་དམིགས་པ་མེད་པ་ནི་ཐུགས་རྡོ་ཆེན་པོའི་དབང་གིས་མི་འདོད་པས་ཀྱང་སེམས་ཅན་གྱི་དོན་བྱེད་དོ་ཞེས་མི་སློབ་པའི་ལམ་?་ཅུང་ཟད་ཀྱང་སློབ་པར་མི ་འགྱུར་རོ། །ཇི་སྐད་དུ་རབ་ཏུ་བྱེད་བ་ལས་ཀྱང། ཟུང་འཇུག་ཏིང་འཛིན་ལ་གནས་པས། །སླར་ཡང་ཅུང་ཟད་མི་སློབ་པོ། །ཞེས་འབྱུང་ངོ། །དེ་ལྟར་ཡིན་ན་རྣལ་འབྱོར་བའི་སྤྱོད་པ་ཇི་ལྟ་བུ་ཞེ་ན་།ནམ་མཁའ་ཨི་གནས་སུ་སྦྱོར་བ་ཡིས། །ཞེས་གསུངས་ཏེ། རང་བཞིན ་མེད་པའི་ཏིང་ངེ་འཛིན་ཏེ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་རྣལ་འབྱོར་པས་སྤྱོད་པར་བྱའོ། །ཞེས་བྱ་བའི་ཐ་ཚིག་གོ། རབ་ཏུ་བྱེད་པ་ལས་ཀྱང་ཇི་ལྟར་བདག་ཉིད་དེ་བཞིན་དགྲ། །ཇི་ལྟར་ཆུང་མ་དེ་བཞིན་སྲིང། །ཇི་ལྟར་སླད་འཚོང་དེ་བཞིན་མ། །ཇི་ལྟར་བྲམ་ཟེ་དེ་བཞིན ་གདོལ། །ཇི་ལྟར་པགས་བ་དེ་བཞིན་གོས། །ཇི་ལྟར་ཆང་དང་དེ་བཞིན་གཅིན་།ཇི་ལྟར་བཟའ་བ་དེ་བཞིན་བཤད། །ཇི་ལྟར་དྲི་བཟང་ག་པུར་དག་། དེ་བཞིན་བཤད་པ་ལས་བྱུང་དྲི། །ཇི་ལྟར་བསྟོད་པ་བྱེད་བའི་ཚིག་། དེ་བཞིན་དུ་ནི་སྨོད་པའི་ཚིག་། དག་པོ ་རྡོ་རྗེ་ཅན་དེ་བཞིན། །ཇི་ལྟར་ཉིན་མོ་དེ་བཞིན་མཚན། །ཇི་ལྟར་རྨི་ལམ་དེ་བཞིན་མཐོང། །ཇི་ལྟར་འཇིག་པ་དེ་བཞིན་གནས། །ཇི་ལྟར་བདེ་བ་དེ་བཞིན་སྡུབ། །ཇི་ལྟར་སྡང་བ་དེ་བཞིན་དུ། །མནར་མེད་མཐོ་རིས་དེ་བཞིན་ཏེ། །དེ་བཞིན་སྡིག་དང་བསོད ་ནམས་སོ། །དེ་ལྟར་ཤེས་ན་ཡེ་ཤེས་ཅན། །དོགས་པ་མེད་པར་ཐམས་ཅད་བྱེད། །སྦས་པའི་བརྟུལ་ཞུགས་ཀུན་བསྒྲུབས་ན། །ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ་ཅེས་འབྱུང་ངོ། །དེ་བཞིན་དུ་རྫོགས་པའི་རིམ་པའི་རྣལ་འབྱོར་པ་ལ་ཡང་སྦྱོད་པའི་བརྟུལ ་ཞུགས་ནི་རྡོ་རྗེ་ཕྲེང་བ་ལས་གསུངས་ཏེ། སྐྱེས་པའི་ས་ནི་ཡོངས་སྤངས་ནས། །ཚོགས་ཀྱི་དབང་ཕྱུག་གཟུགས་བྱས་ནས། །ཡུལ་ནི་གཞན་ལ་ཞུགས་བྱས་ཏེ། །གང་དུ་སུས་ཀྱང་ངོ་མི་ཤེས། །ཚོགས་ཀྱི་རྟགས་ནི་བླངས་བྱས་ཏེ། །མགོ་བོའི་སྐྲ་ནི་བྲེགས་བྱས ་ནས། །རགས་པ་རལ་པ་གཅིག་བྱས་པ། །གཙུག་པུད་གཅིག་ཅིག་བཞག་པར་བྱ། །འོད་སྦྱོང?་མི་ཁྱབ་པ་ནི། །དཔུང་རྒྱན་དང་ནི་གདུ་བུ་མཆོག། རུ་རཀྵ་དང་ཤེལ་མཆོག་ནི། །ཕན་ཚུན་འདྲེས་པར་བྱས་པ་སྟེ། །སྨད་ཀྱི་ཆ ་ལ་འཕྱང་བ་ནི། །སྐེ་བ་ལ་ནི་མགུལ་རྒྱན་བཏབ། །འབད་པས་ཐིག་ལེ་གསུམ་བྱས་ལ། །མཛུབ་མོར་ཟངས་ཀྱི་སར་གདུབ་གདགས། །མདུན་གྱི་ཆ་ལ་འཕྱང་བ་ནི། །ཤམ་ཐབས་ཀྱང་ནི་གྱོན་པར་བྱ། །བཙགས་དུ་དང་བཅས་ཟ་མ་ཏོག་།མཆན ་ཁུང་དུ་ནི་འཕྱང་བར་བཏགས། །ཡན་ལག་ཐམས་ཅད་ཀྱིས་བརྒྱན་པའི། །ཚོགས་བདག་གཟུགས་ནི་བླངས་ནས་སུ། །ཚེམ་བུ་གྱོན་པར་བྱས་ནས་ནི། །རིགས་ངན་གནས་ལ་འཇུག་པར་བྱ། །དངོས་གྲུབ་ཕྱིར་ནི་དེ་ལྟར་མཆོག། ཤིན་ཏུ་སྦས་པར་བྱས ་ནས་ནི། །གང་དུ་སུས་ཀྱང་ངོ་མི་ཤེས། །ཡུལ་མཆོག་དེ་ལ་སྤྱོད་པར་བྱ། །དེ་ལྟར་རྫོགས་པའི་སྤྱོད་པ་ལ་གནས་པའི་རྣལ་འབྱོར་པས་རང་དང་གཞན་གྱི་དོན་བསྒྲུབ་པར་ནུས་པར་འགྱུར་རོ། །དེ་ལྟར་དངོས་པོ་རབ་ཏུ་གྲགས་ཞེས་བྱ་བའི་རིགས་པས ་དངོས་པོ་ནི་སྤྱོད་པ་སྟེ། རྫོགས་པའི་བརྟུལ་ཞུགས་ཀྱི་མཚན་ཉིད་ཁྱད་པར་དུ་བསྟེན་པར་བྱའོ་ཞེས་བྱ་བའི་དོན་ཏེ་ཟུང་དུ་འཇུག་པའི་རིམ་པའོ། །དེ་ལྟར་གསུངས་སོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་ལ། གདོན་མི་ཟ་བ་ཞེས་པ་ནི ་རིམ་པ་ལྔ་པོ་ཉེ་བར་བསྡུས་ནས་འབྲས་བུ་དང་བཅས་པ་གྲུབ་པ་ནི་རྡོ་རྗེ་འཆང་ཆེན་པོའི་ཕྱག་རྒྱའི་དངོས་གྲུབ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ཡེ་ཤེས་ལྔའི་རིམ་པ་ལྔ་སྟེ་།དེ་རྣམས་ཟིལ་གྱིས་གནོན་པ་ནི་གང་གིས ་རོ་གཅིག་པར་བྱེད་པ་སྟེ་། དེ་ཉིད་སྲེག་པར་མི་འགྱུར་བ་དང་། འཇིག་པར་མི་འགྱུར་བ་དང་། མི་ཕྱེད་པའི་མཚན་ཉིད་ཅན་རྡོ་རྗེ་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ལ་སྙོམས་པར་ཞུགས་ཏེ་། བྱང་ཆུབ་ཀྱི་སེམས་འདི་ནི་རིམ་པ་དང་རིམ་པ་མ་ཡིན་པ་དང་བྲལ་བ ་གསུངས་སོ་ཞེས་སྟོན་ཏོ། །ཆོས་རྣམས་རང་བཞིན་འོད་གསལ་བ་ཞེས་བྱ་བ་ལ་སོགས་པ་ལ་། ཆོས་རྣམས་ནི་འཇུག་པ་དང་གནས་པ་དང་ལྡང་བའི་མཚན་ཉིད་དམ། དཀྱིལ་འཁོར་བཞིའི་འོད་སྤྲོ་བ་སྟེ། དེ་རྣམས་ཐམས་ཅད་རང་བཞིན་འོད་གསལ་བ་ཞེས་པ་ནི་ངོ་བོ ་ཉིད་ཀྱིས་འོད་གསལ་བའི་རང་བཞིན་ཡིན་ཏེ། འོན་ཀྱང་ལས་དང་པོ་ལ་སྐས་བཞིན་དུ་འཇུག་པ་ལ་སོགས་པའི་ཐབས་བསྟན་ཏོ། །གཟོད་ནས་དག་པ་ནམ་མཁའ་བཞིན་ཞེས་བྱ་བ་ལ། ནམ་མཁའ་ནི་ཡེ་ཤེས་གསུམ་སྟེ། དེ་དང་མཐུན་པ་ནི་རང་བཞིན་རྣམས་ཏེ་དེ ་རྣམས་ཀྱང་གདོད་ནས་དག་པ་ཞེས་པ་ནི་དོན་དམ་པའི་ཆོས་ཉིད་ཀྱི་ངོ་བོ་ཞེས་སྟོན་ཏོ། །བྱང་ཆུབ་ནི་གང་ཞིག་འདི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་འཇའ་ཚོན་དང་འདྲ་བ་དེ་ཡང་མེད་ཅེས་པ་ནི་བརྟགས་པས་མེད་པ་སྟེ་དོན་དམ་པའི་ངོ་བོར་ཡོད་པའོ་ཞེས་སྟོན་ཏོ། །མངོན ་རྟོགས་མེད་ཅེས་པ་ནི་དེ་ཁོ་ན་ཉིད་བཞི་པ་ཡང་དེ་ལ་ཞེན་པ་དང་ལྡན་པ་མེད་པ་ཡིན་ཏེ། འོན་ཀྱང་འོད་གསལ་བའི་ངོ་བོ་རྣམ་པར་མི་རྟོག་པ་ཁོ་ན་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གང་གིས་འདི་ཞེས་པ། དེ་ལ་བྱང་ཆུབ་ཚུལ་ཞེས་པ་ལ་། བྱང་ཆུབ་ནི་ཟུང་འཇུག ་རྒྱུའི་བསམ་གཏན་ཏེ་ཚུལ་ནི་དེའི་རྗེས་ལས་ཐོབ་པའི་ཡེ་ཤེས་བརྟན་བ་ནི་རྫོགས་པའི་སྤྱོད་པས་བྱས་ལ་འབྱུང་བར་གྱུར་ཞེས་ཚིག་གི་དོན་ཏེ་རྫོགས་པའི་རིམ་པའོ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་།བྱམས་པ་ལ ་སོགས་པ་ནི་བྱམས་པ་གཙོ་བོར་གྱུར་པའི་བྱང་ཆུབ་སེམས་དཔའ་ནི་སྒྲིབ་པ་མེད་པའི་ཡེ་ཤེས་དང་ལྡན་པ་དེ་བཞིན་གཤེགས་པ་ཐམས་ཅད་ནི་ཕུང་པོ་ལྔ་དང་། སྐུ་ནི་བདག་ལ་བྱིན་གྱིས་བརླབ་པ་དང་། གསུང་ནི་རྡོ་རྗེ་བཟླས་པ་དང། ཐུགས་ནི་སེམས་རྣམ་པར་དག་པ ་དང། ཆོས་ནི་ཆོས་ཉིད་དེ་མངོན་པར་བྱང་ཆུབ་པ་དང། དེ་ཁོ་ན་ཉིད་ནི་ཀུན་རྫོབ་དང་དོན་དམ་པ་ཐ་མི་དད་པ་ཟུང་འཇུག་དང། ཡི་གེ་ཞེས་པ་ནི་གཡོ་བ་དང་འཇིག་པར་མི་འགྱུར་བའི་འོད་གསལ་བའི་དེ་ཁོ་ན་ཉིད་ཐོས་ནས་ངོ་མཚར་བ་ནི་ཐོས་པ། རྨད་དུ་བྱུང་བ ་ནི་མངོན་དུ་བྱས་ནས་ཏེ་རེ་དེ་ཉིད་ཀྱིས་ལྡང་ཞིང་ཆེད་དུ་བརྗོད་པ་འདི་ཞེས་བྱ་བ་ནི་བསྟོད་པའི་ཚིག་བརྗོད་པའོ་ཞེས་བསྟན་ཏོ། །ེ་མའོ་སངས་རྒྱས་ཨེ་མའོ་ཆོས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་འདི་ལ་རྡོ་རྗེ་བཟླས་པ་དང་། ་སེམས་ལ་དམིགས་པ་དང། བདག་བྱིན་གྱིས་བརླབ་པ་དང། མངོན་པར་བྱང་ཆུབ་པ་དང་།ཟུང་འཇུག་གི་རིམ་པ་རྣམས་ཡོད་པ་སྟེ། དེ་ལ་སངས་རྒྱས་ཞེས་པ་ནི་ཡི་གེ་གསུམ་སྟེ། དེ་རྣམས་འཇུག་པ་ལ་སོགས་པའི་རིམ་བས་བཤད་པ་དེ་ནི་ངོ་མཚར་བ་སྟེ ་རྡོ་རྗེ་བཟླས་པའི་རིམ་པའི་སྒོ་ནས་བསྟན་པའོ། །ེ་མའོ་ཆོས་ཞེས་པ་ནི་ཆོས་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ཏེ། དེ་རྣམས་ཀྱི་སྔགས་དང་ཕྱག་རྒྱའི་རིམ་པས་རྣམ་པར་དག་པ་བསྟན་པ་དེ་ཡང་ངོ་མཚར་བ་སྟེ་སེམས་རྣམ་པར་དག་པའི་སྒོ་ནས ་བསྟོད་པའོ། །དེ་བཞིན་དུ་ཆོས་ནི་སྒྱུ་མ་ལྟ་བུའི་སྐུ་ལ་བརྟེན་ཏེ། སེམས་ཅན་རྣམས་ལ་གང་བསྟན་པ་དེ་ཡང་ཤིན་ཏུ་ངོ་མཚར་བ་སྟེ་། བདག་ལ་བྱིན་གྱིས་བརླབ་པའི་སྒོ་ནས་བསྟོད་པའོ། །དེ་ཉིད་ནི་འདོད་ཆགས་ལ་སོགས་པ་གསུམ་སྟེ་།དེ་རྣམS ་དག་པར་བྱ་བའི་ཕྱིར་དོན་ནི་བཞི་པ་སྟེ་དེ་བསྟན་པ་ངོ་མཚར་བ་སྟེ་། མངོན་པར་བྱང་ཆུབ་པའི་སྒོ་ནས་བསྟོད་པའོ། །དག་པའི་དོན་ནི་རྟག་པ་དང་ཆད་པ་ལ་སོགས་པའི་རྣམ་པར་རྟོག་པའི་ཚོགས་དང་བྲལ་བཟུང་འཇུག་གི་ཏིང་ངེ་འཛིན་ཏེ། དེ་ཉིད ་གང་བསྟན་པ་དེ་ཡང་ངོ་མཚར་བ་སྟེ། དེའི་ཕྱིར་ཀྱེ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ནི་དོན་དམ་པའི་ངོ་བོ་ཐམས་ཅད་རོ་མཉམ་པའི་མཚན་ཉིད་ཅན་རྡོ་རྗེ་འཆང་ཆེན་པོའོ། །ཁྱོད་ལ་ཕྱག་འཚལ་ལོ་ཞེས་པ་ནི་ཁྱོད་ཀྱི་བདག་ཉིད་དུ་ཁོ་བོ ་ཅག་འཇུག་པའོ་ཞེས་དོན་ཏེ་རིམ་པ་ལྔའོ། །ང་ནི་མ་ལུས་པའི་དཀྱིལ་འཁོར་པའི་ངོ་བོ་བཅོམ་ལྡན་འདས་ལ་བསྟོད་པ་བཤད་པར་བྱ་བའི་ཕྱིར་བདག་མེད་པའི་ཆོས་ལས་འབྱུང་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། ཆོས་ནི་མེ་ལོང་ལྟ་བུའི ་ཡེ་ཤེས་ཀྱི་ངོ་བོ་རྣམ་པར་སྣང་མཛད་དོ། །བདག་མེད་པ་ནི་སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་རིན་ཆེན་འབྱུང་ལྡན་ནོ། །རྣམ་པར་མི་རྟོག་པའི་ཁམས་འདི་ལས་འབྱུང་བས་ན་འབྱུང་སྟེ། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་སྣང་བ་མཛའ་ ་ཡས་སོ། །སངས་རྒྱས་ནི་རབ་ཏུ་རྟོགས་པ་སྟེ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་མི་བསྐྱོད་པའོ། །བྱང་ཆུབ་ནི་མངོན་པར་བྱང་ཆུབ་སྟེ། དེ་ཉིད་བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་ཀྱི་སེམས་ཅན་ཐམས་ཅད་ལ་རྫོགས་པར་མཛད་པས་ན་བྱང་ཆུབ ་རྫོགས་མཛད་པ་ནི་དོན་ཡོད་གྲུབ་པ་སྟེ་། དེའི་རང་བཞིན་དང་། དེ་བཞིན་དུ་ཞི་བའི་ལས་མཛད་པའི་ཕྱིར་རྣམ་པར་མི་རྟོག་པ་ནི་ཐེ་ཚོམ་མེད་པ་དང་། སངས་རྒྱས་སྤྱན་ནོ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རིགས་ཡིན་པའི་ཕྱིར་དམིགས་སུ་མེད་པ་ནི་མཱ་མ་ཀཱིའོ། །བྱང ་ཆུབ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་གོས་དཀར་མོའོ། །སེམས་ནི་སེམས་དབང་དུ་མཛད་པའི་མཚན་ཉིད་ཅན་སྒྲོལ་མའོ། །དེའི་ངོ་བོ་བཅོམ་ལྡན་འདས་ཁྱོད་ལ་ཕྱག་འཚལ་ལོ་ཞེས་སྟོན་ཏོ། །དེ་བཞིན་དུ་ཀུན་ཏུ་བཟང་པོས་ཉེ་བར་མཚོན་པ་བྱང ་ཆུབ་སེམས་དཔའ་བརྒྱད་དེ། དེ་རྣམས་ཀྱི་ངོ་བོ་དང་ཐམས་ཅད་དོན་ཞེས་པ་ནི་འདོད་ཡོན་ལྔ་སྟེ་། དེ་རྣམས་ཀྱིས་བྱང་ཆུབ་སེམས་ནི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་རབ་ཏུ་སྐོར་བར་བྱེད་པས་ན་ཐམས་ཅད་དོན་བྱང་ཆུབ་སེམས་རབ་བསྐྲོ་བ་ནི་གཟུགས་རྡོ་རྗེ་མ་ལ ་སོགས་པ་ལྔ་པོ་སྟེ། དེའི་ངོ་བོ་དང་བྱང་ཆུབ་སྤྱོད་པ་རྡོ་རྗེ་ཆེ་ཞེས་བྱ་བ་ལ་ཉོན་མོངས་པའི་སྒྲིབ་པའི་གཉེན་པོའི་སྒོ་ནས་བྱང་ཆུབ་སྤྱོད་པར་བྱེད་པས་ན་བྱང་ཆུབ་སྤྱོད་པ་སྟེ། འཕགས་པ་གཤིན་རྗེ་མཐར་བྱེད་དོ། །ཤེས་བྱའི་སྒྲིབ་པའི་རི་བོ་ཆེན་པོ་འཇིག་པར་བྱེད ་པས་ན་རྡོ་རྗེ་སྟེ་ཤེས་རབ་མཐར་བྱེད་དོ། །བྱང་ཆུབ་སེམས་ནི་ལས་ཀྱི་སྒྲིབ་པའི་གཉེན་པོ་ཡེ་ཤེས་གང་ལ་ཡོད་པ་དེ་ནི་བྱང་ཆུབ་སེམས་ཏེ་འཕགས་པ་པདྨ་མཐར་བྱེད་དོ། །དེ་བཞིན་གཤེགས་པའི་ཐུགས་དག་པ་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པར་སྨིན་པའི་ ་སྒྲིབ་པ་ཟད་པས་ཐུགས་རྗེའི་ངོ་བོ་ཐོབ་པའི་ཕྱིར་ཐུགས་ནི་བདུད་རྩི་འཁྱིལ་པའོ། །དེ་བཞིན་གཤེགས་པས་བཀས་གདུལ་བར་དཀའ་བ་འདུལ་བའི་ཕྱིར་དེ་བཞིན་གཤེགས་པ་ནི་མི་གཡོ་བའོ། །སྡིག་པ་བྱེད་པ་རྣམས་བཅིངས་ཤིང ་སེམས་དག་པ་མཛད་པས་དག་པ་ནི་འདོད་པའི་རྒྱལ་པོའོ། །བདུད་རྣམས་ཀྱི་ལུས་ངག་ཡིད་རྨོངས་པར་མཛད་པས་ན། སྐུ་དང་གསུང་དང་ཐུགས་ནི་དབྱིག་པ་སྔོན་པོ་ཅན་ནོ། །རྡོ་རྗེ་བརྒྱ་པས་སྤྲིན་གྱི་ཚོགས་གཅོད་ལ་ཆར་འབེབས་པར་མཛད་པའི་ཕྱིར་རྡོ་རྗེ་འཛིན ་ནི་སྟོབས་པོ་ཆེའོ། །ས་འོག་ལ་གནས་པའི་བགེགས་རྣམས་སྐྲག་ཅིང་།སངས་རྒྱས་བྱང་ཆུབ་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་སྒྲུབ་པ་པོ་རྣམས་ལ་རབ་ཏུ་སྟོན་པར་མཛད་པས་ན་སངས་རྒྱས་བྱང་ཆུབ་རབ་སྟོན་པ་ནི་གནོད་མཛེས་རྒྱལ་པོའོ། །དེ་བཞིན་དུ་བྱང་ཆུབ ་ནི་མུ་སྟེགས་པ་ཐམས་ཅད་ཀྱི་མཁའ་འགྲོ་མའི་སྒྱུ་འཕྲུལ་དང་སྔགས་ལས་རྣམས་འཇོམས་པ་སྟེ། དེ་ལ་སེམས་གང་ལ་ཡོད་པ་དེ་ནི་བྱང་ཆུབ་སེམས་ཏེ། གཙུག་ཏོར་འཁོར་ལོ་སྒྱུར་བ་སྟེ། དེ་རྣམས་ཀྱི་ངོ་བོ་བཅོམ་ལྡན་འདས་ཁྱོད་ལ་ཕྱག་འཚལ་ལོ་ཞེས་སྔ་མ ་དང་སྦྱར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལྷ་སུམ་ཅུ་རྩ་གཉིས་ཀྱི་རང་བཞིན་རྡོ་རྗེ་འཆང་ཆེན་པོ་བསྟོད་པ་སྟེ་དཀྱིལ་འཁོར་རྒྱལ་བ་མཆོག་གོ། འདིར་ནི་གལ་ཏེ་ན་ཡང་རྡོ་རྗེ་འཆང་ཆེན་པོ་སྟོན་པ་པོ་ཡིན་ཏེ། འོན་ཀྱང་མི་བསྐྱོད་པ་ལ་སོགས ་པས་བྱང་ཆུབ་ཀྱི་སེམས་ཀྱི་ཚིགས་སུ་བཅད་པ་རྣམས་གསུང་པ་སྟེ་།ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་དག་ཐ་མི་དད་པར་བསྟན་པར་བྱ་བའི་ཕྱིར་རོ། །ལ་ལ་ན་རེ་དེ་རྣམས་ཀྱི་སྒོ་ནས་བཅོམ་ལྡན་འདས་ཁོ་ནས་གསུངས་བ་སྟེ། གང་གི་ཕྱིར་དེ་རྣམས་ནི ་འདོད་ཆགས་ལ་སོགས་པའི་རིགས་དང་ལྡན་པའི་སེམས་ཅན་རྣམས་ཀྱིས་རིམ་པའི་དབྱེ་བ་ལ་བརྟེན་ཏེ་ཐ་དད་པར་?་རྟོག་པ་སྟེ་། ངོ་བོ་ཉིད་ཀྱིས་ནི་དེ་རྣམས་དང་རྡོ་རྗེ་འཆད་ཆེན་པོའི་རང་བཞིན་གཅིག་ཡིན་པའོ། །བྱང་ཆུབ་ཀྱི་སེམས་ནི་རྡོ་རྗེ་བཟླས་པ་ལ་སོགས ་པའི་རིམ་པ་ལྔས་ཐོབ་པ་འོད་གསལ་བ་ཐོབ་པ་སྟེ། དེ་ཉིད་བསྟན་པར་བྱེད་པའི་ལེའུ་ནི་བྱང་ཆུབ་སེམས་ཀྱི་ལེའུའོ།། །།ལེའུའི་དོན་ནི་སྔ་མ་བཞིན་དུའོ།། །།རྒྱུད་འགྲེལ་ལས་ལེའུ་གཉིས་པའི་ཚིག་གི་དོན་བཅུ་དྲུག་གི་བཤད་པའོ། །ལེའུ ་འདི་ལ་ཚིགས་སུ་བཅད་པའི་གྲངས་ནི་སུམ་བརྒྱའོ། །བྱང་ཆུབ་ཀྱི་སེམས་སྒོམ་པས་དོན་དམ་པའི་བདེན་པ་ལ་ཞུགས་ཏེ། གཞན་གྱིས་དོན་མེད་པས་དེ་ཉིད་གྲུབ་པར་བྱ་བའི་ཕྱིར་རྡོ་རྗེ་བཀོད་པ་ཞེས་བྱ་བའི་ལྷའི་ལེའུ་བརྩམ་པར་བྱ་སྟེ་།དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། དབང་ཕྱུག་ལ་སོགས་པའི་ཡོན་ཏན་དྲུག་དུ་ལྡན་པS་ན་བཅོམ་ལྡན་འདས་སོ། །སྐུ་གསུང་ཐུགས་རྡོ་རྗེ་ནི་རིགས་གསུམ་སྐྱེད་པར་བྱེད་པའི་རྒྱུ་ཡིན་པས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེས་ཅི་མཛད་ཅེ་ན་དེ་བཞིན་གཤེགS ་པ་ཐམས་ཅད་ནི་དཀྱིལ་འཁོར་བའི་གཙོ་བོ་ལྔ་སྟེ་། དེ་རྣམས་ཀྱི་གང་ཀུན་ཏུ་ནི་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་སྣང་བ་ནི་འོད་ཟེར་ཏེ། དེ་བཞིན་འཕྲོ་བ་ནི་རིམ་གྱིས་བཀོད་པ་དེ་ཉིད་ཀྱང་ལྷ་མོ་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་རྣམས་མཛའ་ཡས་པའི ་ཕྱིར་སྤྲིན་ཏེ། དེ་རྣམས་ཀྱི་ཡང་བཀོད་པ་ནི་སྤྲོས་པ་སྟེ། དེ་ཉིད་སེམས་ཅན་གྱི་དོན་བྱ་བའི་ཕྱིར་བསྟན་པས་ན་རྡོ་རྗེ་སྟེ། དེ་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ལ་སྙོམས་པར་ཞུགས་ཏེ་།རྡོ་རྗེ་བཀོད་པ་ཞེས་བྱ་བ་ལ་རྡོ་རྗེ་ནི་དེ་བཞིན་གཤེགས་པ་སྟེ་དེ་རྣམས་བཀོད ་པ་ནི་སྤྲོས་པ་ལེའུ་གང་ལ་ཡོད་པ་དེ་ནི་རྡོ་རྗེ་བཀོད་བ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་ལེའུ་སྟེ། དེ་བཞིན་གཤེགས་པའི་སྐུ་སྒོམ་པ་གཙོ་བོར་གྱུར་པ་ལེའུ་གསུངས་སྟེ་བསྐྱེད་པའི་རིམ་པའོ། །ཡང་ན་དེ་བཞིན་གཤེགས་བ་ཐམས་ཅད་ནི་ཕུང་པོ་ལྔའི ་གང་ཞིག་སྐུ་གསུང་ཐུགས་ནི་ཡི་གེ་གསུམ་སྟེ། དེ་རྣམས་རྡོ་རྗེ་ནི་འཇུག་བ་ལ་སོགས་པའི་རིམ་པ་དེ་བཞིན་གཤེགས་པ་གང་ལ་ཡོད་པ་དེ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་དཀྱིལ་འཁོར་བཞི་སྟེ། དེ་རྣམས་ཀྱི་གང ་ཞིག་ཀུན་ཏུ་ནི་སོགས?་པ་ལ་སོགས་པའི་གནས་རྣམས་ལ་སྣང་བ་ནི་དམར་པོ་ལ་སོགས་པའི་འོད་ཟེར་ཏེ། དེ་ཉིད་འཕྲོ་བ་ནི་སྣའི་རྩེ་མོར་འཛིན་པ་སྟེ། དེ་ཉིད་ཞི་བ་ལ་སོགས་པའི་ལས་འགྲུབ་པར་བྱེད་བས་ན་སྤྲིན་ཏེ། དེ་དགོད་པ་ནི ་གཡས་པ་དང་གཡོན་པ་དང་གཉིས་ཀ་དང་རིལ?་བུས་རྒྱུ་བབས་གང་ཞིག་རྡོ་རྗེ་ནི་ལྷའི་རྗེས་སུ་དྲན་པ་སྟེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྡོ་རྗེ་ནི་རླུང་གསུམ་སྟེ་དེ་རྣམས་ཀྱིས་བཀོད་པ་ནི་འགྲོ་བ་དང་འོང་བའི་བྱ་བ་ལེའུ་གང་ལ་ཡོད་པ ་དེ་གསུངས་སོ་ཞེས་འབྲེལ་པ་སྟེ། རྡོ་རྗེ་བཟླས་པའི་རིམ་པའོ། །དང་པོ་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པའི་དུས་སུ་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་མངོན་དུ་བྱས་ཏེ་མངོན་དུ་བྱ་བ་དེ་བྱུང་ན་བཅོམ་ལྡན་འདས་ཀྱིས་གསུངས་པའི་འགྲུབ་པའི་སྔགས་ཀྱིས ་མཐུ་སྟོབས་ཀྱིས་སྟོང་པ་ཉིད་དེ་ཁོ་ན་ཉིད་རྣལ་འབྱོར་བ་ལ་མངོན་དུ་གྱུར་ཏེ་།ོཾ་ཤཱུ་ནྱ་ཏཱ་ཞེས་བྱ་བ་ལ་སོགས་པའི་སྔགས་འདི་བརྗོད་ནས་རང་དང་གཞན་རྣམས་ནམ་མཁའ་བཞིན་དུ་བལྟ་བར་བྱ་སྟེ་དང་པོ་སྦྱོར་བའོ། །ོཾ་ཞེས་བྱ་བ་ནི་རྣམ་བར་སྣང་མཛད་དོ། ། ་ཤཱུ་རུ་དཱ་ན་མི་བསྐྱོད་པའོ། །ཛྙཱ་ན་ནི་རིན་ཆེན་འབྱུང་ལྡན་ལའོ། །བཛྲ་ནི་སྣང་བ་མཛའ་ཡས་སོ། །སྭ་བྷཱ་བ་ནི་དོན་ཡོད་གྲུབ་པ་སྟེ། ཨཱཏྨ་ཀོཉཧཾ་ཞེས་པ་ནི་དེ་རྣམས་ཀྱི་བདག་ཉིད་ཡེ་ཤེས་ལྔ་སྟེ་དེའི་རང་བཞིན་ནོ་ཞེས་རྫོགས་པའི་རིམ་པའོ། །ཡང ་ན་ཨ་?་ཐབས་སོ། །ཤཱུ་ནྱ་ཏཱ་ནི་ཤེས་རབ་བོ། །ཛྙཱ་ན་ནི་པདམོ། །བཛྲ་ནི་རྒྱལ་མཚན་ནོ། །སྭ་བྷཱ་བ་ནི་སྔགས་དགོད་པའི་སྔོན་དུ་འགྲོ་བ་བསྐྱོད་པའོ། །ཱཏན་ནི་བདེ་བ་ཆེན་པོ་སྟེ་དེ་རྣམས་ཀྱི་རང་བཞིན་བདག་ཡིན་ཏེ། རང་བཞིན་དང་རྒྱུ་དང་ལས་དང ་འབྲས་བུ་རྣམས་སོ། །ཐམས་ཅད་སྟོང་པ་ཉིད་བསྒོམས་ནས་ཅི་བྱ་ཞེ་ན་།ནམ་མཁའ་དབྱིངས་ཀྱི་དབུས་གནས་པ་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་ནི་རྩ་ལྔ་སྟེ། དེ་རྣམས་དང་ལྡན་པས་ནམ་མཁའ་སྟེ། ཆོས་འབྱུང་གི་ཕྱག་རྒྱ་གྲུ་གསུམ ་པའོ། ཁམS་ཀྱི་རྫས་དྲུག་གི་ནང་ན་གཙོ་བོར་གྱུར་པའི་ཁམས་ནི་བྱང་ཆུབ་ཀྱི་སེམས་ཏེ། ངེས་གང་བའི་ཆོས་འབྱུང་གི་ཕྱག་རྒྱ་ནི་ནམ་མཁའ་ཨི་དབྱིངས་ཏེ། དེའི་དབུས་སུ་གནས་པ་སངས་རྒྱས་ཀྱི་དཀྱིལ་འཁོར་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར ་ཏེ། རྟག་པའི་གཞལ་ཡས་ཁང་བསྒོམ་པ་ནི་བསམ་པར་བྱའོ། །ཇི་ལྟ་བུ་ཞེ་ན། འོད་ཟེར་སྤྲིན་གྱི་ཚོགས་ཆེན་པོ་ཞེས་བྱ་བ་ལ། འོད་ཟེར་སྤྲིན་ནི་སྤྲུལ་པའི་སྐུའི་ངོ་བོ་སའི་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཚོགས་ཆེན་པོ་ནི ་སྤྲོས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་སངས་རྒྱས་ཡེ་ཤེས་ནི་རྣམ་པར་སྣང་མཛད་དེ། དེ་དང་མཉམ་པ་འོད་དཀར་པོ་གང་ལ་ཡོད་པ་དེ་ནི་དེ་བཞིན་ནོ། །འོད་ཟེར་སྣ་ལྔ་ནི་དེའི་རང་བཞིན་གྱི་ལྷ་མོ་བཞི་པོས་ཁྱབ་པ་ནི་མཛེས ་པའོ། །ཀུན་ནས་ཡོངས་སུ་ཟླུམ་པ་སྟེ་ཐམས་ཅད་དུ་བཟང་པོ་འདོད་པའི་ཡོན་ཏན་ལྔ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་ཁྱབ་པའོ། །དེ་བཞིན་དུ་ཤ་ལྔ་ནི་མཆོད་པ་སྟེ་། གང་ལ་ཡོད་པ་དེ་ནི་མཆོད་པ་ལྔ་སྟེ་། ཁྲོ་བོའི་རྒྱལ་པོ ་བཅུ་ཡིན་ནོ། །དེ་རྣམས་ཀྱིས་ཀྱང་རྒྱན་པའོ། །མདོར་ན་དེ་ལྟར་བསྒོམས་ནས་སུ་ཤེས་པ་ནི་དེ་ལྟ་བུའི་དཀྱིལ་འཁོར་གྱི་འཁོར་ལོའི་མདོར་ན་ཞེས་པ་ནི་མདོར་བསྡུས་པའི་ཟླ་བ་དང་རྡོ་རྗེ་ལ་སོགས་པའི་རིམ་གྱིས་བསྒོམས་ཏེ་། དབུས་སུ་ཞེས་པ ་ནི་འཁོར་ལོའི་དབུས་སུ་གཟུགས་ནི་རྣམ་པར་སྣང་མཛད་ཀྱི་སྐུ་བསྒོམ་བར་བྱའོ། །ཇི་ལྟ་བུ་ཞེ་ན་།རྣམ་པར་སྣང་མཛད་ཕྱག་རྒྱ་ཆེ་ཞེས་པ་ལ་།སྐྱེས་བུ་ཆེན་ལོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ་། རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ ་ཆེན་པོའི་ནི་སྐུ་གསུང་ཐུགས་ནི་དཀར་པོ་དང་དམར་པོ་ནག་པོ་སྟེ། ཞལ་གསུམ་གྱིས་མཚན་པ་ནི་ལྡན་པ་འམ། དམ་ཚིག་ལ་སོགས་པའི་སེམས་དཔའ་གསུམ་དང་བཅས་པ་འམ་། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་སྔགས་རྣམས་དང ་ལྡན་པ་བསྒོམ་པར་བྱའོ། །སྐུ་གསུང་ཐུགས་ཀྱི་རིགས་ཉེ་བར་བསྡུ་བ་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་ཉིད་ཀྱི་ཕྱག་རྒྱ་ནི་སྐུ་འམ་བསྒོམ་པར་བྱའོ། །ངེས་ནི་འདི་བཤད་པ་ཡིན་ཏེ་གང་ཞིག་འདི་བཅོམ་ལྡན་འདས་འདི་རྣམ་པར་སྣང ་མཛད་ཆེན་པོ་དེ་ནི་རྡོ་རྗེ་འཆང་ཆེན་པོ་དང་ཐ་མི་དད་པར་བསྒོམ་པར་བྱའོ། །དེ་ཉིད་ཀྱི་ཕྱིར་དེ་རྗེས་སུ་ཞུགས་པ་རྣམ་པར་སྣང་མཛད་ནི་ཟླ་བ་བཞིན་དུ་དཀར་དམར་བསྒོམ་པར་བྱའོ་ཞེས་བསྒོམ་པར་བྱའོ་ཞེས་སྟོན་ཏེ། དེ་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ ་འཁོར་རོ་ཚོགས་གཉིས་དང་ནི་ལྡན་པ་ཡིས་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་ནི་མི་བསྐྱོད་པ་ལ་སོགས་པ་གཙོ་བོར་གྱུར་པ་འཁོར་ལོ་བཞི་དེ་བཞིན་དུ་བསྒོམ་པར་བྱའོ། །གླེགས་བམ་མཐོང་བས་ང་རྒྱལ་དང་ལྡན་པ་རྣམས་འཁྲུལ་བར་བྱ་བའི་ཕྱིར་གོ ་བཟློག་པས་སྐུ་མདོག་ལ་སོགས་པའི་དབྱེ་བ་བཤད་པར་བྱ་སྟེ་།ིནྡྲ་ནཱི་ལའི་ཁ་དོག་འདྲ་ཞེས་པ་ནི་ཨིནྡྲ་ནཱི་ལའི་ནོར་བུ་དང་འདྲ་བའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅིན?་མི་བསྐྱོད་པའོ། །གཙོ་བོའི་ཕྱག་གིས་རྡོ་རྗེ་འཛིན་པས་ན་རྡོ་རྗེ་བསྣམས་པའོ། །ལྷ ་ནི་སྔར་བཤད་ཟིན་ཏོ། །རབ་འབར?་ནི་རྣམ་པ་སྣ་ཚོགས་པའི་སྤྲུལ་པའི་སྐུ་སྤྲོ་བའི་བདག་ཉིད་དོ། །རྣམ་པར་གཙིགས་ལ་འཇིགས་གཟིགས་ལྟ་། རྣམ་པར་གཙིགས་པ་ནི་སྒེག་པའི་རོ་གཙོ་བོར་གྱུར་པ་ཡང་ཡིན་ལ་། འཇིགས་གཟིགས་ལྟ་ནི་དྲག ་པོའི་ཉམས་གཙོ་ཡང་ཡིན་ཏེ། ཞེ་སྡང་གི་རིགས་ཡིན་པའི་ཕྱིར་རོ། །རྣམ་པར་སྣང་མཛད་ཀྱི་བསྒོམ་པ་བཤད་པར་བྱ་སྟེ། ཤེལ་དང་ཟླ་བ་འོད་འདྲ་བ་ནི་ཆུ་ཤེལ་གྱི་ནོར་བུ་དད་འདྲ་བའོ། །ཐོར་ཚུགས་ཅོད་པན་ནི་རལ་པའི་ཅོད་པན་གྱིས་བརྒྱན་པ་སྟེ། ་ཞིང་གཙོ་བོ་ཡིན་པས་ཐུབ་པའི་ཆ་ལུགས་དང་ལྡན་པའི་ཕྱིར་རོ། །རབ་འབར་ནི་ཕྱི་རོལ་ཏུ་དཀྱིལ་འཁོར་པ་རྣམས་སྤྲོ་བར་མཛད་པའོ། །ཕྱག་ན་འཁོར་ལོ་བསྣོམས་པ་ནི་རྩིབས་བརྒྱད་པ་ཆོས་ཀྱི་དབྱིངས་ཀྱི་རྣམ་པར་དག་པོ་དང་ལྡན་པའི་འཁོར?་ལོ་འཆང ་པའོ། སྣ་ཚོགས་རྒྱན་གྱིས་མཛེས་པར་བརྒྱན་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་རྒྱུ་མཐུན་པའི་རང་བཞིན་གྱི་རྒྱན་དང་ལྡན་པའོ། །དེ་ནས་རིན་ཆེན་འབྱུན་ལྡན་གྱི་བསྒོམ་པ་བཤད་པར་བྱ་སྟེ། འཛམ་བུ་ཆུ་བོའི་གསེར་འོད་འདྲ་བ་ནི་རྒྱས་པའི་ལས་འགྲུབ་པའི ་ཕྱིར་རོ། །སངས་རྒྱས་སྤྲིན་གྱིས་ཀུན་ཏུ་འཁྲིགས་ཞེས་པ་ནི་ཕྱི་རོལ་དུ་ཡང་དེ་བཞིན་དུ་སངས་རྒྱས་སྤྲོ་བར་མཛད་པའོ། །སྔར་བཤད་པ་མི་བསྐྱོད་པའི་ཕྱག་མཚན་གང་ཡིན་པ་དེ་ཇི་ལྟ་བུ་རྩེ་དགུ་པའི་ཡེ་ཤེས་ལྔ་དང་ཉོན་མོངས་པ་བཞི་རྣམ་པར་དག་པས་དེའི་ཕྱག་ན་བསྒོཾ ་པར་བྱའོ། །མརྒ?་ཏའི་འོད་འདྲ་བའི་འོད་འདྲ་བ་ནི། ནམ་མཁའ་ལྡིང་གི་ནོར་བུ་དང?་འདྲ་བ་བཀུག?་པ་གཙོ་བོར་གྱུར་པ་རྡོ་རྗེ་འབར་ནི་དགུག་པ་གཙོ་བོར་གྱུར་པའི་འོད་ཟེར་ཏེ་དེ་རྣམས་ཀྱིས་བརྒྱན་པ་དོན་ཡོད་གྲུབ་པ་བསྒོམ་པར་བྱའོ། །ཕྱག་ན་རིན་ཆེན་ཞེས་པ་ནི་རིན་ཆེན་འབྱུང ་ལྡན་གྱི་ཕྱག་ནའོ། །འབར་བ་སྤྲིན་གྱིས་ཀུན་ཏུ་ཁྱབ་ཅེས་པ་ནི་རིན་ཆེན་གྱི་ཁྱད་བར་རོ། །འོད་དཔག་ཏུ་མེད་པའི་བསྒོམ་པ་བཤད་པར་བྱ་སྟེ། པདྨ་རཱ་ག་ནི་ནོར་བུ་ཞེས་བྱ་སྟེ། དེ་འོད་འདྲ་བ་ནི་དེའི་འོད་ཟེར་དང་འདྲ་བ་དབང་གིས་ལས་གཙོ་བོ་ཡིན་པའི་ཕྱིར་རོ། ། ་རལ་པའི་ཅོད་པན་གྱིས་བརྒྱན་པ་ནི་འདོད་ཆགས་རབ་ཏུ་ཞི་བའི་ཐབས་ཡིན་པའི་ཕྱིར་རོ། །ཕྱག་མཚན་བསྟན་པར་བྱ་སྟེ། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་གྱིས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་དྲི་མ་གོས་པའི་པདྨ་གསལ་ཡོད་པ? ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་རབ་འབར་ནི་སྔ་མ་བཞིན་དུའོ། །འདོད་ཆགས་རྣམ་པར་དག་པས་ན་འདོད་ཆགས་རྡོ་རྗེ་ཅན་ནོ། །དོན་ཡོད་གྲུབ་པའི་བསྒོམ་པ་བཤད་པར་བྱ་སྟེ། གདོན་མི་?་?་བ་རྡོ་རྗེ་ཅན་ནི་དོན་ཡོད་གྲུབ་པ་སྟེ། སྔར་?རྐ་ཏ་?་འོད་འདྲ་བ ་བཤད་ཡིན་ཏེ་། འོད་ཟེར་སྣ་ལྔའི་འོད་ནི་རླུང་གི་ཁམས་དང་བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །རྒྱལ?་གྱི་ནི་ཉོན་མོངས་པ་གཅོད་པ་སྟེ་དེ་ཕྱག་ན་བསྣམས་པ་བསྒོམ་པར་བྱའོ། །དེ་ནི་དཀྱིལ་འཁོར་རྒྱལ་བ་མཆོག་གོ་།དོན་བསྡུས་པ ་ནི་འདི་ཡིན་ཏེ། རེ་ཞིག་དང་པོ་སྟོང་པ་ཉིད་མངོན་དུ་བྱས་ལ་སྤྲིན་མེད་པའི་ནམ་མཁའ་དང་འདྲ་བ་རང་དང་གཞན་བསམས་ཏེ། དེ་ནས་ཁ་དོག་དཀར་པོ་བྷྲུཾ་ཡོངས་སུ་གྱུར་པ་ལས་བྱུང་བའི་འགྲོ་བ་མ་ལུས་བསྐྱེད་པའི་རྒྱུར་གྱུར་པ་ནང་དུ་བྱང་ཆུབ ་ཀྱི་སེམས་ཀྱི་རྫས་ཀྱིས་གང་བ་ཁ་དོག་དཀར་པོ་གྲུ་གསུམ་པ་ཆོས་འབྱུང་གི་ཕྱག་རྒྱ་རྣམ་པར་བསྒོམས་ལ། དེའི་འོག་ཏུ་ས་འོག་གི་བར་ཐམས་ཅད་ཁྱབ་པ་ཡི་གེར་ཡོངས་སུ་གྱུར་པ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་འབར་བའི་ཚོགས་ལས་སྐྱེས་པ་རྡོ་རྗེས ་གཞི་བསམ་སྟེ། རྡོ་རྗེ་དེ་བཞིན་དུ་ཕྱོགས་བཞི་པོ་ལ་རྡོ་རྗེད་བ་སྟེ་། དེའི་ནང་དུ་རྡོ་རྗེ་དྲ་བ་དང་། སྟེང་དུ་རྡོ་རྗེ་བླ་རེ་དང་། ར་བའི་ཕྱི་རོལ་དུ་མེའི་དྲ་བ་དང། དེའི་ཕྱི་རོལ་དུ་རྡོ་རྗེ་མདའི་དྲ་བ་སྟེ། དེ་ལྟར་དྲུག་དེ་བཞིན་གཤེགས་པའི་རིགས་དྲུག་ག་ངོབོ་གནས ་བསྲུང་བར་བྱ་བའི་ཕྱིར་བསྒོམ་པར་བྱའོ། །དེ་རྣམས་བྱིན་གྱིས་བརླབ་པའི་སྔགས་འདི་ཡིན་ཏེ། ཨོཾ་མེ་དེ་ནི་བཛྲ་བྷཱ་བ་བཛྲ་བན་དྷ་ཧཱུཾ་། ཨོཾ་བཛྲ་པྲཱ་ཀ་ར་ཧཱུཾ་པཾ་ཧཱུཾ་ཕཊ་། ཨོཾ་བཛྲ་པཉྩ་?་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་བི་དཱ་ནི་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་ཛཱ་ལཱ་ན་ལཱ་རྐ་ཧཱུཾ་ཧཱུཾ་ཧཱུཾ ་ཨོཾ་ཤར་ཛཱ?་ལ་ཏྲཱཾ་སཾ་ཏྲཱཾ་ཞེས་བྱ་བའི་སྔགས་རྣམས་ཀྱིས་རྡོ་རྗེའི་ས་གཞི་ལ་སོགས་པ་བྱིན་གྱིས་བརླབས་ཏེ། དེའི་རྗེས་ལ་ཆོས་འབྱུང་གི་ཕྱག་རྒྱའི་སྟེང་དུ་ཡི་གེ་བྷྲུཾ?་ཡོངས་སུ་གྱུར་པ་ལས་སྐྱེས་པ་ཞལ་གསུམ་པ་ཕྱག་དྲུག་པ་སྐུ་མདོག་དཀར་པོ་ཕྱག ་རྒྱ་མ་དང་བཅས་པ་ཞི་བའི་ངོ་བོ་སྐུ་ལ་སོགས་པར་བྱིན་གྱིས་བརླབས་པ་སྤྲོ་བ་དང་བསྡུ་བར་མཛད་པའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བསྒོམས་ཏེ། དེའི་རྗེས?་ལ་སེམས་ཅན་གྱི་ཁམས་མ་ལུས་པ་ཞུགས་པ་ལ་སྔོན་དུ་འགྲོ་བ་བདེ་བ་ཆེན་པོའི ་དབང་གིས་མེའི་རེག་པས་ཞུ་བ་མར་གྱི་བུམ་པ་བཞིན་དུ་ཞུ་བ་སྐར་མ་དང་འདྲ་བ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཙམ་དུ་བསམ་པར་བྱའོ། །དེ་ཡོངས་སུ་གྱུར་པ་ལས་སྐྱེས་པ་གྲུ་བཞི་པ་དང་སྒོ་བཞི་པ་ཀ་བ་བརྒྱད་ཀྱིས་ཉེ་བར་བརྒྱན་པ། དྲ་བ་དང ་དྲ་བ་བྱེད་པ་དང། དང་དཔྱངས་དང། མེ་ཏོག་གི་ཕྲེང་བ་དང་། དྲིལ་བུ་གཡེང་ཁའི་དྲ་བ་དང། འདོད་པའི་ཡོན་ཏན་ལྔ་དང་།སྣ་ཚོགས་གསང་བའི་མཆོད་པ་དང་བཅས་པ་རིན་པོ་ཆེའི་ངོ་བོ་འོད་ཟེར་ཆེན་པོའི་ཚོགས་ཀྱིས་ནམ་མཁའ་ཨི་ཁམས་མ་ལུས་པ ་གསལ་བར་བྱང་པ་གཞལ་ཡས་ཁང་པ་བསྒོམ་པར་བྱའོ། །དེའི་ནང་དུ་ཨཱ་ལི་དང་ཀཱ་ལི་ལས་བྱུང་བ་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཡི་གེ་གསུམ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་གསུམ་བསྒོམ་པར་བྱའོ། །དཀྱིལ་འཁོར་གྱི་ཆོ་གའི ་རིམ་པས་མི་བསྐྱོད་པ་ལ་ཉི་མའི་གདན་ཡིན་ནོ། །གཞན་མ་རྣམས་ལ་ཟླ་བའི་གདན་ནོ། །ལྷ་མོ་རྣམས་དང་གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་བརྒྱད་པོ་ལ་ཟླ་བའི་གདན་། བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་དེ་བཞིན་དུ་ཟླ་བའི་གདན་ནོ། ། ་ཁྲོ་བོ་རྣམས་པ་ཡི་གེ་གསུམ་ལས་བྱུང་བའི་ཉི་མའི་གདན་བཅུ་ཡིན་ནོ། །དེའི་རྗེས་ལ་དབུས་ཀྱི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་གསུམ་པོ་བཀོད་ལ་དེ་ལས་བྱུང་བའི་བཅོམ་ལྡན་འདས་སྐུ་མདོག་དཀར་པོ་སྔར་བཤད་པའི་ཕྱག་མཚན་དང་། ཞལ་ལ ་སོགས་པ་མངའ་བ་བསམ་པར་བྱའོ། །དེ་ནས་རིམ་པ་དེ་ཉིད་ཀྱིས་དཀྱིལ་འཁོར་བ་རྣམས་སྤྲོས་ཏེ། ཤིན་ཏུ་གསལ་བའི་དཀྱིལ་འཁོར་གྱི་འཁོར་ལོ་བལྟས་ཏེ། ཡེ་ཤེས་ཀྱི་འཁོར་ལོ་ཞུགས་པར་བྱའོ། །དེའི་རྗེས་ལ་སྙིང་ག་?་ལྐོག་མ་དང་སྤྱི་བོ་རྣམས་ལ ་རྡོ་རྗེ་དང་པདྨ་དང་འཁོར་ལོའི་སྟེང་དུ་ནག་པོ་དང་དམར་པོ་དང་དཀར་པོའི་ཡི་གེ་གསུམ་བཀོད་ལ། ཨོཾ་སརྦབ་ཏ་ཐཱ་ག་ཏ་?་ཡ་བཛྲ་སྭ་བྷཱ་བ་ཨཱཏྨཀོཉཧཾ། ཞེས་བྱ་བ་དང་།དཔལ་ལྡན་སངས་རྒྱས་སྐུ་འཆང་བ་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱི ་སྐུ་གསུང་ཐུགས་བྱིན་ཀྱིས་བརླབ་པ་བརྟན་པར་བྱ་སྟེ། ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བ་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པའི་རིགས་ལ་གསོལ་བ་གདབ་ཅིང། དེས་ཀྱང་ཡེ་ཤེས་ཀྱི་ཆུས་གང་བའི་བུམ་པ་རྣམས་ ་ཀྱིས་བདག་ཉིད་དབང་བསྐུར་ཏེ། དེ་བཞན་དུ་ཡང་གཟུགས་རྡོ་རྗེ་མ་ལ་སོགས་པ་སྤྲོས་ཏེ། དེ་རྣམས་ཀྱིས་ཡང་མཆོད་པ་བྱས་ལ་སླར་ཡང་འདུས་ཤིང་གསུམ་མི་དམིགས་པས་བསྟོང་པ་བྱས་ལ་།གོ་ཀུ་ད་ཧ་ན་དང། མ་ར་ཝི་ཤུ་མུ་གཅིག ་ཏུ་བྱས་ལ་དེ་བཞིན་གཤེགས་པའི་གཟུགས་སུ་བསེམས་ཏེ། སྤྲོ་བ་ལ་སོགས་པའི་རིམ་པས་བདུད་རྩིར་བསམས་ཤིང་ཡི་གེ་གསུམ་གྱིས་སྦྱང་བ་ལ་སོགས་པ་བྱས་ཏེ། རང་གི་སྔགས་ཀྱི་བྱིན་གྱིས་བརླབས་ཤིང། བདག་ཉིད་ཀྱི་ལྕེ་ལ་ཨ་ལས་བྱུང་པའི་པདྨའི ་འདབ་མ་རུ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་ཕྲ་མོ་ཁ་དོག་དཀར་པོ་བཀོད་ཅིང། དབང་པོ་དང་དབང་པོའི་རྣམ་པར་ཤེས་པ་དག་པར་བྱས་ལ་ཁའི་མི་ཐབ་ལ་སྙིང་ཁར་གནས་པའི་ཡེ་ཤེས་སེམས་དཔའ་ཨི་མེ་ལ་མཆོག་གི་བདུད་རྩིའི་བློས་ནང་གི་བདག་ཉིད་དང་རང་གི་འཁོར་ལོ་? ་སྦྱིན་སྲེག་བྱའོ། །དེ་ནས་ལངས་ཏེ་སྨོན་ལམ་ཡོངས་སུ་བསྔོ་བ་བྱས་ལ། འོག་ནས་འཆད་པར་འགྱུར་བའི་ཕྲ་མོ་རྣལ་འབྱོར་བསྒོམ་པར་བྱ་སྟེ། དང་པོ་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་བ་མཆོག་དང། ལས་ཀྱི་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་རྣམས་སོ། །དེ་ཉིད་ཀྱི ་ཕྱིར་ཏིང་ངེ་འཛིན་གསུམ་ལ། སྟོང་པ་ཉིད་སྔགས་ལས་དང་པོ་གང་ཞིག་ཡན་ལག་ཏུ་གྱུར་པ་སྔགས་དེ་ཉིད་བཤད་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་སྐུ་གསུང་ཐུགས་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའོ། །ཆོས་ཀྱི་དབྱིངས་ནི་ཐམས་ཅད་སྟོང་པ་ཉིད་དེ། ་དེའི་ངོ་བོ་ཉིད་ཀྱི་ནི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཐ་མལ་པའི་ལུས་ངག་ཡིད་བྱིན་གྱིས་རློབ་པ་ནི་སྔགས་གང་གིས་མི་སྣང་ངར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །ོཾ་དྷརྣཱ་ད?་ཏུ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ་ཞེས་བྱ་བ་ལ། ཨོཾ་ནི་བཅོམ་ལྡན་འདས་ཏ་ཆ་ཕྱེད་དང ་བཞིའོ། །དཔེར་ན་ཨ་ཨོ་མ། དེ་ལ་ཨ་ནི་ཡིག་འདྲུ་ཀུན་གྱི་མཆོག་།དོན་ཆེན་ཡི་གེ་དམ་པ་ཡིན་ཞེས་འབྱུང་བའི་ཕྱིར་རོ། །ཱ་ནི་ཨཀྵོ་བྷཡ་སྟེ་མི་བསྐྱོད་པའོ། ཨ་ནི་ཨཾ?་མི་ཏཱ་བྷ་སྟེ་འོད་དཔག་ཏུ་མེད་པའོ། ། ནི་ཨ་མོ་གྷ་སྟེ་དོན་ཡོད་གྲུབ་པའོ། ་ཨ་ནི་རྒྱས་པའི་ཕྱིར་རིན་ཆེན་འབྱུང་ལྡན་ནོ། །མ་ནི་རྣམ་པར་སྣང་མཛད་དོ། །དེ་བཞིན་གཤེགས་པ་ལྔ་ཉེ་བར་བསྡུ་བའི་རང་བཞིན་ཤེས་པ་དང། ཤེས་བྱའི་སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་ཟླ་ཕྱེད་དང་སྒྲ་དག་གོ། དེ་ལ་ཟླ་ཕྱེད་ནི་ཤེས་པའི་སྟོང་པ་ཉིད་དོ། ། ་སྒྲ་ནི་ཤེས་བྱའི་སྟོང་པ་ཉིད། དེ་དག་དང་བྲལ་བ་ནི་སྒྲ་མཛའ་སྟེ། ཐམས་ཅད་སྟོང་པ་ཉིད་ཀྱི་ངོ་བོ་རྡོ་རྗེ་འཆང་ཆེན་པོའོ། །ཆ་ཤས་ཆ་ནི་མེད་པ་དང། ཆ་ནི་ཕྱེད་དང་བཞི་བཅས་པ། །ོཾ་ཡིག་གང་གིས་མི་ཤེས་པ། །བྲམ་ཟེ་དེ་ནི་བྲམ་ཟེ་མིན། །སྒྱུ ་འཕྲུལ་དྲ་བ་ལས་ཀྱང། །ཚངས་རིས་བྲམ་ཟེ་ཚངས་པ་དང། །ཚངས་པའི་མྱ་ངན་ལས་འདས་ཐོབ། །ཅེས་འབྱུང་ངོ། །འདིར་ནི་ཨོཾ་གྱི་ངོ་བོ་ནི་ཚངས་པ་སྟེ། དེ་ཉིད་གང་གིས་ཤེས་པ་དེ་ནི་ཚངས་རིག་གོ་།དེ་བཞིན་དུ་དེ་ཉྡ་ནི་བྲམ་ཟེ་ཚོངས་པའོ། ། ་ཚངས་པ་ནི་ཡི་གེ་ཨོཾ་གྱི་མྱ་ངན་ལས་འདས་པ་ནི། སྒྲ་མཛའ་ཆ་དང་བཅས་པ་མ་ཡིན་པ་གང་གིས་ཤེས་པ་དེའང་ངེས་ཀྱན་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །དེ་ཉིད་ལས་ཀྱང་ཡི་གེ་ལྔ་པ་སྟོང་པ་ཆེ། །ཐིག་ལེ་སྟོང་པ་ཡི་གེ་བརྒྱ་དེའི་དོན ་འདི་ཡིན་ཏེ། ཡི་གེ་ལྔ་པ་ནི་ཡི་གེ་ཨོཾ་དེ་ཉིད་ཡིན་ཏེ། དཔེར་ན་ཨ་ཨོཾ་མ་ཞེས་བྱ་བ་ལྔ་ནི་མི་གཡོ་བ་སྟེ། མི་འགྱུར་ཞིང་ཡི་གེ་སྟེ། དེ་བཞིན་གཤེགས་པ་ལྔའོ་ཞེས་སྟོན་ཏོ། །སྟོང་པ་ཆེན་པོ་ཞེས་པ་ནི་སྒྲ་མཛའ་སྟེ། དེ་ཉིད་ཐིག་ལེ་སྟོང་པ ་ནི་རྗེས་སུ་འཇུག་པའི་དཔྱངས་མེད་པ་སྟེ། ཇི་སྲིད་དུ་ཐིག་ལེ་བསྒོམས་པ་དེ་སྲིད་དུ་སྒྲ་ཡོང་པ་སྟེ། ཐིག་ལེ་ཟང་ན་སྒྲ་ཡང་མེད་པར་འགྱུར་རོ། །ཤེས་རབ་ཕ་རོལ་ཕྱིན་མ་ལས་ཀྱང། །སྤྲོས་པ་མེད་ཅིང་སྣང་པ་མེད། །རྣམ་རྟོག་མེད་ཅིང། ་གནས་མེད་པ། །རང་བཞིན་མེད་པ་མཆོག་ཏུ་ཕྲ། །ཐིག་ལེ་སྒྲ་དང་རྣམ་སྤངས་པའོ། །ཞེས་གསུངས་སོ། །བསྡུ་བའི་རིམ་པ་བཤད་ནས། །སྤོ་བའི་རིམ་པ་བཤད་པར་བྱ་སྟེ། བཅོམ་ལྡན་འདས་དེ་ཉིད་ཡི་གེ་ཨོཾ་ནི་ཡི་གེ་བརྒྱ་པ་སྟེ། ་དཔེར་ན་ཨ་ནས་བརྩམས་ཏེ་ཀྵའི་པར་དུ་ཡི་གེ་ཕྱི་མོ་ནི་ཡི་གེ་ལྔ་བཅུ་ཡིན་ཏེ། དེ་ཉིད་མཚན་མོ་དང་ཉིན་མོའི་དབྱེ་བས་རང་བཞིནབཞིན་དུ་ལྟེ་བའི་ཕྱོགས་ནས་འབྱུང་ཞིང་བརྒྱར་འགྱུར་རོ། །ཡང་ཤེས་རབ་དང་ཐབས་ཀྱི་ངོ་བོས ་སོ། །དེ་ནས་གང་ལས་འབྱུང་ཞེ་ན། སྨྲས་པ། ཨོཾ་ཁོ་ན་ལས་སོ། །འོ་ན་ཨ་ནི་ཡི་གེ་ཀུན་གྱི་མཆོག་ཅེས་བྱ་བའི་ཚག་གིས་ཨ་དེ་ཉིད་འབྱུང་བའི་རྒྱུ་ཡིན་མོད་ཀྱི། ཡི་གེ་ཨོཾ་གྱིས་ནི་ཅི་བྱའོ་ཞེ་ན། ཡང་སྨྲས་པ། སྔགས་ཐམས་ཅད་ཀྱི་དང་པོ ་བཅོམ་ལྡན་འདས་ཀྱིས་མེད་སྡེ་ལ་སོགས་པ་དང། རྒྱུད་ཀྱི་རྒྱལ་པོ་རྣམས་ལས་གསུངས་པ་སྟེ། དེ་ཉིད་བསྐྱེད་པའི་རྒྱུ་ཡིན་ནོ། །ཡང་ན་ཨ་ལ་ཡོངས་སུ་ཞུགས་པས་སོ། །གལ་ཏེ་ཡོན་ཏན་བྱས་ནས་ཨ་མི་དམིགས་པ་སྟེ། དེ་ལྟར་ཡིན་ན ་ཡང་རྣ་བའི་དབང་པོས་ཨོཾ་བརྗོད་པའི་དུས་སུ་ཡི་གེ་ཨ་དང་པོ་ཐོས་པར་འགྱུར་རོ། །དེའི་འོག་ཏུ་ཡི་གེ་ཨོ་ལ་སོགས་པའོ། །མྱུར་དུ་བརྗོད་པས་དབྱེ་བ་ནི་མི་ཤེས་ཏེ། མགལ་མེའི་འཁོར་ལོ་དང་ཨུཏཔལ་གྱི་མདབ་མ་བརྒྱ་ཕུག་པ་བཞིན་ནོ།། ་དེ་བཞིན་དུ་ཕྱི་རོལ་གྱི་བསྟན་ཆོས་རྣམས་ལ་ཡང་རིག་བྱེད་རྣམས་ལ་དང་པོ་ཨོཾ་བརྗོད་པ་ཡིན་ཏེ། བྲམ་ཟེ་རྣམས་ཀྱི་ཟེར་བ་ནི། །ཐོག་མ་དང་ནི་ཐ་མ་རུ། །རྟག་ཏུ་རིག་བྱེད་ཨོཾ་བརྗོད་བྱ། །སྔོན་དུ་ཨོཾ་མེད་འཇིག་པ་དང། །ཞབས་སུ་ཡང་ནི ་འཇིག་པར་འགྱུར། །ཁ་ཞབས་ཟད་པའི་རྒྱལ་པ་རུ། །འབྲུ་རྣམས་བླུག་ན་འབོ་བ་བཞིན། །དེ་ཉིད་ཡི་གེའི་རྐྱལ་པ་ཡིན་ཞེས་དགོངས་པའོ། །དེ་བཞིན་དུ་དེ་ཉིད་ལས་ཀྱང་རྣམ་པ་ཀུན་དང་རྣམ་པ་མེད། །བཅུ་དྲུག་ཐིག་ལེ་ཕྱེད་ཕྱེད ་འཆང། །ཆ་མེད་པ་དང་ཆ་ལས་འདས། །བསམ་གཏན་བཞི་པའི་མཐར་འཛིན་པ། །དེ་ལ་རྣམ་པ་ཀུན་ནི་ཡི་གེ་ཐམས་ཅད་ཀྱི་བསྐྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །རྣམ་པ་མེད་པ་ནི་སྒྲ་མཛའ་ཙམ་ལ་དལ་བ་སོ་བས་སོ། །བཅུ་དྲུག་ནི་དབུ ་སའི་སྟོང་པ་ཉིད་བཅུ་དྲུག་གི་རང་བཞིན་དབྱངས་བཅུ་དྲུག་དང། ཉན་ཐོས་པ་རྣམས་ཀྱི་རྩོག་པ་དང། རྩོལ་བ་རྗེས་སུ་དྲན་པ་བཅུ་དྲུག་གམ། སྐད་ཅིག་མ་བཅུ་དྲུག་གི་རང་བཞིན་དང། སྔགས་ཀྱི་བསྟན་པ་ལ་ཟླ་བའི་ཆ་བཅུ་དྲུག་གི་རང་བཞིན་ཏེ། ཨ་ལ ་སོགས་པའོ། །དེ་རྣམས་ཀྱི་ཕྱེད་ནི་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་སྟེ་བརྒྱད་དོ། །ཉན་ཐོས་པ་རྣམས་ཀྱི་རྣམ་པར་ཤེས་པ་བརྒྱད་ཀྱི་རང་བཞིན་དང། དབུ་མ་པ་རྣམས་ཀྱིས་བསམ་གཏན་རྣམ་པར་ཐར་པ་བརྒྱད་ཀྱི་རང་བཞིན་དང། སྔགས་ཀྱི་ཐེག་པ་ཆེན་པོ་རྗེས་སུ ་འབྲང་བ་རྣམས་ལ་རྡོ་རྗེ་བཟླས་པའི་དུས་སུ་ཐུན་བརྒྱད་ཀྱི་རང་བཞིན་ནོ། །དེ་རྣམས་ཀྱི་ཡང་ཕྱེད་ནི་བཞི་སྟེ། ཨ་ཨོ་མ། ཉན་ཐོས་རྣམས་ཀྱིས་འཕགས་པའི་བདེན་པ་བཞིའི་རང་བཞིན་དང། །དབུ་མ་པ་རྣམས་ཀྱི་རྣམ་པར་ཐར་པའི་སྒོ་བཞིའི་རང་བཞིན ་དང། སྔགས་ཀྱི་ཐེག་པ་ལ་དགའ་བ་བཞིའི་རང་བཞིན་ནོ། །བཅུ་དྲུག་ཕྱེད་བྱེད་ཡི་གེ་བཞི་པོ་རྣམས་ཀྱི་ཐམས་ཅད་བསྡུ་བའི་རང་བཞིན་ཐིག་ལེ་ནི་སྒྲ་མཛའ་གང་ཡིན་པ་དེ་འཛིན་པས་ན་བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན་ཏེ་ཡི་གེ་ཨོཾ་ཉིད་དོ། །གང ་གིས་ཚེ་དེ་ལྟ་བུ་ཡིན་ན་དེའི་ཚེ་ཆ་མེད་པ་སྟེ། ཆ་ནི་ཆ་དང་གུག་ཀྱེད་ཅེས་བྱ་བའི་བར་དུའོ། །དེ་དག་ཀྱང་ཕྱེད་དང་བཞི་སྟེ་དེ་དང་བྲལ་བས་ན་བསྡུ་བའི་དུས་སུ་ཆ་མེད་པའོ། །ཆ་རྣམས་ནི་ཡི་གེ་བདག་ཉིད་ཡིན་པས་སྒྲ་ཡིན་ལ་སྒྲ་ཡང་རྣམ་པར་རྟོག་པའི ་རྒྱུ་ཡིན་པའི་ཕྱིར་དེ་མེད་པས་ན་ཆ་ལས་འདས་པ་སྟེ། རྟོག་པ་ལས་འདས་པའོ། །དེ་བཞིན་དུ་བསམ་གཏན་བཞི་ནི་ནམ་མཁའ་མཛའ་ཡས་ཀྱི་སྐྱེ་མཆད་དང། རྣམ་ཤེས་མཛའ་ཡས་ཀྱི་སྐྱེ་མཆེད་དང། ཅི་ཡང་མེད་པའི་སྐྱེ་མཆེད་དང། ཡོད་མིན ་མེད་མིན་གྱི་སྐྱེ་མཆེད་ངོ། །དེ་རྣམས་ཀྱི་མཛའ་ནི་སྲིད་པའི་རྩེ་མོའོ། །ཉན་ཐོས་རྣམས་ནི་མཐོང་བ་དང་བསྒོམ་པའི་ལམ་དག་གིས་ཉོན་མོངས་པ་དགུ་བཅུ་རྩ་བརྒྱད་སྤོང་བ་དང། །དེ་བཞིན་དུ་འདོད་པའི་ཁམས་དང། བསམ་གཏན་བཞི་དང། གཟུགས ་མེད་པ་བཞི་སྟེ། ས་དགུ་པའི་འཁོར་བའི་དབྱེ་བས་འདོད་ཆགས་ལ་སོགས་པ་བརྒྱད་ཅུ་རྩ་གཅིག་སྤོང་ཞིང་ཆོས་ཀྱི་ཡེ་ཤེས་དང། རྗེས་སུ་རྟོག་པའི་ཡེ་ཤེས་དང། བཟོད་པའི་ཡེ་ཤེས་ཀྱི་དགྲ་བཅོམ་པ་ཉིད་ཐོབ་ཅིང་ཁམས་གསུམ ་པའི་ཆགས་པ་དང་བྲལ་བར་འགྱུར་རོ། །དེ་བཞིན་དུ་དབུ་མ་པ་རྣམས་ཀྱི་བསམ་གཏན་བཞིན་ནི་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་དང། མངོན་པར་འདུས་མ་བྱས་པ་སྟེ་རྣམ་པར་ཐར་པའི་སྒོ་བཞིའོ། །དེ་རྣམས་ཀྱི་རྩེ་མོ་ནི་རང་བཞིན ་དང་བྲལ་བ་དང། མཚན་ལ་མེད་པ་དང། སྨོན་པ་མེད་པའི་དབང་གིས་བག་ཆགས་དང་བྲལ་ཏེ། ཆོས་ཀྱི་དབྱིངས་ཀྱི་དེ་ཁོ་ན་ཉིད་མངོན་དུ་བྱེད་དོ། །ཆོས་ཀྱི་ཆོས་དབྱིངས་གང་ཡིན་པ་དེ་ནི་མཐོང་བའི་སྔགས་ཀྱི་ཐེག་པ་ཆེན་པོའི་གསམ་གཏན་བཞི་ནི ་དགའ་བ་བཞི་སྟེ། དེ་རྣམས་ཀྱི་མཛའ་ནི་དཔེའི་བདེ་བའི་ཕྱིར་དུས་སུ་དཔེ་ལས་འབྱུང་བའི་བདེ་བ་སྟེ། དེ་འཛིན་པས་ན་བསམ་གཏན་བཞི་པོ་མཛའ་འཛིན་པའོ། །ཡི་གེ་ཨོཾ་གྱི་སྒྲ་མཛའ་ཨི་དུས་ནི་བསམ་གཏན་བཞི་པོའི་མཛའ་ཨི་མཚན་ཉིད་ཆོས་ཀྱི་དབྱིངས ་དང་ཆོས་ཉིད་ཀྱི་ངོ་བོ་ཡི་གེ་ཨོཾ་དེ་ཉིད་ཡིན་ནོ་ཞེས་ཡི་གེ་ཨོཾ་གྱི་གཏན་ཚིགས་བསྟན་ཏོ། །དེ་ཉིད་དྷརྨ་དྷཱ་ཏུ་སྟེ་ཐམས་ཅད་སྟོང་པ་ཉིད་དོ། །སྭ་བྷཱ་བ་ཨཱཏྨ་ཀོཉཧཾ་ནི་དེའི་རང་བཞིན་ང་ཡིན་ནོ་ཞེས་ང་རྒྱལ་བསྐྱེད་པར་བྱ་སྟེ། དང་པོ་སྦྱོར་བའོ། །དེ ་ནས་ཞེས་བྱ་བ་ལ་སོགས་པ་ལ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་སྐུ་གསུང་ཐུགས་གོང་བུ་གཅིག་གིས་གཟུགས་ཅན་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པ་སྟེ་རྡོ་རྗེ་འཆིང་ཆེན་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྩ་བདུན་ཁྲི་ཉིས་སྟོང་སྟེ་དེ་རྣམས་ལས་ཀུན ་ཏུ་ནི་ཡན་ལག་ཐམས་ཅད་ལས། སྣང་བ་ནི་བྱང་ཆུབ་སེམས་ཏེ་དེ་ཉིད་འཕྲོ་བ་ནི་རྒྱུ་བ་སྟེ། དེ་ནི་སྤྲིན་བཞིན་དུ་བཀོད་པ་ནི་ཡང་དག་པར་བཀོད་པ། རྡོ་རྗེ་ནི་རྡོ་རྗེའི་རྩེ་མོར་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ལ་སྙོམས་པར་ཞུགས་ཏེ། རྡོ་རྗེ་བཀོད་པ་ཞེས་བྱ་བ་ལ་རྡོ་རྗེ ་ནི་རྡོ་རྗེའི་རྩེ་མོར་བཀོད་པ་ནི་བྱང་ཆུབ་སེམས་ཀྱི་ཐིག་ལེ་གནས་པ་ལེའུ་གང་ལ་ཡོད་པ་དེ་ནི་དེ་བཞིན་ནོ། །ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པ་སྟེ་དེ་གཙོ་བོར་གྱུར་པའི་ལེའུ་གསུངས་ཞེས་འབྲེལ་པའོ། །ོཾ་ཤཱུ་ནྱ་དྷཱ་ཞེས་བྱ་བ་ལ་སོགས་པ་ལ། ཨོཾ་ནི་དགའ་བའོ། །ཤཱུ་ནྱ་ཏཱ ་ནི་མཆོག་ཏུ་དགའ་བའོ། །ཛྙཱ་ན་ནི་དགའ་བྲལ་ལོ། །བཛྲ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །དེའི་རང་བཞིན་བདག་ཡིན་ནོ་ཞེས་སྟོན་ཏོ?། །དེ་ལྟར་དགའ་བའི་ངོ་བོ་སྐུ་རྫོགས་པར་བྱས་ལ་ཅི་བྱའོ་ཞེ་ན། ནམ་མཁའ་ཨི་དབྱིངས་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་ཨི ་དབྱིངས་ནི་ལུས་ཏེ་དེ་ཉིད་ཀྱི་དབུས་གནས་པ་ནི་ཡན་ལག་དང་ཉིད་ལག་གི་དབུས་སུ་གནས་པ་སངས་རྒྱས་རྩ་ནི་བདུན་ཁྲི་ཉིས་སྟོང་སྟེ། དེ་རྣམས་ཀྱིས་དཀྱིལ་འཁོར་ནི་འཁོར་ལོ་བསྒོམ་པ་ནི་བསམ་པར་བྱའོ། །ཇི་ལྟ་བུ་ཞ་ན། འོད་ཟེར་སྤྲིན་ཞེས་པ་ནི་ཀུན་རྫོབ་བྱང་ཆུབ ་ཀྱི་སེམས་ཀྱིས་ཁྱབ་པ་དང། སངས་རྒྱས་འབར་བ་ནི་རྣམ་པར་སྣང་མཛད་ཀྱི་འོད་དེ། །དེ་དང་འོད་མཉམ་པ་ནི་ཁ་དོག་དཀར་བོའོ། །དེ་བཞིན་དུ་འོད་ཟེར་སྣ་ལྔ་ནི་ཕགས་པ་དང། ཤ་དང་ཁྲག་དང་རྩ་རྒྱུས་དང། དུས་པ་སྟེ། དེ་རྣམས་ཀུན་ཏུ་ཁྱབ་པ་ནི་བསྐྱེད ་པར་བྱས་པ་སྟེ་གང་གི་ཕྱིར་ལུས་པོའི་ཆ་ནི་དྲུག་སྟེ་མ་དང་པའི་དབྱེ་བས་སོ། །ལྔ་པོ་སྐྱེད་པར་བྱེད་པ་ནི་བྱང་ཆུབ་ཀྱི་སེམས་ལོ་ནའོ། །དེ་བཞིན་དུ་ཀུན་ནས་ཤེས་པ་ནི་སྤྱི་པོ་ནས་རྐང་པའི་བར་དུ་ཡོངས་སུ་ཟླུམ་པོར་ཏེ་ཞེས་པ་ནི་ཟླུམ་པོ་ནི་རྣམ་པས་གནས་པའོ། །འདོད ་པའི་ཡོན་ཏན་ལྔ་ནི་ཡུལ་ལྔ་སྟེ། དེ་རྣམས་ལོངས་སྤྱོད་པ་དབང་པོ་རྣམས་ནི་མཆོད་པ་ལྔ་དང་ཕུང་པོ་རྣམས་སོ། །དེ་རྣམས་ཀྱིས་བརྒྱན་པ་ནི་དེ་རྣམས་ཀྱི་ཡང་རྒྱུ་ཡིན་ནོ་ཞེས་སྟོན་ཏོ། །དེ་ལྟ་བུའི་བྱང་ཆུབ་སེམས་དང་ལྡན་པའི་རྩའི་འཁོརླ་ཨོ་མདོར་ན་ཞེས་པ ་ནི་ཁམས་གསུམ་པ་ནི་ཉེ་བར་བསྡུས་ནས་བསྒོམས་ཏེ། གཟུགས་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སོ། །དབུས་སུ་བསྒོམ་པར་བྱ་བ་ནི་རྩའི་འཁོར་ལོའི་ནང་དུ་བསྒོམ་པར་བྱའོ། །རྣམ་པར་སྣང་མཛད་ཕྱག་རྒྱ་ཆེ་ཞེས་པ་ནི་རྡོ་རྗེ་དང་པདྨའི་ནང་དུ་གནས ་པ་རྩ་འདོད་པའི་གདུགས་སོ། །སྐུ་གསུང་ཐུགས་རོ་གཅིག་པར་གྱུར་པའི་ཕྱིར་སྐུ་གསུང་ཐུགས་ཀྱི་མཚན་མའོ་སྐུ་ནི་ཤུ་?་གསུང་ནི་ཁྲག་གོ། ཐུགས་ནི་དྲི་ཆབ་སྟེ། དེ་རྣམས་ཀྱི་རང་བཞིན་རྩ་གཡོན་པ་དང། གཡས་པ་དང། དབུ་མ་རྣམས ་ཀྱི་ཕྱག་རྒྱ་ནི་བསྡུ་བའི་ཕྱག་རྒྱ་བསྒོམ་པར་བྱའོ། །དེ་ཉིད་ཀྱི་ཕྱིར་འདོད་པའི་གདུགས་དེ་ནི་ཆུ་རྒྱུ་བའི་ཕྱིར་མི་བསྐྱོད་པའི་ཕྱག་རྒྱ་ཆེན་པོའི་ངོ་གོའོ། །གཡོན་དང་གཡས་དག་བསྡུ་བ་ནི་ངོ་བོ་གཅིག་པས་སོ། །དེ་ཉིད་གཉིས་སུ་མེད་པའི་སྤྱོར་བས་ཐ་མི་དད ་པའི་ཏིང་ངེ་འཛིན་གྱིས་བསྒོམ་པར་བྱའོ། །དཀོན་མཆོག་དཔལ་ཞེས་པ་ནི་ཁྲག་གོ་།དེ་ཉིད་ཀྱི་ཕྱག་རྒྱ་ཆེན་པོ་ནི་རྩ་གཡས་པ་སྟེ་རུས་སྦལ་མའོ། །དེ་བཞིན་དུ་ཚེ་དཔག་ཏུ་མེད་པ་ནི་ཤུ་ཀྲའོ། །དེ་ཉིད་ཀྱི་འོད་བྱེད་པ་ནི་རྩ་གཡོན་པ་སྟེ་བླ་བ་མའོ། །དེ་དག ་གཡོད་དང་གཡས་སུ་བསྒོམ་པར་བྱའོ། །ཐོགས་མེད་ནི་ཤའོ། །འགྲུབ་པ་ནི་བཤད་པ་སྟེ། དེ་དག་གི་རྒྱ་ཆེན་ནི་ཤར་དང་ནུབ་ཕྱོགས་ན་གནས་པའི་རྩ་གཉིས་ཏེ། ལྷས་སྦྱིན་མ་དང་ནོར་རྒྱལ་མའོ། །དེ་དག་སངས་རྒྱས་དཀྱིལ་འཁོར་ནི་མཁའ་ ་ལྔའི་རང་བཞིན་པདྨའི་ནམ་མཁར་བསྒོམ་པར་བྱའོ། །ིནྡྲ་ནཱི་ལའི་ཁ་དོག་འདྲ་བ་ནི་ཆུ་རྒྱུ་བ་རྩ་དབུས་མའོ། །སྐུ་གསུང་ཐུགས་ཉེ་བར་བསྡུ་བས་ན་འདི་ཉིད་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་ནོ། །རྡོ་རྗེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དེའི་རྣམ་པ་ཡིན་པའི་ཕྱིར ་ཕྱག་ན་རྡོ་རྗེ་བསྣམས་པའོ། །འོད་ཟེར་ཆེན་པོའི་ཚོགས་སྤྲོ་བའི་ཕྱིར་རབ་འབར་རོ། །རྣམ་པར་གཙིགས་པས་འཇིགས་པ་ནི་ཤ་དང་ཁྲག་དང། འཇིགས་ལྟ་ནི་ཟ་བར་བྱེད་པའོ། །ཤེལ་དང་ཟླ་བའི་འོད་འདྲ་བ་ཞེས་པ་ནི་ཁ་དོག་དཀར་པོ་རྩ་གཡོན་པའོ། ། ་བྱང་ཆུབ་ཀྱི་སེམས་རྒྱུ་བའི་ཕྱིར། ཐོང་ཆུགས་ཅོད་པན་ནི་བྱང་ཆུབ་ཀྱི་སེམས་རྒྱུ་བའི་རྩའི་འཁོར་ལོས་བརྒྱན་པ་བསྒོམ་པར་བྱའོ། །འཁོར་ལོ་ནི་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་དེ། དེ་ཉིད་ཕྱག་ནི་ཁོང་སྟོང་ན་གང་ལ་ཡོད་པ་དེ་ནི་དེ་བཞིན་ནོ། །དེ ་བཞིན་དུ་སྣ་ཚོགས་རྒྱན་ནི་སྔོ?་བའི་ཐིག་ལེ་རྣམས་ཀྱིས་བརྒྱན་པའོ། །ཛམྦུའི་ཆུ་གསེར་འོད་ནི་བཤད་པའོ། །དེ་དང་འདྲ་བ་ནི་ངེས་གང་བ་ཤར་ཕྱོགས་ཀྱི་རྩ་ལྷས་སྦྱིན་མའོ། །སངས་རྒྱས་སྤྲིན་ནི་རྣམ་པར་སྣང་མཛད་ཀྱི་རྫས་རྣམས་ཀྱི་ཀུན་ཏུ་འཁྲིགས ་པ་ནི་ཁྱབ་པའོ། །རྩེ་མོ་དགུ་ནི་སྒོ་དགུ་སྟེ། དེ་རྣམས་ཀྱི་རྡོ་རྗེ་ཆེ་ནི་བཤད་སྒོ། ཕྱག་ན་ཁོང་ལ་དེ་ཉིད་ལ་གནས་པ་བསྒོམ་པར་བྱ་སྟེ། བྷ་གའི་དབུས་ན་གནས་པའི་བཤད་པའི་རྩས་བཤད་སྒོ་ཁྱབ་པར་བྱེད་པ་ཞེས་སྟོན་ཏོ། །མརྐ་ཏའི་འོད་ནི ་དོན་ཡོད་གྲུབ་པ་སྟེ། དེ་དང་འདྲ་བ་ནི་དེའི་རང་བཞིན་ཤའོ། །དེ་རྒྱུ་གང་ཞིག་རྡོ་རྗེ་འབར་བ་ནི་ནུབ་ཀྱི་རྩ་སྟེ། དེ་ཉིད་ཕྱག་ནི་ནང་གི་ཁོང་སྟོང་ལ་རིན་ཆེན་ནི་ཤའོ། །འབར་བའི་སྤྲིན་ནི་ལུས་ཀྱི་ཤའི་དུམ་བུ་རྣམས་ཀྱིས་ཀུན་ཏུ་ཁྱབ་པར་བསྒོམ་པར་བྱའོ།། ་དེ་བཞིན་དུ་པདྨ་རཱ་གའི་མདོག་ནི་སྣང་བ་མཛའ་ཡས་སོ། །དེ་དང་འདྲ་བ་ནི་ཁྲག་གོ་།དེའི་རྣམ་པ་ནི་རྩ་གཡས་པའོ། །སྔ་མ་བཞིན་དུ་ཐོར་ཚུགས་ཅོད་པན་གྱིས་བརྒྱན་པའོ། །དེ་བཞིན་དུ་པདྨ་དང་འདྲ་བ་ཁྲག་ཕྱག་ན་ཁོར་སྟོང་གི་ནང་ན་གང་ཡོད་པ ་དེ་ནི་ཕྱག་ན་པདམོའོ། །རབ་འབར་བ་ནི་ཁ་དོག་དམར་པོའི་འོད་ཟེར་སྤྲོ་བའོ། །འདོད་ཆགས་རྡོ་རྗེ་ཅན་ཞེས་པ་ནི་དེ་ཉིད་ཤེས་རབ་ཀྱི་ངོ་བོ་བསམ་པར་བྱའོ། །ཉེ་བར་བསྡུ་བ་བཤད་པར་བྱ་སྟེ། འོད་ཟེར་སྣ་ལྔའི་འོད་འདྲའི་སྐུ་ཞེས་པ་ནི་རྩ་ལྔའོ། །གདོན་མི་ཟ ་བ་རྡོ་རྗེ་ཅན་གྱི་སྐུ་ནི་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སོ། །དེ་ཉིད་ཀྱིས་གང་བ་དེ་རྣམས་བསྒོམ་པར་བྱའོ། །ཞི་བ་ཕྱག་ན་རལ་གྲི་བསྣམས་ཞེས་བྱ་བ་ལ། རལ་གྲི་ནི་རྣོ་བའི་ངོ་བོ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་འཛིན་པའོ། །རྣམ ་པར་རྟོག་པ་མ་ལུས་པ་ཉེ་པར་བསྡུ་བའི་ཕྱིར་ཞེ་པའོ། །སངས་རྒྱས་དཀྱིལ་འཁོར་ནི་རྩའི་འཁོར་ལོའི་དབུས་སུ་དེ་ཉིད་རང་གི་ངོ་བོ་དང། རང་བདེ་བ་བསྒོམ་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ཆོས་ཀྱི་དབྱིངས་ནི་བདེ་པ ་ཆེན་པོ་དེའི་ངོ་བོ་ཏིང་ངེ་འཛིན་པ་སྙོམས་པར་ཞུགས་ཏེ་།སྐུ་གསུང་ཐུགས་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བྱིན་གྱིས་བརླབ་པ་ནི་བདེ་བ་ཆེན་པོ་དབང་དུ་བྱེད་པའི་སྔགས་བརྗོད་པར་བྱ་སྟེ། ཨོཾ་ཞེས་བྱ་བ་ལ་སོགས་པ་ལ། ཨོཾ་ནི་རྡོ་རྗེ་འཆང ་ཆེན་པོའོ། །དྷརྨ་དྷཱ་ཏུ་ནི་དེ་ཉིད་བདེ་བ་ཆེན་པོ་སྭབྷཱ་བ་ཨཱཏྨ་ཀོཉཧཾ་ཞེས་པ་ནི་དེའི་བདག་ཉིད་བདག་ཡིན་ནོ་ཞེས་དེའི་དུས་སུ་ང་རྒྱལ་གཟུང་བར་བྱ་སྟེ་འབྲས་བུའོ། །ད་ནི་ཕྲ་མོའི་རྣལ་འབྱོར་བསྒོམ་པར་བྱ་བའི་ཕྱིར། རིན་ཆེན་ཆེན་པོ་ཁ་དོག་ལྔ་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། རེ་ཞིག་འདིར?་ནི་སྔགས་ཀྱི་རིམ་པས་བསྒོམ་པ་བསྟན་པར་བྱ་སྟེ། འདིར་ནི་སྣ་རྣམ་པ་ལྔ་ཡིན་ཏེ། གདོང་གི་སྣ་དང་ལྐོག་མའི་སྣ་དང། སྙིང་ཁའི་སྣ་དང་ལྟེ་བའི་སྣ་དང་གསང་བའི་སྣའོ། །དེ་ལ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར ་པས་གདོང་གི་སྣ་དུ་བསྒོམ་པར་བྱའོ། །སྣང་བ་མཛའ་ཡས་ཀྱི་རྣལ་འབྱོར་པས་ལྐོག་མའི་སྣ་ལའོ། །མི་བསྐྱོད་པའི་རྣལ་འབྱོར་པས་སྙིང་ཁའི་སྣ་ལའོ། །རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་པས་ལྟེ་བའི་སྣ་ལའོ། །དོན་ཡོད་གྲུབ་པའི་རྣལ་འབྱོར་པས་གསང ་བའི་སྣ་ལ་བསྒོམ་བར་བྱ་སྟེ། དབང་གི་དབྱེ་བས་བསྟན་ཏོ། །ཁ་དོག་ལྔ་ནི་ཡི་གེ་ལྔ་སྟེ། ཨོཾ་ཨཱ(རྒྱུད་འགྲེལ་གང?་གྱི་འབྲས་བུ་བཞིན་དུ་རགས་པའི་ཚད་དང་ལྡན་པའོ། །སྣའི་རྩེ་མོ་ཞེས་པ་ནི། སྔར་བཤད་པའི་སྣའི་རྩེ་མོ་རྣམས་སུའོ། །ནན་ཏན་དུ་ཞེས་པ་ནི་སེམས་རྩེ་གཅིག་པས་སོ། །རྣལ་འབྱོར་པ་ཡིས་རྟག་ཏུ་བསྒོམ་ཞེས་པ་ནི། སྔགས་ཀྱི་དེ་ཁོ་ན་ཉིད་ཤེས ་པས་སོ། །རིན་ཆེན་བརྟན་པར་ཞེས་པ་ནི་བདག་ཉིད་དང་ཁམས་གསུམ་པཱི་ཐིག་ལེ་ཙམ་དུ་ཤས་ནས། སྤྲོ་བ་ནི་སྔགས་ཐམས་ཅད་སྐྱེད་པར་བྱེད་པའི་ཡི་གེའི་ཕྱི་མོ་དེ་ལས་སྤྲོ་བར་བྱའོ། །བརྟན་པར་མ་གྱུར་པ་ནི་སྔར་བཤད་པའི་ཏིང་ངེ་འཛིན་མངོན་དུ་མ་གྱུར་ན། ་སྤྲོ་བར་མི་བྱ་སྟེ། སྒོམ་པ་དེ་ཉིད?་དེ་སྲིད་དུ་བསྒོམ་པར་བྱ་སྟེ། ཇི་སྲིད་དུ་བརྟན་པ་ཉིད་དུ་འགྱུར་རོ། །སྤྲོ་བ་བཤད་པར་བྱ་སྟེ། མཆོག་རབ་ཅེས་བྱ་བ་ལ་སོགས་པ་ལ། མཆོག་རབ་སྤྲིན་རྣམས་ནི་མཆོག་ཏུ་གྱུར་པའི་ཡི་གེ་ཕྱི་མོའི་སྡེ་ཚན་རྣམས་ཀྱིས་སོ། །སངས ་རྒྱས་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། དེ་རྣམས་ཀྱི་འབར་བ་ནི་ཁ་དོག་སྟེ། དེ་དང་འདྲ་བ་ནི་དེ་དང་མཚུངས་པའི་འོད་རྣམས་ཀྱིས་སོ། །དེ་བཞིན་དུ་འཁོར་ལོ་རྡོ་རྗེ་སྤྲིན་ཆེན་དང་ཞེས་བྱ་བ་ལ། འཁོར་ལོ་ལ་སོགས་པས་ཉེ་བར་མཚོན་པ་དེ་བཞིན་གཤེགS ་པའི་ངོ་བོ་འོད་ཟེར་དམ། དེའི་ཕྱག་མཚན་འཆར་པ་རྣམས་ཀྱིས་སོ། །མོས་པའི་དབང་གིས་བྱང་ཆུབ་སེམས་དཔའ་ཨི་སྤྲིན་ཆེན་གྱི་ངོ་བོ་དང་ཉེ་བར་མཚོན་པ་ཙམ་གྱིས། ལྷ་མོ་དང། ཁྲོ་བོ་རྣམས་ཀྱིས་ཀྱང་ལས་ཀྱི་དབང་གིས་སྤྲོ་བའི་བདག་ཉིད་ཅན་གྱི་རྣལ ་འབྱོར་པས་སྤྲོ་བར་བྱ་སྟེ། བསྐྱེད་པའི་རིམ་པའོ། །འདིར་ནི་མན་ངག་འདི་ཡིན་ཏེ། རེ་ཞིག་འདིར་ནི་ཨཱ་ལི་དང་ཀཱ་ལིའི་ངོ་བོ་ཡི་གེ་ཕྱི་མོ་ནི། སྔགས་ཐམས་ཅད་ལ་བསྐྱེད་པའི་རྒྱུ་ཡིན་ཏེ། དེ་ཡང་དབྱངས་དང་གསལ་བར་བྱ་བའི་བདག་ཉིད་ཀྱིས། ཤེས་རབ ་དང་ཐབས་ཀྱི་རང་བཞིན་རྣམ་པ་གཉིས་ཡིན་ནོ། །དེ་དག་ཀྱང་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཡིན་ཏེ། དཔེར་ན་ཨ་རང་ཨཱ་ནི་རྣམ་པར་སྣང་མཛད་དང། ལྷ་མོ་སྤྱན་ནོ། །ེ་དང་ཨི་ནི་རིན་ཆེན་འབྱུང་ལྡན་དང་མཱ་མ་ཀཱིའོ། །ོ་དང་ཨོ་ནི། སྣང་བ་མཛའ་ ་ཡས་དང་གོས་དཀར་མོའོ། །རི་དང་རཱི་ནི་མིང་སྦྱོད་པ་དང་མཱ་མ་ཀཱི་ཆེན་པོའོ། །ལོ?་དང་ལཱི་ནི་དོན་ཡོད་གྲུབ་པ་དང། ལྷ་མོ་སྒྲོལ་མའོ། །ི་ཨའི། ཨུ་ཨའུ་ཞེས་བྱ་བ་ནི་གཤིན་རྗེ་མཐར་བྱེད་དང། ཤེས་རབ་མཐར་བྱེད་དང། པདྨ་མཐར་བྱེད་པ་དང་། ་བགེགས་མཐར་བྱེད་རྣམས་སོ། །དེ་བཞིན་དུ་ཀ་ཁ་ག་གྷ་ང་ཞེས་པ་ནི་ཀ་ནི་སྤྱན་ནོ། །ཁ་ནི་མཱ་མ་ཀཱིའོ?་།ག་ནི་གོས་དཀར་མའོ། །གྷ་ནི་ལྷ་མོ་སྒྲོལ་མའོ། །ང་ནི་རྣམ་པར་སྣང་མཛད་དེ། རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རོ། །དེ་བཞིན་དུ་ཙ ་?་ཛ་ཛཧ?་ཉ་ཞེས་བྱ་བ་ལ། ཙ་ལ་སོགས་པ་ནི་ལྷ་མོ་སྤྱན་ལ་སོགས་པའོ། །ཉ་ནི་རིན་ཆེན་འབྱུང་ལྡན་ཏེ། རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་རོ། །ཊ་ཋ་ཌེ་ཌཧ་ཎ་ཞེས་བྱ་བ་ལ། ཊ་ལ་སོགས་པ་ནི་ལྷ་མོ་སྤྱན་ལ་སོགས་པའོ། །ཎ་ནི ་སྣང་བ་མཛའ་ཡས་ཏེ། སྣང་བ་མཛའ་ཡས་ཀྱི་དཀྱིལ་འཁོར་རོ། །དེ་བཞིན་དུ་ཏ་ཐ་ད་དྷ་ན་ཞེས་བྱ་བ་ལ། ཏ་ལ་སོགས་པ་ནི་ལྷ་མོ་སྤྱན་ལ་སོགས་པའོ། །ན་ནི་མི་བསྐྱེད་པ་སྟེ། མི་བསྐྱོད་པའི་དཀྱིལ་འཁོར་རོ། །དེ་བཞིན་དུ?་ཕ་བ་བྷ་མ་ཞེས་བྱ་བ་ལ། ་པ་ལ་སོགས་པ་ནི་ལྷ་མོ་སྤྱན་ལ་སོགས་པའོ། །མ་ནི་དོན་ཡོད་གྲུབ་པ་སྟེ། དོན་ཡོད་གྲུབ་པའི་དཀྱིལ་འཁོར་རོ། །ཡ་ར་ལ་ཝ་ཤ་ཥ་ས་ཧ་ཨོཾ་ཨ:ཞེས་བྱ་བ་ནི་ཁྲོ་བོའི་རྒྱལ་པོ་བཅུ་ཡིན་ཏེ། དེ་ལྟར་ན་ཡི་གེ་ཕྱི་མོ་མ་ལུས་པ་ནི། དེ་བཞིན་གཤེགས ་བའི་ངོ་པོ་ཡིན་ནོ། །དེ་ལོ་རྣམ་པར་སྣང་མཛད་ཀྱི་རྩལ་འབྱོར་པས་ནི། གདོང་གི་སྣ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དབུས་ཀྱི་ཆ་རུ་སོ་མའི་རྒྱ་མཚོ་བཞི་དཀར་བ། སྤྲོ་བའི་འོད་ཟེར་གྱི་འཁོར་ལོས་ཁམས་གསུམ་པ་གསལ་བར་བྱེད་པ་ནང་དུ་མེ་ལང་གི་པྲ ་དབབ?་པ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་དང་བཅས་པ། སྒྲ?་མཛའ་ནི་ཆོས་ཀྱི་སྐུའི་ངོ་བོ་སྒྲ་དང། ཐིག་ལ་དག་གིས་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ། ལྷག་མའི་ཡེ་ཤེས་ནི། སྤྲུལ་པའི་སྐུའི་བདག་ཉིད་འཇུག་པའི་ངོ་བོས་ནི་སྐུའི་རང་བཞིན ་?་ལ་སོགས་པ་ཞི་བར་བྱེད་པའི་ཕྱིར། ཞི་བའི་ལས་བྱེད་པ། རིག་བྱེད་ཀྱི་དང་པོ་རྣམ་པར་དགོད་ཅིང་དེ་ཉིད་ཀྱི་ཕྱི་རོལ་དུ། གཡོན་བསྐོར་བས། ཕྲེང་བ་ཅིག་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཨ་ལ་སོགས་པའི་དབྱངས་ཀྱི་ཡི་གེ་བཅུ་དྲུག་ཁ་དོག་དཀར ་པོ་དགོང་པར་བྱའོ།། །།དབྱངས་ཀྱི་ཕྲེང་པའི་ཕྱི་རོལ་དུ་ཡང་ཕྲེང་བ་གཉིས་པ་ལ་གཡས་བསྐོར་བྱས། ཡི་གེ་ཀ་ལ་སོགས་པ་ཧའི་མཛའ་ཅན་ཁ་དོག་སྔ་མ་དང་འདྲ་བ་དགོར་པར་བྱའོ། །དེའི་རྗེས་ལ་དེ་ཉིད་ལས་འོད་ཟེར་གྱི་འཁོར་ལོ་སྤྲོས་ཏེ་འགྲོ ་བ་དྲུག་གི་སེམས་ཅན་རྣམས་རྣམ་པར་སྣང་མཛད་གྱི་སངས་རྒྱས་གྱི་ཞིང་ལ། ས་བཅུ་ཐོབ་པར་གནས་པར་བྱས་ཤིང། སླར་ཡང་བསྡུས་ཏེ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏཔནྣ་ཏྭ་ཏ་ཨོཾ་ཨཱ:ཧཱུཾ་ཕཊ་སྭཱཧཱ་ཞེས་བྱ་བའི་སྔགས་བརྗོད་ཅིང། སྔ་མ་བཞིན་དུ་གསལ ་བྱའི་ཡི་གེ་དེ་བཞིན་གཤེགས་པའི་རིགས་དང་མཐུན་པས། དབྱངས་ཀྱི་སྡེ་ལ་ཞུགས་ནས། རོ་གཅིག་པར་བྱའོ། །དེའི་རྗེས་ལ་ཁྲོ་བོའི་ཡི་གེ་བཞི་ནི། རིགས་ཀྱི་དབྱེ་བ་ལ་བརྟེན་ཏེ། ཨ་ལ་སོགས་པའི་ཡི་གེ་བཞི་པོ་ལ་ཐིམ་པར་བྱའོ། །དེ་ནས་ཤེས ་རབ་ཀྱི་ངོ་བོ་ཡི་གེ་རིང་བ་ལྔ་པོ་ནི། ཡི་གེ་ཐུབ་བ་རྣམས་ལ་ཐིམ་པར་བྱའོ། །ཡི་གེ་ཐུང་བ་བཞི་པོ་ནི་ཡི་གེ་ཨ་ལ་དབ། དེ་ཡང་ཡི་གེ་ཨོཾ་ལ་དང། ཡི་གེ་ཨོཾ་གྱི་ཆ་གསུམ་ནི་ཐིག་ལེ་ལ་ཐིམ་པར་བྱའོ། །ཐིག་ལེ་ཙམ་ཡུངས་ཀར་གྱི་འབྲུའི་ཆད་ཕུང་པོ་དང། ་ཁམས་དང་སྐྱེ་མཆེད་མ་ལུས་པ་རྗེས་སུ་ཞུགས་པས་གསལ་བ་དང། མི་གསལ་བའི་ངོ་བོ་དང། ཐོ་རངས་ཀྱི་སྐར་མ་དང་འདྲ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཡོངས་སུ་རྫོགས་པའི་ངོ་བོ་ཞེས་ཏེ། འོད་གསལ་བའི་གོ་འཕང་ལ་གནས་པར ་བྱའོ། འདི་ནི་ནང་གི་བདག་ཉིད་ཀྱི་དུས་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་དང་ཆོས་གྱི་དབྱིངས་ཡིན་ནོ། །དེའི་རྗེས་ལ་སྔ་མའི་འདུ་བྱེད་ཀྱི་དབང་གིས་སྙིང་རྗེ་ཆེན་པོས་དབང་དུ་བྱས་པའི་རྣལ་འབྱོར་པས་རྨི་ལམ་ལས་སད་པ་བཞིན ་?་ཐིག་ལེ་བརྟན་པར་བྱས་ཏེ། རིམ་པ་དེ་ཉིད་ཀྱིས་ཟླ་བའི་དཀྱིལ་འཁོར་ལ་ཐིག་ལེ་ལས་སྤྲོ་བའི་འོད་ཟེར་གྱི་འཁོར་ལོས་ཨཱ་ལི་དང་ཀཱ་ལི་ཕྲེང་བ་གཉིས་སུ་སྤྲོ་བར་བྱའོ། །དེ་ནས་ཡང་ཕྱི་རོལ་དྲུ?་ནམ་མཁའ་ལ་སོགས་པར་ཨ་དང་ལས་ཞལ་གསུམ་པ ་ཕྱག་དྲུག་པ་འཁོར་ལོ་ལ་སོགས་པའི་ཕྱག་མཚན་འཆར་བ་སྐུ་མདོག་དཀར་པོར་སྤྲོས་ཏེ། བསྒྲུབ་བྱ་རྣམས་ཀྱི་གྲོང་ཁྱེར་ལ་སོགས་པ་ལ་ཞི་བའི་ལས་བྱའི། །ེ་ལ་སོགས་པ་ཡང་དེ་བཞིན་དུ་སྤྲོས་ཏེ། རྒྱས་པ་དང་མངོན་སྦྱོད་དང་དབང་དང་དགུག ་པ་རྣམས་བྱའོ། །གསལ་བྱའི་སྡེ་ཚན་ལྔ་ཡང་སྤྲོས་ཏེ། སྔ་མ་བཞིན་དུ་ཕྱག་དང་ཞལ་དང། ཕྱག་མཚན་དང་སྐུ་མདོག་ཏུ་ལྡན་པ་དེ་རྣམས་ཀྱིས་ཞི་བ་ལ་སོགས་པ་བྱ་སྟེ། འགྲོ་པ་ཀུན་ནི་སངས་རྒྱས་ཀྱི་ཞིང་ལ་སོགས་པར ་བསྡུག?་པར་བྱའོ། །དེ་ནས་ཀྱང་ཁྲོ་བའི་ཡི་གེ་རྣམས་དེའི་ངོ་བོར་སྤྲོས་ཏེ་འཇིག་རྟེན་སྐྱོང་བ་བརྒྱད་དང། ས་འོག་ཏུ་ཀླུ་མོ་དང་ནམ་མཁར་ལྷའི་བུ་མོ་དགུག་པར་བྱ་སྟེ། དེ་ལྟར་བྱས་ན་རང་གི་སེམས་དབང་དུ་གྱུར་པའི། །ཇི་སྐད་དུ་རྡུལ་ཕྲ་རབ་དང་ཤིན་ཏུ་ཆེ ་པ་ཉིད་གྱི་མཐར་སེམས་དབང་དུ་འགྱུར་རོ། །ཡང་དག་པར་སོ་སོར་རྟོགས་པས་རང་གི་དོན་དང། ཞི་བ་ལ་སོགས་པ་གྲུབ་པས་གཞན་གྱི་དོན་རྣལ་འབྱོར་པ་ལ་འབྱུང་པ་སྟེ། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པའི་ཕྲ་མོ་རྣལ་འབྱོར་སྒོལ་པའི་རིམ་པའོ། །དེ ་ལྟར་ཡང་སྣང་པ་མཛའ་ཡས་ལ་སོགས་པའི་རྣལ་འབྱོར་པས་ལྐོག་མ་ལ་སོགས་པའི་སྣ་རྣམས་སུ་ཟླ་བ་དང་ཉི་མའི་དཀྱིལ་འཁོར་རྣམས་ལ་དག་གི་དབང་ཕྱུག་མ་ལ་སོགས་པའི་ས་བོན་རྣམས་ལས་ཡི་གེ་ཕྱི་མོ་སྤྲོས་ཏེ་འགྲོ་བའི་དོན་བྱས་ལ་སླར་ཡང ་གསལ་བྱ་དང་དབྱངས་ཀྱི་དབྱེ་བས་བསྡུས་ཏེ་ཐིག་ལེ་ཙམ་གྱི་སྒོམ་པ་བརྟན་པར་བྱས་ཤིང་དེ་བཞིན་དུ་ཡི་གེའི་ལྷ་རྣམས་ཀྱི་དབང་པོ་ལ་སོགས་པ་བྱས་ཏེ། ཅི་བདེ་བ་ཉི་སྤྱོད་པས་སྤྱོད་པར་བྱ་སྟེ། སྣང་བ་མཛའ་ཡས་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱི་བྲ ་མ་རྣལ་འབྱོར་གྱི་བསྒོམ་པའི་རིམ་པ་བསྟན་ཏོ། །སྔགས་ཀྱི་རིམ་པ་བཤད་ནས་ཕྱག་རྒྱའི་རིམ་པས་ཕྲ་མོའི་རྣལ་འབྱོར་བཤད་པར་བྱ་སྟེ། རིན་ཆེན་ཆེན་པོ་ཁ་དོག་ལྔ་ཞེས་བྱ་བ་ལ་སོགས་པ་ལ། ཕུང་པོ་ལྔ་ཉེ་བར་བསྲུ?་བའི་རང་བཞིན་ནམ། ཡེ ་ཤེས་ལྔའི་ངོ་བོ་ཁམས་དྲུག་གཙོ་བོར་གྱུར་པས་ཆེན་པོ་ཡང་ཡིན་ལ་འགྲོ་བ་བསྐྱེད་པར་བྱེད་པས་རིན་ཆེན་ཡང་ཡིན་ཏེ་རིན་ཆེན་ཆེན་པོའོ། །ཡུངས་ཀར་ནི་དོན་དམ་པ་སྟེ་ཕྲ་མོ། །འབྲུ་ནི་ཀུན་རྫོབ་ཏེ་རགས་པའོ། །ཚད་ཙམ་ཞེས་པ་ནི་གཉི་གའི ་རང་བཞིན་ཏེ། ཡུངས་ཀར་ནི་འཕྲུ་ཆོད་ཙམ་མོ། །སྣའི་རྩེ་མོར་ཞེས་པ་ནི་འདོད་པའི་གདུགས་ཀྱི་རྩེ་མོར་རོ། །ནན་ཏན་དུ་ཞེས་པ་ནི་རྩོལ་བའི་རླུང་འགགས་པས་སྔགས་དགོད་པས་བསྒོམ་པ་ནི་འཛིན་པར་བྱའོ། །རྣལ་འབྱོར་པ་ནི་ཡན་ལག་དྲུག་པའི་རྣལ ་འབྱོར་ལམ་བས་པས་སོ། །དེ་ནས་བརྟན་པར་ནི་སྨིག་རྒྱུ་ལ་སོགས་པའི་མཚན་མ་ལྔ་བལྟས་ནས་སྤྲོ་བར་བྱའོ། །སྔར་བཤད་པའི་མཚན་མ་མཐོང་ན་བསྟན་པར་མ་གྱུར་པ་ནི་སྤྲོ་བར་མི་བྱའོ། །སྲོག་དང་རྩོལ་བའི་ཏིང་ངེ་འཛིན་མངོན་དུ་མ་གྱུར་ན་སྤྲོ་བར་མི ་བྱའོ་ཞེས་སྟོན་ཏོ། །རིགས་ཀྱི་དགེ?་པས་ནི་སྤྲོ་བ་བསྟན་པར་བྱ་སྟེ། མཆོག་རབ་སྦྱིན་རྣམས་སྤྲོ་བར་བྱ་ཞེས་པ་ནི་དེ་བཞིན་གཤེགས་པའི་རིགས་མཆོག་གོ། ཇི་ལྟ་བུ་ཞེ་ན། སངས་རྒྱས་འབར་བ་ནི་འོད་ཟེར་ལྔ་སྟེ། དེ་རང་འདྲ་བའི་འོད་ནི་དེའི་ཁ་དོག ་འཛིན་པའོ། །འཁོར་ལོ་རྡོ་རྗེ་སྤྲིན་ཆེན་དང་ཞེས་པ་ནི་ཕྱག་མཚན་གྱིས་ཉེ་བར་མཚན་པའི་དེ་བཞིན་གཤེགས་པ་རྣམས་སམ། ཕྱག་མཚན་རྣམས་སོ། །དེ་ལྟར་སྤྲོ་བའི་བདག་ཉིད་ཅན་ནི་སྤྲོ་བའི་རིམ་པ་ཤེས་པས་སྤྲོ་བར་བྱ་སྟེ། རྣལ་འབྱོར་ངོ་བོ་ནི ་ཕྱག་རྒྱའི་རིམ་པས་ཕྲ་མོ་རྣལ་འབྱོར་རོ། །རླུང་གི་རིམ་པས་བཤད་པར་བྱ་སྟེ། རིན་ཆེན་ཆེན་པོ་ཁ་དོག་ལྔ་ཞེས་བྱ་བ་ལ་སོགས་པ་ལ། སྲོག་ལ་སོགས་པའི་རླང?་ལྔའི་རང་བཞིན་ཏེ། དེ་ཉིད་ཀྱི་ཕྱིར་དེ་རྣམས་ཉེ་བར་བསྡུ་བའི་ཕྱིར་མཆོག་ཏུ་གྱུར ་པས་ན། རིན་ཆེན་ཆེན་པོའོ། །ཡངས་ཀར་ནི་ཚིམ་པར་བྱ་བའི་ཕྱིར་འཇུག་པའོ། །འབྲུ་ནི་ལྡང་བའི་བདག་ཉིད་ཡིན་པས་ལྡན་བའོ། །ཚོད་?་ནི་གནས་བཙམ་གྱི་ཕྱིར་གནས་པའོ། །དེ་རྣམས་ཉེ་བར་བསྡུ་བ་ནི་ཡུངས་ཀར་གྱི་འབྲུ་ཚོད་ཙམ་སྟེ། ་འཇུག་པ་ལ་སོགས་པ་གསུམ་པོ་དང་བྲལ་པའོ་ཞེས་སྟོན་ཏོ། །དེ་ལྟ་བུའི་འོད་གསལ་བ་གང་དུ་བསྒོམ་ཞེ་ན། སྣའི་རྩེ་མོ་ནན་ཏན་དུ་ཞེས་པ་ནི་སྣ་ནི་སྟོང་པ་དང་ཤིན་ཏུ་སྟོང་པ་དང། སྟོང་པ་ཆེན་པོ་སྟེ་གསུམ་མོ། །དེ་རྣམས་ཀྱི་རྩེ་མོ་ནི་ཐམས་ཅད ་སྟོང་པ་ཉིད་དེ་དེ་རུ་བསྒོམ་པར་བྱའོ། །ནན་ཏན་དུ་ཞེས་པ་ནི་རླུང་གི་རྩོལ་བ་འགགས་པས་སོ། །རྣལ་འབྱོར་པ་ཞེས་པ་རྡོ་རྗེ་བཟླས་པ་ལ་མཁས་པས་སོ། །བརྟན་པ་ནི་འོད་གསལ་བ་བརྟན་པར་ཤེས་ནས་སྤྲོ་བར་བྱ་སྟེ། དེ་ནས་འོད ་ཟེར་རྣམས་སྤྲོ་བར་བྱའོ། །བརྟན་པར་མ་གྱུར་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །མཆོག་རབ་སྤྲིན་རྣམས་སྤྲོ་བར་བྱ་ཞེས་པ་ནི་དཀྱིལ་འཁོར་བཞིའོ། །སངས་རྒྱས་ནི་མི་བསྐྱོད་པ་ལ་སོགས་པ་སྟེ། དེ་རྣམས་ཀྱི་འབར་བ་ནི་སྐུ་མདོག་སྟེ། དེ་དང ་འདྲོ་བའི་འོད་དང་ལྡན་པའོ། །འཁོར་ལོ་ལ་སོགས་པའི་ཕྱག་མཚན་རྣམས་ཀྱིས་ཉེ་བར་མཚོན་པའི་དེ་བཞིན་གཤེགས་པས་བྱིན་གྱིས་བརླབ་པའོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ། །བྱང་ཆུབ་ནི་གདོང་པའོ། །དེ་ཉིད་ཀྱི་སེམས ་དཔའ་ནི་སྣ་ཁུང་གཉིས་སོ། །དེ་དག་གི་སྤྲིན་ཆེན་པོ་ནི་གཡོན་དང་གཡས་དང་གཉིས་ཀ་དང། དལ་བུས་རྒྱུ་བའི་དམར་པོ་ལ་སོགས་པའི་འོད་ཟེར་རྣམས་ཀྱིས་སྣའི་རྩེ་མོར་ཐུན་ཕྱེད་ཕྱེད་ཀྱི་དུས་སུ་གནས་པར་བྱའོ། །སྒྲོ་པའི་བདག་ཉིད་ཅན་ཞེས་པ་ནི་སྤྲོ ་བའི་འོད་ཟེར་གྱི་ལྷའི་ང་རྒྱལ་དང་ལྡན་བས་ཏེ་རྡོ་རྗེ་བཟླས་པའི་རིམ་པའོ།། །།ཡེ་ཤེས་ཀྱི་རིམ་པ་བཤད་པར་བྱ་སྟེ། རིན་ཆེན་ཆེན་པོ་ཁ་དོག་ལྔ་ཞེས་བྱ་བ་ལ་སོགས་པ་ལ། ཁ་དོག་ལྔ་ནི་དབང་པོ་ལྔའི་སྒྲོ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤས ་པའོ། བདག་ཏུ་ལྟ་བ་ལ་སོགས་པ་ཆེན་པོ་རྣམས་ཀྱི་གནས་ཡིན་པའི་ཕྱིར། རིན་ཆེན་ཆེན་པོ་ནི་ཉོན་མོངས་པ་ཐམས་ཅད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པའོ། །ཤིན་ཏུ་མཚོན་པར་དཀའ་བའི་ཕྱིར་བག་ཆགས་ཕྲ་མོས་རྗེས་སུ་འབྲང་བར་ཡུངས་ཀར་གྱི་འབྲུ ་ཚོད་ཙམ་ནི་ཀུན་གཞི་རྣམ་པར་ཤེས་པའོ། །རྣམ་པར་ཤེས་པ་དེ་དག་གསུམ་སྣའི་རྩེ་མོ་ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོའི་གནས་སུ་ཐིག་ལེ་དང་ཡི་གེ་མེད་པའི་འོད་གསལ་བྱའི་གོ་འཕང་ལ་བསྒོམ་པ་ནི་ཐིམ་པར་བྱའོ། །ནན་ཏན་དུ་ཞེས་པ་ནི་རང ་བཞིན་བརྒྱ་དྲུག་ཅུ་བསྡུས་ནས་སོ། །རྣལ་འབྱོར་པ་ཞེས་པ་ནི་སྔགས་དང་ཕྱག་རྒྱའི་རྣལ་འབྱོར་ལ་མཁས་པས་སོ། །རིན་ཆེན་བརྟན་པར་གྱུར་ནས་སྤྲོ་ཞེས་བྱ་བ་ལ་སོགས་པ་ལ། སེམས་རྣམ་པར་དག་པ་བརྟན་པར་ཤེས་ཏེ། ཕྱི་ནས་ཅིག་ཆར་དུ་བདག་ལ་བྱིན ་གྱིས་བརླབ་པའི་རིམ་པས་རྡོ་རྗེ་འཆང་ཆེན་པོའི་སྐུ་སྤྲོ་བར་བྱའོ། །མཆོག་རབ་སྤྲིན་རྣམས་སྤྲོ་བར་བྱ་ཞེས་བྱ་བ་ལ་སོགས་པས་སྤྲོས་པ་བསྟན་པར་བྱ་སྟེ། མཆོག་རབ་ནི་མིག་འཕྲུལ་ཅན་གྱི་སྒྱུ་མའོ། །སྤྲིན་རྣམས་ནི་བྲག་ཅའོ། །སངས་རྒྱས་འབང་བ་ནི་མིག ་རྒྱུའོ། །འཁོར་ལོ་ནི་མེ་ལོང་གི་གཟུགས་བརྙན་ནི། །རྡོ་རྗེ་ནི་དབང་པོའི་གཞུའོ?། །སྤྲིན་ཆེན་ནི་སྤྲིན་གྱི་ཆར་པ་ལས་བྱུང་བའི་ཆུ་བོར་རོ། །པདྨ་ནི་པདྨའི་འདབ་མར་གནས་པའི་ཆུའོ། །རལ་གྲི་ནི་དེས་ཉེ་བར་མཚོན་པའི་ཕྲ་དབབ་པའོ། །མཚོན་ཆ་ནི་དྲི ་པའི་གྲོང་ཁྱེར་རོ། །བྱང་ཆུབ་སེམས་དཔའ་སྤྲིན་ཆེན་རྣམས་ཞེས་པ་ནི་རྨི་ལམ་མཐོང་བ་བཞིན་དུ་དཔེ་སྣ་ཚོགས་པའི་དཔེ་འདི་རྣམས་ཀྱིས་ཉེ་བར་མཚོན་པའི་སྒྱུ་མའི་སྐུ་འོད་གསལ་བ་ལས་སྒྲོ་བར་བྱའོ། །སྤྲོ་བའི་བདག་ཉིད་ཅན་གྱིས་ཞེས་པ་ནི་སྤྲོ་བའི་རྣམ ་པར་རྟོག་པ་དང་བྲལ་བའོ་ཞེས་སྟོན་ཏོ། །དེ་ནི་སེམས་རྣམ་པར་དག་པ་དང་བདག་ལ་བྱིན་གྱིས་བརླབས་པའི་རིམ་པའོ། །དགའ་བ་ལ་སོགས་པའི་རིམ་པ་བཤད་པར་བྱ་སྟེ་།རིན་ཆེན་ཆེན་པོའི་ཁ་དོག་ལྔ་ཞེས་བྱ་བ་ལ་སོགས་པ་ལ། ལྔ་ནི་དེ་བཞིན་གཤེགས ་པའི་རང་བཞིན་ནོ། །ཁ་དོག་ནི་དྲུག་པ་སྟེ་རྡོ་རྗེ་འཆང་ཆེན་པོའོ། །རིན་ཆེན་ཆེན་པོ་ནི་ཁམས་གསུམ་པའི་སེམས་ཅན་གྱི་དོན་བྱེད་པ་ལ་ནུས་པ་དང་ལྡན་པ་སྟེ་བཞི་པའོ། །ཡུངས་ཀར་བཞིན་དུ་སྣུམ་པའི་ཕྱིར་ཡུངས་ཀར་ནི་པདྨའོ། །འབྲུ་ནི་རྡོ་རྗེའི་དེ་དག་ཡང་དག་པར ་སྦྱོར་བ་ནི་ཆད་ཙམ་མོ། །སྣ་ནི་དགའ་བ་དང་མཚན་མོ། །རྩེ་མོ་ནི་མཆོག་ཏུ་དགའ་བ་དང་ཉིན་མོ། །ནན་ཏན་ནི་དགའ་བྲལ་དང་དུས་མཚམས་སོ། །སྒོམ་པ་ནི་དེ་དག་གསུམ་པོ་ཉེ་བར་བསྡུས་ན་བཞི་པ་ཉམས་སུ་མྱོང་བར་བྱའོ། །དེ་ལྟར་འབྲས་བུར་གྱུར་པའི།? ་ཕྱིར་རིན་ཆེན་ཏེ། དེ་ཉིད་བརྟན་པར་བྱས་ལ་སྤྲོ་བ་ནི་བལྟ་བར་བྱའོ། །བརྟན་པར་མ་གྱུར་ཡོང་མི་སྤྲོ་ཞེས་པ་ནི་མི་བརྟན་པར་བསྒོམ་པར་མི་བྱའོ། །མཆོག་རབ་ཅེས་པ་ནི་རིལ?་པོར་འཛིན་པའི་ཏིང་ངེ་འཛིན་དང། སྤྲིན་རྣམས་ནི་རྗེས་སུ ་གཞིག་པའི་ཏིང་ངེ་འཛིན་གྱིས་སྤྲོ་བར་བྱ་བ་ནི་དེའི་བསྒོམ་པས་བརྟན་པར་བྱའོ། །ཇི་ལྟ་བུ་ཞེ་ན། སངས་རྒྱས་འབར་བ་ནི་མེ་འབར་བ་སྟེ། དེ་དང་འདྲ་བའི་འོད་ནི་འོད་གསལ་བའི་ཏིང་ངེ་འཛིན་རྣམས་ཀྱིས་བསྒོམ་པར་བྱའོ། །འཁོར་ལོ་ནི་འདོད་ཆགས་སོ། །རྡོ་རྗེ ་ནི་འདོད་ཆགས་བྲལ་བའོ། །སྤྲིན་ཆེན་ནི་འདོད་ཆགས་པར་བྱའོ། །པདྨ་ནི་དྷ་གའོ། །རལ་གྲི་ནི་རྡོ་རྗེའོ། །དེ་དག་ཁོ་ན་མཚོན་ཆའོ། །དེ་རྣམས་ཀྱིས་སྤྲོ་བ་ནི་མཚོན་པར་བྱ་སྟེ། འདོད་ཆགས་དང། འདོད་ཆགས་དང་བྲལ་བ་དང། །འདོད་ཆགས་པར་བའི ་རིན་པས་རྡོ་རྗེ་དང་པདྨ་དག་གིས་བཞི་པ་བསྒོམ་པར་བྱའོ་ཞེས་སྟོན་ཏོ། །གལ་ཏེ་དབང་བསྐུར་གྱི་ཕྱག་རྒྱ་མའི་དྲིན་གྱིས་མངོན་པར་བྱང་ཆུབ་ཀྱི་རིམ་པ་ཉམས་སུ་མྱོང་ན་དེའི་ཕྱི་དུས་སུ་ཕྱག་རྒྱ་མི་རྙེད་ན་དེའི་ཚེ་བྱང་ཆུབ་སེམས་དཔའ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ། ་དེ་དང་ལྷན་ཅིག་ཏུ་སྦྲིན་ཆེན་རྣམས་ཡང་དག་པར་སྦྱོར་བའི་བྱ་བས་སྤྲོ་བ་ནི་དེ་ཁོ་ན་ཉིད་ཉེ་བར་མཚོན་པར་བྱའོ། །གང་གིས་ཞེ་ན་སྤྲོ་བའི་བདག་ཉིད་ཅན་ཞེས་པ་ནི་སྤྲོ་བ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏེ། དེར་གནས་པའི་བདག་ཉིད་ནི་ཡིད་གང་ལ་ཡོད་པ་དེ་ལྟ ་བུ་རྣལ་འབྱོར་པས་ཏེ། མངོན་པར་བྱང་ཆུབ་ཀྱི་རིམ་པའོ།། །།མི་གནས་པའི་མྱ་ངན་ལས་འདས་པའི་རིམ་པས་བཤད་པར་བྱ་སྟེ། རིན་ཆེན་ཆེན་པོ་ཁ་དོག་ལྔ་ཞེས་བྱ་བ་ལ་སོགས་པ་ལ། ཁ་དོག་ལྔ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ལས་དཀར ་པོ་ལ?་སོགས་པའི་འོད་ཟེར་ལྔ་སྤྲོ་བར་མཛད་པའོ། །རིན་ཆེན་ཆེན་པོ་ཞེས་བྱ་བ་ལ། རིན་པོ་ཆེ་ནི་དཀྱིལ་འཁོར་པ་རྣམས་ཀྱི་དབུས་སུ་རིན་པོ་ཆེ་བཞིན་དུ་རབ་ཏུ་སྣང་བའོ། །ཡུངས་ཀར་གྱི་ནི་འབྲུ་ཚོད་ཙམ་ཞེས་པ་ནི་དོན་དམ་པའི་བདེན་པ་ལ་ཡང་ཞུགས་པའོ།། ་སྣའི་རྩེ་མོར་ཞེས་པ་ནི་ཁམས་གསུམ་གྱི་སྟེང་དུ་ཆོས་ཀྱི་རྒྱལ་སྲིད་ལ་དབང་མཛད་པས་བཞུགས་པ་བསྒོམ་པར་བྱའོ། །རྣལ་འབྱོར་པ་ཡིས་ཞེས་པ་ནི་རྣལ་འབྱོར་ནི་ཟུང་འཇུག་སྟེ་དེ་ལ་མཁས་པས་སོ། །རྟག་པར་ཞེས་པ་ནི་དུས་གསུམ་ལ་ཡང་མི་འཇིགས ་པའོ། དེ་ལྟ་བུའི་མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བརྟན་པར་ཤེས་ནས་སྤྲོ་བ་ནི་འགྲོ་བའི་དོན་བྱའོ། །འགྲོ་བའི་དོན་དེ་ཡང་བརྟན་པར་མ་གྱུར་པ་ནི་མི་རྟག་པར་མི་བྱའོ། །ཏིང་ངེ་འཛིན་དེ་ཉིད་ཀྱི་འབྲས ་བུ་བརྟན་པར་བྱ་སྟེ། སངས་རྒྱས་འབར?་བ?་དྲན་པ་འོད་ཅེས་བྱ་བ་ལ་སོགས་ཕ་ལ། མཆོག་རབ་ནི་བྲམ་ཟེ་རྣམས་སོ། །སྤྲིན་རྣམས་ནི་གདོལ་པ་ཅན་ནོ། །སངས་རྒྱས་ནི་རྫས་གཙང་བའོ། །འབར་བ་ནི་མེ་འབར་བ་བཞིན་དུ་རེག་པར་དཀའ་བ་རྫས་མི་ ་གཙང་བའོ། །དེ་རྣམས་འདྲ་བའི་དོད་ཅེས་པ་ནི་མཉམ་པ་ཉིད་དུ་སྤྲོ་བར་བྱ་བ་ནི་ཤེས་པར་བྱའོ། །འཁོར་ལོ་ནི་བསྐོར་ནས་གནས་པའི་རིགས་པའི་ཚོགས་སོ། །རྡོ་རྗེ་ནི་གསོད་པ་པོ་སྟེ་དགྲའི་ཚོགས་སོ། །ཆེན་པོ་ནི་ཕྱུག་པོ་རྣམས་སོ། །སྤྲིན་ནི་དབུལ་པོ ་རྣམས་ཏེ་དེ་དག་ཀྱང་མཉམ་པ་ཉིད་དུ་ཤེས་པར་བྱའོ། །པདྨ་ནི་བློ་དམན་པའོ། །རལ་གྲི་ནི་འཛིན་པའི་རལ་གྲི་བཞིན་དུ་རྣོ་པ་སྟེ། དེ་དག་ཀྱང་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེ་བཞིན་དུ་མཚོན་ཆ་ནི་མཚོན་ཆ་བཞིན་དུ་གསོད་པར་བྱེད་པ་སྟེ་དུག་ལ ་སོགས་པའོ། །བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་བཞིན་དུ་བདེ་བ་སྟེར་བ་སྟེ། མུ་ཏིག་གི་ཕྲེང་བ་དང་ཙན་དན་དང་བཙུན་མོ་ལ་སོགས་པའོ། །སྤྲིན་ནི་དལ་བ་སེལ་བར་བྱེད་པ་སྟེ་རང་གི་བཙུན་མོ་ལ་སོགས་པའོ། །དེ་རྣམས་ཀྱང་སྤྲོ་བ་ནི་མཉམ་པ ་ཉིད་དུ་ཤེས་པར་བྱའོ། །སྤྲོ་བའི་བདག་ཉིད་ཅན་ཞེས་པ་ནི་མི་ཕྱེད་པའི་ཡེ་ཤེས་ལ་གནས་པའི་སྔགས་པས་སོ་ཞེས་བསྟན་ཏོ། །དེ་ནི་ཟུང་འཇུག་གི་རིམ་པའོ། །ད་ནི་སྔར་བཤད་པ་དེ་བཞིན་གཤེགས་པ་ལྔ་པོའི་བསྐྱེད་པའི་རིམ་པ་བསྟན་པར་བྱ ་བའི་ཕྱིར། ནམ་མཁའ་ཨི་དབྱིངས་ཀྱི་དབུས་གནས་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའ་ཨི་དབྱིངས་ནི་སྔ་མ་བཞིན་དུ་ཆོས་འབྱུང་གི་ཕྱག་རྒྱའོ། །དེའི་དབུས་སུ་གནས་པའི་ཡི་གེ་གསུམ་ལས་འབྱུང་བའི་ཟླ་བའི་དཀྱིལ ་འཁོར་བྲི་བར་བྱ་ཞེས་པ་ནི་བསམ་པར་བྱའོ། །གསལ་བའི་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་དེ་ཉིད་དེའི་དབུས་སུ་སྔར་བཤད་པའི་རིམ་པས་འཁོར་ལོའི་དཀྱིལ་འཁོར་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་བསམ་པར་བྱ་སྟེ། གཞལ་ཡས་ཁང་པའི ་ནང་དུའོ་ཞེས་ཚིག་གི་ལྷག་མའོ། །དེ་བཞིན་དུ་པདྨའི་དཀྱིལ་འཁོར་ནི་མཚོ་སྐྱེས་ཀྱི་ཚོགས་ཏེ། དེ་དང་འདྲ་བ་ནི་སྣང་བ་མཛའ་ཡས་ཀྱི་དཀྱིལ་འཁོར་དམར་པོའོ། །རྡོ་རྗེ་བསྒོམ་པ་ནི་བསྐྱེད་པའི་རིམ་པའི་སྒོམ་པས་བསྒོམ་པར་བྱའོ། །དེ་བཞིན་དུ་རིན ་ཆེན་དཀྱིལ་འཁོར་ནི་རིན་ཆེན་གྱི་ཚོགས་ཏེ། དེ་དང་འདྲ་བ་ནི་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་སེར་པོ་སྟེ། རིན་ཆེན་བརྩན་པ་ནི་རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་པས་བསམ་པར་བྱའོ། །དེ་བཞིན་དུ་སྦྱོར་བ་ནི་ལས་ཐམས་ཅད་དེ་དེ་རྣམས་ཀྱི ་དཀྱིལ་འཁོར་ནི་སྣ་ཚོགས་རྡོ་རྗེ་སྟེ་དེ་ལས་འབྱུང་བ་ནི་བསྐྱེད་པ་སྟེ། དོན་ཡོད་གྲུབ་པའི་དཀྱིལ་འཁོར་རོ། །ཇི་ལྟ་བུ་ཞེ་ན། ནམ་མཁའ་འདྲ་བར་བྲི་བར་བྱ་ཞེས་པ་ནི་ནམ་མཁའ་བཞིན་དུ་ལྗང་ཁུ་ཡིན་ནོ་ཞེས་སྟོན་ཏོ། །རབ་ཀྱི་མཆོག་ཅེས་པ་ནི་ཕུལ ་དུ་བྱུང་བའོ། །སངས་རྒྱས་ནི་སངས་རྒྱས་ལ་སོགས་པའི་དཀྱིལ་འཁོར་རྣམས་བསྟན་པའོ། །སྐུ་གསུང་ཐུགས་ནི་གསུམ་སྟེ། དེ་རྣམས་བསྒོམས་པས་ནི་སྡུ་བར་བྱེད་པ་སྟེ་མི་བསྐྱོད་པའི་དཀྱིལ་འཁོར་ཤུགས་ཀྱིས་སྔོན་པོ་བསྒོམ་པར་བྱའོ ་ཞེས་ཚིག་གི་ལྷག་མའོ། །ཉེ་བར་བསྡུ་བ་བཤད་པར་བྱ་སྟེ། དཀྱིལ་འཁོར་དེ་དག་ཇི་ལྟ་བུ་ཞེ་ན་།རྡོ་རྗེ་ལས་བྱུང་བ་ཞེས་པ་ལ། དེ་ལས་བྱུང་བ་ནི་སྐྱེས་པའོ། །ཡང་ན་རྡོ་རྗེ་ལ་སོགས་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཕྱག་མཚན ་ཏེ་དེ་ལས་བྱུང་བ་བསྒོམ་པར་བྱའོ། །ཕན་ཡོན་བསྟན་པར་བྱ་སྟེ། ཐམས་ཅད་མཁྱེན་པ་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ཅན་དེ་ལྔའོ། །དེ་རྣམས་ཀྱི་ཚུལ་ནི་ངོ་བོ་དཀྱིལ་འཁོར་གང་གིས་རྙེད་པ་དེ་ནི་ཐམས་ཅད་མཁྱེན་པའི་ཚུལ་ཐོབ་པ་སྟེ། ་བསྐྱེད་པའི་རིམ་པའོ། །རྡོ་རྗེ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་ལེའུ་ཞེས་པ་ནི་རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་བཀོད་པ་ནི་ཚུལ་དཀྱིལ་འཁོར་གང་ལ་ཡོད་པ་དེ་ནི་རྡོ་རྗེ་བཀོད་པ་སྟེ་བསྐྱེད་པའི་དམི་པའོ། །ཏིང་ངེ་འཛིན་ནི་ཕྲ་མོ་རྣལ་འབྱོར་སྒོམ ་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་བསྐྱེད་པའི་རིམ་པ་ལ་སོགས་པའོ། །ཡང་ནམ་མཁའ་ཨི་དབྱིངས་ནི་བྷ་ག་སྟེ་།དེའི་དབུས་སུ་གནས་པ་ཟླ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་ནི་འདོད་བའི་གདུགས་སོ། །དེ་ཉིད་ཀྱང་འོད་གསལ་བའི་ངོ ་པོ་ཡིན་པའི་ཕྱིར་གསལ་བའི་དཀྱིལ་འཁོར་རོ། །དེའི་དབུས་སུ་གནས་པ་འཁོར་ལོའི་དཀྱིལ་འཁོར་ནི་རྩ་བདུན་ཁྲི་ཉི་སྟོང་གི་འཁོར་ལོ་བསྒོམ་པརྦྱ་སྟེ། འདོད་ཨའི་གདུགས་ཀྱི་རྩེ་མོར་ཐམས་ཅད་ཀྱི་རྩེ་མོ་གནས་པ་ཡིན་ནོ་ཞེས་བཅོམ་ལྡན ་འདས་ཀྱིས་གསུངས་པའི་ཕྱིར་རོ། །པདྨའི་དཀྱིལ་འཁོར་འདྲ་བར་ནི་ཞེས་པ་ནི་ཁྲག་གི་རྩ་གཡས་པ་སྟེ་རུས་སྔལ་མ་ཞེས་བྱ་བའོ།།དེ་ཉིད་རྡོ་རྗེ་བསྒོམ་པ་ནི་རྣལ་འབྱོར་པས་བསྒོམ་པར་བྱའོ། །འགྲོ་བ་མ་ལུས་སྐྱེད་པར་བྱེད་པས་ནི་རིན་ཆེན་ཏེ། བྱང ་ཆུབ་ཀྱི་སེམས་སོ། །དེ་ཉིད་ཀྱི་དཀྱིལ་འཁོར་ནི་ཚོགས་ཏེ། དེ་དང་འདྲ་བ་ནི་དཀར་པོ་དང་གང་བ་སྟེ། རྩ་གཡོན་པ་ཟླ་བ་མ་ཞེས་བྱ་བའོ། །དེ་ཉིད་ནི་རིན་ཆེན་བརྩན་པ་ནི་རྣལ་འབྱོར་པས་བསྒོམ་པར་བྱའོ། །སྦྱོར་བ་ནི་ཤ་ལ་སོགས་པས་ཡང་དག ་པར་སྦྱོར་བ་སྟེ་།དེའི་དཀྱིལ་འཁོར་ནི་ཚོགས་ཏེ་།དེ་ལས་འབྱུང་བ་ནི་རྩ་ལྷ་སྦྱིན་མའོ། །དེའི་ནམ་མཁའ་ཨི་རྩ་དབུས་མའི་འདྲ་བ་ནི་ཤར་ཕྱོགས་སུ་བསམ་པར་བྱའོ། །འདི་དག་སངས་རྒྱས་རབ་ཀྱི་མཆོག་ཅེས་བྱ་བ་ལ། རབ་མཆོག་ནི་རང་རང་གི ་རྫས་རྒྱུ་བས་སོ། །སངས་རྒྱས་ནི་སངས་རྒྱས་ཀྱི་འབྲས་བུ་སྟེར་བར་བསྟེན་ཏོ། །དེ་བཞིན་དུ་སྐུ་གསུང་ཐུགས་ལས་འབྱུང་བའི་ཕྱིར། སྐུ་གསུང་ཐུགས་ནི་བཤད་པ་སྟེ། དེ་ཉིད་སྒོམ་པར་བྱེད་པ་ནི་བཤད་པའི་རྩེ་སྟེ་ནོར ་རྒྱལ་མོའོ། །དེ་ཡང་བསྒོམ་པར་བྱ་སྟེ་དོན་གྱིས་བཤད་པ་ཡིན་ནོ། །དཀྱིལ་འཁོར་དེ་དག་ནི་རྩ་ལྔའི་ངོ་བོ། །རྡོ་རྗེ་ནི་གསང་བ་རྡོ་རྗེ་དང་ཡང་དག་པར་སྦྱོར་བས་འབྱུང་བ་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་རྣལ་འབྱོར་བ་གང་རྣམས་ཀྱིས་བྱེད་པ་དེ་ནི་ཐམས ་ཅད་མཁྱེན་པ་ནི་རྡོ་རྗེ་འཆང་ཆེན་པོའི་ཚུལ་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་སྟེ། སྐུ་ཐོབ་པ་ཡིན་ནོ་ཞེས་ཚིག་གི་དོན་ཏེ་སྒྲུབ་པ་ཆེན་པོའོ། །རྡོ་རྗེ་བཀོད་པ་ཞེས་པ་ནི་རྡོ་རྗེའི་རྩ་བའི་འཁོར་ལོ་སྟེ། དེ་ཉིད་བཀོད་པ་ནི་གཡོན་པ་ལ་སོགS ་པའི་རིམ་པས་གནས་པའི་ལེའུ་གང་ལ་ཡོད་པ་དེ་ནི་དེ་བཞིན་ནོ། །ཏིང་ངེ་འཛིན་བདེ་བ་ཆེན་པོའི་མངོན་པར་བྱང་ཆུབ་སྟེ། དེ་བརྟན་པར་བྱེད་པའི་ལེའུ་ལ་དེ་སྐད་ཅེས་བྱའོ། །ཇི་སྐད་དུ་ན་བྷ་གའི་དབུས་སུ་ནམ་མཁའ་གང། །ནམ་མཁའ་ལྔ་ཡིས ་རྣམ་པར་བརྒྱན། །ལྟེ་བ་གེ་སར་དང་བཅས་པ། །འདབ་མ་བརྒྱད་ཀྱིས་རྣམ་བརྒྱན་པའོ། །བདུད་རྩི་ཤུཀྲའི་ངོ་བོ་ཉིད། །དེར་གནས་རྟག་ཏུ་འཛག་པའོ་ཞེས་འབྱུང་ངོ། །རྒྱུད་འགྲེལ་ལས་ལེའུ་གསུམ་པའི་ཚིག་གི་དོན་བཅུ་དྲུག་གི ་བཤད་པའོ། །ལེའུ་གསུམ་པའི་ཚིགས་སུ་བཅད་པའི་བཤད་པའི་གྲངས་ནི་སུམ་བརྒྱའོ།། །།ལྟ་བའི་སྐུ་སྒོམ་པས་བརྟན་པ་ཉིད་ཐོབ་པས་རྡུལ་ཚོན་གྱི་དཀྱིལ་འཁོར་བྲི་བར་བྱ་བའི་ཕྱིར་ཐུགས་ཀྱི་དཀྱིལ་འཁོར་ལེའུ་པ་ཞི་པས ་བསྟན་པར་བྱའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱིས་བདག་པོ་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་ལ་བསྟོད་པའི་རྒྱལ་པོ་འདི་ནི་མཆོག་བསྟོད་པས་དེ་བཞིན་གཤེགས ་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པས་གསོལ་བ་གདབ་པ་ནི་ཞུ་བ་མཛད་པ་སྟེ། དེ་བཞིན་གཤེགས་པ་ཀུན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལྔ་པོའི་རང་བཞིན་དུ་བསྟོད་པའོ། །ཞི་བ་ཞེས་པ་ནི་ཞི་བ་ལ་སོགས་པའི་ལས་མཛད་པའི་ལྷ་མོ་སྤྱན ་ལ་སོགས་པའི་སྒོ་ནས་བསྟོད་པ་མཛད་པའོ། །དེ་བཞིན་གཤེགས་པ་ཀུན་གྱི་གནས་ཞེས་པ་ནི་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཏེ་དེའི་སྒོ་ནས་བསྟོད་པའོ། །ཆོས་ཀུན་ནི་དགུག་པ་ལ་སོགས་པ་སྟེ། དེ་རྣམས་ཀྱི་མཆོག་ནི ་འཕགས་པ་གཤིན་རྗེ་མཐར་བྱེད་ལ་སོགས་པ་སྟེ། ཁྲོ་བོའི་རྒྱལ་པོའི་སྒོ་ནས་བསྟོད་པའོ། །བདག་མེད་པ་ཞེས་པ་ནི་དཀྱིལ་འཁོར་མ་ལུས་པ་ཉེ་བར་བསྡུས་པའི་རྡོ་རྗེ་འཆང་ཆེན་པོའི་ངོ་བོས་བསྟོད་པའོ། །དེ་ལྟ་བུའི་བཅོམ་ལྡན་འདས་ཀྱེ་དཀྱིལ ་འཁོར་བཤད་དུ་གསོལ་ཞེས་གསོལ་པ་བཏབ་པ་སྟེ་བསྐྱེད་པའི་རིམ་པའོ། །ད་ནི་རིགས་གསུམ་གཙོ་བོར་གྱུར་པས་བསྟོད་པ་ཡིན་ཏེ། མཚན་རྣམས་ཐམས་ཅད་ནི་ཚད་ལ་སོགས་པ་སྟེ་དེ་དང་ལྡན་པའོ། །དེ་ཉིད་ཀྱི་ཕྱིར་དེ་ལས་ལྡོག་པའི་མཚན ་མ་མ་ཡིན་པ་ཐམས་ཅད་དང་བྲལ་བའོ། །ཀུན་ཏུ་བཟང་པོ་ཞེས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་དང། སྐུའི་མཆོག་ནི་རྣམ་པར་སྣང་མཛད་ཀྱི་རང་བཞིན་ནོ། །དཀྱིལ་འཁོར་དམ་པའི་ཐུགས་རྗེའི་དཀྱིལ་འཁོར་བཤད་དུ་གསོལ་བ་གདབ ་པ་སྟེ་བསྐྱེད་པའི་རིམ་པའོ། །ཡང་ན་མཚན་རྣམས་ཐམས་ཅད་ནི་བདུད་རྩི་དང་ལྕགས་ཀྱུ་རྣམས་སོ། །དེ་དག་གིས་ཡང་དག་པར་རྫོགས་པ་ནི་ལྷ་མོས་ཕུལ་པའི་བླ་ན་མེད་པའི་མཆོད་པས་གང་བའོ། །མཚན་མིན་ཐམས་ཅད་ནི་རྩ་བའི་ལྟུང་བ་བཅུ ་བཞི་དང། ཁ་ན་མཐོ་བ་སྦོམ་པོ་བཅུ་སྟེ། དེ་རྣམས་དང་སྤངས་པ་ནི་དཀྱིལ་འཁོར་ལ་ཞུགས་པ་ལ་དེ་རྣམས་མེད་པའི་ཕྱིར་རོ། །དེ་བས་ན་ཀུན་ཏུ་ནི་གོང་མ་དང་བར་པ་དང་ཐ་མ་རྣམས་ལ། བཟང་པོ་ནི་དེ་བཞིན་གཤེགས་པའི་རིགས་དང་འབྲེལ ་པའི་དམ་ཚིག་དང་སྡོམ་པ་བླངས་པ་གཙོ་བོར་གྱུར་པའོ། །ཀྱེ་སྐུའི་མཆོག་ཅེས་པ་ནི་དུས་པ་དང་ཤ་ལ་སོགས་པ་དང་བྲལ་བའི་སྐུ་མངའ་བའི་དཀྱིལ་འཁོར་བཤད་དུ་གསོལ་ཞེས་འབྲེལ་པ་སྟེ་སྒྲུབ་པའོ། །དེ་བཞིན་དུ་ཞི ་པའི་ཆོས་ནི་མཆོག་ལས་འབྱུང་ཞེས་པ་ལ་སོགས་པ་ལ། ཞི་པ་ནི་དག་རྣམ་པ་བཞི་དང་སྒྲ་རྣམ་པ་བཅུའི་མཚན་ཉིད་སྤྲོས་པ་དང་རྣམ་པར་དག་པར་མཛད་པའི་ཕྱིར་རོ། །ཆོས་ནི་འོད་གསལ་བ་སྟེ། དེ་ཉིད་ཁོ་ན་མཆོག་ཡིན་ལ་དེ་ལས་འབྱུང་ངོ ་ཡེ་ཤེས་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། དེ་དཔྱོད་པ་ནི་གསུང་གི་སྒོ་ནས་འགྲོ་བ་འདུལ་བར་མཛད་པ་སྟེ་དེ་ཉིད་ཀྱིས་སྦྱོར་བ་ནི་ཉོན་མོངས་པ་འཇིག་པར་མཛད་པའོ། །དེ་ཉིད་ཀྱི་ཕྱིར་ཀུན་ཏུ་ནི་དབྱངས་ཀྱི་ཡན་ལག་དྲུག་ཅུ་དང་ལྡན་པའི་གསུང་གི ་མཆོག་ནི་སྣང་བ་མཛའ་ཡས་ཀྱང་ངོ་བོའོ། །དཀྱིལ་འཁོར་བཤད་དུ་གསོལ་ལོ། །དེ་ནི་བསྐྱེད་པ་དང་རྫོགས་པའི་རིམ་པ་དག་གོ། ཡང་ན་ཞི་བའི་ཆོས་ནི་ཡི་གེ་གསུམ་མོ། །དེ་རྣམས་ཀྱི་མཆོག་ནི་མཆོག་གི་རླུང་སྟེ་དེ་ལས་འབྱུང་བའོ། ། ་ཡེ་ཤེས་སྤྱོད་པ་ནི་འཇུག་པ་ལ་སོགས་པ་སྟེ། དེ་དག་གི་རྣམ་པར་སྦྱོང་བ་ནི་འོད་གསལ་བའི་གོ་འཕང་ཐོབ་པར་མཛད་པའོ། །ཀུན་ཏུ་བཟང་པོ་ནི་དཀྱིལ་འཁོར་བཞི་སྟེ། དེ་རྣམས་ཀྱི་གསུང་གི་མཆོག་ནི་གཡོན་ལ་སོགས་པ་རྒྱུ་པའི་འོད ་ཟེར་གྱི་འཁོར་ལོ་སྤྲོ་བར་མཛད་པའོ། །དཀྱིལ་འཁོར་ནི་དཀྱིལ་འཁོར་བཞིའི་རིམ་པ་བཤད་དུ་གསོལ་ཞེས་འབྲེལ་པ་སྟེ་རྡོ་རྗེ་བཟླས་པའི་རིམ་པའོ། །སེམས་ཅན་ཀུན་ནི་ཁམས་གསུམ་གྱི་ནང་ན་གནས་པའི་རིགས་རྣམ་པ་བཞི་དང་ལྡན ་པ་སྟེ། དེ་རྣམས་ཀྱི་སེམས་ཅན་ཆེན་པོ་ཐུགས་གཅིག་པའི་ངོ་བོ་མི་བསྐྱོད་པའོ། །ཇི་སྐད་དུ་རྟོག་པའི་དྲ་བ་གང་ཡང་རུང། སྐྱེ་བོ་ཐམས་ཅད་ལ་མཐོང་བ། དེ་ཀུན་སེམས་སྐྱེས་དྲ་བ་སྟེ། །དེ་ཉིད་སྟོན་པ་པོས་གསུངས་སོ་ཞེས་འབྱུང་ངོ། །དག ་པ་ནི་འདོད་ཆགས་ལ་སོགས་པའི་སྐྱོན་དང་བྲལ་བའོ། །སྤྲིན་བཞིན་དུ་ཉོན་མོངས་པ་རྣམས་གློ་བུར་བ་ཡིན་པས་རང་བཞིན་དྲི་མ་མེད་པ་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་དེ་ཉིད་ཀྱི་ཕྱིར། ཀུན་ཏུ་བཟང་པོ་ནི་དེའི་ངོ་བོས ་འགྲོ་བའི་དོན་མཛད་པའོ། །ཐུགས་ཀྱི་མཆོག་ནི་ཐུགས་ཀྱི་ངོ་བོ་བཅོམ་ལྡན་འདས་དཀྱིལ་འཁོར་བཤད་དུ་གསོལ་ཞེས་འབྲེལ་པ་སྟེ་རྫོགས་པའི་རིམ་པའོ། །ཡང་ན་སེམས་ཅན་ཀུན་ནི་རང་བཞིན་རྣམས་སོ། །སེམས་ཆེན་པོ་ནི་རྣམ་པར་ཤེས་པ་གསུཾ ་མོ། དེ་རྣམས་སྔགས་དང་ཕྱག་རྒྱའི་རིམ་པས་དག་པས་ན་།རང་བཞིན་དྲི་མ་མེད་པ་སྟེ་འོད་གསལ་བའི་ངོ་བོ་དེ་ཉིད་ཀྱི་ཕྱིར་ཀུན་ནི་མི་གཡོ་བའི་ཏིང་ངེ་འཛིན་ཏེ། དེ་ཡོངས་སུ་སྤོང་བས་ཐོབ་པ་གང་ཞིག། ཐུགས་མཆོག་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན ་ཏེ་དེའི་ངོ་བོ་བཅོམ་ལྡན་འདས་དཀྱིལ་འཁོར་ནི་སྙིང་པོ་དང་མཆོག་སྟེ། སེམས་རྣམ་པར་དག་པའི་མཚན་ཉིད་ཅན་བཤད་དུ་གསོལ་ཞེས་འབྲེལ་པའོ། །རབ་ཏུ་བྱེད་པ་ལས་ཀྱང། སྒྲ་ནི་དེ་ལྟར་ཐོས་ནས་ནི། །མི་གཡོ་བ་ཡང་རྣམ་སྤངས་ཏེ། །མཚན ་ཕྱེད་དུས་སུ་དེ་ཉིད་ལ། །དམིགས་ནས་རྒྱལ་པའི་སྲས་པོ་ཡིས། །སྐྱ་རེངས་ཤར་བའི་དུས་སུ་ནི། །རྡོ་རྗེ་ལྟ་བུ་ཏིང་འཛིན་གྱིས། །བྱང་ཆུབ་རྩལ་ཞུགས་ནས་ནི། །བདུད་འཇོམས་ངེས་ནི་མཛད་པའོ་ཞེས་འབྱུང་ངོ། །དེ་ནི་སེམས་རྣམ་པར་དག་པའི་རིམ ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་ནི་བགེགས་འཇིགས་པར་བྱེད་པ་རྩེ་ལྔ་པ་སྟེ། དེ་འཛིན་པས་ན་རྡོ་རྗེ་འཛིན་ནོ། །གདུལ་བར་དཀའ་བ་རྣམས་འདུལ་པས་ན་སྟོན་པའོ། །འཇིག་རྟེན་གསུམ་ལ་གནས་པའི་ཉོན་མོངས་པ་རྣམས་ལས ་རྒྱལ་པས་ན། འཇིག་རྟེན་གསུམ་མཆོག་གོ་།ཁམས་གསུམ་སྐྱེད་པར་བྱེད་པས་ན་ཁམས་གསུམ་པའོ། །འཇིག་རྟེན་གསུམ་ནི་རིགས་བྱེད་གསུམ་མོ། །མཆོག་ནི་ཉན་ཐོས་པ་རྣམས་སོ། །རྡོ་རྗེ་ནི་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ ་རྣམས་སོ། །དེ་དག་གི་གཙོ་བོ་ནི་བསྙེན་བཀུར་གྱི་གནས་སོ། །འཇིག་རྟེན་གསུམ་ནི་གྲངས་ཅན་དང། །ཆུར?་ལྷུང་བའི་འཇིག་རྟེན་དང། །རིགས་པ་དང་ཁྱད་པར་བའི་འཇིག་རྟེན་དང། །མཆོད་འོད?་པ་དང། སྤྱོང་པ་པ་དང། ་འཇིག་རྟེན་རྒྱང་ཕན་པའི་འཇིག་རྟེན་ཏེ། དེ་རྣམས་ཀྱི་མཆོག་ནི་བྱེ་བྲག་པ་དང། མདོ་སྡེ་པ་དང། རྣལ་འབྱོར་སྤྱོད་པ་པ་རྣམས་སོ། །དེ་རྣམས་ཀྱི་ཡང་མཆོག་ནི་དབུ་མ་པ་རྣམས་ཏེ། དེ་དག་རྗེས་སུ་འདུལ་བ་ནི་རང་རང་གི་ལྟ་བ་ལས་ལྡོག་ཅིང་ཡང་དག ་པའི་ཤེས་པ་ལ་འཇུག་པར་བྱེད་པས་མི་འཇིག་རྟེན་གསུམ་མཆོག་སྟོན་པའོ། །དཀྱིལ་འཁོར་རབ་ཏུ་ཉམས་དགའ་བ་ནི་རྡུལ་ཚོན་ལ་སོགས་པས་བྱས་པའི་ཕྱིར་མཛེས་པའོ། །དེ་བཞིན་གཤེགས་པ་ཀུན་ནི་མི་བསྐྱོད་པ་ལ་སོགས་པ་སྟེ། དེ་རྣམས་ཀྱི ་གནས་ནི་གཞིར་གྱུར་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྣམ་པར་དག་པས་གནས་པས་ན་དེ་བཞིན་གཤེགས་པ་ཀུན་གྱིའོ། །ཐུགས་ཤེས་པ་ནི་ཐུགས་གཙོ་བོར་གྱུར་པའི་དཀྱིལ་འཁོར་ནི་དོན་དམ་པའི་ངོ་པོ་ཡིན་ན་ཡང ་ཕྱིར་ལ་དུ་དཀྱིལ་འཁོར་གྱི་རྣམ་པས་གྲགས་པ་སྟེ་འགྲོ་བ་འདུལ་བར་བྱ་བའི་ཕྱིར་རོ་ཞེས་ཚིག་གི་ལྷག་མའོ། །དེ་ལྟ་བུའི་དཀྱིལ་འཁོར་རྡོ་རྗེ་འཆང་ཆེན་པོས་གསུངས་པའོ་ཞེས་སྡུད་པ་པོས་སྨྲས་པའོ། །དེ་ནི་བསྐྱེད་བའི་རིམ་པའོ། །ཡང་ན་རྡོ་རྗེ་?་འགྲེང ་བའི་རྡོ་རྗེ་སྟེ་ངེ་འཛིན་པར་བྱེད་པས་རྡོ་རྗེ་འཛིན་ཏོ། །སྟོན་པ་ནི་རྡོ་རྗེའི་ལམ་ལས་སྦྲ་བའི་སྒོ་ནས་འགྲོ་བའི་དོན་མཛད་པའོ། །འཇིག་རྟེན་གསུམ་ནི་མ་ལས་སྐྱེས་པའི་ཆ་རྣམས་སོ། །ཁམས་གསུམ་ནི་ཕ་ལས་སྐྱེས་པའི་ཆ་རྣམས་ཏེ། དེ་རྣམས་ཀྱི ་མཆོག་ནི་བདེ་བ་ཆེན་པོས་རོ་གཅིག་པར་བྱེད་པ་ལ་ནུས་པ་དང་ལྡན་པའོ། །འཇིག་རྟེན་གསུམ་ནི་སྤུ་གསུང་ཐུགས་ཏེ། དེ་རྣམས་ཀྱི་མཆོག་ནི་བྱང་ཆུབ་སེམས་ཏེ། དེ་ཉིད་རྡོ་རྗེའི་རྩེ་མོར་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འཇིག་རྟེན་གསུམ ་ནི་དགའ་བ་དང་མཆོག་ཏུ་དགའ་བ་དང་དགའ་བྲལ་ལོ། །དེ་རྣམས་ཀྱི་མཆོག་ནི་ལྷན་ཅིག་སྐྱེས་པ་སྟེ་དཔེའི་བདེ་བའོ། །དེ་ཉིད་ཀྱི་ཡང་མཆོག་ནི་དཔེ་ལས་བྱུང་བའི་བདེ་བ་སྟེ། དེ་སྟོན་པ་ནི་ཉམས་སུ་མྱོང་བར་བྱེད་པ་སྟེ། འཇིག་རྟེན་གསུམ་མཆོག་སྟོན་པ་སྟེ། ་ངེས་དཀྱིལ་འཁོར་བཤད་པ་ནི་གསུངས་པའོ། །ཅི་གསུངས་པ་ཞེ་ན། དཀྱིལ་འཁོར་ནི་བྷ་གའི་དཀྱིལ་འཁོར་རོ། །ཇི་ལྟ་བུ་ཞེ་ན། རབ་ཏུ་ཉམས་དགའ་ཞེས་པ་ནི་བདེ་བའི་རྒྱུ་ཡིན་ནོ། །དེ་བཞིན་གཤེགས་པ་ཀུན་ནི་རྩ་ལྔ་སྟེ། དེ་རྣམས་ཀྱི་གནས ་ནི་གཞིའོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཀུན་ནི་དེ་ཉིད་ཀྱི་ནང་ན་གནས་པའི་བདུད་རྩི་ལྔ་སྟེ། དེ་རྣམས་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །སེམས་རྣམ་པར་དག་པར་བྱེད་པའི་ཕྱིར་ཐུགས་སོ། །དཀྱིལ་འཁོར་ནི་སྙིང་པོ་སྟེ་ཡང་དག་པར་སྦྱོར་བའོ། །དེ ་ཉིད་ལེན་པར་བྱེད་པས་ན་དཀྱིལ་འཁོར་རོ། །དཀྱིལ་འཁོར་ནི་ཧཱུཾ་དང་ཕཊ་ལ་སོགས་ཏེ། དེ་དག་རྣམ་པ་ནི་རིམ་པས་དགོད་པ་གང་ལ་ཡོད་པ་དེ་ལྟ་བུའི་བྷ་གའི་དཀྱིལ་འཁོར་བཤད་དོ་ཞེས་སྟོན་ཏེ་རང་བཞིན་དང་རྒྱུ་དང་ལས་དང་འབྲས་བུ་རྣམས་སོ། ། ་ད་ནི་སྡུད་པ་པོས་རྡོ་རྗེ་འཆང་ཆེན་པོའི་བསྟན་པ་རྗེས་སུ་སྨྲ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་དག་ནི་ཕྱིན་ཅི་ལོག་ན་ཡིན་པ་སྟེ། དཀྱིལ་འཁོར་གྱི་ཆོ་གའི་རིམ་པས་གནས་པའོ། །རང་ཏུ་ནི་ཚད་ལ་སོགས་པ་དང་ལྡན ་པས་བཤད་པར་བྱའོ། །ཐུགས་ཀྱི་དཀྱིལ་འཁོར་ནི་མོ་བསྐྱོད་པའི་དཀྱིལ་འཁོར་ཏེ། སྐུ་དང་གསུང་གི་དཀྱིལ་འཁོར་དག་ལེའུ་དྲུག་ཅུ་པ་ལས་འོག་ནས་འཆང་པར་འགྱུར་བས་ཐུགས་ཀྱི་དཀྱིལ་འཁོར་གཙོ་བོར་གྱུར་པའི་ཕྱིར་སྔོན་དུ་བཤད ་པའོ། །དེ་ཉིད་ཀྱི་ཕྱིར་མཆོག་ཅི་སྐུ་དང་གསུང་དག་གི་ནང་ན་ཐུགས་ཕུལ་དུ་བྱུང་བའི་ཕྱིར་རོ། །ཁ་དོག་བཤད་པར་བྱ་སྟེ། ཐུགས་རྡོ་རྗེ་ནི་མི་བསྐྱོད་པ་སྟེ། དེ་དང་རབ་འདི?་བ་ནི་དེ་དང་མཉམ་པའི་མདོག་སྟེ?། འདིས་བཞི་དང་གཞི་ཅན་གྱི་དཀྱིལ་འཁོར ་དག་ཐ་མི་དད་པར་བསྟན་ཏོ། །སྐུ་དང་གསུང་གི་དཀྱིལ་འཁོར་མེད་ན་ཐུགས་ཁྱབ་པར་བྱེད་པ་མ་ཡིན་ནོ་ཞེས་རྟོགས་པ་སེལ་བར་བྱ་བའི་ཕྱིར་བཤད་པར་བྱ་སྟེ། སྐུ་དང་གསུང་དང་ཐུགས་རྣམས་ཀྱི་ཞེས་པ་ནི་དེ་དག་གསུམ ་པོ་རོ་གཅིག་པའི་ངོ་བོ་ཡིན་པའི་ཕྱིར་མི་བསྐྱོད་པ་ཁོ་ན་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རོ། །ལུས་ངག་སེམས་ཞེས་བྱ་བ་ལ་སོགས་པ་ལ། ཐིག་སྐུད་སར་པ་ཞེས་པ་ནི་དཀྱིལ་འཁོར་གཞན་ལ་མ་བཏབ་པའོ། །ལེགས་བཀལ་པ་ནི་བུ ་མོས་བཀལ་བའི་སྣལ་མ་བསྒྲིལ་པའོ། །ཚད་མ་རབ་ཏུ་ཞེས་པ་ནི་དཀྱིལ་འཁོར་གྱི་ཉིས་འགྱུར་བ་སྟེ། སྣལ་མ་ཉི་ཤུ་རྩ་ལྔ་དེ་དེ་བཞིན་གཤེགས་པའི་རང་བཞིན་དུ་བྱས་པའམ། དེ་བཞིན་གཤེགས་པ་དང་ལྷ་མོའི་རང་བཞིན་སྣལ་མ ་རྒྱུ་བསྒྲིལ་བས་སོ། །མཛེས་པ་ནི་སྔགས་ཀྱིས་བྱིན་གྱིས་བརླབས་པའི་རྡུལ་ཚོན་གྱིས་བཅོས་པ་སྤངས་པས་སོ། །དེ་ལྟ་བུའི་ཐིག་སྐུད་ནི་དཀྱིལ་འཁོར་སྟོན་པར་བྱེད་པས་ཐིག་བཏབ་པ་ནི་དཀྱིལ་འཁོར་གྱི་རེ་མིག་རྣམས་གསལ་བར་བྱའོ། ། ་ཤེས་རབ་ཅན་ནི་ཐིག་བཏབ་པའི་རིམ་པ་མཐོང་པས་སོ། །ཇི་ལྟར་ཞེ་ན། ལུས་ངག་སེམས་ནི་བསྒོམ་པ་ཡིས་ཞེས་པ་ནི་ལུས་ལ་སོགས་པ་ལ་དེ་ཉིད་ཀྱི་རིགས་ཅན་གྱི་སྔགས་དགོད་པའི་ཆོ་ག་འམ་ཏིང་ངེ་འཛིན་གྱིས་སོ། །ཚད་བཤད ་པར་བྱ་སྟེ། ཁྲུ་ནི་བཅུ་གཉིས་ཞེས་བྱ་བ་ལ་སོགས་པ་ལ། ཡུལ་དབུས་ནས་སྐྱེས་པའི་སྐྱེས་བུའི་ཁྲུའི་ཚད་ཀྱིས་ཕྱོགས་བཞི་པོ་ལ་ཕྱོགས་རེ་རེར་ཁྲུ་བཅུ་གཉིས་པ་སྟེ། ས་བཅུ་གཉིས་དང། རྟེན་འབྲེལ་བཅུ་གཉིས་དང། རྣམ་པ་བཅུ ་གཉིས་བ་ཆོས་ཀྱི་འཁོར་ལོ་དང། ཕ་རོལ་ཕྱིན་པ་རྣམ་པར་དག་པའི་ཤེས་པར་བྱའོ། །ཐུགས་ཀྱི་དཀྱིལ་འཁོར་ནི་མི་བསྐྱོད་པའི་གནས་ཏེ་ཆོས་ཀྱི་རང་བཞིན་ཡིན་ནོ། །ངོས་བཞི་ནི་ཀུན་ཏུ་ངོས་བཞི་པོས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང ་བཞིན་དང་ལྡན་པའོ། །གྲཝ?་བཞི་ནི་མི་འཇིགས་པའི་ངོ་པོ་དང་ལྡན་པའོ། །སྒོ་བཞི་ནི་དྲན་པ་ཉེ་བར་གཞག་པ་དང། དབང་པོ་དང་རྫུ་འཕྲུལ་གྱི་རྐང་པ་དང་ལྡན་པ། རབ་ཏུ་བརྟག་པ་ནི་བྲི་བར་བྱའོ། །དེ་ནི་ཕྱི་རོལ་གྱི་དཀྱིལ་འཁོར་གྱི་རིམ་པའོ། །དེའི་དབུས་སུ་ཞེས ་པ་ནི་དེའི་ནང་དུ་འཁོར་ལོ་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོའོ། །རབ་ཏུ་ཟླུམ་པོ་ནི་མཉམ་པ་ཉིད་ཀྱི་རང་བཞིན་ཏེ། བྲི་བར་བྱ་བ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་དབྱེ་བར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ནི་དེའི་འོག་ཏུ་སྟེ་ལས་ཀྱི་ཆོག་མཐོང་བ་ནི་དཀྱིལ་འཁོར ་གྱི་ཚོ?་ག་ལས་གསུངས་པ་སྟེ། ས་ཡོངས་སུ་བསྲུང་བ་ལ་སོགས་པས་སོ། །ཕྱག་རྒྱ་ནི་གདན་དང། ཕྱག་མཚན་དང། ས་བོན་དང། སྐུ་དང་འོད་ཟེར་དང། མཚན་གྱི་མཚན་ཉིད་ཅན་ཏེ། དགོང་པ་ནི་དེ་རྣམས་ཀྱི་ནང་ནས་བསྒྲུབ་བྱའི་འདོད་པའི་གང་ཡང ་རུང?་བྲི་བར་བྱའོ། །རེ་ཞིག་རྒྱུ་ཡིན་པའི་ཕྱག་མཚན་བཤད་པར་བྱ་སྟེ། དེའི་དབུས་སུ་ནི་འཁོར་ལོའི་ལྟེ་བར་རྡོ་རྗེ་རྩེ་ལྔ་པ་ནི་ཡེ་ཤེས་ལྔའི་རང་བཞིན་ནོ། །ིནྡྲ་ནཱི་ལའི་ཁ་དོག་འདྲ་བ་ནི་དེ་བཞིན་གཤེགས་པའི་རིགས་དང་མཐུན་པའོ། །འབར་བ་ཆེན་པོ་ནི་ཞེ ་སྡང་གི་རིགས་ཡིན་པའི་ཕྱིར་རོ། །དེ་བས་ན་འཇིགས་པ་དག་ནི་ཞེ་སྡང་གི་ཉོན་མོངས་པ་སྟེ། དེ་ཡང་རབ་འཇིགས་བྱེད་པ་ནི་དེ་ཉིད་སྦྱང་བའི་ཕྱིར་རོ། །དེ་བཞིན་དུ་ཤར་ཕྱོགས་སུ་འཁོར་ལོ་ཆེན་པོ་ནི་རྩིབས་བརྒྱད་པ་སྟེ། རྣམ་པར་ཤེས་པ་བརྒྱད་པ་སྦྱང་པའི་མེ ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོའོ། །དེ་ཉིད་ཀྱི་ཕྱིར་རྡོ་རྗེ་འབར་བ་ནི་རྣོ་བའི་འོད་ཟེར་ཉོན་མོངས་པ་འཇིགས་པར་བྱེད་པ་རྣམས་ཀྱིས་རྣམ་པར་བརྒྱན་པའོ། །ལྷོ་ཕྱོགས་སུ་རིན་ཆེན་ཆེན་པོ་སྟེ། ནམ་མཁའ་ཨི་ཏིང་ངེ་འཛིན་གྱི་ངོ་བོ་ཡིན་པས་མཉམ་པ་ཉིད་ཀྱིས་རེ་བ ་ཐམས་ཅད་རྫོགས་པར་བྱེད་པའོ། །འོད་ཟེར་ནི་གསེར་གྱི་འོད་དང་འདྲ་བ་སྟེ། དེ་རྣམས་ཀྱིས་འཁྲིགས་པ་ནི་ནང་དང་ཕྱི་རོལ་ཏུ་ཡང་སྤྲོ་བས་འཁྲིགས་པའོ། །ནུབ་ཕྱོགས་སུ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་དྲི་མས་མ་གོས་པའི་ཕྱིར་སོ་སོར? ་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་པདྨ་ཆེན་པོའོ། །པདྨ་རཱ་གའི་ནོར་བུ་ནི་རང་གི་རིགས་ཀྱི་བདག་པོའི་ཁ་དོག་དང་འདྲའོ། །བྱང་ཕྱོགས་སུ་ནི་རལ་གྲི་ཆེན་པོ་སྟེ། བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་ཀྱི་ཕྲག་དོག་གི་ཞགས་པ་གཅོད?་པར་བྱེད ་པའོ། །འོད་ཟེར་ནི་ནམ་མཁའ་སྟེ་དེ་ཉིད་ཀྱི་འབར་བས་རྣམ་པར་བརྒྱན་པ་སྟེ། ནམ་མཁའ་བཞིན་དུ་ལྗང་ཁུའོ་ཞེས་སྟོན་ཏོ། །ཤར་གྱི་གྲཝ?་ནི་ཤར་དང་ལྷའི?་མཚམས་ཏེ་དེ་རུ་སྤྱན་ནི་བྱམས་པ་དང་ས་དང་སྟོང་པ་ཉིད་རྣམ་པར་ཐར་པའི་ངོ་བོ་བྲི་བར་བྱའོ། །སྲིན ་གྱི་དབུས་ནི་ནང་སྟེ་དེ་དང་འདྲ་བའི་འོད་ནི་མིག་སྨན་དང་བཅས་པའོ་ཞེས་སྟོན་ཏོ། །ལྷོ་ནི་ལྷོ་ནུབ་ཀྱི་མཚམས་ཏེ་དེ་ལ་རྡོ་རྗེ་ནི་སྙིང་རྗེ་དང་ཆུའི་ཁམས་དང། མཚན་མ་མེད་པའི་ངོ་བོ་བྲེ་བར་བྱའོ། །ནུབ་ཕྱོགས་ནི་ནུབ་བྱང་གི་མཚམས་སུ་པདྨ་ནི་དགའ་བ་དང། ་མེའི་ཁམས་དང། སྨོན་པ་མེད་པའི་རང་བཞིན་བྲི་བར་བྱའོ། །དེ་ཉིད་ཀྱི་ཕྱིར་ཁ་ཕྱེ་བ་ནི་དགའ་བའི་རང་བཞིན་ཡིན་པའི་ཕྱིར་རོ། །སྡོང་བུ་དང་བཅས་པ་ནི་ཚངས་པའི་གནས་རྒྱུན་མ་ཆད་པའི་ཕྱིར་རོ། །བྱང་ཕྱོགས་སུ་ནི་ཨུཏཔལ་མཛེས་ཏེ་སྒྲོལ་མའི ་ཕྱག་མཚན་ནོ། །ཐད?་ཤིང་སྤྲིན་དང་འདྲ་བའི་འོད་ཀྱིས་འཁྲིགས་པ་རིགས་དང་མཐུན་པས་བཏང་སྙོམས་དང། རླུང་གི་ཁམས་དང་མངོན་པར་འདུས་མ་བྱས་པའི་རྣམ་པར་དག་པ་བྲི་བར་བྱའོ། །དེ་བཞིན་དུ་ཤར་ཕྱོགས་ཀྱི་སྒོ་རུ་ཐོབ་ནི་ཉོན་མོངས་པའི ་སྒྲིབ་པའི་རི་བོ་འཇོམས་པར་བྱེད་པ་ཁྲོ་བོའི་ཕྱག་མཚན་ཡིན་པའི་ཕྱིར་འབར་བའི་འོད་གསལ་བ་སྟེ་རྣོ་བའོ། །ལྷོའི་སྒོ་རུ་བ་ཅོན་ནི་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པར་བྱེད་པ། རྡོ་རྗེ་དང་འབར་བ་ནི་དེ་དག་གིས་འོད་བཟང་བ་སྟེ། རྡོ་རྗེ་མཚན་པ་དང་འབར་བའི་རང ་བཞིན་ཡིན་པས་འོད་བཟང་བ་སྟེ། ཁྲོ་བོའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ནུབ་ཏུ་པདྨ་ནི་ལས་ཀྱི་སྒྲིབ་པ་དག་པར་བྱེད་པའི་ཕྱིར་ནུབ་ཕྱོགས་སུ་བྲིའོ། །བྱང་ཕྱོགས་ཀྱི་སྒོ་རུ་རྣམ་པར་སྨིན་པའི་སྒྲིབ་པ་དག་པར་བྱེད་པ་རྡོ་རྗེའོ། །བདུད་རྩི་འཁྱིལ་པ ་ཡང་ཡིན་ལ། རྡོ་རྗེ་ཅན་ཡང་ཡིན་པ་སྟེ་དེའི་བྲི་བར་བྱའོ་ཞེས་བསྐྱེད་པ་དང་རྫོགས་པའི་རིམ་པ་དག་གོ། དེ་ཡང་ཉེ་བར་མཚོན་པ་ཡིན་ཏེ། ནང་གི་འཁོར་ལོའི་ཕྱི་རོལ་གྱི་མཚམས་སུ་མེའི་ཕྱོགས་སུ་མེ་ལོང་དང། བདེན་བྲལ་གྱི་མཚམས་སུ་པི་བཾ་དང། རླུང་གི་མཚམS ་སུ་དྲིའི་ཕུང་པོ་དང། དབང་ལྡན་གྱི་མཚམས་སུ་རོ་སྣོད་དེ། བསྡུ་བའི་དངོས་པོ་བཞིའི་ངོ་བོ་རིགས་དང་རྗེས་སུ་མཐུན་པ་བྲིའོ། །ཕྱི་རོལ་གྱི་སྣམ་བུའི་ཆར་ཀླུའི་མེ་ཏོག་དང་འཁོར་ལོ་དག་གོ། ལྷོ་ཕྱོགས་ཀྱི་སྣམ་བུར་རྡོ་རྗེ་དང་རིན་པོ་ཆེའོ། །ནུབ་ཕྱོགས་ཀྱི་སྣམ་བུར ་བྲི་དང། པདྨ་ངག་གོ། བྱང་གི་སྣམ་བུར་རྡོ་རྗེ་ཨུཏཔལ་དང་རིན་པོ་ཆེ་བྲི་བར་བྱའོ། །དེ་དག་ནི་སྐྱེ་མཆེད་དྲུག་དང་ཀུན་རྫོབ་དང་དོན་དམ་པའི་རྣམ་པར་དག་པས་དགོད་པར་བྱའོ། །དེ་བཞིན་དུ་སྒོའི་གྲཝ་རྣམས་སུ་ལྕགས་ཀྱུ་དང་དབྱིག་པ་དང་རྩེ་གསུམ་དང་རལ་གྲིའོ། །འོག ་དང་སྟེང་དུ་རྡོ་རྗེ་དང་འཁོར་ལོ་རང་རང་གི་བདག་པོ་དང་མཚུངས་པ་མདོག་དང་ལྡན་པ་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱེད་པས་འོག་དང་མཐོ་རིས་རྣམ་པར་དག་པས་བྲི་བར་བྱའོ། །རྒྱ་ཆེར་ནི་ལེའུ་བཅུ་དྲུག་པ་ལས་བཤད་པར་བྱའོ། །དཀྱིལ ་འཁོར་དེ་ནི་རྡུལ་ཚོན་ནམ་མོས་པ་དང་ལས་དང་རྗེས་སུ་མཐུན་པའི་དབང་གིས་རྫས་གཞན་གྱིས་བྲི་བར་བྱའོ། །རྡོ་རྗེ་ཕྲེང་བ་ལས་ནི་སྐད་དུ་དེ་ནས་གཞན་ཡང་བཤད་བྱ་བ། དཀྱིལ་འཁོར་རྣམས་ནི་རིམ་ཇི་བཞིན། །གང་ཞིག་རྫས་ཀྱིས་ཅི་འདྲ་བ། །མཆོད ་བའི་དུལ་སུ?་རབ་ཏུ་བྱ། །ཆོ་ག་དང་ནི་རྫས་དབྱེ་པ། །མདོར་བསྡུས་བས་ནི་རྟོགས་པར་གྱིས། །བརྟགས་པ་དང་ནི་རྡུལ་ཚོན་དང། །བ་ཡུ་དང་ནི་ཆུ་དག་དང། །ཆང་དང་ཁྲག་དང་ག་བུར་དང། །གུར་ཀུམ་ཨ་ཀར་ཙན་དན་དང། །མར་དང་གི་བཾ ་ཐལ་བ་དང། །སྦྲང་རྩི་དང་ནི་གུར་ཅུ་དང། །གཞན་ཡང་ལྷ་མོ་རྒྱ་སྐྱེགས་ཀྱི། །ཁུ་བ་ཡིས་ནི་བྲི་བར་བྱ། །དཀྱིལ་འཁོར་རྣམ་པ་བཅུ་དྲུག་ནི། །རིམ་པ་ཡིས་ནི་བཤད་པ་ཡིན། །རེ་རེ་ཡི་ནི་ཚད་དང་ནི། །བཞིན་བཟང་མ་ཀྱེ་བཤད་པར་བྱ། །རྟག ་པ་ཅི་མཛད་བྱང་བ་སྟེ། །རྡུལ་ཚོན་གྱིས་ནི་ཁྲུ་གཅིག་པ། །སོར་ནི་སུམ་ཅུ་དྲུག་དང་ནི། །བ་ཡུ་ཡིས་ནི་དཀྱིལ་འཁོར་བྱ། །ཆུས་ནི་སོར་ནི་ཉི་ཤུ་གཉིས། །ཆང་གིས་ཉི་ཤུ་རྩ་བཞི་བྱ། །དེ་ནས་ཁྲག་གིས་སོར་བཅུ་བྱ། །ག ་བུར་གྱིས་ནི་སོར་བཅུ་དྲུག། གུར་ཀུན་གྱིས་ནི་ཉི་ཤུ་བཞི། ། ཀ་རུ་ཡིས་བཅུ་གཉིས་སོ་།ཙན་དན་གྱིས་ནི་བཞི་དང་ལྔ། །མར་གྱིས་ཀྱང་ནི་བཅུ་གསུམ་སྟེ། །གི་བཾ་གིས་ནི་སོར་བརྒྱད་པ། །ཐལ་བ་ཡིས་ནི་སོར་དྲུག་བྱ། །སྦྲང་རྩི་བུ་རབ་ཀྱིས་བཞི་པ། ། ་རྒྱུ་སྐྱེགས་ཁུ་བས་སོར་གསུམ་བྱ། །དེ་ལྟར་སོར་གྱི་ཚད་ཙམ་ནི། །བྱ་ཡི་བསྡུམ་པ་གཞན་དུ་མིན། །དེ་ལྟར་རྡོ་རྗེ་བསྟན་པ་ལ། །དཀྱིལ་འཁོར་ཡང་ནི་བྲི་བར་བྱ་ཞེས་འབྱུང་ངོ། །ཡང་དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཐུགས་ཀྱི་དཀྱིལ་འཁོར་ནི། ཐུགS ་ཀྱེ་གཞི་ཡིན་པས་ན་ཐུགས་ཀྱི་དཀྱིལ་འཁོར་རོ། །ཇི་ལྟ་བུ་ཞེ་ན་མཆོད་རྟེན་དཀྱིལ་འཁོར་བ་མ་ལུས་པའི་རང་བཞིན་ནོ། །ཐུགས་རྡོ་རྗེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་འདྲ་བ་སྟེ་དེའི་ངོ་བོའོ། །དེ་བས་ན་སྐུ་གསུང་ཐུགས་ཀྱི་རིགས་ཅན་ལྷ་ཀུན་གྱི་རྟེན ་དུ་གྱུར་པའི་ཕྱིར་སྐུ་དང་གསུང་དང་ཐུགས་རྣམས་ཀྱི་དཀྱིལ་འཁོར་རོ། །སར་པ་ནི་དེ་བཞིན་གཤེགས་པ་ལྔ་དང་ལྷ་མོ་བཞི་སྟེ་ཕུང་པོ་དང་ཁམས་ཀྱི་རང་བཞིན་ནོ། །ཚད་མ་རབ་ཏུ་ཚངས་པའི་གནས་བཞི་དང། གཟུགས་རྡོ་རྗེ་མ་ལ་སོགས་པ་སྐྱེ ་མཆེད་དང་ལྡན་པའི། །མཛེས་པ་ནི་རེག་བྱ་རྡོ་རྗེ་དང་ལྡན་པའོ། །ལུས་ངག་སེམས་ནི་སྐུ་གསུང་ཐུགས་ཀྱི་རང་བཞིན་གྷསེགས་པ་གསུམ་སྟེ། དེ་དག་གིས་ཐིག་བཏབ་པ་ནི་ཉེ་བར་བསྡུ་བར་བྱའོ། །དེ་ལྟ་བུའི་སེམས་ཀྱི་གཞི་སྐུའི་དཀྱིལ ་འཁོར་ཁྲུ་བཅུ་གཉིས་ནི། ཕྱི་དང་ནང་གི་སྐྱེ་མཆེད་བཅུ་གཉིས། ལྷ་མོ་དང་བྱང་ཆུབ་སེམས་དཔའ་ངོ་བོར་ཚད་དུ་བྱ་བར་ནི་དེའི་མོས་པ་དམིགས་པར་བྱའོ། །ངོས་བཞི་ནི་ལག་པ་གཉིས་དང་རྐད་པ་གཉིས་ཏེ། མི་གཡོ་བ་དང་འདོད་པའི་རྒྱལ་པོ་དང། ་དབྱིག་པ་སྔོན་པོ་ཅན་དང། སྟོབས་པོ་ཆེའི་རང་བཞིན་ནོ། །གྲཝ་བཞི་ལྡན་པ་ནི་རྐང་པའི་མཐིལ་དང། སྤྱི་བོ་དང་ཁམས་དྲུག་གི་ངོ་བོ་གོང་བུ་དང། ཡན་ལག་ཐམས་ཅད་ཀྱི་ཚིགས་ཏེ། གནོད་མཛེས་ཀྱི་རྒྱལ་པོ་དང། གཙུག་ཏོར་དང། སྒྲིབ་པ་ཐམས་ཅད་རྣམ ་པར་སེལ་བ་དང། ཀུན་ཏུ་བཟང་པོའི་ངོ་བོའོ། །སྒོ་བཞི་པ་ནི་མཆན་ཁུང་གཉིས་དང། ཁ་དང་གསང་བའི་གནས་ཏེ། གཤིན་རྗེ་མཐར་བྱེད་དང། ཤེས་རབ་མཐར་བྱེད་དང། པདྨ་མཐར་བྱེད་དང། བགེགས་མཐར་བྱེད་ཀྱི་ངོ་བོའོ། །དེའི་དབུས་སུ་འཁོར་ལོ་ནི ་ཞེས་བྱ་བ་ལ་སོགས་པ་ལ། དེའི་དབུས་ནི་ལུས་ཀྱི་ནང་དུ་འཁོར་ལོ་ནི་རྩའི་འཁོར་ལོ་སྟེ། རབ་ཏུ་ནི་ཡན་ལག་ཐམས་ཅད་ཁྱབ་པར་བྱེད་པ། ཟླུམ་པོ་ནི་བྱང་ཆུབ་སེམས་དཔའ་བྱམས་པའི་ངོ་བོར་བྲི་བ་ནི་ཤེས་པར་བྱ་བའོ། །ཕྱག་རྒྱ་ནི་ཁམས་རྣམས་ཏེ། དགོད ་པ་ནི་ལས་ཀྱི་ཆོ་ག་མཐོང་བས་ཏེ། རྣམ་པར་དག་པའི་རིམ་པ་ཉེ་བར་མཚོན་པས་ཤེས་པར་བྱའོ། །དེ་ཉིད་བཤད་པར་བྱ་སྟེ། དེ་དབུས་རྡོ་རྗེ་བྲི་བ་ལ་ཞེས་བྱ་བ་ལ། དེ་དབུས་ནི་སྐུའི་དཀྱིལ་འཁོར་གྱི་དབུས་ཏེ། རྩ་དབུས་མའི་གནས་སུ་རྡོ་རྗེ་ནི་འཆང་སྟེ་མི་བསྐྱོད་པའི ་ངོ་བོའོ། །ིནྡྲ་ནཱི་ལ་ནི་ཁ་དོག་དང་འདྲ་ཞེས་བྱ་བ་ལ། རྩའི་ཁོང་སྟོང་དུ་ནམ་མཁའ་ཨི་ཁ་དོག་དང་འདྲ་བར་ཤེས་པར་བྱའོ། །རྩ་དེ་ཉིད་ཀྱང་འབར་བ་ཆེན་པོ་ནི་མཆོག་ཏུ་དགའ་བ་སྟེར་བར་བྱེད་པ་དང། རྩེ་ལྔ་པ་ནི་ཡལ་ག་ལྔ་དང་ལྡན་པའོ། །གཞན་ཡང་འཇིགས ་པ་དག་ནི་ཀུན་རྫོབ་ཀི་རྣམ་པར་རྟོག་པ་སྟེ། དེ་ཡང་རབ་འཇིགས་བྱེད་པ་ནི་འཇིགས་པར་བྱེད་དོ། །ཤར་ཕྱོགས་སུ་ནི་ལྷ་སྦྱིན་མའི་རྩ་རུ་འཁོར་ལོ་ཆེན་པོ་ནི་ཤ་ཆེན་ཏེ། རྡོ་རྗེ་འབར་བ་ནི་དོན་ཡོད་གྲུབ་པའི་འོད་ཟེར་ཏེ། དེ་རྣམས་ཀྱིས་རྣམ་པར་བརྒྱན་པ་ནི་དེའི ་ངོ་བོར་བསྒོམ་པར་བྱའོ། །ལྷོ་ཕྱོགས་སུ་ནི་ལྷོའི་རྩ་རུ་རུས་སྦལ་མ་ལ་རིན་ཆེན་ཆེན་པོའི་ཁྲག་སྟེ། འོད་ཟེར་མང་པོ་ནི་རིན་ཆེན་འབྱུང་ལྡན་གྱི་འོད་ཟེར་རྣམས་ཀྱིས་འཁྲིགས་པ་ནི་དེའི་ངོ་བོར་བསྒོམ་པར་བྱའོ། །དེ་བཞིན་དུ་ནུབ་ཀྱི་ཕྱོགས་སུ་ནི་ནོར་རྒྱལ་མའི ་རྩ་ལ། པདྨ་ཆེན་པོ་ནི་བཤད་པ་ཆེན་པོ་སྟེ། པདྨ་རཱ་ག་ནི་རྣམ་པར་སྣང་མཛད་དེ་།དེའི་ཁ་དོག་དང་འདྲ་བ་ནི་དེའི་ངོ་བོར་བསམ་པར་བྱའོ། །དེ་བཞིན་དུ་བྱང་ཕྱོགས་སུ་ནི་རྩ་གཡོན་པ་ལ་ཟླ་བ་མ་ལ་རྣམ་པར་རྟོག་པ་གཅོད་པའི་ཕྱིར་།རལ་གྲི་ཆེན ་པོ་ནི་ཀུན་རྫབ?་བྱང་ཆུབ་སེམས་ཀྱི་སེམས་ཏེ། འོད་ཟེར་འབར་བ་ནི་སྣང་བ་མཛའ་ཡས་ཀྱི་སྣང་བ་སྟེ། དེ་རྣམས་ཀྱིས་འཁྲིགས་པ་ནི་དེའི་ངོ་བོ་ཉིད་དུ་བསྒོམ་པར་བྱའོ། །དེ་བཞིན་དུ་ཤར་གྱི་གྲཝ?་ནི་དགོངས་པའི་བཤད་པས་མིག་གཡོན་པ་ལ་སྤྱན་ནི་དེ་ཉིད་ཀྱི་དྲི་མ་སྟེ། ་དབུས་ན་སྤྲིན་དང་འདྲ་བ་ནི་འཕགས་པ་རྡོ་རྗེ་རོ་ལངས་མའི་ངོ་བོ་ཉིད་དུ་བསྒོམ་པར་བྱའོ། །མིག་གཡས་པ་ལ་རྡོ་རྗེ་ནི་ཡིག་གཡས་པའི་རྒྱུ་བ་མཱ་མ་ཀཱིའི་རིགས་ནི་འཕགས་མ་གཞན་གྱིས་མི་ཐུབ་མ་ལས་འབྱུང་བ་ནི་དེའི་ངོ་བོ་ཉིད་དུ་བསམ་པར་བྱའོ། །ནུབ་ཕྱོགས ་སུ་ཤེས་པ་ནི་སྔ་མ་བཞིན་དུ་རྣ་བ་གཡོན་པ་ལ་པདྨ་ནི་དེ་ཉིད་ཀྱི་དྲི་མ་སྟེ། ཁ་ཕྱིར་སྒོང་བུར་བཅས་པ་ནི་འཕགས་མ་ཁྲོ་གཉེར་མའི་ངོ་བོར་བསྒོམ་པར་བྱའོ། །བྱང་ཕྱོགས་ནི་རྣ་བ་གཡས་པ་ལ་ཨུཏཔལ་ནི་དེ་ཉིད་ཀྱི་དྲི་མ་སྟེ་། མཐིང་ག་སྤྲིན་དང་འདྲ་བ་ནི་འཕག ་མ་རལ་པ་གཅིག་པའི་ངོ་བོ་ཉིད་བསམ་པར་བྱའོ། །ཤར་ཕྱོགས་ནི་རྡོ་རྗེ་སྟེ་དེར་རྡོ་རྗེས་འཛིན་མ་སྟེ་དེའི་དྲི་མའི་ངོ་བོར་བསམ་བར་བྱའོ། །ལྷོ་ཕྱོགས་ཀྱི་སྒོ་ནི་ལྟེ་བ་སྟེ་དེ་ལ་རྡོ་རྗེ་ལུ་གུ་རྒྱུད་ཡིན་ལྟེ་བའི་དྲི་མའི་ངོ་བོར་བསམ་པར་བྱའོ། །ནུབ་ཕྱོགས ་ཀྱི་སྒོ་ནི་བཤད་སྒོ་སྟེ། དེ་ལ་རྡོ་རྗེ་སྐེ་རགས་མ་ནི་དེའི་དྲི་མའི་ངོ་བོར་བསམ་པར་བྱའོ། །བྱང་ཕྱོགས་ཀྱི་སྒོ་ནི་རྒྱབ་སྟེང་ལ་རིན་ཆེན་སྒྲོལ་མ་ནི་དེའི་དྲི་མའི་ངོ་བོར་བསམ་པར་བྱའོ། །དེས་ནི་འདི་བཤད་པ་ཡིན་ཏེ། ཐོབ་པ་ལ་སོགས་པས་ཉེ་བར་མཚོན ་བའི་མི་གཡོ་བ་ལ་སྲོགས་པའི་བཙུན་མོ་རྣམས་ཀྱི་རང་བཞིན་དུ་དྲི་མ་རྣམས་ནི་སྐུའི་དཀྱིལ་འཁོར་ལ་བསྒོམ་པར་བྱའོ། །དེའི་ཕྱིར་ཐམས་ཅད་རྣམ་པར་དག་པ་དང། སེམས་ཀྱི་ངོ་བོ་སྐུའི་དཀྱིལ་འཁོར་རྣལ་འབྱོར་བས་བསམ་པར་བྱ་སྟེ་རྫོགས་པའི ་རིམ་པའོ། །ཡོངས་སུ་གསལ་བར་ཤེས་བྱས་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟ་བུའི་ཐུགས་ཀྱི་དཀྱིལ་འཁོར་ཡོངས་སུ་གསལ་བ་ནི་བསྒོམ་པའི་སྟོབས་ཀྱིས་མངོན་དུ་གྱུར་པ་སྟེ། སངས་རྒྱས་ཀྱི་མཆོད་པ་ནི་ཕྱི་དང་ནང་དང་གསང་བའི་མཆོད་པས་མཆོད་པར ་བྱའོ། །ཞེས་ཚིག་གི་ལྷག་མའོ། །ནན་ཏན་དུ་ཞེས་པ་ནི་བརྩོན་འགྲུས་ཀྱིས་སོ། །ཇི་ལྟར་ཞེ་ན། ལུས་ངག་དག་སེམས་མཆོད་པ་ཡིས་ཤེས་པ་ནི་དེ་དག་གསུམ་པོ་བྱིན་གྱིས་བརླབས་པས་སོ། །མཆོད་པ་གསུམ་གྱི་ནང་ན་གསང་བའི་མཆོད་པ་ནི་བླ་ན ་མེད་པའི་ཕྱིར་བཤད་པར་བྱ་སྟེ། བུད་མེད་རབ་ཏུ་མདངས་བཟང་བ་ཞེས་བྱ་བ་ལ་སོགས་པ་ལ། ལོ་གྲངས་བཅུ་དྲུག་པ་ནི་བཅུ་དྲུག་ལོན་པ་སྟེ། གཞོན་ནུ་མའི་ཕྱིར་དགའ་བ་མི་འཇིགས་པས་བླང་བར་གྱུར་པའོ། །བུད་མེད་ནི་གདོལ་པ་དང། ཁྲུས ་མཁན་དང། གང་མཁན་གྱི་བུ་མོ་སྟེ། རང་གི་རིགས་དང་མཐུན་པའོ། །གཟུགས་དང་མདངས་ལ་སོགས་པའི་ཕུན་སུམ་ཚོགས་པས་བཟང་བ་སྟེ་གསལ་བར་གྱུར་པའོ། །རང་བཞིན་གྱིས་མཛེས་པ་ཉིད་བསྟན་ནས། བཏགས་པའི་མཛེས་པ་བརྟན ་པར་བྱ་སྟེ། དྲི་དང་མེ་ཏོག་ནི་གུར་ཀུམ་དང་སིཧལ་ཀ་དང་ཙམ་པ་ཀ་ལ་སོགས་པས་བརྒྱན་ཅིང་དེའི་དབུས་སུ་ནི་འདས་མ་ཐག་ཏུ་བཤད་པའི་དཀྱིལ་འཁོར་གྱི་དབུས་སུའོ། །མཉེས་པར་བྱ་བ་ནི་གསང་བའི་མཆོད་པས་མཆོད་པར་བྱའོ། །ཇི་ལྟར་ཞེ ་ན། སངས་རྒྱས་ཞི་བའི་གནས་སྤྲོས་པས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པའི་ཨོཾ་ལ་སོགས་པའི་ས་བོན་ལྔ་པོ་སྤྱི་བོ་དང། ལྐོག་མ་དང་སྙིང་ཁ་དང་ལྟེ་བ་དང། རྐེད་པ་དང། གསང་བའི་གནས་བྱིན་གྱིས་བརླབས་ནས་སོ། ། ་ཤེས་རབ་ཅན་ནི་སྔགས་དགོས་?་པས་སོ། །བུད་མེད་དེ་ཇི་ལྟ་བུ་ཡིན་ཞེ་ན། མཱ་མ་ཀཱི་ཞེས་པ་ནི། མཱ་མ་ཀཱི་ནི་རྣམ་པས་རྫོགས་པ་དང། ཡོན་ཏན་ན་དེད་པ་ལ་སོགས་པ་སྟེ། དེ་ཉིད་སྐེ་རགས་ནི་རྒྱན་གང་ལ་ཡོད་པ་དེ་ནི་ཡོན་ཏན་སྐེ་རགས ་མཱ་མ་ཀཱིའོ། །ཡང་ན་ཡོན་ཏན་ནི་བྱང་ཆུབ་ཀྱི་སེམས་རྒྱུ་བ་ལ་སོགས་པ་དང། བདེ་བའི་སྒྲ་དང། སེན་མོ་འདེབས་པ་དང། འཁྱུད་པ་དང་ཙུམ་པ་ལ་སོགས་པ་ལ་མཁས་པ་སྟེ། བུད་མེད་ཀྱི་མཚན་ཉིད་ནི་རྐེད་པ་ཕྲ་བ་དང། སྨད་ཤ ་ཤིན་ཏུ་རྒྱས་པ་ལ་སོགས་པ་སྟེ། དེ་རྣམས་ཉིད་སྐེ་རགས་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་རྗེས་ལ་ལས་དང་དམ་ཚིག་དག་ལས་དེ་ལྟ་བུའི་གང་ཡང་རུང་བ་ཕྱག་རྒྱ་མ་དང་ཡང་དག་པར་སྦྱོར་ལ། དགའ་བ་ལ་སོགས་པའི་རིམ་གྱིས་ལྷན ་ཅིག་སྐྱེས་པ་ཉམས་སུ་མྱོང་ཞིང་རང་གི་དོན་བྱས་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་འཕེལ་བར་བྱ་བའི་ཕྱིར་དཀྱིལ་འཁོར་མཆོད་པར་བྱ་སྟེ། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ་ལ་སངས་རྒྱས་ནི་དེ་བཞིན་གཤེགས་པའི་བདག་ཉིད་ཕུང ་པོ་སྟེ། དེ་རྣམས་ཀྱི་གནས་ནི་རོ་གཅིག་པར་གྱུར་པའི་མཚན་ཉིད་ཅན་ཀུན་རྫོབ་ཀྱི་ཁམས་ཐ་མ་སྟེ། ཞི་བ་ནི་ཞི་བའི་ངོ་བོ་ཡིན་ནོ། །ནམ་མཁའ་ཨི་དབྱིངས་ནི་པདྨའི་ནམ་མཁའ་ལ་རྒྱན་དུ་གྱུར་པ་སྟེ། དེའི་དབང་གི་པདྨ་མཛེས་པ་ཡིན་ཏེ། གཞན་དུ་ནི ་མ་ཡིན་ནོ། །ཇི་སྐད་དུ་ཇི་བཞིན་པད་མཚོ་ཡིད་དགའ་བ། །དང་པའི་ཕྲེང་བ་རྣམས་ཀྱིས་མཛེས། །དེ་བཞིན་པད་ཁོང་ཡིད་དགའ་བ། །བྱང་ཆུབ་སེམས་ཀྱིས་མཛེས་པ་ཡིན་ཞེས་འབྱུང་ངོ། །གདན་བཞི་ལས་ཀྱང་ཟླ་བ་མེད་པས་མཚན་མོ་ཡིན། ་མི་མཛེས་ཟླ་བ་མཚན་མེད་པས་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ། །དེ་ནས་དེ་ཉིད་པདྨའི་སྣོད་དུ་བླངས་ཏེ། བཤད་པ་ལ་སོགས་པ་རྫས་བཞི་པོ་དང་བསྲེས་ལ་སྔགས་རྣམས་ཀྱིས་བྱིན་གྱིས་བརླབ་སྟེ། ལྷ་རྣམས་ནི་དཀྱིལ་འཁོར་པ ་རྣམས་ལ་ཕུལ་བར་བྱས་ནས། བདག་ཉིད་ཀྱིས་ཀྱང་སྤྱོད་པར་བྱའོ། །འབྲས་བུ་བསྟན་པར་བྱ་སྟེ། དེ་ལྟར་བྱས་ནས་སངས་རྒྱས་ནི། །དཀྱིལ་འཁོར་པ་རྣམས་དང། བྱང་ཆུབ་སེམས་དཔའ་ཨི་དཀྱིལ་འཁོར་རྣཾས་ཏེ། དེ་རྣཾས་གྲཌ?་ཆེན་མཉེས་ཤེས་པ་ནི་གྲ? ་པ་ཆེན་པོ་དང་ལྡན་པ། མཉེས་པ་ནི་དགྱེས་པར་འགྱུར་རོ། །སྒྲུབ་པ་པོ་ལ་མཆོག་དང་ཐ་མ་དང་པོའི་དངོས་གྲུབ་སྟེར་བར་གྱུར་པའོ། །བདག་གི་ཡང་སངས་རྒྱས་ནི་ཕུང་པོ་དང། བྱང་ཆུབ་སེམས་དཔའ་ནི་མིག་ལ་སོགས་པའི་དབང་པོ་རྣམས་ཏེ། ་དེ་ལྟར་བྱས་ནས་མཉེས་པ་ནི་རྒས་པ་དང་ཤི་བ་དང་སྐྲ་ལ་སོགས་པའི་ནད་རྣམས་ཀྱིས་གྲོལ་བར་འགྱུར་རོ། །གྲོགས་ཆེན་ནི་དུས་རིང་པོར་གནས་པར་འགྱུར་རོ། །པདྨའི་རྩེ་མོའི་རྩེ་མོ་རྒྱུད་ཆེན་པོ་ལས་ཀྱང། དེ་ལྟར་ཉམས་སུ་མྱོང་བས་ནི། སངས ་རྒྱས་ཀུན་གྱི་རང་བཞིན་ཉིད། །བདུད་རྩི་ལྔ་ནི་ལོ་གཅིག་གམ། །ཟླ་རེ་ཟླ་ཕྱེད་ཉིན་རེ་འམ། །རྒས་པ་མེད་ཅིང་སྐྲ་དཀར་མེད། །དེ་བཞིན་དུས་མིན་ཤི་བ་མེད། །འཇིག་རྟེན་དབང་ཕྱུག་བཞིན་དུ་ནི། །ཚེ་དང་ནད་མེད་ན་སོས་འགྱུར་ཞེས ་འབྱུང་ངོ། །དེ་ནི་སྒྲུབ་པའོ། །ཡང་ན་ཡོངས་སུ་གསལ་པ་ནི་ཤིན་ཏུ་གསལ་པ་སྟེ། ཐུགས་ཀྱི་དཀྱིལ་འཁོར་ནི་རྣམ་པར་ཤེས་པ་གསུམ་གྱི་འཁོར་ལོ་སྟེ། དེ་ཤེས་ནས་མཆོག་ནི་འདི་གསལ་བ་སྟེ། དེ་ཉིད་ཀྱིས་མཆོད་པ་ནི་རྣམ་པར་ཤེས ་པ་གསུམ་མི་སྣང་བར་བྱའོ། །ཇི་ལྟར་ཞེ་ན། ལུས་དང་ངག་སེམས་མཆོད་པ་ཡིས་ཞེས་པ་ནི་ལུས་ངག་ཡིད་ཀྱི་རྒྱུད་གྱུར་པའི་རང་བཞིན་གྱི་ཚོགས་ཉེ་བར་བསྡུས་ནས་སོ། །རིམ་པ་བཤད་པར་བྱ་སྟེ། ལོ་གྲངས་བཅུ་དྲུག་ཅེས་བྱ་བ་ལ་སོགས ་པ་ལ། སྔར་བཤད་པའི་སྐད་ཅིག་མ་བཅུ་དྲུག་དང་ལྡན་པའོ། །སྣང་བ་ཆུང་བ་ལ་སོགས་པའི་ཡེ་ཤེས་ཀྱི་རིམ་པས། བུད་མེད་ནི་དམིགས་པ་མེད་པའི་ཤེས་རབ་ཀྱི་ངོ་བོ་འོད་གསལ་བ་ཐོབ་ནས་དེ་ལ་ཞུགས་ཏེ། མདངས་ནི་ཟླ་བ་ལ་སོགས་པའི་སྣང ་བ་དང་བྲལ་བ་། རང་བཞིན་གྱིས་དག་པའི་མི་གོས་པའི་སྣང་བས། བཟང་པོ་ནི་འོད་གསལ་བའོ། །དྲི་ནི་སེམས་འཁྲུགས་པར་བྱེད་པའི་འདོད་ཆགས་དང་འདོད་ཆགས་བྲལ་བ་དག་གོ། མེ་ཏོག་ནི་ཞི་བ་སྟེ། འདོད་ཆགས་དང་བྲལ་བའོ། །དེ་དག་གིས ་བརྒྱན་ཏེ་ཞེས་པ་ནི། དེ་དག་དང་བྲལ་བར་བྱས་ལ། དེའི་དབུས་སུ་ནི་དེ་དག་གི་ནང་དུ། མཉེས་པར་བྱ་བ་ནི་ཉམས་སུ་མྱོང་བར་བྱའོ། །དེ་ལྟ་བུའི་འོད་གསལ་བའི་ཡེ་ཤེས་བྱིན་བརླབས་ནི་མངོན་དུ་བྱ་བའོ། །ཇི་ལྟར་ཞེ་ན། མཱ་མ་ཀཱི ་ནི་ཟླ་བ་དང་རྗེས་སུ་འཇུག་པའི་དབྱངས་དག་གོ་།ཡོན་ཏན་ནི་ཉི་མཆོག་དྲག་དག་གོ། སྐེ་རགས་ནི་དེ་གཉིས་ཀ་དང་བྲལ་བའི་དུས་མཚམས་ཀྱི་སྣང་བ་སྟེ་།དེའི་རིམ་པའོ་ཞེས་ཚིག་གི་ལྷག་མའོ། །སངས་རྒྱས་ཀྱི་གནས་ནི་ཡེ་ཤེས་གསུམ་སྟེ། དེ་ཉིད ་སྤྲོ་བ་ནི་སྤང་པར་བྱའོ། །ནམ་མཁའ་དབྱིངས་ནི་འོད་གསལ་བ་སྟེ། དེ་ཉིད་བླང་བར་བྱ་བའི་ཕྱིར་བརྒྱན་ཏེ། དེ་ནི་བླང་བར་བྱའོ་ཞེས་ཚིག་གི་ལྷག་མའོ། །བཤད་བ་ཞེས་པ་ནི་ཡུལ་རྣམས་སོ། །གཅི་བ་ཞེས་བྱ་བ་ནི་དབང་པོ་རྣམས་སོ། །ཁྲག་ནི ་འདོད་ཆགས་སོ། །ཁུ་བ་ལ་སོགས་པ་གཞན་མ་རྣམས་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་སྟེ་། དེ་རྣམས་ལྷ་རྣམས་ལ་ནི་དབུལ་བར་བྱ་ཞེས་བྱ་བ་ལ། ལྷ་རྣམས་ཞེས་བྱ་བའི་མང་པོའི་ཚིག་ནི་བསྙེན་བཀུར་བྱ་བའི་ཕྱིར་རོ། །དེ་བས་ན་ལྷ་ནི་ལྷ ་ཀུན་སྐྱེད་པའི་རྫ་སྟེ་འོད་གསལ་བ་ལ་དབུལ་བར་བྱ་བ་ནི་བསྡུ་བར་བྱའོ། །དེ་ལྟར་བྱས་ན་སངས་རྒྱས་ནི་རྣམ་པར་ཤེས་པ་གསུམ་དང། བྱང་ཆུབ་སེམས་དཔའ་ནི་རང་བཞིན་བརྒྱ་དྲུག་ཅུ་སྟེ། དེ་རྣམས་མཉེས་པ་ནི་ཐོབ་པར་འགྱུར་བ་དང། གྲགས་ཆེན ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཐོབ་པར་གྱུར་པ་སྟེ། སེམས་རྣམ་པར་དག་པའི་རིམ་པའོ། །ཡང་ཡོངས་སུ་གསལ་བ་ཞེས་བྱ་བ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཐུགས་ནི་ལུས་ཏེ་དེ་ཉིད་ཀྱི་དཀྱིལ་འཁོར་ནི་བཞི་སྟེ། ས་དང་ཆུ་དང་མེ་དང་རླུང ་རྣམས་ཀྱི་དཀྱིལ་འཁོར་ཡོངས་སུ་གསལ་བ་ནི་དམར་པོ་ལ་སོགས་པའི་སྣང་བ་དང་ལྡན་པ་ཤེས་ནས་མཆོད་པར་བྱ་བ་ནི་སྒྲོ་བར་བྱའོ། །ནན་ཏན་དུ་ཞེས་པ་ནི་སྲོག་དང་རྩལ་བའི་རླུང་དག་གཡས་པ་ལ་སོགས་པའི་དབྱེ་བས་རྒྱུ་བའོ། །ལུས་ངག ་དག་སེམས་མཆོད་པའི་ཞེས་པ་ནི་སྐུ་ལ་སོགས་པའི་རང་བཞིན་ལྷ་མོ་སྤྱན་ལ་སོགས་པའི་བྱིན་གྱིས་བརླབས་པས་སོ། །ཇི་སྐད་དུ། པདྨའི་མགོན་པོ་འདིར་ལྷ་ཡིན་ཞེས་བྱ་བ་ལ་སོགས་པ་འབྱུང་བའི་ཕྱིར་རོ། །ལོ་གྲངས་བཅུ་དྲུག་ཅེས་པ་ནི་དཀྱིལ་འཁོར་རེ ་རེ་ལ་ས་ལ་སོགས་པའི་དབྱེ་བས་དབྱེ་བ་བཞི་ཡིན་པས་བཅུ་དྲུག་གོ་།ཡང་ན་ཉིན་མོ་དང་མཚན་མོར་ཐུན་ཕྱེད་ཕྱེད་དབྱེ་བའི་དུས་སུ་བྱུང་བས་ཐུན་བརྒྱད་ནི་བཅུ་དྲུག་ཏུ་འགྱུར་རོ། །དེ་ལྟ་བུའི་བུད་མེད་ནི་དུས་ཏེ། མདངས་ནི་དམར་པོ་ལ་སོགས་པའི་འོད་ཟེར་གྱི ་ཚོགས་ཀྱིས་བཟང་བ་ནི་གསལ་བར་གྱུར་པ་སྟེ། དེ་ལ་བརྟེན་ནས་དྲི་དང་མེ་ཏོག་ནི་གཡོན་དང་གཡས་པའི་སྣ་ཁུང་གིས་བརྒྱན་པོ་ནི་སྤྲོ་བར་བྱས་ལ་གཡོན་དང་གཡས་ཀྱི་སྤྲོ་བ་དེ་ཉིད་ཀྱི་དབུས་ནི་དལ་བུས་དང་གཉི་གའི་རྒྱུ་བ་བྱས་ལ་མཉེས་པར་བྱ་བ་ནི་སྤྲ? ་བར་བྱའོ། །དེ་ལྟ་བུའི་བྱིན་གྱིས་བརླབས་ལ་མཱ་མ་ཀཱི་ནི་གདོང་གི་སྣ་སྟེ། དེ་ཉིད་ཀྱི་ཡོན་ཏན་ནི་རྩེ་མོ་སྟེ་དེར་སྐེ་རགས་ནི་གནས་པ་སྟེ། ཤེས་རབ་ཅན་ནི་དྲུང་གི་དེ་ཁོ་ན་ཉིད་ཤེས་པས་བསྒོམ་པར་བྱ་བའོ། །དེ་ལས་ཀྱང་སངས་རྒྱས་ཀྱི་གནས་ནི་དེ ་བཞིན་གཤེགས་པའི་ཚོགས་སེམས་ཅན་གྱི་དོན་དུ་སྤྲོ་བར་བྱའོ། །ཇི་ལྟ་བུ་ཞེ་ན། ནམ་མཁའ་ཨི་དབྱིངས་ནི་ནམ་མཁའ་ཨི་?་ཏེ་དེ་བརྒྱན་པར་གྱུར་པའོ། །དེ་ནས་ཉེ་བར་བསྡུས་ལ་བཤད་གཅི་ཁུ་བ་ཁྲག་ལ་སོགས་པ་ཞེས་པ་ནི་དེ་བཞིན་གཤེགས་པ ་བཞིའི་ངོ་བོ་དཀྱིལ་འཁོར་དེ་རྣམས། ལྷ་རྣམས་ནི་སྤྱན་ལ་སོགས་པ་ལ་དབུལ་བར་བྱ་བ་ནི་དེའི་ངོ་བོར་བསྒོམ་པར་བྱའོ། །དེ་ལྟར་བྱས་ནས་སངས་རྒྱས་ནི། སེམས་ཅན་ཐམས་ཅད་མཉེས་པ་ནི་ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་ཀྱི་ནུས་པས་ནད་མེད ་པར་གྱུར་པའོ། །དེ་བཞིན་དུ་བྱང་ཆུབ་སེམས་ནི་བདག་གི་སེམས་ཀྱི་སྐད་ཅིག་མ་སྟེ། དེ་རྣམས་ཀྱང་གྲགས་ཆེན་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་གསུམ་དུ་ཤེས་པར་གྱུར་ཏེ་། ཚིག་གི་དོན་ཏེ། དེ་ནི་རྡོ་རྗེ་བཟླས་པའི་རིམ་པའོ། །ཡང ་ན་ཐུགས་ཀྱི་དཀྱིལ་འཁོར་ནི་འོད་གསལ་བ་ཞེས་ནས་ནན་ཏན་དུ་སེམས་ཅན་གྱི་དོན་བྱ་བའི་ཕྱིར་། མཆོད་པ་ནི་སྤྲོ་བར་བྱེད། འོད་གསལ་བ་ལས་ཅིག་ཆར་དུ་སྒྱུ་མ་ལྟ་བུའི་སྐུ་སྤྲོ་བར་བྱའོ། །ལུས་ནི་སྤྲུལ་པའི་སྐུའོ། །ངག་ནི་ལོངས ་སྤྱོད་རྫོགས་པའི་སྐུའོ། །སེམས་ནི་ཆོས་ཀྱི་སྐུ་སྟེ་དེ་རྣམས་མཆོད་པ་ནི་གཟུང་བ་སྟེ་སྐུ་གསུམ་གྱི་བདག་ཉིད་སྒྱུ་མའི་སྐུ་བླང་བར་བྱའོ་ཞེས་སྟོན་ཏོ། །ཇི་ལྟ་བུ་ཞེ་ན། བུད་མེད་ནི་ཕྱག་རྒྱ་ཆེན་པོའོ། །ལོ་གྲངས་བཅུ་དྲུག་ལོན་པ་ནི་སྒྱུ་མའི་དཔེ་བཅུ ་གཉིས་དང་ཕྱག་རྒྱ་བཞི་ཉེ་བར་མཚོན་པའོ། །དེ་ལྟ་བུ་ཐོབ་ནས་མདངས་ནི་འཇའ་ཚོན་ལྟ་བུ་ཁ་དོག་དང་ལྡན་པ་དང། དྲི་དང་མེ་ཏོག་ནི་ཡེ་ཤེས་སེམས་དཔའ་དང། དམ་ཚིག་སེམས་དཔའ་དག་གིས་བརྒྱན་པ་ཁྱབ་པར་བྱས་ལ་དེའི་དབུས་སུ་ནི་འོད ་གསལ་བའི་དབུས་སུ་མཉེས་པར་བྱ་བ་ནི་བཞུགས་པར་བྱའོ། །རབ་ཏུ་བྱེད་པ་ལས་ཀྱང་དབུགས་རླུང་ཇི་ལྟར་མེ་ལོང་ལ། དེ་ཉིད་དུ་ནི་ཐིམ་པར་འགྱུར། །ཡང་དང་ཡང་དུ་རྣལ་འབྱོར་པས། །ཡང་དག་མཛའ་ལ་ཞུགས་པར་བྱ་ཞེས་འབྱུང་ངོ། །དེ་ལྟ ་བུའི་ཕྱག་རྒྱ་ཆེན་པོ་བྱིན་གྱིས་བརླབ་པ་ནི་འོད་གསལ་བས་ཞུགས་པར་བྱས་ལ། མཱ་མ་ཀཱི་ཡོན་ཏན་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ་དེ་ཉིད་སྐེ་རགས་ནི་རྒྱན་གང་ལ་ཡོད་པ་དེ་ནི་དེ་བཞིན་ནོ། །དེ་ལྟ་བུ་བྱས་ནས་སངས་རྒྱས་ཀྱི་གནས་ནི་རྡོ་རྗེ་འཆང་ཆེན ་པོའི་སྐུ། ནམ་མཁའ་ཨི་དབྱིངས་ནི་ནམ་མཁའ་དང་དཀྱིལ་འཁོར་ཏེ་དེ་ཉིད་བརྒྱན་པར་བྱེད་པའོ། །འོད་འཕྲོ་བ་དང་དབུས་ཀྱི་ཆ་དུ་གནས་པ་སྟེ་སྤྲོ་བར་བྱའོ། །བཤད་བ་ནི་སྟོང་པ་ཉིད་དོ། །གཅི་བ་ནི་ཤིན་ཏུ་སྟོང་པ་ཉིད་དོ། །ཁྲག་ནི་སྟོང་ཉིད་ཆེན་པོའོ། །ཁུ ་པ་ནི་ཐམས་ཅད་སྟོང་པ་ཉིད་དོ། །སོགས་པའི་སྒྲས་འོད་གསལ་བའི་ཐབས་སུ་གྱུར་པ་མན་ངག་གཞན་རྣམས་ཀྱང་ལྷ་རྣམས་ནི་དཀྱིལ་འཁོར་པ་རྣམས་དང། འགྲོ་བ་རྣམས་ཕུལ་བར་བྱ་བ་ནི་བསྟན་པར་བྱའོ། །དེ་ལྟར་བྱས་ནས་སངས་རྒྱས་ནི་ཁམས ་གསུམ་པའི་སེམས་ཅན་རྣམས་མཉེས་པ་ནི་ཆོས་ཐོས་པའི་ནུས་པས་རབ་ཏུ་དགའ་བ་ལ་སོགས་པའི་ས་ལ་ཞུགས་པར་འགྱུར་ཞིང་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ། བྱང་ཆུབ་ནི་ས་བཅུ་གཉིས་པ་སྟེ་།དེ་ལ་སེམས་དཔའ་ནི ་གནས་པ་གང་ལ་ཡོད་པ་དེ་ནི་བྱང་ཆུབ་སེམས་དཔའ་སྟེ་།དེ་རྣམས་ཀྱང་འགྲོ་བའི་དོན་མཛད་པས་གྲགས་ཆེན་ནི་གྲགས་པ་ཕུལ་དུ་འབྱུང་བར་གྱུར་ཏེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །ཡང་ཡོངས་སུ་གསལ་བ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས ་དང། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའོ། །ཐུབས་ནི་འོད་གསལ་?་ལས་བྱུང་བ། དཀྱིལ་འཁོར་ནི་སྒྱུ་མའི་སྐུ་ཞེས་ཏེ་རྟོགས་ནས་གཞན་ཡང་ལུས་ངག་ཡིད་དེ་སྐུ་གསུམ་དེ་ལ་མཆོད་པ་ནི་འོད་གསལ་བའི་མཚན་ཉིད་དུ་བྱའོ། །ནན་ཏན་དུ་ནི་བླ་མའི ་མན་ངག་གིས་སོ། །དེ་ལས་མན་ངག་ནི་འདི་ཡིན་ཏེ། ལོ་གྲངས?་བཅུ་དྲུག་པ་ནི་སྟོང་པ་ཉིད་བཅུ་དྲུག་གི་རང་བཞིན་བུད་མེད་ནི་དམ་ཚིག་གི་ཕྱག་རྒྱ། མདངས་ནི་རང་གི་རིགས་དང་རྗེས་སུ་མཐུན་པའི་ཁ་དོག་གིས་བཟང་བ་ནི་མདོག་མཚུངས་པ་ཐོབ་ནས ་བསམས་ཏེ། དྲི་དང་མེ་ཏོག་ནི་ཉིན་མོ་དང་མཆེན་མོའོ། །དེ་དག་གིས་བརྒྱན་པ་ནི་མཚམས་ཀྱི་དུས་ཏེ་བླངས་ནས་བླ་མ་ལ་དབུལ་བར་བྱའོ། །དེས་ཀྱང་ཕྲེང་བ་དང་ཆུ་དང་མེ་ལོང་དང་ཅོད་པན་དང། དར་དབྱངས་དང། རྡོ་རྗེ་དང། དྲིལ་བུ་དང། མིང་དང་ཕྱིར་མི ་ལྡོག་པ་དང། གསང་བ་ལ་སོགས་པས་དབང་བསྐུར་ཞིང་ངེས་བརྗོད་པའི་གསོལ་བ་གདབ་པ་དང་བསྟོད་པ་གསན་ནས། ཐུགས་དང་བའི་རྡོ་རྗེ་སློབ་དཔོན་གྱིས་རྡོ་རྗེ་འཆང་གི་ཏིང་ངེ་འཛིན་མངོན་དུ་བྱས་ལ་རྣམ་པར་སྣང་མཛད་ཀྱི་སྐུ་དམིགས་པའི་སློབ་མ་དེ་ལ་སྦྱིན་པར ་བྱའོ། །མཱ་མ་ཀཱི་སྐུ་འཛིན་པ་དེས་ཀྱང་དམ་ཚིག་ལ་སོགས་པ་དེ་ལ་སྦྱིན་ཞིང་རེངས་པའི་རྡོ་རྗེའི་རྩེ་མོ་ལ་ཞུགས་པར་བྱའོ། །དགའ་བ་དང་བ་སྤུ་ལྡང་བ་སྐྱེས་པ་དེ་ཡང་བལྟ་སྟེ། དེའི་དབུས་སུ་ནི་མཚན་ཕྱེད་ཀྱི་དུས་སུ་མཉེས་པ་ནི་སྤྱོད་པར་བྱའོ། །དེ་བྱིན་གྱིས་ ་པ་ནི་དེ་ལས་དཔེའི་ལྷན་ཅིག་སྐྱེས་པ་ཐོབ་ནས། ཡོན་ཏན་སྐེ་རགས་མཱ་མ་ཀཱི་ནི་འོད་གསལ་བའི་ཆོས་ཉིད་དེ་ལས་འབྱུང་བའི་ལྷན་ཅིག་སྐྱེས་པ་བསྒོམ་པར་བྱའོ། །དེ་ནས་སངས་རྒྱས་ནི་ཆགས་པ་བྲལ་བ་དག་གོ། གནས་ནི་ཆགས ་པ་བར་པ་སྟེ། དེ་དག་སྤྲོ་བ་ནི་སྤོང་བར་བྱའོ། །ནམ་མཁའ་ཨི་དབྱིངས་ནི་འོད་གསལ་བ་མངོན་པར་བྱང་ཆུབ་པས་བརྒྱན་པ་ནི་སྒོམ་མོ། །བཤང་གཅི་ནི་རིལ་པོར་འཛིན་པ་ཏིང་ངེ་འཛིན་ཏོ། །ཁྲག་ཁུ་ནི་རྗེས་སུ་གཞིག་པའི་ཏིང་ངེ་འཛིན་ཏོ། །ཏིང་ངེ་འཛིན ་དེ་དག་གིས་ལྷ་ནི་ཕུང་པོ་རྣམས་ལ་ཕུལ་བར་བྱ་བ་ནི་འོད་གསལ་བའོ། །དེ་ལྟར་བྱས་ན་སངས་རྒྱས་ནི་རྫོགས་པའི་རྣལ་འབྱོར་པ་མཉེས་པ་ནི་འགྲུབ་པར་འགྱུར་བ་དང། བྱང་ཆུབ་སེམས་དཔའ་ནི་གལ་ཏེ་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱང ་རིམ་པ་འདི་སྒོམ་པར་བྱེད་ན་དེའི་ཚེ་གྲགས་ཆེན་ནི་ཡེ་ཤེས་ཐོབ་པར་འགྱུར་བ་སྟེ། མངོན་པར་བྱང་ཆུབ་ཀྱི་རིམ་པའོ། །ཡང་ན་ཐུགས་ནི་སེམས་ཏེ། རྡོ་རྗེ་བཟླས་པ་ལ་སོགས་པའི་རིམ་པ་བཞི་པོས་དཀྱིལ་འཁོར་ནི་རྣམ་པར་དག་པ་དང?། ཡོངས་སུ ་གསལ་བ་ནི་ཐེ་ཚོམ་མེད་ཅིང་གསལ་བར་ཤེས་ཏེ་ཐོབ་ལ། མཆོད་པ་ནི་ཟུང་འཇུག་གི་ཏིང་ངེ་འཛིན་བྱའོ། །ལུས་ངག་དག་སེམས་མཆོད་པ་ཡིས་ཤེས་པ་ནི་དེ་རྣམས་ཀྱི་རྣམ་པར་རྟོག་པ་མི་དམིགས་པས་སོ། །ཇི་ལྟར་ཞེ་ན། ལོ་གྲངས་བཅུ་དྲུག་ཅེས ་པ་ནི་སྐད་ཅིག་མ་བཅུ་དྲུག་ཡིན་ཏེ། དཔེར་ན་དགའ་བ་དང། མཆོག་ཏུ་དགའ་བ་དང་དགའ་བྲལ་དང་ལྷན་ཅིག་སྐྱེས་པ་སྟེ་བཞི་ཡིན་ནོ། །དེ་ལ་དགའ་བ་ལ་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང། སྤྲུལ་པའི་དང་ངོ་བོ་ཉིད་དེ་སྐད་ཅིག་མ་བཅུ་གཉིས ་ཡིན་ནོ། །དེ་ལ་ཡང་དགའ་བ་ལ་ནི་ཆུང་བ་ལ་སོགས་པའི་དབྱེ་བ་བཞི་ཡིན་ཏེ། དེ་ཉེ་བར་མཚན་པའི་དུས་སུ་དེ་རྣམས་ཉམས་སུ་མྱོང་བར་བྱའོ། །དེ་ལ་དགའ་བ་ཆུང་བའི་དུས་སུ་སྤྲུལ་པའི་སྐུའོ། །དགའ་བ་བར་པའི་དུས་སུ་ལོངས་སྤྱོད་པའི་སྐུའོ།། ་དགའ་བ་རབ་ཀྱི་དུས་སུ་ཆོས་ཀྱི་སྐུའོ། །དགའ་བ་རབ་ཀྱི་རབ་ཀྱི་དུས་སུ་ངོ་བོ་ཉིད་ཀྱི་སྐུ་སྟེ། དེ་ལྟར་ཡང་གཞན་རྣམས་ལ་ཡང་ཤེས་པར་བྱའོ། །གསུམ་པོའི་སྐད་ཅིག་མ་བཅུ་གཉིས་ནི་འཇིག་རྟེན་གྱི་ཡེ་ཤེས་སོ་བཞི་པའི་སྐད་ཅིག་མ་བཞི་ནི་འཇིག་རྟེན ་ལས་འདས་པའི་ཡེ་ཤེས་སོ། །དེའི་རྗེས་ལ་དག་པ་འཇིག་རྟེན་གྱི་ཡེ་ཤེས་ཏེ། འཇིག་རྟེན་འདས་པའི་རྗེས་ལས་ཐོབ་པའི་ཡེ་ཤེས་རྣལ་འབྱོར་པ་ལ་སྐྱེས་པར་འགྱུར་རོ། །རྣམ་པར་མི་རྟོག་པ་འཇུག་པའི་ཤེས་རབ་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་ཤེས ་བྱ་ལས་ཁྱད་མེད་པའི་ཡེ་ཤེས་ཀྱི་ནམ་མཁའ་དང་འདྲ་བའི་ཆོས་ཀུན་མཐོང་བར་འགྱུར་རོ། །དེའི་རྗེས་ལས་ཐོབ་པར་སྨིག་རྒྱུ་དང། སྒྱུ་མ་དང། རྨི་ལམ་དང། མིག་ཡོར་དང། བྲག་ཅ་དང། གཟུགས་བརྙན་དང། ཆུ་བླ་དང། སྤྲུལ་པ་དང་འདྲ་བའི་ཆོས་ཀུན ་མཐོང་བར་འགྱུར་རོ། །དེ་ནས་སྐད་ཅིག་མ་བཅུ་དྲུག་ཉམས་སུ་མྱོང་བ་མཐར་བུད་མེད་ནི་རྡོ་རྗེ་འཆང་ཆེན་པོའི་སྐུ་སྟེ། མདངས་ནི་འོད་ཟེར་རྣམས་ཀྱིས་བཟང་བ་ནི་ཤིན་ཏུ་གསལ་བར་གྱུར་པ་ཐོབ་ནས་བསྒོམ་པར་བྱའོ། །ཇི་ལྟ་བུ་ཞེ་ན། དྲི་ནི་ཀུན་རྫོད་ཀྱི་བདེན ་པ་དང། མེ་ཏོག་ནི་དོན་དམ་པའི་བདེན་པ་སྟེ། དེ་དག་གིས་བརྒྱན་པ་ནི་ཁྱབ་ཅིང་དེའི་དབུས་སུ་ཞེས་པ་ནི་དེ་དག་གི་བར་དུ་ཐ་མི་དད་པས་མཉེས་པར་བྱ་བ་ནི་བསྒོམ་པར་བྱ་བའོ། །ཀུན་རྫོབ་དང་དོན་དམ་པ་གཉིས་སུ་མེད་པའི་མཚན་ཉིད་ཅན་ཀྱི་སྐུ་དེ་ལྟ་བུ ་ཤེས་རབ་ཅན་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པས་བྱིན་གྱིས་བརླབས་ནས། མཱ་མ་ཀཱིའི་ཡོན་ཏན་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྐེ་རགས་ནི་བརྒྱན་པར་བྱས་ལ། སངས་རྒྱས་ནི་ཀུན་རྫོབ་ཀྱི་བདེན་པ་དང་གནས་ནི་དོན་དམ་པའི་བདེན་པ་སྟེ། དེ་དག ་སྤྲོ་བ་ནི་རོ་གཅིག་པར་བྱའོ། །སླུ་དེ་ཉིད་ཀྱང་ཞི་བ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་ཕྱིར་རོ། །ནམ་མཁའ་ཨི་དབྱིངས་ནི་རབ་ཏུ་བརྒྱན་པ་ཞེས་པ་ནི་མཛའ་ཡས་པའི་སངས་རྒྱས་སྤེ?་བའི་ཕྱིར་རོ། །བཤང?་གཅི་ཁུ་བ་ཁྲག་ལ་སོགས་པ་ཞེས ་པ་ནི་འཇིག་རྟེན་པས་སྣོད་པའོ། །དེ་བཞིན་དུ་སོགས་པའི་སྒྲས་ནི་འོ་མ་ལ་སོགས་པའོ། །གཞན་ཡང་རིགས་ནི་བྲམ་ཟེ་དང་གདོལ་པ་ལ་སོགས་པའོ། །རྫས་ནི་གསེར་དང་ས་ལ་སོགས་པའོ། །དེ་བཞིན་དུ་རྙེད་པ་དང་མ་རྙེད ་པ་ལ་སོགས་པའི་འཇིགས་རྟེན་གྱི་ཆོས་བརྒྱད་ཀྱང་ལྷ་རྣམས་ནི་དབྱེ་བ་མེད་པའི་སེམས་ཀྱིས་ཕུལ་བར་བྱ་བ་ནི་ཤེས་པར་བྱའོ། །ཇི་སྐད་དུ་སངས་རྒྱས་གཞན་དུ་མི་དམིགས་ཏེ། །འཇིག་རྟེན་ཁམས་ནི་གང་ཡང་རུང། །གང་ཕྱིར་སེམས་ནི་སངས་རྒྱས ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །སངས་རྒྱས་ཐམས་ཅད་ཀྱི་རྒྱུད་ལས་ཀྱང། བདག་ནི་སངས་རྒྱས་ཀུན་ཉིད་དང། །བྱང་ཆུབ་སེམས་དཔའ་ཀུན་ཉིད་དེ། །དེ་ཕྱིར་ཐམས་ཅད་ནན་ཏན་དུ། །རང་གི་བདག་ཉིད་རབ་མཆོད་བྱ། །སྐྱོན ་ནི་ཐམས་ཅད་རྣམ་གྲོལ་དང། །རྣམ་རྟོག་མུན་པ་སེལ་བར་བྱེད། །ཉོན་མོངས་དྲི་མ་ཀུན་དག་པས། །ཟླ་བཞིན་སེམས་ཀྱི་ཟླ་བ་ཡིན་ཞེས་བྱ་བའི་རིགས་པས་གཉིས་སུ་མེད་པའི་སེམས་ནི་ལྷ་ཡིན་ནོ། །དེ་ལྟར་བྱས་ནས་སངས་རྒྱས་ནི་ནམ ་མཁའ་ལ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་མཉེས་པ་ནི་ལེགས་པའི་སྒྲ་གསུང་པ་འམ། འོད་ཟེར་གྱི་འཁོར་ལོས་དབང་བསྐུར་བར་མཛད་པའོ། །བྱང་ཆུབ་སེམས་དཔའ་ནི་ས་བཅུའི་དབང་ཕྱུག། གྲགས་ཆེན་ནི་གྲགས་པ་ཆེན་པོའི ་སྒྲ་གསུམ་པ་འམ། རྣལ་འབྱོར་པ་ལ་བསྟོད་ཅེས་སྟོན་ཏོ། །ཡང་ན་སངས་རྒྱས་ནི་དུས་གསུམ་སྟེ། དེ་དག་མཉེས་པ་ནི་རྣལ་འབྱོར་པའི་ཤེས་པ་ལ་འབད་པ་མེད་པས་འཇུག་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ནི་དམིགས་པ་ལ ་སོགས་པ་སྟེ་། དེ་རྣམས་ཀྱང་གྲགས་ཆེན་ལྷའི་སྤྱན་ལ་སོགས་པ་ཐོབ་པར་ཕུལ་དུ་བྱུང་བར་འགྱུར་རོ་ཞེས་ཚིག་གི་དོན་ཏེ། །བཟུང་འཇུག་གི་རིམ་པའོ། །ཐུགས་ཀྱི་དཀྱིལ་འཁོར་ཞེས་པ་ནི་མི་བསྐྱོད་པའི་དཀྱིལ་འཁོར་ཏེ། དེ་གཙོ་བོར་གྱུར ་པའི་ལེའུ་ནི་ཤུགས་ཀྱི་དཀྱིལ་འཁོར་གྱི་ལེའུ་སྟེ་བསྐྱེད་པའི་རིམ་པའོ། །ཐུགས་ཀྱི་དཀྱིལ་འཁོར་ནི་སྙིང་པོ་སྟེ་རྡོ་རྗེ་བཟླས་པ་ལ་སོགས་པའོ། །དེ་རྣམས་ལེན་པར་བྱེད་པས་ན་ཐུགས་ཀྱི་དཀྱིལ་འཁོར་ཏེ་རྫོགས་པའི་རིམ་པའོ། །གཙོ་བོར་གྱུར་པའི་ཚིག་གི་ཚོགས ་ནི་ཐུགས་ཀྱི་དཀྱིལ་འཁོར་གྱི་ལེའུ་ཞེས་བྱའོ། །རྒྱུད་འགྲེལ་ལས་ལེའུ་བཞི་པའི་ཚིག་གི་དོན་བཅུ་དྲུག་གི་བཤད་པའོ། །ལེའུ་བཞི་པའི་ཚིགས་སུ་བཅད་པའི་གྲངས་ནི་ཕྱེད་དང་སུམ་བརྒྱའོ།། །།དཀྱིལ་འཁོར་གྱི་དབང་བསྐུར་བ་ཐོབ་ནས ་སྦྱོར་པ་བྱ་བར་རིགས་ཏེ། སྔགས་ཀྱི་སྤྱོད་པ་མཆོག་གི་ལེའུ་ལྔ་པ་བསྟན་པར་བྱ་བའི་ཕྱིར་། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཀུན་ནི་ལྔ་སྟེ། དེ་རྣམས་ཀྱི་སྐུ་གསུང་ཐུགས་སྤྲོས་པ་མེད་པའི་སྤྱོད་པས་འཆང་བ་ནི་རྡོ་རྗེ ་འཆང་ཆེན་པོའི་གོ་འཕང་ཐོབ་པ་ལ་འཇུག་པས་ནི་དེ་བཞིན་གཤེགས་པ་སྐུ་གསུང་ཐུགས་ཏེ་དེ་བཞིན་གཤེགས་པ་དྲུག་པའོ། །འོད་གསལ་བའི་སྣང་བ་མཛེས་པས་ན་རྒྱལ་པོའོ། །ཀུན་ནི་ཡེ་ཤེས་གསུམ་སྟེ་དེ་རྣམས་མི་སྣང་བར་མཛད་པས་ན་ཀུན ་མཆོག་གོ། གནས་ནི་འདོད་ཆགས་དང་བྲལ་བ་དང་འདོད་ཆགས་པར་པ་སྟེ། དེ་རྣམས་ལྷན་ཅིག་སྐྱེས་པའི་བདེ་བ་དང་སྦྱང་མཛད་པས་?་གནས་ཀྱི་དབང་ཕྱུག་གོ་།སྤྱོད་པ་ཀུན་ནི་རྣམ་པ་གསུམ་སྟེ། སྤྲོས་པ་དང་བཅས་པ་དང། སྒྲོས་པ་མེད་པ་དང། ཤིན ་ཏུ་སྤྲོས་པ་མེད་པའོ། །དེ་ལ་སྤྲོས་པ་དང་བཅས་པ་ནི་འདོད་པའི་ཡོན་ཏན་ལྔ་ལ་ཉེ་བར་ལོངས་སྤྱོད་པའི་སྒོ་ནས་ཆོས་འབྱུང་གི་མངོན་པར་བྱང་ཆུབ་ཐོབ་པར་བྱེད་པའོ། །སྤྲོས་པ་མེད་པའི་སྤྱོད་པ་ནི་ཇི་སྙེད་པའི་བཟའ་བ་ལ་སོགས་པས་ཆོས་ཀྱི་དབྱིངས་ཀྱི ་མངོན་པར་བྱང་ཆུབ་ཐོབ་པར་བྱེད་པའོ། །ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་ནི་མངོན་པར་བྱང་ཆུབ་ཀྱི་སྦྱོར་པས་བླ་ན་མེད་པའི་མངོན་པར་བྱང་ཆུབ་ཐོབ་པར་བྱེད་པའོ། །སྤྱོད་པ་རྣམ་པ་གསུམ་དེ་དག་ཐམས་ཅད་ལ་གནས་ཤིང་གསལ་བར་བྱེད་པའི་ཕྱིར ་ཀུན་མཆོག་ཆོས་ནི་འཇིག་རྟེན་གྱི་ཆོས་རྣམས་ཏེ། དེ་རྣམས་ཀྱི་དོན་ནི་དབྱེར་མེད་པ་སྟོན་པས་ན་ཆོས་ཀྱི་དོན་ནོ། །དེ་ལྟ་བུའི་བཅོམ་ལྡན་འདས་སྔར་བཤད་པའི་སྤྱོད་པ་རྣམ་པ་གསུམ་གྱི་མཚན་ཉིད་ནི་ངོ་བོ་ཉིད་བཀའ་སྩལ་པ་སྟེ། རྡོ་རྗེ ་བཟླས་པ་དང་སེམས་རྣམ་པར་དག་པ་དང། སྒྲུབ་པོ་རྣམས་སོ། །ཡང་ན་སྐུ་གསུང་ཐུགས་ནི་བཤད་པ་དང་གཅིན་དང་ཁྲག་གོ། དེ་རྣམས་འཆང་བ་ནི་ཤུཀྲའོ། །རྒྱལ་པོ་ནི་ཤའོ། །ཀུན་མཆོག་ནི་ལྕགས་ཀྱུ་ལྔའོ། །གནས་ཀྱི་དབང་ཕྱུག་ནི་ཡི་གེ ་གསུམ་སྟེ། དེ་རྣམས་སྦྱང་བ་དང་ཟད་པ་དང། འབར་བའི་མཚན་ཉིད་ཅན་སྤྱོད་པ་སྟེ། ངེས་ཐོབ་པ་ནི་གང་ཞིག་མཆོག་ནི་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་སྟེ། ཆོས་ཀྱི་དོན་ནི་བདུད་རྩི་བྱ་བའོ། །དེ་ལྟ་བུའི་སྤྱོད་པའི་མཚན་ཉིད་ནི་བདུད་རྩི་ཟ་བའི་བྱ་བ་བཀའ་ ་སྩལ་ཏེ་ཞེས་འབྲེལ་བའོ། །དེ་ནི་སྒྲུབ་པའོ། །ཡང་ན་སྐུ་གསུང་ཐུགས་ནི་དེ་བཞིན་གཤེགས་པའི་རིགས་གསུམ་སྟེ། དེ་རྣམས་སྲོག་གཅོད་པ་ལ་སོགས་པའི་དམ་ཚིག་གི་སྒོ་ནས་འཛིན་པར་བྱེད་པས་ན་སྐུ་གསུང་ཐུགས་འཆང་བ་སྟེ། སྤྲོས་པ་མེད ་པའི་སྤྱོད་པའོ། །རྒྱལ་པོ་ནི་སངས་རྒྱས་ཀྱི་ཡུམ་ངེས་པའི་མཚན་ཉིད་ཅན་ཏེ། ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པའོ། །ཀུན་མཆོག་ནི་དམ་ཚིག་གི་ཕྱག་རྒྱ་རྣམས་ཏེ། དེ་དག་གི་གནས་ཀྱི་དབང་ཕྱུག་ནི་དཀྱིལ་འཁོར་གྱི་གཙོ་བོ་སྟེ། དེ་ཉིད་ཀྱི་སྒོ ་ནས་གང་ཞིག་སྤྱོད་པ་ཀུན་ནི་འཁྱུད་པ་རང་?་བྱེད་པ་ལ་སོགས་པའི་བྱ་བ་སྟེ། དེ་ཉིད་བྱང་ཆུབ་ཀྱི་རྒྱུ་ཡིན་པའི་ཕྱིར་མཆོག་ཡིན་ནོ། །དེ་ལྟ་བུའི་ཆོས་ཀྱི་དོན་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ཆོས་ཉིད་ཐོབ་པར་བྱ་བའི་ཕྱིར་། དོན་ནི་བརྗོད་པར་བྱ་བ་སྟེ ་སྤྲོས་པ་དང་བཅས་པའི་སྤྱོད་པའི་མཚན་ཉིད་བཀའ་སྩལ་ཏོ་ཞེས་དཀྱིལ་འཁོར་རྒྱལ་བ་མཆོག་དང་རྫོགས་པའི་རིམ་པ་དག་གོ། རྣམ་པར་མི་རྟོག་དོན་ལས་བྱུང་ཞེས་བྱ་བ་ལ་སོགས་པ་ལ་འདིར་སྤྱོད་པ་ལ་དང་པོ་དབང་བྱེད་པ་བསྟན་པར་བྱ་སྟེ། རྣམ ་པར་མི་རྟོག་པ་ནི་གཉིས་དང་བྲལ་བའོ། །དོན་ནི་སེམས་ཀྱི་རྒྱུད་གང་ཡིན་པ་དེ་ལས་འབྱུང་བ་ནི་དེ་སྒོམས་པས་ཏིང་ངེ་འཛིན་ལ་དམིགས་ཏེ་གནས་པ་རྣལ་འབྱོར་པ་ཡིན་ན། དེའི་ཚེ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཉེ་བར་མཚོན་པ་ཉོན་མོངས་པ་གཞན་དང་གཞན ་ཀྱི་རིགས་ཅན་སྣ་ཚོགས་ཀྱི་ཉོན་མོངས་པས་འཁྲུག་པ་ཡིན་ན་ཡང། དངོས་གྲུབ་མཆོག་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པར་བྱེད་པ་ནི་ཐོབ་པར་འགྱུར་རོ། །དེ་བས་ན་ཉན་ཐོས་པ་ལ་སོགས་པའི་ཐེག་པ་རྣམས་ལས་ཐེག་པ་འདི་ནི་མཆོག་སྟེ། དེ་བས་ན་བླ་མེད་དེ ་རྙེད་པར་དཀའ་ཞེས་བྱ་བ་སྟེ་ཚིག་གི་དོན་ཏོ། །དེ་ནི་བསྒྲུབ་པ་དང་རྫོགས་པའི་རིམ་པ་དག་གོ། འདིར་ནི་མན་ངག་འདི་ཡིན་ཏེ། ཕྱག་རྒྱ་ཆེན་པོ་དངོས་གྲུབ་འདོད་པའི་རྣལ་འབྱོར་པས་བདག་ཉིད་ཀྱིས་འདོད་ཆགས་ལ་སོགས་པ་ཆེ་བར་བལྟས་ཏེ། བདེ ་པས་བྱང་ཆུབ་ཐོབ་པའི་ཕྱིར་ཤིང་ལ་སོགས་པས་བྱས་པའི་ཁང་པ་གསུམ་བརྩེགས་བྱས་ལ་འོག་ཁང་ལ་བཟའ་བ་དང་བཏུང་བ་སྣ་ཚོགས་བྱེད་པ་གཞན་ལ་བར་ཁང་ལ་གླུ་དང་རོལ་མོ་མཁན་ལ་སོགས་པ་བཞག་ཅིང་ཡང་ཁང་པ་ལ་ཤིན་ཏུ་འཇམ ་པའི་བྱ་འགན་ལ་སྐྱིལ་མོ་ཀྲུང་གིས་འདུག་ཏེ། རྣམ་པ་སྣ་ཚོགས་པའི་དམ་ཚིག་གི་ཕྱག་རྒྱས་བསྐོར་བ་རྡོ་རྗེ་འཆང་ཆེན་པོའི་ང་རྒྱལ་མངོན་དུ་བྱའོ། །ལྷ་མོ་དེ་རྣམས་ཀྱིས་ཀྱང་རང་གི་བདག་ཉིད་མདོར་བསྡུས་པ་ཟླ་བ་དང་རྡོ་རྗེ་ལ་སོགས་པའི་རིམ་པ་འམ། ་གཅིག་ཆར་གྱི་རིམ་པས་རྡོ་རྗེ་འཆང་ཆེན་པོའི་དང་གཟུགས་དང་རོ་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་རྣམས་བསྒོམས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པར་མ་ཙུ་པ་རི་གྷ་དྷེ་ཏ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ་ཞེས་བྱ་བའི་སྔགས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ང་རྒྱལ ་བསྐྱེད་ལ་འོད་ཟེར་གྱི་འཁོར་ལོ་སྤྲོ་བའི་སྦྱོར་བས་སེམས་ཅན་གྱི་དོན་བྱས་ལ་ཡང་བསྡུས་ཏེ་དེ་དང་ལྷན་ཅིག་ཏུ་ཕྱི་ནང་གསང་བའི་མཆོད་པ་བྱའོ། །དེ་ལ་རེ་ཞིག་དང་པོ་སྤྱན་ལ་སོགས་པའི་གནས་སུ་དམ་ཚིག་གི་ཕྱག་རྒྱལ་ཨ་རྣམས་རིམ་པ་ཇི་ལྟ་བ་བཞིན ་དུ་བཞག་ཅིང་གཟུགས་རྡོ་རྗེ་མ་ལ་སོགས་པ་ཡང་དེ་བཞིན་དུ་བཀོད་ལ། དབུས་སུ་རང་གི་བདག་ཉིད་གནས་ཤིང་སྤྱན་གྱི་རང་བཞིན་གྱི་ལྷ་མོ་ཞལ་བལྟས་ནས་དགའ་བ་དང་སའི་ཁམས་རྣམ་པར་དག་ཅིང་མཱ་མ་ཀཱིའི་ངོ་བོ་ལྷ་མོའི ་ཞལ་བལྟས་ནས་མཆོག་ཏུ་དགའ་བ་དང། ཆུའི་ཁམས་རྣམ་པར་དག་པ་སྟེ་།གོས་དཀར་མོའི་རང་བཞིན་གྱི་ལྷ་མོའི་ཞལ་བལྟས་ནས་དགའ་བྲལ་དང་མེའི་ཁམས་རྣམ་པར་དག་པ་སྟེ། སྒྲོལ་མའི་རང་བཞིན་གྱི་ལྷ་མོའི་ཞལ་བལྟས་ཤིང་ལྷན་ཅིག ་སྐྱེས་པ་དང་རླུང་གི་ཁམས་རྣམ་པར་དག་པར་བསྒོམས་ལ། དེའི་རྗེས་ལ་གཟུགས་རྡོ་རྗེ་མའི་རང་བཞིན་གྱི་ལྷ་མོའི་ཞལ་བལྟས་ནས་མིག་གི་དབང་པོའི་བདེ་བ་ཆེན་པོ་ཉམས་སུ་མྱོང་ལ་སྒྲ་རྡོ་རྗེ་མའི་ལྷ་མོའི་ཞལ་བལྟས་ནས་རྣ་བའི་དབང་པོའི ་རྣམ་པར་དག་པ་བསྒོམས་ལ། དྲི་རྡོ་རྗེ་མའི་ལྷ་མོའི་རང་བཞིན་གྱི་ལྷ་མོའི་ཞལ་བལྟས་ནས་སྣའི་དབང་པོ་རྣམ་པར་དག་པ་སྟེ་། རོ་རྡོ་རྗེ་མའི་རང་བཞིན་གྱིས་ལྷ་མོའི་ཞལ་བལྟས་ནས། ལྕེའི་དབང་པོ་རྣམ་པར་དག་ཅིང་རེག་བྱ་རྡོ་རྗེ་མའི ་རང་བཞིན་གྱི་ལྷ་མོའི་ནུ་མ་དག་གི་སྲ?་བའི་རང་བཞིན་རེག་པ་སའི་ངོ་བོ་དང་དེའི་མ་མཆུའི་རོ་མྱོང་བ་ནི་ཆུའི་ཁམས་ཀྱི་ངོ་བོ་དང། དེ་ཉིད་ཀྱི་པདྨ་བསྲུབས་པ་ལས་བྱུང་པའི་དྲོད་ཀྱི་རེག་པ་ནི་མེའི་ཁམས་ཀྱི་རང་བཞིན་དང། དེ་ཉིད་ཀྱི་ནང་དུ་རྡོ་རྗེ་འགྲོ ་པ་དང། འོང་བའི་བྱ་བ་ནི་རླུང་གི་ཁམས་ཀྱི་རང་བཞིན་དང། དེ་ཉིད་ཀྱི་ནང་གི་ཆ་རུ་འདོད་པའི་གདུགས་ཀྱི་ཁོང་སྟོང་ཉམས་སུ་མྱོང་བ་ནི་ནམ་མཁའ་ཨི་ཁམས་ཀྱི་རང་བཞིན་དུ་བསྒོམས་ལ་དེའི་རྗེས་ལ་དེ་ཉིད་ཀྱིས་ཡན་ལག་དང་ཉིད་ལག་གི་མཛེས ་པའི་གཟུགས་བལྟ་བ་ནི་གཟུགས་ཀྱི་ངོ་བོ་དང། དང་བ་དང་ཁུ་བྱུག་ལ་སོགས་པ་དང་འདྲ་བའི་བདེ་བའི་སྒྲ་སྙན་པ་ཉན་པ་ནི་སྒྲའི་ངོ་བོ་དང་དེ་ཉིད་ཀྱི་པདྨ་ལས་འབྱུང་བའི་པདྨ་དང་པཽཏཔལ་ལ་སོགས་པ་དང་འདྲ་བའི་དྲི་ནི་དྲིའི་ངོ་བོ་དང། པདྨའི་རྫས ་ཀྱི་རོ་མྱང་བ་ནི་རོའི་ངོ་བོ་དང་། དེ་ཉིད་འཁྱུད་པའི་མཚན་ཉིད་ནི་རེག་བྱའི་ངོ་བོ་ཉམས་སུ་མྱོང་ལ་ཕྱི་རོལ་གྱི་མཆོད་པ་རྣམ་ལྔ་ཉེ་བར་བསྡུས་ལ་ཚོགས་ཀྱི་འཁོར་ལོའི་མཆོད་པས་ལྷ་མོའི་འཁོར་ལོ་ཨང?་དག་པར་ཚིམ་སྟེ་མཆོད་ཅིང་བདུད་རྩི་ལྔའི་རིལ་བུ ་ཁར་བཅུག་ལ་རོལ་མོ་ལ་སོགས་པས་སེམས་དཔའ་བར་བྱའོ། །སྤྱན་ལ་སོགས་པའི་ལྷ་མོ་བཞི་བོ་ནི་རྡོ་རྗེའི་གླ་མཛད་ཅིང་སེམས་དགའ་བར་བྱེད་པའོ། །གཟུགས་རྡོ་རྗེ་མ་ནི་ནུ་མ་བསྟན་པས་དབུས་ཀྱི་གཙོ་བོར་མཉེས་པར་བྱེད་པའོ། །སྒྲ་རྡོ་རྗེ་མ ་ནི་པི་ཝང་གི་རོལ་མོས་མཉེས་པར་བྱེད་པའོ། །དྲི་རྡོ་རྗེ་མ་ནི་ཙནདན་དང་ཨ་ཀ་རུ་དང་?་དང། མེ་ཏོག་ཙམ་ལ་ཀ་ལ་སོགས་པས་དགྱེས་པར་བྱེད་པའོ། །རོ་རྡོ་རྗེ་མ་ནི་བདུད་རྩི་ལྔས་གང་བའི་སྣོད་ཕུལ་བས་མཉེས་པར་བྱེད་པའོ། །རེག་བྱ་རྡོ་རྗེ་མ་ནི ་འཁྱུད་པའི་བྱ་བས་མཉེས་པར་བྱེད་པའོ། །དེའི་རྗེས་ལ་རྣལ་འབྱོར་པས་དབུས་ཀྱི་གཙོ་བོར་ཚུལ་གྱིས་ལྷ་མོ་དེ་དག་ཐམས་ཅད་རིགས་ལྔའི་ས་བོན་རྣམས་ཀྱིས་བྱིན་གྱིས་བརླབས་ལ་རིམ་གྱིས་དེ་དག་དང་ལྷན་ཅིག་ཏུ་འཁྱུད་པ་དང་ཙུམ་པ་ནི་རྣམ་པ ་བརྒྱད་དུ་བྱས་ལ་མིག་དང་ལྕགས་ཀྱུ་དང་གདན་དང་མཛུབ་མོ་གཉིད་དེ་ཉིད་ཀྱིས་པདྨའི་ནང་དུ་བཅུག་སྟེ་། འདོད་པའི་གདུགས་ནི་དེ་སྲིད་བསྐྱོད་པར་བྱའོ། །ཇི་སྲིད་དུ་གྲང་བ་མི་ཡིན་པའི་ངག?་ཉམས་སུ་མྱོང་བར་བསྐྱེད་པའོ། །དྲོད་ཀྱི་རེག་པ ་ཉམས་སུ་མྱོང་བ་ཐོབ་ལ་བསྣགས?་བའི་འདབ་མའི་ཚུལ་དུ་བདུད་རྩི་དེ་ལྕེས་ཉམས་སུ་མྱོང་ཞིང་འཁྱུད་ལ་སེན་མོ་དང་སོ་འདེབས་པ་ནི་རྣམ་པ་བརྒྱད་དུ་བྱས་ལ། འཕྱང་མོ་མྱུག་དང་ཡན་ལག་འཁྲུགས་པ་ལ་སོགས་པའི་བྱེད་པ་རྣམས་ཀྱིས་རྡོ་རྗེ ་བཅིང་བ་བྱས་ཏེ། འདོད་ཆགས་ལ་སོགས་པའི་རིམ་པས་མངོན་དུ་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར?་ག་ཎ་བཛྲ་སྭ་བྷཱ་བ་ཨཏྨ་ཀོཉཧཾ་ཞེས་བྱ་བའི་སྔགས་རྨི་ལམ་བཞིན་དུ་དམིགས་ཤིང་དེ་ནས་གཅིག་ཆར་དུ་ལངས་ཏེ་རོ་དེ་ཉིད་ཀྱིས་རྡོ་རྗེ་འཆང་ ་ཆེན་པོའི་ང་རྒྱལ་གྱིས་འདོད་པའི་ཡོན་ཏན་ལྔ་པོས་རང་དང་གཞན་རྣམས་མཆོད་ཅིང་གཞན་གྱིས་དོན་བྱས་ཏེ། འདོད་ཆགས་ཀྱི་རིགས་ཅན་གྱི་རྣལ་འབྱོར་པས་ལྷ་མོ་ལོངས་སྤྱོད་པའི་བདེ་བས་མངོན་པར་བྱང་ཆུབ་ཀྱི་བདེ་བ་ཐོབ་པ ་སྟེ། སྤྲོས་པ་དང་བཅས་པའི་སྤྱོད་པའོ། །དེ་བཞིན་དུ་རྣམ་པར་མི་རྟོག་དོན་ནི་དངོས་པོ་ཐམས་ཅད་ཡོངས་སུ་སྤང་བའོ། །དེ་ལས་བྱུང་བ་ནི་ཡེ་ཤེས་ཐོབ་པའི་རྣལ་འབྱོར་པ་རྣམས་སོ། །འདོད་ཆགས་ནི་སྣང་བ་མཛའ་ཡས་ཀྱི་རིགས་ཅན་གྱི་རྣལ་འབྱོར་པ་འམ ་ཞེ་སྡང་དང་གཏི་ཐུག?་གི་རིགས་ཅན་ནམ། རིན་ཆེན་འབྱུང་ལྡན་དང་དོན་ཡོད་གྲུབ་པའི་རིགས་ཅན་གྱི་སྒྲུབ་པ་པོ་རྣམས་ཀྱིས་དངོས་གྲུབ་རབ་མཆོག་ནི་སྤྲོས་པ་མེད་པའི་སྤོང?་པ་ལ་བརྟེན་ཏེ། ཐེག་པའི་མཆོག་ནི་མངོན་པར་བྱང་ཆུབ་འགྲུབ་པར་བྱེད་པ ་སྟེ། བསྐྱེད་པ་དང་རྫོགས་པའི་རིམ་པ་དག་གོ། རེ་ཞིག་དང་པོ་རྣལ་འབྱོར་པས་གཙང་བ་དང་མི་གཙང་བའི་རྣམ་པར་རྟོག་པ་མེད་པས་བླ་མའི་མན་ངག་གིས་དངོས་པོ་ཐམས་ཅད་བདག་མེད་པའི་ཆོས་རྟོགས་པས་འོད་གསལ་བའི་སྣང་བ་གསལ་ཏེ། ་ལོ་འམ་ཟླ་བ་དྲུག་གམ?་།གསུམ་མ་མ། བཞི་བམ། གཅིག་གམ། ཟླ?་བ་ཕྱེད་དམ། ཞག་བདུན་གྱིས་བསྙེན་བཀུར་རབ་ཀྱིས་དེ་བཞིན་གཤེགས་པའི་ལུང་བསྟན་པས་དམ་ཚིག་གི་ཕྱག་རྒྱ་མ་བླངས་ཏེ། དེ་དང་ལྷན་ཅིག་ཏུ་སྤྲོས་པ་མེད་པའི་སྤྱོད ་པ་རིམ་པ་འདིས་སྤྱོད་པར་བྱ་སྟེ། སྨྱོན་པའི་བརྟུལ་ཞུགས་བླབས་ཏེ་ཚེམ་བུ་གྱོན་ལ་རུ་རཀྵའི་ཕྲེང་པས་ལྐོག་མ་རྣམ་པར་བརྒྱན་ཏེ། ཐལ་པའི་ཐིག་ལེ་གསུམ་པོས་དཔྲལ་བར་མཚོན?་ཏེ། ཐལ་བས་ཡན་ལག་བསྐུས་པོས ་ཐལ་བ་དང་ལྡན་པའི་སྣོར?་གྱིས་མཚན་ཁུང་མཚན་པ། བསེག་ཤང་གི་སྒྲ་སྒྲོགས་ཤིང་གདོལ་བའི་རིགས་པ་ཡིན་ནོ་ཞེས་འཇིག་རྟེན་གྱི་རེག་པ་སྤངས་ལ་འགལ་བའི་བཟང་བ་སྤྱོད་པས་བདག་པོ་མེད་པའི་ས་ཕྱོགས་སུ་གནས་པ་རང་དབང ་དུ་སྤྱོད་པའོ། །གལ་ཏེ་རྣམ་པར་སྣང་མཛད་ལ་མོས་པ་དང་ལྡན་པ་ཡིན་ན་དེའི་ཚེ་རལ་པའི་ཅོད་པན་བྱས་ལ་ཤིང་དམས་ལ་སོགས་པའི་གཡས་དང་གཡོན་དུ་དོད་པ་བཏགས་པ་དེ་བཞིན་དུ་ཕྱག་དང་ཕྱག་མཚན་འཛིན་བ་རྡུལ་དཀར་པོས་དེའི་མདོག ་འཛིན་པའོ། །གལ་ཏེ་ཐུགས་རྡོ་རྗེ་ལ་སོགས་པའི་རྣལ་འབྱོར་པ་ཡིན་དེའི་ཚེ་དེ་ཉིད་ཀྱི་སྐུ་མདོག་དང་ཕྱག་དང་ཕྱག་མཚན་དང་ཚུལ་འཛིན་པས་ཕྱག་རྒྱ་མ་འང་དེ་དང་འདྲ་བར་བྱས་ལ་འཇིག་རྟེན་གྱི་ཆོས་རྣམ་པར་རྟོག་པ་དང་བྲལ་བ་ནགས་ཚལ་ལ་སློངས ་མོ་སློང་ཞིང་ལྷ་མ་ཡིན་པའི་བུ་མོ་རྣམས་དེ་ལ་སློངས་མོ་སྟེར་ཏེ། དེ་ཟ་ཞིང་ཕྱག་རྒྱ་མ་དེ་དང་ལྷན་ཅིག་ཏུ་དེ་སྲིད་དུ་ཏིང་ངེ་འཛིན་ལ་གོམས་པར་བྱ་བ་སྟེ། ཇི་སྲིད་དུ་རྫུ་འཕྲུལ་རྣམས་ཐོབ་པར་འགྱུར་རོ། །དེ་ཐོབ་ནས་དེ་ཁོ་ན་ཉིད་བརྟན་པར ་ཤེས་ཏེ། འགྲོ་བའི་དོན་བྱ་བའི་ཕྱིར་སྨིན་པ་དང། གྲོལ་བ་དང་བརྟན་པའི་རྣམ་པས་ཞི་བ་ལ་སོགས་པ་དང། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སེམས་ཅན་རྣམས་ལ་སྟེར་བར་བྱེད་པ་སྟེ། སྤྲོས་པ་མེད་པའི་སྤྱོད་པའོ། །དེ་བཞིན་དུ་རྣམ་པར་མི ་རྟོག་དོན་ནི་སྒྲིབ་པ་མེད་པའི་ཡེ་ཤེས་ཏེ་།དེ་ལས་འབྱུང་བ་ནི་བསྐྱེད་པ་སྟེ་ཡེ་ཤེས་ཀྱི་ཕྱག་རྒྱ་མའོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གསུམ་གྱི་རིགས་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ངོ་བོ་ཕྱག་རྒྱ་མ་དེ་དང་སྙོན་?་པར་ཞུགས་ཏེ། ་དངོས་གྲུབ་རབ་མཆོག་ནི་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་ཉིད་སྒྲུབ་པར་བྱེད་པ་ནི་སྟོན་པར་བྱེད་པའོ། །ཐེག་པའི་མཆོག་ནི་བླ་ན་མེད་པ་ཞེས་པ་ནི་དེ་ཉིད་བླ་ན་མེད་པའི་མངོན་པར་བྱང་ཆུབ་མངོན་དུ་བྱེད་པའོ་ཞེས་སྟོན་ཏོ་།དེ་ནི་བདག་ལ་བྱིན་གྱིས་བརླབ ་པའི་རིམ་པའོ། །འདིར་བསྡུས་པའི་དོན་འདི་ཡིན་ཏེ། བསྐྱེད་པའི་རིམ་པའི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་བས་རྫོགས་པའི་རིམ་པའི་སྤྱོད་པ་མངོན་དུ་བྱ་བར་འདོད་ན་དངོས་པོ་ཐམས་ཅད་ཀྱི་རང་བཞིན་གྱི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི ་འོད་གསལ་བ་ལ་ཞུགས་ཏེ་། ཅིག་ཆར་དུ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ཏེ་།རང་གི་ཐུགས་ཀ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཡེ་ཤེས་ཀྱི་ཕྱག་རྒྱས་སྤྲོས་ལ་དེ་དང་ལྷན་ཅིག་ཏུ་བསམ་གཏན་གྱི་བཟའ་བ ་ཅན་གྱི་ཕྱི་རོལ་གྱི་བཟའ་བ་ལ་མི་བལྟོས་པ་གང་ཡང་རུང་བའི་གནས་སུ་གནས་ཤིང་གང་ཡང་རུང་བའི་གོས་གྱོན་པ། །གང་ཡང་རུང་བ་སྨྲ་བ་ཅི་འདོད་པ་སྤྱོད་པ་དང་ལྡན་པ། སྔགས་དང་ཕྱག་རྒྱའི་སྤྲོས་པ་སྤངས་པ་སྨྱོན་པ་འདི་ཡིན་ནོ་ཞེས་འཇིག་རྟེན ་པས་རྒོད་ཅིང་བལྟབ་བདེ་དང་སྡུག་བསྔལ་བ་ལ་སོགས་པའི་འཇིག་རྟེན་གྱི་ཆོས་ལ་སེམས་མཉམ་པ་ཆུ་ལས་བཞིན་དུ་འགྲོ་བ་དང། ས་ལ་ཡང་ནུབ་པ་དང། འབྱུང་བ་མེད་ཅིང་འབར་བ་དང་སྣང་བ་ལ་སོགས་པས་འགྲོ་བའི་ཡིད་དགའ་བར་བྱེད ་པ། མི་སྣང་བ་ལ་སོགས་པའི་སྦྱོར་བའི་བྱ་བ་ལ་མཁས་པ། ཇི་ལྟ་བ་བཞིན་དུ་ཡང་དག་པའི་ཡེ་ཤེས་རྟོགས་པས་ཐ་མལ་པའི་བག་ཆགས་ཀྱི་འདམ་བུ་འཇོམས་པ་སྔར་བཤད་པའི་མཚན་མ་ཤིན་ཏུ་གསལ་བར་མཐོང་བས་ངེས་དངོས་གྲུབ ་ཐོབ་པ་ཡིན་ནོ་ཞེས་རྟོགས་ནས་སྡུག་བསྔལ་གསུམ་གྱིས་མནན་པའི་འགྲོ་བ་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་ཅིང་འོད་ཟེར་སྤྲོ་བའི་སྦྱོར་བ་འམ། ཆོས་བསྟན་པའི་སྒོ་ནས་དེ་ཉིད་བྱས་ལ་བཅུད་ཀྱིས་ལེན་ལ་སོགས་པས་ལུས་བརྟན་པར་བྱ་པ ་འམ?། གཞན་གྱིས་གྲོང་ལ་ཞུགས་ཏེ་ཡུན་རིང་དུ་སེམས་ཅན་གྱི་དོན་བྱ་སྟེ་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པའོ། །སྤྱོད་པ་གསུམ་པོ་དེ་དག་གིས་མངོན་པར་བྱང་ཆུབ་པ་གསུམ་རྣལ་འབྱོར་པས་བསྒྲུབ་པར་བྱའོ། །རབ་ཏུ་བྱེད་པ་ལས་ཀྱང་ཇི་སྐད ་དུ། ཆོས་འབྱུང་མངོན་པར་བྱང་ཆུབ་པ། །འདོད་ཆགས་རླུང་སོགས་རྒྱ་ཆེ་བ། །ཆོས་དབྱིངས་མངོན་པར་བྱང་ཆུབ་པ། །ཇི་སྙེད་ཡོད་པའི་སྤྱོད་པ་ཡིས། །བླ་མེད་མངོན་པར་བྱང་ཆུབ་པ། །མངོན་པར་བྱང་ཆུབ་སྦྱོར་བ་ཡིས། །སྤྲོས་པ་ལ་སོགས་སྤྱོད་པ ་ཡིས། །རྣལ་འབྱོར་པ་རྣམས་སློབ་པར་བྱེད་ཅེས་འབྱུང་ངོ། །འོན་བཅོམ་ལྡན་འདས་ཀྱིས་སྔགས་ཀྱི་ཐེག་པར་ཉན་ཐོས་པའི་བྱང་ཆུབ་བཞིན་དུ་བྱང་ཆུབ་རྣམས་ཐ་དད་པར་མ་གསུངས་ན། དེ་ཇི་ལྟར་བྱང་ཆུབ་གསུམ་གསུངས་སོ་ཞེས་ན་དེ་ནི་སྐྱོན་མ་ཡིན་ཏེ། ་ཐབས་ཀྱི་དབྱེ་བ་དང་སྤྱོད་པའི་དབྱེ་བས་འདས་བུ་ཐ་དད་པ་ཙམ་དུ་བསྟན་གྱི། དོན་དམ་པར་འབྲས་བུ་ནི་གཅིག་ཁོ་ན་ཡིན་ཏེ། སྒོ་དུ་མ་ལ་སོགས་པའི་གྲོང་ཁྱེར་ཆེན་པོ་བཞིན་ནོ། །དེ་ལྟར་གསུངས་ཏེ། ད་ནི་སྤྱོད་པ་གསུམ་གྱི་རྟེན་དུ་གྱུར་པ་སྔགས་ཀྱི ་ཐེག་པའི་ཆེ་བའི་བདག་ཉིད་བསྟན་པའི་ཕྱིར་རིགས་ངན་སྨིག་མ་མཁན་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞིག་དགོན་པའི་ལམ་དུ་གཞན་མ་རྣམས་ལ་སོལ་བ་དང་ལྡན་པ་དྲག་པོའི་ལས་བྱེད་པའོ། །སྨྲིག་མ་མཁན་ནི་དྲག་པོའི ་སེམས་དང་ལྡན་པ་རིགས་ལྔ་པ་སྟེ་ཀྱེ་འཆད་པའོ། །དེ་བཞིན་དུ་སོགས་པའི་སྒྲས་ནི་རི་བྲགས་པ་དང། ཁྱི་ར་བ་དང་ཉ་ཤོར་བ་ལ་སོགས་པའོ། །ཇི་ལྟ་བུ་ཞེ་ན། གསོད་དོ་དོན་གཉེར་སེམས་པ་རྣམས་ཞེས་བྱ་བ་ལ། གསོད་པའི་དོན་སྲོག་གཅོད་པས ་དོན་ནི་བདག་ཉིད་འཚོ་བ་སེམས་པ་ནི་བྱ་བ་བྱེད་པའོ། །དེ་རྣམས་ཀྱང་ཐེག་མཆོག་འདི་ལ་ཞེས་པ་ནི་ཉན་ཐོས་ལ་སོགས་པའི་ཐེག་པ་ལས་ཕུལ་དུ་བྱུང་བའི་ཐེག་པ་ཆེན་པོ་འདི་ལ་སྤྱོད་པ་རྣམ་པ་གསུམ་གྱི་གཞིར་གྱུར་པས་བླ་ན་མེད་པ་ནི་མངོན་པར་བྱང ་ཆུབ་རྣམ་པ་གསུམ་སྦྱིན་པའི་ནུས་པ་དང་ལྡན་པ་ལ་འགྲུབ་པར་འགྱུར་བ་ནི་རྡོ་རྗེ་འཆང་ཆེན་པོའི་ས་ཐོབ་པར་འགྱུར་རོ། །མཚམས་མེད་པ་ནི་ལྔ་སྟེ། སོགས་པའི་སྒྲས་ནི་ཉེ་བོའི་མཚམས་མེད་པ་ལྔ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ནི་རྣམ ་པར་རྟོག་པ་ཉོན་མོངས་པ་ཡིན་ཞེས་བཞིན་དུ་དེ་བཞིན་དུ་སྡིག་པ་ཆེན་པོར་བྱེད་པ་ནི་དཀོན་མཆོག་གསུམ་གྱི་རྫས་འཕྲོག་པའི་སེམས་ཅན་རྣམས་ཀྱང་སྔ་མ་བཞིན་དུ་རྣམ་པ་གསུམ་གྱི་སྤྱོད་པ་གཙོ་བོར་གྱུར་པའི་སྔགས་ཀྱི་ཐེག་པ་ཆེན་པོ་ལ་བརྟེན ་ཏེ། བྱང་ཆུབ་ཆེན་པོ་འགྲུབ་པར་བྱེད་པ་སྟེ། སྤྱོད་པའི་མཐུ་བསྟན་པ་ཡིན་ནོ། །དེ་ནི་སྒྲུབ་པའོ། །ཡང་ན་རིགས་ངན་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། འཁོར་བའི་དགོན་པར་བཞག་ཅིང་དམྱལ་བའི་རལ་གྲིས་སེམས་ཅན ་རྣམས་གསོད་པའི་ཕྱིར་རོ། །སྨྱིག་མ་མཁན་ནི་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་སྟེ། ཉོན་མོངས་པ་བཞིའི་མཚོན་ཆས་འགྲོ་བའི་ཕྱུགས་གསོད་ཅིང་ཟ་བའི་ཕྱིར་རོ། །སོགས་པའི་སྒྲས་ནི་དབྲགས?་པ་དང། ཁྱི་ད?་བ་དང་ཉ་ཤོར་བ་ལ ་སོགས་བ་འཇུག་པའི་རྣམ་པར་ཤེས་པ་སྟེ། ཡུལ་ལ་སོགས་པའི་ཟ་བ?་སྦྱིན་པ་ཙམ་གྱིས་སེམས་ཅན་རི་དགས་དང་ཉ་རྣམས་གསོད་པའི་ཕྱིར་རོ། །དེ་རྣམས་གསོད་དོན་ནི་ཡེ་ཤེས་གསུམ་སྟེ། དེ་རྣམས་ཀྱི་ཡང་དོན་ནི་འོད་གསལ་བ་སྟེ། དེ ་སེམས་པ་ནི་འོད་གསལ་པའི་གོ་འཕང་སྒོམ་པར་བྱེད་པའི་རྣལ་འབྱོར་པ་རྣམས་འགྲུབ་པར་འགྱུར་པ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་བའོ། །ཐེག་པ་མཆོག་ཅེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ཏེ། སེམས་རྣམ་པར་དག ་པའི་རིམ་པའོ། །མཚན་མ་མེད་པ་ནི་སྨིག་རྒྱུ་ལ་སོགས་པ་མཚན་མ་ལྔ་སྟེ་།དེ་འདས་མ་ཐག་ཏུ་དེ་ཁོ་ན་ཉིད་ཐོབ་པའི་ཕྱིར། །སོགས་པའི་སྒྲས་ནི་དུས་མཚམས་དང་མཚན་མོ་དང་ཉིན་མོ་དང་ཉིན་མེའི་རང་བཞིན་འདོད་ཆགས་དང་འདོད་ཆགས་དང་བྲལ ་བ་དང་འདོད་ཆགས་པར་པའོ། །དེ་རྣམས་ཇི་ལྟ་བུ་ཞེ་ན། སེམས་ཅན་ནི་རྣམ་པར་རྟོག་པ་དང་བཅས་པའོ། །དེ་ཉིད་ཀྱི་ཕྱིར་སྡིག་པ་ཆེན་པོ་ནི་ལྷན་ཅིག་སྐྱེས་པ་འོད་གསལ་བའི་སྣང་བ་དགའ་བའི་ངོ་བོ་ཡེ་ཤེས་ཀྱིས་མི་སྣང་བར་བྱེད་པ་གང་ཡིན་པ་དེ་ནི། ་སྡིག་པ་ཆེན་པོ་བྱེད་པ་སྟེ་རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་སོ། །དེ་ལྟ་བུས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པར་བྱེད་པའོ་ཞེས་སྟོན་ཏོ། །དེ་ནི་མངོན་པར་བྱང་ཆུབ་ཀྱི་རིམ་པའོ། །སྔགས་ཀྱི་ཐེག་པ་ཆེན་པོ་ལ་བརྟན་པའི་སྤྱོད་པས་ཐམས ་ཅད་འགྲུབ་པར་འགྱུར་རམ་ཞེ་ན་།སྙིང་ནས་སློབ་དཔོན་སྨད་པ་དག་ཅེས་བྱ་བ་ལ་སོགས་པ་ལ། གང་གི་ཕྱིར་དང་པོ་སེམས་བསྐྱེད་པ་ནས་བརྩམས་ཏེ་།རིག་པའི་དབང་ལ་སོགས་པ་དབང་བསྐུར་བ་རྣམས་ཀྱིས་དེ་ཁོ་ན་ཉིད་ཐེ་ཚོམ་མེད་བ་ཉིད་ཐོབ་ཅིང་ཤེས་རབ་ཀྱི་ཁྱད ་པར་ནི་?་བདག་རང་ཡིན་ཏེ། བདག་གིས་ཐམས་ཅད་ཤེས་པས་འདས་ཅི་བགྱིའོ་ཞེས་།གང་གིས་བླ་མ་སྨོད་པ་དེ་ནི་སློབ་དཔོན་སྨོད་པ་དག་གོ་།དེ་རྣམས་གལ་ཏེ་རྣམ་པ་གསུམ་གྱི་སྤྱོད་པ་ལ་བརྟེན་ཏེ་ནམ་ཡང་ཐེག་པ་འདི་ནི་སྔགས་ཀྱི་ཐེག་པ་ལ་འགྲུབ་པར་མི ་འགྱུར་རོ། །གང་གི་ཕྱིར་དེས་ནི་དེ་ཉིད་ལས་དམ་ཚིག་བླངས་ཏེ། ཁྱོད་ཀྱིས་བདག་ནི་སྨོད་པར་བྱའོ། །དཀའ་བ་མ་སྤངས་པས་དུས་བྱས་ཏེ་ཁྱོད་དམྱལ་བར་ལྟུང་ཏ་རེ། དེ་ལྟ་བུ་ཡང་ཁས་བླངས་ནས། གལ་ཏེ་དེ་བཞིན་དུ་བྱེད་ན་དེའི་ཕྱིར་དེ་ལ་རང་གི་དག་གིས ་དངོས་གྲུབ་ཉམས་པར་འགྱུར་རོ་ཞེས་དགོངས་པའོ། །དེ་བཞིན་དུ་རྡོ་རྗེ་འཆང་ཆེན་པོ་དང་སློབ་དཔོན་ཐ་མི་དང་པར་རྒྱུད་འདི་ཉིད་ལ་ལེའུ་བཅུ་བདུན་བ་ལས་འཆད་པར་འགྱུར་བ་སྟེ། ཁོ་བོ་ཅག་སངས་རྒྱས་ལ་ཕ་ཡིན་པ་དང་མ་ཡིན་པའོ། །ཞེས་གསུངས ་སོ། །དེ་བཞིན་དུ་གདན་གཞི་ལས་ཀྱང། སློབ་དཔོན་ལ་ནི་ཡོན་ཏན་སྨྲ། །སྐྱོན་ནི་ནམ་ཡང་མ་ཡིན་ཏེ། །སངས་རྒྱས་ཐམས་ཅད་སྨད་པ་ཡིས། །དེས་ནི་རྟག་ཏུ་སྡུག་བསྔལ་ཐོབ། །ཆི་དང་སྦྱར་དུག་དུག་ནད་དང་།མཁའ་འགྲོ་ཆོམ་རྐུན་བགེགས་རྣམས ་ཀྱིས། །གདོན་དང་ལོག་འདྲེན་རྣམས་ཀྱིས་ཀྱང། །བསད་ནས་དམྱལ་བར་ལྟུང་བའོ་ཞེས་བྱ་བ་ལ་སོགས་པ་ནི་སློབ་དཔོན་སྨོད་པ་རྣམས་ལ་འབྲས་བུ་ངན་པ་བསྟན་པ་སྟེ་སྒྲུབ་པའོ། །ཡང་ན་སློབ་དཔོན་ནི་རྡོ་རྗེ་འཆང་ཆེན་པོ་འོད་གསལ་བ་སྟེ། དེ་ཐོབ་ནས ་གློ་བུར་དུ་བྱུང་བའི་ང་རྒྱལ་གྱི་སྐྱོན་གྱིས་དེ་ཉིད་སྤངས་ཏེ་།གང་ཞིག་ཟླ་བ་དང་རྡོ་རྗེ་ལ་སོགས་བའི་རིམ་གྱིས་བསྐྱེད་པའི་རིམ་པ་ལ་བརྟེན་ནས་གནས་པ་དེ་ནི་སྙིང་ནས་སློབ་དཔོན་སྨད་པ་དག་ཅེས་པ་ནི་རྟོག་པའི་རྣལ་འབྱོར་པ་རྣམས་ཏེ་།དེ་དག་འགྲུབ་པར ་མི་འགྱུར་བ་ནི་འོད་གསལ་བའི་གོ་འཕང་ཐོབ་པར་མི་འགྱུར་ཏེ། རྣམ་པར་རྟོག་པ་ཉིད་དུ་དུས་ཟད་པའི་ཕྱིར་རོ། །རབ་ཏུ་བྱེད་པ་ལས་ཀྱང། །ཟླ་བའི་དཀྱིལ་འཁོར་འདྲ་བར་ནི། །རང་གི་སེམས་ནི་བལྟ་བར་བྱ། །གལ་ཏེ་ཟླ་བ ་ལ་དམིགས་ནས། །རྡོ་རྗེ་མཚན་མ་རྟོག་པར་བྱེད། །བསྐྱེད་པའི་རྣལ་འབྱོར་པ་རྣམས་ཀྱི། །རྡོ་རྗེ་ལ་སོགས་ཐབས་སྟོན་ཡིན། །ཟླ་རྡོ་རྗེ་སོགས་སྦྱོར་བ་ཡིས། །སེམས་དང་སེམས་བྱུང་ཡང་དག་ཕྲད། །ཐབས་དང་ཤེས་རབ་ཀུན་སྦྱོར་བས། ། ་ལྷ་ཡི་སྐུ་ནི་བསྐྱེད་པར་འགྱུར། །ཕྱག་རྒྱ་བཞི་པོས་རྒྱས་བཏབ་ཅིང། །ལྷ་ཡི་ང་རྒྱལ་འཛིན་པ་སྟེ། །བསྐྱེད་རིམ་རྣལ་འབྱོར་དང་ལྡན་པའི། །རྣལ་འབྱོར་པ་ཡིས་རྟག་ཏུ་སྦྱོང། །དཔལ་ལྡན་འདུས་པ་ལ་སོགས་ལས། །དེ་དང་དང་ནི་རྒྱ་ཆེར ་གསུངས། །ཇི་སྲིད་བསྒོམ་པའི་རྣལ་འབྱོར་གྱུར། །དེ་སྲིད་ལས་ནི་དང་པོ་ལ། །དེ་ནི་ཡོངས་སུ་རྫོགས་པ་ཡི། །རྣལ་འབྱོར་ཡང་ནི་བསྟན་པར་བྱ་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ་བསྐྱེད་པའི་རིམ་པའོ། །དེ་བཞིན་དུ་ཨཱ་ཞེས་པ་ནི་སྣང་བ ་མཛའ་ཡས་དང་མི་བསྐྱོད་པ་དང་དོན་ཡོད་གྲུབ་པ་སྟེ་གསུམ་མོ། །ཛ་ཞེས་པ་ནི་རྣམ་པར་སྣང་མཛད་དོ། །རྒྱ་ནི་རིན་ཆེན་འབྱུང་ལྡན་ཏེ། །དེ་རྣམས་ཀྱི་ངོ་བོ་རིན་ཆེན་ལྔ་སྟེ། །བཤད་བ་ལ་སོགས་བ་བདུད་རྩི་ལྔའོ། །དེ་རྣམས་སྨད་པ་ནི་ཉན ་ཐོས་པ་དང་ཕ་རོལ་པ་རྣམས་སོ། །དེ་དག་བླང་ཞིང་སྤྱོད་ནས་ཕྱིན་ནས་ཀྱང་སྨད་པའོ། །དེ་ཉིད་ཀྱི་ཕྱིར་འགྲུབ་པར་མི་འགྱུར་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ལས་ཉེ་བར་མི་འགྱུར་རོ་ཞེས་སྟོན་ཏོ། །དམ་ཚིག ་རྣམས་ནི་མི་སྦྱོད་བས་ཞེས་བྱ་བའི་རྩ་བའི་ལྟུང་བ་ཐོབ་པའི་ཕྱིར་རོ། །དེ་ནི་སྒྲུབ་པའོ། །དེ་ནི་སྤྲོས་པ་དང་བཅས་པ་བཤད་པར་བྱ་སྟེ་།སྲོག་གཅོད་པའི་སེམས་ཅན་གང་ཞེས་བྱ་བ་ལ་སོགས་བ་ལ། སྲོག་གིས་ཉེ་བར་མཚན?་པའི་ལུས་ནི་སྲོག ་སྟེ། དེ་ཉིད་གཅོད་པ་ནི་ཐ་མལ་པའི་ངོ་བོ་སྤངས་ལ་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཉིད་དུ་བྱ་བའོ། །སྨྲ་བ་ནི་ངག་སྟེ་དེ་ཉིད་ཀྱང་ཐ་མལ་པའི་བུམ་པ་དང་སྣམ་བུ་ལ་སོགས་པའི་སྒྲ་བརྗོད་པའི་ངོ་བོ་སྟེ། དེ་ལ་བརྫུན་དུ་བྱེད་པ་ནི་དེ་ཉིད་ཀྱི་ངོ་བོ་སྤངས་ལ་སྣང ་པ་མཛའ་ཡས་ཉིད་དུ་བྱ་བའོ། །གཞན་གྱི་ནོང་ནི་རྣམ་པར་ཤེས་པ་བརྒྱད་ཀྱི་ངོ་བོ་ཡིན་ཏེ། དེ་ཉིད་འཕྲོག་པས་སྣ་ཚོགས་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ལ་ལྡོག་པས་མི་བསྐྱོད་པ་ཉིད་དུ་བྱ་བ་ལ་ཆགས་པའོ། །གང་ཞིག་རྣལ་འབྱོར ་པ་རྣམས་ཐ་མལ་པའི?་ལུས་ངག་ཡིད་སྟོང་པ་ཉིད་ལ་ཞུགས་ཏེ། ཟླ་བ་དང་རྡོ་རྗེ་ལ་སོགས་པའི་རིམ་གྱིས་དེ་བཞིན་གཤེགས་བའི་ཕྱག་རྒྱའི་ངོ་བོ་ཉིད་དུ་བྱེད་པའོ། །དེ་བཞིན་དུ་རྟག་ཏུ་འདོད་པ་སྤྱད་གང་དང་ཞེས་བྱ་བ་ལ། འདོད་པར་བྱ་ཞིང་སྤྱོད་པས ་ན་འདོད་པ་སྟེ། ལྷ་མོ་སྤྱན་ལ་སོགས་པ་དང་གཟུགས་རྡོ་རྗེ་མ་ལ་སོགས་པའོ། །དེ་དག་སྤྱད་པ་ནི་སྔར་བཤད་པའི་རིམ་པས། སུམ་བརྩེགས་ལ་སོགས་པའི་རོལ་པའི་ཁང་པར་གནས་ཤིང། སྣ་ཚོགས་པའི་མེ་ཏོག་ལ་སོགས་པས་བརྒྱན་པའི། ་རྡོ་རྗེ་རྣལ་འབྱོར་མ་དང་ལྷན་ཅིག་ཏུ་འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་ཉམས་སུ་མྱོང་ཞིང་བྱང་ཆུབ་གྲུབ་པར་བྱེད་པའོ། །དེ་བཞིན་དུ་བཤད་གཅི་ཟས་སུ་ཟ་བ་ནི་ཕན་ཚུན་བདུད་རྩི་ལྔ་ཉེ་བར་སྤྱོད་པ་སྟེ། སྤྱང་བ་ལ་སོགས་པའི་རིམ་པས་སོ། །དེ་རྣམས ་ཀྱང་སྣོད་དུ་གྱུར་པ་ནི་སྣོད་དུ་གྱུར་པའོ། །གང་གི་ཞེ་ན། སྒྲུབ་པ་ཡིས་ཞེས་པ་ནི་སྤྲོས་པ་དང་བཅས་པའི་སྤྱོད་པ་ལའོ། །དེ་ནི་བསྐྱེད་པའི་རིམ་པ་དང་སྒྲུབ་པ་དག་ཏེ། སྤྲོས་པ་དང་བཅས་པའི་སྤྱོད་པའོ། །དེ་བཞིན་སྲོག་ཅེས་བྱ་བའི་རླུང་ནི། སྙིང་ཁ་ནས ་ལངས་ཏེ་ཁ་དང་སྣ་དག་ལས་འབྱུང་བའོ། །དེ་ལྟ་བུའི་འཁོར་བར་ལྟུང་བར་བྱེད་པའི་རྣལ་འབྱོར་པ་བཅུ་གཅོད་པར་བྱེད་པ་ནི་རྡོ་རྗེ་བཟླས་པའི་རིམ་པས་འོད་གསལ་བའི་གོ་འཕང་ལ་ཞུགས་པའི་རྣལ་འབྱོར་པ་གང་ཡིན་པ་དེ་ནི་སྲོག་གཅོད་པའོ། །དེ་བཞིན་དུ་ ་སྨྲ་ཞིང་བསྟན་པ་ནི་བརྒྱ་དྲུག་ཅུའི་དབྱེ་བས་གང་ཞིག་དེ་ནི་སྨྲ་བ་སྟེ། རང་བཞིན་རྣམས་སོ། །དེ་རྣམས་བརྫུན་དུ་བྱེད་པ་ནི་སྤོང་བ་ལ། གང་ཞིག་དགའ་བ་ནི་ཆགས་པ་སྟེ། སེམས་རྣམ་པར་དག་པའི་རིམ་བའི་རྣལ་འབྱོར་པ་རྣམས་སོ། ། ་གཞན་གྱི་ནོར་ནི་འོད་གསལ་བ་སྟེ། དེ་ཉིད་འཕྲོག་པ་ནི་དེ་ལས་ཅིག་ཆར་དུ་སྒྱུ་མའི་སྐུ་བླང་བ་སྟེ། གཞན་གྱི་ནོར་འཕྲོག་པ་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པའི་རྣལ་འབྱོར་པ་རྣམས་སོ། །དེ་བཞིན་དུ་རྟག་ཏུ་ནི་དུས་མཚམས་དང་།མཚན་མོ་དང་ཉིན་མོའི་དབྱེ ་བས་སོ། །འདོད་པ་ནི་འདོད་ཆགས་དང་འདོད་ཆགས་དང་བྲལ་བ་དང་འདོད་ཆགས་བར་པ་རྣམས་ལ་སྤྱོད་པ་ནི་རྣམ་པར་དག་པར་བྱེད་པ་ལ་ནུས་པ་དང་ལྡན་པ་སྟེ། མངོན་པར་བྱང་ཆུབ་ཀྱི་རིམ་པའི་རྣལ་འབྱོར་པ་རྣམས་སོ། །དེ་བཞིན་དུ་མི་གནས་པའི་མྱ་ངན ་ལས་འདས་པའི་ཏིང་ངེ་འཛིན་ལ་དམིགས་ཏེ། གང་ཞིག་འཇིག་རྟེན་ལ་གྲགས་པའི་བཤང་གཅི་རྫས་ཐ་མི་དད་པར་ཤེས་པ་དེ་ནི་བཤད་གཅི་ཟས་སུ་ཟ་བ་སྟེ། ཡོངས་སུ་རྫོགས་པའི་ཟུང་འཇུག་གི་རིམ་པའི་རྣལ་འབྱོར་པ་རྣམས་ཏེ། དེ་དག་སྒྲུབ ་པ་འདི་ལ་རྣམ་པ་གསུམ་གྱི་སྤྱོད་པ་བསྟན་པར་བྱེད་པའི་ཐེག་པ་ལ་འགྲུབ་པར་འགྱུར་བ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་དུ་འགྱུར་ཞིང་སློབ་བཞིན་མ་ཡིན་པར་འགྲུབ་པོ། །རབ་ཏུ་བྱེད་པ་ལས་ཀྱང་ཟུང་འཇུག་ཏིང་ངེ་འཛིན་ལ་གནས་ནས། སླར་ནི་གང་ལ ་?་མི་སློབ་པོ་ཞེས་འབྱུང་སྟེ་།རྡོ་རྗེ་བཟླས་པ་དང། སེམས་རྣམ་པར་དག་པ་དང། བདག་ལ་བྱིན་གྱིས་བརླབ་པ་དང། མངོན་པར་བྱང་ཆུབ་པ་དང། ཟུང་འཇུག་གི་རིམ་པ་རྣམས་སོ། །སྤྲོས་པ་དང་བཅས་པའི་སྤྱོད་པ་བསྟན་ནས་སྤྲོས་པ་མེད་པའི་སྤྱོད ་པ་བཤད་པའི་ཕྱིར། མ་དང་སྲིང་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་ནི་ལྷ་མོ་སྤྱན་གྱི་རང་བཞིན་ནོ། །སྲིང་མོ་ནི་མཱ་མ་ཀཱིའི་རང་བཞིན་ནོ། །བུ་མོ་ནི་གོས་དཀར་མོའི་རང་བཞིན་ནོ། །དང་གི་སྒྲས་ནི་ལྷ་མོ་སྒྲོལ་མོའི་རང་བཞིན་ཚ་མོ་ཡིན་ཏེ། དམ་ཚིག་གི ་ཕྱག་རྒྱ་མ་དེ་རྣམས་བླངས་ལ་ནགས་ཚལ་ལ་སོགས་པར་འབྲས་བུ་ལ་སོགས་པ་ཅི་སྙེད་པ་ཟ་ཞིང། དེ་ཉིད་མཉེས་པར་བྱས་ནས། སྒྲུབ་པོ་ནི་རིག་མའི་བརྟུལ་ཞུགས་ཅན་རྣལ་འབྱོར་པས་དངོས་གྲུབ་རྒྱ་ཆེན་པོ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའོ། །ཐེག་པ་ཆེན ་?་ནི་ནགས་ཚལ་དུ་མཆོག་ནི་རྫུ་འཕྲུལ་གྱི་ཁྱད་པར་ཅན། ཆོས་ནི་སྤྱོད་པ་གང་ལ་ཡོད་པ་དེ་ནི་ཐེག་ཆེན་མཆོག་གི་ཆོས་ཉིད་དེ་།ནགས་ཚལ་གྱི་ལྷ་མོ་རྣམས་སོ། །དེ་རྣམས་ལས་བཟའ་བརྙེད་ནས་དངོས་གྲུབ་ཀྱི་སྐལ་བ་དང་ལྡན་པར་གྱུར་པ་སྟེ་།རྫོགས་པའི ་རིམ་དང་སྒྲུབ་པ་དག་གོ་།ཡང་ན་མ་ནི་ལྐོག་མའི་དཀྱིལ་འཁོར་རོ། །སྲིང་མོ་ནི་སྙིང་ཁའི་དཀྱིལ་འཁོར་རོ། །བུ་མོ་ནི་དེ་ལྟེ་བའི་དཀྱིལ་འཁོར་རོ། །དང་གི་སྒྲས་ནི་ཚ་མོ་ཡིན་ཏེ་གསང་བའི་དཀྱིལ་འཁོར་རོ། །དཀྱིལ་འཁོར་དེ་དག་གང་གིས་མཉས ་པ་ནི་དམར་པོ་ལ་སོགས་པའི་འོད་ཟེར་གྱི་ཏིང་ངེ་འཛིན་གྱིས་ནང་གི་བདག་ཉིད་ཀྱི་དུས་ལ་གོམས་པར་བྱེད་པ་དེས་ནི་དངོས་གྲུབ་ནི་ཞི་བ་ལ་སོགས་པའི་དངོས་གྲུབ་དང། རྒྱ་ཆེན་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། ཐེག་ཆེན་ནི་གཡས་དང ་གཡོན་གྱི་སྣ་ཁུང་གཉིས་སོ། །དེ་ཉིད་ཀྱི་མཆོག་གི་ཆོས་ནི་གཡས་པ་ལ་སོགས་པའི་དབྱེ་བའི་སྤྲོ་བ་སྟེ་དེ་ལས་ཐོབ་པར་འགྱུར་ཏེ་རྡོ་རྗེ་བཟླས་པའི་རིམ་པའོ། །ཡང་ན་མ་ནི་ཆོས་ཀྱི་སྐུའོ། །སྲིང་མོ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །བུ་མོ་ནི ་སྤྲུལ་པའི་སྐུའོ། །སྒྲུབ་པ་པོ་ནི་རྣལ་འབྱོར་པས་སྟོང་པ་ཉིད་དང་དབུས་ཀྱི་གཙོ་བོ་དང། དཀྱིལ་འཁོར་པའི་རྣམ་བས་སྐུ་གསུམ་གྱི་བདག་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་གང་གིས་མཉེས་པ་ནི་སྒོམ་པར་བྱེད་པའོ། །དེས་ནི་དངོས་གྲུབ་རྒྱ་ཆེན་རྡོ་རྗེ ་སེམས་དཔའ་ཨི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཐེག་ཆེན་ནི་སྟོང་པ་ཉིད་དོ། །མཆོག་ནི་ཟླ་བ་དང་རྡོ་རྗེ་ས་བོན་བཀོད་པའོ། །ཆོས་ནི་སྐུ་རྫོགས་པ་ལ་སོགས་པའི་སྒོམ་པའོ། །དེ་ལྟ་བུ་གྲུབ་པར་བྱ་བའོ་ཞེས་སྟོན་ཏེ། དང་པོ་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་བ ་མཆོག་དང་ལས་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་རྣམས་དང་སྤྲོས་པ་མེད་པའི་སྤྱོད་པ་བཤད་པར་བྱ་བའི་ཕྱིར། སངས་རྒྱས་གཙོ་བོའི་ཡུམ་དག་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་།སངས་རྒྱས་ཡུམ་ནི་ཤེས་རབ་ཕ་རོལ་ཕྱིན་མའི་ངོ་བོ་ཡེ ་ཤེས་ཀྱི་ཕྱག་རྒྱ་མའོ། །དེ་ཉིད་གཙོ་བོ་ནི་སྙིང་ག་ལས་སྤྲོས་ཏེ། མཉེས་པར་བྱས་པ་ནི་རྫོགས་པའི་རྣལ་འབྱོར་པས་སྒོམ་ཞིང་མི་གོས་པ་ནི་རྣམ་པར་རྟོག་པའི་དྲི་མ་རྣམས་ཀྱིས་མི་རེག་པའོ་ཞེས་སྟོན་ཏོ། །དེ་ལྟ་བུ་སྒོམ་པའི་རྣལ་འབྱོར་པས་སངས་རྒྱས ་འགྲུབ་པར་འགྱུར་བ་ནི་མངོན་པར་བྱང་ཆུབ་ཀྱི་གོ་འཕང་ཐོབ་པར་འགྱུར་རོ། །ཇི་ལྟ་བུ་ཞེ་ན། རྣམ་པར་མི་རྟོག་ཅེས་པ་ནི་སྔ་མ་བཞིན་དུ་གཉིས་སུ་མེད་པའི་སྒོམ་པ་ལ་གནས་པས་སོ། །ཁྱི་ལ་སོགས་པ་ལས་ཁྱད་པར་བསྟན་པར་བྱ་སྟེ་།བློ་ཅན་ཞེས་བྱ་བ་ནི ་ཐབས་དང་ཤེས་རབ་ཀྱི་སྒོམ་པ་ལ་སོགས་པ་དང་ལྡན་པ་སྟེ། ཤེས་རབ་དང་བཅས་པས་སོ་ཞེས་སྟོན་ཏོ། །དེས་ནི་འདི་བཤད་པ་ཡིན་ཏེ། གཙང་བ་དང་མི་གཙང་བ་ལ་སོགས་པའི་རྟོག་པ་སྤངས་པའི་རྫོགས་པའི་རིམ་པའི་རྣལ་འབྱོར་པས་རང་གི་སྙིང་ག ་ལས་རྣལ་འབྱོར་མ་སྤྲོས་ཏེ། གཉིས་སུ་མེད་པའི་སྤྱོད་པས་རྣམ་པར་རྟོག་པ་མེད་ཅིང་བསམ་གཏན་གྱི་བཟའ་བ་ཅན་དེ་སྲིད་དུ་བསྒོམ་པ་བྱ་སྟེ་ཇི་སྲིད་དུ་མངོན་པར་བྱང་ཆུབ་ཀྱི་གོ་འཕང་ཐོབ་པར་འགྱུར་ཏེ། བསྐྱེད་པ་དང་རྫོགས་པའི་རིམ་པ་དག་དང་།ཤིན ་ཏུ་སྤྲོས་པ་མེད་པའི་སྤྱོད་པའོ། །ཡང་ན་སངས་རྒྱས་ནི་ཁ་ཕྱེ་བའི་པདྨའོ། །ཡུམ་ནི་དེ་ཉིད་ཀྱི་རྩ་དབུས་མ་སྟེ་འདོད་པའི་གདུགས་སོ། །མཉེས་པར་བྱ་བ་ནི་དེ་ཉིད་འགགས་ཤིང་བྱང་ཆུབ་ཀྱི་སེམས་འཛིན་ཏེ། མི་གོས་པ་ནི་འདོད་ཆགས་ལ་སོགས་པའི་རྣམ ་པར་རྟོག་པའི་དྲི་མས་རེག་པར་མི་འགྱུར་རོ། །རྣལ་འབྱོར་པ་དེས་ནི་སངས་རྒྱས་ནི་ལྷན་ཅིག་སྐྱེས་པའི་བདེ་བ་འགྲུབ་པར་འགྱུར་བ་ནི་རྫོགས་པར་འགྱུར་རོ། །ཇི་ལྟ་བུ་ཞེ་ན་རྣམ་པར་མི་རྟོག་པ་ཞེས་བྱ་བ་ལ་།རྣམ་པར་རྟོག་པ་ནི་དཔེའི་ལྷན་ཅིག་སྐྱེས་པ ་སྟེ་དེ་ལས་འདས་པས་སོ། །བློ་ནི་དཔེ་ལས་བྱུང་བའི་ལྷན་ཅིག་སྐྱེས་པ་སྟེ། དེ་ཉིད་གང་ལ་ཡོད་པ་དེ་ནི་བློ་ཅན་ཏེ་།སྒྲུབ་པ་ཆེན་པོའི་རྣལ་འབྱོར་པས་སངས་རྒྱས་རྙེད་པར་མི་དཀའ་ཨོ་ཞེས་ཚིག་གི་དོན་ཏོ། །དེ་ནི་འབྲས་བུའོ་ཡང་ན་སངས་རྒྱས་ནི་ཁམས་གསུམ ་པའོ། །ཡུམ?་ནི་དེ་ཉིད་ཀྱི་ཡུམ་སྟེ་ཡི་གེ་བཞི་བཅུ་རྩ་དགུའི་བདག་ཉིད་ཡི་གེ་ཕྱི་མོའོ། །དེ་ཉིད་བུད་མེད་དང་སྐྱེས་པ་དང་མ་ནིང་གི་རང་བཞིན་གྱིས་ཡི་གེ་གསུམ་གྱིས་ཉེ་བར་བསྡུས་ལ། མཉེས་པར་བྱ་བ་ནི་འཇུག་པ་ལ་སོགས་པའི་རིམ་གྱིས་ཐོ?་ཆུན་གྱི ་འཁྲུལ་འཁོར་བཞིན་དུ་བཟླས་བས་ངག་གིས་བཟླས་པའི་མཚན་ཉིད་ཅན་ཕྱི་རོལ་གྱི་རྣམ་པར་རྟོག་པ་རྣམས་ཀྱིས་གོས་བར་མི་འགྱུར་རོ། །ཇི་སྲིད་ངེས་སངས་རྒྱས་ནི་རྡོ་རྗེ་འཆང་ཆེན་པོའོ། །རྣམ་པར་སྣང་མཛད་ལ་སོགས་པའི་བཟླས་པའི་རིམ ་པས་འགྲུབ་པར་འགྱུར་རོ། །ཇི་ལྟ་བུ་ཞེ་ན་། རྣམ་པར་མི་རྟོག་ཞེས་པ་ནི་ཡན་ལག་མ་ཉམས་པའི་བཟླས་པས་སོ། །བློ་ཅན་ནི་ཉིན་མོ་དང་མཚན་མོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་བཟླས་པས་སོ་ཞེས་སྟོན་ཏོ་།དེ་ནི་རྡོ་རྗེ་བཟླས་པའི་རིམ་པའོ།། ་ཡང་ན་སངས་རྒྱས་ནི་རྣམ་པར་ཤེས་པ་གསུམ་གྱི་ཡུམ་ནི་འོད་གསལ་བའི་རང་བཞིན་ཤེས་རབ་སྟེ་། དེ་ཉིད་མཉེས་པར་བྱ་བ་ནི་རང་བཞིན་རྣམ་པར་དག་པའི་སྒོ་ནས་བསྒོམ་ཞིང། མི་གོས་པ་ནི་རང་བཞིན་གྱིས་བྱས་པའི་སྐྱོན་གྱི་དྲི་མ་རྣམས་ཀྱིས ་གནོད་པར་མི་འགྱུར་རོ། །ཇི་སྲིད་རྣལ་འབྱོར་པ་དེས་སངས་རྒྱས་ནི་ཟླ་བའི་དཀྱིལ་འཁོར་གྱི་སྣང་བ་དང་རྣམ་པར་མི་རྟོག་པ་ནི་ཉི་མའི་དཀྱིལ་འཁོར་གྱི་སྣང་བ་སྟེ། བློ་ཅན་ཞེས་པ་ནི་ཟླ་བ་དང་ཉི་མའི་སྣང་བ་མེད་པའི་འོད་གསལ་བའི་སྣང་བ་འགྲུབ་པར ་འགྱུར་ཏེ། སེམས་རྣམ་པར་དག་པའི་རིམ་པའོ། །ཡང་ན་སངས་རྒྱས་ཡུམ་ནི་འོད་གསལ་བ་ཁོ་ནའོ། །དེ་མཉེས་པར་བྱ་བ་ནི་དེ་ཉིད་ལས་ཅིག་ཆར་སྒྱུ་མ་ལྟ་བུའི་སྐུ་སྤྲོས་པར་བྱས་ཤིང་།མི་གོས་ནི་སྤྲོས་པ་དང་བཅས་པའི་བསྒོམ་པས་དབང་དུ་བྱ ་བ་མ་ཡིན་ནོ། །འོན་ཀྱང་དྲི་ཟའི་གྲོང་ཁྱེར་ལ་སོགས་པའི་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་ལྷའི་སྐུ་ལ་དམིགས་ཏེ་ཁམས་གསུམ་པ་ཡང་དེ་ཉིད་ཀྱི་ངོ་བོར་བལྟ་བར་བྱའོ། །དེ་ཉིད་ཀྱི་ཕྱིར་སངས་རྒྱས་ནི་དུས་པ་དང་ཤ་ལ་སོགས་པ ་མེད་པའི་ཡེ་ཤེས་ཀྱི་སྐུ་རྣལ་འབྱོར་དེས་འགྲུབ་པར་འགྱུར་རོ། །རྣམ་པར་མི་རྟོག་ནི་ཟླ་བ་དང་རྡོ་རྗེ་ལ་སོགས་པའི་བསྒོམ་པ་དང་བྲལ་བས་སོ། །དེ་བཞིན་དུ་བློ་ནི་སྤྲོས་པ་མེད་པའི་ཤེས་རབ་སྟེ། དེ་ཉིད་གང་ལ་ཡོད་པ་དེ་ནི་བློ་ཅན་རྣལ་འབྱོར་པ་སྟེ ་བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །དེ་བཞིན་དུ་སངས་རྒྱས་ཡུམ་ནི་འདོད་ཆགས་ལ་སོགས་པ་སྤོང་བས་དེ་ཁོ་ན་ཉིད་བཞི་པའོ། །མཉེས་པར་བྱ་བ་ནི་སྣང་བ་ལ་སོགས་པའི་རིམ་གྱིས་དེ་ཉིད་ལ་གོམས་པར་བྱས་ཤིང་མི་གོས་པ་ནི་རྣམ་པར ་རྟོག་པ་རིགས་པ་རྣམས་ཀྱིས་བརྟེན་པར་མི་འགྱུར་རོ། །ཇི་སྲིད་སངས་རྒྱས་མངོན་པར་བྱང་ཆུབ་ངེས་འགྲུབ་པར་འགྱུར་བ་ནི་བསྐྱེད་པར་འགྱུར་རོ། །ཇི་ལྟ་བུ་ཞེ་ན། རྣམ་པར་མི་རྟོག་ནི་རིལ་པོར་འཛིན་པའི་ཏིང་ངེ་འཛིན་དང་ལྡན་པས་སོ། །བློ་ཅན ་ནི་རྗེས་སུ་གཞིག་པའི་གཙོ་བོར་གྱུར་པའི་རྣལ་འབྱོར་པ་དེ་མངོན་པར་བྱང་ཆུབ་ཀྱི་རིམ་པའོ། །དེ་བཞིན་དུ་སངས་རྒྱས་ཀྱིས་ཡུམ་ནི་བདེན་པ་གཉིས་ཐ་མི་དད་པའི་མཚན་ཉིད་ཅན་གྱི་ཏིང་ངེ་འཛིན་ནོ་།མཉེས་པར་བྱ་བ་ནི་དེ་ཉིད་ལ་བརྟེན ་ནས་?་གོས་པ་ནི་བྲམ་ཟེ་གདོལ་པ་ལ་སོགས་པའི་རྣམ་པར་རྟོག་པ་རྣམས་ཀྱིས་རེག་པར་མི་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་སངས་རྒྱས་ནི་མི་གནས་པའི་མྱ་ངན་ལས་འདས་པ་འགྲུབ་པར་འགྱུར་རོ། །རྣམ་པར་མི་རྟོག་པ་ནི་རྡོ་རྗེ་ལྔ་བུའི་ཏིང་ངེ་འཛིན ་ནོ། །བློ་ནི་ཀུན་ཏུ་འོད་ཀྱིས་སྟེ་གང་ལ་ཡོད་པ་དེ་ནི་བློ་ཅན་ཏེ་སངས་རྒྱས་ཀྱིས་ཐོབ་པའི་རྣལ་འབྱོར་པས་སོ་ཞེས་སྟོན་ཏེ། ཟུང་དུ་འཇུག་པའི་རིམ་པའོ། །དེ་བཞིན་དུ་ཡུམ་ནི་ཤེས་རབ་པོ། །སངས་རྒྱས་ནི་རྣལ་འབྱོར་པ་སྟེ་དང་པོའི་དོན་དྲུག་པའོ། ། ་གཙོ་བོ་ནི་གཉི་ག་ཡང་ཤིན་ཏུ་བསླབ་པའོ། །མཉེས་པར་བྱ་བ་ནི་ཡང་དག་པར་སྦྱོར་བར་བྱས་ཤིང། མི་གོས་པ་ནི་ཉན་ཐོས་ལ་སོགས་པའི་རྣམ་པར་རྟོག་པ་རྣམས་ཀྱིས་མི་གཟུང་བའོ། །དེ་ལྟར་ན་བསྒྲུབ་བྱ་དང་སྒྲུབ་བྱེད་ཡང་དག་པར་སྦྱོར་བ་དང་ལྡན ་པའི་རྣལ་འབྱོར་པས། ཉེ་བར་སྒྲུབ་པ་ལ་སོགས་པའི་ཕྱི་མའི་བྱ་བ་རྣམས་ཀྱི་སངས་རྒྱས་ནི་རྣམ་པར་མི་རྟོག་པ་ཉིད་དང། བློ་ཅན་ནི་ངེས་པར་འབྱེད་པའི་ཤེས་རབ་དང་ལྡན་པའི་ཡེ་ཤེས་ཐོབ་པར་འགྱུར་རོ། །དེ་ནི་རང་བཞིན་ནོ། །ཡུམ་ནི་པདྨའོ། །སངས ་རྒྱས་ནི་རྡོ་རྗེའོ། །གཙོ་བོ་ནི་གཉི་གའོ། །དེ་དག་མཉེས་པར་བྱ་བ་ནི་ཡང་དག་པར་སྦྱོར་ཞིང་མི་གོས་པ་ནི་ཡིད་ཀྱིས་སྨོད་པར་མི་བྱའོ། །གྲུབ་པར་འགྱུར་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་དེ་རྒྱུའོ།། །།ཡུམ་ནི་ཡི་གེ་ཧཱུཾ་?། སངས་རྒྱས ་ནི་ཡི་གེ་ཕཊ་དོ། །དེ་དག་ཆར་?་པའི་ཕྱིར་གཙོ་བོའོ། །མཉེས་པར་བྱ་བ་ནི་དེ་དག་དགོད་པ་སྔོན་དུ་འགྲོ་བའི་བསྐྱེད་པ་བྱས་ཤིང། མི་གོས་པ་ནི་དགའ་བ་བྲལ་བར་མི་བྱ་སྟེ་བྱང་ཆུབ་ཀྱི་སེམས་སྤྲོ་བར་མི་བྱའོ། །གཞན་ནི་སྔ་མ་བཞིན་དུའོ། །ཇི་སྐད་དུ ་བྷ་གང་ལིངྒས་རབ་ཞུགས་ནས། བྱང་ཆུབ་སེམས་གནས་འགྲོ་མི་བྱ། །དགའ་བ་དེ་ཉིད་འཁྲུགས་ནས་ནི། །སེམས་ནི་གང་ཞིག་བསྒོམ་པར་བྱ། །བྱང་ཆུབ་ཀྱི་སེམས་སྤྲོ་བ་ནི། །ཇི་སྲིད་སྔགས་པས་མི་བྱ་སྟེ། །དགའ་སྐྱེས་བདེ་བ་གང་ཡང་རུང། །དེ་སྲིད ་རྒྱུན་མ་ཆད་པར་ཐོབ། །བདེ་བའི?་ངོ་བོ་དེ་ཉིད་དང། །ལྡན་ཞིང་མཆོག་དང་ཞི་བ་སྟེ། །བདག་ཉིད་རྟག་ཏུ་བསྒོམས་བྱས་ན། །འགྲུབ་འགྱུར་འདིར་ནི་ཐེ་ཚོམ་མེད། །དངོས་གྲུབ་ཐམས་ཅད་སྟེར་བའོ། །བྱང་ཆུབ་ཀྱི་སེམས་ལྷུང་འགྱུར་ན། །རྣམ་ཤེས ་ཕུང་པོ་བརྒྱལ?་གྱུར་པས། །བླ་མེད་དངོས་གྲུབ་ག་ལ་ཡོད་ཅེས་འབྱུང་ངོ། །དེ་ནི་ལས་སོ། །ཡང་ན་སངས་རྒྱས་ནི་དབང་པོ་དང་ཡུལ་བཅུ་སྟེ་། དེ་རྣམས་ཀྱི་ཡུམ་ནི་དེ་དག་གི་རྣམ་པར་ཤེས་པ་རྣམས་སོ། །དེ་རྣམ་གསུམ་ཡང་དག་བར་སྦྱོར་བའི་རེག ་པས་མཉེས་པར་བྱས་ཤིང་། མི་གོས་པ་ནི་རྣལ་འབྱོར་པ་དེ་ཕྱུགས་བཞིན་དུ་བཅིངས་པར་མི་འགྱུར་ཏེ། ཕུལ་དུ་བྱུང་བའི་ཐབས་དང་ལྡན་པའི་ཕྱིར་ཏེ་སོ་སོར་སྡུད་པའོ། །སངས་རྒྱས་ནི་དབང་པོ་དང་ཡུལ་རྣམས་སོ། །ཡུམ་ནི ་དེ་རྣམས་གཅིག་ཏུ་བྱས་ནས། །སངས་རྒྱས་ལྔའི་རང་བཞིན་དུ་མཉེས་པར་བྱ་བ་ནི་སྒོམ་ཞིང་མི་གོས་པ་ནི་རིགས་མི་མཐུན་པའི་ཡིད་ལ་བྱེད་པ་གཟུང་བར་མི་བྱའོ། །གཞན་ནི་སྔ་མ་བཞིན་ཏེ་བསམ་གཏན་ནོ། །སངས་རྒྱས་ནི་བྱང་ཆུབ་ཀྱི་སེམས ་སོ། །ཡུམ་ནི་དེ་ཉིད་ཀྱི་ཐིག་ལེའོ། །གཙོ་བོ་ནི་སྣ་ཚོགས་པའི་ངོ་བོ་ཉིད་ངོ། །མཉེས་པར་བྱ་བ་ནི་དེ་ཉིད་སྤྲོ་བའི་རིམ་པས་འགྲོ་བ་དང་འོང་བར་བྱས་ཤིང་རིགས་མི་མཐུན་པའི་རྣམ་པར་རྟོག་པ་རྣམས་མི་གོས་སོ། །གཞན་ནི་སྔ་མ་བཞིན་ཏེ་སྲོག ་དང་རྩོལ་བའོ། །སངས་རྒྱས་ཀྱི་ཡུམ་ནི་རྣམ་པར་མི་རྟོག་པའི་ཤེས་རབ་པོ། །མཉེས་པར་བྱ་བ་ནི་ཤེས་རབ་དེ་ཉིད་ཀྱིས་རྡོ་རྗེའི་རྩེ་མོར་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་འཛིན་ཏེ། མི་གོས་པ་ནི་གཡོ་བར་མི་འགྱུར་རོ། །གཞན་ནི་སྔ་མ་བཞིན་ཏེ་འཛིན ་པའོ། །སངས་རྒྱས་ནི་དེ་བཞིན་གཤེགས་པ་རྣམས་སོ། །ཡུམ་ནི་རིགས་ཀྱི་ལྷ་མོ་སྤྱན་ལ་སོགས་པ་དང་གཟུགས་རྡོ་རྗེ་མ་ལ་སོགས་པ་དང་ཁྲོ་པོ་རྣམས་སོ། །མཉེས་པར་བྱ་བ་ནི་དེ་རྣམས་ཐིག་ལེ་ལས་འགྲོ་བའི་དོན་དུ་སྤྲོས་ཏེ། དེའི་ཚེ་མི་གོས ་པ་ནི་?་ཞིག་པའི་སྟོང་པ་ཉིད་ཙམ་གྱི་རྣམ་པར་རྟོག་པས་གཟུང་བར་མི་འགྱུར་རོ། །གཞན་ནི་སྔ་མ་བཞིན་དེ་རྗེས་སུ་དྲན་པའོ། །དེ་བཞིན་སངས་རྒྱས་ཀྱི་ཡུམ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཉེ་བར་བསྡུ་བས་དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱིས་བྱས་པ་ཀུན་རྫོབ་དང་དོན་དམ་པའི་བདེན་པའི་རྣམ་པ་གཉིས་སུ་མེད་པ་སྲིད་པ་དང་ཞི་བ་རོ་གཅིག་པའི་ངོ་བོ་ལྷའི་སྐུའོ། །དེ་ཉིད་འགྲོ་བའི་དོན་སྣ་ཚོགས་མཛད་པའི་ནུས་པས་གཙོ་བོ་དེ་མཉེས་པ་ནི་དམིགས་པར ་བྱེད་པའི་རྣལ་འབྱོར་པ། མི་གོས་པ་སྟེ་ཐ་མལ་པའི་བག་ཆགས་རྣམས་ཀྱིས་ཡང་འཁྲུལ་པར་མི་འགྱུར་རོ། །དེའི་ཚེ་སངས་རྒྱས་ནི་མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་གྱི་གནས་འགྲུབ་པར་འགྱུར་བ་ནི་མངོན་དུ་འགྱུར་རོ། །རྣམ་པར་མི་རྟོག་པ ་ནི?་སྙིང་རྗེ་ཆེན་པོ་དང་ལྡན་པ་དང། བློ་ཅན་ནི་ཤེས་རབ་ཆེན་པོ་དང་ལྡན་པ་སྟེ་ཏིང་ངེ་འཛིན་ནོ། །དེ་ནི་དོན་ཡོད་གྲུབ་པའི་རྣལ་འབྱོར་རོ། །སངས་རྒྱས་ནི་རྫས་ལྔའོ། །དེ་རྣམས་ཀྱི་ཡུམ་ནི་ཡི་གེ་གསུམ་མོ། །དེ་མཉེས་པ་ནི་སྦྱོར་བ་ལ་སོགས་པའི་དོན་དུ ་?་པས་ཐ་མལ་པའི་བག་ཆགས་ཀྱི་རྣམ་པར་རྟོག་པ་མི་བྱའོ། །བདུད་རྩི་ལྔ་སྤྱོད་པའི་རྣལ་འབྱོར་པ་དེ་ཉིད་ཀྱིས་སངས་རྒྱས་ནི་རྡོ་རྗེ་འཆང་ཉིད་འགྲུབ་པར་འགྱུར་རོ། །གང་གི་ཚེ་ཞེ་ན། གལ་ཏེ་རྟོག་པ་ནི་གཙང་བ་དང་མི་གཙང་བ་ལ་སོགས་པར་མི ་འགྱུར་རོ། །བློ་ནན་ཞེས་པ་ནི་བློ་ནི་ཇི་བཞིན་བྱས་པའི་བསྒོམ་པ་སྟེ། དེ་གང་ལ་ཡོད་པ་དེ་ནི་བློ་ཅན་ཏེ་ངེས་སོ། །ཡང་ན་བློ་ནི་བསྐྱེད་པའི་རིམ་པ་ལ་སོགས་པ་དྲན་པ་སྟེ། དེ་གང་ལ་ཡོད་པ་དེ་ནི་དེ་བཞིན་སྒྲུབ་པའོ། །འདིར་ནི་ལས་རྩོད་པར་བྱེད་དེ། བཤད ་གཅི་ཟས་སུ་ཐ་བ་སྟེ་ཞེས་གང་བཤད་པ་དེ་ནི་འཇིག་རྟེན་དང་འགལ?་བ་སྤྱོད་པས་ཁྱི་དང་སྤྱང་གི་ལ་སོགས་པ་བཞིན་དུ་བྱིས་པའི་སྤྱོད་པར་རྣལ་འབྱོར་པ་ཐལ་བར་མི་འགྱུར་རམ་ཞེ་ན། སྨྲས་པ་ཐལ་བར་མི་འགྱུར་ཏེ། གང་གི་ཕྱིར་རིགས་པས་རྟོགས་པའི་དངོས ་བོ་རྣམས་གཙང་པ་ལ་སོགས་པ་མི་དམིགས་ཏེ། དེ་ལ་རེ་ཞིག་ཕྱི་རོལ་གྱི་དངོས་པོ་རྣམས་ནི་གཙང་བ་མ་ཡིན་ཏེ། མི་གཙང་བ་ཡང་མ་ཡིན་ཏེ། གང་གི་ཕྱིར་ཁོ་བོ་ཅག་ལ་ཚད་མ་གཉིས་ཡོད་པ་སྟེ། མངོན་སུམ་དང་རྗེས་སུ་དཔག་པ་ངག་གོ་།དེ་ལ་མངོན ་སུམ་ནི་རྣམ་པར?་མི་རྟོག་པའི་རང་བཞིན་རང་གི་མཚན་ཉིད་ཙམ་འཛིན་པས་ཚུལ་འདི་ལྟ་བུ་མ་ཡིན་ཏེ། འདི་ནི་གཙང་བ་དང་འདི་ནི་མི་གཙང་བ་ཞེས་པའོ། །དེ་ལྟ་བུ་ཡིན་ན་མངོན་སུམ་དེ་ནི་རྣམ་པར་རྟོག་པ་དང་བཅས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ ་ནི་རང་གི་མཚན་ཉིད་ཀྱི་རྗེས་སུ་འགྲོ་པ་དང་ལྡོག་པའི་རྗེས་སུ་འབྲང་བ་ཙམ་ཡིན་པའི་ཕྱིར་རོ། །ངེས་པའི་ཤེས་པས་རྟོགས་པར་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ་ངེས་པའི་ཤེས་པ་ནི་རང་གི་མཚན་ཉིད་ཙམ་ངེས་པར་བྱེད་པ་ཡིན་གྱི། གཙང ་བ་དང་མི་གཙང་བ་ལ་སོགས་པ་ནི་མ་ཡིན་ནོ། །གང་གི་ཕྱིར་རང་གི་མཚན་ཉིད་ནི་ངོ་བོ་གང་གི་མངོན་སུམ་དུ་སྣང་བ་ངོ་བོ་དེ་ཉིད་ཀྱིས་ངེས་པའི་ཤེས་པ་ནི་རྣམ་པར་བཞག་པའི་རྒྱུར་རིགས་ཏེ། གཞན་དུ་ནོ་བུམ་པ་སྣང་བའི་དུས་སུ་སྣམ་བུ་ངེས་པར་ཐལ་བར ་འགྱུར་རོ། །གཞན་ཡང་རེ་ཞིག་རྣམ་པར་མི་རྟོག་པ་ནི་ཚང་མ་གཙོ་བོར་རིགས་ཏེ། དེ་ནི་དེ་རྣམ་པར་བཞག་པའི་རྒྱུ་ཙམ་ཡིན་པའི་ཕྱིར་རོ། །གང་ཞིག་འདི་ནི་གཙང་བ་དང་མི་གཙང་བ་ལ་སོགས་པའི་རྣམ་པར་རྟོག་པ་དེ་ནི་ཐོག་མ་མེད་པའི་བག་ཆགS ་ཀྱི་མནན་པའི་རང་དབང་གི་རྣམ་པར་རྟོག་པས་བྱས་པ་ཡིན་གྱི། དངོས་པོ་ལས་སྐྱེས་པའི་ཤེས་པ་ནི་མ་ཡིན་ནོ། །གང་གི་ཕྱིར་ཐ་དད་པ་དང་ཐ་མི་དད་པ་མ་ཡིན་པའི་ཕྱིར་རོ། །དེ་ཉིད་རྣམ་པར་བཞག་པ་ཡང་རྣམ་པར་རྟོག་པའི་དབང་གི་དེ་རྣམ་པར་རྟོག ་པ་དེ་ཡང་ཚད་མ་མ་ཡིན་ཏེ། བགྲེས་པོ་རྣམས་ཀྱིས་གཏན་ལ་ཕབ་པའོ། །དེའི་ཕྱིར་མངོན་སུམ་གྱིས་ནི་གང་གཙང་བ་དང་མི་གཙང་བ་ལ་སོགས་པའི་རྣམ་པར་དབྱེ་བ་མི་བྱའོ། །རྗེས་སུ་དཔག་པས་ཀྱང་མ་ཡིན་ཏེ། དེ་ནི་མེད་པར་མི་འབྱུང་བའི ་རྟགས་མཐོང་བའི་སྟོབས་ཀྱིས་བསྐྱེད་པའི་ཕྱིར་ཏེ་དུབ་དང་མེ་བཞིན་དུའོ། །རྫས་རྣམས་ཀྱང་གཙང་བ་དང་མི་གཙང་བ་ལ་སོགས་པ་རྗེས་སུ་དཔག་ན་མེད་པར་མི་འབྱུང་བའི་རྟགས་ནི་གང་མི་མཐོང་བ་སྟེ། གང་གིས་འདི་ལྟར་རྣམ་པར་བཞག་པར་བྱ ་བ་སྟེ། འདི་ནི་གཙང་བ་ཉིད་དང་འདི་ནི་མི་གཙང་བ་ཞེས་སོ། །འོ་ན་གང་ཞིག་འདི་དྲ་ངན་པ་དང་མདོག་སེར་པོ་ལ་སོགས་པ་སྟེ། རྟགས་ཡོད་པ་མ་ཡིན་ནམ་ཞེ་ན། དྲི་ངན་པ་ནི་གཞན་རྣམས་སྒོག་པ་ལ་སོགས་པ་ཡོད་པ་སྟེ། འཁྲུལ་པ་ཅན་གྱི ་རྟགས་ཡིན་ནོ། །སློག?་པ་ལ་སོགས་པ་ནི་ཐམས་ཅད་ཀྱིས་བཟའ་བར་བྱ་བ་ཡིན་ནོ། །འོན་དེང་ཡང་དེ་ཉིད་རྩོད་པར་བྱ་བ་མ་ཡིན་ནམ་ཞེ་ན། དེ་སྐད་མ་ཟེར་ཞིག། བཅུད་ལེན་སྒྲུབ་པའི་དུས་སུ་སྣ་ཚོགས་པའི་རྫས་ཀྱི་ཚོགས་བསྐོལ་ན་དྲི་ངན་པ་དང་བཟང་བ་དམིགS ་པ་ནྟེ།?་དེ་ཉིད་ཀྱང་མི་བཟའ་བར་ཐལ་བར་འགྱུར་རོ། །གཞན་ཡང་དྲི་ངན་པ་ནི་མི་གཙང་བའི་རྟགས་ཡིན་པ་དང། དྲི་བཟང་བ་ནི་གཙང་བའི་རྟགས་ཡིན་ན། དགུན་ཆང་ལ་ནི་དྲི་བཟང་བ་ཡོད་པ་སྟེ་བྲམ་ཟེ་རྣམས་ཅིའི་ཕྱིར་མི་འཐུང་སྟེ། འོན་ཀྱང་བཏུང་བ་ཉིད་དུ ་ཐལ་བར་འགྱུར་རོ། །མདོག་སེར་པོ་ལ་སོགས་པ་མི་གཙང་བ་ལ་སོགས་པའི་རྟགས་མ་ཡིན་ཏེ། གསེར་ལ་སོགས་པ་སེར་པོ་ཡིན་པས་རེག་པར་བྱ་བའི་ཕྱིར་གསེར་དེ་རྣམས་ནི་བྲམ་ཟེས་ཅིའི་ཕྱིར་བླང་དེའི་ཕྱིར་འདི་ནི་ཐམས་ཅད་འཁྲུལ་པ་ཡིན་ནོ།། ་ཁོད?་པའི་མེའི་དག་པས་མི་གཙང་བ་ཡིན་ནོ་ཞེ་ན། དེ་ལྟར་ཡིན་ན་བའི་ཁོང་པའི་མེའི་རེག་པས་འོ་མ་ཡང་མི་བཏུང་བར་ཐལ་བར་འགྱུར་རོ། །དྲོ་བའི་རེག་པ་དང་གྲང་བའི་རེག་པ་དག་ནི་ཁོང་པའི་མེའི་རེག་པ་ཁོ་བོ་ཅག་མི་ཟེར་ཏེ། འོན་ཀྱང་སྐྱེས་པའི་སྨིན ་པའི་གནས་སུ་སྨིན་པས་མི་གཙང་བ་ནི་བཤད་པ་ལ་སོགས་པ་ཡིན་ནོ་ཞེ་ན། དེ་ལྟར་ཡིན་ན་ཁྲག་དང་ཤུཀྲ་ངག་སྨིན་པའི་གནས་སུ་མི་སྨིན་བས་ཡས་ཅག་གིས་བཏུང་བར་ཐལ་བར་འགྱུར་ཏེ་ཧ་ཅང་ཐལ་བར་འགྱུར་བས་ཆོག་གོ། དེ་བས་ན་འཁྲུལ ་པའི་?་མཐོང་བས་དངོས་པོ་ནི་གཙང?་པ་དང་མི་གཙང་བ་ལ་སོགས་པ་མ་ཡིན་ནོ། །གཞན་ཡང་ཡས་ཅག་གིས་པ་ནི་གཙང་བ་ཉིད་དུ་རྟོགས་པ་སྟེ། དེ་ལ་ནི་ཚད་མ་གང་ཡང་མི་དམིགས་ཏེ། དེ་རྣམས་ཕྱུགས་ཡིན་པས་བཤད་པ་ལ་སོགས ་པ་ཟ་བ་སྟེ། དེ་ལས་བྱུང་བའི་འོ་མ་ནི་བཏུང་བར་མི་འགྱུར་ཏེ། ཡས་ཅག་རྣམས་ཀྱིས་འདི་ལྟར་སྨ་བའི་ཚིག་ནི་འགལ་བ་ཡིན་ཏེ། བའི་པགས་པ་ལ་ཟླ་བ་བཏུང་བར་བྱ་བ་སྟེ་རོ་ནི་མི་རེག་པའི་ཕྱིར་རོ། །སྔགས་ཀྱིས་དག་བྱེད་ཀྱི་ཕྱིར་སྐྱོན་མེ་དོ ་ཞེ་ན། དེ་ལྟར་ཡིན་ན་སྔགས་ཀྱིས་དག་པར་བྱས་པ་ཡི་སྐྱེས་པའི་པགས་པ་ལ་ཡང་ཟླ་བ་བཏུང་བར་ཐལ་བར་འགྱུར་རོ། །འཇིག་རྟེན་ལ་མ་གྲགས་པ་ཡིན་ཞེ་ན། དེ་ལྟར་ཡིན་ན་འཇིག་རྟེན་ལ་གྲགས་པ་ཚད་མ་ཡིན་གྱི། ་རིགས་བྱེད་ཀྱི་ངག་ནི་ཚད་མ་གང་ཡང་མ་ཡིན་པས་དེའི་ཚེ་འཇིག་རྟེན་པས་ནི་བཙོང་བཟའ་བར་བྱེད་པ་སྟེ། དེ་ཡང་ཁྱེད་ཅག་རྣམས་ལ་ཚང་མར་ཐལ་བར་འགྱུར་ཏེ། འཇིག་རྟེན་ལས་གྲགས་པའི་ཕྱིར་རོ། །འཇིག་རྟེན་ལ་གྲགས་པ་དང ་ལྡན་པའི་རིག་བྱེད་ཀྱི་ངག་ཚད་མ་ཡིན་ནོ་ཞེ་ན། དེ་ལ་གལ་ཏེ་རིག་བྱེད་ཀྱི་ངག་ཚད་མ་ཡིན་ན། འཇིག་རྟེན་ལ་གྲགས་པས་ཅི་བགྱི་བའོ། །གལ་ཏེ་ཚད་མ་མ་ཡིན་ན་དེའི་ཚེ་ཡང་འཇིག་རྟེན་ལས་གྲགས་པས་ཅི་བགྱི་བའོ། །ལྷན་ཅིག་བྱེད་པ ་ཙམ་ཡིན་ནོ་ཞེ་ན། ལྷན་ཅིག་བྱེད་པ་ནི་ཕན་པར་བྱེད་པ་ཡིན་ནམ་ཕན་བྱེད་པ་མ་ཡིན་ཞེ་ན། ཕན་བྱེད་པ་ཡིན་ན་སྔར་བསྟན་པའི་སྐྱོན་འབྱུང་བར་འགྱུར་རོ། །ཕན་པར་བྱེད་པ་མ་ཡིན་ན་ཧ་ཅང་ཐལ་བར་འགྱུར་རོ། །དེ་བས་ན་རྟགས་མེད་དོ། །དེ ་བཞིན་དུ་བྲམ་ཟེ་ལ་སོགས་པའི་རིགས་རྣམས་ཀྱང་བསྟན་ཏོ། །དེ་ལ་སྲོག་དང་རིགས་དང་ལུས་དང། ཤེས་པ་དང་སྤྱོད་པ་དང། འདུས་བྱས་པ་ནི་བྲམ་ཟེ་ནི་མ་ཡིན་ཏེ། སྲོག་ནི་བྲམ་ཟེ་མི་རིགས་ཏེ། དེ་ནི་བདེ་བ་དང་སྡུག་བསྔལ་གྱི་བདག? ་ཉིད་ཀྱི་དབུ་ནས་བརྩམས་ཏེ། སྲིད་པའི་རྩེ་མོའི་བར་དུ་མཚུངས་པ་ཡིན་པའི་ཕྱིར་ཁྱད་པར་མེད་ངོ། །སྲོག་བྲམ་ཟེ་ཡིན་ན་བྲམ་ཟེའི་ལུས་གསོད་པས་བྲམ་ཟེ་གསོད་པ་ཉིད་དུ་ཐལ་བར་མི་འགྱུར་རོ། །རིགས་ནི་བྲམ་ཟ་མ་ཡིན་ཏེ། རིགས ་ནི་གསལ་བ་ལ་གནས་སམ་མི་གནས། གསལ་བ་ལ་གནས་པ་ཡིན་ན། གསལ་བ་བཞིན་དུ་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་ཏེ། རིགས་དེ་ཡང་ཁྱོད་རྣམས་ནི་རྟག་པར་འདོད་དོ། །གསལ་བ་ལ་མི་གནས་ན་གཞན་དུ་མི་དམིགས ་ཏེ། རི་བོང་གི་རྭ་བཞིན་ནོ། །ལུས་ཀྱང་བྲམ་ཟེར་མ་ཡིན་ཏེ། རྐང་པ་དང་ལག་པ་ལ་སོགས་པ་དང། ཤུཀྲ་དང་ཁྲག་ལ་སོགས་པ་ནི་སྨེ་ཤ་ཅན་དང་མཚུངས་པའི་ཕྱིར་རོ། །སྐྲ་སེར་པོ་ལ་སོགས་པ་ཉིད་ནི་བྲམ་ཟེའི་ལུས་ལ་འཁྲུལ་པ་ཅན་ཡིན་ཏེ། སྤྲེའུ ་ལ་སོགས་པ་དེ་མཐོང་བའི་ཕྱིར་རོ། །རིག་བྱེད་ཀློག་པའི་ཤེས་པའི་མཚན་ཉིད་ཅན་བྲམ་ཟེ་ཉིད་ནི་མ་ཡིན་ཏེ། དམང་རིགས་ལ་སོགས་པ་ཡང་དེ་ཤེས་ན་དེ་རྣམས་ཀྱང་བྲམ་ཟེར་ཐལ་བར་འགྱུར་རོ། །ཁྲུས་དང་སྤྱིན་སྲེག་ལ་སོགས་པའི་སྤྱོད་པའི་བྲམ ་ཟེ་ཉིད་དུ་ཁས་བླངས་ན་།དེ་ནི་དེ་དང་ལྡན་པའི་དམང་རིགས་ཀྱི་སྐྱེས་པ་ཡང་བྲམ་ཟེ་ཉིད་དུ་ཐལ་བར་འགྱུར་རོ། །དུས་བྱས་པ་ནི་སྒྲ་མཚམས་ཕྱེ་བ་ལ་སོགས་པའི་མཚན་ཉིད་ཅན་བྲམ་ཟེ་ཡིན་ན། རིགས་ངན་མོ་རྣམས་ཀྱང་ངེ་བྱེད་པས་ན་བྲམ་ཟེ་ཉིད ་དུ་མ་ཡིན་པའི་ཕྱིར་ངོ། །དེ་བས་ན་བྲམ་ཟེ་ལ་སོགས་པའི་རིགས་འདི་རྣམས་ནི་རྟོག་པས་བྱས་པའི་ཐ་སྙད་ཙམ་ཡིན་ནོ། །གཞན་ཡང་ཁྱེད་རྣམས་ཀྱི་གྲུབ་མཛའ་འདི་ཡིན་ཏེ། སྐྱེ་དགུའི་བདག་པོ་ཚངས་པའི་སྤྱི་བོ་ལས་སྐྱེས་པ་བྲམ་ཟེ་རྣམS? ་སྐྱེས་པ་དང། ལག་པ་དག་ལས་རྒྱལ་རིགས་དང། བརླ་ལས་རྫེ་རིགས་དང་རྐང་པ་དག་ལས་དམང་རིགས་སོ། །དེ་ལྟར་ཡིན་ན་བྲམ་ཟེ་མོ་གང་ལས་སྐྱེས། ཕྱི་རོལ་ལ་སོགས་པ་ལས་སྐྱེས་ན་རིགས་གཞན་དུ་ཐལ་བར་འགྱུར་རོ། །སྤྱི་བོ ་ནས་སྐྱེས་པ་ཡིན་ནོ་ཞེ་ན། དེ་ལྟར་ན་རིགས་གཅིག་ལས་སྐྱེས་པའི་བྲམ་ཟེ་མོ་དག་ཕན་ཚུན་མིང་པོ་དང་སྲིད་མོ་ཡིན་ཏེ། གཞན་ཡང་བྲམ་ཟེའི་ཆུང་མ་ནི་བྲམ་ཟེ་མོ་ཡིན་ཏེ། རང་གི་རུས་ལ་འགྲོ་བར་ཐལ་བར་འགྱུར་རོ། །དེ་ཉིད་ཀྱི ་ཕྱིར་གཙང་བ་དང་མི་གཙང་བ་ལ་སོགས་པའི་རྣམ་པར་དབྱེ་བ་འམ། རིགས་ཀྱི་དབྱེ་བ་དོན་དམ་པ་མ་ཡིན་ནོ། །འོན་ཀྱང་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་གཅིག་པུ་བྲམ་ཟེ་ཁོ་ན?་ཡིན་ཏེ། གང་གིས་ཚངS། ་པའི་དེ་ཁོ་ན་ཉིད་ནི་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པའི་མཚནྙིད་ཅན་མཁྱེན་པ་དང་སྟོན་པར་མཛད་པའོ། །དེ་ཉིད་ཀྱི་ཐེག་པ་ལ་ཞུགས་པའི་དགེ་སློང་རྣམས་ཀྱང་བྲམ་ཟེ་ཡིན་ཏེ། རྟག་ཏུ་དགེ་བའི་ལས་སྤྱོད་པའི་ཕྱིར། ་ཧ་ཅང་ཐལ་བར?་འགྱུར་བས་ཆོག་གོ། ང?་ནི་རྣལ་མའི་དོན་དཔྱད་པར་བྱ་སྟེ། དེ་ནས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ཞེས་བྱ་བ་ལ་སོགས་པ་ལ་སྒྲིབ་པ་ཐམས་ཅད་སེལ་བ་གཙོ་བོར་གྱུར་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ས་བཅུའི་དབང ་ཕྱུག་གོ་།ངོ་མཚར་དུ་གྱུར་པ་ནི་གདོལ་པ་ལ་སོགས་པ་རྣམས་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པ་དང། རྨད་དུ་གྱུར་པ་ནི་སྲོག་གཅོད་པ་རྣམས་བྱང་ཆུབ་ཐོབ་པར་ཐོས་སོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་འཇོམས་པས་བཅོམ་ལྡན ་འདས་སོ། །དེ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ནི་ཉན་ཐོས་པ?་ལ་སོགས་པ་དང། དེ་བཞིན་གཤེགས་པ་ལྔའི་བདག་པོ་ནི་སྟོང་པ་ཉིད་དུ་གྱུར་པ་ཡིན་ན་ཡང། དེ་བཞིན་གཤེགས་པ་ཐམས་ཅད་ནི་ཉོན་མོངས་པ་དང་ཤེས་བྱའི ་སྒྲིབ་པ་སྲོང་བ་སྟེ། དེ་རྣམས་ཀྱི་འཁོར་གྱི་དཀྱིལ་འཁོར་གྱི་ནང་དུ་ཚིག་ངན་པ་ནི་རིགས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཉིད་གསུང་བ་ནི་ཤིན་ཏུ་གསལ་བར་སྟོན་པར་མཛད་པ་དེ་ནི་ངོ་མཚར་ཆེ་བ་ཡིན་ནོ་ཞེས་གསོལ་ཏེ་དེ་ནི་བསྒྲུབ་པའོ། །དེ ་ནས་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་ཨི་ཚིག་གསན་ནས་དེ་རྣམས་ཀྱི་ཐེ་ཚོམ་སེལ་པར་མཛད་པའི་ཕྱིར་མི་བསྐྱོད་པ་ལ་སོགས་པས་འདི་སྐད་ཅེས་བཀའ་སྩལ་ཏོ། །འདི་ཐོང་ནི་བཀག་པ་ལའོ། །མའི་སྒྲ་ནི་?་དང་ཡང ་དུའོ། དེས་ན་དོན་འདི་ཡིན་ཏེ། རིགས་ཀྱི་བུ་རྣམས་ཤེས་པ་ནི་དེ་བཞིན་གཤེགས་པའི་རིགས་ལས་བྱུང་བའི་ཁྱེད་རྣམས་དེ་སྐད་མ་ཟེར་ཅིག། མི་བསྐྱེད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་དྲུག་གི་རིགས་ལས་བྱུང་བའི་ཁྱོད་ཅག་གིས ་ཀྱང་ཚིག་དོན་དེ་ལྟ་བུ་མི་ཤེས་ན་གཞན་སུས་ཤེས་པ་སྟེ་གཏད་པའོ། །ཚིག་རྣམས་ཀྱི་དགོངས་པ་དེ་ཉིད་གསུངས་པ་ཡིན་ཏེ། སྙིང་པོ་ཡེ་ཤེས་ཅན་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ནི་འདོད་ཆགས་ལ་སོང?་པའི་ཉོན ་མོངས་པ་རྣམ་པར་དག་པའི་ངོ་བོ་དེ་བཞིན་གཤེགས་པའི་ཆོས་ཉིད་འདི་ཡིན་ཏེ། གང་ཞིག་ཚིག་རྣམས་ཀྱིས་བརྗོད་པར་བྱ་བ་ཐམས་ཅད་སྟོང་པ་ཉིད་དོ། །དག་པ་ཞེས་པ་ནི་ཐབས་ལ་མཁས་པས་ཀུན་ཏུ་གཟུང་བའོ། །སངས་རྒྱས ་ཇི་ལྟ་བུ?་ཞེ་ན། སྙིང་པོ་ནི་འོད་གསལ་བ་སྟེ། དེ་ཤེས་པས་ན་སྙིང་པོ་ཡེ་ཤེས་ཅན་ཏེ་དེ་རྣམས་ཀྱིའོ། །ཆོས་ཉིད་དེ་ཇི་ལྟ་བུ་ཞེ་ན། སྙིང་པོ་ཆོས་ཉིད་ནི་འོད་གསལ་བ་སྟེ། དེའི་མཆོག་ནི་སྒྱུ་མ་ལྟ་བུའི་སྐུ་སྟེ་དེ་ལས་འབྱུང་བའོ། །སྒྱུ་མ་ལྟ ་བུའི་ཉིད་ངེ་འཛིན་ལ་དམིགས་ཏེ། བསྟན་པ་འདི་རྡོ་རྗེ་སེམས་དཔས་མཛད་པའོ། །དེ་ཉིད་ཀྱི་ཕྱིར་བསྟན་པ་འདི་ཇི་ལྟ་བུ་ཞེ་ན། བྱང་ཆུབ་སྤྱོད་པའི་གནས་འདི་ཡིན་ཞེས་པ་ལ། བྱང་ཆུབ་ནི་སྤྲོས་པ་དང་བཅས་པའི་སྤྱོད་པའོ། །སྤྱོད་པ ་ནི་སྤྲོས་པ་མེད་པའི་སྤྱོད་པའོ། །གནས་ནི་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་སྟེ། དེ་རྣམས་ཀྱི་རང་བཞིན་ཡིན་པས་མངོན་པར་བྱང་ཆུབ་པ་རྣམ་པ་གསུམ་སྟེང་པར་བྱེད་པའོ་ཞེས་ཚིག་གི་ལྷག་མའོ། །དེ་ནི་སེམས་རྣམ་པར་དག་པ་དང། ་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་དང་སྒྲུབ་པ་རྣམས་སོ། །ཡང་ན་སངས་རྒྱས་ནི་ཡན་ལག་བཅུ་གཉིས་པའི་ཆོས་ཀྱི་གསུང་རང་མཁྱེན་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཉིད་ནི་རྟོགས་པར་བྱ་བའི་དོན་བསྟན་པའོ། །དག ་པ་ནི་གསལ་བའོ། །སངས་རྒྱས་ནི་ཇི་ལྟ་བུ་ཞེ་ན། སྙིང་པོ་ནི་འགྲོ་བའི་སེམས་ཏེ། དེ་མཁྱེན་པས་ན་སྙིང་པོ་ཡེ་ཤེས་ཅན་ནོ། །ཆོས་ཉིད་ཇི་ལྟ་བུ་ཞེ་ན། སྙིང་པོ་ཆོས་ནི་ཚིག་སྟེ་དེ་ཉིད་ཀྱི་མཆོག་ནི་བརྗོད་པར་བྱ་བའི་དོན་དེ་ལས་བྱུང་བ ་ནི་སྐྱེས་པ་སྟེ། རྟོགས་པར་བྱ་བ་ནི་དོན་བསྟན་ནི་བྱང་ཆུབ་སྤྱོད་པ་ནི་རྣམ་པ་གསུམ་གྱི་སྤྱོད་པས་བསྒོམ་པར་བྱས་ནས། གནས་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་འགྱུར་རོ་ཞེས་ཚིག་གི་དོན་ཏོ། །དེ་ནི་རྫོགས་པའི་རིམ ་པའོ། འདིར་ནི་སྒྲ་བརྗོད་པས་བུམ་པ་ལ་སོགས་པ་བཞིན་དུ་ལྟོ་བ་ཆེ་བའི་རྣམ་པའི་མཚན་ཉིད་ཅན་དོན་རྟོགས་པར་བྱ་བ་གང་ཡིན་པ་དེ་ནི་རྗོད་པར་བྱེད་པའི་བརྗོད་བྱའི་མཚན་ཉིད་ཅན་གྱི་དོན་ཡིན་ནོ། །བརྗོད་བྱའི་དོན་ཤེས་ནས་དེ་ཉིད་ཀྱི་སྟོབས་ཀྱིས ་དོན་གཞན་རྟོགས་པར་བྱ་བ་གང་ཡིན་པ་དེ་ནི་རྟོགས་པར་བྱ་བའི་དོན་ཡིན་ཏེ། དཔེར་ན་ཀྱེ་དགེ་སློང་འཇིགས་པ་མེད་ཅིང་སོང་ཞིག་།གཙང་པོའི་ངོས་ལ་གནས་པའི་སེང་གེས་ཁྱི་དེ་བསང་ངོ་ཞེས་ཚིག་གི་དོན་དཔྱོད་ནི་བརྗོད་བྱའི་དོན་འགྲོ་བའི་མཚན་ཉིད ་ཅན་ཡིན་པ་དང། རྟོགས་པར་བྱ་བའི་དོན་དཔྱོད་ན་འོན་ཀྱང་འགྲོ་བ་བཀག་པ་རྟོག་པར་བྱ་བ་སྟེ། བརྗོད་བྱ་དང་རྟོགས་པར་བྱ་བའི་དོན་དག་ཐ་དད་པའོ། །ལྡོག་པའི་མཚན་ཉིད་ཅན་གྱི་དོན་ཡང་སྒྲ་རྣམས་ཀྱིས་ཡོད་པ་སྟེ། དཔེར་ན་ཤིང་ཞེས་བྱ་བ་བརྗོད ་ན་ཤིང་མ་ཡིན་པ་ལམ?་ལྡོག་པའི་མཚན་ཉིད་ཅན་གྱི་དོན་རྟོགས་པ་སྟེ། ཡི་གེ་དབྱངས་དང་སྒྲ་དག་ནི་ཞེས་བྱ་བ་ལ་སོགས་པ་སྔར་བསྟན་པའི་ཕྱིར་རོ། །སྒལ?་ཡང་དོན་དུ་མ་སྟོན་པའི་ནུས་པ་ཡང་ཡོད་པ་སྟེ། གང་དང་གང་དོན་བསྟན་པར་འདོད་པ་དེ་དང ་དེ་གསལ་བར་འགྱུར་ཏེ། རྨ་བྱའི་སྒོ་ངའི་ཁུ་བ་བཞིན་དང་རྩང་པ་བཞིན་ནོ། །དཔེར་ན་སྒྲ་གཅིག་པུ་གོ་ཞེས་བྱ་བ་ནི་དོན་བཅུ་སྟོན་པ་སྟེ། ངག?་ཕྱོགས་ས་འོད་རྡོ་རྗེ་མདའ། །ཕྱགས་མིག་མཐོ་རིས་ཆུ་རྣམས་ཏེ། །བློ་དང་ལྡན་པས་དོན་བཅུ་ལ། །གོ་ཡི་སྒྲ ་ནི་ངེས་པར་བརྗོད་ཅེས་བྱ་བ་ནི་དོན་དུ་མ་བསྟན་པའི་ནུས་པའི་དཔེ་ཡིན་ནོ། །དེ་བས་ན་རྟོགས་པར་བྱ་བའི་དོན་བསྟན་པ་གཟུང་པ་ཡིན་ན། ཀྱེ་བྱང་ཆུབ་སེམས་དཔའ་རྣམས་རྡོ་རྗེ་འཆང་ཆེན་པོ་ནི་རིམ་པ་ལྔ་ལ་སོགས་པའི་དོན་གཙོ་པོར་གྱུར་པ་བསྟན་པ་སྟེ། ་ཁྱོད་རྣམས་ཀྱིས་འགལ་བའི་དོན་ཡིན་ནོ་ཞེས་རྟོགས་པར་མ་བྱེད་ཅིག་།དེ་ནི་རྫོགས་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་བརྗོད་ཀྱིས་མི་ལང་བ་ལ་སོགས་པ་ནི་སྔར་བཤད་ཟིན་ཏོ། །བྱང་ཆུབ་སེམས་དཔའ་རྣམ་པར་སེལ་བ་ལ་སོགས ་པའོ། འཇིགས་པ་ནི་སྤྲོས་པ་དང་བཅས་པའི་དོན་ཐོས་ནས་ཅུང་རྣམ་པར་རྟོག་པ་ཟད་པའོ། །སྐྲག་པ་ནི་སྤྲོས་པ་མེད་པའི་སྤྱོང་པ་སྒོམ་པས་སེམས་རྩེ་གཅིག་པར་གྱུར་པའོ། །བརྒྱལ་བར་གྱུར་པ་ནི་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་སྒོམ ་པས་རྣམ་པར་རྟོག་པ་མ་ལུས་པ་མེད་ཅིང། འོད་གསལ་བཙམ་ལ་གཅིག་ཏུ་རྩོལ་པ་རི་བོ་བཞིན་དུ་མི་གཡོ་བ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་ཞུགས་པར་གྱུར་པ་སྟེ། མངོན་པར་བྱང་ཆུབ་པ་དང་ཟུང་འཇུག་གི་རིམ་པ་དང་སྒྲུབ་པ་རྣམས་སོ། ། ་དེ་ལྟར་བཅོམ་ལྡན་འདས་ཆེན་པོའི་བསྟན་པ་གསལ་བར་བྱེད་པའི་དེ་བཞིན་གཤེགས་པའི་ཚིག་ཐོས་པ་དང་བསམ་པ་དང་བསྒོམ་པའི་རིམ་པས་འོད་གསལ་བ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཨི་འཁོར་གཟིགས་ཏེ། རྒྱང?་ཀྱི་ལེའུ ་གཞན་བཤད་པའི་ཕྱིར་ཉན་པ་པོ་མེད་པས་ཇི་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱིས་དཀྱིལ་འཁོར་གྱི་དབང་ཕྱུག་བསྐུལ་བར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་བརྒྱལ ་བར་གྱུར་པ་གཟིགས་པ་ནི་ཏིང་ངེ་འཛིན་ལ་ཞུགས་པར་གཟིགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་པོ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བསླང?་བར་གསོལ? ་ཞེས་པ་ནི་དཔལ་གསང་བྱ་འདུས་པ་མ་རྫོགས་པས་བྱང་ཆུབ་སེམས་དཔའ་རྣམས་ནི་བཅོམ་ལྡན་འདས་ཀྱིས་བསྟན་པའི་མཐུས་འོད་གསལ་བ་ལ་ཞུགས་པ་དེ་ནི་མི་རིགས་ཏེ། སེམས་ཅན་གྱི་དོན་མེད་པའི་ཕྱིར་རོ། །དེ་བས་ན་བཅོམ་ ་ལྡན་འདས་ཀྱིས་འདི་རྣམས་བསླད་བར་གསོལ་ཞེས་དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་བ་བཏབ་པའོ། །གསོལ་བ་བཏབ་མ་ཐག་ཏུ་རྡོ་རྗེ་འཆང་ཆེན་པོས་ནམ་མཁའ་དང་མཉམ་པ་ནི་འོད་གསལ་བ་སྟེ། དེ་དང་གཉིས ་སུ་མེད་པ་ནི་དེ་ཉིད་ལས་ཅིག་ཅར་དུ་སྤྲོ་པའི་རྡོ་རྗེ་ནི་སྒྱུ་མ་ལྟ་བུའི་སྐུ་སྟེ། དེ་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་བདག་ལ་བྱིན་གྱིས་བརླབས་པའི་རིམ་པ་ཞུགས་སོ། །དེ་འདས་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་སྐུའི་འོད་ནི། འཇའ་ཚོན་དང ་འདྲ་བས་བྱང་ཆུབ་སེམས་དཔའ་དེ་རྣམས་རེག་པ་སྟེ། སྙིང་གར་ཞུགས་ཤིང་འོད་གསལ་བའི་ཏིང་ངེ་འཛིན་ལས་ལངས་ཏེ་སྒྱུ་མ་ལྟ་བུའི་སྐུ་འཛིན་པར་གྱུར་ཏོ། །རང་རང་གི་སྟན་ནི་པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་སོགས་པའི་གདན ་ལ་འགྲོ་བའི་དོན་མཛད་པའི་ཕྱིར་རྒྱུད་ལྷག་མ་ཉན་དུ་གནས་པར་གྱུར་པ་དེ་བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །ཡང་རང་རང་གི་སྟན་ནི་སྒྱུ་མའི་དཔེ?་བཅུ་གཉིས་ཏེ་དེ་ལ་སེམས་ཅན་གྱི་དོན་མཛད་པའི་ཕྱིར། གནས་པར་གྱུར ་ཏེ་དོན་དེ་ཉིད་དོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། སྦྱོད་པའི་དོན་གཏན་ལ་ཕབ་པའི་དེ་བཞིན་གཤེགས་པ་རྣམས་དང། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཅོམ་ལྡན་འདས་ལ་བསྟོད་པ་སྟེ། ཇི་ལྟ་བུ་ཞེ་ན་ངོ་མཚར་དུ ་གྱུར་པ་ནི་སྤོས་པ་དང་བཅས་པའི་སྤྱོད་པས་སོ། །རྨད་དུ་གྱུར་པ་ནི་སྤྲོས་པ་མེད་པའི་སྤྱོད་པས་སོ། །དགྱེས་པར་ཁྱད་པར་གྱུར་པ་ནི་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པས་སོ། །ཆོས་ཐམས་ཅད་ཀྱི་ངོ་པོ་རྡོ་རྗེ་འཆང་ཆེན་པོ་ལ་ཆོས་ཀྱི ་དབྱིངས་ནི་བསྟོད་པའི་ཚིག?་མཛད་པ་སྟེ་སྒྲུབ་པའོ། །ེ་མའོ་ཆོས་ཞེས་བྱ་བ་ལ་སོགས་པ་ལ། ཨེ་མའོ་ཆོས་ཤེས་པ་ནི་སྤྲོས་པ་དང་བཅས་པའི་སྤྱོད་པའོ། །ཆོས་ཀྱི་སྒྲ་གཉིས་པས་སྤྲོས་པ་མེད་པའི་སྤྱོད་པའོ། །ཆོས་དང ་དོན་ནི་སྤྱོད་པ་གཉིས་ལས་འབྱུང་བསན། ཆོས་སྟོན་པ་ལས་འབྱུང་བ་ནི་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པའོ། །རྒྱུ་བསྟན་ནས་འབྲས་བུ་བསྟན་པར་བྱ་སྟེ། ཆོས་དོན་དག་པ་ནི་ཆོས་འབྱུང་མངོན་པར་བྱང་ཆུབ་པའོ། །བདག་མེད་པ་ནི་ཆོས་དབྱིངས་མངོན་པར ་བྱང་ཆུབ་པའོ། །རྡོ་རྗེ་རྒྱལ་པོ་ནི་བླ་མེད་མངོན་པར་བྱང་ཆུབ་པ་བཅོམ་ལྡན་འདས་ཀྱི་བདག་ཅག་ལ་བསྟན་པ་གང་ཡིན་པ་དེ་བས་ན་ཁྱོད་ལ་ཕྱག་འཚལ་བདུད་ཅེས་བྱ་སྟེ་སྒྲུབ་པའོ། །སྐུ་དང་གསུང་དང་ཐུགས་ནི་ཡི་གེ་གསུམ་མོ། །དེ་ལས་འཇུག་པ་ལ ་སོགས་པའི་རིམ་པ་དང། དཀྱིལ་འཁོར་སྤྲོས་པའི་རིམ་པས?་འབྱུང་བ་ནི་འོད་གསལ་བ་གང་ཡིན་པ་དེའི་རང་བཞིན་ནོ། །ནམ་མཁའ་ནི་རྣམ་པར་ཤེས་པ་གསུམ་དང་རང་བཞིན་རྣམས་ཏེ། དོན་དམ་པར་ཐོག་མ་ནས་མ་སྐྱེས་པའི་ཕྱིར་རོ། །དེ་རྣམས་ཀྱི ་མཉམ་ཉིད་ནི་སྣང་བ་ལ་སོགས་པའི་རིམ་གྱིས་ཉེ་བར་བསྡུས་པ་དེའི་གནས་ནི་ཐམས་ཅད་སྟོང་པ་སྟེ་དེའི་རང་བཞིན་ནོ། །དེ་བཞིན་དུ་རྣམ་པར་མི་རྟོག་པ་ནི་འོད་གསལ་བ་ལས་ལངས་ཏེ། ཤ་ལ་སོགས་པའི་སྣམ་པ་མེད་པའི་ཡེ་ཤེས་ཀྱི་སྐུ་ལ་གནས་པའོ། ། ་སྣང་བ་མེད་པ་ཞེས་བྱ་བ་ལ་སྣང་བ་ནི་མཚན་མོ་དང་ཉིན་མོ་དང་མཚམས་ཀྱི་བདག་ཉིད་འདོད་ཆགས་ལ་སོགས་པ་གསུམ་ཏེ། དེ་མེད་པ་ནི་མན་ངག་བཞི་པའི་རང་བཞིན་ནོ། །ཡང་ན་སྣང་བ་ནི་རིལ་པོར་འཛིན་པ་དང་རྗེས་སུ་འཇིག་པའི་མཚན་ཉིད་ཀྱི་ཏིང་ངེ ་འཛིན་དག་གིས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པའོ། །དེ་དག་གི་རྡོ་རྗེ་སྐུ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོ་ཟུང་དུ་འཇུག་པའི་བདག་ཉིད་ཀྱི་སྐུ་ལ་གནས་པ་ཁྱོད་ལ་ཕྱག་འཚལ་འདུད་ཅེས་པ་ནི་དད ་པ་ཕུལ་དུ་བྱུང་བས་ནི་ཚིག་གཉིས་སོ། །དེ་ནི་རྡོ་རྗེ་བཟླས་པ་དང་སེམས་རྣམ་པར་དག་པ་དང། མངོན་པར་བྱང་ཆུབ་པ་དང། ཟུང་དུ་འཇུག་པའི་རིམ་པ་རྣམས་སོ། །ཐུགས་ནི་དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་བསྒོམ་པས་ཆོས ་ཐམས་ཅད་མི་སྣང་བར་བྱེད་པའི་རང་བཞིན་ནོ། །གཙོ་བོ་ནི་དེ་ལས་ས་བོན་བཀོད་པས་མཆོག་གོ། དུས་གསུམ་ནི་དམ་ཚིག་དང་ཡེ་ཤེས་ཏིང་ངེ་འཛིན་སེམས་དཔའ་སྟེ། དེ་རྣམས་ཀྱི་ལམ་ནི་གཟུགས་སྒྲུབ་པ་དང། ཡེ་ཤེས་འཁོར་ལོ ་ལ་ཞུགས་པ་ལ་སོགས་པ་དེ་འཇུག་པར་བྱེད་པས་ན་དུས་གསུམ་དག་གི་ལམ་འཇུག་པའོ། །དེ་ནས་ཁམས་ནི་སྤྱན་ལ་སོགས་པ་དང། གྱུར་པ་ནི་དེ་བཞིན་གཤེགས་པ་དང། ཆེན་པོ་གཟུགས་ནི་རྡོ་རྗེ་མ་ལ་སོགས་པ་དང། ནམ་མཁའ་ནི་བྱང་ཆུབ ་སེམས་དཔའ་དང། ཁྲོ་བོ་རྣམས་འཇུག་པ་སྔ་མ་དང་སྦྱར་རོ། །དེ་བཞིན་དུ་ནམ་མཁའ་ཨི་ལམ་ནི་ནམ་མཁའ་བཞིན་མི་དམིགས་པས་བསྟོད་པ་དང་མཆོད་པ་དང་བདུད་རྩི་མྱང་བས་དེ་རྣམས་ཀྱི་ལམ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་འདྲ་བའི ་རང་བཞིན་ཁྱོད་ལ་ཕྱག་འཚལ་བསྟོད་ཅེས་བྱ་བ་ནི་སྔ་མ་བཞིན་དུ་ཚིག་གཉིས་སོ། །དང་པོ་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་བ་མཆོག་དང་ལས་ཀྱི་རྒྱལ་བ་མཆོག་རྣམས་སོ། །ད་ནི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ལ་བསྟོད་པ་ནི་ནམ་མཁའ་ ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལས་སྐུ་བྱུང་བ་ནི་སྐྱེ་བ་གང་ལ་ཡོད་པ་དེ་ནི་རྣམ་པར་སྣང་མཛད་དོ། །ནམ་མཁའ་ནི་སོ་སོར་རྟོག་པ་སྟེ། དེའི་ལམ་ལ་འཇུག་པ་གང་ཡིན་པ་དེ་ནི་འོད་དཔག་ཏུ་མེད་པའོ། །ནམ་མཁའ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དེའི ་རང་བཞིན་ཐུགས་ལ་ཡོད་པ་དེ་ནི་མི་བསྐྱོད་པའོ། །ཆོས་མཉམ་པར་བྱེད་པས་ན་ཆོས་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། དེས་ཆོས་ནི་རིན་ཆེན་འབྱུང་ལྡན་ནོ། །བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་ཀྱིས་བསྟན་པ་དང། སྨིན་པ་དང་གྲོལ་བའི་མཚན ་ཉིད་ནི་སྤྱོད་པ་སྟེ། དེ་ལ་གནས་པ་བཞུགས་པ་གང་ཡིན་པ་དེ་ནི་དོན་ཡོད་གྲུབ་པ་སྟེ། དེ་ལྟར་གྱུར་པ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ནི་བསྟོད་པ་སྟེ་བསྐྱོད་པའི་རིམ་པའོ། །སྔགས་པའི་སྒོ་ནས་སྤྱོད་པ་ནི་རྣམ་པ་གསུམ་སྟེ། དེ་ཉིད་ཀྱི? ་མཆོག་ནི་བྱང་ཆུབ་དམ་པའི་འབྲས་བུ་ལེའུ་གང་ལ་གསུངས་པ་དེ་སྐད་ཅེས་བྱ་སྟེ་སྒྲུབ་པའོ།། །།རྒྱུད་འགྲེལ་ལས་ལེའུ་ལྔ་པའི་ཚིག་གི་དོན་བཅུ་དྲུག་གི་བཤད་པའོ། །ལེའུ་ལྔ་པའི་ཚིགས་སུ་བཅད་པའི་གྲངས་ནི་སུམ་བརྒྱ་དྲུག་ཅུའོ། ། ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བའི་སྤྱོད་པའོ་ཞེས་བྱ་བས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་དོན་དུ། དེ་ནས་ཞེས་བྱ་བ་ལ་སོགས་པས་ལེའུ་དྲུག་པ་བསྟན་པར་བྱ་སྟེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་མཐུས་བག་ཚོགས་རྣམས་ཀྱིས ་མི་འཁྲུགས་པས་ནི་མི་བསྐྱོད་པ་སྟེ་དེ་ཉིད་དུ་ཐུགས་རྡོ་རྗེའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་གྱི་གསང་བ་ནི་ཡི་གེ་གསུམ་མོ། །དེའི་དམ་ཚིག་རྡོ་རྗེ་ནི་གཙོ་བོར་གྱུར་པ་ཡི་གེ་ཧཱུཾ་དོ། །དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་ཏེ་བྱིན་གྱིས་བརླབ་པ་ནི་ཐུགས་མི་བསྐྱོད་པ་ཉིད་དུ་བྱེད་པར་ནུས་པ་སྔགས་ནི་གསང་བ་དག་གམ་ཡིད་སྐྱོང་བའི་ཆོས་གསུངས་སྟེ་བསྐྱེད་པའི་རིམ་པའོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ་ཞེས་བྱ་བ་ལ། ཨོཾ་ནི་ཆོས ་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་བཞིན་སརྦ་ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེགས་པ་ལྔའོ། །དེ་རྣམས་ཀྱི་ནང་ན་ཙིཏྟ་བཛྲ་ནི་མི་བསྐྱོད་པ་ཉིད་དོ། །དེའི་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ་ཞེས་པ་ནི་དེའི་རང་བཞིན་བདག་ཡིན་ནོ་ཞེས་སྔགས་ཀྱི་དོན་རྣམ་པར་སྦྱོད་ལ་ང་རྒྱལ ་དམིགས་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་རྣམ་པར་སྣང་བས་ན་རྣམ་པར་སྣང་མཛད་དོ། །རྡུལ་དང་བྲལ་བའི་གནས་རྡོ་རྗེ་ནི་མེ་ལོང་ལྟ་བུ་ཡེ་ཤེས་ཏེ་དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ་འདི་ནི་སྔ་མ་བཞིན་དུ་སྐུ་བྱིན་གྱིས་བརླབ་པའི་སྔགས་བཀའ་སྩལ་ཏེ། །ོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ། ཨོཾ་ཞེས་པ་ནི་མེ་ལོང་ལྟ་བུ་ཡེ་ཤེས་སོ། །དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེ་ནི་རྣམ་པར་སྣང་མཛད་དེ་།དེའི ་བདག་ཉིད་བདག་ཡིན་ནོ་ཞེས་ང་རྒྱལ་དམིགས་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་།མཉམ་པ་ཉིད་གཉིས་སུ་མི་དམིགས་པའི་རྡོ་རྗེ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས ་ཏེ། སྔགས་འདི་བཀའ་སྩལ་ཏོ། །ོཾ་སརྦ་ཏ་ཐཱ་ག་ཏ་བཱཀ?་བཛྲ་སྭ་བྷཱ་བ་ཨཱཏྨ་ནོཉཧཾ་ཞེས་བྱ་བ་ལ་ཨོཾ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེ་ནི་སྣང་བ་མཛའ་ཡས་ཏེ། དེའི་བདག་ཉིད་བདག་ཡིན ་ནོ་ཞེས་སྔགས་ཀྱི་དོན་རྣམ་པར་སྤྱོད་ལ་ང་རྒྱལ་དམིགས་པར་བྱའོ། །ཉེ་བར་བསྡུ་བ་བཤད་པར་བྱ་སྟེ། རྡོ་རྗེ་གསུམ་ནི་ཨོཾ་ལ་སོགས་པ་ཡི་གེ་གསུམ་མོ། །དེ་བཞིན་གཤེགས་པ་ནི་ཐུགས་རྡོ་རྗེ་ལ་སོགས་པའི་རང་བཞིན་ནོ། །སྙིང་པོ་ཡིན ་བའི་ཕྱིར་གསང་བའོ། །གནས་ནི་ཡི་གེ་ཕྱི་མོ་ཉེ་པར་བསྡུས་པས་གསུམ་དུ་བསྡུ་བས་སོ། །གནས་ནི་འོད་གསལ་བ་སྟེ་དེ་ཉིད་གང་གིས་བསྒོམ་པར་བྱ་བ་དེ་ནི་གནས་ཀྱིས་རྣམ་པར་བསྒོམ་པར་བྱ་བའོ། །དེ་ལྟ་བུའི་འདས་མ་ཐག་ཏུ་བཤད ་པའི་སྔགས་རྣམས་མཆོག་རབ་རྣམས་ཀྱིས་།བསྒྲུབ་པར་བྱ་བ་ནི་དེ་རྣམས་ཉིད་སྙིང་ཀ་ལ་སོགས་པར་དགོད་པར་བྱའོ། །སྔགས་ནི་ཨཱ་ལི་དང་ཀཱ་ལིའོ། །དེ་རྣམས་ཀྱི་མཚན་ནི་རྟགས་གསུམ་མོ། །དེ་རྣམས་ཀྱིས་ཤིན་ཏུ་མཚན་པར་བྱ་བ་ཡི ་དེ་གསུམ་དགོང་པར་བྱ་སྟེ་ཚིག་གི་དོན་ཏོ། །དེ་ནི་བསྐྱེད་པའི་རིམ་པའོ། །སྔགས་དེ་རྣམས་བརྗོད་པས་སྟོབས་ཀྱིས་མི་འདོད་ན་ཡང་རྣལ་འབྱོར་པ་དེ་ལ་དེ་བཞིན་གཤེགས་པ་རྣམས་བྱིན་གྱིས་རློབ་བོ། །རབ་ཏུ་བྱེད་པ་ལས་ཀྱང་ཇི་སྐད་དུ། རི་རབ ་རྒྱལ་པོའི་རྩེ་མོ་ལས། །གང་ཞིག་ལྷུང་བར་འགྱུར་བ་སྟེ། ལྷུང་བར་མི་འགྱུར་སྙམ་ཡང་ལྷུང་བར་འགྱུར་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ། །ཡང་ན་དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་ཤེས་པ་གསུམ་མོ། །སྐུ་གསུང་ཐུགས ་ནི་རང་བཞིན་རྣམས་སོ། །དེ་རྣམས་ཀྱི་རྡོ་རྗེ་ནི་འོད་གསལ་བ་སྟེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་སྔགས་འདི་གསུངས་སོ། །ོཾ་ནི་སྣང་བའི་ཡེ་ཤེས་སོ། །སརྦ་ཏ་ཐཱ་ག་ཏ་ནི་སྣང་བ་མཆེད་པའི་ཡེ་ཤེས་སོ། །ཙིཏྟ་བཛྲ་ནི་སྣང་བ་ཉེ་བར ་ཐོབ་པའི་ཡེ་ཤེས་སོ། །སྭ་བྷཱ་བ་ནི་འོད་གསལ་བ་སྟེ་དེའི་བདག་ཉིད་བདག་ཡིན་ཏེ་སེམས་རྣམ་པར་དག་པའི་རིམ་པའོ། །དེ་བཞིན་གཤེགས་པའི་ཡི་གེ་གསུམ་སྟེ། དེ་རྣམས་ཀྱི་མཉམ་པ་ཉིད་གཉིས་སུ་མེད་པའི་འཇུག་པ་ལ་སོགས་པའི་རིམ ་པས་ཡན་ལག་མ་ཉམས་པའི་བཟླས་པ་སྟེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་དེ་བཞིན་དུ་བཤད་པའོ། །ོཾ་ནི་རྣམ་པར་སྣང་མཛད་ཀྱི་ས་བོན་ནོ། །སརྦ་ཏ་ཐཱ་ག་ཏ་ནི་ཡི་གེ་ཨཱ(རྒྱུད་འགྲེལ་ཕྱིར་རོ། །སྭ་བྷཱ་བ་ནི་འཇུག་པ་ལ་སོགས་པའི་རིམ་པས་རང་བཞིན་སྐྱེ་དེ་ཡོངས་སུ་སྤོང་བས་མ་ནིང་གི་བཟླས་པ་སྟེ། དེའི་བདག་ཉིད་ད་ཡིན་ཏེ་རྡོ་རྗེ་བཟླས་པའི་རིམ་པའོ། །རྡུལ་དང་བྲལ་བའི་གནས་ནི་འོད་གསལ་བ་སྟེ། དེ་ལས་བྱུང་བའི་རྡོ་རྗེ་ནི་? ་མ་ལྟ་བུའི་སྐུ་འཛིན་པ་སྟེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ོཾ་ནི་ཆོས་ཀྱི་སྐུའོ། །སརྦ་ཏ་ཐཱ་ག་ཏ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །ཀཱ་ཡཱ་བཛྲ་ནི་སྤྲུལ་པའི་སྐུ་སྟེ། དེ་ནི་ཐུགས་མེད་པ་སྟེ། ?་མའི་སྐྱེས་བུ་བཞིན་ནོ། །སྭ་བྷཱ་བ་ནི་དེ་རྩེ? ་གྱི་རང་བཞིན་ཏེ། སྒྱུ་མ་ལ་སོགས་པའི་དཔེ་དང་ཆོས་མཐུན་པའོ། །དེའི་བདག་ཉིད་བདག་ཡིན་ཏེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །དེ་ཉིད་ཀྱི་ཕྱིར་ཐུགས་སྐུ་དང་གསུང་རྫོགས་པའི་ཕྱིར་རིམ་པ་གསུམ་པོ་དེ་དག་བསྟན་པའོ། ་རབ་ཏུ་བྱེད་པ་ལས་ཀྱང། རང་བཞིན་སྣང་བའི་དབྱེ་བ་ཡིས། །དེ་ཉིད་བཞི་པ་ལ་བརྟེན་ཏེ། །རྣམ་པ་གསུམ་དུ་གང་བསྒོམས་པ། །དེས་ནི་མྱུར་དུ་འབྲས་བུ་ཐོབ་ཅེས་སེམས་རྣམ་པར་དག་པའོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཆོག་དང་ལྡན ་ཤིན་ཏུ་མཛེས་པའི་སྐུ་མངའ་བ། །དེ་ཉིད་སློབ་མ་ལ་བསྟན་པ། །བདག་ལ་བྱིན་བརླབ་དེ་བརྗོད་པའོ་ཞེས་ལུས་རྣམ་པར་དག་པའོ། །དེ་བཞིན་དུ་སྔགས་ཀྱི་དེ་ཉིད་འདི་གསལ་བ། །གསུང་གི་རྡོ་རྗེ་སྒྲུབ་པ་སྟེ། །ཡེ་ཤེས་གསུམ ་གྱིས་དབྱེ་བ་ཡིས། །སེམས་ཙམ་ལ་ནི་ངེས་སྦྱོར་བྱ། །ཞེས་བྱ་བ་ནི་གང་རྣམ་པར་དག་པའོ། །ཡང་ན་སྐུ་རྡོ་རྗེ་གསུམ་པོ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་གསུམ་པོ་ནི་སྐུ་གསུང་ཐུགས་ཀྱི་ཡི་གེ་གསུམ་མོ། །དེ་བཞིན་གཤེགས་པའི་ཡེ་ཤེས་གསུམ ་མོ། །གསང་བ་ནི་སྐུ་གསུམ་མོ། །གནས་ནི་དེ་དག་ཐམས་ཅད་ཡན་ལག་མ་ཉམས་པ་བཟླས་པའོ། །གནས་ཀྱི་རྣམ་པར་བསྒོམ་པར་བྱ་བ་ནི་འོད་གསལ་བ་ཉིད་དུ་བྱའོ། །གང་ཞེ་ན་མཆོག་རབ་ནི་རིམ་པ་དེ་དག་གསུམ་པོས་རྫོགས་པའི་རིམ་པ་རང་བཞིན ་ཅན་གྱིས་སོ། །སྔགས་ཀྱི་མཚན་ཉིད་ནི་འོད་གསལ་བའོ། །ཤིན་ཏུ་མཚན་བྱས་ནི་དེ་ཉིད་ལས་བྱུང་བའི་སྒྱུ་མ་ལྟ་བུའི་སྐུ་ཡང་བསྒྲུབ་པར་བྱ་བ་སྟེ་སྔ་མ་དང་སྦྱར་རོ། །དེ་ནི་རིམ་པ་གསུམ་མོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་རིན་ཆེན་ནམ ་མཁའ་ཨི་མཛོད་ཀྱིས་རབ་ཐམས་ཅད་རྫོགས་པར་བྱེད་པའོ། །དེ་ཉིད་དཔལ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྒྲོན་མ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ཉིད་སྙིང་པོ་ཡིན་པའི་ཕྱིར་རྡོ་རྗེ་སྟེ་དེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ོཾ་སརྦ་ཏ ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཏྨ་ཀོཉཧཾ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་གསུམ་གྱི་ང་རྒྱལ་གྱིས་རང་སྣང་བ་ནི་རིགས་ལྔའི་སྔགས་ཀྱི་ཡན་ལག་བྱིན་གྱིས་བརླབ་པ་བྱས་ལ་ཤིང་ལ་འཇོག་པ་ལ་སོགས་པའི་དབྱེ་བས་འཁྲུང་པ་བརྒྱད ་པ་བྱ་བའི་དུས་སུ་སྔགས་འདི་བརྗོད་པར་བྱའོ། །དེ་ལ་ཨོཾ་ནི་རྡོ་རྗེ་འཆང་ཆེན་པོའོ། །སརྦ་ཏ་ཐཱ་ག་ཏ་ནི་སངས་རྒྱས་གསུམ་མོ། ། ནུ་རཱ་ག་ཎ་ནི་དེ་རྣམས་རྗེས་སུ་ཆགས་པ་སྟེ། བདེ་བ་ཆེན་པོ་བསྐྱེད་པའོ། །དེ་ཉིད་བསྐལ་པའི་བང་དུ་གནས ་པའི་ཕྱིར་བཛྲ་སྟེ། སྭ་བྷཱ་བ་ཨཏྨ་ཀོཉཧཾ་ཞེས་པ་ནི་དེའི་བདག་ཉིད་བ་ཡིན་ནོ་ཞེས་ང་རྒྱལ་གཟུང་བར་བྱའོ། །དེ་ནི་རང་བཞིན་ནོ། །ཡང་ན་སྒྲོན་མ་རྡོ་རྗེ་ནི་མངོན་པར་བྱང་ཆུབ་སྟེ་དེ་ཞེས་བྱ་བའི་ཏིང་ངེ་འཛིན་ནོ། །ོཾ་ནི་ཆགས་པའོ། །སརྦ་ཏ་ཐཱ་ག་ཏ་ནི ་ཆགས་པ་དང་བྲལ་བའོ། ། ནུ་རཱ་ག་ཎ་ནི་ཆགས་པ་བར་པའོ། །རྡོ་རྗེ་ནི་བཞི་པའོ། །སྭ་བྷཱ་བ་ནི་རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པའི་ཏིང་ངེ་འཛིན་དག་གོ་།དེའི་བདག་ཉིད་བདག་ཡིན་ཏེ་མངོན་པར་བྱང་ཆུབ་ཀྱི་རིམ་པའོ། །འཁྱད་པ་བྱས་ནས ་ནང་གི་མཆོད་པ་བཤད་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་།གདོན་མི་ཟ་བ་ནི་བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་ཏེ། དེ་ཉིད་རྡོ་རྗེ་ནི་འགྲོ་བའི་དོན་མཛད་པའི་ཕྱིར་ཏེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ནོ། །ོཾ་སརྦ་ཏ་ཐཱ་ག ་ཏ་པཱུ?་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ་ཞེས་བྱ་བ་འདི་བརྗོད་ཅིང་མཱ་མ་ཀཱི་ལ་སོགས་པདྨར་རྡོ་རྗེ་སྦྱར་བར་བྱའོ། །ོཾ་ནི་རྡོ་རྗེ་འཆང་ཆེན་པའོ། །སརྦབ་ཏ་ཐཱ་ག་ཏ་ནི་བྷ་གའི་དབུས་སུ་གནས་པའི་རྩ་རྣམས་སོ། །པཱུ་ཛ་ནི་མཆོད་པ་སྟེ། དེ་དག་ཤུཀྲ་ས་མཆོད ་པར་བྱའོ་།དེ་དག་གི་རང་བཞིན་བདག་ཡིན་ཏེ་རྒྱུ་ཡིན་ནོ། །ཡང་ན་གདོན་མི་ཟ་བའི་རྡོ་རྗེ་ནི་བདན་པ་གཉིས་དབྱེར་མེད་པའི་མཚན་ཉིད་ཅན་གྱི་ཏིང་ངེ་འཛིན་ནོ། །ོཾ་རྡོ་རྗེ་བཟླས་པའོ། །སརྦབ་ཏ་ཐཱ་ག་ཏ་ནི་འོད་གསལ་བའོ། །པཱུ་ཛ་ནི་སྒྱུ་མ་ལྟ་བུའི ་སྐུའོ། །བཛྲ་ནི་ལྷན་ཅིག་སྐྱེས་པའོ། །དེ་རྣམས་ཀྱི་སྭ་བྷཱ་བ་ནི་རང་བཞིན་ཏེ་མི་གནས་པའི་མྱ་ངན་ལས་འདས་པའི་ཏིང་ངེ་འཛིན་ཏོ། །དེ་ཉིད་ཀྱི་བདག་ཉིད་ང་ཡིན་ཏེ། ཟུང་འཇུག་གི་རིམ་པའོ། །མཆོད་པ་དེ་ཉིད་བཤད་པར་བྱ་སྟེ། རྟག་ཏུ ་འདོད་པའི་ཡོན་ཏན་ལྔ་ཞེས་བྱ་བ་ལ་སོགས་པ་ལ། འདོད་པའི་ཡོན་ཏན་ལྔ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་རྣམས་སོ་།དེ་དག་གིས་སངས་རྒྱས་ནི་རང་གི་དབང་པོ་རྣམས་མཆོད་པར་བྱ་བ་ནི་མཉེས་པར་བྱ་བའོ། །ཇི་ལྟར་ཞེ་ན། ་ཚུལ་བཞིན་ཞེས་པ་ནི་སྔ་མ་བཞིན་དུ་ཁང་པ་སུམ་བརྩེགས་ལ་སོགས་པ་ལ་བསྐྱེད་པའི་རིམ་པས་དེ་རྣམས་རྣམ་པར་བསམས་ལ་སྤྲོས་པ་དང་བཅས་པའི་སྤྱོད་པས་སོ་ཞེས་སྟོན་ཏོ། །རྟག་ཏུ་ཞེས་བྱ་བ་ནི་རྒྱུན་མ་ཆད་པ ་སྟེ། གཞན་བུན་བསྒོམ་པ་བརྗེད་པའི་ཕྱིར་རོ། །ལྔ་ནི་ཡུལ་རྣམས་ཏེ་དེ་རྣམས་གང་ཞིག་ཉེ་བར་བསྡུ་བར་བྱེད་པ་དེ་ནི་དེའི་རྣམ་པ་ལྔ་སྟེ་རྣམ་པར་ཤེས་པ་རྣམས་སོ། །དེ་རྣམས་མཚེད་པ་ནི་ཡུལ་འདོད་པ་ཡོངས་སུ་རྫོགས་པའི་ཕྱིར། མྱུར་དུ ་སངས་རྒྱས་ཉིད་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་ཐོབ་པར་འགྱུར་རོ། །དེ་ནི་ལས་ཀྱི་རྒྱལ་བ་མཆོག་གོ། ཡང་ན་འདོད་པའི་ཡོན་ཏན་ལྔ་ནི་སྨིག་རྒྱུ་དང། དུ་བ་དང་། སྲིན་བུ་མེ་ཁྱེར་བ་དང། མར་མེ་དང། སྤྲིན་མེད་པའི་ནམ་མཁའ་དང་འདྲ་བའི་སྣང་བ ་རྣམས་སོ། །དེ་དག་གིས་སངས་རྒྱས་ནི་འོད་གསལ་བའི་དེ་ཁོ་ན་ཉིད་མཆོད་པར་བྱ་བ་ནི་མཚོན་པར་བྱའོ། །ཚུལ་བཞིན་ནི་སེམས་རྩེ་གཅིག་པ་ཉིད་དུའོ། །རྟག་ཏུ་ཞེས་པ་ནི་དུས་མཚམས་དང་མཚན་མོ་དང། ཉིན་མོའི་བདག་ཉིད་ཀྱིས ་སོ། །མཆོད་པ་རྣམ་པ་ལྔ་མ་འདོད་ཆགས་དང་འདོད་ཆགས་བྲལ་བ་དང། འདོད་ཆགས་བར་པ་དང་། རིལ་པོར་འཛིན་པ་དང། རྗེས་སུ་གཞིག་པ་རྣམས་སོ། །དེ་དག་མཆོད་པ་ནི་སྒོམ་པ་སྟེ་དེས་མྱུར་དུ་སངས་རྒྱས་ཉིད་ནི་མངོན་པར་བྱང་ཆུབ ་ཐོབ་པར་འགྱུར་ཏེ། མངོན་པར་བྱང་ཆུབ་པའི་རིམ་པ་ཉོ་ཞེས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་ཉེ་བར་བསྡུས་པའོ། །ང་ནི་གཉི་གའི་རྣལ་འབྱོར་པ་རྣམས་ཀྱིས་རིམ་པ་གཉིས་ཀྱིས་སྒོམ་པ་བཤད་པར་བྱ་སྟེ་། དེ་ནས་ཞེས་བྱ ་ཐལ་སོགས་པ་ནི་གོ་སླའོ། །སྔགས་ལ་དམིགས་པའི་ལུས་དང་ནི་ཞེས་བྱ་བ་ལ། སྔགས་ཀྱི་སྟོང་པ་ཉིད་ནི་སྔགས་སོ། །དེ་ཉིད་ཀྱིས་དམིགས་པ་ནི་སྟོང་པ་ཉིད་དེ་ཁོ་ན་ཉིད་བསམ་པའོ། །ཇི་ལྟ་བུ་ཞེ་ན། ལུས་ངག་ཡིད་གསུམ ་པོ་དང། ཁམས་གསུམ་པ་བསྐུལ་བ་ནི་མི་སྣང་བར་བྱེད་པའོ། །དེའི་ཚེ་དངོས་གྲུབ་རབ་མཆོག་ནི་དོན་དམ་པའི་དངོས་གྲུབ། ཡིད་དགའ་བ་ནི་རྣམ་པར་ཤེས་པ་བརྒྱད་ཀྱི་ངོ་བོ་ཡིད་རྣམ་པར་དག་པར་བྱེད་པ་འགྲུབ་པར་འགྱུར་རོ་ཞེས་སྟོན་ཏོ། །དེ་ནས ་སེམས་ནི་ཟླ་བའི་དཀྱིལ་འཁོར་ལ་སོགས་པའི་རྣམ་པ་སྟེ་།དེ་ལ་དམིགས་པ་ནི་དེའི་སྟེང་དུ་ཡི་གེ་གསུམ་ལ་སོགས་པའི་ས་བོན་དགོད་ཅིང། བདག་མེད་པ་ནི་ས་བོན་གྱི་རྣམ་པར་རྟོག་པ་ཡོངས་སུ་སྤངས་པས། ངག་དང་ལུས་ཀྱིས་ཉེ་བར་མཚོན ་པའི་ཡིད་ཀྱང་ཡིན་ཏེ་།དེས་ན་ལུས་ངག་ཡིད་ཀྱི་ངོ་བོ་ས་བོན་དེ་རྣམས་ལ་ཁམས་གསུམ་པ་ཐིམ་པར་བསྒོམ་པར་བྱའོ། །དེའི་རྗེས་ལ་ཕྱག་མཚན་དང་ས་བོན་ཡོངས་སུ་གྱུར་པ་ལས་སྦྱོར་བ་རྣམ་གསུམ་རི་དམ་ཚིག་དང་ཡེ་ཤེས་དང། ཏིང་འཛིན ་སེམས་དཔའ་དང་ལྡན་པའི་སྐུ་བསྒོམ་པར་བྱའོ། །ཇི་ལྟ་བུ་ཞེ་ན། ནམ་མཁའ་བཞིན་དུ་མཉམ་པའི་གནས་ཞེས་བྱ་བ་ལ། ནམ་མཁའ་དང་མཉམ་པ་ཉིད་གང་ལ་ཡོད་པ་དེ་ནི་ནམ་མཁའ་བཞིན་དུ་མཉམ་པ་སྟེ་ཆོས་འབྱུང་གི་ཕྱག་རྒྱའོ། །དེ་ཉིད་གནས ་ནི་གཞི་གང་པ་ཡོད་པ་དེ་ལྟ་བུ་བསྒོམ་པར་བྱའོ། །ཆོས་འབྱུང་གི་ཕྱག་རྒྱའི་སྟེང་ན་གནས་པའི་སྣ་ཚོགས་པའི་རྒྱན་གྱིས་བརྒྱན་པའི་གཞལ་ཡས་ཁང་པའི་ནང་ན་གནས་པའོ་ཞེས་སྟོན་ཏོ། །དེའི་རྗེས་ལ་ལུས་ངག་ཡིད་ནི་ཡི་གེ་? ་སྟེ། དེ་རྣམས་དམིགས་པ་ནི་བསྒོམ་པར་བྱའོ། །ངོ་བོ་ཉིད་ནི་བསྟོད་པ་དང། མཆོད་པ་དང། བདུད་རྩི་མྱང་བ་སྟེ། དེ་རྣམས་ཀྱང་བྱའོ། །ཇི་ལྟར་ཞེ་ན་། དམིགས་སུ་མེད་ཅེས་པ་ནི་གསུམ་མི་དམིགས་པས་སོ། །དེའི་རྗེས་ལ་སྔགས་ཀྱི་ལུས་ང? ་སེམས་?་གསུམ་གྱི་བདག་ཉིད་ཀྱི་ལུས་སྟེ། དེ་དང་སྦྱོར་བ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་ཏེ་བར་གྱི་བུམ་པ་བཞིན་དུ་རོ་གཅིག་པར་འགྱུར་བ་ཉིད་དུ་བསྒོམ་པར་བྱའོ། །དེའི་རྗེས་ལ་བྱང་ཆུབ་མེད་པའི་གཟུང་བའི་རྣམ་པར་རྟོག ་པ་མེད་ཅིང་བསྒོམ་པ་མེད་པ་ནི་དཀྱིལ་འཁོར་བའི་རྣམ་པར་རྟོག་པ་མེད་པའོ། །དེའི་རྗེས་ལ་ཁྱོད་ནི་རྡོ་རྗེ་སེམས་ཞེས་བྱ་བ་ལ་སོགས་པའི་ལྷ་མོའི་གླུ་རྣམས་ཀྱིས་བསྐུལ་བས་སེམས་ཅན་གྱི་དོན་མཛད་པའི་ཕྱིར་དཔྱད་པ་ནི་གསན ་ནས་མདོར་ན་ཞེས་པ་ནི་ཅིག་ཅར་དུ་སྐུ་གསུང་ཐུགས་ནི་སེམས་དཔའ་གསུམ་པོས་མཚན་པར་བྱ་བ་སྟེ་། སྐུ་གསུང་ཐུགས་ཀྱི་མཚན་ཉིད་ཅན་སྔགས་ཀྱི་སྐུ་བསྒོམ་པར་བྱའོ། །ཇི་ལྟ་བུ་ཞེ་ན་།བྱང་ཆུབ་ནི་རང་སྣང་བའི་ཤེས་རབ་སྟེ། དེ་དང་སྦྱོར ་བ?་གང་ལ་ཡོད་པའི་ནི་དེ་བཞིན་ནོ། །དེ་བཞིན་དུ་སྔགས་ནི་དཀྱིལ་འཁོར་པ་རྣམས་ཀྱིས་སོ། །བརྟགས་པ་ནི་ཀུན་ཏུ་ཡོངས་སུ་བསྐོར་བའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །འདིར་ནི་རེ་ཞིག་བསྐྱེད་པའི་རིམ་པས་རྡོ་རྗེ་འཆང་ཆེན་པོའི་ཏིང་ངེ་འཛིན ་བསྟན་པ་སྟེ་། དེ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པའི་ཏིང་ངེ་འཛིན་རྣམས་བསྒོམ་པར་བྱའོ། །དེ་ནི་དང་པོ་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་བ་མཆོག་དང། ལས་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་རྣམས་སོ། །ཡང་ན་སྔགས་ནི་དབང་པོ་དང་ཡུལ ་རྣམས་ལ་དམིགས་པ་ནི་ཕན་ཚུན་དུ་ཡང་དག་པར་བསྡུས་པའོ། །ཇི་ལྟ་བུ་ཞེ་ན། ལུས་ངག་ཡིད་བསྐུལ་བ་ནི་རོ་གཅིག་པར་གྱུར་པར་བྱ་བའོ། །དེའི་རྗེས་ལ་དངོས་གྲུབ་རབ་མཆོག་ནི་བཅུ་པོ་དེ་རྣམས་གཅིག་ཏུ་བྱས་པས་དེ་བཞིན་གཤེགས་པ ་མོས་པའི་རང་བཞིན་ཅན་ཡིད་ནི་རྟོག་པ་དང། དཔྱོད་པ་དང། དགའ་བ་དང། བདེ་བ་རྣམས་ཀྱིས་དགའ་བར་བྱེད་པའོ། །མགུ་བར་ནི་སེམས་རྩེ་གཅིག་པར་གྱུར་པའི་མཚན་ཉིད་ཅན་ནོ། །དངོས་གྲུབ་ནི་ཏིང་ངེ་འཛིན་ལ་སློབ་པ་ནས་བསྒྲུབ་པར་བྱ་བ་ནི ་བསྒོམ་པར་བྱའོ། །སེམས་ནི་བྱང་ཆུབ་ཀྱི་སེམས་ཏེ། དེ་ལ་དམིགས་པ་ནི་ཐིག་ལེའི་ངོ་བོར་གནས་པའོ། །དེ་ཉིད་ངག་ནི་རྡོ་རྗེའི་ངག་གིས་སོ། །ལུས་ནི་སྣའི་རྩེ་མོར་དགོད་ཅིང་བསྒོམ་པར་བྱའོ། །དེ་ནས་སྦྱོར་བ་རྣམ་གསུམ་ནི་འཇུག་བ་དང་གནས་པ ་དང་ལྡང་བའི་རིམ་པས་བསྒྲུབ་པར་བྱའོ། །ཇི་ལྟ་བུ་ཞེ་ན་ནམ་མཁའ་ནི་དཀྱིལ་འཁོར་བཞི་སྟེ་།དེ་དག་ལས་མཉམ་པ་ནི་གཡས་ལ་སོགས་པའི་སྤྲོ་བའི་རིམ་པས་དེའི་རིགས་ཀྱི་དེ་བཞིན་གཤེགས་པའི་བསྒོམ་པའོ། །གནས་ནི་དེ་ཉིད་ཀྱི་གནས་ཏེ་ཡུངས་ཀར་གྱི ་འབྲུའི་ཚད་ཙམ་ཐིག་ལེ་བསམ་པར་བྱའོ། །དེའི་རྗེས་ལ་ཐིག་ལེ་དེ་ཉིད་སྤྲོ་བ་དང་བསྡུ་བའི་རིམ་པས་བསྟན་པར་གྱུར་ཅིང་རྡོ་རྗེ་ལ་སོགས་པའི་སྣ་རུ་འཛིན་པར་ལུས་དང་ངག་དང་སེམས་དམིགས་ཤེས་པ་ནི་ལུས་ལ་སོགས་པའི་རྣམ་པར་རྟོག་པའི་ངོ་བོ ་ཉིད་དམིགས་པར་མི་འགྱུར་ཏེ། རྣམ་པར་རྟོག་པའི་འོད་གསལ་བ་མངོན་དུ་བྱའོ་ཞེས་སྟོན་ཏོ། །ཐིག་ལེ་དེ་ཉིད་ལས་སྐུ་ལ་སོགས་པའི་རིགས་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱི་ནམ་མཁའ་ཨི་ཁམས་སྤྲོ་བའི་རིམ་པས་ཡོངས་སུ་གང་ཞིང་། སྔགས ་ཀྱི་ལུས་སུ་སྦྱོར་བ་ལ་ཞེས་པ་ནི་དེ་བཞིན་གཤེགས་པའི་སྐུ་སྤྲོ་བས་བྱང་ཆུབ་མེད་ཅིང་བསྒོམ་པ་མེད་ཅེས་པ་ནི་རང་དང་གཞན་གྱི་དབྱེ་བའི་རྣམ་པར་རྟོག་པ་སྣང་བར་བྱའོ། །དེ་ནས་ཐམས་ཅད་ཡོངས་སུ་སྤངས་ལ་། མདོར་ན་ཞེས་པ་ཀུན་རྫོབ་དང ་དོན་དམ་པའི་བདེན་པ་གཉིས་གཉིས་སུ་མེད་པར་བྱ་བས་སྐུ་གསུང་ཐུགས་ནི་བདག་ལ་བྱིན་གྱིས་བརླབ་པ་དང། རྡོ་རྗེ་བཟླས་པ་དང། སེམས་རྣམ་པར་དག་པ་དང། དེ་བཞིན་དུ་བྱང་ཆུབ་སྦྱོར་བ་ནི་མངོན་པར་བྱང་ཆུབ་ཀྱི་རིམ་པ་དང། སྔགས་ཀྱི ་བསྐྱེད་པའི་རིམ་པ་དང། བརྟགས་པ་ནི་རྫོགས་པའི་རིམ་པ་སྟེ་། དེ་རྣམས་ངོ་གཅིག་པར་གྱུར་པའི་མི་གནས་པའི་མྱ་ངན་ལས་འདས་པའི་ཏིང་ངེ་འཛིན་བསྒོམ་པར་བྱ་སྟེ། དེ་ནི་རྣལ་འབྱོར་རོ། །ཡང་ན་སྔགས་ནི་ཨཱ་ལི་ཀཱ་ལིའི་ངོ་བོ་ལ་སོགས ་པའི་ཀྵའི་མཛའ་ཅན་ཏེ་ཡི་གེ་ལྔ་བཅུའོ། །དཔེར་ན། ཨ་ཨཱ་ཨི་ཨའི་ཨུ་ཨའུ་རི་རཱི་ལི་ལཱི་ཨེ་ཨི་ཨོ་ཨཽ་ཨཾ་ཨ:ཀ་ཁ་ག་གྷ་ང། ཙ་ཚ་ཛ་ཛཧ་ཉ། ཊ་ཋ་ཌ་ཌཧ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ང་ལ་ཝ་ཤ་ཥ་ས་ཧ་ཀྵ:། །དེ་ལ་དབྱེ་བ་ནི་འདི ་ཡིན་ཏེ། ཐུང་བ་ནི་ལྔའོ། །རིང་བ་ནི་དགུའོ། །དེ་བཞིན་དུ་འཕར་བ་དགུའོ། །དཔེར་ན་ཨཱ་ཨའི་ཨའུ་རཱི་ལཱི་ཨི་ཨཽ་ཨཾ་ཨ:ལྕེ་རྩ་དང་སྤུད་པ་གཉིས་ཏེ། དཔེར་ན་ཐྐ་ཐ་རྗེས་སུ་འཇུག་པའི་དབྱངས་དང་བཅས་པའི་མཐར་གནས་པའི་ཡི ་གེ་བཞི་སྟེ། དཔེར་ན་ཡཾ་རཾ་ལཾ་ཝཾ། ཐོག་མ་དང་ཐ་མ་ཡང་དག་པར་སྦྱར་བས་ཟུང་བཞི་ཡིན་ཏེ། དཔེར་ན་ཀཌ?་ཁཌ་གཌ་གྷཱ། དེ་རྣམས་ཀྱི་གལ་ཏེ། རིགས་ཀྱི་དབྱེ་བས་བརྒྱ་ཡོད་ན་ཡང། གཙོ་བོར་གྱུར་པའི་ཕྱིར་བཞི་ཁོ་ན་བླང་བ་དང། སྔགས་ཐམས་ཅད ་ཀྱི་གཙོ་བོ་ཡི་གེ་གསུམ་མོ་ཨོཾ་ཨཱ:ཧཱུཾ། དེ་ལྟར་ན་ཡི་གེ་བདུན་ཅུ་རྩ་གཉིས་ཡིན་ཏེ། རྩ་བདུན་ཁྲི་ཉི་སྟོང་གི་ངོ་བོའི། །གང་གི་སྟོང་རེ་རེའི་ན་རྩ་རེ་རེ་གཙོ་བོར་གྱུར་པ་སྟེ། དེའི་ཕྱིར་རྩ་རེ་རེ་དེ་ཉིད་ལ་ཨ་ལ་སོགས་པའི་ཡི་གེ་རྣམས་དབང་བྱེད ་པའོ། དེ་ལ་ཕུང་པོ་ལྔ་དང་སྐྱེ་མཆེད་བཅུ་གཉིས་དང། ཁམས་བཅོ་བརྒྱད་དང་རྩའི་རྣམ་པར་ཤེས་པ་སྟེ་། རྫས་སུམ་ཅུ་རྩ་དྲུག་ཡིན་ནོ། །མཚན་མོ་དང་ཉིན་མོའི་དབྱེ་བ་འམ། ཐབས་དང་ཤེས་རབ་ཀྱི་རང་བཞིན་གྱིས་དེ་རྣམས་བདུན་ཅུ་རྩ ་གཉིས་སུ་གྱུར་པའོ། །དེ་ཉིད་ཀྱི་ཕྱིར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་རང་བཞིན་རྩ་རྣམས་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །ཡང་ན་སྒོ་དགུ་ནི་མིག་ལ་སོགས་པའོ། །ལུས་ངག་ཡིད་ནི་གསུམ་མོ། །དེ་རྣམས་བསྡུས ་ནས་བཅུ་གཉིས་ཡིན་ནོ། །དེ་ལ་མ་ལས་སྐྱེས་པ་ནི་ཆ་གསུམ་དང་། ཕ་ལས་སྐྱེས་པ་ཡང་ཆ་གསུམ་སྟེ་ཆ་དྲུག་དང་ལྡན་པའི་གོང་བུ་ཡིན་ནོ། །དེ་ལ་མ་ལས་སྐྱེས་པའི་ཆ་གསུམ་ནི་པགས་པ་དང་ཤ་དང་ཁྲག་གོ། ཕ་ལས་སྐྱེས་པའི་ཆ ་གསུམ་ནི་རྩ་རྒྱུས་དང་རུས་པ་དང་ཤུ་ཀྲའོ། །དེའི་ཕྱིར་སྔར་བཤད་པའི་སྒོ་ལ་སོགས་པའི་རྫས་བཅུ་གཉིས་བོ་རེ་རེ་ཁམས་དྲུག་དང་ལྡན་པ་ཡིན་པས་བདུན་བཅུ་རྩ་གཉིས་སུ་འགྱུར་རོ། །དེ་རྣམས་ཉིད་རྩ་བདུན་ཅུ་རྩ་གཉིས་ཡིན་ཏེ་སྐྲའི་རྩེ་མོའི ་རྩེ་མོ་ཡིན་པས་རྩ་རེ་རེ་སྟོང་སྟོད་གཙོ་འཁོར་ཡིན་ནོ། །དེའི་ཕྱིར་བདུན་ཁྲི་ཉིས་སྟོང་དུ་འགྱུར་ཏེ་།དེ་བཞིན་གཤེགས་པ་རིགས་བརྒྱའི་དབྱེ་བ་བཞིན་ནོ། །དེ་ལྟ་བུའི་སྔགས་ནི་ཡི་གེ་རྣམས་ཏེ་། དེ་ལ་དམིགས་པ་ནི་རྩའི་ངོ་བོར་རྟོག་པའོ། །རྩ་དེ་རྣམས ་ཀྱང་ལུས་ངག་ཡིད་ཀྱིས་བསྐུལ་བ་ནི་ལུས་ལ་སོགས་པའི་ངོ་བོ་ཉིད་ཀྱིས་ཁམས་གསུམ་པ་ཁྱབ་ཅིང་གནས་པའོ། །རྩ་དེ་རྣམས་ཉིད་དངོས་གྲུབ་རབ་མཆོག་ནི་ལྷན་ཅིག་སྐྱེས་པའི་དངོས་གྲུབ་གྲུབ་པར་བྱ་བ་ནི་འགྲུབ་པར་བྱེད་པར་ཇི་ལྟ་བུ་ཞེ་ན་ཡིད་ནི ་རྣལ་འབྱོར་པའི་ཤེས་པ་ལ། དགའ་བ་ནི་བདེ་བ་སྟེར་བའོ། །དེ་ཉིད་ཀྱི་ཕྱིར་མགུ་བ་ནི་མི་གཏོང་བ་ཞེས་བྱ་བའི་བར་དུའོ། །ཇི་ལྟར་ཞེ་ན་སེམས་ལ་དམིགས་པ་ནི་ཡིད་ལས་བྱུང་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། བདག་མེད་པ་ནི་གང་ཟག་དང་ཆོས ་ལ་བདག་མེད་པའི་རྣམ་རོལ་གྱི་བརྟགས་པའི་ཕྱག་རྒྱ་སེལ་བའི་མཚན་ཉིད་ཅན་ལུས་དང་ངག་གི་རང་བཞིན་ནི་སྐུའི་རྣམ་པ་ལྟ་བུ་དང་བཅས་པ་བསྒོམ་པར་བྱའོ། །སྦྱོར་བ་རྣམ་གསུམ་ནི་བཅུ་པོ་གསུམ་གྱིས་སྦྱོར་བ་གང་ལ་ཡོད་པ་དེ་ནི་སྦྱོར་བ་རྣམ ་པ་གསུམ་སྟེ་ཟླ་བའོ། །སྦྱོར་བ་རྣམ་གསུམ་དེ་ལ་ནམ་མཁའ་མཉམ་ཉིད་ནི་སྙན་ཅིག་སྐྱེས་པའི་བདེ་བའི་ངོ་བོ་རྡོ་རྗེ་ལུས་མེད་གནས་པ་བཞི་བསྒོམ་པར་བྱའོ། །འདི་སྐད་བཤད་པ་ཡིན་ཏེ་། ཡར་ངོའི་ཕྱོགས་གོ་བཟློག་པ་ནས་བརྩམས་ཏེ་། མར ་དོའི་ཚེས་གཅིག་གི་བར་དུ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ལྷན་ཅིག་རྩ་ཀུན་ཏུ་སྤྱོད་པ་བསྒོམ་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེར་བར་འགྱུར་རོ། །རྡོ་རྗེ་ཕྲེང་བ་ལས་ཀྱང། ཉ་ལ་མྱུར་གོང་གཉིས་པོ་ལ། །འདོད་པ་འབྱུང་བའི་བྱེད་པ་ཡིན། །བཞི་པ་ལ ་ནི་གཉའ་བ་སྟེ། །མཆན་ཁུང་དག་ལ་བཅུ་གསུམ་པ། །བཅུ་གཉིས་ལ་ནི་བྲང་ལ་གནས། །ནུ་མ་དག་ལ་བཅུ་གཅིག་ལ། །སྟེ་བའི་དབུས་སུ་ཚེས་བཅུ་ལ། །ཚེས་དགུ་ལ་ནི་བྷ་གར་གནས། །ལྐོག་མའི་ཕྱོགས་སུ་ཆོས་བརྒྱད་ལ། །སྣ་གཡས ་ལ་ནི་ཚེས་བདུན་ལ། །སྣ་གཡོན་ལ་ནི་ཚེས་དྲུག་ལ། །བརླ་གཡས་ལ་ནི་ལྔ་པར་གནས། །བརླག་གཡོན་ལ་ནི་བཞི་པ་ལ། །རྗེ་ངར་དག་ལ་ཚེས་གསུམ་ལའོ། །རྐང་པ་གཡས་ལ་ཚེས་གཉིས་ལ། །རྐང་པ་གཡོན་ལ་ཚེས ་གཅིག་ལའོ། །གནམ་སྟོང་ལ་ནི་ལྟོ་བར་གནས། །ཉི་ཤུ་དགུ་ལ་དེ་གློ་གཡས། །ཉི་ཤུ་བརྒྱད་ལ་དེ་གཡོན་ལ། །ཉི་ཤུ་བདུན་ལ་རྒྱུ་ཞབས་ལ། །ཉི་ཤུ་དྲུག་ལ་གཡོན་ལོགས་སུ། །ཉི་ཤུ་ལྔ་ལ་དེ་གཡས་ལ། །ཉི་ཤུ་བཞི་ལ་བྷ་གར ་ནི། འདོད་ལ་རྟག་ཏུ་གནས་པར་བྱེད། །མང་ངོའི་ཉི་ཤུ་གསུམ་པ་ལ། །ལུས་མེད་རྒྱལ་པོ་སྙིང་ཀར་གནས། །ཉི་ཤུ་གཉིས་ལ་རྟག་ཏུ་ནི། །རྐང་པ་གཡོན་པའི་མཐིལ་ལ་གནས། །ཉི་ཤུ་གཅིག་ལ་ལག་གཡས་ལ། །ཉི་ཤུ་ལ ་ནི་ལག་ངང་ལ། །ལག་དང?་དེ་ནི་གཡས་པ་ལ། །བཅུ་དགུ་ལ་ནི་འདོད་ལྷ་གནས། །བཅོ་བརྒྱད་ལ་ནི་ཀོས་ཀོ་ལ། །བཅུ་བདུན་ལ་ནི་མ་མཆུར་གནས། །གནས་སྟོང་ལ་ནི་མིག་གཉིས་ལ། །དེ་ནི་འདོད་ལ་ཤར་བའོ། །འདི་ནི་སྲོག་སྟེ་བདེ ་བ་ཞེས། །ཉེད?་པ་ཡོངས་སུ་བསྲུང་བའོ། །དགའ་བ་དེ་ཉིད་ཡང་དག་བརྟན། །དབང་པོའི་ཆུ་འཁྱིལ་གྱིས་འཁྲུགས་པ། །གང་ཚེ་རྟོག་པ་རྣམ་སྤངས་པ། །དེ་ཆོ་གྲོལ་བའི་ལམ་ལ་གནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རིམ་པ་འདི ་ཉིད་ཀྱིས་རྩ་ཀུན་ཏུ་སྤོད?་པའི་རིམ་པས་དེ་ཁོ་ན་ཉིད་ཐོབ་ན་དེའི་ཚེ་བྱང་ཆུབ་མེད་པ་ནི་ཡེ་ཤེས་ཀྱི་ཕྱག་རྒྱའི་རྣམ་པར་རྟོག་པ་མེད་པའོ། །བསྒོམ་པ་མེད་པ་ནི་ཡི་གེ་ཕྱི་མོའི་ཡི་གེའི་རང་བཞིན་རྩའི?་བསྒོམ་པ་ཡང་མེད་དོ། །ཇི་སྐད་དུ་དེ་སྲིད་དུ་མཆོས ་རྣམས་བྱུང། །ཇི་སྲིད་ཡིད་ནི་སོམ་ཉི་སྟེ། །དགའ་བའི་འཁོར་ལོ་རབ་བྱུང་ན། །དམ་ཆོས་དེར་མིན་རིམ་པ་མེད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟ་བུའི་ཡེ་ཤེས་ཀྱི་ཕྱག་རྒྱ་མ་དང་སྙོམས་པར་ཞུགས་པ་ལས་བྱུང་བའི་ལྷན་ཅིག་སྐྱེས ་པའི་བདེ་བ་རྣམ་པར་དཔྱད་ནས། མདོར་ན་ཞེས་པ་ནི་ཉེ་བར་བསྡུས་པས་སྐུ་གསུང་ཐུགས་ཀྱི་མཚན་ཉིད་ནི་ཉེ་བར་མཚོན་པའོ། །དེའི་ཚེ་རྣལ་འབྱོར་པས་བྱང་ཆུབ་སྦྱོར་བནི་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་སྔགས་ཀྱིས་བརྟགས་པ་ནི་ངོ་བོ་མེད་པའི་ཡེ་ཤེས་དང་ལྡན་པ ་བསྒོམ་པར་བྱའོ། །དེ་ནི་བསྐྱེད་པའི་རིམ་པ་དང་འབྲས་བུ་དག་གོ། དེ་ནི་དབྱེ་བ་གཞན་གྱིས་ཕྲ་མོའི་རྣལ་འབྱོར་བཤད་པར་བྱ་སྟེ། དེ་ནས་དཔལ་ལྡན་རྡོ་རྗེ་འཛིན་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་འཛིན་པས་ན་རྡོ་རྗེ་འཛིན་པ་སྟེ་བསྐྱེད་པའི་རིམ་པའོ། །རྡོ་རྗེ ་ནི་ཡེ་ཤེས་ལྔའི་རང་བཞིན་གྱི་དེ་ཁོ་ན་ཉིད་དེ། དེ་འཛིན་པས་ན་རྡོ་རྗེ་འཛིན་ཏེ་རྫོགས་པའི་རིམ་པའོ། །རྡོ་རྗེ་ནི་སྟོང་པ་ཉིད་དེ། དེ་འཛིན་པས་རྡོ་རྗེ་འཛིན་པ་སྟེ་དང་པོ་སྦྱོར་བའོ། །རྡོ་རྗེ་ནི་སེམས་པ་གསུམ་གྱིས་བདག་ཉིད་ཀྱི་ངོ་བོ་སྟེ། དེ་འཛིན་པས་ན་རྡོ་རྗེ ་འཛིན་ཏེ། དཀྱིལ་འཁོར་རྒྱལ་བ་མཆོག་གོ་།རྡོ་རྗེ་ནི་དཀྱིལ་འཁོར་པ་རྣམས་ཏེ་དེ་དག་འཛིན་པ་ནི་སྤྲོ་བར་བྱེད་པ་སྟེ་རྡོ་རྗེ་འཛིན་ཏེ་ལས་ཀྱི་རྒྱལ་བ་མཆོག་གོ། རྡོ་རྗེ་ནི་རྡོ་རྗེ་བཟླས་པ་སྟེ། དེ་ཉིད་འཇུག་པ་ལ་སོགས་པའི་རིམ་པས་འཛིན་པས་ན་རྡོ ་རྗེ་འཛིན་ཏེ་རྡོ་རྗེ་བཟླས་པའོ། །རྡོ་རྗེ་ནི་རྣམ་པར་ཤེས་པ་གསུམ་སྟེ། དེ་རྣམས་འོད་གསལ་བ་ལ་ཞུགས་པས་འཛིན་པ་ནི་རྣམ་པར་དག་པ་སྟེ་རྡོ་རྗེ་འཛིན་ནོ། །དེ་ནི་སེམས་རྣམ་པར་དག་པའོ། །རྡོ་རྗེ་ནི་མི་གཡོ་བའི་སྒྱུ་མ་ལྟ་བུའི་ཏིང་འཛིན་ཏེ། དེ་ཉིད ་འཛིན་པ་ནི་འོད་གསལ་བར་ལས་སྒྲོ་བར་བྱེད་པས་ན་རྡོ་རྗེ་འཛིན་ཏེ་བདག་ལ་བྱིན་གྱིས་བརླབ་པའོ། །རྡོ་རྗེ་ནི་འདོད་ཆགས་ལ་སོགས་པ་རྣམ་པ་གསུམ་སྟེ། དེ་རྣམས་འཛིན་པ་ནི་བཞི་པའི་མན་ངག་གིས་མི་སྣང་བར་བྱེད་པས་ན་རྡོ་རྗེ་འཛིན་ཏེ་མངོན་པར་བྱང ་ཆུབ་པའོ། །མི་གནས་པའི་མྱ་ངན་ལས་འདས་པའི་མཚན་ཉིད་ཅན་གྱི་ཀུན་རྫོབ་དོན་དམ་པ་དབྱེར་མེད་པར་ཤེས་ན་རྡོ་རྗེ་འཛིན་ཏེ་ཟུང་འཇུག་གོ། ཝ་ནི་ཐབས་སོ། །ཛ་ནི་ཤེས་རབ་བོ། །དེ་དག་གཉིག་འཛིན་པ་ནི་ཡང་དག་པར་སྦྱོར་བས་ནི་རྡོ་རྗེ་འཛིན་དེ་རང ་བཞིན་ནོ། །དེ་བཞིན་དུ་རྡོ་རྗེ་དང་རྡོ་རྗེ་ནི་རྡོ་རྗེ་དག་སྟེ་གསུངས་པ་རྣམས་ཀྱི་བྱེད་ཚིག་གཅིག་ལ་གཅིག་ལུས་པར་འགྱུར་རོ་ཞེས་བྱ་བས་རྡོ་རྗེའི་སྒྲ་གཅིག་ནི་བྱེ་བར་འགྱུར་རོ། །གཉིས་པ་ནི་འདུས་པར་འགྱུར་རོ། །དེས་ནི་དོན་འདི་ཡིན་ཏེ ་གཅིག་ནི་རྡོ་རྗེ་རྡོ་རྗེ་ཁོ་ནའོ། །གཉིས་པ་ནི་རྡོ་རྗེ་ཡིས་ནང་ན་མཚན་པའི་ཕྱིར་རྡོ་རྗེ་སྟེ་པདྨའོ། །སྐྱེས་བུའི་རྟགས་དང་མཚུངས་པར་མིའི་སྣ་དག་ནི། འདྲ་བའི་ཕགས་པས་གཡོགས་བྱས་པ་སྟེ་། འཇམ་ཞིང་ཕྲ་བའི་དཀྱིལ་ཅན་བུ་མོ་ཡི། །མེ ་ཏོག་སྙིང་པོའི?་ཁ་སྦྱོར་ནང་དང་མཚུངས། །རྒྱ་ཆེན་དཔལ་བེའུ་འདབ་མཚུངས་པ་ཡི། །ཡན་ལག་ཅན་གྱི་སྤྱི་པའི་ཆ་ལ་བརྟེན། །བུད་མེད་དབང་པོ་གཉིས་པོ་དེ་འདོད་པ། །སོར་མོའི་རྩེ་མོས་དེ་ནི་ཤིན་ཏུ་བཙིར?་ཞེས་འགྱུར་རོ། །རྡོ་རྗེ་དང་པདྨ ་དེ་དག་འཛིན་པ་ནི་བསྡུས་པ་ནས་རྒྱུའོ། །རྡོ་རྗེ་ནི་ཧཱུཾ་དང་ཕཊ་ལ་སོགས་པ་ཆར་པ་ཆར་རེངས་པ་དང་བསྐྱེད་པའི་ས་བོན་དེ་དག་དགོད་ཅིང་འཛིན་པར་བྱེད་པས་ནི་རྡོ་རྗེ་འཛིན་དེ་ལས་སོ། །རྡོ་རྗེ་ནི་རང་རིག་པ་གཉིས་སུ་མེད་པའི་ཡེ་ཤེས་ཏེ་དེ་འཛིན ་པ་ནི་ཉམས་སུ་མྱོང་བས་རྡོ་རྗེ་འཛིན་ཏེ་འབྲས་བུའོ། །རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པའི་རྒྱུར་གྱུར་པས་སོ་སོར་སྡུད་པ་ལ་སོགས་པའི་ཡན་ལག་དྲུག་གི་རྣལ་འབྱོར་དེ་འཛིན་པ་ནི་རྟག་ཏུ་གོམས་པས་ནི་རྡོ་རྗེ་འཛིན་ཏེ་རྣལ་འབྱོར་རོ།། ་རྡོ་རྗེ་དམ་ཚིག་ཆེན་པོ་ལྔ་སྟེ། དེ་འཛིན་པ་ནི་སྟོན་པ་འམ་སྤྱོད་པས་ན་རྡོ་རྗེ་འཛིན་ཏེ་སྒྲུབ་པའོ། །དཔལ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དག་གང་ལ་ཡོད་པ་དེ་ནི་དཔལ་ལྡན་ནོ། །དེ་བཞིན་གཤེགས་པ་ཀུན་ནི་རིགས་ཀྱི་གཙོ་བོ་ལྔས ་མཆོད་པ་ནི་མཆོད་པར་འགྱུར་རོ། །དེ་བས་ན་སངས་རྒྱས་ཀུན་ནི། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་མཆོག་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཏེ་།དེ་རྣམས་ཀྱི་ནང་ན་ཀུན་མཁྱེན་ནི་རྡོ་རྗེ་འཆང་ཆེན་པོས། སྒོམ་པ་མཆོག ་ནི་ཐམས་ཅད་ཀྱི་ཕུལ་དུ་བྱུང་བའི་ཏིང་ངེ་འཛིན་གྱི་ཁྱད་པར་བཀའ་སྩལ་པ་ནི་གསུངས་སོ། །ནམ་མཁའ་ཨི་དབྱིངས་ཞེས་བྱ་བ་ལ་སོགས་པ་ལ་།ནམ་མཁའ་ཨི་དབྱིངས་ནི་སྙིང་ག་སྟེ། དེའི་དབུས་སུ་གནས་པ་ནི་ཟླ་བའི་དཀྱིལ་འཁོར་ཏེ། ཡི་གེ་གསུམ་ལས་བྱུང་བ ་ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེའི་སྟེང་དུ་སངས་རྒྱས་ཀྱི་སྐུ་ནི་རྡོ་རྗེ་འཆང་ཆེན་པོའི་སྐུ་སྟེ་།ཡེ་ཤེས་སེམས་དཔའ་ཨི་གཟུགས་རྣམ་པར་བསྒོམ་ཞིང་ཕྲ་མོའི་རྣལ་འབྱོར་ནི་ཐིག་ལེ་བསྒོམ་པ་བརྩོན་པར་བྱའོ། །ཇི་ལྟར་ཞེ་ན། སྣའི་རྩེ་མོ་ནི་ཡེ ་ཤེས་སེམས་དཔའ་ཨི་རྡོ་རྗེ་ལ་སོགས་པའི་སྣའི་རྩེ་མོར་རོ། །ཡུངས་ཀར་ནི་སྔགས་ལ་སོགས་པའི་ཐིག་ལེ་བསམ་པར་བྱའོ། །དེས་ནི་སེམས་དབང་དུ་བྱ་བ་ཡིན་ནོ། །སེམས་དབང་དུ་བྱ་བ་བསྟན་པར་བྱ་སྟེ། འགྲོ་དང་མི་འགྲོ་ཡུངས་ཀར་ལ་དེ་ལ ་བསྒོམ་པར་བྱ་སྟེ། དེའི་རང་བཞིན་བསམ་པར་བྱ་བ་འམ་།འགྲོ་དང་མི་འགྲོ་བ་དེར་ཐིམ་པར་བྱའོ། །བརྟན་པ་དང་གཡོ་བ་ཁྱབ་པར་བསྟན་ནས། རིགས་ལྔའི་རང་བཞིན་བསྟན་པར་བྱ་སྟེ། ཡེ་ཤེས་མི་བསྐྱོད་པའོ། །གནས་ནི་རྣམ་པར་སྣང་མཛད་དོ། །ཉམS ་དགའ་བ་ནི་འོད་དཔག་ཏུ་མེད་པའོ། །གསང་བ་ནི་རིན་ཆེན་འབྱུང་ལྡན་ནོ། །ཡེ་ཤེས་ཀྱི་བརྟགས་པ་ནི་དོན་ཡོད་གྲུབ་པ་སྟེ་དེ་རྣམས་ཀྱི་རང་བཞིན་དུ་བསྒོམ་པར་བྱ་བ་ནི་བསམ་པར་བྱའོ། །ལེའུ་བཅོ་བརྒྱད་པ་ལས་ཀྱང། །སྣ་ཡི་རྩེ་མོར་ཡུངས་ཀར་ཞེས ་སྲོག་དང་རྩོལ་བ་བརྟག་པ་སྟེ། །སངས་རྒྱས་ངོ་བོ་འོད་ཟེར་ལྔ། །སྲོག་དང་རྩོལ་བ་ལ་གནས་པའོ་ཞེས་འབྱུང་ངོ། །འདིར་ནི་རིགས་པ་འདི་ཡིན་ཏེ། །གང་ཞིག་བདེ་བ་ཆེན་པོའི་ངོ་བོའི་གཟུགས་ཐིག་ལེ་ཙམ་དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ་མི ་བསྐྱོད་པའོ། །གང་ཞིག་སྣང་བར་གྱུར་པའི་གཟུགས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་སྟེ་རྣམ་པར་སྣང་མཛད་དོ། །གང་ཞིག་འགྲོ་བ་དང་མི་འགྲོ་བའི་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་སོ་སོར་རྟོག་པའི་ཡེ་ཤེས་ཏེ། དེ་ནི་སྣང་བ་མཛའ་ཡས་སོ། ། ་དབང་པོ་ཐམས་ཅད་དང་རྣམ་པར་ཤེས་པ་དང། ཁམས་དྲུག་རོ་གཅིག་པར་གྱུར་པའི་མཚན་ཉིད་ཅན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཏེ་རིན་ཆེན་འབྱུང་ལྡན་ནོ། །གང་ཞིག་འདི་འོད་ཟེར་མ་ལུས་པའི་སྤྲོ་བའི་མཚན ་ཉིད་ཅན་བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་ཏེ་དོན་ཡོད་གྲུབ་པའོ། །ངེས་ནི་འདི་བཤད་པ་ཡིན་ཏེ། ཡུངས་ཀར་ནི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་དུ་བསམ་པར་བྱའོ། །ངེས་ནི་ཡེ་ཤེས་སེམས་པའི་སྒོ་ནས་ཕྲ་མའི་རྣལ་འབྱོར ་བསྟན་པའོ། །ད་ནི་དམ་ཚིག་སེམས་པའི་སྒོ་ནས་རིགས་ཀྱི་དབྱེ་བས་ཕྲ་མོའི་རྣལ་འབྱོར་བཤད་པར་བྱ་སྟེ། ནམ་མཁའ་ཨི་དབྱིངས་ཞེས་བྱ་བ་ལ་སོགས་པ་ལ་ནམ་མཁའ་ཨི་དབྱིངས་ནི་པདྨའི་སྣ་སྟེ། དེའི་དབུས་སུ་གནས་པའི་ཉི་མེའི་དཀྱིལ་འཁོར་ནི་རྣམ ་པར་རྟོག་པ་མ་ལུས་པ་བསྲེག་པའི་ངོ་བོ་དང། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་མི་བསྐྱོད་པའི་གདན་དུ་གྱུར་པ་རྩ་དབུས་མ་ལ་བསམ་པར་བྱའོ། །ཉི་མའི་གདན་དེ་ཉིད་ཀྱི་སྟེང་དུ་སངས་རྒྱས་ཀྱི་སྐུ་ནི་མི་བསྐྱོད་པའི་སྐུ་སྟེ། ཞལ་གསུམ་ཕྱག ་དྲུག་ཨཱ་མ་ཀཱི་དང་སྙོམས་པར་ཞུགས་པ་རྣམ་པར་བསྒོམས་ཏེ། དེའི་རྗེས་ལ་ཆགས་པ་ཆེན་པོའི་སྤྲོ་བ་དང་བསྡུ་བ་སྔོན་དུ་འགྲོ་བ་འོད་དུ་ཞུ་བ་བསམས་ལ་གནས་ནི་ཐིག་ལེ་ཙམ་དུ་དེའི་སྟེང་དུ་ནི་རྩ་དབུས་མའི་གཞིར་གྱུར་པའི་ཉི་མའི ་དཀྱིལ་འཁོར་ལ་དགོད་པར་བྱའོ། །འདིར་ནི་སྔགས་འདི་ཡིན་ཏེ། ཧཱུཾ་སྔགས་འདི་བརྗོད་ནས་སྣའི་རྩེ་མོར་ཐིག་ལེ་བསམ་པར་བྱའོ། །དེའི་རང་བཞིན་ཐིག་ལེ་ཡིན་ནོ་ཞེས་ཁ་ཅིག་འདོད་དོ། །ལ་ལ་ན་རེ?་དེའི་ཡེ་ཤེས་སེམས་པའི་སྔགས ་ཀྱི་ཐིག་ལེ་དེའི་རྣམ་པ་ཡིན་ནོ་ཞེས་ཟེར་རོ། །ལྟེ་བའི་མི་བསྐྱོད་པ་གཙོ་བོར་གྱུར་པའི་ཕྲ་མོའི་རྣལ་འབྱོར་བསྒོམས་ལ་རྣམ་པར་སྣང་མཛད་ལ་སོགས་པའི་གཙོ་བོར་གྱུར་པ་བཤད་པར་བྱ་བའི་ཕྱིར་ནམ་མཁའ་ཨི་དབྱིངས་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། སྔ་མ་བཞིན་དུ་པདྨའི་སྣའི་ནུབ་ཕྱོགས་སུ་རྩ་ལྷས་སྦྱིན་མའི་དབུས་སུ་གནས་པ་གསལ་བའི་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་བསམས་ཏེ། སྤྱན་གྱི་ཚུལ་དུ་སྦྱོར་བ་ལ་ཞེས་བྱ་བ་ནི་ལྷ་མོ་སྤྱན་དང་སྙོམས་པར་ཞུགས་པའི་རྟག་པ་བསྒོམ་ཏེ། རྡོ་རྗེ་པདྨ་ནི ་དེ་དག་གིས་བདེ་བ་ཆེན་པོ་ཉམས་སུ་མྱོང་བས་ཇི་སྲིད་ཆགས་པའི་མེས་ཞུ་ཞིང་སྔ་མ་བཞིན་དུ་ཐིག་ལེ་ཙམ་དུ་དེ་ཉིད་བསྒོམ་པར་བྱ་སྟེ། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པའི་ཕྲ་མོའི་རྣལ་འབྱོར་རོ། །དེ་བཞིན་དུ་ནམ་མཁའ་ཨི་དབྱིངས་ནི་པདྨའི་དབུས་སུ་གནས་པའི ་གཡས་ཕྱོགས་སུ་རྩ་རུས་སྤལ་མ་ལ་རིན་ཆེན་དཀྱིལ་འཁོར་ནི་རིན་ཆེན་འགྱུར་ལྡན་གྱི་གདན་དུ་གྱུར་པ་ཉི་མའི་དཀྱིལ་འཁོར་བསྒོམ་སྟེ། དེའི་སྟེང་དུ་དངོས་པོ་སྦྱོར་བ་ལ་སོགས་པའི་རིམ་པ་ལས་འབྱུང་བ་རང་གི་ལྷ་མོ་དང་སྙོམས་པར་ཞུགས་པ་རིན་ཆེན་འབྱུང ་ལྡན་ནན་ཏན་གྱིས་ནི་ཡང་སྔ་མ་བཞིན་དུ་ཞུ་བ་བསམས་ཏེ་།དེ་ཉིད་ལ་ཙམ་དུ་བསྒོམ་པར་བྱ་སྟེ། རིན་ཆེན་འགྱུར་ལྡན་གྱི་རྣལ་འབྱོར་བའི་ཕྲ་མོའི་རྣལ་འབྱོར་རོ། །དེ་བཞིན་དུ་ནམ་མཁའ་ཨི་དབྱིངས་ནི་པདྨ་ཉིད་ཀྱི་དབུས་སུ་གཡོན་ཕྱོགས་སུ་རྩ་ཟླ་བ་མ་ལ ་འོད་ཟེར་གཙོ་བོར་གྱུར་པའི་ཟླ་བའི་དཀྱིལ་འཁོར་བསམས་ཏེ། དེའི་སྟེང་དུ་སངས་རྒྱས་ཚུལ་ནི་སྣང་བ་མཛའ་ཡས་ཀྱི་སྐུ་ཞི་བའི་ངོ་བོ་འཁོར་གོས་དཀར་མོ་དང་བཅས་པར་བསམས་ཏེ། ཁྱད་པར་ནི་སྔ་མ་བཞིན་དུ་འོད་དུ་ཞུ་བདེ་ཉིད་ལ་ཐིག་ལེ་ཙམ ་དུ་བསྒོམ་པར་བྱ་སྟེ་། སྣང་བ་མཛའ་ཡས་ཀྱི་རྣལ་འབྱོར་པའི་ཕྲ་མོའི་རྣལ་འབྱོར་རོ། །དེ་བཞིན་དུ་ཤར་ཕྱོགས་ཀྱི་རྩ་ལ་ཨུཏཔལ་མཐིང་ཀའི་མདོག་འདྲ་བ་ཞེས་པ་ནི་དོན་ཡོད་གྲུབ་སྟེ། རྩེ་མོ་ལྔ་པ་ནི་རིགས་ལྔ་ཉེ་བར?་བསྡུས་པར་བྱེད་པ་ལྷ་མོ ་སྒྲོལ་མ་དང་སྙོམས་པར་ཞུགས་པ། ཁྱད་པར་དུ་ཞེས་པ་ནི་འོད་དུ་ཞུ་ཞིང་ཐིག་ལེ་ཙམ་གྱི་ངོ་བོ་ནས་ཀྱི་འབྲུ་ཙམ་ཞེས་པ་ཚད་དེ་ཉིད་ཀྱིས་ཉེ་བར་མཚོན་པ་སྣའི་རྩེ་མོར་ནི་རྩ་ནོར་རྒྱལ་མ་དེ་ཉིད་ལ་བསམ་པར་བྱ་སྟེ་། ལས་ཀྱི་རིགས་ཀྱི་རྣལ་འབྱོར ་པའི་ཕྲ་མོའི་རྣལ་འབྱོར་རོ། །པདྨའི་སྣ་ལྔའི་རྩེ་མོར་ཐིག་ལེ་བསྒོམ་པར་བྱས་ལ། རྡོ་རྗེ་ལ་ཡང་བཤད་པར་བྱ་བའི་ཕྱིར། རྩ་ན་ཀའི་འབྲུ་ཙམ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཤུ?་གའི་ནང་དུ་འབད་མ་བརྒྱད་པ ་གསེར?་བཅས་ཤེས་པ་ནི་སྔ་མ་བཞིན་དུ་རྩ་གཡོན་པ་ལ་རྩ་ན་ཀའི་འབྲུའི་ཚད་ཙམ་བསམས་ཏེ། དེ་ཡོངས་སུ་གྱུར་པ་ལས་སྐྱེས་པ་སྣང་བ་མཛའ་ཡས་སྔ་མ་བཞིན་དུ་འོད་དུ་ཞུ་བ་ཁ་དོག་ལྔ་པ་ཐིག་ལེའི་ངོ་བོ་བྱང་ཆུབ་གཞོལ་བར་གྱུར་པ་ནི་སྣང་བ ་མཛའ་ཡས་རྣལ་འབྱོར་པས་བསམ་པར་བྱ་སྟེ། སྣང་བ་མཛའ་ཡས་ཀྱི་རྣལ་འབྱོར་པའི་ཕྲ་མོའི་རྣལ་འབྱོར་རོ། །འཁོར་ལོ་ལ་སོགས་པ་ཁྱད་པར་དུ་ཞེས་བྱ་བ་ལ་སོགས་པ་ལ། སྔ་མ་བཞིན་དུ་རྡོ་རྗེའི་རྩེ་མོར་དེ་ཉིད་གཡས་དང་ཤར་དང་ནུབ་དང ་དབུས་རྣམས་སུ་འཁོར་ལོ་ལ་སོགས་པར་བསམ་པར་བྱ་སྟེ་།རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱི་ཕྲ་མོའི་རྣལ་འབྱོར་བསྒོམས་པའོ། །དེ་ལྟར་བྱས་ནས་བྱང་ཆུབ་གྲུབ་པར་གྱུར་པ་ནི་མི་བསྐྱོད་པ་འགྲུབ་པར་འགྱུར ་པའོ། གནས་ནི་རིན་ཆེན་འབྱུང་ལྡན་གྲུབ་བོ། །ཉམས་དགའ་བ་ནི་སྣང་བ་མཛའ་ཡས་གྲུབ་བོ་།དངོས་གྲུབ་ཐམས་ཅད་ནི་རྣམ་པར་སྣང་མཛད་གྲུབ་པོ། །ཡོན་ཏན་ནི་ཞི་བ་ལ་སོགས་པའི་ལས་རྣམས་ཀྱི་གནས་ནི་གདོན་མི་ཟ་བ་གྲུབ་སྟེ། ་དངོས་གྲུབ་དེ་རྣམས་ལྔ་པོ་རྣལ་འབྱོར་པས་གྲུབ་པར་འགྱུར་ཞེས་ཚིག་གི་དོན་ནོ། །རང་གི་སེམས་དབང་དུ་བྱས་ལ། གཞན་གྱི་དོན་བསྒྲུབ་པར་བྱ་བའི་ཕྱིར། སངས་རྒྱས་བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མདོར་ན་ཞེས་པ་ཅིག་ཅར ་དུ་སངས་རྒྱས་ནི་རིགས་ལྔའི་དེ་བཞིན་གཤེགས་པ་རྣམས་ཏེ་། དེ་དག་བྱང་ཆུབ་ནི་རང་རང་གི་ཤེས་རབ་མ་སྟེ་དེ་རྣམས་ཀྱི་བྷ་གར་གནས་པའོ། །དེ་བཞིན་དུ་ཆོས་ནི་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་དང། གནས་ནི་དོན་ཡོད་གྲུབ་པའི་རིགས་ཅན ་དང། སྐུ་གསུང་ཐུགས་ཀྱི་མཚན་པ་ནི་རྣམ་པར་སྣང་མཛད་ལ་སོགས་ཅན་དུ་དེ་རྣམས་སྤྲོ་བར་བྱའོ། །ཡང་ན་རྩ་ལྔ་རྩེ་མོ་དེ་རྣམས་ཀྱི་གང་ཞིག་ཐིག་ལེ་རྣམས་བསྒོམ་པ་དེ་དག་སངས་རྒྱས་ནི་དེ་བཞིན་གཤེགས་པའི་རང་བཞིན་ཏེ་།བྱང་ཆུབ་གནས་པ་ནི་རྩ ་དབུས་ས?་ལ་རོ་གཅིག་པར་གྱུར་པ་ཉིད་དུ་བྱའོ། །དེ་བྱས་ནས་སྐུ་ལ་སོགས་པའི་རིགས་ཅན་གྱི་དེ་བཞིན་གཤེགས་པ་རྣམས་དེ་ཉིད་ལས་སྤྲོ་བར་བྱ་སྟེ་རྫོགས་པའི་རིམ་པའོ། །ཕྲ་མོའི་རྣལ་འབྱོར་འོག་རོལ་ཏུ་མཆོད་པའི་རིམ་པ་བཤད་པར་བྱ་སྟེ། མཆོད ་པ་དེ་ཡང་རྣམ་པ་གསུམ་སྟེ། གསང་བའི་མཆོད་པ་དང། དེ་ཁོ་ན་ཉིད་ཀྱི་མཆོད་པ་དང། མཆོད་པ་ཆེན་པོའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ནི་རིགས་པའི་རྡོ་རྗེ་ཏེ། དེ་འཇིག་ནི་པདྨའི་ནང་དུ་ཞུགས་པར་མཛད་པས་ན་རྡོ་རྗེ་འཛིན་ཏེ་རྒྱུའོ། །རྡོ་རྗེ་ནི་ཆོS ་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ་ངེ་འཛིན་པས་རྡོ་རྗེ་འཛིན་ཏེ་འབྲས་བུའོ། །རྡོ་རྗེ་ནི་བདུད་རྩི་དང་ལྕགས་ཀྱུ་རྣམས་ཏེ་དེ་འཛིན་པ་ནི་སྤྱོད་པར་བྱེད་བསན་འཛིན་ཧེ་དེ་སྒྲུབ་པའོ། །དཔལ་ནི་རང་སྣང་བའི་ཤེས་རབ་མ་སྟེ། དེ་གང་ལ་ཡོད་པ་དེ་ནི་དཔལ་ལྡན་ཏེ་རང་བཞིན ་ནོ། དཔལ་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་སྟེ། དེ་གང་ལ་ཡོད་པ་སྟེ་རྫོགས་པའི་རིམ་པའོ། །དཔལ་ནི་བདུད་རྩི་མྱང་བ་སྟེ་དེ་གང་ལ་ཡོད་པ་སྟེ་སྒྲུབ་པའོ། །ཀུན་ནི་གསང་བའི་མཆོད་པ་དང། དེ་ཉིད་ནི་དེ་ཁོ་ན་ཉིད་ཀྱི་མཆོད་པ་དང། དོན་ནི་མཆོད་པ་ཆེན ་པོས་ཏེ། དེ་རྣམས་སྟོན་པར་མཛད་པས་ན་དེ་ཉིད་དོན་ཀུན་སྟོན་པ་པོའོ། །སྤྱོད་པ་ཀུན་ནི་རྣམ་པ་གསུམ་སྟེ། སྤྲོས་པ་དང་བཅས་པ་དང་། སྤྲོས་པ་མེད་པ་དང་། ཤིན་ཏུ་སྤྲོས་པ་མེད་པ་རྣམས་སོ། །མཆོག་ནི་དེ་དག་གིས་ཕུལ་དུ་བྱུང་བའོ། །ལེགས ་དག་པ་ནི་བྱང་ཆུབ?་ཆེན་པོའི་གོ་འཕང་ཐོབ་པའོ། །གསང་བ་དམ་པ་ནི་མཆོད་པ་རྣམ་པ་གསུམ་རྡོ་རྗེ་འཛིན་དེས་བཀའ་སྩལ་ཏོ་ཞེས་སྟོན་ཏོ། །གཟུགས་དང་སྒྲ་དང་རོ་ལྡན་པ་ཞེས་བྱ་བ་ལ་སོགས་པ་ལ་། དྲུག་ཅེས་པ་ནི་དྲུག་གི་གྲངས་དང་ལྡན་པ་ཟླ་བ ་ནི་ཟླ་བ་རེ་རེ་ལས་མི་ཏོག་འབྱུང་བའི་ཕྱིར། ཟླ་བ་དྲུག་ནི་རིགས་དྲུག་ལས་བྱུང་བའི་ལྷ་མོ་གཟུགས་རྡོ་རྗེ་མ་ལ་སོགས་པ་སྟེ། དམ་ཚིག་གི་ཕྱག་རྒྱ་མ་རྣམས་བསྒོམ་པར་བྱའོ། །གང་གིས་ཞེ་ན། གཟུགས་དང་སྒྲ་ལ་སོཌ་པའི་འདོད ་པའི་ཡོན་ཏན་རྣམས་དང་ལྡན་པས་སོ། །གཞན་ཇི་ལྟ་བུ་ཞེ་ན། ཤེས་རབ་ཅན་གྱི་ནི་ཕྱག་རྒྱ་མ་དེ་རྣམས་དང་ལྡན་པས་གལ་ཏེ་བསྒོམ་པ་ནི་སྔར་བཤད་པའི་རིམ་པས་སྙོམས་པར་ཞུགས་པ་བྱེད་ན་དེའི་ཚེ་རྡོ་རྗེ་འཆང་ཆེན་པོ་ཉིད་དུ་འགྱུར་རོ་ཞེས་ཚིག ་གི་ལྷག་མའོ། །དེའི་རང་བཞིན་དང་རྒྱུ་དང་ལས་དང་འབྲས་བུ་དང། གསང་བའི་མཆོད་པ་དང། སྤྲོས་པ་དང་བཅས་པའི་སྤྱོད་པ་རྣམས་སོ། །ཡང་ན་ཟླ་བ་དྲུག་ནི་བཤད་གཅི་ལ་སོགས་པ་ལཱ?་དང་ལྕགས་ཀྱུ?་ལྔ་གཅིག་ཏེ་དྲུག་གོ་།དེ་རྣམས ་གཟུགས་ལ་སོགས་པའི་རང་བཞིན་དེ་བཞིན་གཤེགས་པ་དང་ལྡན་པ་ནི་སྦྱང་པ་ལ་སོགས་པའི་རིམ་པས་དྲི་མ་མེད་པར་བྱས་ཏེ། ཤེས་རབ་ཅན་ནི་སྨོད་པ་མེད་པའི་རྣལ་འབྱོར་པས་གལ་ཏེ་སྤྱོད་པར་བྱེད་ན་དེ་ཚེ་རྡོ་རྗེ་འཆང་ཆེན་པོ་ཉིད་དུ་འགྱུར་རོ ་ཞེས་ཚིག་གི་ལྷག་མའོ། །དེ་ནི་སྒྲུབ་པ་དང་དེ་ཁོ་ན་ཉིད་ཀྱི་མཆོད་པ་དང་སྤྲོས་པ་མེད་པའི་སྤྱོད་པ་རྣམས་སོ། །ཡང་ན་གོ་གུ་ད?་ཧ་ནའི་ཤ་ལྔ་དང། དབང་པོའི་དྲི་མ་སྟེ་ཟླ་བ་དྲུག་གོ། གཟུགས་དང་སྒྲ་དང་རོ་ལ་སོགས་པའི་རང་བཞིན་གྱི་དེ་བཞིན ་གཤེགས་པ་རྣམས་ལ་། གང་ཞིག་ཤེས་རབ་ཅན་གྱིས་རིགས་ཇི་བཞིན་གྱི་རིམ་པས་བསྒོམ་པ་ནི་གཏོར་མ་ཕུལ་ན་དེའི་ཚེ་འབྱོར་པ་དེ་ནི། སྔ་མ་བཞིན་དུ་རྡོ་རྗེ་འཆང་ཆེན་པོ་ཉིད་དུ་འགྱུར་རོ། །དེ་ནི་སྒྲུབ་དང་མཆོད་པ་ཆེན་པོ་དང། ཤིན་ཏུ ་སྤྲོས་པ་མེད་པའི་སྤྱོད་པ་རྣམས་སོ། །འདི་ཉིད་བཤད་པར་བྱ་བའི་ཕྱིར་། གསང་བ་དེ་ཉིད་མཆོད་ཆེན་གྱི་བྱ་བ་ལ་སོགS་པ་ལ་གསུངས་ཏེ་། མཆོད་པ་དེ་དག་རྣམ་པ་གསུམ་གྱིས་མཆོད་པ་བྱས་ལ་བསྒོམ་པར་བྱ་བ་ནི་ཁྱད་པར་དུ་རྡོ་རྗེ་འཆང ་ཆེན་པོ་ཉིད་ཐོབ་པར་འགྱུར་ཏེ་སྒྲུབ་པའོ། །དེ་ཁོ་ན་ཉིད་དང་གསང་བའི་མཆོད་པ་དང་མཆོད་པ་ཆེན་པོ་དག་རྒྱ་ཆེ་བར་བཤད་པར་བྱ་སྟེ། བཤད་གཅི་ཞེས་བྱ་བ་ལ་སོགས་པ་ལ། བཤད་གཅི་དག་ཉེ་བར་མཚན་པའི་ཕྱིར་རྫས་ལྔ་སྟེ། སྔགས་དང་ཕྱག་རྒྱས ་བྱིན་གྱིས་བརླབ་པར་བྱས་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་འབྲས་བུ་འདོད་པས་ཁྱད་པར་གྱི་ཞག་ལ་བརྟེན་ཅིང་གལ་ཏེ་སྤྱོད་ན་དེའི་ཚེ་དེ་ལ་བླ་མེད་དེ་ཁོ་ན་ཉིད་ནི་གཙང་བ་ལ་སོགས་པའི་རྣམ་པར་རྟོག་པ་དང་བྲལ་པའི་ཡིད། དེ ་བཞིན་དུ་བྱང་ཆུབ་ནི་རྣམ་པར་མེ་རྟོག་པའི་ཡེ་ཤེས་དང། སྐྱོན་མེད་པ་ནི་ཡེ་ཤེས་ཀྱི་སྐུ་འགྲུབ་པར་འགྱུར་ཏེ་སྒྲུབ་པ་ཉིད་དོ། །ཇི་སྐད་དུ་།དེ་དུས་བརྩམས་ཏེ་དེ་ནི་རྟོག་པ་མེད། །དེ་མདོག་དབྱིབས་དང་ཕྱག་མཚན་ཅི་འདོད་པ། །བསམ་གྱིས་མི་ཁྱབ་རྣམ་པར ་སྨིན་པའི་སྐུ། །སྡོམ་པ་དེ་ལས་བྱ་བ་བྱས་པ་བསྒོམ་ཞེས་འབྱུང་ངོ། །ཡང་བཤད་གཅི་ལ་སོགས་པ་ནི་ཕུང?་པོ་ལྔ་སྟེ་། དེ་དག་ཟོས་པ་ནི་སེམས་རྣམ་པར་དག་པའི་རིམ་གྱིས་འོད་གསལ་བར་ཞུགས་པ་གང་ཡིན་པ་དེ་རྣམས་ཟས་སུ་བཤད་གཅི་ཟ་བ ་སྟེ་རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་སོ། །འབྲས་བུ་འོད་གསལ་བ་དོན་དུ་གཉེར་བསན?་འབྲས་བུ་འདོད་པའོ། །ཡང་དག་བླ་མེད་ནི་སེམས་དང་སེམས་ལས་བྱུང་བ་སྤོང་བས་མཆོག་ཏུ་གྱུར་པའོ། །བྱང་ཆུབ་ནི་འོད་གསལ་དྲི་མ་མེད་པས་ན ་སྐྱོན་མེད་པ་དེ་དང་འདྲ་བའི་རྣལ་འབྱོར་པ་ལ་འགྲུབ་པར་འགྱུར་ཏེ། སེམས་རྣམ་པར་དག་པའི་རིམ་པ་དང། དེ་ཁོ་ན་ཉིད་ཀྱི་མཆོད་པའོ། །ཟས་སུ་ཤ་རྣམས་ཞེས་བྱ་བ་ལ་སོགས་པས་མཆོད་པ་ཆེན་པོ་བསྟན་པར་བྱ་སྟེ། དཀྱིལ་འཁོར་གྱི་འཁོར་ལོ ་ལ་མཆོད་པའི་དོན་དུ་གལ་ཏེ། ལྷ་བཤོས་ཕུལ་དཔེའི?་ཚེ་རག་དབུལ་བར་བྱའོ། །རིགས་ཐམས་ཅད་ཀྱི་ཡིན་ནམ་ཞེན་མ་ཡིན་ཏེ། ཤ་ཆེན་ཞེས་བྱ་བ་ནི་ཁ་ན་མ་ཐོ་བ་མེད་པ་མི་རོའི་ལུས་ལས་བྱུང་བ་དེ་དང་འདྲ་བ་རབ་བརྟགས་པ་ནི་དབུལ་བ་དང ་སྤྱོད་པར་བྱའོ། །འདིར་མན་ངག་ནི་སྐྱེ་བ་བདུན་པ་ལ་སོགས་པ་མཚན་ཉིད་དང་ལྡན་པ་འམ། ལྕེབས་ནས་ཤི་བའི་སྐྱེས་པའི་རྡོ་རྗེ་བདུད་རྩིའི་རྒྱུད་ལས་གསུངས་པའི་ཆོ་གས། མཆོད་པ་སྔོན་དུ་འགྲོ་བ་བླངས་ཏེ་།དེ་ཉིད་ཀྱི ་ལག་པར་མཚོན་ཆ་སྦྱིན་ཞིང་དེས་བྱིན་པ་ལུས་ཀྱི་དུམ་བུ་བྱིན་པ་གང་ཡིན་པ་དེ་ནི་ཤ་ཆེན་ཏེ། ལྷ་རྣམས་ལ་ཕུལ་ན་དངོས་གྲུབ་སྟེར་བར་འགྱུར་རོ་ཞེས་མཁས་པ་རྣམས་ཀྱིས་གསུངས་སོ། །དེ་ལྟར་བྱས་ནས་སྐུ་གསུང་ཐུགས་ནི་སྐུ་ལ ་སོགས་པ་གསུམ་མམ། དེ་བཞིན་གཤེགས་པ་རིགས་ལྔ་འགྲུབ་པར་འགྱུར་བ་ནི་འཁོར་ལོའི་རིག་པ་འཛིན་པ་ལ་སོགས་པའི་དངོས་གྲུབ་རྣམས་རྩོལ་བ་མེད་པས་འགྲུབ་པར་འགྱུར་རོ། །གསང་བ་ནི་རོ་ལངས་པའི་ཆོ་ག་ཡང་འགྲུབ ་པར་འགྱུར་རོ། །ཇི་ལྟ་བུ་ཞེ་ན། དངོས་གྲུབ་ཐམས་ཅད་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་སུ་ཤེས་པའི་དངོས་གྲུབ་རྣམས་སྟེར་བ་སྟེ། དངོས་གྲུབ་ཐམས་ཅད་སྟེར་བའོ། །དེ་ནི་སྒྲུབ་པ་དང་མཆོད་པ་ཆེན་པོའོ། །ཡང་ན ་ཤ་ནི་རྣམ་པར་ཤེས་པ་གསུམ་མོ། །དེ་རྣམས་བཟའ་བ་ནི་སྣང་བ་ལ་སོགས་པའི་རིམ་པས་མི་སྣང་བར་བྱེད་པའོ། །ཤ་ཆེན་ནི་དེ་ཉིད་འོད་གསལ་བར་བརྟག་པ་ནི་བསྒོམ་པར་བྱའོ། །དེ་ལྟར་བྱས་ནས་སྐུ་གསུང་ཐུགས་འགྲུབ་པར་འགྱུར ་བ་ནི་ལུས་ངག་ཡིད་བསྐྱེད་པའི་རྒྱུར་གྱུར་པ་རང་བཞིན་རྣམས་བཀག་པས་སོ། །གསང་བ་ནི་ཐམས་ཅད་སྟོང་པའི་གོ་འཕང?། །དངོས་གྲུབ་ཐམས་ཅད་སྟེར་བ་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་འཇིག་རྟེན་ལས་འདས་པའི་དངོས་གྲུབ ་སྟེར་བར་འགྱུར་ཞེས་སྟོན་ཏོ། །དེ་ནི་སེམས་རྣམ་པར་དག་པའོ། །ཤའི་སྐབས་ཀྱིས་གཞན་ཡང་བཤད་པར་བྱ་བའི་ཕྱིར། གླང་པོའི་ཤ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་།གླང་པོ་ཆེ་ལ་སོགས་པ་གསུམ་ནི་འཇིག་རྟེན་ལས་འགལ? ་?་སྲོག་ཆགས་སོ། །དེ་བཞིན་གྱི་སྒྲས་ནི་བ་ལང་ཡང་སྟོབས་སོ། །དམ་པ་ནི་སྐྱེས་པའི་འོ། །སྲོག་ཆགས་དེ་རྣམས་ཀྱི་ཤ་བླངས་ཏེ། ཨོཾ་དྲཾ་ཏྲཾ་ཧཱུཾ་ཁཾ་ཞེས་བྱ་བའི་ས་བོན་རྣམས་ཀྱིས་བྱིན་གྱིས་བརླབས་ལ་ཁྲོ་བོའི་རྒྱལ་པོ་རྣམས་ལ་ཕུལ་ཞིང་དེ་ནས་བདག་ཉིད ་གྱིས་བཟའ་བར་བྱའོ། །ཟས་ཀྱི་ཕྱིར་ཟས་གཞན་མ་ཟོས་ན་ཞེས་པ་ནི་དེ་མ་ཡིན་པའི་ཟམ་བཟའ་བར་མི་བྱ་བ་སྟེ། ཞི་བའི་ཟས་ནི་ཁྲོ་བོའི་རྒྱལ་པོའི་དཀྱིལ་འཁོར་ལ་དགོས་པ་མ་ཡིན་ཏེ་བསྒྲུབ་པའོ། །ཡང་ན་གླང་པོ་ནི་མིག་གི་རྣམ་པར་ཤེས་པ་སྟེ། ་གཟུགས་གླང་པོ་མོའི་རེག་པས་ཕྱི་རོལ་དུ་ཆགས་པའི་ཕྱིར་རོ། །རྟ་ནི་རྣ་བའི་རྣམ་པར་ཤེས་པ་སྟེ། སྒྲ་ཙཱ་ལ་སོགས་པ་ལ་ཆགས་པའི་ཕྱིར་རོ། །ཁྱི་ནི་སྣའི་རྣམ་པར་ཤེས་བ་སྟེ་དྲིའི་ཟས་ལ་ཆགས་པའི་ཕྱིར་རོ། །བ་ལང་ནི་ལྕེའི་རྣམ་པར་ཤེས་པ་སྟེ་? ་ནགས་ཚལ་ལ་རྟག་ཏུ་ཆགས་པའི་ཕྱིར་རོ། །སྐྱེས་པ་ནི་ལུས་ཀྱི་རྣམ་པར་ཤེས་པ་སྟེ་རེག་བྱ་མེད་པས་ཤི་བར་འདོད་པའི་ཕྱིར་རོ། །དེ་རྣམས་ཀྱི་ཤ་ནི་ཡུལ་ལྔ་སྟེ། དེ་རྣམས་བཅུ་བཟའ་བར་བྱ་བ་ནི་མངོན་པར་བྱང་ཆུབ་ཀྱི་རིམ་པས་རིལ་པོ་འཛིན་པ་དང་རྗེས་སུ་གཞིག ་པའི་ཏིང་ངེ་འཛིན་དག་གིས་འོད་གསལ་བ་ལ་འཇུག་པར་བྱའོ། །ཟས་གཞན་དག་ནི་མ་ཟོས་ན་ཞེས་བྱ་བ་ལ་མངོན་པར་གྱི་རིམ་པ་ལ་གནས་བའི་རྣལ་འབྱོར་པས་ནི་ཁམས་ཟ་བའི་མཚན་ཉིད་ཅན་གྱིས་ཟ་བར་མི་བྱ་སྟེ། བསམ་གཏན་ཟབ་ཅན་གྱི་རྣལ ་འབྱོར་པས་གནས་པར་འགྱུར་རོ་ཞེས་སྟོན་ཏེ་མངོན་བར་བྱང་ཆུབ་པའི་རིམ་པའོ། །མཆོད་པ་རྣམ་པ་གསུམ་གྱི་འབྲས་བུ་བསྟན་པར་བྱ་སྟེ། མཉེས་པར་གྱུར་པ་ནི་དེ་ལྟ་བུའི་རྣལ་འབྱོར་པས་སངས་རྒྱས་ནི་དེ་བཞིན་གཤེགས་པ་རྣམས་མཉེས་པར་འགྱུར ་བའོ། བྱང་ཆུབ་སེམས་དཔའ་ནི་?་སྙིང་པོ་ལ་སོགས་པ་སྟེ། དེ་ཉིད་ཀྱི་བློ་ནི་ཤེས་རབ་མ་རྣམས་ཏེ་དེ་རྣམས་གང་ལ་ཡོད་པ་དེ་ནི་བློ་ཅན་ཏེ་རིགས་མཐུན་པ་ཉིད་ཀྱིས་ཁྲོ་བོའི་རྒྱལ་པོ་རྣམས་སོ། །དེ་རྣམས་ཡང་མཉེས་པར་གྱུར་པ་སྟེ། དཀྱིལ་འཁོར ་པ་མ་ལུས་པ་མཉེས་པར་འགྱུར་རོ་ཞེས་སྟོན་ཏོ། །དེ་ཉིད་ཀྱི་ཕྱིར་འདི་ལྟ་བུའི་སྦྱོར་བ་ནི་རྣམ་པ་གསུམ་གྱི་མཆོད་པའི་རིམ་པས་མྱུར་དུ་ནི་ཡུན་རིང་བ་མ་ཡིན་པར་སངས་རྒྱས་ཉིད་ཐོབ་པར་འགྱུར་ཏེ། ཐབས་མང་བ་ཡོད་པའི་ཕྱིར་རོ ་ཞེས་དགོངས་པའོ། །དེ་བཞིན་དུ་འདོད་ཁམས་ནི་གནས་ཉི་ཤུ་སྟེ་དེ་ལ་དབང་ཕྱུག་ནི་གཙོ་བོ་སྟེ་མཆོད་པའི་རིམ་པས་བྱིན་ལ་སོགས་པ་ལ་དབང་བྱེད་པའི་ཕྱིར་རོ། །གོ་འཕང་ནི་བསམ་གཏན་གཙོ་བོར་གྱུར་བའི་གཟུགས་ཀྱི་ཁམས་སོ། །ལས་ནི ་ལས་ཀྱི་བག་ཆགས་ཡོད་པའི་ཕྱིར་གཟུགས་མེད་པའི་ཁམས་སོ། །དེ་དག་བྱེད་བ་ནི་བདག་པོ་ཉིད་དུ་གནས་ཏེ་གོ་འཕང་ལས་ནི་བྱེད་བར་འགྱུར་རོ། །དེ་བཞིན་དུ་གཟི་ནི་མངོན་པར་ཤེས་པ་ལྔ་སྟེ། དེ་ལ་གང་ལ་ཡོད་པ་ནི་དེ་ནི་གཟི་ཅན་ནོ། །སྟོབས་ནི ་དེ་བཞིན་གཤེགས་པའི་སྟོབས་ཏེ་གནས་དང་གནས་མ་ཡིན་པའི་ཡེ་ཤེས་ཀྱི་སྟོབས་ལ་སོགས་པ་བཅུའོ། །དེ་རྣམས་ཡོད་པས་ན་སྟོབས་དང་ལྡན་པའོ། །གཙོ་བོ་མི་འཇིགས་པ་བཞིའོ། །མདངས་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས ་ཏེ། དེ་རྣམས་བཟང་པོ་གདལ?་ཡོད་པ་དེ་ནི་དེ་བཞིན་ནོ། །མཐོང་ན་ཡིད་དུ་འོང་བ་ནི་དཔེ་རྣམས་ཏེ། དེ་དང་ལྡན་པའི་ཕྱིར་ཡིད་དུ་འོང་བའོ། །འཇིག་རྟེན་འདི་དག་དབང་དུ་གྱུར་ཞེས་པ་ནི་འགྲོ་བའི་གླིང་བཞི་པ་དང་མཐོ་རིས་ལ་གནས་པའི་ལྷ་ལ་སོགS ་པའི་དབང་དུ་གྱུར་པ་ནི་བསྟན་པའི་སྒོ་ནས་དབང་དུ་བྱེད་པའོ། །མཐོང་བ་ཙམ་གྱིས་ཞེས་པ་ནི་གཟུགས་མཐོང་བ་ཙམ་གྱིས་ཀྱང་དབང་དུ་བྱེད་པ་སྟེ། རྣལ་འབྱོར་པ་ནི་དེ་ལྟ་བུའི་མཚན་ཉིད་དང་ལྡན་པའི་ཕྱིར་རོ། །བསྐུལ་བ་ནི་གཞན་ཡང་འཇིག ་རྟེན་གྱི་ལྷ་མོ?་གཞན་མ་རྣམས་ཀྱིས་གནོད་པར་གྱུར་ན་དེ་རྣམས་དབང་དུ་བྱ་བ་ལ་སྨོས་ཅི་དགོས་ཞེས་སྟོན་ཏོ། །ཉེ་བར་བསྡུ་པ་བཤད་པར་བྱ་སྟེ། འདི་ནི་སྔར་བཤད་པའི་མཆོད་པ་རྣམ་གསུམ་གྱི་མཚན་ཉིད་དང། ཕྲ་མོའི་རྣལ་འབྱོར་བསྒོམ་པ ་སྟེ། སངས་རྒྱས་ཐམས་ཅད་ནི་གཉི་གའི་རྣལ་འབྱོར་པ་རྣམས་ཀྱི་གསང་བ་ནི། རྟག་ཏུ་བསྒོམ་པར་བྱས་པ་དང། སྦས་པར་བྱས་ནས་བྱང་ཆུབ་དམ་པ་ནི་རྡོ་རྗེ་འཆང་ཆེན་པོའི་དངོས་གྲུབ་སྟེར་བར་བྱེད་དོ། །འདི་ལས་ཡང་སྔོན་དུ་སྔགས་ནི་དེ་བཞིན་གཤེགས ་པ་གསུམ་སྟེ། དེ་རྣམས་ཀྱི་གསང་བ་ནི་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་ས་བོན་གསུམ་མོ། །ཡང་དག་པ་ནི་རྗེས་སུ་དྲན་པར་བྱེད་པའི་སྔགས་རྣམས་གསུམ་མོ། །ཡང་ཇི་ལྟར་བྱ་ཞེ་ན་ཐ་མལ་པའི་ལུས་ངག་སེམས། ལྟ་བ་ནི་སྦྱར་བར་བྱེད་པ་སྟེ། ་བསྐྱེད་པ་དང་རྫོགས་པའི་རིམ་པ་དག་གོ་།སྐུ་གསུང་ཐུགས་བྱིན་གྱིས་རློབ་པ་ནི་ཡིག་འབྲུའི་སྔགས་དགོད་པ་དང། ཀློག་པ་དག་གིས་རྣམ་པར་དག་པ་ལེའུ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྒྱུད་འགྲེལ་ལས་ལེའུ་དྲུག་པའི་ཚིག་གིས་དོན་བཅུ ་དྲུག་གི་བཤད་པའོ། །ལེའུ་དྲུག་པའི་ཚིགས་སུ་བཅད་པའི་གྲངས་ནི་ཉིས་བརྒྱ་བདུན་ཅུ་རྩ་ལྔའོ།། །།ད་ནི་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པའི་རྣལ་འབྱོར་པ་ལས་ལེའུ་ལྔ་པ་ལས་གསུངས་པའི་སྤྱོད་པ་སྤྲོས་བས་ཡང་སྤྱོད་པར་བྱ་སྟེ། ་དེའི་ཕྱིར་ལེའུ་བདུན་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་པོ་ནི་རྡོ་རྗེ་འཆང་ཆེན་པོའོ། །དམ་ཚིག་ཆེན་པོ་ནི་སྤྲོས་པ་དང་བཅས་པའི་སྟོང་པའོ། ་དེ་ཁོ་ན་ཉིད་སྤྲོས་པ་མེད་པའི་སྤྱོད་བའོ། །སྔགས་ནི་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་སྟེ་།སྤྱོད་པ་དེ་རྣམས་ཀྱིས་ཐོབ་པ་གང་ཞིག་མངོན་པར་བྱང་ཆུབ་པ་ནི་ཆོས་འབྱུང་དང་ཆོས་ཀྱི་དབྱིངས་དང། བླ་ན་མེད་པའི་མངོན་པར་བྱང་ཆུབ་པ་སྟེ་གསུམ་མོ།? ་གཙོ་བོར་གྱུར་པའི་གཞུང་གི་ཚོགས་ནི་ལེའུ་སྟེ། དེ་ཉིད་གསུངས་ནི་བཀའ་སྩལ་པ་སྟེ་སྒྲུབ་པའོ། །དེ་རྣམས་ཉིད་དང་པོ་བཤད་པར་བྱ་བའི་ཕྱིར། འདོད་པའི་ལོངས་སྤྱོད་ཐམས་ཅད་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་བ་ཐམས ་ཅད་ནི་ཕྱིའི་ཕྱག་རྒྱ་མ་སྟེ། གཟུགས་རྡོ་རྗེ་མ་ལ་སོགས་པའི་རང་བཞིན་ལྔའོ། །དེ་དག་མདོར་བསྡུས་པའི་ཟླ་བ་དང་རྡོ་རྗེ་ལ་སོགས་པའི་རིམ་གྱིས་བསྐྱེད་ཅིང་ས་བོན་ལྔས་སྤྱི་བོ་ལ་སོགས་པར་བྱིན་གྱིས་བརླབས་ལ། སྔར ་བཤད་པའི་ཁང་པ་སུམ་རྩེགས་ལ་སོགས་པར་གནས་པ་སྟེ་རང་གིས་རྡོ་རྗེ་འཆང་ཆེན་པོའི་ང་རྒྱལ་བྱས་ལ། སྔགས་དང་ཕྱག་རྒྱའི་རིམ་པས་གལ་ཏེ་དེ་རྣམས་ལོངས་སྤྱོད་ནི་དེའི་ཚེ་ཇི་ལྟར་འདོད་པ་ནི་ཇི་ལྟར་སེམས་དགའ་བར་བྱས་ནས་སངས ་རྒྱས་ཐོབ་པར་འགྱུར་རོ། །ཇི་སྐད་དུ་ལ་ལ་གཞོན་ནུ་མར་འདོད་དང། །ལ་ལ་དར་ལ་བབ་འདོད་དང། །གཞན་མས་རགས་པ་གང་ཡང་རུང། །ཕྲ་བ་ལྗང་ཁུ་གཞན་མས་འདོད་ཅེས་འབྱུང་ངོ། །ཡང་ན་མདོག་དཀར་པོ་ལ་སོགས་པས་ཉེ་བར ་མཚོན་པ་དང། རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ཀྱི་ལྷ་གང་ཡང་རུང་བའི་བསྒོམ་པ་ལ་ཆགས་པ་དམ་ཚིག་གི་ཕྱག་རྒ་མ་རྣམས་ལོངས་སྤྱོད་པར་བྱ་སྟེ། ཇི་ལྟར་འདོད་པའི་སྒྲའི་དོན་ཏོ། །དེ་ལྟར་དེ་རྣམས་བསྟེན་ན་སྦྱོར་བ་ནི་འདོད་ཆགས ་ལ་སོགས་པའི་རོལ་པའི་ཚོགས་ཀྱི་སྦྱོར་བས་མྱུར་དུ་ནི་བདེ་བས་སོ། །སངས་རྒྱས་ནི་ཆོས་འབྱུང་གི་མངོན་པར་བྱང་ཆུབ་ཐོབ་པར་གྱུར་པ་ནི་རྙེད་པར་འགྱུར་ཏེ། སྤྲོས་པ་དང་བཅས་པའི་སྤྱོད་པ་སྟེ་བསྐྱེད་པའི་རིམ་པས་དང་བསྒྲུབ་པ་དག་གོ་།སྤྲོས ་པ་མེད་པའི་སྤྱོད་པ་བཤད་པར་བྱ་སྟེ། འདོད་པ་ཐམས་ཅད་ནི་གཟུགས་རྡོ་རྗེ་མ་ལ་སོགས་པའི་ཡུལ་ལྔའོ། །དེ་རྣམས་ཇི་ལྟར་འདོད་པ་ནི་ཇི་སྙེད་པས་ལུས་འཛིན་པར་བྱ་བའི་ཕྱིར་བསྟེན་པ་ནི་སྤྱོད་པའོ། །དེ་དག་བསྟེན་པ་ནི་རང་གི་ལྷ་སྟེ་།རྡོ་རྗེ ་སེམས་དཔའ་ལ་སོགས་པ་ལས་གང་ཡང་རུང་བའི་དེ་བཞིན་གཤེགས་པའོ། །སྦྱོར་བ་ནི་དེ་ཉིད་ཤིང་ལ་སོགས་པས་ཕྱག་དང་ཞལ་ལ་སོགས་པའི་སྦྱོར་བའོ། །དེས་ཉེ་བར་མཚོན་པའི་རྣལ་འབྱོར་པས་བདག་ཉིད་རང་གི་བདག་ཉིད་དང། གཞན ་གྱི་ལུང་དུ་བསྟན་པའི་དམ་ཚིག་གི་ཕྱག་རྒྱ་མ་སྟེ་དེ་དག་མཆོད་པར་བྱའོ། །དེ་ཡང་དེ་བཞིན་དུ་བྱས་ལ་ནགས་ཚལ་གྱི་ལྷ་མོ་རྣམས་ལ་སློངས་མོ་སློང་ཞིང་ནགས་ཚལ་གྱི་ལྷ་མོ་རྣམས་ལས་ཁ་ཟས། རྙེད་ཅིང་ལུས་འཚོ་བར་བྱ་བ་སྟེ། སྤྲོས་པ་མེད་པའི་སྤྱོད ་པ་དང། བསྐྱེད་པའི་རིམ་པ་དང། སྒྲུབ་པ་རྣམས་སོ། །སྤྱོད་པ་གཉིས་ལ་ཞུགས་པའི་རྣལ་འབྱོར་པ་དག་ལ་མི་བཟད་པའི་སྤྱོད་པ་བཀག་པར་བྱ་བའི་ཕྱིར། དཀའ་ཐུབ་སྡོམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀའ་ཐུབ་ནི་ལུས་ངལ་བར་བྱེད་པའི་ཉན ་ཐོས་བ་རྣམས་ཀྱི་སྦྱངས་པའི་ཡོན་ཏན་བཅུ་གཉིས་སོ། །སྡོམ་པ་ནི་ལན་གསུམ་དུ་གོས་བརྗེ་བ་དང། ལན་གསུམ་དུ་ཁྲུས་དང་ཉེ་རེག་ལ་སོགས་པ་སྟེ། བྱ་བའི་རྒྱུད་ཀྱི་སྔགས་པ་རྣམས་ཀྱིའོ། །མི་བཟད་པ་ནི་ལུས་ཀྱི་ཕྱག་རྒྱ་དང། གཡས་བརྐྱང་པ ་ལ་སོགས་པ་སྟེ། རྣལ་འབྱོར་གྱི་རྒྱུད་ཀྱི་སྟགས་པ་རྣམས་ཀྱིའོ། །དེ་དག་བསྟན་ན་ཡང་འགྲུབ་པར་མི་འགྱུར་པ་ནི་མྱུར་དུ་དང་ཕྱིན་ཅི་མ་ལོག་པར་སངས་རྒྱས་ཉིད་ཐོབ་བར་མི་འགྱུར་རོ་ཞེས་སྟོན་ཏོ། །ལ་ལན་རེ་མུ་སྟེགས་པ་ལ་སོགས་པའི་ཟླ་བ ་སྤྱོད་པ་ལ་སོགས་པ་དཀའ་ཐུབ་ལ་སོགས་པའི་སྒྲོ་རྣམས་ཀྱིས་བཤད་པ་ཡིན་ལ། དེ་ནི་མི་རིགས་ཏེ་ཉན་ཐོས་ལ་སོགས་པས་ཀྱང་དེ་རྣམས་སྤང་བྱ་ཡིན་ཏེ། སྔགས་པ་རྣམས་ཀྱིས་སྨོས་ཅི་དགོས་སོ། །དེ་བས་ན་ཐ་མལ་པའི་ཐེག་པ་ལ་སོགས ་པའི་དཀའ་ཐུབ་ལ་སོགས་པ་འདིར་བཀག་པར་རིགས་སོ་།རྒྱལ་པོའི་རིན་ཆེན་ཕྲེང་བ་ལས་ཀྱང། །ལུས་ནི་གཅིག་བུ་ངལ་བ་ཡིས། །གང་ཕྱིར་ཆོས་དག་དེ་ལས་མེད། །གཞན་གྱི་འཚེ་བ་བྲལ་མིན་དང། །གཞན་རྣམས་ལ་ནི་ཕན་པ་མེད། །སྦྱིན ་པ་ཚུལ་ཁྲིམས་བཟོད་པས་གསལ། །གང་གིས་བསྟན་བཅོས་ལམ་པོ་ཆེ། །སྤངས་ཏེ་ལུས་ཀྱི་ངལ་བ་ཡི། །དགོན་པའི་ལམ་ངན་ལས་འགྲོ་བ། །སྲིད་པའི་དགོན་པ་མི་བཟོད་པ། །མཛའ་ཡས་སྐྱེ་བོ་ཤིང་དྲུང་ཅན། །ཉོན་མོངས་སྤྲུལ་བཅིངས་དེས ་ལུས་ཁྱབ། །ཤིན་ཏུ་རིང་བར་ཞུགས་པར་འགྱུར་ཞེས་འབྱུང་ངོ། །ཇི་ལྟར་གྲུབ་པར་འགྱུར་ཞེ་ན། །སྔར་བཤད་པའི་འདོད་པ་ཐམས་ཅད་ལོངས་སྤྱོད་པ་ལ་བརྟེན་ནས་མྱུར་དུ་འགྲུབ་པར་འགྱུར་ཏེ། བདེ་བ་དང་ལྡན་པས ་སེམས་མཉམ་པར་བཞག་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྡོ་རྗེའི་རྒྱུད་ལས་ཀྱང། བདེ་བས་བྱང་ཆུབ་ཐོབ་པ་ཡི། །ལུས་གདུངས་པས་ནི་བྱང་ཆུབ་མིན། །གང་ཕྱིར་བློ་ནི་བདེ ་བ་ཡིས། །ཏིང་ངེ་འཛིན་ལས་སངས་རྒྱས་འབྱུང། །མི་ཟ་བ་སོགས་དཀའ་ཐུབ་ཀྱིས། །ལུས་གདུང་དེ་བཞིན་གཞན་རྣམས་དང། །ལུས་ངལ་དང་ནི་ཉོན་མོངས་པས། །རྣམ་པར་གཡེངས་པས་འགྲུབ་མི་འགྱུར། །དམན་པའི་སེམས ་ཅན་གྲུབ་མིན་ཏེ། །དེས་ནི་མི་ཟད་རབ་ཏུ་བསྟན་ཞེས་འགྱུར་ངོ། །དེ་བཞིན་དུ་དཔལ་མཆོག་དང་པོ་ལས་ཀྱང། །བདག་ནི་སངས་རྒྱས་ཐམས་ཅད་ཉིད། །སངས་རྒྱས་ཀྱི་སྲས་ཉིད་དེ་བཞིན། །རང་གི་ལྷ་ཡི་སྦྱོར་བ་ཡིས། །དེ་ཕྱིར་བདག ་ཉིད་བསྒྲུབ་པར་བྱ། །དཀའ་ཐུབ་སྡོམ་པ་མི་བཟད་པས། །ལུས་ནི་སྡུག་བསྔལ་ལྡན་བསྐམས་འགྱུར། །སྡུག་བསྔལ་གྱིས་ནི་སེམས་གཡེངས་པས། །གཡེངས་པས་དངོས་གྲུབ་ཐོབ་མི་འགྱུར། །ཡིད་དང་ལུས་ངག་བསྟན་པའི ་ཕྱིར། །རང་གི་བདེ་བས་བརྟན་པར་འགྱུར། །སྡུག་བསྔལ་གྱིས་ནི་གཡོ་འགྱུར་དང། འགལ་བ་ཡང་ནི་ཐོབ་པར་འགྱུར་ཞེས་འབྱུང་ངོ། །འོ་ན་ཕྱི་རོལ་གྱི་ཡུལ་རྣམས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་རྒྱུ་ཡིན་པས་འོན ་ཀྱང་ངན་འགྲོར་སྐུལ་བར་བྱེད་པ་བསྟན་པ་ཡིན་ཏེ། བྱང་ཆུབ་ཀྱི་རྒྱུ་ཇི་ལྟར་ཡིན་ནོ་ཞེས་ཡང་དག་པའི་ཤེས་པ་མ་ཡིན་པའི་རྨོངས་པ་རྣམས་ཀྱིས་སྨྱོན་པ་ལ་སོགས་པ་བཞིན་དུ་ཚིག་འདི་ཡིན་ནོ་ཞེས་ན་དེ་སྐད་མ་ཟེར་?་ཅིག། ཐབས་ཀྱི ་ཁྱད་པར་གྱིས་ཡུལ་དེ་རྣམས་ལོངས་སྤྱོད་ན་བྱང་ཆུབ་ཀྱི་རྒྱུ་ཡིན་ཏེ་ཕྱིན་ཅི་ལོག་པས་བསྟེན་ན་དམྱལ་བའི་རྒྱུ་ཡིན་ཏེ་དཔེར་ན་གྱི་ཀའི་མེ་ཏོག་སྤོས་ཀྱི་གླང་པོས་ཟོས་ན་གླ་རྩི་བཞིན་དུ་འགྱུར་རོ། །ཐ་མལ་པའི་གླང་པོ་གཞན་མས་ཟོས་ན་དེ་ཉིད་མི་གཙང ་བ་ཉིད་དུ་འགྱུར་རོ། །དེ་བཞིན་དུ་འདོད་ཆགས་ལ་སོགས་པ་ནི་དག་པའི་རྒྱུད་ལ་གནས་པས་འབྲས་བུ་ཁྱད་པར་ཅན་བྱེད་པ་སྟེ། བསམ་པའི་དབྱེ་བས་སོ། །གཞན་ཡང་དཔེར་ན་སྤྲུལ་ལ་སོགས་པས་འོ་མ་འཐུངས?་ན་དུག་ལ་སོགས་པའི་ངོ ་བོ་ཉིད་དུ་འགྱུར་རོ། །མི་གཞན་མི་རྣམས་ཀྱི་འཐུངས་ན་དེ་ཉིད་བདུད་རྩི་ལ་སོགས་པ་ཉིད་དུ་འགྱུར་རོ། །དེ་བཞིན་དུ་འདོད་ཆགས་ལ་སོགས་བ་དེ་རྣམས་ནི་བསམ་པ་ཁྱད་པར་དང་ལྡན་པ་ལ་ཁྱད་པར་གྱི་འབྲས་བུ་སྟེར་བ་སྟེ། རང་བཞིན་ཡི ་ཁ་ན་མ་ཐོ་བ་མ་ཡིན་པའི་ཕྱིར་རོ། །འདིར་ནི་སྦྱོར་བ་འདི་ཡིན་ཏེ། གང་དང་གང་ཁྱད་པར་གྱི་རྒྱུད་ལ་གནས་པ་དེ་དང་དེ་ཁྱད་པར་གྱི་འབྲས་བུ་སྟེར་བ་སྟེ་དཔེར་ན་ཀྱི་ཏ་ཀི་ལ་སོགས་པ་བཞིན་ནོ། །འདོད་ཆགས་ལ་སོགས་པ་ཡང་ཁྱད་པར ་གྱི་རྒྱུད་ལ་གནས་པ་སྟེ། རང་བཞིན་གྱི་གཏན་ཚིགས་སོ། །འདིར་ནི་ཁྱད་པར་གྱི་རྒྱུད་ལ་དགོས་པའི་ཡོངས་སུ་གྱུར་པ་ཙམ་གྱི་འབྲེལ་པ་དང་ལྡན་པས་ཁྱད་པར་གྱི་འབྲས་བུ་བྱེད་པ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པ་རྒྱུའི་ཚོགས ་ཀྱིས་སྐྱེད་པར་བྱེད་པ་ཁོ་ནའོ། །གང་གི་རང་བཞིན་དེ་ཙམ་གྱིས་འབྲེལ་པ་དང་ལྡན་པ་དེ་ནི་དེས་བྱེད་པ་ཡིན་ཏེ་ཐོགས་པ་མེད་པའི་ཕྱིར་རོ། །མེད་ན་ཡིད་ཆེས་པར་མི་འགྱུར་རོ། །དེ་བསྣ་ཁྱད་པར་གྱིས་ཡོངས་སུ་འགྱུར་བ་ནི་གཞན་ལ ་བལྟོས་པ་མ་ཡིན་ཏེ། དེ་ཙམ་གྱི་འབྲེལ་པ་བསྟན་ཏོ། །དེ་ལ་ཡང་ཐོགས་པ་མེད་པ་སྟེ་བལྟོས་པ་མེད་པའི་ཕྱིར་རོ། །བལྟོས་པ་མེད་པ་ནི་རྟོགས་པར་བྱ་བ་གཞན་མེད་པའི་ཕྱིར་རོ། །དེ་བས་ན་དེ་ཙམ་གྱི་འབྲེལ་པའི་ངེས་པས་རང་བཞིན་གྱི་གཏན ་ཚིགས་བསྟན་པ་ཡིན་ཏེ་རིགས་པ་འདི་ཉིད་ཀྱིས་འདོད་ཆགས་ལ་སོགས་པ་ཡང་རྣལ་འབྱོར་པའི་བྱང་ཆུབ་ཀྱི་རྒྱུད་ཡིན་ཏེ་རབ་ཏུ་སྒྲུབ་པའོ། །དོན་ཡོད་གྲུབ་པའི་རྒྱུད་ལས་ཀྱང། རྨོངས་པ་གང་གིས་བཅིངས་འགྱུར་བ། །མཁས ་པ་ཉིད་གྱིས་གྲོལ་འགྱུར་བ། །དེ་ལྟར་བྱང་ཆུབ་བསྒོམས་པ་ཡིས། །ཐམས་ཅད་ཕྱིན་ཅི་ལོག་འདི་ཡིན། །ལྕགས་ཀྱི་གོང་བུ་ཆུར་བསྐུལ་ན། །འབའ་ཞིག་ཏུ་ནི་ནུབ་པར་འགྱུར། །སྣོད་དུ་བྱས་བ་དེ་ཉིད་ནི། །གཞན་བསྒྲལ་བ་དང་རང་བཀལ? ་བའོ་ཞེས་འབྱུང་ངོ། །ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་བཤད་བར་བྱ་སྟེ། སློངས་མོ་ཟ་ཞིང་མི་བཟླ་སྟེ་ཞེས་བྱ་བ་ལ་སོགས་བ་ལ། སློངས་མོ་ནི་ཕྱི་རོལ་གྱི་ཁམ་ཟ་བ་སྟེ་།དེ་ཉིད་གང་གིས་བཟའ་བར་བྱེད་པ་དེ་ནི་སླངས་མོ་ཟ་བའོ། ། ་ཕྱི་རོལ་གྱི་ཟས་ཟག་དེ་ལྟ་བུའི་རྣལ་འབྱོར་པས་མི་བཟླ་སྟེ་ཞེས་བ་ནི་བསྒོམ་བར་མི་བྱ་སྟེ། འོན་ཀྱང་བསན་གཏན་གྱི་བཟའ་བས་འཚོ་བར་བྱའོ་ཞེས་སྟོན་ཏོ། །སློང་ལ་དགའ་བར་མི་བྱའོ་ཞེས་པ་ནི་བསོད་ནམས་ཀྱི་ཚོགས་འཕེལ་བར་བྱ་བའི ་པའི?་ཤིན་ཏུ་དད་པས་བཅོམ་ལྡན་འདས་བཞིན་དུ་གལ་ཏེ་གཞན་མ་རྣམས་འབྱོར་པ་ལ་བཟའ་བ་བྱིན་ན་དེ་སྤང་བར་ནི་བྱ་སྟེ་འོན་ཀྱང་དེ་ཉིད་དུ་དགའ་བ་ནི་ཆགས་པ་མི་བྱའོ། །གཞན་དུ་ན་བསམ་གཏན་ཟ་བ་ཉིད་རིམ་གྱིས་ཉམས་པར་འགྱུར་རོ། །དེ ་བཞིན་དུ་སྔགས་ནི་མི་འཇིགས་པའི་ཡི་གེ་བཟླས་པར་བྱའོ། །ཡན་ལག་མ་ཉམས་པ་ནི་གཉིས་སུ་མེད་པའི་ངོ་བོ་སྟེ་མདོག་དང་དབྱིབས་དང་རླུང་དང་རྣམ་པར་ཤེས་པ་སྤངས་པ་སྟེ་།འོན་ཀྱང་མ་མིང་གི་བཟླས་པའི་རང་བཞིན་དུ་བཟླས་པར་བྱའོ། །རྣལ ་འབྱོར་བ་ཇི་ལྟ་བུ་ཞེ་ན། འདོད་པ་ཀུན་ནི་དེ་རྣམས་ཀྱི་རང་བཞིན་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ངོ་བོ་ཡེ་ཤེས་ཀྱི་ཕྱག་རྒྱ་མ་སྟེ། དེ་དང་ལྷན་ཅིག་ཏུ་ལོངས་སྤྱོད་པ་ནི་བདེ་བ་ཆེན་པོ་ཉམས་སུ་མྱོང་བ་སྟེ། འདོད་པ་ཀུན་ལ་སློང? ་མྱོང་བའི་རྣལ་འབྱོར་པའོ་ཞེས་སྟོན་ཏོ། །དེ་ནི་ཤིན་ཏུ་སྤྲོས་པ་མེད་པའི་སྤྱད་པ་དང། རྡོ་རྗེ་བཟླས་པའི་རིམ་པ་དང་སྒྲུབ་པ་རྣམས་སོ། །སྤྲོས་པ་དང་བཅས་པའི་སྤྱོད་པའི་འབྲས་བུ་བསྟན་པར་བྱ་སྟེ། ལུས་དང་ངག་དང་སེམས་ཞེས་བྱ་བ་ལ་སོགས་པ་ལ། སྤྲོས་བ་དང ་བསམ་པའི་རྣལ་འབྱོར་པས་གལ་ཏེ་ཐ་མལ་པའི་ལུས་ལ་སོགས་པ་ཡོངས་སུ་གྱུར་བས་བདེ་བར་གནས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པའི་རྣམ་པའི་རང་བཞིན་གྱི་བརྟན་པ་ཉིད་གསལ་པོར་ཐོབ་ན་དེའི་བྱང་ཆུབ་ནི་ཆོས་འབྱུང ་གི་མངོན་པར་བྱང་ཆུབ་ཐོབ་པ་ནི་རྙེད་པར་འགྱུར་རོ། །གལ་ཏེ་རྣལ་འབྱོར་པ་དེ་ཉིད་བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་བརྟན་པ་འམ། གསལ་བོར་མ་རྫོགས་ན་དེའི་ཚེ་དུས་མ་ཡིན་པར་འཆི་བ་དང་དམ་ཚིག་ཉམས་པས་སོ། །ཡང་ན་བདུད་རྩི་མྱང་བའི ་ཚོགས?་བསྒོམས་པས་དུས་མ་ཡིན་པར་འཆི་བར་འགྱུར་ཏེ། འཇིག་རྟེན་འདི་ཉིད་ཀྱི་འབྲས་བུའོ། །དམྱལ་བར་ངེས་པར་བསྲེག་བར་འགྱུར་ཞེས་པ་ནི་ཏིང་འཛིན་སྤངས་པས་སྐྱེ་བོ་བཞིན་དུ་དམྱལ་བར་འགྲོའོ་ཞེས་སྟོན་ཏོ། །དེའི་ཕྱིར་ཡུན ་རིང་དུ་རྒྱུན་མ་ཆད་པར་བསྟེན་པར་བྱས་ན་ཏིང་འཛིན་ནི་བརྟན་པར་འགྱུར་ཏེ་བསྐྱེད་པའི་རིམ་པའོ། །སྤྲོས་པ་མེད་པའི་སྤྱོད་པའི་འབྲས་བུ་བསྟན་པར་བྱ་སྟེ། སངས་རྒྱས་ནི་དེ་བཞིན་གཤེགས་པ་ལྔའི་རིགས་ཅན་རྣལ་འབྱོར་པ་རྣམས་སོ། །ཇི་ལྟ ་བུ་ཞེ་ན་བྱང་ཆུབ་ནི་ལུང་དུ་བསྟེན་པའི་དམ་ཚིག་གི་ཕྱག་རྒྱ་མ་སྟེ་།དེ་དང་ལྷན་ཅིག་སེམས་དཔའ་གང་ལ་ཡོད་པ་དེ་ནི་བྱང་ཆུབ་སེམས་དཔའ་སྟེ་། དམ་ཚིག་གི་ཕྱག་རྒྱ་མ་དང་ལྡན་པའི་ཞེས་སྟོན་ཏོ། །དེ་ལྟ་བུའི་རྣལ་འབྱོར་པ་རྣམས་ཆོས་མཆོག ་མི་གཡོ་བ་སྙེད?་པ་ཡང་ཞེས་པ་ལ། ཆོས་མི་གཡོ་བའི་ཆོས་ནི་ཆོས་ཉིད་དོ། །མི་གཡོ་བ་ནི་གཡོ་བ་མི་འགྱུར་བའོ། །ཆོས་ཀྱང་དེ་ཡིན་ལ་མི་གཡོ་བའང་དེ་ཡིན་ཏེ། ཆོས་མི་གཡོ་བ་སྟེ་ཆོས་ཀྱི་དབྱིངས་ཀྱི་མངོན་པར་བྱང་ཆུབ་པ་ཐོབ་པར ་འགྱུར་རོ། །གང་གིས་ཞེ་ན། འདོད་པ་ཐམས་ཅད་ནི་རལ་པའི་ཅོད་ཕན་དང། ཤིང་ལ་སོགས་པས་བྱས་པའི་གདོང་པ་ཅན་དང། ལག་བ་དང་མཚོན་ཆ་ལ་སོགས་པའོ། །དེ་བཞིན་དུ་བསྟེན་པ་ནི་ཤིང་ཏོག་ལ་སོགས ་པ་ཟ་བ་དང། ནགས་ཚལ་ལ་སློངས་མོ་སློང་བ་སྟེ། བསྐྱེད་པའི་རིམ་པ་ཉིད་དོ། །ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པའི་འབྲས་བུ་བསྟན་པར་བྱ་སྟེ། ཆགས་ཅན་ཡེ་ཤེས་འདོད་པ་ཡིས་ཞེས་བྱ་བ་ལ་སོགས་པ་ལ། འདོད་ཡོན་ལྔ་ནི་དེ་བཞིན་གཤེགS ་པ་ལྔའི་རང་བཞིན་གྱི་བསམ་གཏན་གྱི་ཟ་བ་སྟེ། དེ་ཉིད་བསྟེན་པ་ན་སྤྱོད་པའོ། །དེ་བཞིན་དུ་ཡེ་ཤེས་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་མ་སྟེ། དེ་འདོད་པས་ན་ཡེ་ཤེས་འདོད་པའོ། །ཆགས་པ་ནི་སྙིང་རྗེ་ཆེན་པོ་སྟེ་དེ་གང་ལ་ཡོད་པ་དེ་ནི་ཆགས་ཅན ་ནོ། །དེ་ལྟ་བུའི་རྣལ་འབྱོར་པས་བྱང་ཆུབ་སེམས་དཔའ་མཉེས་པར་བྱ་བ་ནི་རྣམ་པར་མི་རྟོག་པའི་གོ་འཕང་ཐོབ་པའོ། །དེ་བཞིན་དུ་ཆགས་པར་བྱ་བ་ནི་བླ་ན་མེད་པའི་མངོན་པར་བྱང་ཆུབ་ཉིད་དུ་བྱ་བ་སྟེ་རྫོགས་པའི་རིམ་པའོ། །ད ་ནི་ཡུལ་ལ་ལོངས་སྤྱོད་པའི་སྒོ་ནས་རྣམ་པར་དག་པ་བཤད་པར་བྱ་སྟེ། གཟུགས་ལ་རྣམ་གསུམ་ཞེས་བྱ་བ་ལ་སོགས་པ་ལ། ཕྱི་དང་ནང་དང་གཉི་གའི་རང་བཞིན་གྱི་གཟུགས་རྣམ་གསུམ་དུ་ཞེས་པ་ནི་རོ་གཅིག་པར་གྱུར་པ་ཡོངས་སུ ་བརྟགས་ཏེ་ལྷ་ནི་མིག་གི་དབང་པོ་དང། དེའི་ཤེས་པ་ལ་དབུལ་བར་བྱའོ། །དེ་ཉིད་བཅོམ་ལྡན་འདས་སྣ་ཚོགས་པ་ཤེས་པ་ནི་འགྲོ་བ་དང་མི་འགྲོ་བའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་རྣམ་པར་སྣང་མཛད་ཡིན་ནོ་ཞེས་མོས་པར་བྱའོ། །མིག ་དང་གཟུགས་དག་ལས་མིག་གི་རྣམ་པར་ཤེས་པ་གང་འབྱུང་བ་དེ་ནི་རྣམ་པར་སྣང་མཛད་ཀྱི་ངོ་བོ་མེ་ལོང་ལྟ་བུའི་ཡེ་ཤེས་བསྒོམ་པར་བྱའོ། །དེ་བཞིན་དུ་ཕྱི་རོལ་ལ་སོགས་པ་ཡིས་ཐ་དད་པ་སྒྲ་རྣམ་པ་གསུམ་དུ་ཤེས་ཏེ། དེ་ལས་བྱུང? ་པའི་སྣའི་རྣམ་པར་ཤེས་པ་ནི་མཉམ་པ་ཉིད་ཀྱི་ངོ་བོ་རིན་ཆེན་འབྱུང་ལྡན་བསྒོམ་པར་བྱའོ། །དེ་བཞིན་དུ་རྣམ་པ་གསུམ་གྱི་དྲི་རྣ་བའི་རྣམ་པར་ཤེས་བས་རྟོགས་པ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་འོད་དཔག་ཏུ་མེད་པ་བསྒོམ་པར་བྱའོ། །རིམ་བ ་དེ་ཉིད་ཀྱིས་རྣམ་པ་གསུམ་གྱི་རོ་མྱང་བའི་སྐབས་སུ་རོའི་རྣམ་པར་ཤེས་པ་བྱ་བ་ནན་ཏན་གྲུབ་པའི་བདག་ཉིད་ཀྱི་ངོ་བོ་དོན་ཡོད་གྲུབ་པའི་ངོ་བོ་བསྒོམ་བར་བྱའོ། །དེ་ནས་རྣམ་བ་གསུམ་གྱི་རེག་བ་ལས་འབྱུང་བ་ལུས་ཀྱི་རྣམ་པར་ཤེས་པ་ཆོས ་ཀྱི་དབྱིངས་ཀྱི་རང་བཞིན་གྱི་མི་བསྐྱེད་པ་བསྒོམ་པར་བྱའོ། །ཉེ་བར་བསྡུ་བ་བཤད་པར་བྱ་སྟེ་།གཟུགས་ལ་སོགས་པའི་ཡུལ་རྣམས་དེ་དང་དེ་ལྟ་བུའི་བསྒོམ་པའི་རིམ་པས་གལ་ཏེ་རྣལ་འབྱོར་པ་སེམས་ངེས་པར་སྦྱོར་ཞིང་ཉེ་བར་གཏད་ན་དེའི་ཚེ ་འདི་ཉིད་དེ་ལ་སངས་རྒྱས་ཐམས་ཅད་ཀྱི་ནི་སངས་རྒྱས་ཀུན་གྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ་གསང་བ་སྟེ་བྱ་བ་ལ་སོགས་པའི་ཚུལ་ལ་བརྟེན་པ་ལ་མི་བསྟན་བ་སྙིང་པོ་ནི་དེ་བཞིན་གཤེགས་པ་སྟེ། དེ་རྣམས་བསྡུས་པ་ནི་ཡེ་ཤེས་ལྔའི་ངོ་བོ་ཏིང་ངེ ་འཛིན་རྣལ་འབྱོར་བས་ཐོབ་བར་འགྱུར་རོ་ཞེས་ཚིག་གི་དོན་ཏོ། །གཟུགས་སོ་རྣལ་འབྱོར་རོ་ཞེས་བྱ་ལ། གཟུགས་ལ་སོགས་པ་ལྔ་བོས་ལྷ་ནི་ཡེ་ཤེས་སམ་དམ་ཚིག་གི་ཕྱག་རྒྱ་གཅིག་པུ་དེ་བཞིན་གཤེགས་པ་ལྔའི་རྣམ་བར་དག་པ་བསྒོམ་པར ་བྱའོ་།དེ་ལ་མདངས་དང་མཛེས་པ་དང་ལྡན་པ་དེའི་ལུས་སྲ་བ་སྟེ་སའི་ཁམས་ཀྱི་རང་བཞིན་རྣམ་པར་སྣང་མཛད་བསམ་མོ། །དེ་བཞིན་དུ་དད་པ་དང་ཕུག་དོན་ལ་སོགས་པ་དེ་དང་འདྲ་བ་དེའི་བདེ་བའི་སྒྲ་ནི་རིན་ཆེན་དཔལ་གྱི་རང་བཞིན་ནམ་མཁའ་ ་རྣམ་པར་དག་པ་དང། མཚོ་སྐྱེས་དང་གླ་ཙེ་ལ་སོགས་པ་དང་འདྲ་བ་དེའི་ལུས་དང་པདྨའི་དྲི་ནི་འོད་དཔག་ཏུ་མེད་པའི་རང་བཞིན་ཏེ་མེའི་རྣམ་པར་དག་པ་དང། དེའི་མ་མཆུའི་རོ་མྱང་བ་ནི་དོན་ཡོད་གྲུབ་པའི་རང་བཞིན་ཏེ་རླུང་རྣམ་པར་དག་པ་དང། དེའི ་ཡན་ལག་རེག་པ་ལས་འཇམ་པའི་རེག་པ་ཆུའི་ཁམས་རྣམ་པར་དག་པས་མི་བསྐྱོད་བའི་རང་བཞིན་བསམ་པར་བྱའོ། །དེ་ནི་ཕྱག་རྒྱ་གཅིག་གི་རིམ་པས་དེ་ཁོ་ན་ཉིད་ལ་བྱེད་པའོ། །ཡང་ན་ཞེས་བྱ་བ་ལ་སོགས་པ་ལ་།དེ ་ལ་ནི་ཡེ་ཤེས་དང་དམ་ཚིག་གི་ཕྱག་རྒྱ་དག་ལས་གང་ཡང་རུང་བ། རིགས་ཀྱི་ཚུལ་དུ་ནི་སྤྱན་ལ་སོགས་པ་དང། གཟུགས་རྡོ་རྗེ་མ་ལ་སོགས་པའི་དབྱེ་བས་བསྒོམ་པར་བྱའོ། །དེ་ལ་ནི་དེའི་ནུ་མའི་སྲབ་ནི་སྤྱན་གྱི་ངོ་བོ་དང། དེའི་མ་མཆུའི་ངོ ་བོ་ནི་ཆུའི་ཁམས་མཱ་མ་ཀཱི་དང། དེའི་པདྨའོ་དྲོད་ནི་དྲོད་ཀྱི་རང་བཞིན་གོས་དཀར་མོ་དང། དེའི་བསྐུམ་པ་དང་བརྐྱང་བདག་ནི་རླུང་གི་ཁམས་ཀྱི་རང་བཞིན་སྒྲོལ་མ་དང་།དེའི་པདྨའི་ནང་གི་ཁོང?་སྟོང་ནམ་མཁའ་ཨི་རང་བཞིན་ཏེ་ཆོས་ཀྱི་དབྱིངས་ཀྱི ་དབང་ཕྱུག་མ་ཏེ། གཟུགས་རྡོ་རྗེ་མ་ལ་སོགས་པ་དེའི་མདངས་དང་བདེ་བའི་སྒྲ་དང་ཁ་དང་པདྨའི་དྲི་དང་མ་མཆུའི་རོ་དང་ལུས་རེག་པ་ལ་སོགས་པར་ཤེས་པར་བྱ་སྟེ་རྫོགས་པའི་རིམ་པའོ། །ཡང་ན་གཟུགས་ནི་རྣམ་པ་གསུམ་ཞེས་བྱ་བ ་ལ་སོགས་པ་ལ་།གཟུགས་ལ་སོགས་པའི་ཡུལ་ལྔ་པོ་རྣམ་པར་སྤྱོད་ན་གཅིག་དང་དུ་མའི་རང་བཞིན་གྱིས་སྟོང་པ་སྟེ་རྣམ་པར་རྟོག་པའི་དབང་གིས་འབྱུང་ངོ། །རྣམ་པར་རྟོག་པ་དེ་ཡང་སྒྲ་ལས་བྱུང་ངོ། །སྒྲའི་རྒྱུ་ནི་རྟོག་པ་དང་རྟོག་པའི ་རྒྱུ་ཡང་སྒྲ་ཡིན་ནོ་ཞེས་རྣམ་པར་རྟོག་པ་དང་སྒྲ་ངག་ཕན་ཚུན་རྒྱུ་དང་འབྲས་བུའི་ངོ་བོར་རབ་ཏུ་གྲགས་པ་ཉིད་དོ། །དེ་བས་ན་སྒྲ་རྣམ་པར་དཔྱད་ན། ཨཱ་ལི་དང་ཀཱ་ལི་ལས་ལོགས་སུ་མེད་དེ་ཨཱ་ལི་དང་ཀཱ་ལི་དེ་དག་ཀྱང་བུད་མེད་དང་སྐྱེས་པ ་དང་མ་ནིང་གི་ངོ་བོ་འཇུག་པ་དང་གནས་པ་དང་ལྡང་བའི་བདག་ཉིད་ཅན་གྱི་བཅོམ་ལྡན་འདས་ཡི་གེ་གསུམ་ལ་ལྡན་པར་འགྱུར་རོ། །དེས་ན་གཟུགས་ལ་སོགས་པ་ནི་ཡི་གེ་གསུམ་གྱི་བདག་ཉིད་དུ་གྱུར་པ་སྟེ། རྣམ་པ་གསུམ་དུ ་བསྟན་ནོ། །དེ་རྣམས་སྤྱི་བོ་ལ་སོགས་པར་བསམས་ལ། འཇུག་པ་ལ་སོགས་པའི་རིམ་གྱིས་ལྷ་རྣམས་ཏེ། རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་རྡོ་རྗེ་འཆང་ཆེན་པོའི་རྣམ་པ་འོད་གསལ་བ་ལ་དབུལ་བ་ནི་བསྡུ ་པར་བྱའོ། །དེ་ནི་ངེས་པའི་དོན་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གཟུགས་དང་སྒྲ་དང་རོལ་སོགས་པའི་ཕྱི་རོལ་པ་ལ་རྟག་ཏུ་སེམས་ནི་རྗེས་སུ་མཐུན་པ་ཉིད་དུ་ཐོབ་པར་སྦྱོར་བ་ནི་འཇུག་པ་ལ་སོགས་པའི་རིམ་གྱིས་སློབ་པར་བྱའོ། །དེ་བས་ན་སངས་རྒྱས་ཐམས ་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་གྱི་སྔགས་རྣམས་ཀྱི་གསང་བ་ནི་ཡི་གེ་གསུམ་མོ། །སྙིང་པོ་ནི་སྙིང་པར་གྱུར་པའོ། །འདུས་བ་ནི་ཨཱ་ལི་དང་ཀཱ་ལིས་བསྡུས་པ་སློབ་པར་བྱའོ་ཞེས་ཚིག་གི་ལྷག་མའོ། །དེ་ཉིད་ཀྱི་ཕྱིར་གཟུགས ་དང་སྒྲ་ལ་སོགས་པ་སྟེ་ཡི་གེ་གསུམ་གྱི་བདག་ཉིད་ཀྱིས་ལྷ་ནི་འོད་གསལ་བའི་གོ་འཕང་བསྒོམ་པར་བྱའོ་ཡང་ན་རྣལ་འབྱོར་པའི་རྒྱུད་ཀྱི་དབྱེ་བས་ལེའུ་བཅུ་གསུམ་བ་ལས་གསུངས་པའི་རིམ་གྱིས་རིགས་ཀྱི་ཚུལ་དུ་རྣམ་པར་བསྒོམ་པ་ནི་རྣམ་པར ་སྣང་མཛད་ལ་སོགས་པའི་བཟླས་པའི་དབྱེ་བས་ཡི་གེ་གསུམ་དེ་བཟླས་པར་བྱའོ། །དེ་ནི་རྡོ་རྗེ་བཟླས་པའི་རིམ་པའོ། །དེ་བཞིན་དུ་གཟུགས་ལ་སོགས་པ་ཤེས་པ་ལ་ཐ་དད་པ་གཞན་མེད་དོ་ཞེས་རྣམ་པར་ཤེས་པའི་རྣམ་པ་ཡིན་ནོ། །རྣམ ་གསུམ་ནི་སྣང་བ་ལ་སོགས་བའི་དབྱེ་བས་ཤེས་ནས་ལྷ་རྣམས་ནི་ཐམས་ཅད་སྟོང་པ་ལ་ཕུལ་བ་ནི་འཇུག་བར་བྱའོ། །རིགས་པ་འདིས་ནི་གཟུགས་ལ་སོགས་པ་ལ་རྟག་ཏུ་སེམས་ངེས་པར་སྦྱོར་བ་ནི་གཟུགས་ལ་སོགས་པའི་རང་བཞིན་སེམས་ཤེས ་པར་བྱའོ། །འདི་དེ་སངས་རྒྱས་ཐམས་ཅད་ནི་ཡེ་ཤེས་གསུམ་གྱིས་གསང་བ་སྟེ་འོད་གསལ་བའོ། །སྙིང་བོ་ནི་བརྟན་པ་དང། འདུས་པ་ནི་སྟོང་པ་བཅུ་དྲུག་བསྡུས་པའི་མཚན་ཉིད་དེ་ཐམས་ཅད་སྟོང་པའི་ངོ་བོ་བསྒོམ་པར་བྱའོ། །ཇི་ལྟ་བུ་ཞེ་ན། ་གཟུགས་ལ་སོགས་པ་སྟེ། དེའི་རང་བཞིན་རྣམ་པར་ཤེས་པ་གསུམ་གྱིས་སོ། །ལྷ་ཉིད་དུ་བསྒོམ་པ་ནི་ཟླ་བའི་དཀྱིལ་འཁོར་ལ་སོགས་པའི་རིམ་པས་བསྒོམ་བར་བྱའོ། །ཡང་ན་རིགས་ཀྱི་ཚུལ་ནི་ཤེས་རབ་དང་ཐབས ་དང་མ་རིག་པ་ལ་སོགས་པའི་དབྱེ་བདེས་ནི་རང་བཞིན་བརྒྱ་དྲུག་ཅུ་ཉེ་བར་བསྡུ་བར་བསྒོམ་པར་བྱའོ། །དེ་ནི་སེམས་རྣམ་པར་དག་པའི་རིམ་པའོ། །ཡང་ན་གཟུགས་ལ་སོགས་པ་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་རང ་བཞིན་རྣམ་པ་གསུམ་སྒྱུ་མའི་ངོ་བོ་སྐུ་ནི་འོད་གསལ་བ་ལས་ལངས་ཏེ་གཞན་ཡང་ལྷ་རྣམས་ནི་འོད་གསལ་བ་ལ་དབུལ་བར་བྱ་བ་ནི་ཞུགས་པར་བྱའོ། །རབ་ཏུ་བྱེད་པ་ལས་ཀྱང་ཇི་སྐད་དུ། །ཇི་ལྟར་དང་བའི་ཆུ་དག་ལས། །ཉ་ནི་མྱུང་དུ ་ལྡང་བར་འགྱུར། །ཐམས་ཅད་སྟོང་པ་དང་བ་ལས། །སྒྱུ་འཕྲུལ་དྲ་བདེ?་བཞིན་འབྱུང་ཞེས་འབྱུང་ངོ། །དེ་ནས་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོས་བསྒོམ་པ་ནི་རིགས་ལྔའི་དབྱེ་བས་དེ་ཉིད་ལས་ཅིག་ཆར་དུ་ལྡང་པར་བྱའོ། ། ་དེ་ཉིད་ཀྱི་ཕྱིར་སངས་རྒྱས་ཐམས་ཅད་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱིས་སོ། །གསང་བ་ནི་བླང་བར་བྱའོ། །སྙིང་པོ་ནི་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱིས་སོ། །འདུས་པ་ནི་སྐད་ཅིག་མས་བྱང་ཆུབ་སྟེར་བའོ། ། ་རིགས་པ་འདི་ཉིད་ཀྱིས་གཟུགས་དང་སྒྲ་ལ་སོགས་པའི་དེའི་ངོ་བོ་ཉིད་ཀྱི་སྐུའི་སེམས་ངེས་པར་སྦྱོར་བ་ནི་བསྒོམ་པར་བྱའོ། །གང་ཞིག་གཟུགས་དང་སྒྲ་ལ་སོགས་པ་བལྟ་བ་དེ་རྣམས་ལྷ་ཉིད་དུ་བསྒོམ་པ་ནི་སྒྱུ་མའི་ངོ་བོར་དྲན་པར་བྱའོ། །ཡང ་ན་རིགས་ཀྱི་ཚུལ་ནི་སྒྱུ་མའི་རིགས་ཀྱི་དབྱེ་བ་སྟེ་།སྒྱུ་མའི་དཔེ་བཅུ་གཉིས་བསྒོམ་པར་བྱའོ། །རབ་ཏུ་བྱེད་པ་ལས་ཀྱང་མ་?་ལ་ནི་གཟུགས་བརྙན་དང་།རྨི་ལམ་སྒྱུ་མཆུ་བུར་དང། །མིག་འཕྲུལ་དྲ་བ་དང་འདྲ་བ། །གང་གིས་བལྟ་པ་དེ ་གཙོ་ཡིན། །ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། །བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །ཡང་ན་གཟུགས་རྡོ་རྗེ་མ་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་མ་དང། ཡེ་ཤེས་ཀྱི་ཕྱག་རྒྱ་མ་རྣམས་ཏེ་དེ་དང་ལྷན་ཅིག་ཏུ་སྙོམས་པར་ཞུགས་པའི་བདེ ་བས་རྣམ་གསུམ་ནི་ཆགས་པ་དང་ཆགས་བྲལ་དང། ཆགས་པ་བར་པའི་དབྱེ་བས་ཤེས་ནས། ལྷ་རྣམས་ལ་ནི་ཁོ་ན་ཉིད་བཞི་པ་ལ་དབུལ་བར་བྱ་བ་ནི། འདོད་ཆགས་ལ་སོགས་པ་འོད་གསལ་བ་ལ་ཞུགས་པར་བྱའོ། །གང་ཞིག་འོད་གསལ་བ ་དེ་ཡང་རྣམ་པར་སྣང་མཛད་ལ་སོགས་བའི་ཡེ་ཤེས་ལྔའི་རང་བཞིན་དུ་ཤེས་པར་བྱའོ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི་ཞེས་པ་ནི་འདོད་ཆགས་ལ་སོགས་པའི་གསང་བ་ནི་བཞི་པའོ། །སྙིང་པོ་ནི་ཡེ་ཤེས་ལྔ་སྟེ་དེ་རྣམས་འདུས་པ་ནི་།ཤེས ་པ་དང་ཤེས་བྱ་བྲལ་བའོ་ཞེས་སྟོན་ཏོ། །གཟུགས་དང་སྒྲ་ལ་སོགས་པ་ནི་ལྷ་མོ་རྣམས་དང་ལྷན་ཅིག་ཏུ་སྙོམས་པར་ཞུགས་པའི་དུས་སུ་བདག་ཉིད་ལྷ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་དུ་བསྒོམ་པ་ནི་བསམ་བར་བྱ་བ་སྟེ། དེ་ནས་བཞི་པོ་ཐོབ་པར ་འགྱུར་རོ་ཞེས་སྟོན་ཏོ། །གལ་ཏེ་ཏིང་ངེ་འཛིན་འདི་ཉིད་ཀྱིས་སེམས་བརྟན་པར་མི་འགྱུར་ན། དེའི་ཚེ་རིགས་ནི་རིལ་པོར་འཛིན་པའི་ཏིང་ངེ་འཛིན་དང། ཚུལ་ནི་རྗེས་སུ་གཞིག་པའི་ཏིང་ངེ་འཛིན་ཏེ། དེ་དག་གིས་རྣམ་པར་བསྒོམ་པ་ནི་དབྱེ་བ་རྣམས ་ཀྱིས་བསྒོམ་པར་བྱའོ་ཞེས་སྟོན་ཏོ། །དེ་ནི་མངོན་པར་བྱང་ཆུབ་པའི་རིམ་པའོ། །ཡང་ན་གཟུགས་ལ་སོགས་ནི་ཕྱི་དང་ནང་གི་དངོས་པོ་རྣམས་ཏེ། དེ་དག་རྣམ་གསུམ་ནི་ཀུན་རྫོབ་དང་དོན་དམ་པའི་ན་དབུ་མའི་ལམ་གསུམ་པ་སྟེ་ཟུང་འཇུག་གི་བདག ་ཉིད་ཅན་ནོ། །དེ་ཤེས་ནས་ལྷ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོའི་ཏིང་ངེ་འཛིན་ལ་སྦྱར་བ་ནི་རབ་ཏུ་སྦྱོར་བར་བྱའོ། །ཏིང་ངེ་འཛིན་དེ་ཉིད་ཀྱིས་གལ་ཏེ་གཟུགས་ལ་སོགས་པ་ལ་སེམས་སྦྱར་ན་དེའི་ཚེ་སངས་རྒྱས་ཐམས་ཅད་ཀྱི་གསང་བ་ནི ་རྡོ་རྗེ་འཆང་ཆེན་པོ་ཉིད། སྙིང་པོ་ནི་བརྟན་པར་མི་བྱ་བ་དང། འདུས་པ་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་ངོ་བོ་ཐོབ་པར་འགྱུར་རོ། །གཟུགས་དང་སྒྲ་ལ་སོགས་ཕྱི་རོལ་གྱི་ཡུལ་རྣམས་ལོངས་སྤྱོད་ན་ལྷ་ནི་མི་གནས་པའི ་མྱ་ངན་ལས་འདས་པའི་སྐུ་རྟག་ཏུ་ནི་དུས་གསུམ་དུ་བསྒོམ་པར་བྱའོ། །རིགས་ཀྱི་དབྱེ་བ་ནི་གཙང་པ་ལ་སོགས་པ་སྟེ། དེ་རྣམས་རྣམ་པར་བསྒོམ་པ་ནི་དབྱེ་བ་སྤང་བའི་ཡིད་ལ་བྱེད་པ་རྣམས་ཀྱིས་བསྒོམ་པར་བྱ་བ་ནི་ཤེས་པར་བྱའོ། །རིགས་དང ་རྫས་ལ་སོགས་པའི་དབྱེ་བ་རྟོགས་པར་མི་བྱ་སྟེ་ཟུང་འཇུག་གི་རིམ་པའོ། །ཡང་ན་གཟུགས་ལ་སོགས་པ་ནི་གཟུགས་ལ་སོགས་པ་དང་ལྡན་པའི་བདུད་རྩི་དང་ལྕགས་ཀྱུ་རྣམས་སོ། །རྣམ་གསུམ་ནི་དེ་རྣམས་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ ་པར་བྱས་ལ་ལྷ་རྣམས་ནི་ཕུང་པོ་རྣམས་ལ་དབུལ་བར་བྱའོ། །ཕུང་པོ་དེ་ཉིད་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོར་འགྱུར་རོ་ཞེས་བསྒོམ་པར་བྱའོ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི་ཞེས་པ་ནི་བདུད་རྩི་ལྔའི་ངོ་བོ་སྟེ་གསང་བ་ནི་བསྟན ་པར་མི་བྱ་བ་དང། སྙིང་པོ་ནི་གསང་བའི་དབང་བསྐུར་བའི་ངོ་བོ་དང། འདུས་པ་ནི་ལྔ་པོ་བསྡུས་པས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་དུ་བསམ་པར་བྱའོ། །དེའི་འོག་ཏུ་གཟུགས་དང་སྒྲ་ལ་སོགས་པའི་ངོ་བོ་གཟུང་བར་སྣོད་དུ་གྱུར་པའི་དམིགས་པ་ལ ་སོགས་པའི་རྣམ་པར་ཤེས་པ་རྣམས་ལྷ་ཉིད་དུ་བསྒོམ་པ་ནི་དེའི་རྣམ་པར་དུ་གྱུར་པའོ་ཞེས་སྟོན་ཏོ། །ཡང་ན་རིགས་ཀྱི་ཚུལ་དུ་རྣམ་པར་བསྒོམ་པས་བསྒོམ་པ་ནི་དེ་བཞིན་གཤེགས་པ་ལྔའི་ས་བོན་གྱིས་བྱིན་གྱིས་བརླབས་པས། གོ་གུ་ད?་ཧ་ན ་ལྔ་པོ་བསྒོམ?་པར་བྱའོ་ཞེས་ཚིག་གི་དོན་ཏོ། །དེ་ནི་སྒྲུབ་པའོ། །ད་ནི་རིམ་པ་གཉིས་ཀྱི་རྗེས་སུ་དྲན་པ་དྲུག་དེ་བཞིན་གཤེགས་པ་ལྔ་དང་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་བཤད་པར་བྱ་སྟེ། སངས་རྒྱས་རྗེས་སུ་དྲན་པར་བསྒོམ་པ་ནི་སྦྱོར་བ་ལ་སོགས ་པ་ལའོ་སངས་རྒྱས་ནི་རྣམ་པར་སྣང་མཛད་དེ། དེ་ཉིད་རྗེས་སུ་དྲན་པ་ནི་དེའི་ས་བོན་དང་ཕྱག་མཚན་ཡོངས་སུ་གྱུར་པ་ལས་སྐྱེས་པ་དེའི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ནི་དང་པོ་སྦྱོར་བ་ལ་སོགས་པའི་དབྱེ་བས་བསམ་པར་བྱ་སྟེ་ཚིག་གི་ལྷག་མའོ། །དེ ་བཞིན་དུ་ཆོས་རྗེས་སུ་དྲན་པ་ནི་སྣང་པ་མཛའ་ཡས་ཀྱི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་བཞིན་དུ་སྐུ་དང་གསུང་དང་ཐུགས་རྣམས་བསྒོམ་ཞེས་པ་ནི་སྐུ་ལ་སོགས་པའི་སྟོང་པ་ཉིད་སྔོན་དུ་འགྲོ་བའི་རྡོ་རྗེ་ནི་མི་བསྐྱོད་པའི་དཀྱིལ་འཁོར་ཏེ། དེ་ཉིད་རྗེས་སུ ་དྲན་པ་ནི་བསྐྱེད་པའི་རིམ་པས་ཆོ་ག་བཞིན་དུ་བསྒོམ་པར་བྱའོ། །རིགས་ནི་རིན་ཆེན་གྱི་རིགས་ཏེ་།དེ་ཉིད་རྗེས་སུ་དྲན་པ་ནི་དེ་བཞིན་ཉིད་དང་ཟླ་བ་དང་ས་བོན་ལ་སོགས་པའི་རིམ་པས་བསྐྱེད་པར་བསྒོམ་པར་བྱའོ། །དེའི་རྗེས་ལ་འདུལ་བར་དཀའ་བ་རྣམས ་སྟོབས་ཀྱིས་འགུག་པ་དང་དབང་དུ་མཛད་པའི་ཕྱིར། ཁྲོ་བོ་ནི་དོན་ཡོད་གྲུབ་པ་སྟེ། དེ་ཉིད་རྗེས་སུ་ནི་དང་པོ་སྦྱོར་བ་ལ་སོགས་པའི་རིམ་གྱིས་འབྱུང་བར་བསྒོམ་པར་བྱའོ། །དེའི་རྗེས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱིས་ཡོངས་སུ ་རྫོགས?་པའི་རྡོ་རྗེ་འཆང་ཆེན་པོའི་སྐུ་ནི་ལྷ་སྟེ། དེ་ཉིད་རྗེས་སུ་དྲན་པ་ནི་དཀྱིལ་འཁོར་ལྔས་ཀུན་ཏུ་བསྐོར་བ་སྟེ། དེ་ལྟ་བུའི་སྦྱོར་བ་ནི་ཏིང་ངེ་འཛིན་ཀྱིས་བསྒོམ་ན། བྱང་ཆུབ་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་འགྱུར་ཏེ་བསྐྱེད་པའི་རིམ་པའོ། ། ་ཡང་ན་སངས་རྒྱས་ནི་དབང་པོ་ལྔ་དང་ཡུལ་ཕྲད་པར་བྱས་ལ། རྗེས་སུ་དྲན་པ་ནི་ཡུལ་རེ་རེ་དེ་ཉིད་ལ་དབང་པོ་བསྐུལ་བར་བྱ་བའི་ཉན་ཐོས་བཞིན་དུ་འགགས་པ་ནི་མ་ཡིན་ནོ། །དེའི་རྗེས་ལ་ཆོས་རྗེས་སུ་དྲན་པའི་ཡུལ་དང་དབང་པོ་རྣམས་ལྔ ་རུ་བྱས་ཏེ། དེ་བཞིན་གཤེགས་པ་ལྔའི་ངོ་བོར་བསྒོམ་པར་བྱའོ། །དེ་བཞིན་དུ་སྐུ་གསུང་ཐུགས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་ངོ་བོར་བསྡུས་ཏེ། རྡོ་རྗེ་ནི་རྡོ་རྗེའི་རྩེ་མོར་རྗེས་སུ་དྲན་པ་ནི་འཛིན་པ་བསྒོམ་པར་བྱའོ། །དེའི་རྗེས་ལ་རིགས་ནི ་སྣ་གསུམ་གྱི་རྩེ་མོར། །རྗེས་སུ་དྲན་པ་ནི་དེ་བཞིན་དུ་སྤྲོ་བ་དང་བསྡུ་བའི་རིམ་པས་དེ་ཉིད་དུ་སྲོག་རྩོལ་བ་བསྒོམ་པར་བྱའོ། །དེའི་རྗེས་ལ་ཁྲོ་བོ་ནི་ཤིན་ཏུ་གསལ་བའི་དཀྱིལ་འཁོར་རྣམས་རྗེས་སུ་དྲན་པ་ནི་ཕྱི་རོལ་དུ་སྒྲོ་བར་བྱའོ། ། ་དེ་བཞིན་དུ་ལྷ་ནི་རྡོ་རྗེ་འཆང་ཆེན་པོའི་སྐུ་སྟེ། དེ་ཉིད་རྗེས་སུ་དྲན་པ་ནི་འཁོར་བ་དང་མྱ་ངན་འདས་བ་ལ་མི་གནས་པའི་ངོ་བོར་བསྒོམས་ན་བྱང་ཆུབ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་འགྱུར་ཏེ། སོ་སོར་སྡུད་པ་དང། བསམ་གཏན་དང། སྲོག ་དང་རྩོལ་བ་དང། འཛིན་པ་དང། རྗེས་སུ་དྲན་པ་དང། ཏིང་ངེ་འཛིན་རྣམས་ཏེ་རྣལ་འབྱོར་རོ། །ཡང་ན་རིགས་བརྒྱའི་དབྱེ་བས་ལུས་རྣམ་པར་དབེན་པར་བྱས་ན་སངས་རྒྱས་རྗེས་སུ་དྲན་པ་ཐོབ་པར་འགྱུར་རོ། །ལུས་རྣམ་པར་དག་པ་བྱུང་ཞིང་དེའི་རྗེས ་ལ་ཆོས་ནི་ངག་སྟེ། འཇུག་པ་ལ་སོགས་པའི་རིམ་ལས་དེ་ཉིད་རྗེས་སུ་དྲན་པར་བྱས་ན་དག་རྣམ་པར་དབེན་པ་ལ་འཇུག་གོ་།དེའི་རྗེས་ལ་སྐུ་གསུང་ཐུགས་ཀྱི་ངོ་བོ་རྣམ་པ་གསུམ་ལ་སྟོང་པ་དང་སྣང་བ་གསུམ་ལ་སོགས་པའི་རིམ་གྱིས་རྡོ་རྗེ་ནི་སེམས ་ཏེ། དེ་ཉིད་རྗེས་སུ་དྲན་པར་བྱས་ན་སེམས་རྣམ་པར་དབེན་པ་ལ་འཇུག་གོ། དེ་བཞིན་དུ་རིགས་ནི་སྒྱུ་མའི་དཔེ་བཅུ་གཉིས་ཏེ། དེ་ཉིད་རྗེས་སུ་དྲན་པ་ནི་སྒྱུ་མ་ལྟ་བུའི་སྐུ་བསྒོམ་ན་བདག་ལ་བྱིན་གྱིས་བརླབ་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །དེའི ་རྗེས་ལ་ཆགས་པ་དང་ཆགས་པ་བྲལ་བ་དང། ཆགས་པ་བར་པ་རྣམས་སྤང་བའི་ཕྱིར་ཁྲོ་བ་ནི་དེ་རྣམས་འཇིག་པར་བྱེད་པས་མན་ངག་བཞི་པའི་རིམ་པ་སྟེ། དེ་ཉིད་རྗེས་སུ་དྲན་པ་ནི་ཕྱི་རོལ་གྱི་དུས་མཚམས་ལ་སོགས་པའི་དཔེ་དང་ནང་གི་སྨིག ་རྒྱུ་ལ་སོགས་པའི་དཔེ་རྣམས་ཀྱིས་རྣམ་པར་དབེན་པ་བྱས་ན་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་དག་པ་ཐོབ་པར་འགྱུར་རོ། །དེ་ནས་ལྷ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོ་རྡོ་རྗེ་འཆན་ཆེན་པོའི་སྐུ་སྟེ། དེ་བསྒོམས་ན་བྱང་ཆུབ་ནི་ཀུན་ཏུ་འོད་ཀྱི ་ས་ལ་གནས་པའི་རྡོ་རྗེ་འཛིན་གྱི་གོ་འཕང་རྣལ་འབྱོར་པས་ཐོབ་པར་འགྱུར་ཏེ། རྡོ་རྗེ་བཟླས་པ་དང། སེམས་རྣམ་བར་དག་པ་དང། བདག་ལ་བྱིན་གྱིས་བརླབ་པ་དང། མངོན་པར་བྱང་ཆུབ་པ་དང། ཟུང་འཇུག་གི་རིམ་པ་རྣམས་སོ། །གཉི་གའི་རྣལ་འབྱོར ་པ་རྣམས་ཀྱིས་ཕྱི་རོལ་གྱི་ཕྱག་རྒྱ་མ་དང་སྙོམས་པར་ཞུགས་པས་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་བུད་མེད་གཟུགས་ལྡན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལོ་གྲངས་བཅུ་དྲུག་ཅེས་པ་ནི་ན་སོ་གཞོན་པས་དགའ་བ་མ་ཉམས་པ་ཐོབ་པའི་རྒྱུ་ཡིན་པའི ་ཕྱིར་གཞོན་ནུ་མ་ཐོབ་སྟེ། བུད་མེད་ནི་གར་མཁན་མ་དང། ཁས་མཁན་མ་དང། སྨྱིག་མ་མཁན་ཏེ་རིགས་ཀྱི་དབྱེ་བས་རྣམ་པ་གསུམ་མོ། །ཇི་ལྟ་བུ་ཞེ་ན། མདངས་ནི་མདངས་དང་ལྡན་པའོ། །བཟང་བ་ནི་རིགས་ཀྱི་དབྱེ་བས་དཀར་པོ་ལ་སོགས ་པའི་མདོག་དང་ལྡན་པའོ། །དེ་ལྟར་བུད་མེད་ཐོབ་ནས་དབེན་པའི?་ལེའུ་བཞི་པ་ལས་གསུངས་པའི་རིམ་པས་ཐུགས་རྡོ་རྗེ་ལ་སོགས་པའི་དཀྱིལ་འཁོར་ལས་གང་ཡང་རུང་བའི་གནས་ལ་མཆོད་པ་ནི་གསང་བའི་མཆོད་པ་རབ་ཏུ་བརྩམས་པ ་ནི་སྤྱོད་པར་བྱའོ། །ཇི་ལྟ་ཞེན། བྱིན་གྱིས་བརླབ་པ་ནི་ཡི་གེ་གསུམ་སྟེ། དེ་དག་གིས་བདག་དེ་ཉིད་ལ་དགོད་པར་བྱ་བས་སོ། །ཡང་ན་བྱིན་གྱིས་བརླབ་པ་གསུམ་ནི་བུད་མེད་དང་སྐྱེས་པའི་དབང་པོ་རྣམ་པ་གསུམ་སྟེ། དེ་དག་མཉམ་བོས་སོ ་ཞེས་སྟོན་ཏོ། །དཔེར་ན་སྐྱེས་པ་གསུམ་ནི་རི་བོང་དང་ཁྱུ་མཆོག་དང་རྟ་རྣམས་སོ། །རི་དགས་མོ་དང་ཞོད?་མ་དང་གླང་མོ་སྟེ་བུད་མེད་གསུམ་མོ། །དེ་ལ་སོར་མོ་བདུན་དང་དགུ་དང་བཅུ་གཉིས་ཀྱིས་ཚད་དང་ལྡན་པའི་རྟགས་ནི་རི་བོང་ལ་སོགས ་པའོ། ཆུང?་བ་དང་པར་པ་དང་རགས་པའི་རྟགས་དང་ལྡན་པ་ནི་རི་དགས་མོ་ལ་སོགས་པའོ། །དེའི་ཕྱིར་རང་བཞིན་དང་ཡུལ་དང་དུས་དང་རྟགས་མཉམ་པོར་ཤེས་ནས་སྙོམས་པར་ཞུགས་པར་བྱ་སྟེ། གཞན་དུ་ན་འགལ་བའི་འབྲེལ་བས་དགའ་བ་ཡང? ་པར་འགྱུར་རོ། །ཡང་ན་གལ་ཏེ་མཚུངས་པ་རྣམས་རྙེད་པར་མ་གྱུར་ན་དེའི་ཚེ་རྒོད་མ་ལ་སོགས་པའི་བྱེད་པའི་སྦྱོར་བས་རགས་པ་དང་ཆུང་བ་ལ་སོགས་པ་མཉམ་པོར་བྱས་ལ་སྙོམས་པར་ཞུགས་པ་བརྩམ་པར་བྱའོ། །གཞན ་ཡང་བུད་མེད་དེ་ཇི་ལྟ་བུ་ཞེ་ན། དེ་བཞིན་གཤེགས་པའི་བཙུན་མོ་མཆོག། སྤྱན་ནི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་དང། སོགས་པའི་སྒྲས་ནི་མི་བསྐྱེད་པ་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་དེ་ཉིད་མཱ་མ་ཀཱི་ལ་སོགས་པའི་ངོ་བོར་བསྒོམ ་པར་བྱའོ། །དེ་ནས་བསྐྱེད་པའི་རིམ་པ་བསམ་པར་བྱའོ་ཞེས་སྟོན་ཏོ། །དབང་པོ་གཉིས་ནི་དུས་སྦལ་མ་དང་ཟླ་བ་མ་སྟེ་རྩ་གཉིས་སོ། །དེ་དག་མཉམ་སྦྱོར་བ་ནི་ལྕགས་ཀྱུ་ལ་སོགས་པའི་ལག་པའི་ཕྱག་རྒྱས་བསྐྱོད་པ་སྟེ། དེ་བྱས་ནས་སངས ་རྒྱས་ནི་བྱང་ཆུབ་ཀྱི་སེམས་དངོས་གྲུབ་ནི་ཞུ་བ་ཉིད། ཐོབ་པར་གྱུར་པ་ནི་དྲོ་བའི་རེག་པ་རྙེད་པར་འགྱུར་རོ་ཞེས་སྟོན་ཏོ། །རེག་པ་དེ་ཉིད་ཐོབ་ནས་ལྕེའི་རྩེ་མོར་བལྡག་སྟེ། རྡོ་རྗེ་བཅིང་བ་བརྩམ་པར་བྱའོ། །ཇི་ལྟར་ཞེ་ན། ཡི་གེ་ཧཱུཾ་ལས་སྐྱེས ་པའི་རྡོ་རྗེ་བསམས་ཏེ། དེ་ཉིད་ཀྱི་ལྟེ་བ་ཡི་གེ་ཨོཾ་གྱིས་མཚན་པར་བྱས་ལ་པདྨ་ཡང་ཡི་གེ་ཧཱུཾ་ལས་སྐྱེས་ཏེ་ངག་གི་དབང་ཕྱུག་གི་ས་བོན་གྱིས་ལྟེ་བར་བྱིན་གྱིས་བརླབས་ཏེ། དགའ་བ་ལ་སོགས་པའི་རིམ་གྱིས་དེ་སྲིད་དུ་ལྷན་ཅིག་སྐྱེས་པ་མཚོན ་བར་བྱའོ། །ཇི་སྲིད་དུ་སེམས་རྩེ་གཅིག་པ་ཉིད་དུ་འགྱུར་རོ། །དེ་ཁོ་ན་ཉིད་མཚོན་པས་དེའི་རྗེས་ལ་གཞན་གྱི་དོན་བྱ་བའི་ཕྱིར་ཕཊ་གྱི་སྒྲས་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བྱང་ཆུབ་ཀྱི་སེམས་སྤྲོ་བར་བྱའོ། །དེའི་དང་པོ་ནི་འོད་ཟེར་རྣམ་པ་ལྔས? ་ཉེ་བར་མཚོན་པའི་དེ་བཞིན་གཤེགས་པ་ལྔའི་རིགས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོས་བརྒྱན་པ་པདྨ་དང་རྡོ་རྗེ་བསྒོམ་པར་བྱ་སྟེ། རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་སོ། །ཞེས་ཚིག་གི་ལྷག་མའོ། །རྡོ་རྗེ་འཆང་ཆེན ་པོའི་རྣལ་འབྱོར་པས་ཀྱང་པདྨ་དང་རྡོ་རྗེ་ནི་ཟླ་བའི་ནང་དུ་འབར་བར་བཅས་པ་ནི་དཀར་པོའི་འོད་ཀྱི་ཚོགས་སྤྲོ་བ་དང། དེ་བཞིན་དུ་ཡིད་དུ་འོང་བ་ནི་བྱང་ཆུབ་ཀྱི་སེམས་ཀྱིས་གང་བའི་ཕྱིར་བདེ་བ་ཆེན་པོའི་ངོ་བོ་བསམ་པར་བྱའོ། །དེ་ལྟར་བྱས་ན་ཅིར་འགྱུར་ཞེ ་ན་སངས་རྒྱས་རྗེས་དྲན་སྦྱོར་བ་ལ་སོགས་པ་ནི་དེ་བཞིན་གཤེགས་པའི་རིགས་དྲུག་གི་ཕྱག་རྒྱའི་དངོས་གྲུབ་སྟེ་བསྐྱྡ་པའི་རིམ་པའི་རྣལ་འབྱོར་པ་རྣམས་དང། ཡན་ལག་དྲུག་གི་རྣལ་འབྱོར་གྱི་དངོས་གྲུབ་རྣམས་དང། ལུས་རྣམ་པར་དབེན་པ་ལ ་སོགས་པའི་དངོས་གྲུབ་རྣམས་རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱིས་བསྒོམ་པར་བྱ་ན་ཐོབ་པར་འགྱུར་རོ། །ཇི་ལྟ་བུ་ཞེ་ན། བྱང་ཆུབ་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕན་སྟེ། དེ་འདོད་པ་ནི་གཞན་རྣམས་ལ་འདོད་པ་སྔོན་དུ་འགྲོ་བས་སྟེར་བས ་ན་བྱང་ཆུབ་འདོད་པ་སྟེ། གཉི་གའི་རྣལ་འབྱོར་པ་རྣམས་ཀྱིས་སོ་ཞེས་སྟོན་ཏོ། །དེས་ནི་འདི་བཤད་པ་ཡིན་ཏེ། གཉི་གའི་རྣལ་འབྱོར་པ་རྣམས་ཀྱིས་ཕྱག་རྒྱ་མ་དང་སྙོམས་པར་ཞུགས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་སྟོན ་ཏོ། །དེ་ནི་རང་བཞིན་དང་རྒྱུ་དང་ལས་དང་འབྲས་བུ་རྣམས་སོ། །ལ་ལ་ན་རེ་སངས་རྒྱས་རྗེས་སུ་དྲན་པར་སྦྱོར་ཞེས་བྱ་བ་ལ་སོགས་པའི་ཚིག་ནི་མདོར་བསྟན་པ་ཡིན་ལ་དེ་བཞིན་དུ་དེ་ལས་སངས་རྒྱས་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེས་བྱ་བ་ལ ་སོགས་པ་རྒྱས་པར་བཤད་པ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ་གང་གི་ཕྱིར་མདོར་བསྟན་པ་དང་རྒྱས་པར་བཤད་པ་དག་རིམ་པ་དང་གྲངས་ཀྱིས་བཤད་པ་ཡིན་ཏེ། དཔེར་ན་རབ་ཏུ་བྱེད་པ་ལས་ནི་རླུང་གི་དེ་ཁོ་ན་ཉིད་དང་སྔགས་ཀྱི་དེ་ཁོ་ན ་ཉིད་མདོར་བསྟན་ནས། རིམ་པ་དེཉིད་རྒྱས་པར་བཤད་པ་དང། ཡང་བཤད་པ་དག་བསྟན་ཏོ། །འདིར་ནི་སངས་རྒྱས་རྗེས་སུ་དྲན་པ་ལ་སོགས་པ་གལ་ཏེ་དྲུག་མདོར་བསྟན་པ་ཡིན་ན་དེའི་ཚེ་ཕྱི་དུས་སུ་བཅུ་དྲུག་གིས་ཇི་ལྟར་རྒྱས་པར་བཤད ་པ་ཡིན་ནོ། །གལ་ཏེ་དེའི་ནང་ནས་དྲུག་རྒྱས་པར་བཤད་ན། དེའི་ཚེ་གཞན་རྣམས་ལ་མངོར་བསྟན་པར་མི་རིགས་སོ། །གལ་ཏེ་དེ་རྣམས་རང་དབང་དུ་བཤད་ན་དེའི་ཚེ་དྲུག་པོ་ཡང་ད་བཞིན་དུ་སྟོན་ཅིག་ངེས་པ་གང་ཡིན། དེ་མ ་བཤད་པས་མངོར་བསྟན་པ་དང་རྒྱས་པར་བཤད་པའི་རིམ་པ་ནི་མ་ཡིན་ནོ་།འོན་ཀྱང་བཅོམ་ལྡན་འདས་ཀྱི་གསུང་གི་དགོངས་པ་གཙོ་བོ་ཡིན་པས་གྲངས་ནི་ལྡན་པ་ཡིན་ནོ་ཞེས་ཧ་ཅང་ཐལ་བར་འགྱུར་བས་ཆོག་གོ། འདིར་བཅོམ་ལྡན་འདས ་ཀྱིས་བཤད་པའི་རྒྱུད་ལས་རྗེས་སུ་དྲན་པ་བཅུ་དྲུག་བསྟན་ཏེ། སངས་རྒྱས་དང་ཆོས་དང་རྡོ་རྗེ་དང། རིགས་དང། ཁྲོ་བོ་དང། དམ་ཚིག་དང། དཀྱིལ་འཁོར་དང། སྐུ་དང་གསུང་དང་ཐུགས་དང། སེམས་ཅན་དང། སྔགས་ཀྱི་སྐུ་ཐམས་ཅད་སྐུ་གསུང ་ཐུགས་དང། དམ་ཚིག་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དམ་ཚིག་དང། སྐྱེ་བ་མེད་པ་དང། ཞེ་སྡང་དང་རིགས་ལ་མཆོད་པ་དྲན་པ་བཅུ་དྲུག་གོ་།དེ་ཉིད་དང་པོ་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་པ་མཆོག་དང། ལས་ཀྱི་རྒྱལ་བ་མཆོག་དང། བསྐྱེད ་པའི་རིམ་པ་དང་རྫོགས་པའི་རིམ་པ་དང་རྡོ་རྗེ་བཟླས་པ་དང། སེམས་རྣམ་པར་དག་པ་དང། བདག་ལ་བྱིན་གྱིས་བརླབས་པ་དང། མངོན་པར་བྱང་ཆུབ་པ་དང། ཟུང་འཇུག་དང། རང་བཞིན་དང། རྒྱུ་དང་ལས་དང། འབྲས་བུ་དང་རྣལ་འབྱོར་དང། ་སྒྲུབ་པ་རྣམས་ཏེ་ཚིག་གི་དོན་ཏོ། །གང་གིས་མོས་པའི་དབང་གིས་རྣལ་འབྱོར་པ་རྣམས་ཀྱིས་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་འགྱུར་རོ། །ཉན་ཐོས་པའི་རིགས་ཅན་གྱི་ཕྱོགས་སུ་དབུགས་འབྱུང་བ་དང་རྡུབ?་པ་རྗེས་སུ་དྲན་པ་བཅུ ་དྲུག་ནི་རྣམ་པར་དག་པ་དང། ཐེག་པ་ཆེན་པོ་པ་རྣམས་གྱིས་སྟོང་པ་ཉིད་བཅུ་དྲུག་གི་རྣམ་པར་ཤེས་པ་དེ་དག་ཡིན་ནོ། །དེ་ལ་ཞེས་བྱ་བ་ལ་སོགས་པས་དེ་ཉིད་བཤད་པར་བྱ་སྟེ། སངས་རྒྱས་ནི་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་དེ། དེའི་རྗེས་སུ ་དྲན་པ་ནི་ཞུགས་པ་སྟེ། དེ་བསྒོམ་པ་ནི་བསམ་པ་ཇི་ལྟ་བུ་ཞེ་ན། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་འཇོམས་པས་ན་བྷ་ག་ནི་སྟོང་པ་ཉིད་དོ། །བྷ་ག་དེ་ལ་ལིང་ག་བཞག་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཞུགས་པར་བྱས་ལ། སངས ་རྒྱས་ནི་རྡོ་རྗེ་འཆང་ཆེན་པོའི་ནི་སྐུའི་རང་བཞིན་དུ་བསྒོམ་པ་ནི་བསམ་པར་བྱའོ། །བ་སྦུ་རྣམས་ནི་རྩ་བདུན་ཁྲི་ཉིས་སྟོང་གི་བདག་ཉིད་གྱིས་ལུས་ཀྱི་བུ་ག་ནི་ཀུན་གཞིའི་རྣམ་པར་ཤེས་པ་སྟེ། དེའི་རྩེ་མོ་ནི་ཡིད་ཀྱི་རྣམ་པར་ཤེས་པ་དང། བར་ནི་འཇུག ་པའི་རྣམ་པར་ཤེས་པ་རྣམས་ཏེ། དེ་དག་ཐམས་ཅད་སངས་རྒྱས་སྤྲིན་ནི་སྟོང་པ་ཉིད་ཆེན་པོ་སྟེ། དེའི་རང་བཞིན་དུ་སྤྲོ་བ་ནི་ཤེས་པར་བྱ་སྟེ་དང་པོ་སྦྱོར་བའོ། །དེ་ལ་ཆོས་རྗེས་སུ་དྲན་པ་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ནི་དཀྱིལ་འཁོར་གྱི་དབང? ་ཕྱུག་སྟེ། དེ་ཉིད་རྗེས་སུ་དྲན་པ་ནི་བསྐྱྡཔ་སྟེ། དེ་བསྒོམ་པ་ནི་བསམ་པ་སྟེ། ཇི་ལྟར་ཞེ་ན། བྷ་ག་ལ་ཞེས་བྱ་བ་ལ་སོགས་པ་ལ། བྷ་ག་ནི་སྟོང་པ་ཉིད་དེ་སྤྲིན་མེད་པའི་ནམ་མཁའ་དང་འདྲ་པའི་རང་གི་སེམས་སྐར་མ་དང་འདྲ་བའོ། །ཡིད?་ག་ནི? ་རྡོ་རྗེ་འཆང་ཆེན་པོའི་ཏིང་ངེ་འཛིན་ཉེ་བར་མཚོན་པར་གྱུར་པ་ཡི་གེ་གསུམ་མོ། །འཇུག་ཡིན་དེ་ཡོངས་སུ་གྱུར་པ་ལས་སྐྱེས་པ་རྡོ་རྗེ་བསམ་ཞིང་དེ་ལས་འབྱུང་བ་ཆོས་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་བསྒོམ་པར་བྱ་བ ་ནི་བསྐྱེད་པར་བྱའོ། །དེ་བསྐྱེད་ནས་བ་སྤུ་རྣམས་ནི་ཕུང་པོ་རྣམས་སོ། །བུ་ག་ནི་ཁམས་རྣམས་སོ། །རྩེ་མོ་སྐྱེ་མཆེད?་རྣམས་སོ། །བར་ནི་སྒོ་རྣམས་སོ། །ཆོས་སྤྲིན་ནི་དེ་དག་ཐམས་ཅད་དེ་བཞིན་གཤེགས་པ་ལྔའི་རང་བཞིན་དུ་སྤྲོ?་བ་ནི་ཤེས ་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་རྡོ་རྗེ་སེམས་དཔའ་ཉིད་དུ་རྟོགས་པར་བྱ་སྟེ། དཀྱིལ་འཁོར་རྒྱལ་བ་མཆོག་གོ། དེ་ལ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ནི་དཀྱིལ་འཁོར་པ་རྣམས་རྗེས་སུ་དྲན་པ་ནི་སྤྲོ་བའི་སྐྱེལ?་བ་དང། དེ་ ་བཞིན་དུ་བསྒོམ་པ་ནི་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་ཇི་ལྟ་བུ་ཡིན་ཞེ་ན། བྷ་ག་ནི་ཕྱག་རྒྱ་མའི་པདྨར་ལིང་ག?་རྡོ་རྗེ་སྟེ་སྔགས་ལས་ཀྱིས་བྱིན་གྱིས་བརླབ་པར་བཞག་པ་ནི་ཞུགས་ཏེ། རྡོ་རྗེ་སེམས་དཔའ་ནི་བྱང་ཆུབ་ཀྱི་སེམས་ཏེ ་ལྷན་ཅིག་སྐྱེས་པའི་དགའ་བའི་ངོ་བོ་ཁྱད་པར་དུ་ལེའུ་དང་པོ་ལས་གསུངས་པའི་བཛྲ?་དྷྲི་ཀ་ཅེས་བྱ་བ་ལ་སོགས་པའི་སྔགས་ཀྱི་ཚུལ་དུ་བསྒོ་བ་ནི་པདྨའི་ལྟ་བར་དམ་ཚིག་གི་དཀྱིལ་འཁོར་སྤྲོ་བར་བྱའོ། །དེའི་རྗེས་ལ་བ་སྦུ?་རྣམས་ཀྱི་བུ་ག་ནི་རྩ་བའོ།། ་རྩེ་མོ་ནི་མཛའ་ཨོ་བར་ནི་སྤུ་གཉི་གའི་བར་རོ། །དེ་རྣམས་ལས་རྡོ་རྗེ་སྤྲིན་ནི་དཀྱིལ་འཁོར་བའི་ཚོགས་ཏེ། ཡེ་ཤེས་སེམས་མའི་ཞལ་དང། དམ་ཚིག་སེམས་མའི་བ་སྤུ་ནས་ཕྱི་རོལ་ཏུ་ཟླ་བ་དང་ཉི་མའི་གདན་རྣམས་ལ་སྤྲོ?་བ་ནི་སྔོན་དུ་འགྲོ་བ་དང། ་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བ་དགོད་པར་བྱ་སྟེ། ལས་ཀྱི་རྒྱལ་བ་མཆོ་གོ། དེ་ལ་ཞེས་བྱ་བ་ལ་སོགས་པ་ལ་། རིགས་ནི་ལུས་ཏེ་དེ་ཉིད་རྗེས་སུ་དྲན་པ་ནི་བསྐྱེད་པ་སྟེ་། དེ་བསྒོམ་པ་ནི་དེ་བཞིན་གཤེགས་པའི་རྟགས་པའོ། ། ་དེ་ཡང་ཇི་ལྟར་ཡིན་ཞེ་ན། བྷ་ག་ནི་ཕུན་པོ་ལྔའི་བདག་ཉིད་ཡི་ལུས་ལ། ལིང་ག་ནི་རྩའི་འཁོར་ལོ། བཞག་པ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་ཤེས་ཏེ་སང་རྒྱས་གཟུགས་ནི་དེ་ཉིད་ལས་འབྱུང་བའི་འགྲོ་བ་དང་མི་འགྲོ་བའི་བདག་ཉིད་ཀྱི་ཁམས ་གསུམ་པ་དང། རང་གི་བདག་ཉིད་བསྒོམས་པ་ནི་ཤེས་པར་བྱའོ། །རྩེའི་འཁོར་ལོ་དེ་ཉིད་བསྡུ་རྣམས་ཀྱི་བུ་ག་ལ་སོགས་པའི་དབྱེ་བས་ཕྱེ་བར་འགྱུར་བ། རིགས་ཀྱི་སྤྲིན་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་རང་བཞིན་དུ་སྤྲོ་བར་བྱ་བ་ནི་མོས ་པར་བྱ་སྟེ་བསྐྱེད་པའི་རིམ་པའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། ཁྲོ་བོ་ནི་ཕུང་པོ་ལ་སོགས་པ་ཡེ་ཤེས་ཀྱི་མེས་བསྲེག་པའོ། །དེ་ཉིད་རྗེས་སུ་དྲན་པ་ནི་འབྱུང་བ་སྟེ། དེ་བསྒོམ་པ་ནི་ཡང་དང་ཡང་དུ་བསྒོམ་པ་སྟེ། དེ་ཇི་ལྟར་ཡིན་ཞེ་ན། བྷ་ག་ནི་སྣའི ་རྩེ་མོར་ལིང་གའི་ཐིག་ལེ་སྟེ། བཞག་པ་ནི་བསམ་པར་བྱའོ། །ཇི་ལྟ་བུ་ཞེ་ན། ཁྲོ་བོ་ནི་ཤིན་ཏུ་རྣོ་བའི་འོད་ཟེར་རྣམས་ཏེ་།དེའི་དབང་པོ་ནི་ཐིག་ལེ་དེ་ཉིད་བསྒོམ་པར་བྱའོ། །དེའི་རྗེས་ལབ་སྤུའི་བུ་ག་རྣམས་ནས་ཁྲོ་བོའི་སྤྲི་ནི་ཤིན་ཏུ་རྣོ་བའི་འོད་ཟེར་རྣམས ་ཏེ། ལུས་པོ་གསལ་བར་བྱེད་པ་སྤྲོ་བར་བྱ་སྟེ་རྫོགས་པའི་རིམ་པའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ་དམ་ཚིག་ནི་ཡི་གེ་གསུམ་སྟེ། དེ་ཉིད་རྗེས་སུ་དྲན་པ་ནི་འཇུག་པ་ལ་སོགས་པའི་རིམ་པས་བཟླས་ཏེ། དེ་བསྒོམ་པ་ནི་དཀྱིལ་འཁོར་བཞིའི་རིམ ་གྱིས་སྤྲོ་བ་དང་བསྡུ་བའོ། །དེ་ཡང་ཇི་ལྟར་ཡིན་ཞེ་ན། རྡོ་རྗེ་ནི་ཡི་གེ་ཧཱུཾ་ངོ། །པདྨ་ནི་ཡི་གེ་ཨཱ:ཱོ། །ལྡན་པ་ནི་ཡི་གེ་ཨོཾ་མོ། །དབང་པོ་གཉིས་ནི་སྲོག་དང་རྩོལ་བའོ། །སྦྱོར་བ་ནི་གནས་པའི་རླུང་སྟེ་མཉམ་པའོ། །འཇུག་པ་ལ་སོགས་པའི་རླུང ་རྣམས་ཀྱིས་བཟླས་པ་བྱའོ། །དེ་བཞིན་དུ་རང་གི་ཁུ་བ་ནི་བྱང་ཆུབ་སེམས་ཀྱི་ངོ་བོ་སྔགས་རྣམས་སོ།། ཐིག་ལེ་ནི་དེ་རྣམས་ཀྱི་སྤྱོད་པ་དང་མཛའ་མར་གནས་པའི་རྗེས་སུ་འཇུག་པའི་དབྱངས་དང་ཚིག?་དྲག་དག་གོ། སངས་རྒྱས་ནི་དཀྱིལ་འཁོར་བཞི་དང། ་རྡོ་རྗེ་སེམས་དཔའ་ནི་དེ་བདག་པོ་སྣང་བ་མཛའ་ཡས་ལ་སོགས་པ་སྟེ། དེ་རྣམས་ཀྱིས་མཆོད་པ་ནི་ཁ་དོག་དམར་པོ་ལ། སོགས་པའི་དབྱེ་བས་གཡས་པ་ལ་སོགས་པའི་རིམ་གྱིས་སྤྲོ་བར་བྱ་སྟེ་། རྡོ་རྗེ་བཟླས་པའི་རིམ་པའོ། །དེ་ལ་ཞེས་བྱ་བ་ལ ་སོགས་པ་ལ་དཀྱིལ་འཁོར་ནི་སེམས་ཀྱི་འཁོར་ལོ་སྟེ་རྣམ་པ་གསུམ་མོ། །རྗེས་སུ་དྲན་པ་ནི་སྣང་བ་ལ་སོགས་པའི་དབྱེ་བས་དེ་ཉིད་འོད་གསལ་བ་ཉིད་དུ་བྱེད་པའོ། །དེ་བསྒོམ་པ་ནི་ཡང་དང་ཡང་དུ་སློབ་པ་སྟེ་ཇི་ལྟར་ཡིན་ཞེ་ན་།དབང་པོ ་གཉིས་ནི་མཉམ་བཞག་སྟེ་ཞེས་བྱ་བ་ལ། དབང་པོ་གཉིས་ནི་སྣང་པ་དང་སྣང་བ་མཆེད་པའི་ཡེ་ཤེས་དག་གོ། མཉམ་གཞག་ནི་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་སོ། །རྣམ་པར་ཤེས་པ་གསུམ་སྟེ་རྣམས་དང་རང་གི་རང་བཞིན་རྣམས་ཏེ་ཁུ ་བ་ནི་འོད་གསལ་བ་ལའོ། །མཁས་པ་ནི་རྣལ་འབྱོར་པས་འབང་བ་ནི་ཉེ་བར་བསྡུ་བར་བྱའོ། དཀྱིལ་འཁོར་ནི་དེ་ཉིད་འོད་གསལ་བ་ལ་ཞུགས་པའི་མཚན་ཉིད་ཡིན་ཏེ། དཀྱིལ་ནི་སྙིང་པོ་སྟེ་དེ་ལེན་པར་བྱེད་པས་ན་དཀྱིལ་འཁོར ་རོ། དེ་བཞིན་དུ་ཁམས་གསུམ་བརྒྱན་པར་བྱེད་པས་ན་དཀྱིལ་འཁོར་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་ཉིད་ཀྱི་ཚུལ་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་ཐིམ་པའོ་ཞེས་སྟོན་ཏེ། སེམས་རྣམ་པར་དག་པའི་རིམ་པའོ། །དེ་ལ་ཞེས་བྱ་བ་ལ་སོགས ་པ་ལ། སྐུ་ནི་སྒྱུ་མ་ལྟ་བུ་སྟེ། དེ་ཉིད་རྗེས་སུ་དྲན་པ་ནི་འོད་གསལ་བ་ལས་གཅིག་ཏུ་སྤྲོ་བའོ། །བསྒོམ་པ་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པའི་བསྒོམ་པའོ། །སངས་རྒྱས་ཀུན་གྱི་སྐུ་གང་ཡིན་ཞེས་བྱ་བ་ལ། སྐུ་གང་ཡིན་ཞེས་པ་ནི་ཇི ་ལྟར་སྒྱུ་མའི་རང་བཞིན་གྱི་སྐུའོ། སངས་རྒྱས་ཐམས་ཅད་ནི་དེ་བཞིན་གཤེགས་པ་རྣམ་ཀྱི་སྐུ་གང་ཞིག་སྐུ། ཕུང་པོ་ལྔ་ཉེ་བར་མཚོན་པར་གྱུར་པས་ཁམས་དང་སྐྱེ་མཆེད་རྣམས་ཀྱིས་ཀྱང་རབ་ཏུ་ནི་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་རྒྱས་པར་ནི ་དཔེར་བྱས་པར་བསྒོམས་ལ། སངས་རྒྱས་སྐུ་ནི་མིག་འཕྲུལ་དང་འཇའ་ཚོན་དང་འདྲ་བའི་སྐུའི་རང་བཞིན་བདག་དང་ཀྱང་གི་སྒྲས་འགྲོ་བ་རྣམས་ཀྱང་དེ་དང་འདྲ་བར་གྱུར་ཅིག་པའོ་ཞེས་བདག་ཉིད་དང་འགྲོ་བ་དག་སྒྱུ་མའི་རང་བཞིན་དུ་བལྟ་བར་བྱ་སྟེ། ་བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། གསུང་ནི་རྣམ་པ་བཞི་སྟེ། མཆོག་དང་ལྟ་བར་བྱེད་པ་དང། བར་མ་དང། གསལ་བ་རྣམས་སོ། །དེ་ལ་རླུང་དང་རྣམ་པར་ཤེས་པ་དག་ཕྲད་ཅིང་གང་ཞིག་ནང་གི་རྣམ ་པར་རྟོག་པ་འབྱུང་བ་ཙམ་འདོད་པ་དེ་ནི་མཆོག་གོ་།ཇི་སྐད་དུ་།བདག་ནི་བློ་ཡི་ཡུལ་བརྟགས་ཤིང། །ཡིད་ནི་སྨྲ་བར་འདོད་པས་སྦྱར། །ཡིད་ཀྱིས་ལུས་ཀྱི་མེ་རེག་སྟེ། །དེས་ཀྱང་རླུང་རབ་བསྐུལ་བར་བྱེད་ཅེས་འབྱུང་ངོ། །དེའི་རྗེས་ལ་རླུང་ལ་ཞོན ་པའི་རྣམ་པར་ཤེས་པའི་རྣམ་པར་རྟོག་པ་དེ་ཉིད་རླུང་གི་ངོ་བོ་གང་གི་ཚེ་གཡོན་དང་གཡས་པའི་རྩ་དག་ལས་རྒྱུ་ཞིང་མི་གསལ་བ་ཉིད་དུ་འགྲོ་བར་འདོད་པ་དེ་ནི་ལྟ་བར་བྱེད་པའོ། །དེའི་རྗེས་ལ་རླུང་དེ་ཉིད་ཡིས་གནས་བརྒྱད་དུ་རེག་སྟེ་ཡི་གེ་ཕྱི་མོའི་ངོ་བོ་ཉིད་ཐོབ་ཅིང ་རྣ་བའི་དབང་པོས་ཅུང་ཟད་ཉན་པར་གྱུར་པ་གང་ཡིན་པ་དེ་ནི་བར་མའོ། །ཇི་སྐད་དུ། ནམ་མཁའ་ཨི་རླུང་ལས་འབྱུང་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་དུ་འབྱུང་ངོ། །དེ་བཞིན་དུ་ཡི་གེ་ཕྱི་མོ་དེ་ཉིད་ཡི་གེ་དང་ངག་དང་ངག་ཆེན་པོ་ལ་སོགས་པའི་དབྱེ་བས་བགྲངས ་ཤིང་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དང། ཇི་སྲིད་སྐད་དྲུག་ལ་སོགས་པའི་དབྱེ་པས་ཉན་པར་གྱུར་པ་གང་ཡིན་པ་ནི་གསལ་བའོ། །ངག་ཀྱང་ཤེས་པ་ལ་རག་ལུས་པའི་ཕྱིར། གསལ་བ་ནི་ཆགས་པའི་རྣམ་པར་ཤེས་པའི་ངོ་བོའོ། །བར་པ་ནི་ཆགས ་པ་བར་པའི་རྣམ་པར་ཤེས་པའི་ངོ་བོའོ། །ལྟ་བར་བྱེད་པ་ནི་ཆགས་པ་དང་བྲལ་པའི་རྣམ་པར་ཤེས་པའི་ངོ་བོའོ། །མཆོག་ནི་ཆགས་པ་དང་ཆགས་པ་བྲལ་བ་དང། ཆགས་པ་བར་པ་དང་ཤེས་པ་དང་ཤེས་བྱ་རྣམས་བྲལ་ཞིང་རང་བཞིན་གྱིས་འོད་གསལ ་བའི་སྣང་བ་བཞི་པའི་ངོ་བོ་ཡིན་ནོ། །དེ་ལྟ་བུའི་རྣམ་པ་བཞིའི་གསུང་རྗེས་སུ་དྲན་པ་ནི་བཞི་པ་ཉིད་དུ་བྱེད་པའོ། །དེ་བསྒོམས་པ་ནི་སྔོན་དུ་བྱ་བའོ། །ཇི་ལྟར་ཞེ་ན། རྡོ་རྗེ་ཆོས་ཀྱི་གསུང་གང་ཡིན་ཞེས་བྱ་བ་ལ་རྡོ་རྗེ་ནི་འདོད་ཆགས་སོ། །ཆོས་ནི་འདོད་ཆགས ་དང་བྲལ་བའོ། །གསུང་ངེས་ཚིག་ནི་འདོད་ཆགས་བར་པའོ། །ཕུན་སུམ་ཚོགས་པ་དེ་ནི་དེ་རྣམས་རིལ་པོར་འཛིན་པ་དང་། རྗེས་སུ་འཇུག་པ་དག་གིས་ལྷན་ཅིག་སྐྱེས་པ་ཉིད་དུ་བྱེད་པ་སྟེ། དེ་ནི་བདག་དང་ཀྱང་གི་སྒྲས་འགྲོ་བ་ཀུན་གྱིས་དེ་ལྟ་བུ་བསྒོམ ་པར་བྱའོ། །ཆོས་འཛིན་ནི་ནམ་མཁའ་ཨི་དབྱིབས་ནི་དེ་དང་འདྲ་བ་ནི་དེ་དང་མཉམ་པའོ་ཞེས་ཚིག་གི་དོན་ཏེ་མངོན་པར་བྱང་ཆུབ་པའི་རིམ་པའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ་ཐུགས་ནི་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པའི་ངོ་བོ། །རྗེས་སུ་དྲན་པ་ནི་འོད ་གསལ་བའི་ཏིང་ངེ་འཛིན་གྱི་འོག་ཏུ་དྲན་པའོ། །བསྒོམ་པ་ནི་དེ་ཉིད་མངོན་དུ་བྱ་བའོ། །ཇི་ལྟར་ཞེ་ན། གསང་བའི་བདག་པོ་བློ་ལྡན་པ་ཞེས་བྱ་བ་ལ། ཀུན་ཏུ་བཟང་པོ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་ཏིང་ངེ ་འཛིན་ཏེ། དེ་ཉིད་ཀྱི་ཐུགས་ནི་གཉིས་དང་གཉིས་མ་ཡིན་པ་དང་བྲལ་བ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་གསང་བ་ནི་དོན་དམ་པའི་བདེན་པ་དང། བདག་པོ་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། དེ་དག་གཉིས་སུ་མེད་པའི་བྱེད་པའི་མཚན་ཉིད་ཅན་གྱི་བློ ་ནི་དམིགས་པའི་ཤེས་རབ་གང་ལ་ཡོད་པ་དེ་ནི་བློ་ལྡན་ནོ། །དེ་ལྟ་བུའི་ཐུགས་ནི་བདག་དང་ཀྱང་གི་སྒྲས་འགྲོ་བ་ཀུན་གྱིས་འགྱུར་བ་ནི་བསྒོམ་པར་བྱའོ། །དེ་ནི་དོན་འདི་བཤད་པ་ཡིན་ཏེ། དགྲ་དང་གྲོགས་པོ་དང་བདེ་བ་དང་སྡུག་བསྔལ་ལ ་སོགས་པའི?། །རྡོ་རྗེ་འཛིན་བཞིན་དུ་སེམས་འདྲ་བར་བསྒོམ་པར་བྱ་སྟེ་ཟུང་འཇུག་གི་རིམ་པའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ་སེམས་ཅན་ནི་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཤེས་རབ་མའོ། །རྡོ་རྗེ་དྲན་པ ་ནི་ཐབས་སོ། །བསྒོམ་པ་ནི་དེ་དག་ཡང་དག་པར་སྦྱོར་བའོ། །ཇི་ལྟར་ཞེ་ན། སེམས་ཅན་གྱི་སེམས་གང་ཡིན་ཞེས་བྱ་བ་ལ། སྐུ་གསུང་ཐུགས་ནི་ཡི་གེ་གསུམ་གྱིས་མཚན་པ་ནི་བྱིན་གྱིས་བརླབ་པ་སེམས་ནི་ཡིད་དུ་འོང་བའི་ཤེས ་རབ་མ་སྟེ། སེམས་ལས་བྱུང་བའི་ཡེ་ཤེས་ཀྱི་ལྷ་མོའོ། །བདག་གི་ཞེས་བྱ་བའི་དྲུག་པ་ནི་དང་པོའི་དོན་དུ་སྟེ། ངེས་ན་འདག་ཀྱང་སེམས་དེ་དང་འདྲ་བ་ནི་དེ་དང་འདྲ་བར་བྱས་ལ་བྱིན་གྱིས་བརླབ་པའོ། །མཁའ་དང་མཚུངས་པ་ནི ་དམིགས་པ་མེད་པའི་ཡེ་ཤེས་ཀྱིས་རྒྱུར་གྱུར་པ་ཡང་དག་བར་སྦྱོར་བ་སྟེ་།དེ་ཉིད་ཀྱིས་སངས་རྒྱས་ཐམས་ཅད་ནི་དེ་བཞིན་གཤེགས་པ་རྣམས་མཆོད་པར་གྱུར་ཏེ་རང་བཞིན་ནོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། སྔགས་ཐམས་ཅད ་ནི་ཐབས་ཤེས་རབ་སྟེ་དེ་དག་གི་གང་ཞིག་གཟུགས་ནི་པདྨ་དང་རྡོ་རྗེའི་ཚུལ་ཏེ། དེ་ཉིད་ཀྱང་སྐུ་གསུང་ཐུགས་ནི་ཁྲག་དང་ཆུ་དང་ས་བོན་རྣམས་ཀྱི་གནས་ཡིན་པའི་ཕྱིར་སྐུ་གསུང་ཐུགས་སོ། །རྗེས་སུ་དྲན་པ་ནི་དེ་ཉིད་སྦྱོར་བའོ། །བསྒོམ་པ་ནི་ལྷའི ་རྣམ་པར་སྔོན་དུ་འགྲོ་བ་དེ་ཉིད་མཉེས་པའོ། །ཇི་ལྟར་ཞེ་ན། སྔགས་ཀྱི་རྡོ་རྗེ་སྐུ་གང་ཡིན་ཞེས་བྱ་བ་ལ་སོགས་པ་ལ། སྔགས་ནི་པདྨའོ། །རྡོ་རྗེ་ནི་ལིང་གའོ། །སྐུ་ནི་དེ་དག་སྔ་མ་བཞིན་དུ་ཚད་མཉམ་པའོ། །གསུང་གི་སྐུ་ཡང་ཞེས་པ་ནི་དེ ་དག་སྣང་བ་མཛའ་ཡས་དང་རྣམ་པར་སྣང་མཛད་དེ། དེ་ཉིད་རྣམ་པར་བསྒོམས་པ་ནི་དེའི་རང་བཞིན་ཉིད་དོ། །དེ་བཞིན་དུ་པདྨ་ནི་དམར་པོ་ཡིན་པའི་ཕྱིར་སྣང་བ་མཛའ་ཡས་དང། རྡོ་རྗེ་ནི་སྲ་བ་ཉིད་ཡིན་པའི་ཕྱིར་རྣམ་པར་སྣང་མཛད་བསམས ་ལ། བདག་ཅེས་པ་ནི་སྔ་མ་བཞིན་དུ་ཐབས་དང། ཤེས་རབ་དག་སེམས་འདྲ་བར་གྱུར་པ་ནི་སྦྱོར་བར་བྱའོ། །དེ་ལྟར་བྱས་ནས་སྔགས་འཛིན་པ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་དང་འདྲ་བའི་རྣལ་འབྱོར་པ་འབྱུང་བ་ཡིན་ཏེ་རྒྱུའོ། །དེ་ལ་ཞེས་བྱ་བ ་ལ་སོགས་པ་ལ། དམ་ཚིག་ནི་རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་ཞིང་བསྐྱོད་པའོ། །རྗེས་སུ་དྲན་པ་ནི་དེ་ཉིད་དུ་ཧཱུཾ་དང་ཕཊ་ལ་སོགས་པའི་ས་བོན་བཀོད་པའོ། །དེ་ཉིད་བསྒོམ་པ་ནི་ཇི་ལྟར་ཞེ་ན། ཁུ་བ་ཕྱུང་སྟེ་ཆོ་ག་བཞིན་ཞེས་བྱ་བ་ལ། དམ་ཚིག ་ནི་ཧཱུཾ་དང་ཕཊ་ཀྱི་ས་བོན་བཀོད་པའོ། །ཁུ་བ་ཕྱུང་བ་ནི་ཡན་ལག་དང་ཉིད་ལག་ཐམས་ཅད་ལས་འཛག་པ་བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེ་ནི་བཏུང་བར་བྱེད་པ་ནི་ཡི་གེ་དེ་ཉིད་ཀྱིས་བསྲུང་བར་བྱའོ། །ཇི་ལྟར་ཞེ་ན། ཆོ་ག་བཞིན་ཞེས་པ་ནི་ཆར་རེངས ་པའི་ས་བོན་གྱིས་སོ། །ཅིའི་ཕྱིར་ཞེ་ན། འབྲས་བུ་འདོད་པ་ཞེས་པ་ནི་འོག་ནས་འཆད་པར་འགྱུར་བའི་འབྲས་བུ་འདོད་པས་སོ། །དེ་ལྟར་བྱས་ནས་དེ་བཞིན་གཤེགས་པའི་ཚོགས་ནི་ནམ་མཁའ་ཨི་དབྱིངས་ལ་གནས་པའི་སངས་རྒྱས་ཀྱི་ཚོགས་གསོག ་པ་ནི་དེ་ཉིད་དུ་ཐིམ་པར་བྱའོ། །དེའི་རྣལ་འབྱོར་པས་འོག་ནས་བཤད་པར་འགྱུར་བའི་དངོས་གྲུབ་ནི་འབྲས་བུའི་རང་བཞིན་གྱི་བདེ་བ་ཆེན་པོའི་དངོས་གྲུབ་ཐོབ་པར་གྱུར་པ་སྟེ་ལས་སོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ་ཤེས ་རབ་གྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དེ་བཞིན་ཉིད་དོ། །དེ་ཉིད་ཀྱི་དམ་ཚིག་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནོ། །དེ་རྗེས་སུ་དྲན་པ་ནི་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་མངོན་དུ་བྱེད་པའོ། །དེ་ཉིད་བསྒོམ་པ་སྟེ་། ཐོས་པ་དང་བསམ ་པའི་ཤེས་རབ་དག་གིས་བསྒོམ་པའི་ངོ་བོ་ཤེས་རབ་དག་གོ་།དེ་ཇི་ལྟར་ཞེ་ན། རང་བཞིན་གྱིས་ནི་འོད་གསལ་བ་ཞེས་བྱ་བ་ལ། ཆོས་ཐམས་ཅད་ནི་གཡོ་བ་དང་མི་གཡོ་བ་སྟེ། དེ་རྣམས་རང་བཞིན་གྱིས་འོད་གསལ་བ་ནི་བདེ་བ་ཆེན་པོའི་ངོ་བོ་ཡིན ་ནོ་ཞེས་བསྒོམ་པ་དམིགས་པར་བྱའོ། །གཡོ་བ་དང་མི་གཡོ་བའི་གང་ཞིག་འདི་སྐྱེ་བ་དང་འཇིག་པའི་མཚན་ཉིད་བལྟ་བ་དེ་ནི་དོན་དམ་པར་མ་ཡིན་ཏེ་གང་གི་ཕྱིར་མ་སྐྱེས་པ་ནི་ཐོག་མ་ནས་མ་སྐྱེས་པ་སྟེ། དེ་རྣམས་གང་ལས་འཇིག་སྟེ། ་སྐྱེ་བ་ཡོད་ན་འཇིག་པ་རིགས་པའི་ཕྱིར་རོ། །འོན་གལ་ཏེ་དེ་ལྟར་ཡིན་ན་དགའ་བ་ལ་སོགས་པ་ཡང་ཉོན་མོངས་པའི་རང་བཞིན་ཏེ། རྣམ་པར་རྟོག་པ་དང་ལྡན་པའི་ཕྱིར་ཡོད་པ་ཁོ་ན་ཡིན་ཏེ་།དེ་ལས་འབྱུང་བའི་འོད་གསལ་བའི་བདེ་བ་ཆེན་པོ་ཡང། ་དེ་དང་འདྲ་བའི་ཕྱིར་ཟག་པ་དང་བཅས་པས་མི་རྟག་པའི་ཕྱིར་།དེ་ཁོ་ན་ཉིད་མ་ཡིན་ནོ་ཞེ་ན་དེ་ནི་མ་ཡིན་ཏེ། ཟག་པ་མེད་པ་ཞེས་པ་ནི་འདོད་ཆགས་དང་འདོད་ཆགས་བྲལ་བ་དང་འདོད་ཆགས་བར་པའོ། །དེ་རྣམས་དཔྱད་ན་ཕྱི་དང་ནང་དང་གཉི་གའི ་རང་བཞིན་དུ་ཡོད་པ་མ་ཡིན་ཏེ་། རི་བོང?་གི་རྭ་བཞིན་དུ་མེད་པའི་ཕྱིར་དང། ནམ་མཁའ་ཨི་མེ་ཏོག་བཞིན་དུ་མེད་པ་སྟེ། བྱིས་པ་རྣམས་ཀྱིས་བརྟགས་པའི་ཕྱིར་རོ། །ཇི་སྐད་དུ་།དབང་པོའི་ཚོགས་ལ་འདོད་ཆགས་མེད། །དོན་ལ་མེད་ཅིང་སེམས ་པ་མེད། །གཞན་ལ་གནས་མིན་བདག་ལ་མིན། །ཡོད་པ་དེ་མིན་མེད་པ་མིན། །མ་རྟོགས་པ་ཡི་འབྲེལ་པ་ཡི། །རྒྱུ་ཅན་སེམས་ཀྱི་འཁྲུལ་པ་ལས། །གང་ཡང་སྤྲིན་གྱི་བུ་ག་ལས། །ཐོག་དང་འདྲ་བ་སྐྱེ་བར་འགྱུར། །དེ་བཞིན་ཞེ་སྡང་གཏི་མུག ་དང། ཉོན་མོངས་རིགས་ནི་གང་གཞན་རྣམས། །ཁམས་གསུམ་ལ་ནི་ཁྱབ་པ་དེ། །རྟོག་པའི་དུག་ལས་ཡང་དག་བྱུང་ཞེས་འབྱུང་ངོ། །དེ་བས་ན་རྒྱུ་མེད་པས་ཟག་པ་དང་བཅས་པའི་འབྲས་བུ་ག་ལ་ཡོད། །འོ་ན་དེ་ལྟར་ཡིན་ན། རྡོ་རྗེ་པདྨ་སྦྱོར་བ ་ཡིས། ཁྱོད་ཀྱིས་བྱང་ཆུབ་འདོད་པ་སྟེ། དེ་ཡང་རྣམ་རྟོག་དང་བཅས་ཕྱིར། །དེ་ཉིད་རྣམ་རྟོག་དང་བཅས་འགྱུར་ཞེ་ན། བྱང་ཆུབ་མེད་ཅེས་པ་ནི་ཐབས་དང་ཤེས་རབ་ཡང་དག་སྦྱོར་བ་ལས་འབྱུང་བའི་དཔེའི་མཚན་ཉིད་ཀྱི་བྱང་ཆུབ་ནི་བདེ་བ་སྟེ། དེ ་ཉིད་བྱང་ཆུབ་མ་ཡིན་ཏེ། རྣམ་པར་རྟོག་པ་དང་བཅས་པའི་ཕྱིར་རོ། །འོན་ཀྱང་དཔེ་ལས་བྱུང་བ་གང་ཡིན་པ་དེ་ནི་བྱང་ཆུབ་ཡིན་ནོ། །འོ་ན་དེ་ཡང་དེ་རྩོད་པ་མ་ཡིན་ནམ་ཞེ་ན་མངོན་རྟོགས་མེད་ཅེས་པ་ནི། མངོན་རྟོགས་ནི་རྒྱུ་དང་འབྲས་བུའི་འབྲེལ ་པ་སྟེ། དེ་ནི་དེར་མེད་པ་ཡིན་ཏེ་གང་གི་ཕྱིར་དཔེའི་བྱང་ཆུབ་ཀྱི་དཔེ་ལས་བྱུང་བའི་བྱང་ཆུབ་མེ་དང་དུ་བཞིན་དུ་སྐྱེད་པར་བྱེད་པ་མ་ཡིན་ནོ། །འོན་ཀྱང་དེའི་ཕྱིར་དུས་སུ་སྐྱེས་པའི་ལག་པའི་རྩོལ་བ་མེད་པའི་འཁོར་ལོ་བཞིན་དུ་དེ་ནི་རང་གི་རང་གིས་གསལ ་བའི་ཕྱིར་རོ། །ཡང་ན་སྐྱེ་དང་གནས་དང་གསལ་བ་དང། །འགྱུར་བ་ཤེས་པ་ཐོབ་པ་དང། །སྦྱོར་བ་གཞན་ཉིད་འཛིན་རྣམས་ཏེ། །རྒྱུ་ནི་རྣམ་པ་བཅུ་རུ་འདོད་ཅེས་བྱ་བ་འབྱུང་བའི་ཕྱིར་དཔེའི་བདེ་བ་ནི་གསལ་བའི་རྒྱུ་ཡིན་པ་སྟེ་བུམ་པ་ལ་སོགས་པ་ལ་མར? ་མེ་བཞིན་དུའོ། །འོ་ན་གལ་ཏེ་དེ་ལྟར་ཡིན་ན་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལ་བརྟེན་ཏེ། ལྷན་ཅིག་སྐྱེས་པར་མཚོན་པར་འགྱུར་ཏེ། དེ་ཡང་ཁམས་ཀྱི་ངོ་བོ་ཡིན་པའི་ཕྱིར་མི་རྟག་པ་ཡིན་ཏེ་དེ་ཉིད་ཀྱི་གཞི་ཅན་ཡང་མི་རྟག་པ་ཉིད་དུ་ཐལ་བར་མི་ ་འགྱུར་རམ་ཞེ་ན། དེ་ནི་ཡང་དག་པ་མ་ཡིན་ཏེ། ཁམས་ཀྱང་མེད་ཅེས་པ་ནི་ཁམས་ནི་ཐིག་ལེའི་ངོ་བོ་སྟེ། དེ་ཡང་ཀུན་རྫོབ་ཀྱི་རང་བཞིན་ཡིན་པའི་ཕྱིར་དེ་ཁོ་ན་ཉིད་མ་ཡིན་ནོ། །འོན་ཀྱང་དེ་ལ་བརྟེན་ནས་དོན་དམ་པའི་ངོ་བོ་གང ་ཞིག་མཚོན་བདེ་ནི་རྟག་པ་ཉིད་ཡིན་ཏེ། ཆོས་ཉིད་གང་ཡང་མི་འཇིགས་པའི་ཕྱིར་རོ། །གང་གི་ཕྱིར་གཞི་འཇིག་ན་གཞི་ཅན་མི་འཇིག་པ་སྟེ། ཤིང་བཅད་ན་བྱ་རོག་བཅད་པར་མི་འགྱུར་བའི་ཕྱིར་རོ། །དེ་བས་ན་ལྷན་ཅིག་སྐྱེས་བ་ནི་མི་འཇིག་པའི ་ངོ་བོ་ཡིན་ནོ། །འོན་ཀྱང་དགའ་བ་ལ་སོགས་པའི་རིམ་པས་དེ་ཉིད་འབྱུང་བ་བསྟན་པ་གང་ཡིན་པ་དེ་ནི་འབྱུང་བ་མ་ཡིན་ཏེ་།དེ་ནི་རང་བཞིན་གྱིས་གྲུབ་པའི་ཕྱིར་རོ། །འོན་ཀྱང་ལས་དང་པོའི་བྱིས་པ་རྣམས་ཀྱི་ཐབས་ཀྱི་ཁྱད་པར་གྱིས་མཚོན་པ ་ཡིན་ཏེ། སོར་མོ་ཟླ་བ་བཞིན་དུའོ། །དེ་ལ་སོར་མོས་ཟླ་བ་སྐྱེད་པར་བྱེད་པ་མ་ཡིན་ཏེ། དེས་ནི་དེ་ཉིད་ཉེ་བར་མཚོན་པའི་ཕྱིར་རོ། །ཉེ་བར་མཚོན་པ་ནི་སྐྱེད་པར་བྱེད་པ་ཡིན་ན། བྱ་རག་དང་ཁང་བཟང་ཉེ་བར་མཚོན་པས་སྐྱེད་པར་བྱེད་པ་ཉིད་ཐལ ་བར་འགྱུར་བའི་ཕྱིར་རོ། །བསྒོམ་པ་ལ་སློབ་པ་ནི་གློ་བུར་པའི་དྲི་མ་སྤྱོད་པའི་ཕྱིར་ཏེ། དེ་ཁོ་ན་ཉིད་ནི་རང་བཞིན་གྱིས་གྲུབ་པ་ཁོ་ན་ཡིན་ནོ། །ཇི་སྐད་དུ་།སེམས་ནི་རང་བཞིན་འོད་གསལ་བ། །དྲི་མ་རྣམས་ནི་གློ་བུར་བའོ། །ཆུ་ཁམས་གསེར་དང ་ནམ་མཁའ་བཞིན། །དག་པ་བཞིན་དུ་དག་པར་འདོད་ཅེས་འབྱུང་ངོ། །དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་རང་བདེ་བ་དང་ཞི་བའི་དེ་ཁོ་ན་ཉིད་རྣལ་འབྱོར་པས་བསྒོམ་བར་བྱ་སྟེ་འབྲས་བུའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། མ་བསྐྱེད་པ་ནི་བསྐྱེད ་པའི་རིམ་པའི་བསྒོམ་པ་ལ་རྒྱབ་ཀྱིས་ཕྱོགས་པའོ། །རྗེས་སུ་དྲན་པ་ནི་དེ་ཉིད་བརྟན་པར་བྱེད་པའོ། །བསྒོམ་པ་ནི་ཡན་ལག་དྲུག་གི་རྣལ་འབྱོར་བསྒོམ་པའོ། །ཇི་ལྟར་ཞེ་ན་།ཐམས་ཅད་རང་བཞིན་འོད་གསལ་བ་ཞེས་བྱ་བ་ལ། ཡུལ་ཐམས་ཅད་རང ་བཞིན་གྱིས་འོད་གསལ་བྱའི་ངོ་བོར་ཤེས་ཏེ། ནམ་མཁའ་ཨི་ནི་ནམ་མཁའ་བཞིན་དུ་མི་གོས་པས་ཡུལ་དེ་རྣམས་ལ་མིག་ལ་སོགས་པ་བསྐུལ་ཏེ་དེ་རྣམས་སྤྱོད་པར་བྱའོ། །དེའི་རྗེས་ལ་མཚན་མ་ནི་གཟུགས་ལ་སོགས་པའི་རང་གི་མཚན་ཉིད་སྤངས་ནས་དེ་བཞིན ་གཤེགས་པའི་ངོ་བོར་ཤེས་པར་བྱའོ། །དེ་ནས་མི་འགྱུར་བ་ནི་སྔགས་ཀྱི་རྣམ་པར་སྤངས་པའི་ཐིག་ལེའི་ངོ་བོ་ཙམ་བསྒོམས་ཏེ་།སྲོག་དང་རྩོལ་བ་ཐོབ་ཅིང་དེའི་རྗེས་ལ་ཐིག་ལེ་ཙམ་དེ་ཉིད་རྡོ་རྗེའི་རྩེ་མོར་འཛིན་ཏེ། གཉིས་དང་གཉིས་སུ་མེད་པ་བྲལ་པའི ་དེ་ཁོ་ན་ཉིད་མངོན་དུ་བྱས་ཏེ། དེ་ནས་སྤྲོ་བ་བྱས་ལ་ནམ་མཁའ་ཨི་ཁམས་བདག་དང་འདྲ་བའི་ལྷའི་སྐུ་རྣམས་ཀྱིས་ཁྱབ་ཅིང་ཉེ་བར་བསྡུས་ཏེ། ཤིན་ཏུ་གསལ་བའི་བདེན་པ་གཉིས་སུ་དབྱེར་མེད་པའི་མཚན་ཉིད་ཅན་དང། མི་གནས་པའི་མྱ་ངན་ལས ་འདས་པའི་ངོ་བོ་རྡོ་རྗེ་འཆང་ཆེན་པོའི་སྐུ་བསྒོམ་པར་བྱ་སྟེ། རྣལ་འབྱོར་རོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ་།ཞེ་སྡང་གི་རིགས་ནི་ཐམས་ཅད་ལས་ཕུལ་དུ་བྱུང་བའི་ཐུགས་ཀྱི་རིགས་སོ། །སོགས་པའི་སྒྲས་ནི་རིགས་གཞན་རྣམས་གཟུང ་པའོ་?་དེ་བས་ནི་རིགས་ལྔ་མཆོད་པ་ནི་གསང་བའི་མཆོད་པའོ། །དེ་ཉིད་རྗེས་སུ་དྲན་པ་ནི་རྟག་ཏུ་བརྟེན་པའོ། །བསྒོམ་པ་ནི་ཕྱིན་ཅི་མ་ལོག་པའི་སེམས་ཀྱིས་ནན་ཏན་ནོ། །ཇི་ལྟར་ཞེ་ན། བུད་མེད་སེམས་ནི་རབ་བརྟན་ཞེས་བྱ་བ་ལ། ལོ ་གྲངས་བཅུ་གཉིས་ལོན་པའི་བུད་མེད་ནི་རིགས་ཀྱི་ལྷ་མོ་སྟེ། ཐོས་པ་ལ་སོགས་པའི་རིམ་པས་སེམས་བརྟན་པ་ནི་སེམས་རྩེ་གཅིག་པར་གྱུར་པ་རྙེད་ལ། རིགས་ནི་ཐུགས་ལ་སོགས་པའི་རྣམས་གྱི་སྦྱོར་བ་ནི་འདྲ་བ་ཉིད་དོ། །དེ་ལྟ་བུའི ་དབྱེ་བས་གང་མཁན་མ་དང་ཁྲུས་མཁན་མ་དང། གདོལ་པ་ལ་སོགས་པའི་དབྱེ་བས་ཐོབ་ཅིང་བདག་གི་ཁུ་བ་ནི་བྱང་ཆུབ་ཀྱི་སེམས་སྤྲོ་བས་ལྕགས་ཀྱུ་ལ་སོགས་པའི་སྦྱོར་བ་འམ། བདུད་རྩི་རིལ་བུ་ཁར་བཅུག་པས་མཆོད་པར་བྱ་བ་མཉེས ་པར་བྱ་སྟེ་སྒྲུབ་པའོ། །དེ་ལྟར་རྗེས་སུ་དྲན་པ་བཅུ་དྲུག་བསྟན་ནས་དེའི་སྒོམ་པ་པོའི་འབྲས་བུ་བསྟན་པར་བྱ་བའི་ཕྱིར། དོས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཞེས་བྱ་བ་ནི་རིགས་ལ་གཅིག་གི་ཚིག་སྟེ། དེས་ནི་རྗེས་སུ ་དྲན་པ་བཅུ་དྲུག་བསྒོམ་པ་དེ་རྣམས་ཀྱིས་དེ་བཞིན་གཤེགས་པ་གསུམ་གྱི་རང་བཞིན་གྱི་སྐུ་གསུང་ཐུགས་ཐོབ་པར་འགྱུར་རོ། །གལ་ཏེ་དེ་ལྟར་ཡིན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་པ་ལས་འདི་ལ་ཁྱད་ཇི་ལྟར་ཞེ་ན། ཚེ་འདི་ཉིད་ནི་མཐོང ་བའི་ཆོས་ལ་ཞེས་བྱ་བའི་དོན་ཏོ། །ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་པ་ནི་ཐབས་མ་ཚང་བས་བསྐལ་པ་གྲངས་མེད་པ་གསུམ་གྱིས་བྱང་ཆུབ་ཐོབ་པ་ཡིན་ཏེ། བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱི་དངོས་གྲུབ་བསྟན་ནས་རྫོགས་པའི་རིམ་པའི་རྣལ ་འབྱོར་པ་རྣམས་ཀྱི་བཤད་པར་བྱ་སྟེ། སྐུ་གསུང་ཐུགས་ནི་རིགས་གསུམ་མམ་ཁམས་གསུམ་མམ་།ཡེ་ཤེས་གསུམ་མམ། འདོད་ཆགས་ལ་སོགས་པ་འམ། ཡི་གེ་གསུམ་ཡང་དག་པར་ཕྱིན་ཅི་མ་ལོག་པའི་དངོས་གྲུབ་ནི་མི་སྣང་བའི་མཚན་ཉིད ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་རྣལ་འབྱོར་པ་ངེས་འགྲུབ་པར་འགྱུར་རོ། །དེ་བཞིན་གང་གཞན་ཕྲན་མོ་ནི་ཚིགས་ཀྱི་དངོས་གྲུབ་སྟེ་ས་འོག་གི་དངོས་གྲུབ་བོ། །དེ་བཞིན་དུ་བཤད་པའི་སྒྲས་ནི་བར་པའི་དངོས་གྲུབ་སྟེ་།སྨན་མཆོག་དང་དངུལ་ཆུ་དང ་བཅུད་ཀྱིས་ལེན་དང། ཁམས་སྨྲ་བ་དང། སྦྱོར་བ་དང་དབང་དུ་བྱེད་པ་དང། ནམ་མཁའ་ལྡིང་དང། སྐོམ་པར་སྨྲ་བ་དང། རོ་ལངས་དང། རལ་གྲི་དང། རིལ་བུ་དང་སྨིག་སྨན་དང། སྔགས་སྨྲ་བ་ལ་སོགས་པ་ཞེས་པ་སྟེ། དེ་རྣམས་འགྲུབ་པར ་གྱུར་རོ། །ཇི་ལྟར་ཞེ་ན། བཟླས་པ་ཙམ་ཞེས་པ་ནི་སེམས་རྩེ་གཅིག་པར་གྱུར་པས་སོ། །སྐུ་གསུང་ཐུགས་གསུམ་པོ་ནི་འདས་པ་དང་ད་ལྟར་བྱུང་བ་དང་མ་འོངས་པའི་དུས་གསུམ་ཤེས་པ་ཡང་འགྲུབ་པར་འགྱུར་བ་སྟེ་སྒྲུབ་པའོ། །དེ་བཞིན ་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་སྔགས་ནི་སྤྲོས་པ་དང་བཅས་པའི་སྤྱོད་པའོ། །སྤྱོད་པ་ནི་སྤྲོས་བ་མེད་པའི་སྤྱོད་པའོ། །མངོན་ནི་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་སྟེ་།དེ་བསྟན་པར་བྱེད་པའི་གཞུང་གི་ཚོགས་ནི་སྔགས་ཀྱི་སྤྱོད་པའི་མཆོག ་ཅེས་བྱའོ། །རྒྱུད་འགྲེལ་ལས་ལེའུ་བདུན་པའི་ཚིག་གི་དོན་བཅུ་དྲུག་གི་བཤད་པའོ།། །།ལེའུ་བདུན་པའི་ཚིགས་སུ་བཅད་པའི་གྲངས་ནི་སུམ་བརྒྱ་ལྔ་བཅུའོ།། །།སྤྱོད་བ་ཐོབ་པའི་རྣལ་འབྱོར་པས་གཙང་བ་དང་མི་གཙང་བའི ་རྣམ་པར་རྟོག་པ་སྤང་བའི་ཕྱིར་གསང་བའི་དབང་བསྐུར་བ་དོན་དུ་གཉེར་བ་སྟེ་དེའི་ཕྱིར་ལེའུ་བརྒྱད་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིན་ཆེན་ནི་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་ཁྱད་པར་གྱི་ནོར་བུའོ།། ་དེ་ཉིད་དཔལ་ནི་མཚན་མ་གང་ལ་ཡོད་པ་དེ་ནི་རིན་ཆེན་དཔལ་ལོ། །ནམ་མཁའ་ཨི་མཛོད་ཉིད་ཀྱིས་དབང་ཕྱུག་ཉིད་སྦྱོར་བས་ན་བཅོམ་ལྡན་འདས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་དབང་ཕྱུག་དམ་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །ཁྱབ་འཇུག་དང ་ལྷ་ཆེན་པོ་དང་ཚངས་པ་ལ་སོགས་པ་ལ་འདུལ་བར་བྱ་བའི་ཕྱིར་དམ་པའོ། །ཉན་ཐོས་པ་ལ་སོགས་པ་ལ་སྟོན་པ་ཡིན་པའི་ཕྱིར་དབང་ཕྱུག་གོ། བསྟོད་པ་འདི་ནི་མཆོག་གིས་བསྟོད་པས་གསོལ་བ་གདབ་སྟེ། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ་རྡོ ་རྗེ་སེམས་དཔའ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་དྲུག་པའི་རང་བཞིན་ནོ། །ཐེག་པ་ཆེ་ཞེས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་རྣམ་པར་སྣང་མཛད་ཀྱི་ངོ་བོའོ། །དེ་བཞིན་དུ་ནམ་མཁའ་ལ་སྤྱོད་པ་ནི་མཛོད་གང་ལ་ཡོད་པ་དེ་ནི་ནམ་མཁའ་ཨི་སྤྱོད་པ་སྟེ། མཉམ་པ ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་རིན་ཆེན་འབྱུང་ལྡན་ནོ། །སེམས་ཅན་གྱི་ཁམས་སྦྱང་བར་བྱེད་པ་ནི་སྨིན་བར་བྱེད་པ་སྟེ། ཕྱི་དང་གསང་བ་དང། ཐེག་པ་གསུམ་གྱི་ཆོས་བསྟན་པས་ན་སྤྱང་བ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་སྣང་བ་མཛའ་ཡས་སྟེ་དེའི ་ངོ་བོའོ། །ཀུན་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །བཟང་པོ་ནི་ཐར་པ་གང་ལས་བྱུང་བ་དེ་ནི་ཀུན་ཏུ་བཟང་པོ་སྟེ་མི་བསྐྱོད་པའི་ངོ་བོའོ། །མཆོད་པ་ནི་དམ་ཚིག་དང་སྡོམ་པ་ལ་སོགས་པ་བསྲུང་བ་དང་བཟའ་བར་བྱ་བའི་མཚན་ཉིད་ཅན་དེ ་ལ་བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་གྱི་མཆོག་ནི་ཕུལ་དུ་བྱུང་བའོ། །དེ་ཉིད་ཀྱི་ཕྱིར་རྒྱལ་བ་ནི་ལྔ་པོའི་མཆོག་ནི་གཙོ་བོའོ། །མཆོད་པ་ནི་གསང་བའི་དབང་བསྐུར་བའི་མཚན་ཉིད་ཅན་བཤད་དུ་གསོལ་བ་གདབ་པ་སྟེ་རིགས་དྲུག་གི་ངོ་བོའི་བཅོམ་ལྡན ་འདས་ལ་བསྟོད་པའོ། །དེ་ནི་བསྐྱེད་པ་དང་རྫོགས་པའི་རིམ་པ་དང་སྒྲུབ་པ་རྣམས་སོ། །ད་ནི་རིགས་གསུམ་གྱི་སྒོ་ནས་གསོལ་བ་གདབ་པར་བྱ་སྟེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རིགས་གསུམ་གྱི་མཆོག་ཡིན་པའི་ཕྱིར། འདོད་ཆགས་ཞེ་སྡང ་གཏི་མུག་ཆེ་བ་ནི་ཐུགས་རྡོ་རྗེའོ། །རྡོ་རྗེ་བཞིན་དུ་མི་བྱེད་པའི་ཡེ་ཤེས་ནི་ཆོས་ཀྱི་ཡེ་ཤེས་ཏེ། དེ་ལ་འགྲོ་བཞུགས་པར་མཛད་པས་ན་རྡོ་རྗེ་ཡེ་ཤེས་ལ་ཞུགས་པའོ། །ནམ་མཁའ་ཨི་དབྱིངས་ནི་འདོད་པའི་གདུགས་ཏེ། དེ་དང་མཚུངས་པ་ནི་འདྲ་བ་སྟེ་ཆུའི ་ངོ་བོ་བཞུགས?་པའོ། །རིགས་གསུམ་ལས་ཕུལ་དུ་ཕྱུར?་བའི་ཕྱིར་མཆོག་གོ་རྒྱལ་བ་ནི་སྐུ་གསུང་ཐུགས་ཀྱི་རིགས་ཅན་བསྐྱེད་པར་བྱ་བའི་ཕྱིར་རྒྱལ་བཞིའོ། །མཆོད་པ་ནི་འོག་ནས་བཤད་པར་འགྱུར་བ་སྟེ་།བཤད་དུ་གསོལ་ཞེས་ཏེ་ཐུགས་རྡོ་རྗེ ་འཛིན?་གྱི་སྒོ་ནས་བསྟོད་པའོ། །དེ་ནི་བསྐྱེད་པ་དང་རྫོགས་པའི་རིམ་པ་དག་གོ། ཐར་པའི་ལམ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། དེ་ཉིད་རབ་སྟོན་པ་གསལ་བར་མཛད་པའོ། །དེ་བཞིན་དུ་ཐེག་པ་གསུམ་ནི་ཕྱི་དང་གསང་བ་དང་ཐེག་པ་གསུམ་གྱི་ཆོས ་གྱི་ཕུང་པོ་སྟེ། དེ་ཉིད་ཀྱི་ལམ་མི་ཨཱ་ལི་ཀཱ་ལི་སྟེ། དེ་དག་སྟོན་པར་མཛད་པས་ན་ཐེག་པ་གསུམ་གྱི་ལམ་ལ་གནས་པའོ། །ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་སངས་རྒྱས་ཀྱང་ཡིན་ལ། དེ་དགའ་བར་བྱེད་པའི་ཕྱིར་མཆོག་ཀྱང་ཡིན་ལ། སངས་རྒྱས ་སྐལ་མཆོག་ནི་བྱང་ཆུབ་ཀྱི་སེམས་ཏེ་། དེས་དག་པ་ནི་དེའི་རང་བཞིན་གྱི་བདག་ཉིད་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་མི་ནི་ཁམས་ལྔ་སྟེ་དེ་རྣམས་ཀྱི་མཆོག་ནི་ས་བོན་ཏེ་དེའི་རང་བཞིན་ནོ། །ན་དང་?་ནི་ན་བསྟེན་ནི་ཐབས་སོར་ནི་ཤེས་རབ ་བོ། དེ་དག་ཡང་དག་པར་སྦྱོར་བས་ཡེ་ཤེས་ཀྱི་ཆུའི་ངོ་བོ་མི་མཆོག་གོ། མཆོད་པ་བཤད་དུ་གསོལ་ཞེས་པ་ནི་རིམ་པ་གཉིས་ཀྱིས་ངོ་བོའོ། །དེ་ནི་གསུང་རྡོ་རྗེ་འཆང་གི་སྒོ་ནས་བསྟོད་པའོ། །བྱང་ཆུབ་སེམས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། དེ་ཉིད་ཀྱི་རྒྱས་པ་ནི ་ཡངས་པ་སྤྱན་ལྔ་གང་ལ་ཡོད་པ་དེ་ནི་དེ་བཞིན་ནོ། །ཆོས་ཀྱི་འཁོར་ལོ་ནི་རྩིབས་བརྒྱད་པའི་འཁོར་ལོ་བསྐོར་བ་ནི་ཕྱག་ན་འཛིན་པས་ན་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའོ། །སྐུ་གསུང་ཐུགས་ནི་ནད་ཀྱིས་གདུངས་པའི་སེམས་ཅན་རྣམས་ལ་ཞི་བའི་ལས་མཛད ་པའི་ཕྱིར་?་ཏུ་དག་པའོ། །རྡོ་རྗེ་ཐེག་པ་ནི་སྔགས་ཀྱི་ཐེག་པ་ཆེན་པོ་ལ་དང་པོ་ཡིན་པའི་ཕྱིར་ཐ་མི་དད་པས་དེ་ཉིད་རྡོ་རྗེ་ཐེག་པ་སྟེ་ཚེ་ནི་མང་ཡིན་ནོ་ཞེས་བཞིན་ནོ། །ཁྱོད་ལ་ཕྱག་འཚལ་ལོ་ཞེས་པ་ནི་སྐུ་རྡོ་རྗེ་འཛིན་གྱི་སྒོ་ནས་བསྟོད་པའོ། །དེ་ནི་བསྐྱེད་པ་དང ་རྫོགས་པའི་རིམ་པ་དག་གོ། བསྟོད་པ་འདི་ཉིད་གསན་ནས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ཉིད་བཤད་པར་བྱ་བའི་ཕྱིར། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་།རྡོ་རྗེ་ནི་རྩེ་དགུ་པ་འཛིན་པས་ན་རྡོ་རྗེའི་འཛིན་ནོ། །རྒྱལ ་པོ་ནི་གཙོ་བོའོ། །ཐམས་ཅད་ནམ་མཁའ་ནི་དེ་བཞིན་གཤེགས་པ་རྣམས་སྤྲོ་བར་མཛད་པས་ན་ཐམས་ཅད་ནམ་མཁའ་ཨོ། །མི་འགྱུར་ཆེ་བ་ནི་བདུན་ཁྲི་ཉེས་སྟོང་སྔགས་ཀྱི་དབྱེ་བ་གསུངས་པས་ན་མི་འགྱུར་ཆེའ། །ཐམས་ཅད་དབང་བསྐུར་བ་ནི་རྗེས་སུ་གཟུང ་བས་ན་ཐམས་ཅད་དབང་བསྐུར་བར་བྱའོ། །ཀུན་གྱི་དོན་ནི་ཞི་བ་ལ་སོགས་པའི་འཇིག་རྟེན་པ་དང་སྟོབས་དང་མི་འཇིགས་པ་ལ་སོགས་པས་འཇིག་རྟེན་ལས་འདས་པ་སྟེ། དོན་དེ་རྣམས་མཛད་པས་ན་ཀུན་གྱི་དོན་ནོ། །ཀུན་ནི་སངས་རྒྱས་ལྔ་སྟེ་ང་རྣམས་ཀྱི ་དབང་པོ་ནི་བདག་པོའོ། །རྡོ་རྗེ་རིན་ཆེན་ནི་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ་ཆེན་པོ་སྟེ་དེ་ཉིད་འཛིན་པ་ནི་ལྷ་མོའི་གཟུགས་ལ་ལོངས་སྤྱོད་པས་ན་རྡོ་རྗེ་རིན་ཆེན་འཛིན་ནོ། །དེ་ལྟ་བུའི་བཅོམ་ལྡན་འདས་མཆོད་པ་ནི་གསང་བའི་དབང་བསྐུར་ ་བའི་མཚན་ཉིད་ཅན་དང། དེ་བཞིན་གཤེགས་པའི་གོ་འཕང་སྟེར་བར་བྱེད་པའི་ཕྱིར་དེ་བཞིན་གཤེགས་པ་དང། དེ་ཉིད་ཀྱི་ཕྱིར་མཆོག་ནི་གསང་བ་དང་རྡོ་རྗེ་གསུམ་ནི་སྐུ་གསུང་ཐུགས་ཏེ། དེར་རྣམས་ཀྱི་མི་ཕྱེད་པ་ནི་གཉིས་སུ་མེད་པ་ཉིད་དུ་གནས་པ ་ནི་དེ་ཉིད་བྱེད་པའོ། །དེ་བཞིན་དུ་སྐུ་གསུང་ཐུགས་སྐལ་བ་ནི་རྒས་པ་ལ་སོགས་པའི་སྐྱོན་དང་བྲལ་བ་ཉིད་དུ་བྱེད་པས་སྐུ་གསུང་ཐུགས་སྐལ་མཆོག་དང་།དེ་བཞིན་དུ་རྒྱལ་བ་ནི་ཕུང་པོ་ལྔ་སྟེ་དེ་རྣམས་ལས་བྱུང་བས་ན་རྒྱལ་བ་བྱུང་བར་གྱུར་བའི་མཆོད ་པ་བཤད་པ་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའོ་ཞེས་ཚིག་གི་དོན་ཏོ། །དེ་ནི་བསྐྱེད་པའི་རིམ་པ་དང་སྒྲུབ་པ་དག་གོ། ཡང་ན་རྡོ་རྗེ་ནི་རེངས་པའི་རྡོ་རྗེ་སྟེ་།དེ་ཉིད་པདྨའི་ནང་དུ་འཛིན་པས་ན་རྡོ་རྗེ་འཛིན་ནོ། །བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་ངོ་བོ་ཉིད་དུ ་མཛེས་ནི་རྒྱལ་བའོ། །ཐམས་ཅད་ནམ་མཁའ་ནི་མཁའ་ལྔའོ། །དེ་རྣམས་འདབ་མ་བརྒྱད་པའི་པདྨའི་ནང་དུ་བྱིན་གྱིས་བརླབས་ལ། གནས་པའི་ཕྱིར་ཐམས་ཅད་མཁའ་ཨོ། །རྡོ་རྗེ་བདུད་རྩི་བདུད་རྩི་ལས་ཀྱང། །བྷ་གའི་དབུས་སུ་ནམ་མཁའ་གང། །ནམ་མཁའ་ ་ལྔ་ཡིས་རྣམ་པར་བརྒྱན། །ལྟེ་བ་གེ་སར་པདྨ་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆེ་བ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ་དེ་ཉིད་གཡོ་བར་མི་འགྱུར་བས་མི་འགྱུར་བའོ། །མི་འགྱུར་བ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་བས་ན་མི་འགྱུར ་ཆེའོ། །ཆེན་པོ་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་དང། མི་འགྱུར་བ་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཏེ། དེ་དག་གང་ལ་ཡོད་པ་དེ་ནི་མི་འགྱུར་ཆེའོ། །ཐམས་ཅད་ནི་རྩའི་འཁོར་ལོ་བདུན་ཁྲི་ཉིས་སྟོང་ཏེ། དེ་རྣམས་ཀྱི་སེམས་ཀྱི་རྒྱུན་རྣམས་ཀྱིས ་དབང་བསྐུར་བར་བྱེད་པས་ན་ཐམས་ཅད་དབང་བསྐུར་བའོ། །ཀུན་ནི་དགའ་བ་ལ་སོགས་པ་སྟེ། དེ་རྣམས་ཀྱི་དོན་ནི་བདེ་བ་ཆེན་པོ་སྟེ་དེའི་རང་བཞིན་ནོ། །ཀུན་ནི་དུས་སྦལ་མ་ལ་སོགས་པའི་བཞིའོ། །དབང་པོ་ནི་འདོད་པའི་གདུགས་སོ། །རྡོ་རྗེ་ནི་རྡོ་རྗེའི་རྩེ་མོར་ཏེ ་དེ་ལ་རིན་ཆེན་ནི་ཡུངས་ཀར་གྱི་འབྲས་བུའི་ཚང་ཙམ་ཐིག་ལེའི་འཛིན་པས་རྡོ་རྗེ་རིན་ཆེན་འཛིན་ནོ། །དེ་བཞིན་གཤེགས་པའི་རིགས་ཀྱིས་བྱིན་གྱིས་བརླབས་པའི་ཕྱིར། དེ་བཞིན་གཤེགས་པ་ནི་བཙུན་མོ་སྟེ། དེ་ཉིད་ལས་འབྱུང་བའི་མཆོད་པ་ནི་དེ་བཞིན ་གཤེགས་པའི་མཆོད་པའོ། །རིག་པ་དང་ཕྱིར་མི་ལྡོག་བདག་ལས་ཕུལ་དུ་བྱུང་བའི་ཕྱིར་མཆོག་གོ་།རྡོ་རྗེ་གསུམ་ནི་གཡོན་དང་གཡས་དང་དབུས་ཀྱི་རྩ་རྣམས་སོ། །དེ་དག་མི་ཕྱེད་པ་ནི་རྡོ་རྗེ་དང་པདྨ་ཡང་དག་བའི་སྦྱོར་བས་རོ་གཅིག་པར་གྱུར་པ་ཉིད་དུ་གནས ་པ་ནི་བསྐྱེད་པའོ། །དེའི་རྗེས་ལ་སྐུ་གསུང་ཐུགས་ནི་སློབ་མའི་ལུས་པོ་ལ་སོགས་པ། སྐལ་མཆོག་ནི་རྣམ་པར་མེ་རྟོག་པའི་གོ་འཕང་ཐོབ་པར་བྱེད་པའོ། །ཟླ་གསང་ཐིག་ལེ་ལས་ཀྱང། དེ་དུས་བརྩམས་ཏེ་དེ་ནི་རྣམ་མི་རྟོག་ཅེས་བྱ་བ་ལ་སོགས་པ་གསུངས ་སོ། །རྒྱལ་བའི་སྒྲས་ནི་སངས་རྒྱས་ཐམས་ཅད་རྗེས་སུ་ཞུགས་པ་སྟེ་།དེ་ལས་བྱུང་བས་ན་རྒྱལ་བ་འབྱུང་བའོ། །དེས་ནི་དོན་འདི་བཤད་པ་ཡིན་ཏེ་།དེ་བཞིན་གཤེགས་པ་ཐམས་ཅད་དང། ལྷ་མོ་རྣམས་རྡོ་རྗེ་སློབ་དཔོན་དང་ལྷ་མོའི་ཞལ་ནས་དང་གི ་བདག་ཉིད་ལ་ཞུགས་ཏེ། རྡོ་རྗེའི་རྩེ་མོར་བསྡུས་ལ་ཐིག་ལེའི་ངོ་བོས་ཕྱི་རོལ་དུ་སྤྲོས་ཏེ་སྐྱེས་པའོ་ཞེས་སྟོན་ཏོ། །དེ་ལྟ་བུའི་མཆོད་པ་རྡོ་རྗེ་འཛིན་གྱིས་བཀའ་སྩལ་པའོ་ཞེས་འབྲེལ་པའོ། །དེ་ནི་རང་བཞིན་དང་རྒྱུ་དང་ལས་དང་འབྲས་བུ་དང་སྒྲུབ་པ་རྣམས་སོ། ། ་ད་ནི་རྡོ་རྗེ་སློབ་དཔོན་གྱིས་དབང་བསྐུར་བ་ཇི་བཞིན་སྟེང་བ་དེ་བཞིན་བཤད་པར་བྱ་བའི་ཕྱིར་ན་ཆུང་གཞོན་ནུ་མིག་ཡངས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རེ་ཞིག་དང་པོ་བསྐྱེད་པའི་རིམ་པའི་རྣལ་འབྱོར་པས་དང་པོ་སྦྱོར་བ་ལ་སོགས་པའི་ཏིང་ངེ་འཛིན།? ་གསུམ་གྱིས་རང་གི་བདག་ཉིད་ཀྱི་ལྷ་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་ལ་བདག་པོ་ཉིད་དུ་བཞག་ཅིང་དེའི་རྗེས་སུ་གཟུང་བར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོའི་ཐུགས་ཀྱི་སེམས་ཅན་ཐམས་ཅད་ལ་དམིགས་ཏེ་།རིམ་པ ་འདིས་དམ་ཚིག་གི་ཕྱག་རྒྱ་མ་བྱིན་གྱིས་བརླབ་པར་བྱས་ཏེ། དེ་ལ་རེ་ཞིག་མཚན་ཉིད་བཤད་པ་ཡིན་ཏེ། ན་ཆུང་གཞོན་ནུ་ཞེས་པ་ནི་སྐྱེ་གནས་མི་ཟད་པ་འམ་ཟད་པའི་བུ་མོ་ལོ་གྲངས་བཅུ་གཉིས་ལོན་པ་ཐོབ་ནས། གཟུགས་བཟང་བ་ནི་མདངས་དང ་གཞོན་པ་དང་རྒྱན་རྣམས་དང་ལྡན་པའོ། །དེ་མེད་ན་ལོ་གྲངས་ཉི་ཤུ་རྩ་ལྔ་ལོན་པའོ། །དེ་ཡང་?་ན་བླང་བར་བྱ་བ་མ་ཡིན་ཏེ། བླ་མ་རྣམས་ཀྱིས་གསུངས་སོ། །གལ་ཏེ་ལོ་ཉི་ཤུ་ལྔ་ལོན་པ་མ་རྙེད་ན་དེའི་ཚེ་དགོས་པའི་དོན་དུ་བྱོལ་སོང་དང་འདྲ་བ ་རྨོངས་པའི་རིགས་ཅན་ལས་ཀྱི་ཕྱག་རྒྱ་མ་རབ་ཏུ་བརྟག་པ་ནི་བླང་བར་བྱའོ། །གང་གི་ཕྱིར་བཅོམ་ལྡན་འདས་ཀྱི་རྒྱུད་འདི་ལ་ཏིང་ངེ་འཛིན་གཙོ་བོར་གྱུར་པ་སྟོན་པ་ཡིན་གྱི་དངོས་པོ་ནི་མ་ཡིན་ནོ། །དེ་བས་ན་སློབ་དཔོན་གྱི་སྒོམ་པའི་སྟོབས་ཀྱིས་དངོས ་པོ་བེམས་པོ་ཡང་བེམས་པོ་མ་ཡིན་པར་འགྱུར་བ་སྟེ་ཕྱག་རྒྱ་མ་སྨོས་ཅི་དགོས། དེ་ཉིད་ཀྱི་ཕྱིར་ལ་ལ་ན་རེ་ཀུན་མེད་པས་བྱོལ་སོང་མངོན་དུ་བླང་བར་བྱ་སྟེ་ཚིག་གི་དོན་ཏོ། དེ་ནི་སྒྲུབ་པའོ། །ཕྱག་རྒྱ་མ་བླངས་ཏེ་གནས་བཤད་པར་བྱ་སྟེ། ས་ཕྱོགས ་གཙང་ཞིང་རྣམ་བར་དབེན་བ་འམ་ཞེས་བྱ་བ་ལ་སོགས་པ་ལ། ཐུབ?་མ་དང་རྡེའུ་ལ་སོགས་པ་མེད་པ་གཙང་པའོ། །སྐྱེ་བོ་མེད་པས་ན་རྣམ་པར་དབེན་པའོ། །ས་ཕྱོགས་ནི་རི་བོ་དང་ནགས་ཚལ་དང་ཡུལ་ལ་སོགས་པ་ལས་གང་ཡང་?་རུང ་པའོ། །རྒྱལ་བའི་གནས་ནི་ལྷ་ཁང་དོ། །གལ་ཏེ་དེ་ཉིད་དུ་ཡང་ཀུན་རྫོབ་དང་བསྲུང་བར་བྱ་བའི་ཕྱིར་སེམས་བརྟན་པར་མི་འགྱུར་ན་། དེའི་ཚེ་ཞི་བ་ནི་སྟོང་པ་གང་ཡིན་པ་ཞི་བའི་གནས་ཏེ། ལྷ་ཆེན་པོའི་ཁང་པའམ་མ་མོ་རྣམས་ཀྱི་ཁང་པ་སྟེ་དེ་ལའོ། ་རང་ཡང་མུ་སྟེགས་བའི་གནས་འདི་ཡིན་ནོ་ཞེས་རྣམ་བར་རྟོག་པ་མི་བྱ་སྟེ། གང་གི་ཕྱིར་དེ་རྣམས་རྡོ་རྗེ་སེམས་དཔའ་ཨི་སྤྲུལ་པའི་ཁྱད་པར་ཡིན་ནོ། །ཇི་སྐད་དུ་ཕ་རོལ་རྒོལ?་བ་གང་ཡང་རུང། །རྟགས་ཀྱི་དབྱེ་བས་རྣམ་པར་གནས། །དེ་རྣམས་འདིར་ནི་སྨོད་མི་བྱ། །རྡོ་རྗེ ་སེམས་དཔའ་ཨི་སྤྲུལ་པ་ཡིན་ཞེས་འབྱུང་ངོ། །གནས་དེ་རྣམས་སུ་བཤད་གཅི་ལ་སོགས་པ་བདུད་རྩི་ལྔ་དང། ཆུ་ལ་སོགས་པ་ནི་ཆུ་དང་བ་ཡུལ་སོགས་པས་བྱུག་པས། རྟག་པ་ནི་དུས་ཐམས་ཅད་དུ་རྒྱལ་བདེ་བ་ཉིད་རྣམ་པར་སྣང་མཛད་མཆོད་པའི་ཕྱིར་ཞེས ་པ་ནི་སློབ་མ་དང་བདག་རྣམ་པར་སྣང་མཛད་ཀྱི་རང་བཞིན་དུ་མཆོད་པར་བྱ་བའི་ཕྱིར་འཇུག་བར་བྱ་སྟེ། བསྐྱེད་པའི་རིམ་པ་དང་སྒྲུབ་པ་དག་གོ། གནས་དེ་ལྟ་བུ་གནས་བྱིན་གྱིས་བརླབས་ལ་དེར་གནས་བའི་རྡོ་རྗེ་སློབ་དཔོན་གྱིས་ཕྱག་རྒྱ་མའི་ཡན་ལག་དགོད་པར་བྱ་བ ་ཡིན་ཏེ། དེ་བཤད་བར་བྱ་བའི་ཕྱིར་ནུ་མའི་དབུས་སུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནུ་མའི་དབུས་ནི་སྙིང་ཁར་ཡི་གེ་ཧཱུཾ་ངོ། །སྤྱི་གཙུག་མཛའ་ནི་སྤྱི་བོར་ཡི་གེ་ཨོཾ་མོ། །བར་ནི་ནུ་མ་དང་སྤྱི་པོའི་བར་དེ་མགྲིན་པར་ཡི་གེ་ཨཱ:ཱོ། །རྐང་པའི་བར་ནས ་བརླའི་མཚམས་ཀྱི་བར་ཏེ་གསང་བའི་གནས་ལ་ཡི་གེ་ཧཱའོ། །ལྟེ་བ་དང་རྐེད་པ་ནི་ལྟེ་བ་རྐེད་པ་སྟེ་གློ་གཡས་གཡོན་གཉིས་སོ།། དེ་དག་གི་གསང་བ་ནི་ལྟེ་བ་ཁོ་ན་སྟེ་དབུས་སུ་གནས་པའི་ཕྱིར་རོ། །དེ་ལ་ཡི་གེ་སྭཱའོ། །དེ་ལྟ་བུའི་རྒྱལ་བའི་སྲས་ནི་དེ་བཞིན ་གཤེགས་པ་ལྔའི་རང་བཞིན་དུ་སྐྱེས་པ། གང་ཞིག་རིགས་ལྔ་ནི་ཡི་གེ་ཨོཾ་ལ་སོགས་པའི་ས་བོན་ལྔ་སྟེ། དེ་རྣམས་རབ་ཏུ་ནི་ཟླ་བའི་དཀྱིལ་འཁོར་ལ་སོགས་པའི་གདན་གྱི་སྟེང་དུ་དེ་བཞིན་གཤེགས་པའི་གཟུགས་ཀྱིས་སྐུ་མདོག་དང། སྒེག་པ་དང། དཔའ་བ ་དང་འཇིགས་སུ་རུང་བ་དང། རྒོད?་པ་དང་དྲག་པོའི་རོའི་རང་བཞིན་དུ་དགོད་པར་བྱ་སྟེ་བསྐྱེད་པའི་རིམ་པའོ། །དེ་ཡང་ཉེ་བར་མཚོན་པ་ཙམ་ཡིན་ལ། གཞན་ཡང་སྔར་བཤད་པའི་རིམ་པས་གཟུགས་རྡོ་རྗེ་མ་ལ་སོགས་པའི་ས་བོན་རྣམས་ཀྱིས་བསྐྱེ་མཆེད་རྣམས་དང ་ལྷ་མོ་སྤྱན་ལ་སོགས་པའི་ས་བོན་གྱིས་ཁམས་རྣམས་དང་རྡོ་རྗེ་རོ་ལངས་མ་ལ་སོགས་པའི་ས་བོན་གྱིས་ཡན་ལག་དང་ཉིད་ལག་དགོད་པར་བྱ་སྟེ། བསྐྱེད་པའི་རིམ་པའོ། །བདག་དང་ལྷ་མོ་ལ་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱས་ཤིང་སློབ་མ ་ལ་ཡང་འདུས་བྱས་བའི་ཕྱིར་བསྒོམ་པ་བཤད་པར་བྱ་སྟེ། ནམ་མཁའ་ཨི་དབྱིངས་ཀྱི་དབུས་གནས་པར་ཞེས་བྱ་བ་ལ་སོགས་པ་ལ་།རེ་ཞིག་དང་པོ་རྣལ་འབྱོར་པས་རང་གི་སྙིང་ཀའི་ཡེ་ཤེས་སེམས་དཔའ་ཨི་ས་བོན་ལས་བྱུང་བའི་རྣོ?་བའི་མེ་འབར་བའི་ཚོགས་ཀྱིས་སློབ ་མ་ཐལ་བར་བྱས་ལ། ནམ་མཁའ་ཨི་དབྱིངས་ཀྱི་དབུས་སུ་གནས་པ་ནི། ནམ་མཁའ་ཨི་དབུས་བཞིན་དུ་སྟོང་པ་ཉིད་ཀྱི་ངོ་བོར་བསམས་ཏེ། དེའི་འོག་ཏུ་ཡེ་ཤེས་རྒྱ་མཚོ་ནི་སྤྲོ་བ་དང་བསྡུ་པའི?་བྱ་བ་བྱེད་པ་ཡི་གེ་གསུམ་བསྒོམས་ཏེ། དེ་ཡོངས་སུ་གྱུར་པ་ལས ་སྐྱེས་པ་ཟླ་བ་བསམས་ཤིང། དེའི་སྟེང་དུ་ཡི་གེ་གསུམ་བཀོད་ལ། བདག་ཉིད་ནི་སློབ་མའི་བདག་ཉིད་ཟླ་བའི་དབུས་སུ་གནས་པ་སྟེ། ཁྱད་པར་ནི་རྣམ་པར་སྣང་མཛད་ཀྱི་ངོ་བོར་བསྒོམ་པར་བྱའོ། །དེའི་རྗེས་ལ་བསྡུ་བ་དང་ཀྱང་གི་སྒྲས་སྤྲོ་བ་ཡང་བྱ་སྟེ། རྣམ ་པར་སྣང་མཛད་ཀྱི་སངས་རྒྱས་ཀྱི་ཞིང་ལ་སེམས་ཅན་ཐམས་ཅད་འོད་ཟེར་ནི་ཕྱིན་པར་བྱ་བ་ལ་སླར་ཡང་དེ་རྣམས་ཞི་བ་རྡོ་རྗེ་འཛིན་ནི་རྡོ་རྗེ་སློབ་དཔོན་གྱིས་བསྡུ་བར་བྱའོ། །འདོད་ན་ཞེས་བ་ནི་གལ་ཏེ་འདོད་པ་མཉམ་པོར་ཡོད་ན་དེའི་ཚེ?་དེའི་སློབ་མ་ཡང་རྣམ ་པར་སྣང་མཛད་གྱིས་བསྒོམ་པ་ལ་ཞུགས་པར་བྱའོ། །སློབ་མ་དེ་ཉིད་ལ་ཡང་རིན་ཆེན་སྣ་བཞིའི་མཆོད་རྟེན་ཞེས་པ་ནི་ས་ལ་སོགས་པའི་ཁམས་བཞིའི་དཀྱིལ་འཁོར་ལ་གནས་པ་གཞལ་ཡས་ཁང་པ་བསྒོམ་པར་བྱའོ། །ཇི་ལྟ་བུ་ཞེ་ན། འོད་ཟེར་གྱི ་ཕྲེང་བ་ནི་ཆོས་འབྱུང་གི་ཕྱག་རྒྱ་སྟེ་དེ་ཉིད་ཀྱི་གདན་དུ་གྱུར་པར་རྣམ་པོར་བརྒྱན་པའོ། །ཡང་ཇི་ལྟ་བུ་ཞེ་ན། ཡེ་ཤེས་རྒྱ་མཚོ་ནི། དབུས་ཀྱི་གཙོ་བོ་དང་དུས་གསུམ་གནས་པའི་དེ་བཞིན་གཤེགས་པ་རྣམས་དང། ལྷ་མོ་དང་བྱང་ཆུབ་སེམས་དཔའ་དང ་ཁྲོ་བོ་རྣམས་སྟེ། དེ་དག་གི་གནས་ནི་གཞིར་གྱུར་པའོ། །མཁས་པ་ནི་རྡོ་རྗེ་སློབ་དཔོན་གྱི་བདག་ཉིད་བ་སྤུའི་བུ་གནས་ཤེས་པ་ནི་སློབ་མའི་བ་སྤུའི་བུ་གནས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་འཕེལ་བའི་ཕྱིར། མཆོད་པའི་སྤྲིན་ནི། གཟུགས་རྡོ་རྗེ་མ་ལ་སོགས ་པའི་ལྷ་མོའི་ཚོགས་ནམ་མཁའ་ཨི་དབྱིངས་ལ་གནས་པའི་དེ་བཞིན་གཤེགས་པ་རྣམས་མཆོད་པའི་ཕྱིར་སྤྲོ་བར་བྱའོ་ཞེས་སྟོན་ཏོ། །མཆོད་བྱ་རྣམས་བཤད་པར་བྱ་སྟེ་པདྨ་རྣམ་པ་ལྔ་ཞེས་པ་ནི་རིགས་ལྔའི་དེ་བཞིན་གཤེགས་པའོ། །ུཏཔ་ལ་རྣམ་པ་ལྔ་ནི་གཟུགས ་རྡོ་རྗེ་མ་ལ་སོགས་པ་ལྔའོ། །མེ་ཏོག་ཀརྣི་ཀ་ར་དང་མ་ལི་ཀ་དང། ཡུ་ཏི་ཀ་དང་ཀ་ར་བི་ར་རྣམས་ནི་རེ་དེ་རྣམ་པ་ལྔ་ཡིན་པའི་ཕྱིར་ཉི་ཤུའོ། །ཛཱ་ཏི་ཡང་རྣམ་པ་གསུམ་ཡིན་ཏེ་བསྡུས་ནས་ཉི་ཤུ་རྩ་གསུམ་མོ། །དེ་ལ་དབྱེ་བ་ནི་ལྷ་མོ་སྤྱན་ལ་སོགས་པ ་བཞི་དང། བྱང་ཆུབ་སེམས་དཔའ་བརྒྱད་དང། ཁྲོ་བོ་བཅུ་དང་རེག་བྱ་རྡོ་རྗེ་མ་ནི་བཅོམ་ལྡན་འདས་ཀྱིས་འཁྱུད་པ་སྟེ། ནམ་མཁའ་ལ་དཀྱིལ་འཁོར་གྱི་འཁོར་ལོ་བསམས་ལ་ལྷ་དེ་རྣམས་མཆོད་པར་བྱ་བའི་ཕྱིར། རབ་ཏུ་བརྟག་པ་ནི་སློབ་མ་བསྒམ?་དུ ་གཞུག་པའོ། །དེ་ནི་བསྐྱེད་པའི་རིམ་པའོ། །ཡང་ན་ནམ་མཁའ་ཨི་དབྱིངས་ནི་འོད་གསལ་བ་སྟེ། དེའི་དབུས་སུ་གནས་པ་ནི་དེ་ལས་ཅིག་ཅར་སྤྲོ་བའི་ཡེ་ཤེས་རྒྱ་མཚོ་ནི་འཇའ་ཚོན་ལྟ་བུ་སྐུ་སྤྲོ་བར་བྱ་སྟེ་།སློབ་མ་དེ་ལྟ་བུའི་བསྒོམ་པ་བྱེད་དུ་གཞུག ་གོ། བདག་ཉིད་ནི་སློབ་མའི་ལུས་ཏེ། ཟླ་བའི་དབུས་གནས་པ་ནི་འོད་ཟེར་གྱི་འཁོར་ལོའི་དབུས་སུ་གནས་པ་དང། སྙིང་གར་ཡང་དེ་བཞིན་དུ་སྣང་བའི་ངོ་པོ་བསྒོམ་པ་དང། བསྡུ་བ་ནི་སྒྱུ་མའི་དཔེ་བཅུ་གཉིས་བསྒོམ་པ་རྡོ་རྗེ་འཛིན་ནི་སློབ་དཔོན་གྱིས ་སློབ་མ་དེ་ཉིད་བྱེད་དུ་གཞུག་གོ་། དེའི་རྗེས་ལ་རིན་ཆེན་སྣ་བཞི་ནི་ཁམས་བཞིའི་ངོ་བོའི་མཆོད་རྟེན་ནི་དཀྱིལ་འཁོར་བཞིའི་མགྲིན་ཕ་ལ་སོགས་པར་གནས་པ་སྟེ་།འོད་ཟེར་ཕྲེང་བ་ནི་དམར་བོ་དང་དཀར་པོ་དང་ལྗང་གུ་དང་སེར་པོའི་འོད་ཟེར་རྣམས་ཀྱིས ་རྣམ་པར་བརྒྱན་པར་བསམས་ཏེ། ཡེ་ཤེས་རྒྱ་མཚོ་ནི་སྣང་བ་མཛའ་ཡས་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་དང། དུས་གསུམ་ནི་ཡི་གེ་གསུམ་མམ་འཇུག་པ་ལ་སོགས་པ་སྟེན་དེ་རྣམས་ཀྱི་གནས་ནི་གཞིར ་གྱུར་པ་བསམ་པ་ནི་ཤེས་པར་བྱའོ། །བདག་གི་བ་སྤུ་ནི་གདོང་གི་སྣ་སྟེ། དེ་ཉིད་ཀྱི་བུ་ག་ནི་གཡོན་དང་གཡས་ཀྱི་སྣ་ཁུང་ངོ། །དེ་དག་ལས་གཡས་དང་གཡོན་དང་གཉིས་ཀ་དང་དལ་བུས་དམན་པར་གྱུར་པའི་རིམ་པས་མཆོད་པའི་སྤྲིན་ནི་དམར་པོ་ལ་སོགས ་པའི་འོད་ཟེར་རྣམས་སྤྲོ་པ་ནི་སྣའི་རྩེ་མོར་འཛིན་པར་བྱའོ། །པདྨ་དང་ཨུཏཔ་ལ་རྣམས་ནི་རླུང་བཅུའོ། །དེ་བཞིན་དུ་ཛཱ་ཏི་ནི་རྣམ་པ་གསུམ་སྟེ། དེ་རྣམས་ཉེ་བར་བསྡུས་བས་སྲོག་དང་རྩོལ་བ་དང་མེ་དང་མཉམ་བ་སྟེ། འཇུག་པ་ལ་སོགས་པའི་རང་བཞིན ་གྱི་རླུང་གསུམ་མོ། །ཀརྣི?་ཀ་ར་ལ་སོགས་པ་བཞི་པོ་ནི་དཀྱིལ་འཁོར་བྱིན་གྱིས་བརླབ་པར་བྱེད་པ་ལྷ་མོ་སྤྱན་ལ་སོགས་པའོ། །དེ་རྣམས་བསམས་ནས་མཆོད་པ་ནི་རྡོ་རྗེ་བཟླས་པའི་མཚན་ཉིད་ཅན་འོད་གསལ་བའི་མཆོད་པ་བྱས་ཏེ། སློབ་མ་བྱེད ་དུ་གཞུག་གོ་།དེ་ནི་བདག་ལ་བྱིན་གྱིས་བརླབ་པ་དང་རྡོ་རྗེ་བཟླས་པའི་རིམ་པ་དག་གོ། ཡང་ན་པདྨ་ནི་གསང་བའི་པདྨའོ།?་།དེ་ཡང་རྣམ་པ་ལྔ་ནི་ནམ་མཁས་བརྒྱན་པའི་ཕྱིར། ཨུཏཔ་ལ་དང་འདྲ་བས་ནི་ཨུཏཔ་ལ་ན་རྡོ་རྗེ་སྟེ། དེ་ཡང་དེ་བཞིན་དུ་ཤེས་ནས་ཛཱ་ཏི ་ཞེས་པ་ནི་ཕྱག་རྒྱ་མའི་རིགས་ཏེ་། དེ་ཡང་རིགས་ཀྱི་དབྱེ་བས་སྨེ་ཤ་ཅན་དང་ཁྲུས་མཁན་དང་གར་མཁན་མ་སྟེ། རྣམ་པ་གསུམ་ཤེས་ནས་ལྷ་རྣམས་ནི་ལྷ་མོ་དེ་རྣམས་ལ་དབུལ་བ་ནི་རྡོ་རྗེ་དང་པདྨ་ཡང་དགེ་བར་སྦྱར་བར་བྱའོ། །ཡང་ན་རིགས་? ་མོ་དང་རྒོད་མ་དང། གླང་མོ་བུད་མེད་རྣམས་ཀྱི་རིགས་རྣམ་པ་གསུམ་ཤེས་ནས། དབུལ་བར་བྱ་བ་ནི་དེ་དང་འདྲ་བའི་བྱེད་པ་བཅིངས་པས་ཞུགས་པར་བྱའོ། །ཀ་རྣི་ཀ་པའི་དགའ་བའོ། །མལླི་ཀ་ནི་མཆོག་ཏུ་དགའ་བའོ། །ཀ་ར་ལྦཱི་ར་ནི་དགའ་བྲལ་ལོ།། ་ཡུ་ཏི་ཀ་ནི་ལྷན་ཅིག་སྐྱེས་པ་སྟེ་དེ་དག་བསམ་ཞིང་མཚོན་ལ། མཆོད་པ་རབ་ཏུ་བརྟགས་པ་ནི་བདེ་བ་ཆེན་པོ་ཉམས་སུ་མྱོང་བ་ལ་བྱེད་དུ་གཞུག་གོ་།དེ་ནི་རང་བཞིན་དང་རྒྱུ་དང་ལས་དང་འབྲས་བུ་རྣམས་སོ། །དེ་ལྟར་བླ་མ་དང་ཕྱག་རྒྱ་མ་དང་སློབ་མའི་འདུས་བྱས་ནས ་མཆོད་བྱའི་དཀྱིལ་འཁོར་བསྒོམ་པར་བསྟན་པར་བྱ་སྟེ། དཔག་ཚད་ཅེས་བྱ་བ་ལ་སོགས་པ་ལ། དཔག་ཚད་བརྒྱ་རྒྱ་ཆེ་བ་འཁོར་ལོའི་དཀྱིལ་འཁོར་ནི་འཁོར་ལོ་ལས་སྐྱེས་པ་སྟེ་རྟག་པའི་དཀྱིལ་འཁོར་རོ། །དེ་བསྒོམ་པའམ་བྲི་བར་བྱའོ། །འོན་ཀྱང་ལེའུ ་བཅུ་དྲུག་པ་ལས་གསུངས་པའི་ཆོ་གས་བྲིན་ཁྲུ་བཅུ་དྲུག་པ་བྲིའོ། །དེ་ལ་རིགས་རྣམས་ཞེས་བྱ་བ་ནི་ཞེ་སའི?་དོན་དུ་མང་པོའི་ཚིག་སྟེ་། དེས་ན་འབྲས་བུ་རྣམ་པར་སྣང་མཛད་དགོད་པར་བྱའོ། །མཁས་པ་ཞེས་བྱ་བ་ནི་སྔར་བཤད་པའི་བསྒོམ་པའི་སྤྲོས་པས་སོ།། ་དེ་ནས་པདྨ་དང་རྡོ་རྗེ་ལ་སོགས་པ་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་མཚན་མ་རྣམས་སོ་དེ་བཞིན་སྒྲས་ནི་མིག་ལ་སོགས་པ་ཡང་ཕྱོགས་དང་མཚམས་ཀྱི་དབྱེ་བས་བསྒོམ་པ་འམ་ནི་དགོད་པའོ། །གལ་ཏེ་བསྒོམ་བའི་དཀྱིལ་འཁོར་ཡིན་ན་དེའི་ཚེ་རྣལ ་འབྱོར་པའི་བསམ་པ་རྒྱ་ཆེ་བས་དཔག་ཚད་བྱེ་བའི་ཁྱོན་ཙམ་ནི་ཁམས་གསུམ་པའི་དཀྱིལ་འཁོར་ནས་བརྩམས་ཏེ་སྲིད་པའི་རྩེ་མོའི་བར་དུའོ། །དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་རྒྱུད་ལས་ཀྱང། རྣལ་འབྱོར་ཐམས་ཅད་བཅོམ ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཁམས་གསུམ་པ་ནི་མ་ལུས་པ། །དེ་ཉིད་ཀྱི་ནི་ལོངས་སྤྱོད་ཡིན་ཞེས་འབྱུང་ངོ། །ཡང་གསུངས་པ་ཀུན་ཏུ་ཕྱག་དང་ཞབས་ལྡན་པ། །ཀུན་ཏུ་སྤྱན་དང་ཞབས་དང་དབུ། །ཀུན་ཏུ་སྙན་ལྡན ་འཇིག་རྟེན་ལ། །ཐམས་ཅད་ཁྱབ?་ནས་ཞུགས་པའོ་ཞེས་འབྱུང་ངོ། །གལ་ཏེ་བྲི་བའི་དཀྱིལ་འཁོར་ཡིན་ནི་དེའི་ཚེ་གྲུ་བཞི་ལ་སོགས་པ་ཡོན་ཏན་དང་ལྡན་པ་དང་ཤིན་ཏུ་མཛེས་བ་ནི་རྡུལ་ཚོན་གྱིས་མཛེས་ལ་བསྒོམ་བར་བྱ་བ་འམ། དགོད་པར་བྱའོ ་ཞེས་ཚིག་གི་ལྷག་མའོ། །དཀྱིལ་འཁོར་རྫོགས་ནས་གསང་བ་དང་ཕྱིའི་དབྱེ་བས་མཆོད་པ་སློབ་མས་བྱ་བའི་ཕྱིར་བཤད་པར་བྱ་སྟེ། རིན་ཆེན་སྣ་བཞི་ནི་གཟུགས་དང་སྒྲ་དང་དྲི་དང་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་རྣམས་སོ།། ་གསལ་བ་ནི་རེག་བྱ་རྡོ་རྗེ་མའོ?། །རང་བཞིན་དྲི་མ་མེད་པ་ནི་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མའོ། །དེ་རྣམས་ཁོ་ན་མཆོད་རྟེན་ནི་སྣ་ཚོགས་པའི་བདེ་བའི་ཕུང་པོའོ། །དེ་དག་བསྒོམས་ནས་རིགས་རྣམས་ནི་དཀྱིལ་འཁོར་བ་རྣམས་མཆོད་པའི་ཕྱིར ་ནི་ཚིམ་པར་བྱ་བའི་ཕྱིར་རོ། །ཤེས་རབ་ཅན་ནི་བསྐྱེད་པའི་རིམ་པའི་བསྒོམ་པ་བརྗེད་མི་ངས་རྣལ་འབྱོར་པས་བསྒོམ་པ་ནི་སྤྲོ་བར་བྱའོ། །ཕྱིའི་མཆོད་པ་བཤད་པར་བྱ་སྟེ། འདོད་པ་ལྔ་ནི་མེ་ཏོག་ལ་སོགས་པའོ། །ཡོན་ཏན་ནི་རོལ་མོ་ལ་སོགས ་པའོ། དེ་དག་གིས་མཆོད་པ་རྒྱ་མཚོ་ནི་མཆོད་པ་བུམ་པ་རྩམ་པ་ནི་དད་པས་ཕུལ་བར་བྱའོ། །རིན་ཆེན་ན་བཟའ་ལ་སོགས་པ་ནི་བུམ་པ་ལ་གནས་པ་དང་འབའ་ཞིག་པའི་ན་བཟའ་རྣམས་ཀྱིས་མཆོད་པར་བྱའོ། །གང་གིས་ཞེ་ན། བྱང་ཆུབ་འདོད་བ་ནི ་གསང་བའི་དབང་བསྐུར་བ་འདོད་པའི་རྣལ་འབྱོར་བས་སོ། །རྟག་ཏུ་ཞེས་བ་ནི་དཀྱིལ་འཁོར་བརྩམས་ནས་དེ་ཉིད་རྫོགས་པའི་བར་དུའོ། །མཆོད་པ་དེ་དག་དངོས་སུ་མེད་ན་ཡང་ཡིད་ཀྱིས་བསམ་པར་བྱ་སྟེ་དཀྱིལ་འཁོར་གྱི་མཆོད་པའོ། །དེ་ནི་བསྐྱེད་པའི ་རིམ་བའོ། །ཡང་ན་དཔག་ཚད་བྱེ་བའི་ཁྱོན་ཙམ་ལ་ཞེས་པ་ནི་རིགས་བརྒྱའི་དབྱེ་བས་འཁོར་ལོའི་དཀྱིལ་འཁོར་ནི་སྐུའི་དཀྱིལ་འཁོར་བསྒོམས་ཏེ་།དེའི་རྗེས་ལ་རིགས་ནི་ཡི་གེ་གསུམ་སྟེ། དེ་ཉིད་འཇུག་པ་ལ་སོགས་པའི་རིམ་པས་དགོད་པ་ནི ་བཟླས་པ་བྱས་ནས་པདྨ་དང། རྡོ་རྗེ་དང་རལ་གྲི་དང་ཨུཏཔ་ལ་རྣམས་ནི་འཇུག་པའི་རྣམ་པར་ཤེས་པ་དང། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་དང། ཀུན་གཞི་རྣམ་པར་ཤེས་པ་དང། འོད་གསལ་བ་རྣམས་ཏེ་།དེ་དག་རང་བཞིན་སྣང་བའི ་རིམ་པས་བསྒོམ་པ་ནི་སྦྱང་བར་བྱའོ། །གང་གིས་ཤེ་ན། མཁས་པ་ཞེས་པ་ནི་རང་བཞིན་གྱིས་དབྱེ་བ་ཤེས་པས་སོ། །དེའི་རྗེས་ལ་དེ་ལས་ལངས་ཏེ། ཅིག་ཅར་དུ་གྲུ་བཞི་ནི་ལྷ་མོ་བཞིས་བསྐོར་བ་དང། ཤིན་ཏུ་མཛེས་བ་ནི་འཇའ་ཚོན་བཞིན་དུ་སྣང་བ་དང། དཔག་ཚད ་བྱེ་བའི་ཁྱོན་ཙམ་ཞེས་པ་ནི་དཔག་ཚད་བྱེ་བའི་ཁྱོན་ཙམ་གྱི་འོད་ཀྱི་ཚོགས་དང་ལྡན་པའི་རྡོ་རྗེ་འཆང་ཆེན་པོའི་སྐུ་བསམས་ཏེ། དེ་ནས་རིན་ཆེན་སྣ་བཞི་ནི་འདོད་ཆགས་དང་འདོད་ཆགས་བྲལ་བ་དང་འདོད་ཆགས་བར་པ་དང་ལྷན་ཅིག་སྐྱེས་བ་སྟེ། དེ་རྣམས་ཀྱི་རིམ ་པས་མཆོད་རྟེན་ནི་ཆོས་ཀྱི་སྐུའི་ངོ་བོ་བཞི་པ་བསམས་ཏེ། དེ་ནས་ཀྱང་གསལ་བ་ནི་བདེན་པ་གཉིས་དབྱེར་མེད་པ་དང། རང་བཞིན་དྲི་མ་མེད་པ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོ་རྡོ་རྗེ་འཆང་ཆེན་པོའི་སྐུ་བསྒོམ་པར་བྱའོ། །རིགས་རྣམས་ནི་བྲམ་ཟེ་ལ ་སོགས་པ་དང་།གཙང་མ་ལ་སོགས་པ་སྟེ་དེ་རྣམས་མཆོད་པའི་ཕྱིར་ཞེས་པ་ནི་ཐ་མི་དད་པ་རྟོགས་པའི་ཕྱིར། གནས་སུ་བསྒོམ་པ་ནི་སྤྱོད་པར་བྱའོ། །དེ་ལྟར་བྱས་ནས་འདོད་པའི་ཡོན་ཏན་ནི་ཡུལ་ལྔས་མཆོད་པའི་རྒྱ་མཚོ་ནི་དབང་པོ་རྣམས་ཚིམ་པར ་བྱས་ལ། རིན་ཆེན་ནི་ཡུངས་ཀར་གྱི་འབྲུའི་ཚད་ཀྱི་ཐིག་ལེ་སྤྲོ་བ་དང། ན་བཟའ་ནི་གཡོག་པ་རྡོ་རྗེའི་རྩེ་མོར་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་འཛིན་པ་དང། མཆོད་པ་ནི་དེའི་རྣམ་པའི་ངོ་བོས་ནམ་མཁའ་ཡོངས་སུ་གང་བར་བྱའོ། །གང་གིས་ཞེས་ན། བྱང་ཆུབ ་འདོད་པ་ཞེས་ནི་བདེན་པ་གཉིས་དབྱེར་མེད་པའི་རྣམ་པ་ཐོབ་པར་ཨའ་དོད་པས་སོ། །རྟག་ཏུ་ནི་ཡུལ་དང་དབང་པོ་དབྱེར་མེད་པར་བྱས་པས་དེ་བཞིན་གཤེགས་པའི་མོས་པའི་བསྒོམ་པ་ལ་རྩོལ་བ་དང་ལྡན་བའི་རྣལ་འབྱོར་པས་སོ་ཞེས་སྟོན་ཏོ། །དོན?་བསྐྱེད་པའི ་རིམ་པ་དང་རྡོ་རྗེ་བཟླས་པ་དང། སེམས་རྣམ་པར་དག་པ་དང། བདག་ལ་བྱིན་གྱིས་བརླབ་པ་དང། མངོན་པར་བྱང་ཆུབ་པ་དང། ཟུང་འཇུག་གི་རིམ་པ་དང། སོ་སོར་སྡུད་པ་དང། བསམ་གཏན་དང། སྲོག་རྩོལ་དང། འཛིན?་པ་དང། རྗེས་སུ་དྲན་པ་དང། ་ཏིང་ངེ་འཛིན་རྣམས་སོ། །དེ་ལྟར་དཀྱིལ་འཁོར་གྱི་འཁོར་ལོ་མཆོད་པ་བྱས་ནས། སློབ་མས་བླ་མ་མཆོད་པར་བྱ་བའི་ཕྱིར། མཆོད་པ་རྣམ་པ་ལྔའི་མཆོག་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷ་དང་བླ་མའི་ཞབས་ཐ ་མི་དད་པས་ལྷ་ནི་བླ་མའི་ཞབས་སོ། །བླ་མའི་ཞབས་དེ་དག་མཆོད་པ་རྣམ་པ་ལྔ་ནི་མེ་ཏོག་ལ་སོགས་པའི་མཆོག་རྣམས་ཀྱིས་མཆོད་པར་བྱའོ། །རྟག་ཏུའི་སྒྲས་ནི་གསོལ་པ་གདབ་པ་སྔོན་དུ་འགྲོ་བ་སྟེ་དཔེར་ན་ཁྱོད་ནི་རྡོ་རྗེ་སེམས་དཔའ་སྒྲུབ་བྱེད་ཅེས ་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ལྔ་དང་ཚིག་རྐང་གཅིག་གིས་གསོལ་བ་གདབ་པར་བྱས་ལ། སྔར་བཤད་པའི་ན་ཆུང་མཆོག་རིན་ཆེན་ནི་བདེ་བ་ཆེན་པོ་འམ། བྱང་ཆུབ་ཀྱི་སེམས་ཀྱི་འབྱུང་གནས་ནི་བསྐྱེད་པའི་རྒྱུ་དང། མཆོག་ནི་སེམས་དག ་པ་དང། ས་རིན་ཆེན་སྣ་ཚོགས་ནི་སྣ་ཚོགས་པའི་རྒྱན་རྣམས་ཀྱིས་བརྒྱན་པ་འམ། སྣ་ཚོགས་པའི་ཡོན་ཏན་གྱིས་བརྒྱན་པ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་ལ་དབུལ་བར་བྱའོ། །ཅིའི་ཕྱིར་ཞེ་ན། སྒྲུབ་པ་ཚེ་རབ་ནི་རྟོག་པ་མེད་པའི་གོ་འཕང་སྟེ། ་དེ་ཉིད་གྲུབ་པར་བྱ་བའི་ཕྱིར་རོ་ཞེས་སྟོན་ཏོ། །རིན་ཆེན་སྣ་བདུན་ནི་བཙུན་མོ་དང་རྟ་དང་གླང་པོ་ལ་སོགས་པ་ཡང་དབུལ་བར་བྱའོ། །དེ་མེད་ན་ཞིང་འདི་ཞེས་པ་ནི་ཁམས་གསུམ་མ་ལུས་དེ་རྣམས་ཀྱིས་ཡོངས་སུ་གང་བར་བསམས་ལ་དབུལ་བར་བྱའོ།། ་གང་གིས་ཞེ་ན། སྦྱིན་པའི་ཕྱིར་ཞེས་པ་ནི་སྦྱིན་པ་ནི་རྣམ་པ་གསུམ་ཏེ། ངེས་བླ་མ་ལས་གསང་བའི་དོན་དུ་གཉེར་བས་སོ། །ཡང་ཇི་ལྟ་བུ་ཞེ་ན། དངོས་གྲུབ་འདོད་པ་ཞེས་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དངོས་གྲུབ་འདོད་པས་སོ། །ཤེས་རབ ་ཅན་ནི་སྒོམ་པ་བརྗོད་མི་ངས་པས་སོ། །ཉིན་རེ་ཞེས་པ་ནི་དཀྱིལ་འཁོར་བརྩམས་པ་ནས་མཆོད་པ་རྫོགས་པའི་བར་དུ་བླ་མ་ལ་དེ་དབུལ་བར་བྱའོ། །དེ་ནི་སྒྲུབ་པའོ། །ཡང་ན་མཆོད་པ་རྣམ་པ་ལྔ་ནི་རླུང་ལྔ་དང་མཆོག་རྣམས་ནི་ཉེ་བའི་རླུང་ལྔའོ། །ལྷ ་རྣམས་མཉེས་པར་བྱ་བ་ནི་དེ་རྣམས་འོད་གསལ་བ་ལ་ཞུཌ་པར་བྱའོ། །དེ་བཞིན་ན་ཆུང་ནི་ཀུན་གྱི་ས་བོན་ཡིན་པའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པའོ། །རིན་ཆེན་འབྱུང་གནས་ནི་ལྟོ་པ་བཞི་དང་ལྡན་པ་ཉོན་མོངས་པ་ཅན་ཡིད་ཀྱི་རྣམ་པར་ཤེས་པའོ། །མཆོག་ནི ་འདུག?་པའི་རྣམ་པར་ཤེས་པའོ། །རིན་ཆེན་སྣ་ཚོགས་བརྒྱན་པ་ནི་རང་བཞིན་རྣམས་སོ། །དེ་རྣམས་ཐམས་ཅད་སངས་རྒྱས་ཀུན་གྱི་རང་བཞིན་འོད་གསལ་བ་ལ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པའི་ཕྱིར། དབུལ་བ་ནི་ཉེ་བར་བསྡུ་བར་བྱའོ། །རིན་ཆེན་སྣ་བདུན ་ནི་རོ་དང། ཁྲག་དང་ཤ་དང་ཚིལ་དང་རུས་པ་དང། གླད?་པ་དང། ཤུཀྲ་རྣམས་སོ། །བདུན་པོ་དེ་དག་གིས་ཞིང་འདི་ཡོངས་སུ་བཀང་བ་ནི་ལུས་པོ་དེ་དབུལ་བ་ནི་དེ་ཉིད་དུ་ཞུགས་པར་བྱའོ། །དངོས་གྲུབ་འདོད་པ་ནི་འོད་གསལ་བའི་དངོས་གྲུབ་འདོད་པ་དང། སྦྱིན་པའི ་ཕྱིར་ནི་ཡེ་ཤེས་གསུམ་དང་ལུས་དེ་ཉིད་དུ་ཉེ་བར་བསྡུ་བར་བྱ་སྟེ། སེམས་རྣམ་པར་དག་པའི་རིམ་པའོ། །སློབ་མས་བྱས་པའི་མཆོད་པའི་འོག་ཏུ་སློབ་དཔོན་གྱི་བྱ་བ་བཤད་པའི་ཕྱིར། བདག་པོའི་ཕྱག་རྒྱད?་མཉམ་གཞག་ལ་ཞེས་བྱ་བ་ལ་སོགས་པ་གསུང ་ཏེ། བདག་པོ་ནི་སྔར་བཤད་པའི་རིམ་པས་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་ཉིད་ཀྱི་ཕྱག་རྒྱ་ནི་སྐུའོ། །དེ་ཉིད་སངས་རྒྱས་དཀྱིལ་འཁོར་དབུས་ནི་སྔར་བཤད་པའི་ལྷ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཀྱི་དབུས་ན་བཞུགས་པ། མཉམ་གཞག་པ་ནི་ཅིག་ཅར?་དུ་དམིགས ་ཏེ། རེག་པ་ནི་རེག་བྱ་རྡོ་རྗེ་མའི་ངོ་བོ་ཕྱག་རྒྱ་མ་སྟེ། དེ་དང་སྦྱོར་བ་དབུལ་བར་བྱ་བ་ནི་སྙོམས་པར་ཞུགས་པ་བྱའོ། །ཅིའི་ཕྱིར་ཞེ་ན། སངས་རྒྱས་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་འདོད་ཆགས་ནི་འདོད་ཆགས་ཆེན་པོ་སྟེ་འདོད་ཆགས་རྣམ་པར་དག་པའི ་གནས་སོ། །དེ་ལ་བློ་ནི་རང་བཞིན་ཏེ་དེའི་ཕྱིར་རོ། །དེ་ནི་བསྐྱེད་པའི་རིམ་པའོ། །ཡང་ན་བདག་པོ་མི་བསྐྱོད་པའོ། །དེ་ཉིད་ཀྱིས་ཕྱག་རྒྱ་ནི་ཡི་གེ་ཧཱུཾ་ངོ། །སངས་རྒྱས་ཀྱི་དཀྱིལ་འཁོར་ནི་དཀྱིལ་འཁོར་བཞི་སྟེ། དེ་རྣམས་ཀྱི་དབུས་སུ་ཡི་གེ་ཧཱུཾ་དེ་ཉིད་མཉམ་གཞག ་པ་ནི་ཡང་དག་པར་དགོད་པར་བྱ་སྟེ། དཔེར་ན་ལྐོག་མའི་པདྨ་མགོ་བོའོ། །སྙིང་ཁའི་པདྨར་ཧའོ། །ཧ་ལྟེ་བའི་པདྨར་ཨུའོ། །ུ་གསང་བའི་པདྨར་ཟླ་ཕྱེད་དང་ཐིག་ལེའོ། །དེའི་རྗེས་ལ་རེག་པ་ནི་རླུང་སྟེ། དེས་སྦྱོར་བ་ནི་ཡི་གེ་ཧཱུཾ་དེ་ཉིད་ལ། སྦྱོར ་དབུལ་བ་དེ་ཉིད་གཅིག་པུས་བཟླས་པ་བྱའོ། །སངས་རྒྱས་ནི་རྣམ་པར་སྣང་མཛད་ཀྱི་ས་བོན་ཡི་གེ་ཨོཾ་མོ། །འདོད་ཆགས་ནི་སྣང་བ་མཛའ་ཡས་ཀྱི་ས་བོན་ཏེ་ཡི་གེ་ཨཱའོ། །བློ་ཞེས་པ་ནི་དེ་དག་གཉིས་ལ་བློ་གཅིག་གིས་ཡི་གེ་ཧཱུཾ་ཁོ་ན་བཟླས་པར་བྱ་སྟེ། ཅི་འདོད་པའི ་བཟླས་པ་བསྟན་པའོ། །རབ་ཏུ་བྱེད་པ་ལས་ཀྱང། དེ་ནས་རྣལ་འབྱོར་དབང་ཕྱུག་གི་ཞེས་བྱ་བ་ནས། སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། བྱ་བ་ཐམས་ཅད་འགྲུབ་པར་བྱེད་ཅེས་བྱ་བ་འབྱུང་ངོ། །རྡོ་རྗེ་བཟླས་པའི་རིམ་པའོ། །དེའི་རྗེས་ལ་ཅི་བྱའོ་ཞེ་ན། ནམ་མཁའ་ཨི ་དབྱིངས་ཀྱི་དབུས་གནས་པ་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་ཨི་དབྱིངས་ཀྱི་དབུས་སུ་གནས་པའི་དཀྱིལ་འཁོར་བཀོད་པ་ནི། དེ་བཞིན་གཤེགས་པ་དང། ལྷ་མོ་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོའི་དཀྱིལ་འཁོར་བསྒོམས་ལ་རང་གི་སྙིང་ཀའི་ཡེ ་ཤེས་སེམས་དཔའ་ཨི་ས་བོན་སྤྲོས་ཏེ། དེ་ཉིད་དུ་དགུག་ཅིང་ནང་དུ་ཞུགས་ཏེ། བདག་གི་ལུས་ནི་རང་གི་གཟུགས་སོ། །དེ་བཞིན་གཤེགས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡུལ་ཕྲ་རབ་ཀྱིས་ཡོངས་སུ་རྫོགས་པར་བྱས་ལ་དེའི་རྗེས་ལ ་བཤད་གཅི་ནི་བདུད་རྩི་ཡིན་ཏེ་ཉིད་ཀྱིས་བླ་མ་ནི་རང་གི་ཁ་མཆོད་པ་ནི་གང་བར་བྱས་ཏེ་བསྐྱེད་པའི་རིམ་པ་དང་སྒྲུབ་པ་དག་གོ། ནམ་མཁའ་ཨི་དབྱིངས་ནི་གླང་པའོ། །དེའི་དབུས་སུ་གནས་གཤེགས་པ་ནི་ཆ་བཅུ་དྲུག་གི་ཚོགས་ལས་བྱུང་བ་བསྒོམ་སྟེ། ་ཏེ་གི་ལུས་ནི་ཟླ་བའི་དཀྱིལ་འཁོར་དེ་ཉིད་དེ། དེ་བཞིན་གཤེགས་པ་ནི་ཆ་བཅུ་དྲུག་གི་ཚོགས་ལས་བྱུང་བ་བསྒོམ་སྟེ། དེ་ལས་བྱུང་བའི་བཤད་གཅི་དང་འདྲ་བ་དེའི་ངོ་བོ་བསིལ་བའི་བདུད་རྩི་རྣམས་ཀྱིས་བླ་མ་རང་གི་ལུས་སོ། །མཆོད་པ་ནི་ཚིམ ་པར་བྱས་ཏེ། ལས་རྒྱལ་བ་མཆོག་གོ། དེ་ནས་སྔར་བཤད་པའི་བུད་མེད་ནི་རེག་བྱ་རྡོ་རྗེ་མའི་ངོ་བོ་ཕྱག་རྒྱ་མ་བླང་བར་བྱའོ། །ཇི་ལྟ་བུ་ཞེ་ན་བཞིན་བཟང་ཞེས་ན་མཆོག་ཏུ་དགའ་བའི་དབང་གིས་ཞལ་གྱི་པདྨ་འཛུམ་པའོ། །དེ་བཞིན་དུ་ཤིན་ཏུ་མཛེས་པ་ནི་རེངས ་པ་དང་དངུལ་ལ་སོགས་པའི་བརྒྱད་པའོ། །བྱིན་གྱིས་བརླབས་ཀྱི་གནས་ནི་སྔར་བཤད་པའི་ས་བོན་ལས་དེ་ཉིད་བསམ་པ་ནི། དེའི་ཡན་ལག་རྣམས་ལ་གསལ་པོར་བཀོད་ལ་དེ་ཉིད་མཆོད་པ་ནི་དབང་པོ་གཉིས་སྙོམས་པར་ཞུགས་པ་རབ་ཏུ་བརྟག་པ་ནི་བྱ་བ ་ཡིན་ནོ། །དེ་ནི་བསྐྱེད་པའི་རིམ་པའོ། །ཡང་ན་བུད་མེད་ནི་བཅོམ་ལྡན་འདས་མ་ཡི་གེ་ཕྱི་མོ་སྟེ། ཡི་གེ་བཞི་བཅུ་རྩ་དགུའི་བདག་ཉིད་ཅན་ནོ། །དེ་ཉིད་ཞི་བ་ལ་སོགས་པའི་ལས་བྱེད་པའི་ཕྱིར། སྐལ་པ་མཆོག་དང་ལྡན་པའོ། །བཞིན་བཟང་ནི་རྡོ་རྗེ་འཆང ་ཆེན་པོའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་མཛེས་པ་ནི་ཐམས་ཅད་ལས་དཀར་པོའོ། །དེ་ཐོབ་པ་ནི་བསྒོམ་ཞིང་བྱིན་གྱིས་བརླབས་པ་ནི་ཡན་ལག་ལ་དགོང་པ་སྟེ། དེ་ཉིད་ཀྱི་གནས་ནི་སྔགས་ཀྱི་སྐུའོ། །བསམ་པ་ནི་དེ་ཉིད་སྔགས་ཀྱི་སྐུ ་ལ་ཡན་ལག་དང་ཉིད་ལག་གི་དབྱེ་བས་ཡི་གེ་ཕྱི་མོ་དེ་དགོད་པར་བྱའོ། །དེ་ལ་རིམ་པ་འདི་ཡིན་ཏེ་ཡི་གེ་ཀའི?་སྡེ་ཚན་ནི་ལག་པ་གཡས་པའི་སོར་མོ་ལྔ་ལའོ། །ཡི་གེ་ཅིའི་སྡེ་ཚན་ནི་ལག་པ་གཡོན་པའི་སོར་མོ་ལྔ་ལའོ། །ཡི་གེ་ཏའི་སྡེ་ཆེན་ནི་རྐང་པ་གཡས ་པའི་སོར་མོ་ལྔ་ལའོ། །ཡི་གེ་དའི་སྡེ་ཚན་ནི་རྐང་པ་གཡོན་པའི་སོར་མོ་ལྔ་ལའོ། །ཡི་གེ་པའི་སྡེ་ཚན་ནི་རྡོ་རྗེ་རྩེ་ལྔ་ལའོ། །ཡའི་སྡེ་ཚན་ནི་བཤད་སྒོའི་ཤར་ལ་སོགས་པ་ལའོ། །ཤ་ནི་མིག་གཉིས་ལའོ། །ཥ་ནི་རྣ་བ་གཉིས་ལའོ། །ས་ནི་སྣ་ལའོ།། ་ཧ་ནི་ཁ་ལའོ། །ཀྵ་ནི་ཚངས་པའི་བུ་ག་ལའོ། །དབྱངས་བཅུ་དྲུག་གི་སྙིང་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ནའོ། །ཡང་ན་གསང་བའི་པདྨར་སའི་ཁམས་ཀྱི་ངོ་བོ་ཡི་གེ་ཨ་ལ་སོགས་པ་བཞིའོ། །ལྟེ་བའི་པདྨར་རླུང་གི་ཁམས་ཀྱི་ངོ་བོ། །ོཾ་ལ་སོགS ་པའི་ཡི་གེ་བཞིའོ། །སྙིང་ཀའི་པདྨད?་ཆུའི་ཁམས་ཀྱི་ངོ་བོ་ཐིག་ལེ་ལ་སོགས་པ་ཡི་གེ་བཞིའོ། །ལྐོག་མའི་པདྨ་མེའི་ཁམས་ཀྱི་ངོ་བོ། །ུ་ལ་སོགས་པ་ཡི་གེ་བཞིའོ། །དེ་ལྟར་དགོད་པར་བྱ་ལ་དེ་ཉིད་མཆོད་པ་ནི། ཐབས ་དང་ཤེས་རབ་སྙོམས་པར་ཞུགས་པ་བྱས་ཏེ་བསྐྱེད་པའི་རིམ་པའོ། །ད་ནི་སློབ་མའི་བྱ་བ་ཡང་བཤད་པར་བྱ་སྟེ། རྡོ་རྗེ་སློབ་དཔོན་གྱིས་པདྨའི་ནང་དུ་སྤྲོས་ཏེ། མིག་བཟང་བ་ནི་ལྷ་མོའི་བྱང་ཆུབ་ཀྱི་སེམས་གང་ཞིག་དུང་གི་ནང་དུ་བླངས་པ། དེ་ཉིད་བརྟན ་པའི་བློ་ལྡན་པ་ནི། རྣམ་པར་རྟོག་པ་མེད་པའི་རྣལ་འབྱོར་པས་དེ་བཞིན་གཤེགས་པ་ཐམས་ཅད་བསྡུས་པའི་བདག་ཉིད་ཀྱི་བློས། བཟའ་བར་བྱ་བ་ནི་བླང་བར་བྱ་ཞིང་བཏུང་བར་བྱ་སྟེ། ཨེ་མའོ་བདེ་བ་ཆེན་པོ་ཞེས་ལན་གསུམ་དུ་བརྗོད་ནས་སོ། །དེ ་ནི་སྒྲུབ་པའོ་འབྲས་བུ་བསྟན་པར་བྱ་སྟེ། འདི་ནི་སྔགས་རྣམས་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། སྔགས་ཐམས་ཅད་ནི་རྣལ་འབྱོར་པ་རྣམས་ཀྱི། སྐུ་གསུང་ཐུགས་ནི་ཐ་མལ་པའི་ལུས་ལ་སོགས་པ་ལྡོག་ཅིང། མཆོད་པ་ནི་རྡོ་རྗེ ་སེམས་དཔའ་ཉིད་དུ་བྱེད་པའོ། །སྔགས་རྣམས་ནི་ཡི་གེ་ཨོཾ་ལ་སོགས་པའོ། །དངོས་གྲུབ་བྱེད་པ་ནི་དེ་རྣམས་ཀྱི་སྒོ་ནས་ཞི་བ་ལ་སོགས་པའི་ལས་སྒྲུབ་པར་བྱེད་པ་སྟེ། གསང་བའི་དབང་ཐོབ་པའི་རྣལ་འབྱོར་པས། སྔགས་ཐམས་ཅད་འགྲུབ ་པར་འགྱུར་ཏེ། རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །གསང་བ་ནི་སྤ་བར་བྱའོ། །ཡང་ན་རྭ་རྡོ་རྗེ་རྩེ་མོ་དང་འདྲ་བ་ཡིན་པའི་ཕྱིར་དང། ཧ་ནི་བྱའི་གདོང་དང་འདྲ་བའི་ཕྱིར་དང་ཧ་རྡོ་རྗེ་དང་པདྨའོ། །ས་ནི་འཛག་པའོ། །ར་དང་ཧ་ལས་འཛག་པས་ན་ར་ཧ་ས ་ནི་གསང་བ་སྟེ། རྡོ་རྗེ་དང་པདྨ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོའོ། །ཡེ་ཤེས་ནི་ལྔ་དང། རྡོ་རྗེ་ཅན་ནི་དེ་བཞིན་གཤེགS་པ་རྣམས་ཏེ་ཡེ་ཤེས་ཀྱི་རང་བཞིན་ཡང་ཡིན་ལ་། རྡོ་རྗེ་ཅན་ཡང་ཡིན་པས། ཡེ་ཤེས་རྡོ་རྗེ་ཅན་ཏེ། བར་གྱི་ཚིག་མི ་མངོན་པའི་ལས་འཛིན་པའི་བསྡུ་པའོ། །དེ་རྣམས་ཀྱི་དེ་ཆོས་ཀྱི་སྐུ་དེ་འཛིན་པས་ན་རྡོ་རྗེ་འཛིན་ནོ། །མཚན་དང་དཔེ་རྩི་བཤད་གཅིའོ། །དེ་སྟོན་པར་བྱེད་པའི་གཞུང་གི་ཆོགས་ནི་བཤད་གཅིའི་ལེའུ་ཞེས་བྱ་བའོ། །རྒྱུད་འགྲེལ་ལས་ལེའུ་བརྒྱད་པའི ་ཚིག་གི་དོན་བཅུ་དྲུག་གི་བཤད་པའོ།། །།ལེའུ་བརྒྱད་པའི་ཚིག་སུ་བཅད་པའི་གྲངས་ནི་ཉིས་བརྒྱ་ཉི་ཤུ་རྩ་ལྔའོ། །གསང་པའི་དབང་ཐོབ་ནས་རྡོ་རྗེ་འཆང་ཆེན་པོ་ཉིད་དེའི་དུས་སུ་གྲུབ་པར་བྱ་བའི་ཕྱིར། དྲག་ཤུལ་གྱི་རྣལ་འབྱོར་གྱི་ཏིང ་ངེ་འཛིན་གཙོ་བོར་གྱུར་པའི་ལེའུ་དགུ་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ནི་ཆོས་ཀྱི་སྐུ་དེ་འཛིན་པས་ན་རྡོ་རྗེ་འཛིན་ནོ། །མཚན་དང་དཔེ་བྱང་ལྡན་པའི་ལོངས་སྤྱོད་རྫོགས་པའི་སྐུས་མཛེས་པས་ན་རྒྱལ་པོའོ།། ་སྤྲུལ་པའི་སྐུ་རྣམས་ཀྱིས་ནམ་མཁའ་མ་ལུས་པར་ཁྱབ་པར་མཛད་པས་ན་ཐམས་ཅད་ནམ་མཁའ་ཨོ། །རྣམ་པ་བཅུ་གཉིས་ཀྱི་འཁོར་ལོ་བསྐོར་བས་ན་མི་འགྱུར་བ་ཆེའོ། །སློབ་དཔོན་དང་གསང་བ་དང་ཤེས་རབ་མ་སྟེ་ཐམས་ཅད་དབང་བསྐུར་པའོ། །དེ་རྣམས ་ཀྱི་སྤྱོད་པ་ནི་ཇི་བཞིན་དུ་ནན་ཏན་ནོ། །དེ་ཉིད་ཀྱི་མཚོན་ནི་བཞི་པ་སྟེ། དེ་ཡང་དེ་བཞིན་གྱི་རང་བཞིན་ནོ། །ཀུན་དོན་ནི་ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་ཏེ། དེ་རྣམས་ཀྱི་དབང་ཕྱུག་དམ་པ་ནི་སྤྲུལ་པར་མཛད་པའོ། །དེ་ལྟ་བུའི་རྡོ་རྗེ་འཆང་ཆེན་པོའི་དཀྱིལ ་འཁོར་རབ་ཏུ་བཤད་པའོ། །ཚིག་གི་འབྲེལ་པའོ། །ཇི་ལྟ་བུ་ཞེ་ན། རྡོ་རྗེ་གསུམ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་རྣམས་ཀྱི་སད་པར་བྱེད་པའི་དཀྱིལ་འཁོར་ཏེ། ཉི་མའི་དཀྱིལ་འཁོར་བསམ་།དཀྱིལ་འཁོར་ནི་དེ་བཞིན་གཤེགས་པ་ལྔའི་དཀྱིལ་འཁོར ་རོ།། སྐུ་གསུང་ཐུགས་ནི་རྣལ་འབྱོར་པའི་ལུས་ལ་སོགས་པ་སྟེ་། དེ་ལ་ལོངས་སྤྱོད་པ་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་གི་ཏིང་ངེ་འཛིན་གྱི་ལོངས་སྤྱོད་ཀྱི་བདེ་བ་སྟེར་བའོ། །མཆོག་ནི་ཐམས་ཅད་སྐྱོང་བའོ། །གསང་བ་ནི་སྲོག་གཅོད་པ་ལ་སོགས་པའི ་འགལ་པའི་སྒྲས་བསྟན་པར་བྱ་བའོ། །སངས་རྒྱས་ཡེ་ཤེས་ནི་ཡེ་ཤེས་ལྔ་སྟེ་། དེ་རྣམས་ཐོབ་པའི་ཕྱིར་སངས་རྒྱས་ཡེ་ཤེས་ཅན་ནོ། །ནམ་མཁའ་ཨི་དབྱིངས་ཀྱི་དབུས་གནས་པར་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་ཨི་དབྱིངས་ནི་སྙིང ་གའོ། །དེའི་དབུས་སུ་གནས་པ་སངས་རྒྱས་དཀྱིལ་འཁོར་ནི། རབ་ཏུ་སད་པར་བྱེད་པའི་དཀྱིལ་འཁོར་ཏེ། ཉི་མའི་དཀྱིལ་འཁོར་བསམ་པར་བྱའོ། །དེའི་སྟེང་དུ་སྤྲོ་བ་དང་བསྡུ་བའི་སྦྱོར་བས་ཡི་གེ་གསུམ་ལས་བྱུང་བའི་རྡོ་རྗེ་མི་བསྐྱོད་པའི་ལེའུ་དང་པོ ་ལས་བཤད་པའི་ཞལ་དང་ཕྱག་མཚན་དང་སྐུ་མདོག་ལྡན་པར་བསྒོམ་ཞིང་དེ་ཉིད་ཀྱི་ལག་ཏུ་རྡོ་རྗེ་ནི་ཕྱག་མཚན་གཙོ་བོ་སྟེ། གཞན་རྣམས་ཀྱང་ཇི་ལྟར་བྱུང་བ་བསྒོམ་པར་བྱའོ། །ཇི་ལྟ་བུ་ཞེ་ན། འོད་འཕྲོ་མང་པོ་ནི་མཱ་མ་ཀཱི་སྟེ་དེས་འཁྱུད་པའོ། །འོད ་ཟེར་སྣ་ལྔ་ནི་དེ་བཞིན་གཤེགས་པ་ལྔའི་རིགས་ཅན་གྱི་དཀྱིལ་འཁོར་པ་རྣམས་སོ། །རབ་ཏུ་གང་བ་ནི་དེ་དག་གིས་རིམ་པ་ཇི་ལྟ་བ་བཞིན་དུ་བསྐོར་པའོ། །དེའི་རྗེས་ལ་མཱ་མ་ཀཱི་དང་གཉིས་སུ་མེད་པའི་སྤྱོར་བས་ཆགས་པ་ཆེན་པོའི ་སྒྲས་སངས་རྒྱས་ནི་ནམ་མཁའ་ཨི་དབྱིངས་ལ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་དང། དུས་གསུམ་པ་ནི་ལུས་ངག་ཡིད་ཀྱི་མི་དགེ་བ་བཅུ་བྱེད་པའི་སེམས་ཅན་རྣམས་ཁར་ཞུགས་ཏེ་ཡེ་ཤེས་སེམས་དཔའ་ཨི་ཁ་ལས་རྩ་དབུས་མ་ནས་ལྟ ་མོའི་པདྨར་སྤྲོས་ཏེ། དེར་ཡང་རིམ་པ་ཇི་བཞིན་དུ་བསམས་ལ། རྡོ་རྗེ་ནི་ཡི་གེ་ཧཱུཾ་ལས་བྱུང་བའི་གསང་བའི་རྡོ་རྗེས་ཕྱེ་མར་བརླག་པར་ནི་འཇིག་པར་བྱའོ། །དེའི་ཚེ་དེ་རྣམས་ཀྱི་སྐུ་གསུང་ཐུགས་ནི་མཚམས་མེད་པ་ལ་སོགས་པའི་བྱེད་པའི་ལུས་ལ ་སོགས་པ་ལོངས་སྤྱོད་ནི་རྣམ་པ་དང་བཅས་པ་སྟེ། རྡོ་རྗེ་ཕྱེ་མར་བརླག་ཅིང་མེད་པར་གྱུར་པ་ནི་སྟོང་པ་ཉིད་དུ་བསམ་པར་བྱའོ། །དེའི་རྗེས་ལ་མཆོག་ནི་སངས་རྒྱས་ཐམས་ཅད་དང། གདུལ་བར་དཀའ་བའི་སེམས་ཅན་རྣམས་ཀྱི་རྣམ་པར་ཤེས་པ ་སྟེ། དེ་ཉིད་བསམ་གཏན་ནི་ཡི་གེ་གསུམ་གྱི་རྣམ་པ་རྩ་གསུམ་ལ་རིམ་པ་ཇི་ལྟ་བ་བཞིན་དུ་གནས་པར་བསམས་ཏེ། ཐུགས་ནི་ཡི་གེ་ཧོ་གཉིས་ལྷས་སྦྱིན་མ་དང། ནོར་རྒྱལ་མའི་རྩའི་གཉིས་པོ་ལ་གནས་པས་དག་པ་ཐོབ་པར་གྱུར་པ་ནི་བསྐོར་བ་བསྒོམ་པར ་བྱའོ། །རྡོ་རྗེ་གསང་བ་འདི་ལྟ་བུས་ཞེས་པ་ནི། བདག་ཉིད་ཀྱི་གསང་བའི་རྡོ་རྗེས་སེམས་ཅན་ཐམས་ཅད་ནི་ཡི་གེ་ལྔ་དེ་དག་བསད་པ་ན་ཡེ་ཤེས་སེམས་མའི་པདྨའི་རྩ་རྣམས་ལ་བསྐྱོད་ཅིང་།དེ་ཉིད་ཀྱི་སྟེང་གི་ལམ་ནས་ཞལ་ནས་ཕྱུང་སྟེ། དམ་ཚིག་སེམས ་མའི་ཞལ་དུ་ཞུགས་ལ་དེ་ཉིད་ཀྱི་པདྨ་ལས་དམ་ཚིག་སེམས་དཔའ་ཨི་རྡོ་རྗེར་ཕྱིན་ལ་དེ་ཉིད་ཀྱི་སྟེང་གི་ལམ་ནས་དམ་ཚིག་སེམས་དཔའ་ཨི་ཞལ་ནས་ཕྱུང་ཞིང་ནམ་མཁའ་ཨི་དབྱིངས་ལ་ཐིམ་སྟེ། དེ་བཞིན་གཤེགས་པ་མི་བསྐྱོད་པ་འཁོར་དང་བཅས་པ་བསམ ་པར་བྱའོ། །མི་བསྐྱོད་པ་སངས་རྒྱས་ཞིང་དག་ཏུ་ཞེས་པ་ནི་མངོན་པར་དགའ་བའི་འཇིག་རྟེན་གྱི་ཁམས་ལ་རྒྱལ་བ་ནི་དེ་བཞིན་གཤེགས་པ་རྣམས་དང། སྲས་ནི་བྱང་ཆུབ་སེམས་དཔའ་རྣམས་སྐྱེ་བར་འགྱུར་རོ། །ཞེ་སྡང་གི་རིགས་ནི་མི་བསྐྱོད་པའི་རིགས ་ཀྱི་དམ་ཚིག་འདི་ནི་བསྒོམ་པའི་རིམ་པ་སྟེ། དེ་ཁོ་ན་ཉིད་བསྐྱེད་པའི་རིམ་པ་ཇི་བཞིན་དུ་ཤེས་པར་བྱ་བ་ནི་བསྒོམ་པར་བྱ་སྟེ་བསྐྱེད་པའི་རིམ་པའོ། །དེ་ཉིད་ཀྱི་ཕྱིར་གསང་བའི་མཛོད་ཀྱི་ནོར་བུའི་ཐིག་ལེའི་རྒྱུད་ལས། བཅོམ་ལྡན་འདས་ཁམས་གསུམ ་རྣམ་པར་རྒྱལ་བས་རྡོ་རྗེ་ཧཱུཾ་མཛད་ཀྱི་གཟུགས་སྤྲོས་ཏེ་ལྷ་ཆེན་པོ་བསད་ལ་སླར་ཡང་གསོ་པར་བྱ་སྟེ་ཐལ་བས་གཡོག་པའི་འཇིག་རྟེན་གྱི་ཁམས་ལ་ཐལ་པའི་དབང་ཕྱུག་ཅེས་བྱ་བའི་དེ་བཞིན་གཤེགས་པ་རབ་ཏུ་བཞག་གོ། ཏིང་ངེ་འཛིན་འདི་ཉིད་ཀྱིས ་སྙིང་རྗེ་ཆེན་པོས་དཀོན་མཆོག་གསུམ་ལ་གནོད་པ་ཅན་གལ་ཏེ་བསད་ན་དེའི་ཚེ་སྡོམ་པ་ཉམས་པར་མི་འགྱུར་རོ། །སྲོག་གཅོད་པ་ནི་ཡན་ལག་ལྔ་པ་སྟེ། ཡན་ལག་གཅིག་མེད་ན་ཡང་སྲོག་གཅོད་པར་མི་འགྱུར་ཏེ། འོན་ཀྱང་སྙིང་རྗེ་ཆེན་པོས་དེ ་བཞིན་གཤེགས་པ་ཉིད་དུ་བྱེད་པ་སྨོས་ཅི་དགོས་། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། གཏི་མུག་གི་རིགས་ཀྱི་དམ་ཚིག་བཤད་པར་བྱ་སྟེ་། རྡོ་རྗེ་འཛིན་ནི་རྡོ་རྗེ་སེམས་དཔའ་ཨོ། །ཡེ་ཤེས་དང་ཐར་པ་ནི་ཡེ་ཤེས་ཐར་པ་སྟེ། དེ ་དག་རབ་ཏུ་སྒྲུབ་པར་བྱེད་པ་གང་ཡིན་པ་དེ་ནི་དེ་བཞིན་ནོ། །དག་པ་ཀུན་གྱི་རང་བཞིན་ཡིན་པའི་ཕྱིར་ངོ་བོ་ཉིད་དག་པའོ། །འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་དྲི་མས་མ་གོས་པས་གོས་པ་མེད་པའོ། །བྱང་ཆུབ་སྤྱོད་པ་སྔགས་ཀྱི་སྤྱོད་པ ་སྟེ། དེ་ཉིད་ལ་བྱ་བའི་རྒྱུད་ཀྱི་རྣལ་འབྱོར་པ་རྣམས་ཞུགས་པར་བྱེད་པ་ནི་བྱང་ཆུབ་སྤྱོད་པ་རབ་ཞུགས་པའོ། །དེ་ལྟ་བུའི་བཅོམ་ལྡན་འདས་ཀྱིས་དམ་ཚིག་བཀའ་སྩལ་ཏོ་ཞེས་སྦྱར་ཏོ། །དམ་ཚིག་ནི་སེར་སྣ་ཅན་གྱི་སེམས་ཅན་གྱི་ཁམས་འདུལ ་པའི་དམ་ཚིག་གོ། ཡང་དག་པ་ནི་དེ་ཁོ་ན་ཉིད་ཐོབ་པར་བྱེད་པའོ། །སངས་རྒྱས་བྱང་ཆུབ་ནི་རྣམ་པར་སྣང་མཛད་ཉིད་དུ་བྱེད་པ་སྟེ། དེ་ཉིད་སྒྲུབ་པར་བྱེད་པའོ། །ནམ་མཁའ་ཨི་དབྱིངས་ཞེས་བྱ་བ་ལ་སོགས་པ་ལ་། ནམ་མཁའ་ཨི་དབྱིངས་ནི་ལྟེ་བ་སྟེ། དེའི ་དབུས་སུ་གནས་པའི་ཡི་གེ་གསུམ་ལས་བྱུང་བའི་འཁོར་ལོའི་དཀྱིལ་འཁོར་ནི་། ཟླ་བའི་དཀྱིལ་འཁོར་བསམས་ཏེ་། དེའི་སྟེང་དུ་སྤྲོ་བ་དང་བསྡུ་བའི་རིམ་པས་ཡི་གེ་གསུམ་ཁོ་ན་ལས་འབྱུང་བའི་རིམ་པས་ཇི་ལྟར་བཤད་པའི་སྐུ་མདོག་ལ་སོགས ་པ་དང་ལྡན་པ་དང། ལྷ་མོ་སྤྱན་དང་བཅས་པ་རྣམ་པར་སྣང་མཛད་བསམས་ཏེ། སངས་རྒྱས་ཐམས་ཅད་ནི་སྔ་མ་བཞིན་དུ་དཀྱིལ་འཁོར་པ་རྣམས་ཀྱང་བསྒོམ་པ་ནི། རིམ་པ་ཇི་བཞིན་དུ་དགོད་པར་བྱའོ། །དེའི་རྗེས་ལ་རིན་ཆེན་ཀུན་ནི་ཁ་དོག་ལྔའི ་རིན་ཆེན་རྣམས་སོ། །དེ་རྣམས་ཀྱི་སྦྱོར་བ་ནི་སྐུ་མདོག་དེ་དང་འདྲ་བའི་རྡོ་རྗེ་གཟུགས་ནི་ཁྲོ་བོ་རྒྱལ་པོ་བཅུའི་སྐུ་བསམས་ཏེ་། ཡེ་ཤེས་སེམས་མའི་པདྨ་ལས་སྔ་མ་བཞིན་དུ་ཕྱི་རོལ་ཏུ་སྤྲོས་ཏེ། སེར་སྣ་ཅན་གྱི་སྐྱེས་པའི་མཛོད་ལ་ཞུགས་ཤིང་ཉིད ་ཀྱི་སྐུ་མདོག་དང་མཚུངས་པའི་རིན་པོ་ཆེ་ལ་སོགས་པ་རང་དཀྱིལ་འཁོར་གྱི་སྦྱོར་བས་ཞགས་པ་དང་ལྕགས་ཀྱུ་དག་གིས་འདྲེན་ཅིང་རང་གི་མཛོད་ལ་ཞུགས་པར་བསམས་ཏེ། ཁྲོ་བོའི་སྐུ་དེ་རྣམས་ཀྱང་སྔ་མ་བཞིན་དུ་དེ་ཉིད་དུ་ཐིམ་པར་བསམ་པར་བྱའོ། །ནོར་རྣམས ་ཐམས་ཅད་ནི་རིན་པོ་ཆེ་ལ་སོགས་པ་སྟེ་། དེ་རྣམས་རྡོ་རྗེ་གསུམ་ནི་ཁྲོ་བོའི་རྒྱལ་པོའི་སྐུ་རྣམས་ཀྱིས་འཕྲོག་པ་ནི་འགུགས་པར་བསམ་ལ། དེ་ནས་སེམས་ཅན་དེ་རྣམས་ནོར་གྱི་རྒྱ་མཚོས་གང་བ་ནི་ནོར་གྱི་བདག་པོ་དང་ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་གྱུར་ཅིང། སངས ་རྒྱས་སྐུའི་སྲས་ལྷ་ཛམྦྷ་ལ། ལ་སོགས་པའི་བྱང་ཆུབ་སེམས་དཔའ་དང་འདྲ་བ་དང། ཐོབ་པའི་སྐྱེས་བུ་ནི་རིན་ཆེན་འབྱུང་ལྡན་དང་འདྲ་བར་འགྱུར་རོ། །འདི་ནི་གཏི་མུག་གི་རིགས་ཀྱི་དམ་ཚིག་ནི་རྣམ་པར་སྣང་མཛད་ཀྱི་རིགས་ཀྱི་བསྒོམ་པའི་རིམ་པ་ཤེས་པར་བྱའོ། ་རིགས་ཀྱི་རྒྱ་མཚོ་ཐམས་ཅད་ལས་ཤེས་པ་ནི་གལ་ཏེ་མི་བསྐྱོད་པ་ལ་སོགས་པའི་རྣལ་འབྱོར་རྣམས་ཀྱི་བསྒོམ་ན་དེའི་ཚེ་སྐྱོན་གང་ཡང་མ་ཡིན་ནོ་ཞེས་དགོངས་པའོ། །དེ་ནི་བསྐྱེད་པའི་རིམ་པའོ། །འོ་ན་ཇི་ལྟར་ནོར་གྱི་བདག་པོ་དེ་རྣམས་ནི་ཛམྦྷ་ལ་ལ་སོགས་པ ་དང་འདྲ་བར་གྱུར་བ་སྟེ། འོན་ཀྱང་དེ་རྣམས་ཀྱིས་ནི་དད་པས་སྦྱིན་པ་མ་བཏང་བས་སྟོབས་ཀྱིས་བླང་བའི་རྫས་དེ་ཐོས་ནས་འོན་ཀྱང་སེམས་སྡུག་བསྔལ་དང་ལྡན་པར་གྱུར་ཏེ་། འབྲས་བུ་དང་འབྲེལ་པ་ཇི་ལྟར་ཡིན། ཇི་སྐད་དུ་། གང་ཞིག་ཡིད་ཀྱིས་བསམས ་ནས་ནི་།སླར་ཡང་མི་དེས་མི་སྦྱིན་ན། །དངོས་པོ་ཆུང་བ་ཚམ་གྱིས་ཀྱང། །དེ་ནི་ཡི་དགས་ཉིད་དུ་འགྱུར་ཞེས་གསུངས་པ་དང། དད་པ་ཡིས་ནི་སྦྱིན་པར་བྱ་ཞེས་གཞན་ལས་ཀྱང་གསུངས་སོ་ཞེ་ན་། འདིར་སྨྲས་པ་། བྱང་ཆུབ་སེམས་དཔས་ནི་ཐམས་ཅད་ལས ་ཀྱང་ཐམས་ཅད་དུ་མ་བྱིན་པར་ལེན་པ་ལས་ཐམས་ཅད་དུ་ལྡོག་པར་བྱའི་སེར་སྣ་ཅན་ནི་མ་གཏོགས་སོ་ཞེས་གསུངས་སོ། །འདིར་ཡང་རིགས་པ་ནི་གང་གི་ཚེ་རྣལ་འབྱོར་བས་ཁྲོ་བོའི་རྒྱལ་པོའི་སྒོ་ནས་ནོར་འཕྲོག་པ་དེའི་ཚེས་བཅུའི་དབང་ཕྱུག་གི་ལག་ན ་ཐོབ་པས་ནོར་གྱི་བདག་པོ་འབྲས་དང་འབྲེལ་པར་འགྱུར་རོ། །རྐུན་མ་ལ་སོགས་པས་ཀྱང་འཕྲོག་པ་ཡང་ཚེ་ཕྱི་མར་དྲུག་འགྱུར་དུ་འགྱུར་ཏེ་། མེས་ཚིག་པ་དང་ཆུས་ཁྱེར་བ། །རྒྱལ་པོ་རྣམས་ཀྱི་གང་ཕྲོགས་ཏེ། །རང་གིས་སྦྱིན ་པ་གང་ཡིན་པ། །ཚེ་ཕྱི་མར་དེ་དྲུག་འགྱུར་འགྱུར་ཞེས་སྨོས་བ་ན་བྱང་ཆུབ་སེམས་དཔའ་ཨི་ལག་ན་གནས་པ་སྨོས་ཅི་དགོས། བསམ་པ་མེད་དོ་ཞེ་ན། བསམ་པས་ཅི་ཞིག་བྱ། སེར་སྣ་ཅན་ལ་བསྐལ་པ་བརྒྱ་སྟོང་གིས་སྦྱིན་པའི་བསམ་པ་ནི་མེད ་དེ། དེ་བས་ན་ཡི་དགས་ཉིད་དུ་རུང་བ་འམ། འོན་ཏེ་བྱང་ཆུབ་སེམས་དཔའ་ཉིད་དུ་རུང། །བསང་བྱའི་ལག་པ་བཅད་ནས་ནི། །གཏོང་བ་ཡིན་ན་ཅི་མ་རུང། །མི་ངལ་བས་ནི་དམྱལ་བ་ལས། །གཏོང་བ་ཡིན་ན་ཅི་མ་རུང་ཞེས་འབྱུང་ངོ། །ཡང་ན་རྣལ ་འབྱོར་པས་ནི་ནོར་དགུག་ཅིང། དེའི་སྡུག་བསྔལ་ལྟས་ཏེ་ཡང་དེ་ལ་སྦྱིན་ཞིང། སྦྱིན་པ་བསྟན་པས་འདུལ་ཏེ་ནོར་ཀུན་གཏོང་བ་ལ་འཇུག་ཅིང་ལམ་ལ་གནས་ཤིང་སེར་སྣ་ཅན་ནི་སངས་རྒྱས་ཉིད་ལ་བཞག་བར་བྱ་སྟེ་། ཧ་ཅང་ཐལ་བར་འགྱུར་བས ་ཆོག་གོ། ནམ་མཁའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་ཆགས་ཀྱི་རིགས་ཀྱི་དམ་ཚིག་བཤད་པར་བྱ་སྟེ། ནམ་མཁའ་ཨི་དབྱིངས་ཀྱི་ཡེ་ཤེས་ཀྱི་ལྷ་མོའི་པདམོའོ། །དེ་ལ་སྔ་མ་བཞིན་དུ་པདྨའི་དཀྱིལ་འཁོར་ན་ཡི་གེ་གསུམ་ཡོངས་སུ ་གྱུར་བ་ལས་སྐྱེས་པ། པདྨ་དང་ཟླ་བའི་དཀྱིལ་འཁོར་བསྒོམས་ཏེ། དེའི་དབུས་སུ་ཡི་གེ་གསུམ་ལས་འབྱུང་པ་ཚེ་དཔག་ཏུ་མེད་པ་དབྱིངས་དང་ཁ་དོག་ཇི་ལྟར་ལྡན་པ། སངས་རྒྱས་ཐམས་ཅད་ནི་དཀྱིལ་འཁོར་པ་རྣམས་ཀྱིས་སྔ་མ་བཞིན་དུ ་བསྐོར་བར་བསམ་མོ། །གང་ཞིག་བུད་མེད་དང་སྐྱེས་པའི་རྣམ་པ་དཀྱིལ་འཁོར་པ་དེ་རྣམས་ཐམས་ཅད་བུད་མེད་ལྟ་བུ་ནི་གོས་དཀར་མོའི་རིགས་ཅན་གྱི་ལྷ་མོ་རྣམས་བསམ་མོ། །ཕྱི་རོལ་ཏུ་ཡང་དམ་ཚིག་བཞི་ནི། སྒོ་ང་ལས་སྐྱེས་བ་དང། ་དྲོད་གཤེར་ལས་སྐྱེས་པ་དང། མངལ་ནས་སྐྱེས་པ་དང། བརྫུས་ཏེ་སྐྱེས་པའི་བུད་མེད་རྣམས་འོད་ཟེར་གྱི་ལྕགས་ཀྱུས་དགུག་པ་དང་གཞུག་པ་དང་དབང་དུ་བྱས་ཏེ། དེའི་སྦྱོར་བས་གཅིག་ཏུ་བྱས་ཤིང་ཡང་གོས་དཀར་མོ་དང་གཉིས་སུ་མེད་པའི་སྦྱོར་བས་དེ ་བཞིན་གཤེགས་པ་ཐམས་ཅད་ལ་རྗེས་སུ་ཆགས་པའི་སྔགས་བརྗོད་བཞིན་པས་དེ་ཀུན་སྤྱོད་པར་བྱའོ། །ཡང་དེ་ཀུན་སྤྲོས་ཏེ་བདེ་བ་ཅན་གྱི་འོད་དཔག་ཏུ་མེད་པའི་ཏིང་ངེ་འཛིན་ལ་བཞག་པར་བྱའོ། །འདི་ནི་ཚུལ་མཆོག་སྟེ་བྱང་ཆུབ་ཀྱི་སེམས་ལས་འདོད་ཆགས ་ཀྱི་ཚུལ་གྱིས་བྱང་ཆུབ་ཐོབ་པར་བྱེད་པའི་བསམ་གཏན་ནོ། །དེ་ཉིད་ཀྱི་ཕྱིར་སངས་རྒྱས་ཐམས་ཅད་ནི་སེམས་ཅན་གྱི་རིགས་རྣམ་པ་བཞིའོ། །རྡོ་རྗེ་མི་ཕྱེད་གསུམ་ཞེས་བྱ་བ་འོད་དཔག་ཏུ་མེད་པའི་སྒོམ་པ་སྟེ་དེའི་གོ་འཕང་ཐོབ་པར་བྱེད་བའོ། །འདི་ནི ་འདོད་ཆགས་ཀྱི་རིགས་ཀྱི་དམ་ཚིག་སྟེ། གསུང་གི་རིགས་ཀྱི་དམ་ཚིག་སྔགས་པ་རྣམས་བོར་པས་བསྒོམ་པར་བྱ་སྟེ་བསྐྱེད་བའི་རིམ་པའོ། །ལས་ཀྱི་རིགས་ཀྱི་དམ་ཚིག་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ནི་བྱ་བ་ནན་ཏན་གྲུབ་པའི་ཡེ ་ཤེས་འཛིན་པས་ན་རྡོ་རྗེ་འཛིན་ནོ། །ལས་ཐམས་ཅད་པ་ཡིན་པས་ན་རྒྱལ་པོའོ། །སྔགས་ཐམས་ཅད་ནི་བརྫུན་གྱི་ཚིག་སྟེ། དེ་རྣམས་ཀྱི་དོན་ནི་ངོ་བོ་ཉིད་མེད་པ་དེ་སྒྲུབ་པ་ནི་སྟོན་པའོ། །ཡེ་ཤེས་ནི་ཆོས་ཐམས་ཅད་ཡོངས་སུ་ཤེས་པས་བདག་མེད་པ་ནི ་ཐམས་ཅད་སྟོང་པ་ཉིད་། འབྱུང་བ་ནི་བསྐྱེད་པར་མཛད་པ་དེ་ལ་དེ་སྐད་ཅེས་བྱའོ། །གསུང་ནི་འདི་སྐད་བཀའ་སྩལ་པ་སྟེ། འོག་ནས་བཤད་པའི་མན་ངག་གསུངས་པའོ། །ནམ་མཁའ་ཨི་དབྱིངས་ནི་རྩ་དབུས་མ་སྟེ་དེ་ལ་གནས་པ་སངས་རྒྱས་དཀྱིལ་འཁོར ་ནི་ཟླ་བའི་དཀྱིལ་འཁོར་རོ། །དེ་ལ་སྔར་བཤད་པའི་རིམ་གྱིས་དོན་ཡོད་གྲུབ་པ་བསམས་ཏེ་། སངས་རྒྱས་ཐམས་ཅད་ནི་དཀྱིལ་འཁོར་བ་རྣམས་ཀྱང་བསམས་ལ། དེར་ཁམས་གསུམ་པ་ཡང་ཞུགས་ལ་དཀྱིལ་འཁོར་པ་དང་གཅིག་ཏུ་བྱས་ཤིང་སྐུ ་དེ་ཀུན་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཏེ། བརྫུན་སྨྲ་བ་ནི་འདུས་བྱས་པ་ཐམས་ཅད་མི་རྟག་པ་དང། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ། ཆོས་ཐམས་ཅད་བདག་མེད་པ་དང། མྱ་ངན་ལས་འདས་པ་སྟོང་པ་ཞི་བ་སྟེ། ་རྟོན་པ་བཞི་འམ། རྣམ་པར་ཐར་པའི་སྒོའི་བཞིའི་ཚིག་གིས་དངོས་པོ་ཐམས་ཅད་བརྫུན་པ་ཉིད་དུ་བརྗོད་པར་བྱེད་པ་བསམ་པར་བྱའོ། །འདིས་ནི་འདི་སྐད་བཤད་པ་ཡིན་ཏེ། རྒྱལ་བ་ནི་དེ་བཞིན་གཤེགས་པ་དང། རྒྱལ་བའི་གནས་ནི་དཀྱིལ ་འཁོར་པ་སྟེ་། དེའི་བདག་ཉིད་གཅིག་ཏུ་གནས་པ་འདི་ལྟར་བསླུ་བར་བྱ་སྟེ། ཆོས་རྣམས་སྒྱུ་མ་ལྟ་བུར་སློབ་ཏུ་གཞུག་གོ། དེ་ནི་སངས་རྒྱས་ཐམས་ཅད་ནི་འགྲོ་བ་ཐམས་ཅད་ཀྱི་དྲི་མ་མེད་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །ནམ་མཁའ་ནི་དག་གི་ ་ལམ་གྱིས་བྱང་ཆུབ་པོ། །སྔགས་ནི་སྒྲུབ་པོ་རྣམས་ཏེ། ཡེ་ཤེས་བློ་ཅན་ནི་གཉིས་སུ་མེད་པའི་ཡེ་ཤེས་འདོད་པ་རྣམས་ཀྱིས་གསང་བ་ནི་བླང་བར་བྱ་བའོ། །དམ་ཚིག་འགུགས་པའི་རིགས་ནི་དོན་ཡོད་གྲུབ་པའི་རིགས་ཀྱི་དམ་ཚིག་ནི་བསྒོམ ་པའི་རིམ་པ་སྟེ་། སྤྲོ་བ་ནི་ཞེས་པར་བྱའོ། །དེ་ནི་བསྐྱེད་པའི་རིམ་པའོ། །རིན་ཆེན་རིགས་ཀྱི་དམ་ཚིག་བཤད་པར་བྱ་སྟེ། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། དེ་འཛིན་པས་ན་རྡོ་རྗེ་འཛིན ་ཏོ། །ནམ་མཁའ་མཛོད་ཉིད་ཀྱིས་མཛེས་པས་ན་རྒྱལ་བའོ། །རྡོ་རྗེ་གསུམ་མི་ཕྱེད་པས་ན་། རྡོ་རྗེ་མི་ཕྱེད་གསུམ་མོ། །རྒྱལ་བ་ནི་རྒྱས་པ་སྟེ་དེ་ཉིད་ཀྱི་གནས་ནི་འབྱུང་གནས་སོ། །དངོས་གྲུབ་ནི་ཚིག་རྩུབ་མོ་ལ་སོགས་པའི་སྐྱོན་གྱིས་རྡོ་རྗེ་འཆང་ཆེན ་པོ་ཉིད་དུ་བྱེད་པའོ། །རྡོ་རྗེ་ནི་འཇིག་རྟེན་པའི་དངོས་གྲུབ་སྟེ་དེ་ཉིད་རབ་ཏུ་སྟོན་པ་ནི་གསུང་བ་སྟེ་དེ་བཞིན་ནོ། །ནམ་མཁའ་ཨི་དབྱིངས་ནི་རང་གི་ཕྱག་རྒྱ་མའི་ཆོས་འབྱུང་ངོ། །དེའི་དབུས་སུ་ནི་གནས་པ་ནི་དམ་ཚིག་གི་དཀྱིལ་འཁོར་ནི་ཉི་མའི་དཀྱིལ ་འཁོར་བསམས་ཏེ་། དེ་ནས་སྔ་མ་བཞིན་དུ་དེ་ཉིད་དུ་ཡི་གེ་གསུམ་གྱི་རིམ་པས་རིན་ཆེན་འབྱུང་ལྡན་ཕྱག་རྒྱ་མ་དང་དཀྱིལ་འཁོར་པ་རྣམས་དང་བཅས་པ་བསམས་ཏེ་། ཁམས་གསུམ་པ་ཡང་དེ་ཉིད་དུ་ཞུགས་ནས་དཀྱིལ་འཁོར་བའི་རྣམ་པས་བསྲེས་ལ་ཚིག ་རྩུབ་མོ་ལ་སོགས་པ་དང། སློབ་དཔོན་དང་བདེ་བར་གཤེགས་པའི་བཀའ་ལས་འདས་པ་ལ་སོགས་པ་ལས་འབྱུང་བའི་མནར་མེད་པ་ལ་སོགས་པའི་སྡུག་བསྔལ། དམ་ཚིག་ལས་འདས་པས་འདི་ནི་དམྱལ་བའི་ཆུ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ལ་ཉན་དུ་བཅུག ་ལ་དེའི་ནན་ཏན་གྱིས་བྱང་ཆུབ་ཐོབ་པའི་སེམས་ཅན་རྣམས་ཕྱི་རོལ་དུ་ནམ་མཁའ་ལ་དེ་བཞིན་གཤེགས་པའི་ངོ་བོ་སྤྲོ་བ་སྟེ། ཏིང་ངེ་འཛིན་དེ་ཉིད་ལ་བརྟེན་ནས་ཡེ་ཤེས་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ ་སོགས་པ་ལ་། དེ་བཞིན་གཤེགས་པ་ཐམས་ཅད་ནི་དཀྱིལ་འཁོར་ལྔ་སྟེ། དེ་རྣམས་རྡོ་རྗེ་ནི་སྲོག་གཅོད་པ་ལ་སོགས་པའི་རིམ་པས་རྡོ་རྗེ་འཆང་ཆེན་པོ་ཉིད་དུ་བྱེད་པ་སྟེ། དེ་ཉིད་ཀྱི་བཀོད་པ་ནི་ཐ་དད་པའི་སྒོམ་པའི་ཚོགས་གང་ལས་བྱུང་བ་དེ་ནི་རྡོ་རྗེ་འཆང ་ཆེན་པོས་དེ་ལྟར་བཀའ་སྩལ་ཏོ་ཞེས་སྔ་མ་དང་སྦྱར་རོ། །དེ་ནི་བསྐྱེད་པའི་རིམ་པ་དང་སྒྲུབ་པ་ངག་གོ། ཡང་ན་ནམ་མཁའ་ཨི་དབྱིངས་ནི་གནས་གསུམ་སྟེ་སྤྱི་པོ་དང་ལྐོག་མ་དང་སྙིང་ཀ་རྣམས་སོ། །དེའི་དབུས་སུ་གནས་པའི་སངས་རྒྱས་དཀྱིལ་འཁོར་ནི་དེ་བཞིན་གཤེཌ ་པའི་ས་བོན་རྣམས་ཡི་གེ་ཨོཾ་ཨཱ:ཧཱུཾ་བསྒོམས་ལ། རྡོ་རྗེ་མི་བསྐྱོད་ནི་ཡི་གེ་ཧཱུཾ་སྟེ། གཉི་ག་ཞུགས་པས་དེ་ཉིད་གཅིག་པུ་བསམ་ཞིང་ཡི་གེ་ཧཱུཾ་དེ་ཉིད་ཀྱི་ལག་པ་ནི་ཆ་གསུམ་སྟེ་། མགོ་བོ་དང་མགོ་པོ་མེད་པ་དང་དབྱངས་རྣམས་སོ། །དེ་རྣམས་རྡོ་རྗེ་ནི་ཐིག་ལེ ་བསྒོམ་པར་བྱའོ། །ཇི་ལྟ་བུ་ཞེ་ན། འོད་འཕྲོ་བ་ནི་འོད་ཟེར་རྣམས་ཀྱིས་ཁྱབ་པའོ། །འབར་བ་སྐར་མ་དང་འདྲ་བའོ། །དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཡིན་པའི་ཕྱིར་། འོད་ཟེ་སྣ་ལྔས་རབ་ཏུ་གང་བའོ། །དེ་ལྟ་བུའི་བསྒོམས་ནས། དུས་གསུམ་པོའི ་སངས་རྒྱས་ནི་ནམ་མཁའ་ལ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་བཀུག་ལ། རྡོ་རྗེ་ནི་ཐིག་ལེ་དེ་ཉིད་ཀྱིས་ཕྱེ་མར་བརླག་པ་ནི་གཅིག་ཏུ་བྱའོ། །གཞན་ཡང་སྐུ་གསུང་ཐུགས་ཀྱི་ལོངས་སྤྱོད་ཅེས་པ་ནི་བདག་ཉིད་ཀྱི་ལུས་ལ་སོགས ་པ་ཡང། རྡོ་རྗེ་ནི་ཐིག་ལེས་ཕྱེར?་བརླགས་པ་ནི་དེ་ཉིད་དུ་ཐིམ་པར་རོ་གཅིག་པར་བྱའོ། །མཆོག་དེ་ནི་ཕྲ་མོ་རྣལ་འབྱོར་གྱི་མཚན་ཉིད་ཅན་གྱི་བསམ་གཏན་བསྒོམས་ན། ཐུགས་ནི་སེམས་ཀྱིས་སྤྲོས་པའི་རྣམ་པར་རྟོག་པ། དག་པ་ཐོབ་པར་གྱུར་པ་ནི་སྦྱང་བར ་གྱུར་ཏོ། །རྡོ་རྗེ་གསང་བ་འདི་ལྟ་བུས་ཤེས་པ་ནི་ཡུངས་ཀར་གྱི་འབྲུའི་ཚད་ཙམ་གྱི་ཐིག་ལེ་འདིས། སེམས་ཅན་ཐམས་ཅད་ནི་ཨཱ་ལི་དང་ཀཱ་ལི་ལས་འབྱུང་བའི་རྣམ་པར་རྟོག་པ་ཐམས་ཅད་ལས། བསང་བ་ནི་རྒྱལ་བར་འགྱུར་རོ། །མི་བསྐྱོད་པའི་ཞིང ་ནི་སྙིང་གའོ། །རྒྱལ་བའི་སྲས་རྣལ་འབྱོར་པ་རྣམས་ཏེ་། སྐྱེ་བར་གྱུར་པ་ནི་བརྟན་པར་འགྱུར་རོ། །ཞེ་སྡང་གི་རིགས་ཀྱི་དམ་ཚིག་ནི་ཡི་གེ་ཧཱུཾ་ངོ། །དེ་ཉིད་ཀྱི་ཁོ་ན་ཉིད་ནི་ཐིག་ལེ་ཙམ་བསྒོམ་པའོ། །དེ་ཡང་དོན?་ཇི་ལྟ་བ་བཞིན་དུ་བླ་མའི་མན་ངག་ལས་ཤེས ་པར་བྱའོ། །ལྷ་མོ་བཞིས་ཡོངས་སུ་ཞུས་པ་ལས་ཀྱང་ཇི་སྐད་དུ། ཆ་གཉིས་པ་དང་ཞེས་པ་ལ་སོགས་པ་གསུངས་སོ། །རབ་ཏུ་བྱེད་པ་ལས་ཀྱང་། དང་པོ་གཅིག་དང་བར་དུ་དགུ་ཞེས་བྱ་བ་ནས། ངོ་མེད་ངོ་བོ་ལས་སྐྱེས་པའི་བར་འབྱུང་ངོ། །དེ་བཞིན་དུ ་དོན་རྟོགས་པའི་བཟླས་པ་ཡིས་ཞེས་བྱ་བ་ལ་སོགས་པའི་ཚིགས?་སུ་བཅད་པ་འབྱུང་ངོ། །དེ་ནི་རྡོ་རྗེ་བཟླས་པའི་རིམ་པའོ། །ནམ་མཁའ་ཨི་དབྱིངས་ནི་རྩིབས་བརྒྱད་པའི་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོའོ། །དེའི་དབུས་སུ་གནས་པ་འཁོར་ལོ་ནི་ཟླ་བ་དང། དཀྱིལ ་འཁོར་ནི་ཉི་མ་དང། རྣམ་པར་སྣང་མཛད་ནི་རྗེས་སུ་འཇུག་པའི་དབྱངས་དང་སངས་རྒྱས་ཐམས་ཅད་ནི་ཆོག་དྲག་བསྒོམས་ཏེ་། རིན་ཆེན་ཀུན་ནི་རྣམ་པར་ཤེས་པ་གསུམ་སྟེ། དེ་རྣམས་སྦྱོར་བ་ནི་སྣང་བ་ལ་སོགས་པའི་རིམ་པས། རྡོ་རྗེ་གཟུགས་ནི་འོད ་གསལ་བ་སྟེ་། རབ་ཏུ་བརྟགས་པ་ནི་བསྒོམ་པར་བྱའོ། །ནོར་རྣམས་ཐམས་ཅད་ནི་རང་བཞིན་བརྒྱ་དྲུག་ཅུའོ། །རྡོ་རྗེ་གསུམ་ནི་ཤེས་རབ་དང་ཐབས་དང་མ་རིག་པའི་ངོ་བོས་བསྒོམ་པ་ནི་འོད་གསལ་བ་དེ་ཉིད་ལ་ཞུགས་པར་བྱའོ། །དེ་ལྟར་བྱས་ནས་ཡིད་བཞིན་ནོར་བུ་དང ་འདྲ་བ་ནི་རེ་བ་ཐམས་ཅད་རྫོགས་པར་བྱེད་པའི་རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར་རོ། །ནོར་ནས་བཅུ་དང། ཕ་རོལ་ཏུ་ཕྱིན་པ་རྣམས་སོ། །དེ་དག་གིས་གང་བཞི་དེ་རྣམས་རྫོགས་པར་འགྱུར་རོ། །ཇི་སྐད་དུ། དང་པོ་ལས་ཀྱི་སྦྱོར་བ་ཡིས། །ས་བརྒྱད་པ་ནི་ཐོབ་པར་འགྱུར།། ་སྣང་བ་གསུམ་ནི་མཐོང་བ་ཡིས། །བཅུ་པ་ལ་ནི་རབ་ཏུ་གནས་ཞེས་འབྱུང་ངོ། །སངས་རྒྱས་ཀུན་ནི་དེ་བཞིན་གཤེགས་པ་ལྔའི་ནང་ན། སྲས་ནི་ཐུགས་ལས་སྐྱེས་པ་སྟེ་བྱ་བ་ཐམས་ཅད་བྱེད་པས་སོ། །དེ་ཉིད་ཀྱི་ཕྱིར་ཐུབ་པའི་སྐྱེས་བུ་ནི་ཇི་སྲིད་རྡོ་རྗེ་འཆང་ཆེན་པོ་ཡིན ་ན། །གཏི་མུག་གི་རིགས་ནི་དེའི་རང་བཞིན་གྱི་རྣམ་པར་ཤེས་པ་གསུམ་དང། རིགས་ཀྱི་རྒྱ་མཚོ་ནི་རང་བཞིན་གྱི་ཚོགས་ཏེ་དེ་རྣམས་ཀྱི་དམ་ཚིག་ནི་མི་སྣང་བར་བྱེད་པའི་མཚན་ཉིད་ཅན་ལྟ་བུ་ཞེ་ན། འཁོར་བའི་བར་དུ་སེམས་ཅན་གྱི་དོན་མཛད་པའི་པའི་རིམ ་པའོ། །ནམ་མཁའ་ཨི་དབྱིངས་ནི་སེམས་རྣམས་རྣམ་པར་དག་པའི་རིམ་པས་འོད་གསལ་བ་སྟེ། དེའི་དབུས་སུ་གནས་པ་ནི་དེ་ཉིད་ལས་ཅིག་ཆར་དུ་ལྡང་བ་སྟེ། པདྨ་བཞིན་དུ་མི་གོས་པའི་དཀྱིལ་འཁོར་ནི་པདྨའི་དཀྱིལ་འཁོར་ཏེ། རྡོ་རྗེ་འཆང་ཆེན་པོའི་སྐུའོ། །ཇི ་ལྟ་བུ་ཞེ་ན། འཁོར་བའི་བར་དུ་སེམས་ཅན་གྱི་དོན་མཛད་པའི་ཕྱིར། དཔག་མེད་ཚེ་ན་ཡུན་རིང་བཞུགས་པའོ། །སངས་རྒྱས་རྣམས་ཀྱིས་ཐམས་ཅད་གང་པ་ནི། དེ་བཞིན་གཤེགས་པ་ཀུན་གྱི་རང་བཞིན་ནོ། །བུད་མེད་ནི་སྒྱུ་མ་སྟེ། དེ་དང་འདྲ་བའི་སྦྱོར་བ་ལ ་ནི་དེའི་རང་བཞིན་གྱི་སྐུའོ། །ཐམས་ཅད་ནི་སྒྱུ་མའི་དཔེ་བཅུ་གཉིས་ཀྱི་སྐུ་དེ་ཉིད་དུ་བསྒོམ་པར་བྱོའོ། །དམ་ཚིག་བཞི་ནི་ཕྱག་རྒྱ་བཞི་སྟེ། སྐུ་ནི་ཕྱག་རྒྱ་ཆེན་པོ་དང་གསུང་ནི་དམ་ཚིག་གི་ཕྱག་རྒྱ་དང། ཐུགས་ནི་ལས་ཀྱི་ཕྱག་རྒྱ་དང། ལྷ་མོ་ནི་ཡེ་ཤེས་ཀྱི ་ཕྱག་རྒྱའོ། །སྦྱོར་བ་དེ་ཉིད་ཀྱིས་རྡོ་རྗེ་ཚུལ་ནི་མི་ཕྱེད་པའི་ཏིང་ངེ་འཛིན་མཆོག་ནི་དམ་པ་བསྒོམ་པར་བྱའོ། །དབང་པོ་གཉིས་ནི་ཀུན་རྫོབ་དང་དོན་དམ་པ་སྟེ། བདེན་པ་གཉིས་སོ། །རབ་ཏུ་སྦྱོར་བ་ནི་དེ་དག་སྒྱུ་མ་ལྟ་བུར་སྣང་བའོ། །དེ་ཉིད ་ཀྱིས་དེ་དག་ཐམས་ཅད་ནི་ཕུང་པོ་ལ་སོགས་པ་ཉེ་བར་སྤྱད་པ་ནི་བལྟ་བར་བྱའོ། །རབ་ཏུ་བྱེད་པ་ལས་ཀྱང། སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །ཐམས་ཅད་དེ་དན་འདྲ་བའི་ལྷ། །གཟུགས་དང་དེ་བཞིན་ཚོར་བ་དང། །འདུ་ཤེས་དེ་བཞིན་འདུ་བྱེད་དང། །རྣམ ་པར་ཤེས་པ་ལྔ་པོ་དང། །དེ་བཞིན་ཁམས་ནི་བཞི་པོ་དང། །དབང་པོ་དེ་བཞིན་ཡུལ་རྣམས་དང། །ཡེ་ཤེས་ལྔ་ནི་དེ་བཞིན་དུ། །ཕྱི་དང་ནང་གི་ཐ་དད་པ། །ཐམས་ཅད་སྒྱུ་མ་གཞན་དུ་མིན། །མེ་ལོང་ལ་ནི་གཟུགས་བརྙན་བཞིན། །སྒྱུ་མའི་སྐུ་ནི་མཚོན ་པར་བྱ། །མདོག་ནི་འཇའ་ཚོན་དང་འདྲ་བ། །ཁྱབ་པ་ཉིད་ནི་ཆུ་ཟླ་བཞིན། །དྲི་མེད་གསལ་བ་མེ་ལོང་ལ། །གཟུགས་བརྙན་རབ་ཏུ་སྣང་བ་སྟེ། །དངོས་དང་དངོས་མིན་དང་བྲལ་བ། །རྡོ་རྗེ་སེམས་དཔའ་ལེགས་བྲིས་པ། །རྣམ་པ་ཐམས་ཅད་མཆོག་དང་ལྡན།། ་མཆོག་ནི་མི་ཤེས་སྐུ་མངའ་བ། །སློབ་མ་བཟང་ལ་གང་བསྟན་པ། །དེ་ནི་བདག་བྱིན་བརླབ་པར་བཤད། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ། །འདི་ནི་རྡོ་རྗེ་ཐམས་ཅད་ཀྱི་ཞེས་བྱ་བ་ནི། རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱི། མེ་བྱེད་སྐུ་གསུམ་ ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནོ། །བསྒོམ་པ་ནི་ལྡང་བའོ་ཞེས་ཚིག་གི་ལྷག་མའོ། །འདོད་ཆགས་ནི་སྙིང་རྗེ་སྟེ། དེ་ཉིད་ཀྱི་རིགས་ནི་སེམས་ཅན་དང་ཆོས་དང་དམིགས་པ་མེད་པའི་དབྱེ་བ་རྣམས་སོ། །སྙིང་རྗེ་དེ་ལྟ་བུ་རྣམ་པ་གསུམ་གྱིས་གང་ཞིག་དམ་ཚིག ་ནི་སྒྱུ་མ་ལྟ་བུའི་སྐུ་བླང་བ་སྟེ། དེ་ཉིད་རྣལ་འབྱོར་པས་བསྒོམ་པར་བྱ་སྟེ། བདག་ལ་བྱིན་གྱིས་བརླབ་པའོ། །ནམ་མཁའ་དབྱིངས་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་ཨི་དབྱིངས་ནི་འོད་གསལ་བའོ། །དེའི་དབུས་སུ་གནས་པའི་སངས་རྒྱས་ནི། འདོད ་ཆགས་བླན་པ་དང། འདོད་ཆགས་བར་པ་རྣམས་ཏེ། དེ་རྣམས་ཀྱི་དཀྱིལ་འཁོར་ནི་དེ་དག་གསུམ་པོ་བསྒོམ་པར་བྱ་བ་ནི་ཞུགས་པར་བྱའོ། །རྡོ་རྗེ་ཐོགས་མེད་ནི་བཞི་པ་སྟེ་ལྷན་ཅིག་སྐྱེས་པ་བསྒོམས་ལ། སངས་རྒྱས་ཐམས་ཅད་ནི་སྨིག་རྒྱུ་ལ་སོགས་པའི ་མཚན་མ་ལྔ་བསྒོམ་པར་བྱ་བ་ནི་མཚོན་པར་བྱ་བའོ། །དེའི་རྗེས་ལ་ཐམས་ཅད་གཟུགས་ནི་འདོད་ཆགས་ལ་སོགས་པའི་མིང་དུ་བྱས་ལ་དུས་མཚམས་དང་མཚན་མོ་དང་ཉིན་མོ་རྣམས་ཏེ། དེ་དག་རྡོ་རྗེ་ཚིག་གི་བརྫུན་སྨྲ་བ་ནི་བདེན་པ་མ་ཡིན་པའི་འདུ་ཤེས ་ཀྱིས་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །དེ་ལྟར་བྱས་ནས་རྒྱལ་བ་ནི་ཕུང་པོ་རྣམས་དང། རྒྱལ་བའི་གནས་ནི་ཁམས་དང་སྐྱེ་མཆེད་རྣམས་ཏེ། དེ་དག་བསླུ་བར་བྱ་བ་ནི་འོད་གསལ་བ་ལ་ཞུགས་པར་བྱའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ཞེས་བྱ་བ་ནི་འདོད་ཆགས ་ལ་སོགས་པའི་སྐད་ཅིག་མ་རྣམས་ཀྱི་གསུང་ནི། མན་ངག་གི་ཐོབ་པའི་ནམ་མཁའ་ཨི་ནི་བཞི་པའོ། །ཇི་ལྟ་བུ་ཞེ་ན། དྲི་མ་མེད་པ་ཞེས་པ་ནི་རང་བཞིན་གྱིས་དག་པའོ། །དེ་བཞིན་དུ་སྔགས་ནི་རྣལ་འབྱོར་པ་རྣམས་ཏེ། དེ་རྣམས་ཀྱི་དངོས་གྲུབ་ནི་བླ་ན་མེད་པའི་མངོན ་པར་བྱང་ཆུབ་པ་སྟེ། དེ་སྟེར་བས་ན་སྔགས་ཀྱི་དངོས་གྲུབ་ཐོབ་པའོ། །ཡེ་ཤེས་བློ་ཅན་ནི་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་སོ། །གསང་བ་ནི་དེ་དག་ལ་སྦས་པར་བྱའོ། །དམ་ཚིག་ནི་ཕུང་པོ་ལ་སོགས་པ་འགུགས་པ་ལ། རིགས་ནི་ཕུལ་དུ་བྱུང་བ་སྟེ། ་རིལ་པོར་འཛིན་པའི་ཏིང་ངེ་འཛིན་ནོ། །དམ་ཚིག་གི་དེ་ཁོ་ན་ཉིད་ནི་རྗེས་སུ་འཇིག་པའི་ཏིང་ངེ་འཛིན་ནོ། །ཏིང་ངེ་འཛིན་དེ་དག་གི་སྤྲོ་བ་ནི་རིལ་པོ་འདི་བསྒོམ་པར་བྱའོ། །དོན་ཇི་བཞིན་དུ་ནི་གལ་ཏེ་འདོད་ཆགས་ལ་སོགས་པའི་རིམ་པས་བསྟན་པར་མ་གྱུར་ན་དེ་ཡི ་ཚེ་ཏིང་ངེ་འཛིན་གཉིས་པོས་བསྟན་པར་བྱ་སྟེ། མངོན་པར་བྱང་ཆུབ་པའི་རིམ་པའོ། །ནམ་མཁའ་ཨི་དབྱིངས་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་ཨི་དབྱིངས་ནི་མངོན་པར་བྱང་ཆུབ་པའི་རིམ་པའི་ཐོབ་པའི་ཐམས་ཅད་སྟོང་པ་ཉིད་ཀྱི་གོ་འཕང་ངོ། །དེའི་དབུས ་སུ་གནས་བ་དམ་ཚིག་གི་དཀྱིལ་འཁོར་ནི་དེ་ལས་ལྡང་བའི་རྡོ་རྗེ་འཆང་ཆེན་པོའི་སྐུ་བསྒོམ་པར་བྱའོ། །ཇི་ལྟ་བུ་ཞེ་ན། དཀོན་མཆོག་ནི་ཀུན་རྫོབ་དང་དོན་དམ་པ་སྟེ། དེ་དག་གི་དཔལ་ནི་གཉིས་སུ་མེད་པར་བྱེད་པའི་རྟགས་སོ། ། ་སངས་རྒྱས་ཐམས་ཅད་ནི་སྤྲོ་བ་དང་བསྡུ་བ་བསྒོམ་པར་བྱའོ། །བརྫུན་པའི་ངག་ནི་ཁྲོས་པའི་ཚིག་རྣམས་དང། སོགས་པའི་སྒྲས་ནི་སྙན་པའི་ཚིག་རྣམས་ཏེ། དེ་དག་བརྟེན་པ་ནི་དབྱེར་མེད་པས་བལྟ་བར་བྱའོ། །དེ་ཡང་ཉེ་བར་མཚོན་པ་ཙམ་ཡིན་ལ། ་རྙེད་པ་དང་མི་རྙེད་པ་ལ་སོགས་པའི་ཆོས་རྣམས་དང་བྲམ་ཟེ་ལ་སོགས་པའི་རིགས་དང། གཙང་བ་དང་མི་གཙང་བ་ལ་སོགས་པའི་རྫས་རྣམས་མཉམ་པར་བལྟས་ན་ཡེ་ཤེས་ནི་མི་གནས་པའི་མྱ་ངན་ལས་འདས་པའི་ཏིང་ངེ་འཛིན་ཐོབ་པར་གྱུར་པ་ནི་རྙེད ་བར་འགྱུར་བ་སྟེ་ཟུང་འཇུག་གི་རིམ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རིམ་པ་ལྔས་ཐོབ་པའི་བྱང་ཆུབ་བོ། །དེ་ཉིད་མི་སློབ་པའི་ཕྱིར་རྡོ་རྗེ་སྟེ། དེ་ཉིད་དགོད་པ་ནི་རིམ་གྱིས་བསྒོམ་པ་གང་ལས་བྱུང་བ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི ་རྡོ་རྗེ་བཀོད་པ་སྟེ། རྡོ་རྗེ་འཆང་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་སྔ་མ་དང་འབྲེལ་ཏོ། །རབ་ཏུ་བྱེད་པ་ལས་ཀྱང། ཟུང་འཇུག་ཏིང་འཛིན་ལ་གནས་པར། །སླར་ཡང་ཅུང་ཟད་མི་སློབ་པ། །འདི་ནི་རྫོགས་པའི་རྣལ་འབྱོར་གྲགས། །དེ་ཡང་རྡོར ་འཆང་ཆེན་པོ་ཉིད། །རྣམ་པ་ཐམས་ཅད་མཆོག་དང་ལྡན། །ཐམས་ཅད་མཁྱེན་པ་དེ་ལས་སྐྱེས། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ། །དམ་ཚིག་ལྔ་ཐོས་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཅི་སྨྲ་བ་དེ་ཉིད་བཤད་པར་བྱ་བའི་ཕྱིར། དེ་ནས ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ལས་བྱུང་བའི་དམ་ཚིག་རྡོ་རྗེའི་དཔལ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་པའོ། །དེ་དང་པོ་གང་ལ་ཡོད་པ་དེ་ནི་དེ་བཞིན་ནོ། །བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ ་སེམས་དཔའ་དང་ལྡན་པའོ། །དེ་རྣམས་སྲོག་གཅོད་པ་ལ་སོགས་པའི་སྒྲ་ཐོས་ནས་ངོ་མཚར་དུ་གྱུར་པའོ། །དེ་བྱས་ན་ཡང་བྱང་ཆུབ་ཐོབ་སྟེ་རྨད་དུ་གྱུར་པའོ། །འདི་ནི་ངག་གི་ལམ་གྱིས་རྡོ་རྗེ་ཚིག་ནི་རྡོ་རྗེ་ཁྲོས་པ་གཙོ་བོར་གྱུར་པའི་ཚིག་སྟེ། མ་རྟོགས་པས ་བྱས་པའི་ཀུ་ཅོ་སྨྲས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ནི་རྡོ་རྗེ་སེམས་དཔས་རྡོ་རྗེ་ཚིག་འདི་ཅིའི་སླད་དུ་གསུང་པ་ནི་བསྟན་པར་མི་རིགས་སོ་ཞེས་པ་དང་སྦྱར་རོ། །རྡོ་རྗེ་ཚིག་ཇི་ལྟ་བུ་ཞེ་ན་།འཇིག་རྟེན་ཐམས་ཅད་ནི་ཉན་ཐོས་པ་ལ་སོགས་པ ་ནས་བྱ་བའི་རྒྱུད་ལ་སོགས་པའི་ཚུལ་ལ་ཞུགས་པ་སྟེ། དེ་ལས་འདས་པ་ནི་དེ་རྣམས་ཀྱི་སྤངས་པའོ། །དེ་བཞིན་དུ་ཁམས་གསུམ་ནི་སྐུ་གསུམ་གྱི་ངོ་བོ་བཅོམ་ལྡན་འདས་ཀྱིས་སྤངས་པའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་དང། དེ་བཞིན་གཤེགས ་པ་ནི་ས་བོན་ཐོབ་པའི་འཁོར་གྱི་ནང་དུ་ངོ་མཚར་བ་ནི་སྔར་མ་ཐོས་པའི་ཚིག་གི་ལམ་ནི་ཉིད་ཀྱི་ཞལ་གྱིས་གསུང་བ་དེ་ནི་མི་རིགས་སོ། །བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའི་དགོངས་པ་རྟོགས་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་ཇི་བཞིན་བྱང་ཆུབ ་སེམས་དཔའ་རྣམས་ཀྱི་ཐེ་ཚོམ་གཅོད་པ་དེ་བཞིན་དུ་བཤད་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པའོ། །བརྗོད་ཀྱིས་མི་ལང་བ་ཞེས་བྱ་བ་ལ་སོགས་པ་ནི ་སྔར་བཤད་ཟིན་ནེ། །དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏེ། །རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་ལ་རིགས་ཀྱི་ནི་རྡོ་རྗེའི་རིགས་ལ་སོགས་པ་སྟེ། དེ་ལྟ་བུ་ནི་དེའི་རིགས་དང་ལྡན་པའོ།། ་དམན་པའི་འདུ་ཤེས་ནི་ཉན་ཐོས་པའི་ཐེག་པ་བཞིན་དུ་ཆུང་བའི་ཡིད་དང་སྨད་པའི་འདུ་ཤེས་ནི་མིག་སྡུག་པ་བསྒོམ་པ་བཞིན་དུ་སྨོད་པའི་འདུ་ཤེས་མ་བསྐྱེད་ཅིག་ཅེས་པ་ནི་བསྐྱེད་པར་མ་བྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། རྡོ་རྗེ་ལ་སོགས་པའི་རིགས ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱ་ཆེ་བ་དང་ཟབ་པའི་མཚན་ཉིད་ཀྱི་སྤྱོད་པ་གང་ཡིན་པ་དེ་ཉིད་ནི། རེ་ཞིག་ཉན་ཐོས་ལ་སོགས་པ་བལྟོས་ནས་སྤྱོད་པ་མཆོག་གོ་།དེའི་རྗེས་ལ་དེ་བཞིན་གཤེགས་པ་ནི་དེ་ཁོ་ན་ཉིད ་རྟོགས་པ་རྣམས་ཀྱི་གང་ཞིག་སྤྱོད་པ་ནི་སྤྲོས་པ་ལ་སོགས་པའི་དབྱེ་བ་རྣམ་པ་གསུམ་སྟེ། དེ་ཉིད་སྔགས་ཀྱི་སྤྱོད་པ་ནི་སྔགས་ཀྱི་ཚུལ་ལ་དེ་ཉིད་སྤྱོད་པ་ཡིན་ནོ་ཞེས་སྟོན་ཏོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་དང་དེ་བཞིན་གཤེགས་པའི ་སྤྱོད་པ་སྟེ། སྤྱོད་པ་གཉིས་ཁོ་ན་སྔགས་ཀྱི་སྤྱོད་པ་བསྟན་ཏོ། །ཉན་ཐོས་པ་ལ་སོགས་པའི་སྤྱོད་པ་ངེས་ནི། སྔགས་ཀྱི་སྤྱོད་པ་མ་ཡིན་ནོ་ཞེས་ཚིག་གི་དོན་ཏོ། །དེས་ནི་འདི་བཤད་པ་ཡིན་ཏེ། ཁྱོད་རྣམས་ནི་བྱང་ཆུབ་སེམས་དཔའ་སྟེ་ས ་བཅུའི་དབང་ཕྱུག་གོ་།དེ་བས་ན་ཁྱོད་རྣམས་ཀྱི་རིགས་ནི་སྤྱོད་པས་ཤེས་པར་འགྱུར་ཏེ། དེ་བས་ན་དེ་བཞིན་གཤེགས་པའི་རིགས་དང་ལྡན་པའི་ཕྱིར་ཁྱོད་རྣམས་ཀྱི་སྤྱོད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་དགོངས་པ་ཡིན་ནོ། །ལངཀར ་གཤེགས་པ་ལས་ཀྱང། དུ་བ་ལས་ནི་མེར་ཤེས་ཏེ། །ཆུ་སྐྱར་ལས་ནི་ཆུང་ཤེས་བཞིན། །བྱང་ཆུབ་སེམས་དཔའ་བློ་ལྡན་པའི། །མཚན་མ་རྣམས་ཀྱི་རིགས་ཤེས་འགྱུར་ཞེས་འབྱུང་བ་སྟེ་སྒྲུབ་པའོ། །དེ་བས་ན་སྔགས་ཀྱི་སྤྱོད་པ་ཞེས་བྱ་བ་གལ ་ཏེ་འགག?་པའི་ཚིག་གི་སྒོ་ནས་བསྟན་ན་དེ་ཙམ་གྱིས་དམན་པ་དང། སྨོད་པའི་འདུ་ཤེས་སྐྱེ་བ་ནི་མི་རིགས་སོ། །དེ་བཞིན་གཤེགས་པ་རྣམས་ནི་ཟུར་གྱི་ཚིག་གིས་སྔགས་ཀྱི་སྤྱོད་པ་བསྟན་གྱི། རབ་ཏུ་གྲགས་པའི་སྒྲའི་སྒོ་ནས་ནི་མ་ཡིན་ནོ། །དཔེར ་ན། ཕ་དང་མ་ནི་བསད་པ་དང། །རྒྱལ་པོ་དང་ནི་གཙང་སྦྲ་གཉིས། །ཡུལ་འཁོར་བཅས་པ་བསད་ནས་ནི། །མི་དེ་དག་པར་འགྱུར་ཞེས་བཤད་ཅེས་འབྱུང་ངོ། །འོ་ན་རྣལ་མོའི་དོན་སྤངས་གཙོ་བོ་མ་ཡིན་པ་དོན་ཅིའི་ཕྱིར་བརྟེན་པར་བྱ་ཞེ་ན། སྨྲས་པ ་དགོས་པའི་དབང་གིས་ཏེ། དེ་ལ་མཚོན་པར་བྱེད་པའི་སྒྲ་ནི་རྣམ་པ་གསུམ་སྟེ། གཙོ་བོའི་དོན་འགལ་བ་དང་རྒྱུ་དང་མཚན་དང་དགོས་པའོ། །དཔེར་ན་མིའི་སེང་གེ་བཞིན་ནོ། །སེན་མོ་ལ་སོགས་པ་དང་ལྡན་པ་མི་མི་འཇུག་ན་ཡང་དེའི་ངོ་བོ་གཞི་མཐུན་བས་བརྗོད ་དེ། གཙོ་བོ་མི་དེ་དང་འགལ་པའོ། །དཔའ་བ་ལ་སོགས་པའི་ཡོན་ཏན་གྱི་ཁྱད་པར་གྱིས་དེའི་ངོ་པོ་ཡིན་ནེ་ཞེས་རྒྱུ་མཚན་ནོ། །དེའི་གཟུགས་སེང་གེ་བཞིན་དུ་མཐོང་ནས་གཞན་རྣམ་པར་འཇིགས་པར་འགྱུར་རོ་ཞེས་དགོངས་པའོ། །དེ་ལྟར་མཚོན་པར ་བྱེད་པའི་སྒྲ་རྣམས་ནི་རྣམ་པར་གནས་སོ། །འདིར་སྲེད་པ་ལ་སོཌ་པ་ཉོན་མོངས་པ་གང་ཡིན་པ་དེ་རྣམས་མ་མ་ལ་སོགས་པའི་སྒྲ་རྣམས་ཀྱིས་བསྟན་ཏོ་ཞེས་གཙོ་བོའི་དོན་དང་འགལ་པའོ། །མ་ལ་སོགས་པ་བཞིན་དུ་བཅིངས་པར་བྱེད་པས་ན་དེའི་ངོ་བོ་ཡིན་ནོ་ཞེས ་རྒྱུ་མཚན་ནོ། །ཉན་ཐོས་པ་ལ་སོགས་པའི་རིགས་ཀྱིས་དེའི་དོན་མ་རྟོགས་པ་ནི་དགོས་པའོ། །དེ་བས་ན་མཚོན་བྱེད་ཀྱི་སྒྲའི་སྒོ་ནས་གལ་ཏེ། བཅོམ་ལྡན་འདས་ཀྱིས་གསང་བའི་དོན་སྟོན་ན། དེའི་ཕྱིར་ཁྱོད་རྣམས་ངན་པར་གསུངས་པའོ་ཞེས་རྟོགས ་པ་ཡིན་ནོ། །ཀྱེ?་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་ཉིད་ཉོན་ཅིག་།འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། འདི་ལྟ་སྟེ་ཞེས་པ་ནི་ཚིག་ཕྲད་ཀྱི་ཚོགས་སོ། །དཔེར་ན་ཞེས་བས་ནི་དོན་བཤད་པ་ཡིན་ཏེ། རིགས་ཀྱི་བུ?་ཞེས ་པ་ནི་བོད་པའི་ཚིག་གོ། ནམ་མཁའ་ནི་འབྱུང་བ་ཆེན་པོ་ལྔ་པ་སྟེ། ཐམས་ཅད་ནི་འགྲོ་བ་དང་མི་འགྲོ་བའི་བདག་ཉིད་ཀྱི་ཁམས་གསུམ་ལ་རྗེས་སུ་སོང་བ་ནི་ཁྱབ་ཅིང་གནས་པའོ། །ཆོས་ཐམས་ཅད་ཀྱང་ཞེས་པ་ནི། བེམས་པོ་དང་བེམས་པོ་མ་ཡིན་པའི ་དངོས་པོ་དེ་རྣམས་ནམ་མཁའ་ཨི་ཁོངས་སུ་གཏོགས་པ་ནི་ནམ་མཁའ་དེ་ཉིད་ལ་བརྟེན་ཏེ་གནས་པ་ཡིན་ནོ། །དེ་ལྟར་ན་ཆོས་ཐམས་ཅད་ནི་ནམ་མཁའ་དང་ལྷན་ཅིག་ཏུ་དེའི་བདག་ཉིད་ཀྱིས་འབྲེལ་པ་བསྟན་ཏོ། །ཆོས་དེ་རྣམས་དཔྱད་པ་ཡིན་ན། འདོད་པའི་ཁམས ་ནི་གནས་ཉི་ཤུའི་བདག་ཉིད་དེ། དེ་ལ་མི་གནས་པའོ། །གཟུགས་ཀྱི་ཁམས་ནི་རྣམ་པ་བཅུ་བདུན་ཏེ། དེ་ལ་ཡང་མི་གནས་པའོ། །གཟུགས་མེད་པའི་ཁམས་ནི་རྣམ་པ་བཞི་སྟེ། དེ་ལ་ཡང་མི་གནས་པ་སྟེ། ཆོས་ཐམས ་ཅད་ནམ་མཁའ་ཨི་རང་བཞིན་ཡིན་པའི་ཕྱིར་དེ་ལས་སོ་སོར་མི་དམིགས་སོ། །གལ་ཏེ་དེ་རྣམས་སོ་སོར་དམིགས་པར་གྱུར་པ་ཡིན་ན་དེའི་ཚེ་ནམ་མཁའ་ཁྱབ་པར་བྱེད་པར་མ་གྱུར་པ་ཡིན་པ་དང། མེད་པ་མི་འབྱུང་བ་ཡང་འཇིགས་པར་འགྱུར་བ་ཡིན་ནོ། །དེ་བཞིན ་དུ་འབྱུང་བ་ཆེན་པོ་བཞི་ནི་ས་ལ་སོགས་པ་བཞི་པོ་ལ་ཡང་སོ་སོར་གནས་པར་མི་དམིགས་པ་སྟེ། དེའི་བདག་ཉིད་ཀྱི་འབྲེལ་པ་ཁོ་ནས་སོ། །དེའི་ཕྱིར་རིགས་ཀྱི་བུ་ཆོས་ཐམས་ཅད་ནི་ཕུང་པོ་ལ་སོགས་པ་ཡང་དེ་ལྟར་རྗེས་སུ་རིག་པར་བྱ་བ་ནི་ཤེས་པར ་བྱའོ། །དཔེ་བསྟན་ནས་དཔེ་ལས་འབྱུང་བ་བཤད་པར་བྱ་སྟེ། དོན་གྱི་དབང་འདི་ནི་ནམ་མཁའ་གཉིས་སུ་མེད་པར་མཁྱེན་ནས་དཔེ་ཉིད་དུ་བླངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྡོ་རྗེ་འཆང་ཆེན་པོས་སེམས་ཅན་རྣམས་ནི་ཉན་ཐོས་ལ་སོགས་པའི ་རིགས་ཅན་གྱི་བསམ་པ་ནི་སྣ་ཚོགས་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་སེམས་མཁྱེན་ནས། ཆོས་བསྟན་པར་མཛད་དེ་ནད་པ་ལ་ནད་དང་རྗེས་སུ་མཐུན་པའི་སྨན་སྨན་པས་སྦྱིན་པ་བཞིན་ནོ། །དེ་བས་ན་རིགས་ཀྱི་བུ་རྣམས་དེ་དེ་བཞིན་གཤེགས ་པའི་དམ་ཚིག་ནི་ལྔ་སྟེ། གང་ཞིག་སྲོག་གཅོད་པ་ལ་སོགས་པའི་མི་དགེ་བའི་ལས་ཀྱི་ལམ་དུ་བསྟན་པ་སྟེ། དེ་རྣམས་ཀྱི་ནམ་མཁའ་ཨི་ཚིག་ངེས་པར་བརྗོད་པ་ནི་དངོས་པོ་མེད་པའི་རང་བཞིན་གྱིས་འོད་གསལ་བའི་བདག་ཉིད་དུ་ཤེས་པར་བྱའོ། །དཔེར་ན ་དམ་ཚིག་ལྔའི་ལམ་གྱིས་བསྒྲུབ་བྱ་རྣམས་དང། སྒྲུབ་པར་བྱེད་པ་གང་ཡིན་པ་དེ་དག་འོད་གསལ་བ་ལ་ཐིམ་པར་འགྱུར་རོ། །གང་ཞིག་དམ་ཚིག་ནི་བསྒོམ་པའི་ངོ་བོ་དང། གང་ཞིག་བསྒྲུབ་བྱ་ནི་བསྒོམ་པ་དང། གང་ཞིག་སྒྲུབ་བྱེད་ནི་སྒོམ་པ་པོ་སྟེ། དེ ་དག་ཐམས་ཅད་འོད་གསལ་བའི་དེའི་བདག་ཉིད་ཀྱིས་གནས་པར་གྱུར་ཏེ། དངོས་པོ་མེད་པའི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་བསད་བྱ་དང། གསོད་པར་བྱེད་པ་དང། འཕྲོག་བྱ་དང་འཕྲོག་བྱེད་དང། འདོད་བྱ་དང་འདོད་པར་བྱེད་པ་ལ་སོགས་པའི་བྱ་བ་རྣམས་མི ་དམིགས་པའི་ཕྱིར་ཏེ། སྒྱུ་མའི་རྣམ་པ་བཞིན་དུ་དངོས་པོ་ཐམས་ཅད་མཐོང་བས་སོ། །བཅོམ་ལྡན་འདས་མ་ལས་ཀྱང། ཇི་ལྟར་སྤྲུལ་པས་སྤྲུལ་པ་ཡི། །གྲོད་ཁྱེར?་མཐོང་བར་གྱུར་པ་སྟེ། །ལས་ཀྱིས་སྤྲུལ་པའི་འགྲོ་བ་ཡིས། །གཟུགས་རྣམས ་དེ་ལྟར་མཐོང་བ་ཡིན་ཞེས་གསུངས་སོ། །གཞན་ལས་ཀྱང། དྲག་པོ་ཉེ་འགྲོ་རིག་པ་ནི། །སྐད་ཅིག་ཉིད་ལའང་མི་འདོད་ན། །བསད་བྱ་མེད་ཅིང་གསོད་བྱེད་མེད། །ཚུལ་འདི་ལ་ནི་སྨོས་ཅི་དགོས་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ། །དེའི་བདག་ཉིད་ཀྱིས ་འབྲེལ་པ་བསྟན་ནས། །དེ་ལས་བྱུང་བའི་འབྲེལ་པས་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཙུབས་གཏན་ནི་འོག་མའི་ཤིང་ངོ། །གཙུབས་ཤིང་ནི་སྟེང་གི་ཤིང་ངོ། །མིའི ་ལག་པ་བསྐྱོད་པ་ནི་མེ་སྐྱེད་པར་བྱེད་པའི་ཐབས་ཏེ། །དེ་དག་གསུམ་པོ་ལ་བརྟེན་དེ་བྱུང་བར་འགྱུར་རོ། །མི་དེ་ཉིད་དཔྱད་ན་གང་ལས་ཀྱང་དེ་མ་སྐྱེད་པར་ལྟ་བ་ཡིན་ཏེ། དཔེར་ན་མེ་དེ་ཉིད་ནི་གཙུབས་གཏན་ལ་མི་གནས་བ་ནི་གཙུབས་ཤིང་མེད་པ་ན་དེ་ལས་མི་འབྱུང ་བའི་ཕྱིར་རོ། །གཙུབས་ཤིང་ལ་ཡང་མི་གནས་པ་ནི་གཙུབས་གཏན་མེད་ན་དེ་མེད་པའི་ཕྱིར་རོ། །དེ་ཉིད་མེད་ན་མིའི་ལག་པ་བསྐྱོད་པས་སྐྱེད་པར་མི་འགྱུར་ཏེ། དེ་ལ་ཡན་མི་གནས་པའོ། །འོན་ཀྱང་ཚོགས་པ་ལ་བརྟེན་ནས་མེ་སྐྱེད་པར་འགྱུར་ཏེ། གཅིག ་ནི་གང་ཡང་རུང་བ་སྐྱེད་པར་བྱེད་པ་མ་ཡིན་ཏེ། ཚོགས་པ་ནི་སྐྱེད་བྱེད་ཡིན་ནོ། །དེའི་ཕྱིར་གང་ཞིག་འདི་ཚོགས་པས་སྐྱེད་པ་དེ་ནི་འབྱུང་བ་མ་ཡིན་ཏེ་ཕན་ཚུན་དུ་བལྟོས་པའི་ཕྱིར་རོ། །ཇི་སྐད་དུ། དེ་དེ་རྟེན་ལས་གང་བྱུང་བ། །དེ་ནི་ངོ་ཉིད་མ་སྐྱེས་པ། །གང ་ཞིག་ངོ་ཉིད་ཀྱིས་མ་བྱུང། །དེ་ནི་བྱུང་བ་ཇི་ལྟར་ཡིན། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ། །དཔེ་ལས་མ་བྱུང་བ་བཤད་པར་བྱ་སྟེ། དེ་བཞིན་དུ་རིགས་ཀྱི་བུ་ཞེས་པ་ནི་བོད་པའི་ཚིག་གོ་།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐམས ་ཅད་ཀྱི་དམ་ཚིག་ནི་ལྔ་སྟེ། དེ་རྣམས་དེ་བཞིན་དུ་ཤེས་པར་བྱའོ། །དཔེར་ན་བསྒྲུབ་བྱ་དང་སྒྲུབ་བྱེད་དང་སྒྲུབ་པ་རྣམས་མི་དམིགས་པའི་ཚུལ་གྱིས་བྱ་བར་གྱུར་པ་གང་ཡིན་པ་ཐམས་ཅད་དེ་ནི་འོད་གསལ་བའི་གོ་འཕང་ཐོབ་པར་བྱེད་པ་ཡིན་ཏེ། འཁོར་གསུམ ་རྣམ་པར་དག་པས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་བཞིན་ནོ། །འགྲོ་བ་དང་འོང་བ་ལ་སོགས་པ་ཡང་དེ་བཞིན་དུ་ཤེས་པར་བྱ་སྟེ། འགྲོ་བ་ནི་ཆོས་ཐམས་ཅད་འོད་གསལ་བ་ལ་ཞུགས་པ་དང། འོང་པ་ནི་དེ་ཉིད་ལས་བྱུང་བའོ། །རབ་ཏུ་བྱེད་པ ་ལས་བྱང། ཇི་ལྟར་དང་བའི་ཆུ་དག་ལས། །ཤེས་བྱ་བ་ལ་སོགས་པ་འབྱུང་ངོ། །དེ་ལྟ་བུ་དཔྱད་ཅིང་རྣལ་འབྱོར་པས་བཅིངས་པ་གྲོལ་བ་དང། བསོད་ནམས་དང། སྡིག་པ་དང། དེ་བཞིན་གཤེགས་པ་དང། སོ་སོ་སྐྱེ་པོ་རྣམ་པར་བཞག་པ་ནི་རྟོགས ་པར་མི་འགྱུར་ཏེ། སྤྲུལ་པ་བཞིན་དུ་དེས་ནི་ཆོས་ཐམས་ཅད་སྣང་བའི་ཕྱིར་རོ། །ཇི་སྐད་དུ། སྨིག་རྒྱུ་རྨི་ལམ་སྒྱུ་མ་ཆུ་ཟླ་འདྲ་བའི་སྲིད་པ་གསུམ། །ཐ་མར་འགག་ཕྱིར་ཡོད་མིན་བྱུང་ཕྱིར་གཞན་མིན་གཉིས་ཀ་མིན། །འབྱུང་དང་གནས་དང་འཇིག ་འབྲེལ་བྲལ་དངོས་དེ་ནི?་དེ་ཕྱིར་བདག་།རྟེན་མེད་པ་ཡི་བློ་ཡི་འཁོར་དང་ཐར་པ་ཅུང་ཟད་དབྱེ་བྱ་མེད་ཅེས་འབྱུང་ངོ། །འོན་ཀྱང་གློ་བུར་པའི་དྲི་མ་སྦྱང་བར་བྱ་བའི་ཕྱིར་རྩོལ་བ་དང་བླ་མ་དང་སློབ་མའི་རིམ་པས་བཅོམ་ལྡན་འདས་ཀྱིས་རབ་ཏུ་བསྟན་ཏོ། ། ་དམིགས་པ་མེད་པའི་བསྟོད་པ་ལས་ཀྱང། ཇི་ལྟར་འོ་མ་དང་བ་ཡིས། །མར་གྱི་སྙིང་པོ་མཐོང་མི་འགྱུར། །དེ་བཞིན་ཉོན་མོངས་དང་འདྲེས་པའི། །ཆོས་ཀྱི་དབྱིངས་ནི་མཐོང་མི་འགྱུར། །ཇི་བཞིན་འོ་མ་སྤྱངས་པ་ལས། །མར་གྱི་རྫས་ནི་དྲི་མེད་འབྱུང།། ་དེ་བཞིན་ཉོན་མོངས་སྤྱངས་ནས་ནི། །ཆོས་ཀྱི་དབྱིངས་ནི་དྲི་མེད་འབྱུང། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ། །དེ་བས་ན་རིགས་ཀྱི་བུ་རྣམས་སྔགས་ཀྱི་སྤྱོད་པ་དེ་བཞིན་དུ་ཤེས་པར་གྱིས་ཤིག་ཅེས་ཚིག་གི་ལྷག་མ་སྟེ། རྫོགས་པའི་རིམ་པའོ། །དེ་བཞིན་གཤེགS ་པའི་གསུང་འདས་མ་ཐག་ཏུ་དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ཅེས་པ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་པ་ལ་སོགས་པ་སྟེ། ངོ་མཚར་དུ་གྱུར་པ་ནི་དེའི་བདག་ཉིད་ཀྱི་འབྲེལ་པའི་དཔེ་ཉེ་བར་མཚོན་པའི་དངོས་པོ་མེད་པས་སོ། །རྨད་དུ་བྱུང་བ་ནི་དེ་ལས་བྱུང ་བའི་འབྲེལ་པའི་དཔེ་ཉེ་བར་མཚོན་པའི་དངོས་པོ་མེད་པས་སོ། །དེའི་དོན་ཐོས་ནས་ངམ་ཞིང་བ་སྟེ། དེ་ཉིད་བསམས་ནས་མིག་གདངས་ཏེ། དེ་ཉིད་སྒོམ་པའི་སྟོབས་ཀྱིས་ཚིག་འདི་ནི་བསྒོམ་པར་བྱ་བ་ཡིན་ན་ཡང། དགའ་བའི་དབང་གིས་ཕྱི་རོལ་ཏུ་བྱུང་བའི་ཆོས ་ཉིད་སྟོན་པར་བྱེད་པའི་ཚིག་སྨྲས་སོ་ཞེས་སྟོན་ཏོ། །རྨད་བྱུང་ཆེན་པོའི་ཆོས་རྣམས་ནི་ཞེས་བྱ་བ་ལ་སོགས་པ་ལ། གང་ཞིག་འདི་ཆོས་རྣམས་ནི། ཕུང་པོ་ལྔ་ལ་སོགས་པ་སྟེ། དེ་རྣམས་རྨད་བྱུང་ཆེན་པོ་ནི་སྐྱེ་བ་དང་འཇིག་པ་དང་གནས་པའི་ཚུལ་གནས་ཚུལ ་གྱིས་གནས་པའོ། །དེ་རྣམས་དོན་དམ་པས་དཔྱད་ན། །ནམ་མཁའ་དང་མཚུངས་པ་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་ནོ། །མཚན་མ་མེད་པའི་ཕྱིར་རྣམ་པར་མི་རྟོག་པའོ། །སྨོན་པ་མེད་པའི་ཕྱིར་དག་པ་སྟེ། དེ་ལྟ་བུའི་དངོས་པོ་རྣམས་ལ་འགྲོ་བའི་དོན ་མཛད་པའི་ཕྱིར་དང། གློ་བུར་གྱི་དྲི་མ་དག་པའི་ཕྱིར་བཅོམ་ལྡན་འདས་རྡོ་རྗེ་འཛིན་གྱིས་སྐྱེ་བ་ནི་ལྷའི་རྣམ་པ་རྫོགས་པ་དང། དམ་ཚིག་དང་སྔགས་ཀྱི་རྣམ་པ་སྣ་ཚོགས་པ་ཉིད་དང། སྤྲོས་པ་ནི་ཕུལ་དུ་ཕྱུང་བས་རིགས་ལ་སོགས་པའི་དབྱེ་བས་? ་བར་དཀའ་བ་དང། སེར་སྣ་ཅན་དང། འདོད་ཆགས་དང་ལྡན་པ་དང། དམ་ཚིག་ཉམས་པའི་སེམས་ཅན་རྣམས་གསོད་པ་ལ་སོགས་པའི་ལས་དང་སྒོམ་པ་གསུངས་པ་དེ་ནི་ངོ་མཚར་བའོ། །བདག་ཅག་གིས་དེ་ཁོ་ན་ཉིད་རྟོགས་པ་དང། ཐེ་ཚོམ ་དང་བྲལ་བའོ། །དྲིན་ནི་མཆོག་ཡིན་ནོ། །སྙིང་རྗེ་ཆེན་པོ་བདག་ཉིད་ཀྱི་རྡོ་རྗེ་འཆང་ཆེན་པོ་ཁྱེད་ལ་ཕྱག་འཚལ་འདུད་ཅེས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྨྲས་ཏེ་།ཅི་ཡང་མ་གསུངས་སོ། །དེ་ནི་རྫོགས་པའི་རིམ་པ་དང་བདག་ལ ་བྱིན་གྱིས་བརློབ་པ་དང། སྒྲུབ་པ་རྣམས་སོ། །དོན་དམ་པ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་དག་གིས་དག་པའི་དེ་ཁོ་ན་ཉིད་ནི་རིགས་ཀྱི་དབྱེ་བས་སྲོག་གཅོད་པ་ལ་སོགས་པ་བྱེད་པ་རྣམས་ཕྱེ་མར་བརླག་པ་ལ་སོགས་པ་སྟེ། དེ་ཉིད་དེ་ཁོ་ན་ཉིད ་གྱི་དོན་ནི་དེས་པའི་དོན་གང་ཞིག་དམ་ཚིག་ནི་ཏིང་ངེ་འཛིན་ལྔའི་ལེའུ་གང་ལ་ཡོད་པ་དེ་བསྟན་པར་བྱེད་པའི་གཞུང་གི་ཚོགས་ནི་དོན་དམ་པའི་དག་པའི་དེ་ཁོ་ན་ཉིད་ཀྱི་དོན་གྱི་དམ་ཚིག་གི་ལེའུ་ཞེས་བྱའོ།། །།རྒྱུད་འགྲེལ་ལས་ལེའུ་དགུ ་པའི་ཚིག་དོན་བཅུ་དྲུག་གི་བཤད་པའོ། །།ལེའུ་དགུ་པའི་ཚིགས་སུ་བཅད་པའི་གྲངས་ནི་ཉིས་བརྒྱ་དྲུག་ཅུའོ།། །།དྲུག་ཤུལ་གྱི་རྣལ་འབྱོར་གྱིས་ཀྱང་གང་གིས་དངོས་གྲུབ་མ་ཐོབ་ན་དེ་རྣམས་སྔགས་ལ་མོས་པ་དང་ལྡན་པས ་སྙིང?་པོ་བསྐུལ་བའི་ལམ་གྱིས་བྱང་ཆུབ་འགྲུབ་པར་བྱེད་པ་ཡིན་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་བསྐུལ་པ་ཞེས་བྱ་བའི་ལེའུ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས ་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པའོ། །དེ་རྣམས་ཡང་འདུས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་གསོལ་ཏོ་ཞེས་པ་ནི་གསོལ་བ་གདབ་པའི་ཚིག་སྨྲས་སོ་ཞེས་འབྲེལ་པའོ། །ཉོན་མོངས་པའི་བདུད་ལ་སོགས་པ་འཇོམས་པར་མཛད་པས ་ན། བཅོམ་ལྡན་འདས་སོ། །དེ་ཇི་ལྟ་བུ་ཞེ་ན། དམ་ཚིག་ཆེན་པོ་ནི་ཡི་གེ་ཨོཾ་ལ་སོགས་པའི་སྔགས་རྣམས་སོ། །རྡོ་རྗེ་ནི་དེ་རྣམས་ཀྱིས་དེ་བསྐུལ་བས་དེ་ཁོ་ན་ཉིད་མངོན་པར་རྫོགས་པའི་བྱང་ཆུབ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང ་ཐུགས་ཀྱི་གསང་བ་ནི་སྐུ་གསུང་ཐུགས་ཀྱི་སྙིང་པོ་འགུགས་པར་མཛད་པའོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་དང། ལས་ཀྱི་དབང་ཉིད་ཐོབ་པའོ། །དེ་ལྟ་བུའི་རྡོ་རྗེ་འཛིན་ལ་ཕྱག་འཚལ་བ་ནི་དེ་དང་གཉིས་སུ་མེད་པའི་ངོ་བོར ་ཞུགས་ཏེ་འདི་སྐད་ཅེས་གསོལ་ཏོ། །དེ་ཉིད་སྔགས་སྙིང་ཀུན་བསྡུས་པ་ཞེས་བྱ་བ་ལ་སོགས་པ་ལ། ཀྱེ་བཅོམ་ལྡན་འདས་དེ་ཉིད་ནི་དོན་དམ་པ་བཤད་དུ་གསོལ། ཇི་ལྟ་བུ་ཞེ་ན། སྔགས་ནི་ཨཱ་ལི་དང་ཀཱ་ལིའི་ངོ་བོ་ཡི་གེ་ཕྱི་མོ་དེ་ཉིད་ཀྱི་སྙིང་པོ་ནི་ཨ ་ལ་སོགས་པ་བརྒྱད་དོ། །དེ་རྣམས་བསྡུས་པ་ནི་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་སྟོ། དེ་རྣམས་ཀྱང་བསྡུས་པ་ནི་བུད་མེད་ལ་སོགས་པའི་དབྱེ་བས་ཡི་གེ་གསུམ་མོ། །དེ་ཉིད་ཀྱི་ཕྱིར་སྐུ་གསུང་ཐུགས་ནི། དེ་བཞིན་གཤེགས་པ་གསུམ་སྟེ། དེ་རྣམས་ཀྱི་གསང ་བར་གྲགས་པ་ནི་གསང་བའི་སྙིང་པོའོ། །དེ་བཞིན་དུ་དངོས་གྲུབ་ཆེན་པོ་ནི་རྡོ་རྗེ་འཆང་གི་དངོས་གྲུབ་སྟེ། དེ་ཉིད་ཀྱི་ཚུལ་གྱི་མཆོག་ནི་ཕུལ་དུ་བྱུང་བའི་ལམ་ཡིན་ནོ་ཞེས་སྟོན་ཏོ། །དེ་ནི་བསྐྱེད་པའི་རིམ་པའོ། །དེ་བཞིན་གཤེགས་པ་རྣམས་ཀྱི ་གསོལ་བ་བཏབ་མ་ཐག་ཏུ་རྡོ་རྗེ་འཆང་ཆེན་པོས་གསུངས་པའོ་ཞེས་སྡུད་པ་པོས་བཤད་པར་བྱ་བའི་ཕྱིར་ཏེ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ནི་ཡི་གེ་གསུམ་འཛིན་པས་ན་རྡོ་རྗེ་འཛིན་ཏེ། བསྐྱེད་པའི་རིམ་པའོ། །རྡོ་རྗེ་ནི་སྔགས་ཀྱིས་བསྐུལ? ་པས་ནུས་པ་འགུགས་པ་འཛིན་པ་མཛད་པ་སྟེ་རྡོ་རྗེ་འཛིན་ནོ། །དེ་ནི་ལས་རྒྱལ་བ་མཆོག་གོ་།རྡོ་རྗེ་ནི་སེམས་དཔའ་གསུམ་གྱི་བདག་ཉིད་ཀྱི་སྐུ་སྟེ། དེ་ཉིད་འཛིན་པ་ནི་བསྐྱེད་པར་མཛད་པས་ན་རྡོ་རྗེ་འཛིན་ནོ། །དེ་ནི་དཀྱིལ་འཁོར་རྒྱལ་བ་མཆོག་གོ་།དེ ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནུས་པ་འགུགས་པས་ན་རྒྱལ་པོའོ། །ཉོན་མོངས་ཀུན་ནི་དེའི་རྣམ་པར་དག་པའི་ངོ་བོ་དེ་བཞིན་གཤེགས་པ་རྣམས་ཏེ། དེ་ཉིད་རིགས་བརྒྱའི་དབྱེ་བ་མང་བའི་ཕྱིར་རྒྱ་མཚོ་སྟེ། དེ་རྣམས་ཀྱི་གཙོ་བོ་ནི་སྒྲོ་བ་དང ་བསྡུ་བ་ལས་དབང་དང་ལྡན་པའོ། །འབར་བར་ནི་འབར་བའི་ངོ་བོ་ལྷ་མོ་རྣམས་བསྐྱེད་པའི་ཕྱིར་རོ། །དྲག་པོ་ནི་ཁྲོ་བོ་རྣམས་ཏེ། དེ་བསྐྱེད་པའི་ཕྱིར་དྲག་པོའོ། །སྤྱན་ནི་ཡངས་བ་ལྔ་པོ་གང་ལ་ཡོད་པ་དེ་ནི་སྤྱན་ཡངས་པའོ། །དེ་ལྟ་བུའི ་བཅོམ་ལྡན་འདས་ཀྱིས་འདི་སྐད་བཀའ་སྩལ་ཏེ། ལུས་དང་ངག་དང་ཡིད་རྣམས་དང་ཞེས་བྱ་བ་ལ་སོགས་པ། ལུས་ལ་སོགས་པ་གསུམ་པོ་གང་ཡིན་པ་དེ་ཉིད་དེ་བཞིན་གཤེགས་པའི་རང་བཞིན་ཡིན་པའི་ཕྱིར་རྡོ་རྗེ་སྟེ། དེ་ཉིད་སྐུ་གསུང ་ཐུགས་ཀྱི་རང་བཞིན་དེ་བཞིན་གཤེགས་པར་བསྒོམ་པར་བྱའོ། །གཞན་ཡང་ལྷའི་རྣམ་པ་བརྟན་པར་གྱུར་ན། རྣམ་པར་མི་རྟོག་པ་ནི་སྤྲོས་པ་མེད་པའི་སེམས་སེ། །མི་དམིགས་པ་ནི་དམིགས་པ་དང་བྲལ་བའི་དག་གོ་།ཁམས་གསུམ་པ་མཉམ ་པའི་ཕྱིར་མཉམ་པ་ཉིད་ཀྱི་ངོ་བོ་ནི་ལུས་སོ། །དེ་རྣམས་དེ་ལྟ་བུ་བསྒོམ་པར་བྱ་སྟེ། བསྐྱེད་པ་དང་རྫོགས་པའི་རིམ་པ་དག་གོ། ཡང་ན་ལུས་ལ་སོགས་པ་ནི་ཐ་མལ་པའི་ཕྱིར་རྡོ་རྗེ་སྟེ་བརྟན་པའོ། །དེ་རྣམས་སྐུ་ལ་སོགས་པའི་སྟོང་པ་ཉིད་ཀྱིས ་བསྒོམ་པ་ནི་བསམ་བྱའོ། །ཇི་ལྟར་ཞེ་ན། རྣམ་པར་མི་རྟོག་པ་ནི་སྟོང་པ་ཉིད་དོ། །མི་དམིགས་པ་ནི་མཚན་མ་མེད་པའོ། །མཉམ་པ་ཉིད་ནི་སྨོན་པ་མེད་པའོ། །དེ་ལྟར་རྣམ་པར་ཐར་པའི་སྒོ་གསུམ་གྱིས་།ལུས་ལ་སོགས་པ་བསྒོམ་པར ་བྱ་བ་ནི་གང་དུ་ཡང་མི་གནས་ཞེས་བསྒོམ་མོ། །དེ་ནི་དང་པོ་སྦྱོར་བའོ། །ཡང་ན་ལུས་ལ་སོགས་པ་ནི་དང་པོ་ཏིང་ངེ་འཛིན་གྱིས་སྟོང་པ་ཉིད་དུ་འགྱུར་པའི་ཕྱིར་མི་ཕྱེད་པས་ན་རྡོ་རྗེའོ། །དེ་རྣམས་སྐུ་གསུང་ཐུགས་ཀྱི་ངོ་བོ་ཞལ་གསུམ་དང་ཕྱག་དྲུག ་གི་རྣམ་པའི་རྡོ་རྗེ་སེམས་དཔའ་དང་ལྷན་ཅིག་ཏུ་དབྱེར་མེད་པར་བསྒོམ་པར་བྱའོ། །རྣམ་པར་མི་རྟོག་པ་ནི་དེ་བཞིན་གཤེགས་པ་རྣམས་དང་མི་དམིགས་པ་ནི་ལྷ་མོ་རྣམས་དང། མཉམ་པ་ཉིད་ཀྱི་ངོ་བོ་ནི་ཕྱོགས་བཅུ་ལ་མཉམ་པ་ཉིད་ཀྱིས ་གནས་པའི་ཁྲོ་བོ་རྣམས་དང་ལྷན་ཅིག་ཏུ་བསྒོམས་ལ་གང་ན་ཡང་མི་གནས་པ་ནི་ཐོག་མ་དང་ཐ་མ་མེད་བའི་ངོ་བོ་ཆོས་འབྱུང་གི་ཕྱག་རྒྱ་གཞིར་གྱུར་པའི་གཞལ་ཡས་ཁང་པ་ལ་ཟླ་བ་དང་ཉི་མ་ལ་སོགས་པའི་གདན་ལ་བཞུགས་པའི་དཀྱིལ་འཁོར་བསྒོམ་པར ་བྱ་སྟེ། དཀྱིལ་འཁོར་རྒྱལ་བ་མཆོག་གི་།ལུས་ལ་སོགས་པའི་རྡོ་རྗེ་ནི་བདག་དང་དཀྱིལ་འཁོར་བ་རྣམས་ཀྱི་སྐུ་གསུང་ཐུགས་བསྒོམ་པ་ནི་སྐུ་ལ་སོགས་པའི་ས་བོན་རྣམས་ཀྱིས་བྱིན་གྱིས་བརླབས་ལ་དེའི་རྗེས་ལ་རྣམ་པར་མི་རྟོག་པ་ནི་གསུམ་མི་དམིགས ་པའི་བསམ་པས་བསྟོད་ལ། །མི་དམིགས་པ་ནི་མཆོད་བྱ་དང་མཆོད་བྱེད་དང་མཆོད་པ་བྲལ་བའི་བསམ་པས་མཆོད་པ་བྱས་ལ། མཉམ་པ་ཉིད་ནི་སྦྱང་བ་ལ་སོགས་པའི་རིམ་པས་བདུད་རྩི་ལྔ་དོ་གཅིག་པར་བྱས་ལ། །གང་ན་ཡང་མི་གནས་པ་ནི་དེ་ཉིད་རྡོ་རྗེ ་འཆང་ཆེན་པོའི་ངོ་བོར་མྱང་བར་བྱ་སྟེ། ལས་རྒྱལ་བ་མཆོག་གོ་།དེ་བཞིན་དུ་ལུས་ལ་སོགས་པ་ནི་ཡི་གེ་གསུམ་སྟེ། དེ་ཉིད་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་ཡིན་པའི་ཕྱིར་རྡོ་རྗེའོ། །དེ་རྣམས་སྐུ་གསུང་ཐུགས་ནི་འཇུག་པ་དང་གནས་པ ་དང་ལྡང་བའི་རིམ་པས་བསྒོམས་ལ། རྣམ་པར་མི་རྟོག་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང། མི་དམིགས་པ་ནི་སོ་སོར་རྟོག་བའི་ཡེ་ཤེས་དང། མཉམ་པ་ཉིད་ནི་མེ་ལོང་ལྟ་བུའི་ཡེ་ཤེས་བསྒོམ་པར་བྱའོ། །དེ་ནས་ཡེ་ཤེས་ཀྱི་རྣམ་པར་རྟོག་པ ་ཡང་སྤངས་ལ་འཇུག་པ་ལ་སོགས་པ་ཉེ་པར་བསྡུས་ཏེ། །གང་ན་ཡང་མི་གནས་པ་ནི་མ་ནིང་གི་བཟླས་པར་བྱའོ། །རབ་ཏུ་བྱེད་པ་ལས་ཀྱང་དོན་རྟོགས་པ་ཡི་བཟླས་པ་ཡིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་བཟླས་པའི་རིམ་པའོ། །ཡང་ན་ལུས་ལ ་སོགས་པ་རྒྱུ་ཡིན་པའི་ཕྱིར། ལུས་ངག་ཡིད་ནི་རྣམ་པར་ཤེས་པ་གསུམ་སྟེ། དེ་ཉིད་ཉོན་མོངས་པ་དང་ལྡན་པའི་ཕྱིར་རྡོ་རྗེའོ། །དེ་རྣམས་སྐུ་ལ་སོགས་པ་ཉེ་བར་བསྡུ་བའི་རང་བཞིན་འོད་གསལ་བ་བསྒོམ་པ་ནི་ཞུགས་པར་བྱའོ། །ཇི་ལྟར་ཞེ་ན། རྣམ ་པར་མི་རྟོག་པ་ནི་སྣང་བའི་ཡེ་ཤེས་དང། མི་དམིགས་པ་ནི་སྣང་བ་མཆེད་པའི་ཡེ་ཤེས་དང། མཉམ་པ་ཉིད་ནི་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་ཏེ། ཡེ་ཤེས་གསུམ་པོ་དེ་དག་གི་རིམ་པས་རྣམ་པར་ཤེས་པ་དེ་རྣམས་འོད་གསལ། ་བ་ལ་ཞུགས་ཤིང་གང་ན་ཡང་མི་གནས་པ་ནི། འོད་གསལ་བ་དེ་ཉིད་ཀྱི་ངོ་བོར་བསྒོམ་པར་བྱ་སྟེ། སེམས་རྣམ་པར་དག་པའི་རིམ་པའོ། །དེ་བཞིན་དུ་སྐུ་ལ་སོགས་པ་ནི་སྒྱུ?་མ་ལྟ་བུའི་ངོ་བོ་ཡིན་པའི་ཕྱིར་རྡོ་རྗེ་སྟེ་སྐུལ་སོགས་པ་ཉེ་བར་བསྡུ་བའི་རང་བཞིན ་འོད་གསལ་བ་ལས་ཅིག་ཅར་དུ་བསྒོམ་པ་ནི་སྤྲོ་བར་བྱའོ། །རྣམ་པར་མི་རྟོག་པ་ནི་སྒྱུ་མ་ལྟ་བུ་དང་མི་དམིགས་པ་ནི་མེ་ཡོད་གི་གཟུགས་བརྙན་དང་འདྲ་བ་དང། མཉམ་པ་ཉིད་ནི་ཆུ་ཟླ་དང་འདྲ་བ་དང། གང་ན་ཡང་མི་གནས་པ་ནི་ཡོད་པ་དང་མེད་པ་ལས ་འདས་པའི་ཡེ་ཤེས་ཀྱི་སྐུ་སྟེ། དེ་ཉིད་བསྒོམ་པར་བྱ་སྟེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །ཡང་ན་ལུས་ལ་སོགས་པ་ནི། འདོད་ཆགས་དང་འདོད་ཆགས་བྲལ་བ་དང་འདོད་ཆགས་བར་པའི་རང་བཞིན་རྣམས་སོ། །དེ་ཉིད་འཁོར་བ་པ ་རྣམས་ཀྱིས་མི་ཕྱེད་པའི་ཕྱིར་རྡོ་རྗེ་སྟེ། དེ་རྣམས་སྐུ་གསུང་ཐུགས་རོ་གཅིག་ཏུ་གྱུར་པའི་བཞི་པ་དང་ལྷན་ཅིག་ཏུ་བསྒོམ་པར་བྱའོ། །གལ་ཏེ་དེ་ལྟར་བྱས་ན་ཡང་དེ་ཁོ་ན་ཉིད་བརྟན་པར་མི་འགྱུར་ན། དེའི་ཚེ་རྣམ་པར་མི་རྟོག་པ་ནི་རིལ་པོར་འཛིན ་པ་དང། མི་དམིགས་པ་ནི་རྗེས་སུ་གཞིག་པས་བསྒོམ་ཞིང་མཉམ་པ་ཉིད་ཀྱི་ངོ་བོ་འདོད་ཆགས་དང། འདོད་ཆགས་བྲལ་བ་དང་བསྲེ་བར་གྱུར་པ་གང་དུ་ཡང་མི་གནས་པ་ནི་དེ་ཁོ་ན་ཉིད་རྣལ་འབྱོར་པས་སྣང་བར་འགྱུར་ཏེ། མངོན་པར་བྱང ་ཆུབ་པའི་རིམ་པའོ། །དེ་བཞིན་དུ་སྐུ་གསུང་ཐུགས་ནི་རྡོ་རྗེ་འཆང་ཆེན་པོ་དང་མཉམ་པའི་ཕྱིར་རྡོ་རྗེ་སྟེ། ལུས་ངག་ཡིད་ནི་ཁམས་གསུམ་པ་དང་ལྷན་ཅིག་ཏུ་བྱས་ནས་བསྒོམ་པར་བྱའོ། །རྣམ་པར་མི་རྟོག་པ་ནི་ཀུན་རྫོབ་ཀྱི་བདེན་པ་དང། ་མི་དམིགས་པ་ནི་དོན་དམ་པའི་བདེན་པ་སྟེ། དེ་དག་མཉམ་པ་ཉིད་ནི་དཔྱེར་མེད་པར་བྱེད་པར་དེའི་ངོ་བོ་དང། གང་ན་ཡང་མི་གནས་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་མི་གནས་པར་རྡོ་རྗེ་འཆང་ཆེན་པོའི་སྐུ་བསྒོམ་པར་བྱ་སྟེ་ཟུང་འཇུག་གི་རིམ་པའོ། ། ་དེ་བཞིན་དུ་སྐུ་གསུང་ཐུགས་རྡོ་རྗེ་ནི་ཆོས་འབྱུང་གི་ཕྱག་རྒྱ་དང་ལྡན་པའི་ཤེས་རབ་མའོ། །ལུས་ལ་སོགས་པ་སྐྱེད་པར་བྱེད་པའི་རྡོ་རྗེས་ཉེ་བར་མཚོན་པའི་རྣལ་འབྱོར་པས་བསྒོམ་པ་ནི་ཡང་དག་པར་སྤྱོད་པའོ། །རྣམ་པར་རྟོག་པ་འཇོམས་པར་བྱེད་པའི ་ཕྱིར་རྣམ་པར་མི་རྟོག་པ་ནི་ཨ་བ་ལི?་ག་ནའོ། །ཡིད་མི་བདེ་བའི་དམིགས་པ་ལ་གཉེན་པོ་ཡིན་པའི་ཕྱིར། མི་དམིགས་པ་ནི་ཙུ་མ་པ་ནའོ། །རྩ་རྣམས་རོ་གཅིག་པར་བྱེད་པའི་ཕྱིར་མཉམ་པ་ཉིད་བསྐྱོད་པའོ། །གང་ན་ཡང་མི་གནས་པ་ནི་འཇའ?་ཆེན? ་དང་འདྲ་བ་བསྒོམ་པའོ། །དེ་རྣམས་བྱ་བ་སྟེ་རང་བཞིན་ནོ། །དེ་བཞིན་སྐུ་གསུང་ཐུགས་གྱི་རྡོ་རྗེ་ནི་ཆོས་འབྱུང་གི་ཕྱག་རྒྱ་སྟེ། ལུས་ངག་ཡིད་ནི་རྡོ་རྗེ་སྟེ། དེ་ཉིད་ཀྱི་བསྒོམ་པ་ནི་དེ་དང?་ཡང་དག་པར་སྦྱར་ཞིང། དེའི་ཚེ་རྣམ་པར་མི་རྟོག་ནི་རྩ་?་བ་མ? ་དང། མི་དམིགས་པ་ནི་རུས་སྦལ་མ་སྟེ། དེ་དག་མཉམ་པོར་བྱས་ལ། མཉམ་པ་ཉིད་ནི་འདོད་པའི་གདུགས་མ་སྟེ། དེ་རྣམས་རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བས། གདན་ཡང་མི་གནས་པ་ནི་དམིགས་པ་མེད་པར་སྐྱེད་པར་འགྱུར་ཏེ་རྒྱུའི། །དེ ་བཞིན་དུ་སྐུ་གསུང་ཐུགས་ནི་ཁམས་རྣམས་ཀྱི་གནས་ཡིན་པས་སྐུ་གསུང་ཐུགས་ནི་པདྨའོ། །རྡོ་རྗེ་ནི་གསང་བའི་རྡོ་རྗེའོ། །དེ་དག་ལུས་ངག་ཡིད་ནི་ཧཱུཾ་དང་ཕཊ་ལ་སོགས་པའི་ས་བོན་གྱིས་བྱིན་གྱིས་བརླབ་པར་བྱས་ལ། རྣམ་པར་མི་རྟོག་པ ་ནི་པདྨ་བསྐྱོད་པ་དང། མི་དམིགས་པ་ནི་རྡོ་རྗེ་བསྐྱོད་པ་དང། མཉམ་པ་ཉིད་ནི་གཉི་ག་བསྐྱོད་པ་སྟེ། དེ་རྣམས་བྱས་ལ་གང་དུ་ཡང་མི་གནས་པའི་བདེ་བ་ཆེན་པོ་ཐོབ་པར་གྱུར་ཏེ་ལས་སོ། །དེ་བཞིན་དུ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་བྱང་ཆུབ་སེམས ་ཀྱི་ཐིག་ལེ་སྟེ། དེ་ཉིད་ལུས་ངག་ཡིད་ནི་རྡོ་རྗེའི་རྩེ་མོར་བསྒོམ་པ་ནི་འཛིན་པར་བྱའོ། །རྣམ་པར་མི་རྟོག་ནི་དགའ་བ་ཟད་པས་མི་དམིགས་པ་ནི་མཆོག་ཏུ་དགའ་བ་མེད་པ་དང། མཉམ་པ་ཉིད་ནི་དགའ་བྲལ་དང་མི་དམིགས་པས་།གང ་ན་ཡང་མི་གནས་པ་ནི་བདེ་བ་ཆེན་པོའི་རང་རིག་པར་བསྒོམ་པར་བྱ་སྟེ་འབྲས་བུའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་དབང་པོ་རྣམས་ཏེ། དེ་དག་ལུས་ངག་ཡིད་ནི་ཡུལ་རྣམས་དང་གཅིག་ཏུ་བྱས་ལ། བསྒོམ་པ་ནི་འདོད་པ་སྤྱོད་པར་བྱའོ། །རྣམ་པར་མི་རྟོག ་ནི་དམན་པའི་འདུ་ཤེས་བྲལ་བ་དང། མི་དམིགས་པ་ནི་བར་པའི་འདུ་ཤེས་དང་བྲལ་བ་དང། མཉམ་པ་ཉིད་ནི་མཆོག་གི་འདུ་ཤེས་དང་བྲལ་ཞིང་གང་ན་ཡང་མི་གནས་པ་ནི་རྡོ་རྗེ་འཆང་ཆེན་པོའི་ངོ་བོས་ཡུལ་དེ་རྣམས་སྤྱོད་པར་བྱ་སྟེ། སོ་སོར་སྡུད ་པའོ། དེ་བཞིན་དུ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་ཡུལ་དང་དབང་པོ་རྣམས་ཏེ། །དེ་དག་ལུས་ངག་ཡིད་ནི་དེ་བཞིན་གཤེགས་པ་དང་ལྷན་ཅིག་ཏུ་བྱས་ལ་བསྒོམ་པར་བྱའོ། །རྣམ་པར་མི་རྟོག་པ་དང། མི་དམིགས་པ་དང་མཉམ་པ་ཉིད་དང། གང་ན་མི ་གནས་པ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་རྟོག་པ་དང། དཔྱོད་པ་དང། དགའ་བ་དང། བདེ་བ་དང། སེམས་རྩེ་གཅིག་པ་ཉིད་གོང་ནས་ཀྱི་རིམ་པས་ཡོངས་སུ་སྤངས་ཏེ། བསམ་གཏན་ལ་གནས་པར་བྱ་སྟེ་བསམ་གཏན་ནོ། །སྐུ་གསུང་ཐུགས་ཀྱི ་རྡོ་རྗེ་ནི་ཐིག་ལེ་སྟེ། དེ་ཉིད་ལུས་ངག་ཡིད་ནི་རྣམ་པ་གསུམ་གྱི་སྣའི་རྩེ་མོར་བསྒོམ་པར་བྱ་བ་ནི་འཛིན་པར་བྱའོ། །ཇི་ལྟ་བུ་ཞེ་ན། རྣམ་པར་མི་རྟོག་ནི་ཡུངས་ཀར་གྱི་འབྲས་བུའི་འབྲུའི་ཚད་ཙམ་མོ། །མི་དམིགས་པ་ནི་དོན་དམ་པའི་རང་བཞིན་ནོ། ་མཧ?་པ་ཉིད་ནི་སྟེང་དུ་རྒྱུ་བ་དང་ཡང་ཉེ་བར་བསྡུ་པ་ཉིན་མི་དང་མཚན་མོ་ཟོ་ཆུན་གྱི་འཁྲུལ་འཁོར་དང་འདྲ་བར་རྒྱུ་བའོ། །གང་ན་ཡང་མི་གནས་པ་ནི། ཀུན་ཏུ་འགྲོ་བ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་བལྟ་བར་བྱ་སྟེ་སྲོག་དང་རྩོལ་བའོ། །སྐུ་གསུང ་ཐུགས་ཀྱི་རྡོ་རྗེ་ནི་ཐིག་ལེ་ཙམ་དེ་ཉིད་དེ། ལུས་ངག་ཡིད་ནི་འཇུག་པ་ལ་སོགས་པའི་བྱ་བ་དང་བྲལ་བ། བསྒོམ་པ་ནི་འཛིན་པར་བྱ་སྟེ། དེའི་ཚེ་རྣམ་པར་མི་རྟོག་པ་ནི་འཇུག་པའི་རྟོག་པ་དང་བྲལ་བ་དང། མི་དམིགས་པ་ནི་གནས་པའི་རྟོག་པ་དང་བྲལ་བ་དང། ་མཉམ་པ་ཉིད་ནི་ལྡང་བའི་རྣམ་པར་རྟོག་པ་དང་བྲལ་བ་དང། གང་ན་ཡང་མི་གནས་པ་ནི་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་མི་འགྱུར་བ་བསྒོམ་པར་བྱ་སྟེ། འཛིན་པའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའི་སྐུ་སྟེ། ལུས་ངག་ཡིད་ནི་དེ་བཞིན་གཤེགས ་པ་རྣམས་ཀྱི་སྐུ་དང་ལྷན་ཅིག་ཏུ་བྱས་ལ། བསྒོམ་པ་ནི་བསམ་པའོ། །རྣམ་པར་མི་རྟོག་པ་ནི་ས་ཐིམ་པས་སྨིག་རྒྱུ་ལྟ་བུའོ། །མི་དམིགས་པ་ནི་ཆུ་ཐིམ་པས་ན་དུ་བ་ལྟ་བུའོ། །མཉམ་པ་ཉིད་ནི་མ་ཐིམ་པས་ནི་སྲིན་བུ་མེ་?་ལ་ལྟ་བུའོ། །གང་དུ་ནི་རླུང་ཐིམ་བས་ན? ་མར་མེ?་ལྟ་བུའོ། །མི་གནས་པ་ནི་ཁམས་བཞིའོ། །རྣམ་པར་རྟོག་པ་ཐིམ་པས་ནི་སྤྲིན་མེད་པའི་ནམ་མཁའ་ལྟ་བུའོ། །དེ་ལྟ་བུའི་སྐུ་མཐོང་བས་ཤིན་ཏུ་གསལ་བ་རྗེས་སུ་དྲན་པ་སྐྱེ་བར་འགྱུར་ཏེ་རྗེས་སུ་དྲན་པའོ། །དེ་བཞིན་དུ་སྐུ་གསུང་ཐུགས་ན་ཀུན་རྫོབ་པོ། །ཡང ་ལུས་ངག་ཡིད་ནི་དོན་དམ་པའོ། །སྒོམ་པ་དེ་ནི་དེ་དག་གཉིས་སུ་མེད་པར་བསྒོམ་པར་བྱའོ། །རྣམ་པར་མི་རྟོག་པ་ནི་གཙད་པ་དང་མི་གཙང་བ་ལ་སོགས་པའི་རྣམ་པར་རྟོག་པ་དང་བྲལ་བའོ། །མི་དམིགས་པ་ནི་རྣམ་པ་དང་བཅས་པ་དང་རྣམ་པར་རྟོག་པ་མེད ་པའི་རྣམ་པར་རྟོག་པ་དང་བྲལ་བའོ། །མཉམ་པ་ཉིད་ནི་དགྲ་དང་ཐུན་ལ་སོགས་པ་ལ་རང་བཞིན་མཉམ་པའོ། །གང་ན་ཡང་མི་གནས་པ་ནི་ཟུང་འཇུག་གི་བདག་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པར་བྱ་སྟེ་ཏིང་ངེ་འཛིན་ནོ། །དེ་ལྟར་ན་རྣལ་འབྱོར་རོ། །སྐུ་གསུང ་ཐུགས་གསུམ་ནི་སྐུ་གསུང་ཐུགས་ཀྱི་རིགས་ཀྱི་སྡོམ་པ་སྟེ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང། ཕྱི་ལ་སོགས་པའི་དམ་པའི་ཆོས་ཉན་པ་དང། རྡོ་རྗེ་ལ་སོགས་པ་འཛིན་པ་དང། ཁ་ཟས་ལ་སོགས་པ་སྦྱིན་པ་དང། མཚེད་པ་? ་པའོ། །ལུས་ངག་ཡིད་ལས་བྱུང་བའི་བདུད་རྩིའི་ལུས་ངག་ཡིད་དོ། །དེ་ཉིད་བསྒོམ་པ་ནི་བདུད་རྩི་མྱང་བ་བསྒོམ་པར་བྱའོ། །རྣམ་པར་མི་རྟོག་པ་དང་།མི་དམིགས་པ་དང། མཉམ་པ་ཉིད་རྣམས་ནི་ཤ་གསུམ་མོ། །གང་ཡང་ཞེས་པ་ནི ་རྟའོ། །མི་གནས་པ་ནི་མིའོ། །ལྕགས་ཀྱུ་འདི་རྣམས་སྔགས་དང་ཕྱག་རྒྱའི་རིམ་པས་འདུས་བྱས་ཏེ་བཟའ་བར་བྱའོ། །དེ་ན་སྒྲུབ་པའོ། །དེ་ལྟར་སྙིང་པོ་བསྐུལ་བའི་དང་པོ་བཅོམ་ལྡན་འདས་ཀྱི་ས་ཏིང་ངེ་འཛིན་བསྟན་ཏེ། སྙིང་པོ་བསྐུལ་བ་ལ་རྗེས་སུ ་མཐུན་པ་ཏིང་ངེ་འཛིན་ཐོབ་པའོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་བཞིན་གྱིས་དག་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །ས་ཐམས་ཅད་ལ་ཕ་རོལ་ཏུ་ཕྱིན་པའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ ་ཐམས་ཅད་དོ། །སྔགས་ནི་སྙིང་པོའི་སྔགས་རྣམས་སོ། །ཚུལ་ནི་ཞགས་པ་དང་ལྕགས་ཀྱུ་ལ་སོགས་པའི་སྦྱོར་བས་དེ་རྣམས་འགུགས་པའོ། །དེ་ཉིད་ཡིན་པའི་ཕྱིར་རྡོ་རྗེའོ། །དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་བཞིན ་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་ལ་འདི་སྐད་བཀའ་སྩལ་ཏེ། བསྐྱེད་པའི་རིམ་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་མི་བསྐྱོད་པ་ལ་སོགས་པ་ཞེས་པ་ནི་བོད་པའི་དོན་དུ ་བྱེད་ཚིག་དང་པོའོ། །གཞན་ཡང་དེ་བཞིན་གཤེགས་པ་ཞེས་པ་ནི་རྟགས་ཀྱི་དོན་ཙམ་ལ་བྱེད་ཚིག་དང་པོའོ། །ཡོད་ཅེས་པ་ནི་འོག་ནས་བཤད་པར་འགྱུར་བའི་གཞལ་བྱ་ཡོད་པའོ་ཞེས་སྟོན་ཏོ། །དེ་བཞིན་གཤེགས་པ་ནི་མི་བསྐྱོད་པ་ལ་སོགS ་པའོ། །དེ་རྣམས་མངོན་པར་དགའ་བ་ལ་སོགས་པའི་སངས་རྒྱས་ཀྱི་ཞིང་རྣམས་ལ་བཞུགས་ཏེ། དུ་མ་ནི་རིགས་ཀྱི་དབྱེ་བས་བཞུགས་པ་གང་ཞིག་རིགས་ནི་ལྷ་མོ་སྤྱན་ལ་སོགས་པ་སྟེ། དེ་རྣམས་ཀྱི་ཞི་བ་དང་དྲག་པོ་ལ་སོགས་པའི་དབྱེ ་བས་བྱེད་ཁྲག་ཁྲིག་བརྒྱ་སྟོང་དང་ལྷན་ཅིག་ཏུ་སེམས་ཅན་ནི་འདོད་ཆགས་ལ་སོགས་པའི་རིགས་ཅན་གྱི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྤང་བའི་ཕྱིར་གང་ཞིག་དོན་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། དེ་ཉིད་ཀྱི་བྱ་བ་ནི་སྨིན་པ་དང་གྲོལ་བ ་དང་བསྟན་པ་ལ་སོགས་པ་སྟེ། དེ་ཉིད་རོལ་པ་ནི་མཛའ་ཡས་པའི་ལུས་དང། ངག་དང། ཡིད་དང། ཆ་ལུཌ་ལ་སོགས་པའི་དབྱེ་བས་དབྱེ་བར་གྱུར་བ། ཕྱག་རྒྱ་དང། སྔགས་དང། ཏིང་ངེ་འཛིན་དང། བརྟུལ་ཞུགས་ལ་སོགས་པ་དང་ལྡན་པའི་རོལ་མོ ་དང་འདྲ་བའི་རོལ་མོ་སྟོན་པར་མཛད་པ་ནི་གསལ་བར་མཛད་དེ། དེ་ལྟར་རེ་ཞིག་དེ་བཞིན་གཤེགས་པ་རྣམས་སེམས་ཅན་གྱི་དོན་མཛད་པའི་ཕྱིར་གཙོ་བོ་ཉིད་དུ་བཞུགས་པའོ། །དེ་རྣམས་ལ་ནི་བདག་ཉིད་ཀྱི་དོན་འདི་མ་ཡིན་ཏེ། ཕྱོགས་བཅུའི་འཇིག ་རྟེན་གྱི་ཁམས་ནམ་མཁའ་ཨི་མཐས་ཀླས་པ་ནི་འདོད་པའི་ཁམས་ལ་སོགས་པའི་འཇིག་རྟེན་གྱི་ཁམས་ཏེ། དེ་རྣམས་ལ་འདོད་པའི་ཡོན་ཏན་ལྔ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པས་རོལ་པ་སྟེ། སྤྲོས་པ་དང་བཅས་པས་སྤྱོད་པ་མཛད་པའོ། །གཞན་ཡང ་དགྱེས་པ་ནི་སྤྲོས་པ་མེད་པའི་སྤྱོད་པས་སོ། །ཡོངས་སུ་སྤྱོད་པ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་མའི་རིམ་པས་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པས་སོ། །དེ་བས་ན་སེམས་ཅན་གྱི་དོན་དུ་དེ་རྣམས་སྩོལ་བ་མཛད་པ་ཡིན་གྱི། བདག་ཉིད་ཀྱི་དོན་དུ་ནི་མ་ཡིན་ནོ། །སེམས ་ཅན་དེ་རྣམས་འདུལ་བར་དཀའ་བ་ཡིན་པ་སྟེ། བསྐལ་པ་དུ་མས་གལ་ཏེ་སེམས་ཅན་གཅིག་ཅིག་སྣོད་དུ་རུང་བར་མཛད་ན་དེའི་ཚེ་བཅོམ་ལྡན་འདས་དེ་རྣམས་སྐྱོ་བར་མི་འགྱུར་རོ། །ཇི་སྐད་དུ། སངས་རྒྱས་ཀུན་གྱི་སྙིང་པོ་ཀུན། །རྡོ་རྗེ་འཆང་ཆེན་གོ ་འཕང་སྟེ། །དགེ་བ་འདིས་ནི་ཐོབ་འགྱུར་དང། །དེ་ཡང་འགྲོ་བས་བདག་ཐོབ་འཇུག་།ཅེས་འབྱུང་བ་དང། དེ་བཞིན་དུ་ཕྱོགས་བཅུ་ནམ་མཁའ་ཨི་མཐར་ཐུག་པ། །སེམས་ཅན་གྱི་དོན་མཛད་པའི་ཕྱིར། །ཇི་ལྟར་འཇམ་དཔལ་གྱིས་སྤྱོད་པ། །དེ་བཞིན ་སྤྱོད་པ་བདག་ལ་ཤོག་།ཅེས་བྱ་བ་ལ་སོགས་པ་འབྱུང་ངོ། །དེ་བཞིན་གཤེགས་པ་དེ་རྣམས་ཀྱང་སྔགས་ཀྱི་སྤྱོད་པ་ལ་རྩོལ་བ་དང་ལྡན་པའི་རྣལ་འབྱོར་པ་ལ་སྤྱན་རས་ཀྱིས་མི་གཟིགས་པའོ། །སྔགས་དང་སྤྱོད་པ་ནི་སྔགས ་སྤྱོད་པ་སྟེ། དེ་དག་ཚུལ་ནི་ལམ་མོ། །དེ་ལ་སྔགས་ཀྱི་ཚུལ་ནི་མདོར་བསྡུས་པས་རྣམ་པ་གཉིས་ཏེ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་དོ། །དེ་ལ་ཤེས་རབ་ཀྱི་བདག་ཉིད་ནི་དབྱངས་རྣམས་དང། ཐབས་ཀྱི་བདག་ཉིད་ནི་གསལ་བྱེད་རྣམས་སོ། ། ་དེ་རྣམས་ཀྱང་ཟླ་བ་དང་ཉི་མའི་བདག་ཉིད་ཡིན་ནོ། །གཞན་ཡང་དེ་རྣམས་སྡེ་ཚན་བརྒྱད་པོས་རྣམ་པར་ཤེས་པ་བརྒྱད་རྣམ་པར་དག་པའི་ངོ་བོ་འབྱང་བ་སྟེ། དེ་རྣམས་ཀྱང་འབྱུང་བ་ཆེན་པོ་བཞིའི་རང་བཞིན་གྱི་ཨ་ཀ་ཡ་ཤའི་ངོ་བོར་བྱུང་ངོ། ། ་དེ་རྣམས་ཀྱང་བུད་མེད་དང་སྐྱེས་པ་དང། མ་ནིད་གི་ངོ་བོར་ཡི་གེ་གསུམ་གྱི་རྣམ་པ་བྱུང་ངོ། །ཡི་གེ་གསུམ་པོ་དེ་རྣམས་ཀྱང་ཆ་ཤས་དང་ཆ་ཤས་ཅན་གྱི་དབྱེ་བས་འོད་གསལ་བ་ལ་ཐིམ་པར་འགྱུར་ཏེ། དེ་ནི་སྔགས་ཀྱི་རང་བཞིན་ནོ། །དེ་བཞིན ་དུ་སྔགས་ཀྱི་བརྡ་ནི་རྣམ་པ་བཅུ་གཅིག་ཡིན་ཏེ། དཔལ་རྡོ་རྗེ་ས་འོག་གི་རྒྱུད་ལས་ཀྱང། ཇི་སྐད་དུ། ཁ་སྦྱོར་རྒྱུད་དང་འཛིན་པ་དང། དེ་བས་ན་འོད་གསལ་བའི་ངོ་བོ་དེ་བཞིན་ཉིད་ནི་སྔགས་ཀྱི་དོན་ཏོ། །དེའི་ཕྱིར་མ་ལུས་པའི་དག་གི་ངོ་བོ་བཅོམ ་ལྡན་འདས་མ་ཡི་གེ་ཕྱི་མོ་ནི་སྔགས་ཀྱི་ཚུལ་ཡིན་ནོ། །དེ་ཉིད་ཀྱང་རྣལ་འབྱོར་པ་རྣམས་ལ་ལོངས་སྤྱོད་དང་ཐར་པ་སྟེར་བར་བྱེད་པའོ། །དཔལ་རྡོ་རྗེ་ས་འོག་གི་རྒྱུད་ཀྱི་རྒྱལ་པོ་ལས། །དེ་ནས་གཞན་ཡང་བཤད་པར་བྱ། །ཁྱོད་ལ་ཆོ་ག་རྡོ་རྗེ ་?། །གང་གིས?་ཤེས་པ་ཙམ་གྱིས་ནི། །འདོད་པའི་དངོས་གྲུབ་ཐོབ་པར་འགྱུར། །བཞི་བཅུ་རྩ་དགུ་དབྱེ་བ་ཡི། །ཡི་གེ་མི་འགྱུར་གནས་པ་སྟེ། །དག་གིས་ཐམས་ཅད་ངོ་བོའི་རྒྱུ། །ཡི་གེ་ཕྱི་མོ་ལྷ་མོ་ཡིན། །རྣམ་པ་?་ཀུན་ཡང་རྣམ ་པ་མེད། །ཕྱག་མཚན་ཀུན་ནི་འཛིན་པར་མཆོག། སེམས་ངོ་མི་བཟད་མཚན་ཉིད་ཅན། །སེམས་ཅན་ཐམས་ཅད་ཁྱབ་མཛད་པའོ། །དེ་ནི་ཤེས་རབ་དང་པོར་བཤད། །འགྲོ་བ་འདི་ནི་ངེས་ཁྱད་པ། །སེམས་ཅན་ཀུན་གྱི་སྐྱེ་གནས་ཏེ། །སྔགས ་རྣམས་ཀུན་གྱི་རང་བཞིན་ཉིད། །རྟོགས་པས་བསྐྱོད་པའི་ཆོས་ཉིད་ཀྱིས། །ཀུན་ཏུ་རྟོགས་པ་རྗེས་མཛད་པའོ། །སྔགས་ཀྱི་ཚོགས་ནི་དེ་ལས་བྱུང། །དེ་ཉིད་དུ་ནི་ཐིམ་པར་འགྱུར། །དེ་ཡི་སྒྲ་དག་ཤེས་ནས་ནི། །ཅི་འདོད་འབྲས་བུ་ཐོབ་པར་འགྱུར།། ་གང་དང་གང་གིས་དངོས་པོ་ཡིས། །དེ་ཉིད་མཐོང་བས་བསམ་གྱུར་ན། །དྲི་མེད་ཤེལ་སྒོང་དང་འདྲ་བ། །དེ་དེ་རྣམ་པར་དེ་འགྱུར་རོ། །ཇི་ལྟར་ཡིད་བཞིན་ནོར་བུ་ལྟར། །བསམ་པ་དག་ནི་སྟེར་བར་བྱེད། །དེ་བཞིན་ལྷ་མོའི་མཆོག་འདི་ཡིས། །དངོས ་གྲུབ་ཐམས་ཅད་སྟེར་བར་མཛད། །ཡི་གེ་ཐིག་ལེ་སྒྲ་དང་ནི། །སྣང་བ་རླུང་དང་རྩེ་མོ་ཆ། །དབྱེ་བ་གཙོ་བོ་བདུན་པོ་ཡིས། །ནུས་པ་དེ་རུ་བཞུགས་པ་ཡིན། །སྙིང་ལྐོག་རྐན་གྱི་ཕྱོགས་རྣམས་སུ། །ཐིག་ལེའི་ངོ་བོར་དེ་བཞུགས་པ། །སྒྲ་ཡི་རང ་བཞིན་གྱིས་སྒྲོགས་པ། །འབྱུང་རྡུབ?་དག་ནི?་མཛད་པ་ཡིན། །མེ་ཡི་འབར་བའི་རྩེ་མོ་བཞིན། །སེམས་ཅན་ཐམས་ཅད་ལྟོ་བ་ལ། །རླུང་གི་ངོ་བོ་རྣམ་པ་བཅུ། །དེ་ནི་རྩ་བ་ཀུན་བཞུགས་པའོ། །ཚངས་པ་ལ་སོགས་མི་འགྲོའི་མཐར། །རྟག་ཏུ་དེ་ནི་རབ ་མཛད་ཅིང། །སེམས་ཅན་ཐམས་ཅད་འདུལ་མཛད་དེ། །སེམས་པོ་དེ་ནི་རབ་ཏུ་བརྗོད། །དེ་ལས་གཞན་ནི་གང་བཤད་པ། །གསང་བའི་བདག་པོ་ཁྱོད་སྨོས་ཤིག། དེ་ཁོ་ན་ཉིད་དེ་བོ་འདི། །ཀུན་ཏུ་ཞལ་ནི་བདག་གིས་བཤད་ཅེས་བྱ་བ་འབྱུང་ངོ། །དེ ་བཞིན་དུ་སྦྱོར་བ་ནི་སྤྲོས་པ་ལ་སོགས་པའི་དབྱེ་བ་རྣམ་པ་གསུམ་ཏེ་བཤད་ཟིན་ཏོ། །སྔགས་ཀྱི་སྤྱོད་པ་དང་ཚུལ་དེ་དག་ལ་མངོན་པར་བརྩོན་པ་ནི་འབད་པ་དང་ལྡན་པའི་རྣལ་འབྱོར་པ་སྟེ། དེ་ལ་སྤྱན་གྱིས?་གྱིས་མི་གཟིཌ་པའོ། །མི་གཟིགས་པའི་རྒྱུད་བསྟན་པར ་བྱ་སྟེ། །སྔགས་ཀྱི་སྤྱོད་པའི་ཚུལ་གྱི་ཆོས་དང། ཆོས་ཀྱི་སྤྱོད་པའི་ཚུལ་གྱི་ཆོས་ཏེ། སྔགས་ཀྱི་ཚུལ་གྱི་ཆོས་དང་བསྟན་བཅོས་ལ་གང་གི་ཕྱིར། འདི་རྫོགས་པར་གྱུར་ཏོ་ཞེས་བྱ་བ་ནི་མཐར་ཕྱིན་པས་ན་འདི་ལ་སྤྱན་རས་གཟིགས ་པ་ཅི་དགོས་ཞེས་བྱ་བའི་དོན་ཏོ། །སྔགས་ཀྱི་ཚུལ་ནི་རྣམ་པ་བཅུ་སྟེ། ཇི་སྐད་དུ། དཀྱིལ་འཁོར་ཏིང་འཛིན་མཆོད་པ་སྔགས་དང་ནི། །བྱེད་པ་སྟང་སྟབས་བཟླས་པ་སྦྱིན་སྲེག་དང། །སྔགས་དང་ཕྱག་རྒྱ་ངེས་སྦྱོར་བསྡུ་པ་ནི། །སྔགས་ཀྱི་ཚུལ ་ནི་དེ་ཉིད་བཅུ་རུ་བཤད། །སྤྱོད་པའི་ཚུལ་ནི་རྣམ་པ་གསུམ་སྟེ་།ཆོས་འབྱུང་མངོན་པར་བྱང་ཆུབ་པ་ལ་སོགས་པ་སྔར་བཤད་ཟིན་ཏོ། །དེ་ནས་རྫོགས་པ་ཡིན་པའི་ཕྱིར། །དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱན་གྱིས་མི་གཟིགས་ན་ཡང་འོན་ཀྱང ་ཅིག་ཅར་དུ་དངོས་གྲུབ་འདོད་པ་དེའི་དོན་དུ་སྐྱེས་བུ་དམ་པའི་རྣལ་འབྱོར་པ་དེ་རྣམས་ལ་སྤྱན་རས་ཀྱིས་གཟིགས་པའི་ཕྱིར་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་གཟིགས་པའི་ཕྱིར་རོ། །འདི་ནི་འོག་ནས་འཆད་པར་འགྱུར་པའོ། །དེ་བཞིན་གཤེགས ་པ་ཐམས་ཅད་སྐུ་རྡོ་རྗེ་ལ་སོགས་པའི་སྐུ་གསུང་ཐུགས་བྱིན་གྱིས་རློབ་པར་བྱེད་པའི་སྔགས་ཀྱང་ཡིན་ལ། སྐྱེད་པའི་རྒྱུ་ཡིན་པའི་ཕྱིར་ཐཾས་ཅད?་ཀྱང་ཡིན་ལ། །སྔགས་ཐམས་ཅད་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ཀྱི་སྙིང་པོ་ནི་ཡེ ་ཤེས་སེམས་དཔའ་ཨི་སྙིང་པོ་སྟེ། ཏིང་ངེ་འཛིན་སེམས་དཔའ་ཨི་ས་བོན་རྣམས་སོ། །དེ་སྐུལ་བར་བྱེད་པ་ནི་དེའི་ནུས་པ་ནི་འཕྲོག་པར་བྱེད་པའོ། །ཡང་ན་སྔགས་ཐམས་ཅད་ནི་དབང་ཕྱུག་ཆེན་པོ་ལ་སོགས་པའི་སྔགས་རྣམས་ཀྱི་སྙིང་པོ་ནི་ནུས་བདེ་སྐུལ? ་པར་བེར་པ་ནི་ནས་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ་།དྲག་ཤུལ་གྱི་སྔགས་རྣམས་ནི་ཡི་གེ་གསུམ་གྱིས་འཇོམས་པར་བྱ་ཞེས་མན་ངག་གོ། དེ་ཉིད་ཀྱི་ཕྱིར་རབ་ཏུ་གསང་བ་ནི་རིག་སྔགས་དང། ཉེ་བའི་སྙིང་པོ་དང། ཕྲེང་སྔགས་དང། གཟུངས ་སྔགས་ཀྱི་ནང་ན་སྙིང་པོའི་རང་བཞིན་ནོ། །སྙིང་པོ་ལ་སོགས་པའི་དབྱེ་བ་ནི་ལེའུ་བཅུ་བཞི་པ་ལས་བཤད་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་དོ། །དེའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ་དམིགས་པ་ནི། དེའི་སྐྱེད་པར ་བྱེད་པའི་རྒྱུར་གྱུར་པ་ཡི་གེ་ཨོཾ་མོ། །རྡོ་རྗེ་འཛིན་པ་ཐམས་ཅད་ནི་མི་བསྐྱོད་པའོ། །དེའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ་དམིགས་པ་ནི་དེའི་ལོངས་སྤྱོད་རྫོགས་པ་དང་སྦྲུལ་པའི་སྐུ་དག་སྐྱེད་པ་ཡི་གེ་ཧཱུཾ་ངོ། །ཆོས་འཛིན་པ་ཐམས་ཅད་ནི་འོད་དཔག་ཏུ ་མེད་པའོ། །དེའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ་དམིགས་པ་ནི་དེའི་དང་པོ་སྦྱོར་པ་ལ་སོགས་པའི་རྒྱུ་སྟེ་ཡི་གེ་ཨཱ:འ། །ཉིད་ཀྱི་སྐུ་གསུང་ཐུགས་ནི་རིམ་པ་ཇི་ལྟ་བ་བཞིན་དུ་སྐུ་དང་གསུང་དང་ཐུགས་ལས་སོ། །ཚིག་གི་ལམ་ངེས་པར་བརྗོད་པ་ནི ་ཚིག་གི་ལམ་ནས་ཏེ། སྐུ་ལ་སོགས་པ་དབྱེར་མེད་པའི་ཕྱིར་དགོངས་པའོ། །སེམས་ནི་ལུས་ལྟ་བུ་ཞེས་ལེའུ་གཉིས་པ་ལས་བསྟན་ཏོ། པ་ཙམ་ནི་རྡོ་རྗེ་འཆང་གིས་གསུངས་པ་ཙམ་གྱིས་སངས་རྒྱས་གྱིས་སྔགས་ཀྱི་སྙིང་པོ་གསུངས་པ་ནི་བསྟན ་ཏོ། །ོཾ་ཧཱུཾ་ཨཱ:ཞེས་བྱ་པའི་སྔགས་ཀྱི་དོན་ནི་སྔར་བཤད་ཟིན་ཏོ། །ཧཱུཾ་ནི་དབུས་སུ་བཤད་པ་སྟེ། སེམས་ནི་སྙིང་གི་ནང་ན་གནས་པའི་ཕྱིར་དང། ངག་དང་ལུས་ནི་ཕྱི་རོལ་ཏུ་ཁ་བལྟས་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། འདི་གསུངས ་པ་ཙམ་ནི་རྡོ་རྗེ་འཆང་གིས་གསུངས་པ་ཙམ་གྱིས་སངས་རྒྱས་ཐམས་ཅད་སྲས་དང་བཅས་པ་ནི་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །འདར་བར་གྱུར་ཞིང་བརྒྱལ་གྱུར་པ་ནི་བསྐུལ་པར་འགྱུར་ཞིང་སྒྲུབ་པ་པོ་ལ་མངོན་པར ་ཕྱོགས་པར་གྱུར་ཏོ། །རྡོ་རྗེ་སེམས་དཔའ་རྗེས་སུ་དྲན་པ་ཞེས་པ་ནི་རྡོ་རྗེ་སེམས་དཔའ་ཨི་གོ་འཕང་དོན་དུ་གཉེར་བའི་རྣལ་འབྱོར་པ་ལ་སྤྱན་རས་ཀྱིས་གཟིགས་པ་དང། དེ་ཉིད་ལ་རྩེ་གཅིག་པར་གྱུར་པ་དང། དེ་ཉིད་ལ་དངོས་གྲུབ་སྩོལ་ཏོ་ཞེས་ཚིག་གི ་ལྷག་མའོ། །དེ་ནི་བསྐྱེད་པའི་རིམ་པའོ། །སྙིང་པོ་བསྐུལ་བའི་སྔགས་བསྟན་ནས་དེ་ཐབས་བསྐྱེད་པའི་རིམ་པ་བསྟན་པར་བྱེད་པ་སྟེ། །ནམ་མཁའ་ཨི་དབྱིངས་ནི་སྟོང་པ་ཉིད་དོ། །དེའི་དབུས་གནས་དགོད་པའི་དཀྱིལ་འཁོར་ནི།། ་ཡི་གེ་གསུམ་ཡོངས་སུ་གྱུར་པ་ལས་སྐྱེས་པ་ཟླ་བ་དང་ཉི་མ་ལ་སོགས་པའི་གདན་བསྒོམ་པར་བྱའོ། །དེའི་སྟེང་དུ་ཡང་ཡི་གེ་ཧཱུཾ་ནི་གཙོ་བོ་ཡིན་པའི་ཕྱིར་ཡི་གེ་ཨོཾ་དང་ཨཱ:དག་ཀྱང་དགོད་ཅིང་དེ་ལས་བྱུང་བ་རང་གི་གཟུགས་ནི་མི་བསྐྱོད་པའི ་སྐུ་རབ་ཏུ་བརྟག་ནི་བསྒོམ་པར་བྱའོ། །རྡོ་རྗེ་ནི་ཕྱག་མཚན་གཙོ་བོ་འོད་ཟེར་ནི་དེའི་སྐུ་ལས་ཕྱུར་བའི་འོད་ཟེར་རྣམས་ཀྱིས་ཆེར་འབར་བ་ནི་ཤིན་ཏུ་འབར་བ་དང། ཕྱི་རོལ་ཏུ་ཡང་འོད་ཟེར་དེ་རྣམས་སྤྲོ་བར་བྱེད་པས་བསམ་པར་བྱའོ། །སངས་རྒྱས ་རྣམས་ཀྱི་སྐུ་གསུང་ཐུགས་ནི་ཡེ་ཤེས་སེམས་དཔའ་སྟེ་།དྲངས་པ་ནི་དམ་ཚིག་སེམས་དཔའ་ཨི་སྙིང་ཁར་བསྒོམ་པར་བྱའོ། །དེ་ནས་སྙིང་ཁར་ཡང་སྐུ་གསུང་ཐུགས་རྡོ་རྗེ་ནི་སྲུ་ལ་སོགས་པ་ས་བོན་འཛིན་པའི་དགོད་པ་སྟེ། དེའི་སྐད་ཅིག་མ་ནི ་ཅིག་ཅར་དུ་ཡེ་ཤེས་སེམས་དཔའ་ཨི་སྙིང་ཁར་ཏིང་ངེ་འཛིན་སེམས་དཔའ་དགོད་པར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་འཆང་ཆེན་པོའོ། །རྒྱལ་པོ་ཆེན་པོ་ནི་དེ་བཞིན་གཤེགས་པའི་བདག་པོའོ། །ཀུན་གྱིས་གཙོ་བོ་ནི་ལྷ་ལ་སོགས ་པ་འགྲོ་བ་རིས་དྲུག་དང། ཁམས་གསུམ་གྱི་རབ་མཆོག་གོ། དབང་ཕྱུག་མཆོག་ནི་རྫུ་འཕྲུལ་ལ་སོགས་པ་མཛད་པའོ། །དེ་ལ་རྗེས་སུ་ཞུགས་ཤིང་རྡོ་རྗེ་འཆང་ཆེན་པོའི་བདག་ཉིད་བསམ་ལ་ཇི་སྲིད་རང་གི་དཀྱིལ་འཁོར་ནི་རྡོ་རྗེ་འཆང ་ཆེན་པོ་ལ་རྗེས་སུ་ཞུགས་པའི་མི་བསྐྱོད་པའི་དཀྱིལ་འཁོར་རོ། །རང་སྔགས་ནི་ཛི་ན་ཛི་ཀ་ཅེས་བྱ་བ་ལ་སོགས་པའི་སྔགས་རྣམས་ལས་སྐྱེད་པར་བྱེད་པའི་ཚུལ་ནི་བསྐྱེད་ཅིང་སྤྲོས་པར་བྱའོ། །འདི་ནི་སྔར་བཤད་པའི་ཡེ་ཤེས་སེམས ་དཔའ་དང། ཏིང་ངེ་འཛིན་སེམས་དཔའ་ཞུགས་པ་དང་དགོད་པ་སྔགས་ཐམས་ཅད་ནི་དཀྱིལ་འཁོར་རྣམས་ལ་ཡང་བྱ་སྟེ། སྙིང་པོ་ནི་ཕྱིར་མི་ལྡོག་པའི་དབང་དང། རྡོ་རྗེ་ནི་མིག་ལ་སོགས་པའི་དབང་པོ་རྣམས་ལ། བསྡུ་བ་ནི་ཐཧཱིཾ?་ལ་སོགས་པའི་ས་བོན་དགོད་པར ་བྱའོ། །དེ་ནས་རང་སྔགས་སྐྱེས་བུ་ནི་རྡོ་རྗེ་འཆང་ཆེན་པོའི་སྐུ་གནས་བཞི་དག་ནི་ཕྱོགས་བཞི་དང་ནམ་མཁའ་ལ་བསྒོམས་ཏེ། ཞལ་གསུམ་ལྟ་བུ་དང་སྦྱོར་པའི་ཚིག་གིས་ཕྱག་དྲུག་པ་དང། ཁ་དོག་གསུམ་ནི་དམ་ཚིག་དང་ཡེ་ཤེས་དང་ཏིང་ངེ་འཛིན་སེམས ་དཔའ་ཨི་རང་བཞིན་ནོ། །དེ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་བཀའ་སྩལ་ཏེ། །དེ་ལྟར་བསྒྲུབ་བྱ་དང་སྒྲུབ་པ་པོའི་སྐྱེད་པ་བསྟན་ནས། སྒྲུབ་པའི་སྦྱོར་བ་བསྟན་པར་བྱ་པའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ནི་བསྒྲུབ་བྱ་དང ་སྒྲུབ་པ་པོའིའོ། །དག་གི་མཆོག་ནི་སྙིང་པོ་ནུས་པ་འགུགས་པ་དང། གསང་བའི་བླ་མའི་མན་ངག་གི་རྟགས་པར་བྱའོ། །སྙིང་ཁར་ནི་ཡེ་ཤེས་སེམས་དཔའ་ཨི་སྙིང་ཁ་སྟེ། དེའི་དབུས་གནས་ལ་ཕྲ་མོ་ནི་ཡི་གེ་ཧཱུཾ་ལ་སོགས་པ་ལས་གང་ཡང་རུང ་པའི་ས་བོན་ཏེ་ཏིང་ངེ་འཛིན་སེམས་དཔའ་ཞེས་བྱ་བ། དཀྱིལ་འཁོར་རྣམས་ནི་ཟླ་བ་དང་ཉི་མ་རྣམས་ལས་གང་ཡང་རུང་བའི་གདན་ལ་བསམས་ཏེ། ཕྱི་རོལ་ཏུ་གནས་པའི་དེ་བཞིན་གཤེགས་པ་ལ་སོགས་པའི་བསྒྲུབ་བྱའི་དབུས་སུ་གནས་པ་ནི ་ཡེ་ཤེས་སེམས་དཔའ་ཨི་སྙིང་ཁར་གནས་པ། མཆོག་ནི་ཐུགས་རྡོ་རྗེ་ལ་སོགས་པའི་ཡི་གེ་ནི་ས་བོན་གནས་ནི་ཟླ་བའི་དཀྱིལ་འཁོར་ལ་སོགས་པ་ལ་གནས་པར་བསམ་པར་བྱའོ། །དེའི་རྗེས་པ་བསྒྲུབ་བྱ་དང་སྒྲུབ་བྱེད་དེ་དག་གི་ས་བོན་དེ་ཡོངས་སུ་གྱུར ་པ་ལས་སྐྱེས་པ་འོད་ཟེར་གྱི་འཁོར་ལོ་སྤྲོ་བའི་རྡོ་རྗེ་རྩེ་ལྔ་པ་བསམ་པར་བྱའོ། །ཇི་ལྟར་ཞེ་ན་།སྦྱོར་བ་ཞེས་པ་ནི་ནུས་པ་འགུགས་པའི་སྦྱོར་བ་ཞེས་སྟོན་ཏོ། །རྡོ་རྗེ་གསུམ་ནི་ཕྱི་རོལ་གྱི་ནམ་མཁའ་ལ་གནས་པའི་དམ་ཚིག་དང་ཡེ་ཤེས་སེམས་དཔའ་དང། ་ཏིང་ངེ་འཛིན་སེམས་དཔའ་ཞེས་བྱའོ། །དེ་རྣམས་ཀྱང་བདག་ཉིད་ཀྱི་ཏིང་ངེ་འཛིན་སེམས་དཔའ་ཨི་ངོ་བོ་རྡོ་རྗེ་རྩེ་ལྔ་པ་ལས་བྱུང་བའི་ཤིན་ཏུ་རྣོ་བའི་ལྕགས་ཀྱུ་དང་འདྲ་བའི་འབར་བའི་ཚོགས་ཀྱིས་དེའི་སྙིང་ཁར་གནས་པའི་ཡེ་ཤེས ་སེམས་དཔའ་ཨི་སྙིང་ཁར་གནས་པའི་རྡོ་རྗེ་རྩེ་ལྔ་པ་ལ་འབར་བའི་འོད་ཟེར་རྣམས་ཕོག་སྟེ་དྲག་ཤུལ་གྱིས་བཀུག་ལ་དེའི་ཞལ་ལམ་བ་སྤུའིི་བུ་ག་རྣམས་ལས་བྱུང་ཞིང་རང་གི་ཁའི་ལམ་ལ་ཞུགས་ཤིང་ཡེ་ཤེས་སེམས་དཔའ་ཨི་ཞལ་གྱི་བ་སྤུའི་བུ་ག ་རྣམས་ལས་སྙིང་ཁར་ཕྱིན་ཏེ་དེའི་ཏིང་ངེ་འཛིན་སེམས་དཔའ་ཨི་རྡོ་རྗེ་རྩེ་ལྔ་པའི་འབར་བའི་ཚོགས་རྡོ་རྗེ་ལ་ཞུགས་ཤིང་དེ་ཉིད་དུ་ཐིམ་པར་བསམ་པར་བྱའོ། །ཡང་ན་རིགས་པ་དེ་ཉིད་ཀྱིས་དཀྱིལ་འཁོར་པ་རྣམས་ཀྱི་སྙིང་ཁ་ནི་ཏིང་ངེ་འཛིན་སེམས ་དཔའ་ཨི་རྡོ་རྗེ་འབར་པས། ནམ་མཁའ་ལ་གནས་པའི་སྙིང་ཁ་ནི་ཏིང་ངེ་འཛིན་སེམས་དཔའ་སྟེ། དེ་ཉིད་བརྟན་པ་ནི་བསྐུལ་ཞིང་འགུགས་པར་བྱའོ། །དེ་ལྟར་བྱས་ནས་ཁམས་གསུམ་གྱི་བདག་པོ་ཉིད་དུ་འཁོར་དང་བཅས་པའི་རྣལ་འབྱོར་པས ་ཐོབ་བོ། །གལ་ཏེ་དེ་ལྟར་རྣལ་འབྱོར་པས་བྱ་བར་མི་ནུས་ན། དེའི་ལྷ་རྣམས་ནི་ཁྲོ་བོ་དག་ཕྱོགས་བཅུ་ལ་བསྐུལ་ཏེ། ཨོཾ་སུཾ་བྷ་ནི་སུཾ་བྷ་ཞེས་བྱ་བ་ལ་སོགས་པའི་སྔགས་རྣམས་ཀྱིས་ཁྲོས་པའི་ཚིག་གིས་ན་མ:སརྦབ་ཏ་ཐཱ་ག་ཏ་ཏི་ཏི་དེ་ཧེ་ཞེས ་བྱ་བ་དང། ཕཊ་ཛྲ་ཧྲཱི་ཞེས་བྱ་བ་བརྗོད་ཅིང་བསྐུལ་བར་བྱ་བ་ནི་བཀའ་སྩལ་བའོ། །དེ་ནས་ཁྲོ་བོ་དེ་རྣམས་དེ་བཞིན་གཤེགས་པ་རྣམས་ཀྱི་མདུན་དུ་གནས་ལ། སྒྲུབ་པ་པོའི་བཀའ་འཇིགས་པའི་འཇིགས་པས་རང་རང་གི་ཕྱག་མཚན་ལྕགས ་ཀྱུ་དང་ཞགས་པ་ལ་སོགས་པའི་འཁོར་ལོས། དེའི་སྙིང?་གར་གནས་པའི་ཏིང་ངེ་འཛིན་སེམས་དཔའ་ཨི་འབར་པའི་ཚོགས་བཀུག་སྟེ། རང་གི་དཀྱིལ་འཁོར་གྱི་བདག་པོ་འཁོར་དང་བཅས་པའི་སྙིང་གང་དགའ་བས་ཞུགས་པར་བསམ་པར ་བྱའོ། །བླ་མའི་ཞལ་གྱི་མན་ངག་ཡིན་ནོ། །འབྲས་བུ་བསྟན་པར་བྱ་སྟེ། འདི་ནི་རྡོ་རྗེ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཐམས་ཅད་ནི་སྒྲུབ་པ་པོ་རྣམས་སོ། །དེ་རྣམས་ལ་སངས་རྒྱས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ནི་རང ་གི་སྙིང་གའི་ནུས་པ་སྟེ། དེ་ཉིད་སྒྲུབ་པར་བྱེད་པ་སྟེ་རྡོ་རྗེ་འཆང་ཆེན་པོ་ལ་རྗེས་སུ་ཞུགས་པའི་མི་བསྐྱོད་པའི་སྒོ་ནས་སྙིང་པོ་བསྐུལ་བའོ། །ཇི་སྲིད་འཁོར་ལོ་དང་པདྨའི་རིགས་ལ་སོགས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས ་ཀྱང་སྔར་བཤད་པའི་རྡོ་རྗེ་ལྕགས་ཀྱུ་བསྒོམ་པར་བྱའོ་ཞེས་སྟོན་ཏོ། །ཉེ་བར་བསྡུས་པ་བཤད་པར་བྱ་སྟེ། དེའི་སྙིང་པོ་བསྐུལ་བར་བཤད་ཅེས་བྱ་བ་ལ། གང་ཞིག་འདི་སྙིང་པོ་བསྐུལ་བ་བཤད་པ་དེ་ནི་རོལ་མོ་དང་འདྲ་བ་སྟེ། དཔེར་ན་བུད་མེད་དང་སྐྱེས ་པ་དང་བྱིས་པ་ལ་སོགས་པའི་དབྱེ་བས་གར་མཁན་གྱི་རོལ་མོ་བརྩམ་པ་དེ་བཞིན་དུ་སྒྲུབ་པ་པོ་གཅིག་པུས་བསྒྲུབ་བྱ་དང་སྒྲུབ་པའི་དབྱེ་བ་ལ་བརྟེན་ཏེ། སྙིང་པོ་བསྐུལ་བར་བྱ་སྟེ། ཆོས་ཐམས་ཅད་གཉིས་སུ་མེད་པས་བྱ་བ་ཡིན་ཏེ། བསྐྱེད་པའི་རི་མོ ་པའོ། །ད་ནི་དུས་ཀྱི་ངེས་པ་བཤད་པར་བྱ་སྟེ། ཞག་བདུན་ཞེས་བྱ་བ་ལ་སོགས་པ་ལ་ཞག་བདུན་གྱི་བར་དུ་རྡོ་རྗེའི་ཚུལ་འདི་ནི་དེ་བཞིན་གཤེགས་པའི་ལམ་ལས་བྱུང་བའི་བསྒོམ་པར་བྱའོ། །དེའི་ཚེ་རྣལ་འབྱོར་པ་དེ་ཉིད་ཀྱིས་ཡེ་ཤེས་རྡོ་རྗེ་ཅན་ནི ་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ནི་དེ་དང་འདྲ་བ་སྐུ་ལ་སོགས་པ་འགྲུབ་པར་འགྱུར་བ་ནི་ཐོབ་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར། གསང་བ་ནི་ཉན་ཐོས་ལ་སོགས་པ་ལ་འདི་ཉིད་བསྟན་པར་མི་བྱའོ། །ཞེས་ཚིག་གི་ལྷག་མའོ། །ཡང ་ཞག་བདུན་ནི་ཁམས་བདུན་གྱི་རང་བཞིན་གྱི་ལུས་སོ། །དེ་ཉིད་གལ་ཏེ་སྔར་བཤད་པའི་རིམ་པས་རྡོ་རྗེ་ཚུལ་མཆོག་ནི་སྐད་ཅིག་མ་གཅིག་གིས་སྒོམ་ན་དེའི་ཚེ་སྐུ་གསུང་ཐུགས་འགྲུབ་པར་འགྱུར་རོ་ཞེས་སྔ་མ་བཞིན་ནོ། །དེ་ལྟར་བྱས་ནས་འཇིགས་པ་ནི་འཇིགS ་པ་ཐོབ་བདེ་བཞིན་གཤེགས་པ་དེ་རྣམས་མཆོག་གསོལ་བ་ནི་མཆོག་སྩོལ་བ་ལ་སོགས་པ་དང་ལྡན་པ་དང། ཡིད་སྒྲག་འགྱུར་བ་ནི་ངོ་མཚར་གྱུར་ཅིང་རྣལ་འབྱོར་པ་དེ་ལ་གཟིགས་པར་མཛད་པའོ། །གཟིགས་ནས་ཀྱང་དངོས་གྲུབ ་རྒྱ་ཆེ་བ་ནི། ཉིད་དང་མཐུན་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེར་བར་མཛད་པའོ། །ཇི་ལྟ་བུ་ཞེ་ན། ཡིད་ལ་མགུ་བ་ཞེས་བྱ་བ་ལ། ཡིད་ནི་ཏིང་ངེ་འཛིན་སེམས་དཔའ་ཨོ། །མགུ་བ་ནི་དེ་ཉིད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནུས་པ་སྟེར ་པའོ། །དགའ་བ་ནི་རྫུ་འཕྲུལ་དང་ཆོ་འཕྲུལ་ལ་སོགས་པ་འགྲུབ་པར་བྱེད་པ་སྟེ་སྒྲུབ་པའོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་ནི་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་སོ། །ཇི་ལྟ་བུ་ཞེ? ་ན། བྱང་ཆུབ་ནི་དེ་བཞིན་གཤེགས་པའི་སྙིང་པོ་འགུགས་པ་སྟེ། དེ་ལ་སེམས་དཔའ་ནི་བསམ་པ་གང་ལ་ཡོད་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨོ། །ཡང་ཇི་ལྟ་བུ་ཞེ་ན་སྔགས་དང་སྤྱོད་པ་ནི་སྔགས་ཀྱི་སྤྱོད་པ་སྟེ། དེ་དག་གི་དོན་ནི་དགོས་པ་འགྲུབ ་ཏུ་འདོད་པས་ན་སྔགས་ཀྱི་སྤྱོད་པའི་དོན་འགྲུབ་པའོ། །གལ་ཏེ་དེ་རྣམས་རྨོངས་པའི་དབང་གིས་བླ་མའི་མན་ངག་བརྗེད་?་པས་སྙིང་པོ་བསྐུལ་བ་འདི་ཟླ་བར་བྱེད་པ་ནི་བསྒོམ་པར་མི་བྱེད་ན་དེའི་ཚེ་དེ་རྣམས་ཀྱི་སྲོག་ནི་བསྐྱེད་པའི་རིམ་པའི་བསྒོམ ་པ། དེར་ཟད་འགྱུར་བ་ནི་དེ་ཙམ་ཡིན་གྱི་དེ་བཞིན་གཤེགས་པའི་ནུས་པ་མ་ཐོབ་པའོ། །དེ་བས་ན་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མེད་པ་ཡིན་ནོ་ཞེས་སྟོན་ཏེ། དེ་ནི་བསྐྱེད་པའི་རིམ་པའོ། །དེ་ན་བསྐྱེད་པའི་རིམ་པའི ་རྣལ་འབྱོར་པ་རྣམས?་ཀྱི་དངོས་གྲུབ་རིམ་གཞན་གྱིས་བཤད་པར་བྱ་བའི་ཕྱིར། དེ་ནས་ཞེས་པ་?་ལ་སོགས་པ་གསུངས་ཏེ། རྡོ་རྗེ་འཛིན་ནི་རྡོ་རྗེ་འཆང་ཆེན་པོའོ། །སྣ་ཚོགས་པའི་བསྒོན་པའི་མན་ངག་སྟོན་པས་འགྲོ་བ་འདུལ་བས་རྒྱལ་བའོ། ། ་འཇིག་རྟེན་གསུམ་མཆོག་ནི་བྱ་བ་དང་སྤྱོད་པ་རྣལ་འབྱོར་གྱི་རྒྱུད་ལ་ཞུགས་པའི་རྣལ་འབྱོར་པ་རྣམས་སོ། །དེ་དག་འདུལ་བ་ནི་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ལ་ཞུགས་པར་མཛད་པས་ན་འཇིག་རྟེན་གསུམ་མཆོག་གོ། ཡང་ན་འཇིག་རྟེན་གསུམ་ནི་རྩ་གསུམ ་མོ། མཆོག་ནི་གཞན་ཏེ་རྩ་གཉིས་སོ། །དེ་ལྟར་ན་རྩ་ལྔ་སྟེ་དེ་ལ་རྡོ་རྗེ་ནི་རྡོ་རྗེ་སྦྱོར་བས་མཆོག་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པའོ། །དེ་ལྟ་བུའི་བཅོམ་ལྡན་འདས་ཀྱིས་གསུང་ནི་འདི་སྐད་ཅེས་པ་ནི། འོག་ན་འཆད་པར་འགྱུར་པའི་གསུང་བཀའ་ ་སྩལ་ཏོ། །སྔགས་ཀྱི་སྐྱེས་བུ་ཇི་སྙེད་པ། ཞེས་བྱ་བ་ལ་སོགས་པ་ལ། ཇི་སྙེད་པ་ཞེས་པ་ནི་ཇི་སྲིད་གྲགས་དང་ལྡན་པའི་རྩ་བདུན་ཁྲི་ཉིས་སྟོང་ངོ། །དེ་རྣམས་ཀྱང་ཇི་ལྟར་ཞེ་ན། སྔགས་ཀྱི་སྐྱེས་བུ་ཞེས་བྱ་བ་ལ། སྔགས་ནི་ཁམས་རྣམས་ཀྱི་སྐྱེས་བུ་ནི་གང་བར ་བྱས་པའོ། །དེ་དག་ཐམས་ཅད་རྡོ་རྗེ་གསུམ་གྱིས་ཡེ་ཤེས་ནི་ཁྲག་དང་ཤུཀྲ་དང་ཆུ་རྣམས་ཀྱིས་རྫོགས་པས་གཙོ་བོའི་སྒོ་ནས་གནས་པའོ། །དབང་པོ་གཉིས་ནི་རྩ་གཞན་གཉིས་ཏེ། རྣམ་པར་སྣང་མཛད་དང་དོན་ཡོད་གྲུབ་པ་དག་གིའོ། །སྦྱོར་བ་ནི་དེ་དག ་ཐམས་ཅད་སྲོག་དང་རྩོལ་བའི་རླུང་གི་སྦྱོར་བས་འགགས་ཏེ། དངོས་པོ་ཐམས་ཅད་ནི་ཕུང་པོ་དང། ཁམས་དང་སྐྱེ་མཆེད་ཀྱི་ངོ་བོ་བྱང་ཆུབ་ཀྱི་སེམས་རྟག་པར་བྱ་བ་ནི་རྡོ་རྗེའི་རྩེ་མོ་འམ་པདྨའི་རྩེ་མོར་འཛིན་པར་བྱ་སྟེ། འདི་ནི་རྩ་ཀུན་ཏུ་སྦྱོར་པར་འཛིན ་པ་སྟེ། སངས་རྒྱས་ཐམས་ཅད་ནི་བསྐྱེད་པ་དང་རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱི་སྔགས་ཀྱི་དམ་ཚིག་ནི་འོད་གསལ་བ། བསྒོམ་པ་ནི་ཐོབ་པར་བྱེད་པའོ། །རིག་མའི་དབང་ཕྱུག་ནི་ཡེ་ཤེས་ཀྱི་ཕྱག་རྒྱུ་མ་སྟེ། དེ་ལ་ཞུགས་བ་ནི་དེ་ཉིད ་བསྒོམ་ཞིང་རྣལ་འབྱོར་པ། ཐམས་ཅད་ནི་ཁམས་གསུམ་པ་།སྦྱོར་བ་ནི་གཅིག་ཏུ་བྱ་པ་སྟེ། དེ་ཉིད་སྒོམ་པ་ནི་བསམ་པར་བྱའོ། །ཆགས་པ་ནི། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ངོ་བོ་ཆོས་ཀྱི་སྐུའོ། །ཆགས་པ་ལྟ་བ་ནི་འགྲོ་བ ་རྗེས་སུ་གཟུང་བའི་ལོངས་སྤྱོད་རྫོགས་པའི་སྐུའོ། །དམ་ཚིག་དཀྱིལ་འཁོར་ནི་སྤྲུལ་པའི་སྐུ་སྟེ། དེ་རྣམས་བལྟ་བར་བྱ་བ་ནི་ཐོབ་པ་ཡིན་ནོ། །དེས་ནི་འདི་བཤད་པ་ཡིན་ཏེ། ཡེ་ཤེས་ཀྱི་ཕྱག་རྒྱ་མ་དང་སྡོམས?་པར་ཞུགས་པས་རྒྱ ་ཀུན་ཏུ་སྤྲོད་པ་འགགས་ཏེ་ཁམས་གསུམ་པ་རྗེས་སུ་ཞུགས་པས་རྣལ་འབྱོར་པས་སྐུ་གསུམ་ཐོབ་པར་འགྱུར་རོ་ཞེས་ཚིག་གི་དོན་ཏོ། །དེ་ནི་རྣལ་འབྱོར་དོ། །ད་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱི་བསྒོམ་པ་བཤད་པར་བྱ་སྟེ། དེ ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ནི་འོད་གསལ་བ་འཛིན་པས་ནི་རྡོ་རྗེ་འཛིན་ནོ། །རང་བཞིན་དང་སྣང་བ་རྣམ་པར་དག་པའི་རིམ་པས་མཛེས་པས་ན་རྒྱལ་པོའོ། །དེ་བཞིན་གཤེགས་པ་ཀུན་ནི་རང་བཞིན་རྣམས་ཏེ་།དེ་དག་སྲས ་ནི་གང་ལས་བྱུང་བ་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཀུན་གྱི་སྲས་པོ། །ཐམས་ཅད་དབང་བསྐུར་བ་ནི་ཟླ་བ་དང། ཉི་མ་དང། རྗེས་སུ་འཇུག་པའི་དབྱངས་དང། ཚིག་དྲག་དང། པདྨ་དང་རྡོ་རྗེ་རྣམས་སོ། །དེ་དག་གི་གཙོ་བོ་ནི་དའི་སྣང་བས ་སོགས་པའི་སྣང་བ་དང་བྲལ་ལའོ། །དེ་ལྟ་བུའི་བཅོམ་ལྡན་འདས་ཀྱིས་གསུང་འདི་ནི་འོག་ནས་འཚེད་པར་འགྱུར་པའི་གསུང་བཀའ་སྩལ་ཏོ། །འཇིག་རྟེན་ཁམས་ནི་ཐམས་ཅད་ན་ཞེས་བྱ་བ་ལ་སོགས་པ་ལ་འཇིག་རྟེན་ནི་འགྲོ་བ་དང་མི་འགོ་བའི་ངོ་བོ ་ཁམས་གསུམ་མོ། །དེ་རྣམས་སྐྱེད་པར་བྱེད་པས་ན་འཇིག་རྟེན་ཁམས་ཏེ། རྣམ་པར་ཤེས་པ་གསུམ་མོ། །དེ་རྣམས་ལ་བུད་མེད་ཇི་སྙེད་པ་ནི་རང་བཞིན་རྣམས་ཡོད་པ་སྟེ། ཕྱག་རྒྱ་ཆེ་ནི་འོད་གསལ་བའི་ཡེ་ཤེས་ཏེ། སྦྱོར་བ་ནི་བསྒོམ་དེ ་ཉིད་ཀྱིས་རང་བཞིན་དེ་རྣམས་ཐམས་ཅད་ཉེ་བར་སྤྱོད་པ་ནི་འོད་གསལ་པ་དེ་ཉིད་ལ་ཞུགས་པར་བྱའོ། །དེའི་རྗེས་ལ་འོད་གསལ་བཞུགས་པས་གཞན་གྱི་དོན་མེད་པ་དེ་འགྲུབ་པར་བྱ་བའི་ཕྱིར་སྣང་བ་ཉེ་བར་ཐོབ་པ་ལ་སོགས་པའི་རིམ་པས? ་སངས་རྒྱས་གནས་ནི་དེ་བཞིན་གཤེགས་པའི་ཚོགས་སྤྲོ་བར་བྱའོ། །དེ་རྣམས་གྲངས་མེད་ཅེས་པ་ནི་སྤྲོ་བའི་ནུས་པ་བསྟན་ཏོ། །བྱང་ཆུབ་ཀྱི་དམ་ཚིག་ནི་རྡོ་རྗེ་སེམས་དཔས་དེ་སྐད་བཀའ་སྩལ་ཏོ། །འབྲས་བུ་བསྟན་པར་བྱ་བའི་ཕྱིར་།རྡོ་རྗེ་གསུམ ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཡིས་ཤེས་པ་ནི་ཏིང་ངེ་འཛིན་འདི་ཉིད་ཀྱིས་བྱང་ཆུབ་ནི་སེམས་རྣམ་པར་དག་པ་སྟེ་།རྡོ་རྗེ་གསུམ་པོ་འདྲ་བ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་དེ་དང་འདྲ་པར་ཐོབ་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་སེམས་དཔའ་ཨི་ཚེ་ན་འགྲོ་པའི་དོན ་བྱ་བའི་ཕྱིར་རང་འདོད་པས་རྡོ་རྗེ་སེམས་དཔའ་བཞིན་དུ་ཚེ་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དང་རྒྱལ་བ་དང་སངས་རྒྱས་རྣམས་སྤྲོ་བའི་ཕྱིར་རྣལ་འབྱོར་དེ་ནི་རྒྱ་མཚོ་དང་འདྲ་བ་ཡིན་ཏེ། སེམས་རྣམ་པར་དག་པའི་རིམ་པའོ། །དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་སྙིང་པོ་ནི་སྙིང་པོའི་ནུས་པ་སྟེ་།དེ་བསྐུལ་བ་ནི་འགུགས་པ་སྟེ། དེ་གཙོ་བོར་གྱུར་པའི་གཞུང་གི་ཚོགས་ནི་ལེའུའོ། །རྒྱུད་འགྲེལ་ལས་ལེའུ་བཅུ་པའི་ཚིག་གི་དོན་བཅུ་དྲུག་གིས་བཤད་པའོ།། །།ལེའུ་བཅུ་པའི་ཚིགས་སུ་བཅད ་པའི་གྲངས་ནི་ཉིས་བརྒྱ་དགུ་བཅུའོ།། །།དེ་བཞིན་གཤེགས་པའི་སྙིང་པོ་བསྐུལ་བས་གང་ཞིག་དེ་བཞིན་གཤེགས་པའི་སྐུ་ཐོབ་པ་དེ་ཡང་རྣམ་པ་གཉིས་ཏེ། སྔགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུའོ། །དེ་ལ་སྔགས་ཀྱི་སྐུ་ནི་བསྐྱེད་པའི་རིམ་པར ་སོ། །ཡེ་ཤེས་ཀྱི་སྐུ་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་སྟེ། དེའི་ཕྱིར་ལེའུ་བཅུ་གཅིག་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་གསུང་ཐུགས་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་བཞིན་གཤེགས་པ་ཐམས ་ཅད་ནི་རིགས་ལྔའི་དཀྱིལ་འཁོར་པ་རྣམས་ཏེ། དེ་དག་རྫོགས་པར་བྱ་བའི་ཕྱིར་།རྡོ་རྗེ་ནི་ཡི་གེ་ཨོཾ་ལ་སོགས་པ་སྟེ། དེ་རྣམས་ཀྱི་མངོན་པར་བྱང་ཆུབ་པ་ལྔའི་རིམ་པས་རྫོགས་པ། སྐྱེས་བུ་མཆོག་ནི་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་ ་ལ་སོགས་པ། ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་ཏེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་ཞེས་པ་ནི་འོག་ནས་འཆད་པའི་ལེའུ་གསུངས་སོ། །ཇི་ལྟ་བུ་ཞེ་ན་།དེ་བཞིན་གཤེགས་པ་ཐམས་ཅད ་ཀྱི་སྔགས་ནི་ཡི་གེ་ཨོཾ་ལ་སོགས་པ་སྟེ་།དེ་རྣམས་ཉིད་སྤྲོ་བ་ལ་སོགས་པའི་ཕྱིར་དམ་ཚིག་སྟེ་དེ་དག་གིས་རྫོགས་པའི་རིམ་པའི་སྐྱེས་བུ་ནི་རིག་མ་དང་བཅས་པའི་སྐྱེས་བུ་ནི་དེ་བཞིན་གཤེགས་པའི་ལེའུ་གང་ལ་ཡོད་པ་དེ་ནི་དེ་བཞིན་ཏེ་བསྐྱེད་པའི ་རིམ་པའོ། །ཡང་ན་དེ་བཞིན་གཤེགས་པ་ཐམས་ཅད་ནི་ཡེ་ཤེས་ལྔ་སྟེ། རྣམས་དང་རོ་གཅིག་པར་གྱུར་པ་ནི་འོད་གསལ་པ་སྟེ་།དེ་ཉིད་མི་ཕྱེད་པའི་ཕྱིར་རྡོ་རྗེ་སྟེ་།དེ་ལས་ཅིག་ཅར་དུ་སྤྲོ་བའི་སྐྱེས་བུ་མཆོག་ནི་འཇའ་ཚོན་དང། འདྲ་བའི་རྡོ་རྗེ་འཆང ་ཆེན་པོ་ལ་སོགས་པའི་སྐུའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ཡེ་ཤེས་གསུམ་སྟེ་དེ་རྣམས་ཡང་དག་པར་འགྲོ་བ་ནི་ཐིམ་པ་གང་ལ་ཡོད་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་སྟེ་འོད ་གསལ་བའོ། །དེ་ལས་བྱུང་བའི་སྔགས་དང་རིག་པའི་ངོ་བོ་སྐྱེས་བུ་ནི་དེ་བཞིན་གཤེགས་པའི་སྐུའི་ལེའུ་གང་ལ་ཡོད་པ་དེ་ནི་དེ་བཞིན་ཏེ་བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །དེ་ལ་དང་པོ་མདོར?་བསྟན་པ་བཤད་པར་བྱ་བའི་ཕྱིར། རྡོ་རྗེ་གསུམ ་ཡིག་སྔགས་ཀྱི་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་གསུམ་ཡི་གེ་ནི་དེ་བཞིན་གཤེགས་པ་གསུམ་གྱི་ས་བོན་རྣམས་ཏེ། དེ་ཉིད་སྔགས་ནི་སྙིང་པོ་དང་ཉེ་བའི་སྙིང་པོ་ལ་སོགས་པའི་མཆོག་ནི་གཙོ་བོ་ཡིན་ནོ། །གསུམ་པོ་དེ་དག? ་གིས་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་སྐུ། རྣམ་པར་ནི་ཁྱད་པར་ཏེ་ཆོས་འབྱུང་གཞིར་གྱུར་པས་བསྒོམ་པར་བྱའོ། །ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་རྡོ་རྗེ་རྣལ་འབྱོར་པས། བྱ་བ་ནི་བསྒོམ་པ་སྟེ་བྱའོ། །ཇི་ལྟ་བུ་ཞེ་ན། བྱང ་ཆུབ་ཐམས་ཅད་ནི་དེ་བཞིན་གཤེགས་པ་ལྔའི་དངོས་གྲུབ་དང། མངོན་པར་ཤེས་པའི་དངོས་གྲུབ་སྟེ་།དེ་དག་ཐོབ་པ་ནི་འགྲུབ་པར་བྱེད་པ་སྟེ། བྱང་ཆུབ་ཐམས་ཅད་ཐོབ་པར་བྱེད་པའོ། །དེ་ནི་བསྐྱེད་པའི་རིམ་པའོ། །རྡོ་རྗེ་གསུམ་ནི་རྣམ་པར་ཤེས་པ་གསུམ་ཏེ་།དེ ་ཉིད་ཐ་མལ་པ་རྣམས་ཀྱིས་མི་འགྱུར་བའི་ཕྱིར་ཡི་གེ་སྟེ། དེ་རྣམས་སྔགས་ཀྱི་མཆོག་ནི་རྗེས་སུ་འཇུག་པའི་དབྱངས་ཆོག?་དྲག་དག་གིས་སོ། །ཕྱག་རྒྱ་ཆེན་པོ་ནི་འོད་གསལ་བ་ལ་བསྒོམ་པ་ནི་ཞུགས་པར་བྱའོ། །དེའི་རྗེས་ལ་ཡེ་ཤེས་རྡོ་རྗེ་ནི་སྒྱུ་མའི་ངོ་བོ ་སྐུ་འཇའ་ཚོན་དང་འདྲ་བ། བྱ་བ་ནི་སྤྲོ་བར་བྱ་སྟེ་དང་པོའི་དོན་དུ་གསུམ་པའོ། །བྱང་ཆུབ་ཐམས་ཅད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་དངོས་གྲུབ་སྟེ། ཐོབ་པར་བྱེད་པ་ནི་འགྲུབ་པར་བྱེད་པ་སྟེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །རབ་ཏུ་བྱེད་པ ་ལས་ཀྱང། འདས་པ་དེ་བཞིན་མ་འོངས་དང། ད་ལྟར་བྱུང་བ་སྲིད་གསུམ་ལ། །འོད་གསལ་རྣམ་པར་དག་པ་ཡིས། །སྐད་ཅིག་དེ་ཡིས་མ་ལུས་ཐོབ། །ཅེས་འབྱུང་བ་དང། དངོས་པོ་ཐམས་ཅད་དངོས་པོ་གཅིག་རང?་བཞིན། །དངོས་གཅིག་དེ་ཉིད་དངོས་པོ ་ཀུན་རང?་བཞིན?། །དངོས་པོ་གཅིག་ནི་དེ་ཉིད་གང་གིས་མཐོང། །དངོས་པོ་ཐམས་ཅད་དེ་ཉིད་དེ་ཡིན་མཐོང། །ཞེས་བྱ་བ་ལ་སོགས་པ་འབྱུང། །དོན་དགོད་པར་བྱས་ནས་ས་བོན་གྱི་ཡི་གེ་རང་བཞིན་བསྟན་པར་བྱ་སྟེ། ཨོཾ་ནི་ཕྱག་འཚལ་བར་བྱེད་པ་སྟེ། ་དེ་ནི་ཡེ་ཤེས་ཏེ་མེ་ལོང་ལྟ་བུ་ཡེ་ཤེས་ཀྱི་རང་བཞིན་གྱི་རྣམ་པར་སྣང་མཛད་ཀྱི་རང་བཞིན་གྱི་སྙིང་པོ་ནི་ས་བོན་ནོ། །སྐུ་ནི་ཐོབ་པར་བྱེད་པའོ་ཞེས་པ་ནི་རྟག་པའི་སྐུ་བསྐལ་པའི་བར་དུ་གནས་པ་སྐྱེད་པར་བྱེད་པའོ། །དེ་བཞིན་དུ་ཨཱ:ནི་གསུང་གི་ས་བོན་ནོ། །བྱང ་ཆུབ་བདག་མེད་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ་།དེའི་ངོ་བོ་གསུང་རྡོ་རྗེ་ངོ་བོ་འོད་དཔག་ཏུ་མེད་པའི་མི?་འཇིགས་པའི་གསུམ་ཐོབ་པར་བྱེད་པའོ། །དེ་བཞིན་དུ་ཧཱུཾ?་ནི་སྤྲིན་སྒྲ་སྟེ། སྐུ་གསུང་ཐུགས་ཀྱི་རང་བཞིན་མི་བསྐྱོད་པའི་ས་བོན། རྡོ་རྗེ་མོ་བྱང?་གསུམ་ནི། ? ་ཀྱི་དབྱིངས་ཀྱི་ཡེ་ཤེས་ཐོབ་པར་བྱེད་པ་སྟེ། བསྐྱེད་པའི་རིམ་པའོ། །ོཾ་ལ་སོགས་པ་གསུམ་ནི་ལུས་ངག་ཡིད་མཚོན་པར་བྱེད་པའི་རང་བཞིན་རྣམས་སོ། །དེ་རྣམས་འགུག་ཅིང་འོད་གསལ་བར་འགྱུར་ཏེ། དེ་ཉིད་ལས་ཅིག ་ཅར་དུ་ཁྱད་པར་གྱི་སྐུ་གསུང་ཐུགས་སྒྱུ་མའི་རང་བཞིན་སྐྱེད་བར་བྱེད་པ་སྟེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་སྐྱེད་པར་བྱེད་པ་སྔགས་ནི་?་ཁྱོན?་རྣམས་སོ། །དེ་རྣམས་སྐྱེས་པའི་སྐྱེས་བུ ་ནི་མི་བསྐྱོད་པ་ལ་སོགས་པ་གང་ལས་དེ་ནི་རྡོ་རྗེ་འཆང་ཆེན་པོས་འདི་སྐད་བཀའ་སྩལ་ཏོ། །དེ་ནི་བསྐྱེད་པའི་རིམ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཉེ་བར་བསྡུ་བ་ནི་འོད་གསལ་པ་སྟེ། དེ་ལས་བྱུང་བ་སྔགས་ཀྱི་སྐྱེས་བུ ་ནི་སྒྱུ་མའི་རང་བཞིན་གྱི་སྐུ་གང་གིས་དེ་ལ་དེ་སྐད་ཅེས་བྱའོ། །འདི་སྐད་བཀའ་སྩལ་ཏོ་ཞེས་སྔ་མ་བཞིན་ཏེ་བདག་བྱིན་གྱིས་བརླབ་པའི་རིམ་པའོ། །ནམ་མཁའ་རྡོ་རྗེ་ནི་སྟོང་པ་ཉིད་དེ་དེའི་དབུས་གནས་ནི་དེའི་དབུས་གནས་པའི་དཀྱིལ་འཁོར་ནི་ཉི་མའི ་དཀྱིལ་འཁོར་རྡོ་རྗེ་ཀུན་སྐྱེས་པ་ནི་ཡི་གེ་གསུམ་ལས་སྐྱེས་པ་བསམ་བར་བྱའོ། །ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་བྲུཾ་ཡོངས་སུ་གྱུར་པ་ལས་གྲུ་བཞི་ལ་སོགས་པའི་ཡོན་ཏན་དང་ལྡན་པ་རྣམ་པ་སྣ་ཚོགས་ཀྱི་རིན་པོ་ཆེས་སྤྲས་པ་གཞལ ་ཡས་ཁང་པ་གཡེར་ཁའི་དྲ་བའི་ཕྲེང་བ་ཅན་བཞི་བསམས་ཏེ་།རྡོ་རྗེ་སྤྲིན་ནི་ཞི་བའི་དེ་བཞིན་གཤེགས་པའི་ཚོགས་ཏེ། དེ་དག་སྤྲོ་བས་ན་རྡོ་རྗེ་སྤྲིན་ནི་འཕྲོ་བའོ། །བདེ་བ་བསྐྱེད་བར་བྱེད་པས་ན་སྐྱེས་བུ་ནི་ཆོས་འབྱུང་གི་ཕྱག་རྒྱའོ། །རྡོ་རྗེ་སྤྲིན་? ་བའང་ཡིན་ལ་བསྐྱེད་པ་ཡིན་ཏེ་ལས་འཛིན་པའི་བསྡུའོ། །དེས་ན་གཞལ་ཡས་ཁང་པའི་གཞི་ནི་ཆོས་འབྱུང་བ་བསམ་བར་བྱའོ། །དེ་ལ་ཞེས་བྱ་བ་ནི་གཞལ་ཡས་ཁང་པ་དང། ཆོས་འབྱུང་བའི་ཡེ་ཤེས་ནི་བསྐྱེད་པའི་སྙིང་པོ་ནི་ས་བོན་ཏེ?་བྷུའོ? ་དོན་ནི་འདི་ཡིན། བྷུ་ནི་སའི་ས་བོན་ནོ། །ར་ནི་ཤེས་རབ་ཀྱི་རང་བཞིན་དེ་སྤྱན་ནོ། །དེ་ནས་སའི་ཁམས་ཀྱི་རང་བཞིན་གྱི་ས་བོན་ལས་གཞིའི་དཀྱིལ་འཁོར་བསམ་པར་བྱའོ་ཞེས་མན་ངག་གོ་།དཔེར་ན་བྷྲུཾ་མོ་དེ་ནས་གཞལ་ཡས་ཁང་པའི་ནང་དེ་ལ་རྡོ་རྗེ་དཀྱིལ་འཁོར ་ནི་ཉི་མའི་དཀྱིལ་འཁོར་རོ། །དེའི་དབུས་སུ་གནས་པ་ཡི་གེ་ཨོཾ་བསྒོམས་ལ་།དེ་ཡོངས་སུ་གྱུར་པ་ལས་གསལ་བའི་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་བསམས་ཏེ། དེའི་དབུས་སུ་ཡི་གེ་ཨ་ལས་ཆོས་ཀྱི་དཀྱིལ་འཁོར་ནི་པདྨའི་དཀྱིལ་འཁོར་ལ ་གནས་པ་ཡི་གེ་གསུམ་བསྒོམ་མོ། །ཐམས་ཅད་དུ་ཡི་གེ་བྷྲུཾ་ནི་གནས་བསྒོམས་ཏེ་ཞེས་བྱ་བས། སྔར་བཤད་པའི་དོན་དྲན་པར་བྱེད་དེ། དེའི་ཆེ་རྡོ་རྗེ་ནི་བསྐྱེད་པའི་རིམ་པ་བསྒོམ་པར་བྱའོ། །བཀའ་བསྩལ་ཏོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལྟར་ཆོས་འབྱུང ་ལ་གནས་པའི་ཁང་བཟང་ལ་།ཟླ་བ་དང་ཉི་མའི་གདན་ལ་གནས་པའི་ཡི་གེ་གསུམ་དགོད་ཅིང། །རྡོ་རྗེ་འཆང་ཆེན་པོའི་བསྐྱེད་པ་བསྟན་པར་བྱ་སྟེ་།དུས་གསུམ་སངས་རྒྱས་ནི་དུས་གསུམ་རིག་པར་བྱེད་པའི་སྙིང་པོ་ནི་ས་བོན་གསུམ་སྟེ། སྐུ་གསུང་ཐུགས་ནི་མཉེས ་པར་བྱེད་པ་སྟེ། ཐ་མལ་པ་དེ་རྣམས་ཡེ་ཤེས་ཀྱི་རང་བཞིན་བྱེད་པའོ། །དེ་རྣམས་ཇི་ལྟར་བསྒོམ་པར་བྱ་ཞེ་ན། ཨོཾ་ནི་དག་པའི་སྐུ་སྟེ་ཁ་དོག་དཀར་པོའོ། །ཱ:ནི་སངས་རྒྱས་གསུང་གི་ལམ་སྟེ། འོད་དཔག་ཏུ་མེད་པ་དང་འདྲའོ། །ཧཱུཾ་ནི་ཐུགས་ཀྱི་ཡེ་ཤེས་འཛིན ་ནི་མེ?་བསྐྱོད་པ་དང་འདྲ་བའོ། །དེ་ལྟར་བསམས་ནས་བྱང་ཆུབ་ཚུལ་ནི་རྡོ་རྗེ་འཆང་ཆེན་པོའི་རྣམ་པར་རྫོགས་པ་ལ། མཆོག་ནི་བྱུང་བའི་ཐབས་ཡིན་ནོ་ཞེས་སྟོན་ཏོ། །ཡི་གེ་དེ་དག་གསུམ་པོས་སྤྲོ་བ་དང་བསྡུ་བ་སྔོན་དུ་འགྲོ་བ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རྡོ་རྗེ་འཆང ་ཆེན་པོའི་སྐུ་རྫོགས་ཏེ་།བྱང་ཆུབ་ཐམས་ཅད་ནི་ལྷ་མོ་སྤྱན་ལ་སོགས་པ་སྟེ། དེ་རྣམས་རབ་སྒྲུབ་པ་ནི་རྫོགས་པར་མཛད་པ་སྟེ། དེ་རྣམས་ཀྱང་དེ་བཞིན་དུ་འབྱུང་བར་བསམ་པར་བྱའོ་ཞེས་སྟོན་ཏོ། །དེའི་རྗེས་ལ་ཡེ་ཤེས་རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། ་དེ་དག་ཀྱང་སྤྲུལ་པ་ནི་སྤྲོ་བར་བྱའོ། །ཞེས་སྟོན་ཏོ། །སངས་རྒྱས་རྒྱུ་གང་ལ་ཡོད་པ་དེ་ནི་སངས་རྒྱས་རྒྱུ་སྟེ་བྱང་ཆུབ་སེམས་དཔའ་རྣམས་སོ། །འབྲས་བུ་ནི་བདེ་བ་ཆེན་པོ་གང་ལས་བྱུང་པ་དེ་ནི་འབྲས་བུ་བྱུང་སྟེ་།གཟུགས ་རྡོ་རྗེ་མ་ལ་སོགས་པའོ། །དེ་ཡང་ཉེ་བར་མཚོན་པ་ཙམ་ཡིན་ལ་ཁྲོ་བོ་རྣམས་ཀྱང་སྔ་མ་བཞིན་དུ་བསྒོམ་པར་བྱའོ། །ཉེ་བར་བསྡུ་བ་བཤད་པར་བྱ་སྟེ། འདི་དག་སངས་རྒྱས་སྐྱེས་བུ་སྟེ། ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་སྐྱེས ་སུ་ནི་རྡོ་རྗེ་འཆང་ཆེན་པོའི་དཀྱིལ་འཁོར་རྣམས་ཏེ། དེ་དག་ཐམས་ཅད་སྔགས་ནི་ཡི་གེ་གསུམ་སྟེ། དེ་དང་རིག་པ་རྣམས་ནི་ཛི་ན་ཛི་ཀ?་ཅེས་བྱ་བ་ལ་སོགས་པས་བསྒྲགས་པ་ནི་འབྱུང་བ་བསྒོམ་པར་བྱའོ། །འདིར་རེ?་ཞིག་རྡོ་རྗེ་འཆང་ཆེན་པོ ་བསྐྱེད་པ་ལ་ཡི་གེ་གསུམ་རིགས་པ་ཡིན་ཏེ། དཀྱིལ་འཁོར་པ་གཞན་རྣམས་རྫོགས་པ་ནི། བསྐྱེད་པའི་དུས་སུ་རྡོ་རྗེ་གསུམ་ནི་ཡི་གེ་གསུམ་གྱིས། མི་ཕྱེད་པ་ནི་ཛིན་ཛི་ཀ་ཅེས་བྱ་བ་ལ་སོགས་པའི་སྔགས་ཀྱི་ཚེགས་དང་སྤེལ་བར་བྱས ་ལ། རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་པ་རྣམས་ཀྱི་བསྒོམས་བར་བྱའོ། །དེས་ནི་འདི་བཤད་པ་ཡིན་ཏེ། དེ་རྣམས་བསྒོམ་པའི་དུས་སུ་ཛི་ན་ཛི་ཀ་ཅེས་བྱ་བ་ལ་སོགས་པ་གཅིག་པུ་འམ། ཡི་གེ་ཨོཾ་ལ་སོགས་པ་ལ་མི? ་བསྒོམ་མོ། །ཉེ་བར་བསྡུ་བར་བཤད་པར་བྱ་སྟེ། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པས?། དེ་བཞིན་གཤེགས་པ་ཐམས་ཅད་ནི་སྐུ་རྡོ་རྗེ་ལ་སོགས་པ་སྟེ། དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་ནི་ས་བོན ་གསུམ་སྟེ། དེ་དག་གིས་རྫོགས་པ་གང་ཞིག་ཡེ་ཤེས་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་ཉིད་བྱིན་གྱིས་བརླབ་པ་ནི་སྤྲོ་བར་བྱ་བའི་ཕྱིར་དཀྱིལ་འཁོར་བ་རྣམས་ཀྱི་རྒྱུ་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པའོ། །དེ་ནི་བསྐྱེད ་པའི་རིམ་པའོ། །ཡུལ་དང་དུས་ཀྱི་རྣམ་པར་དབྱེ་བ་བཤད་པར་བྱ་སྟེ། དབེན་པ་ནི་སྐྱེ་བོ་མེད་པ་སྟེ། དགོན་པ་ཆེན་པོ་ལ་སོགས་པའི་ས་ཕྱོགས་སུའོ། །ཉམས་དགའ་བ་ནི་མཆོག་གི་ཤིང་གིས་རྣམ་པར་མཛེས་པའི་ནགས་ཚལ་གྱི་ཕྱོགས་སོ། །གནས་དེ ་རྣམས་ལ་ཉམས་དགའ་བའི་ཕྱིར་རྣལ་འབྱོར་འདི་ནི་སྔར་བཤད་པའི་རྡོ་རྗེ་འཆང་ཆེན་པོའི་ཏིང་ངེ་འཛིན་རྣལ་འབྱོར་པས་བརྩམས་ན། ཞེས་པ་ནི་བྱ་བ་ཡིན་ན། དེ་ལ་སྐུ་གསུང་ཐུགས་ནི་འཇིག་རྟེན་ལས་འདས་པའི་སྐུ་གསུང་ཐུགས་འགྲུབ་པར་འགྱུར ་རོ། །ཟླ་བ་ཕྱེད་ཀྱིས་ཤེས་པ་ནི་ཉེ་བར་མཚོན་པ་ཙམ་ཡིན་ཏེ། ཡུན་རིང་མ་ཡིན་པས་འགྲུབ་པར་འགྱུར་ཏེ། འདིར་ནི་ཐེ་ཚོམ་མེད་དོ་ཞེས་སྟོན་ཏོ། །རྡོ་རྗེ་འཆང་ཆེན་པོའི་ཏིང་ངེ་འཛིན་བསྟན་ནས། རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར ་པ་རྣམས་ཀྱི་ཏིང་ངེ་འཛིན་བཤད་པར་བྱ་བའི་ཕྱིར། གསང་བའི་དཀྱིལ་འཁོར་དམ་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའ་ཨི་རྡོ་རྗེ་ནི་ནམ་མཁའ་ཨི་དབྱིངས་དང་འདྲ་བའི་སྟོང་པ་ཉིད་དེ། དེའི་དབུས་སུ་ཡི་གེ་གསུམ་ལས་བྱུང་བའི་གསང་བའི་དཀྱིལ ་འཁོར་ནི་ཟླ་བའི་དཀྱིལ་འཁོར་ཕྱི་རོལ་ཏུ་སྤྲོ་བའི་བདག་ཉིད་ཡིན་པའི་ཕྱིར་དམ་པ་སྟེ། དེ་ཉིད་བསྒོམས་ལ་རང་གི་སྔགས་ནི་རྣམ་པར་སྣང་མཛད་དེ། དེའི་དམ་ཚིག་ནི་ཡི་གེ་ཨོཾ་སྟེ། དེའི་སྙིང་ཁ་ནི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་དགོས་པར་བྱའོ། །? ་འོད་ཟེར་ལྔའི་སྤྲིན་ཆེན་པོ་ཞེས་པ་ནི་འོད་ཟེར་གྱི་ཚོགས་སྤྲོ་བར་མཛེད་དེ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་རྣམ་པར་སྣང་མཛད་བསྒོམ་པར་བྱའོ། །མཆོག་ནི་དེ་ཉིད་ཀྱི་དཀྱིལ་འཁོར་པ་རྣམས་ཀྱང་བསམ་མོ། །དེ་ལྟར་བྱས་ནས་སངས་རྒྱས་དང་འདྲ་བའི ་སྐུ་རྡོ་རྗེ་རྣམ་སྣང་ནི་རྣམ་པར་སྣང་མཛད་ཀྱི་རིགས་ཅན་གྱི་རྣལ་འབྱོར་པ་རྣམས་ཀྱིས་རྒྱ་མཚོ་དང་འདྲ་བ་ཐོབ་པར་འགྱུར་རོ། །ཟླ་བ་བྱེད་ཀྱིས་ཤེས་པ་ནི་དེ་ལ་མངོན་པར་ཞེན་པའི་བྱམས་སངས་རྒྱས་སྐུ་ནི་རྣམ་པར་སྣང་མཛད་དང་འདྲ་བའི་མདོག་རྣལ་འབྱོར ་པ་དེས་ཐོབ་པར་འགྱུར་རོ། །རྣལ་འབྱོར་པ་དེ་ཉིད་ཀྱིས་ཀྱང་ཡེ་ཤེས་ལྔ་ལྡན་ནི་ཡུལ་ལྔ་སྟེ་དེ་རྣམས་བསྟེན་ན་ཡང། རྡོ་རྗེ་བསྐལ་པ་གསུམ་ནི་བསྐལ་པ་གསུམ་དུ་གནས་པར་འགྱུར་རོ། །སྐུ་རྡོ་རྗེ་ནི་གསང་བ ་ནི་རྣམ་པར་སྣང་མཛད་ཀྱི་ངོ་བོ་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏེ། སྔ་མ་བཞིན་དུ་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གང་ཞིག་སྐུ་རྡོ་རྗེ་ནི་རྣམ་པར་སྣང་མཛད་དེ། དེ་ཉིད་ཀྱི་འོད་ཟེར་བཀོད་པ་ནི་དཀྱིལ ་འཁོར་པའི་འཁོར་ལོ་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པ་སྟེ། བསྐྱེད་བའི་རིམ་པའོ། ཆོས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། སྔ་མ་བཞིན་དུ་ནམ་མཁའ་ནི་ཆོས་འབྱུང་ལ་གནས་པའི་གཞལ་ཡས་ཁང་པ་ན། ་ཆོས་ཀྱི་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་གཞིར་གྱུར་པའི་པདྨ་བསམས་ཏེ། དེའི་སྟེང་དུ་རང་གི་སྔགས་ཀྱི་སྐྱེས་བུ་ནི་དག་གི་དབང་ཕྱུག་སྣང་བ་མཛའ་ཡས་བསྐྱེད་པའི་ཕྱིར། དག་གི་ལམ་ནི་སྣང་བ་མཛའ་ཡས་དེ་ཉིད་དང། མདོག་མཚུངས ་པའི་ཕྱིར་ཡི་གེ་ཨ་དམར་པོ་བཀོད་ལ་དེ་ཡོངས་སུ་གྱུར་པ་ལས་སྐྱེས་པ། ཁ་དོག་ལྔ་ནི་དེ་བཞིན་གཤེགས་པ་ལྔས་བསྐོར་བ། རྡོ་རྗེ་ཆེ་ནི་གོས་དཀར་མོ་འཁྱུད་པ། འཇིག་རྟེན་དབང་ཕྱུག་ནི་ཡན་ལག་བཅུ་གཉིས་པའི་ཆོས་ཀྱི་གསུང་རབ་བསྟན ་པ་གཙོ་བོར་གྱུར་བ་སྣང་བ་མཛའ་ཡས་བསྒོམ་པར་བྱའོ། །ཇི་ལྟ་བུ་ཞེ་ན། མཆོག་ནི་དཀྱིལ་འཁོར་པ་རྣམས་ཀྱིས་བསྐོར་བ་དང། དམ་ཚིག་ཡེ་ཤེས་ནི་དམ་ཚིག་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་ཨི་རང་བཞིན་དང། ཚིག་གི་དམ ་ཚིག་ནི་ཏིང་ངེ་འཛིན་སེམས་དཔའ་ཡི་གེ་ཨ་དང་ལྡན་པར་བྱས་ལ། ལྔ་ནི་དེ་བཞིན་གཤེགས་པ་ལྔ་དང་དབྱེར་མེད་པའི་སྐུ་བསྒོམ་པར་བྱའོ། །ཆོས་ཀྱི་ཚིག་གི་ལམ་ནི་སྣང་བ་མཛའ་ཡས་ཀྱི་ངོ་བོ་དེ་ཉིད་ལ་གནས་པའི་རྣལ་འབྱོར་པ་རྡོ་རྗེ་ཆོས ་ནི་སྣང་བ་མཛའ་ཡས་དང་མཚུངས་པ་ནི་འདྲ་བར་འགྱུར་རོ། །ཡེ་ཤེས་ལྔར་ལྡན་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །རྡོ་རྗེ་གསུང་ནི་གསུང་རྡོ་རྗེའི་རང་བཞིན་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏོ་ཞེས་བྱ་བ་དང་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད ་གྱི་རང་བཞིན་གང་ཞིག་གསུང་རྡོ་རྗེ་ནི་ཡི་གེ་ཨ་སྟེ། དེ་ལས་འབྱུང་བ་སྣང་བ་མཛའ་ཡས་ཀྱི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པ་སྟེ། བསྐྱེད་པའི་རིམ་པའོ། །རྡོ་རྗེ་དཀྱིལ་འཁོར་དམ་པ་ནི་ཞེས་བྱ་བ་ལ་སོགས་པ་ལ། སྔ་མ་བཞིན ་དུ་ནམ་མཁའ་ཨི་དབྱིངས་ཀྱི་དབུས་སུ་རྡོ་རྗེ་དཀྱིལ་འཁོར་ནི་ཡི་གེ་གསུམ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་བསྒོམས་ལ། དེའི་སྟེང་དུ་པདྨ་དང་རྡོ་རྗེ་བསམས་ཏེ། དེ་ལ་ཡང་ཡི་གེ་ཧཱུཾ་བསྒོམ་པར་བྱའོ། །ཇི་ལྟ་བུ་ཞེ་ན། རང་སྔགས་སྐྱེས་བུ་ནི་མི་བསྐྱོད ་པ་དང་མདོག་མཚུངས་པའོ། །ཐུགས་ཀྱི་ས་བོན་ཡིན་པའི་ཕྱིར་སེམས་ལ་གནས་པའོ། །དམ་ཚིག་ཆེན་པོ་ནི་ལྷ་མོ་བཞི་སྟེ། དེ་རྣམས་ཀྱི་དེ་ཉིད་ནི་བསྐྱེད་པའི་རྒྱུའོ། །ཁ་དོག་རྣམ་ལྔ་ནི་དེ་བཞིན་གཤེགས་པ་རྣམས་ཀྱང་བསྐྱེད་པའོ། །དེ་ལྟ་བུའི ་ཡེ་ཤེས་རྡོ་རྗེ་ནི་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་སྐྱེས་པ་མི་བསྐྱོད་པ་བསྒོམ་པར་བྱའོ། །ཇི་ལྟ་བུ་ཞེ་ན། རྡོ་རྗེ་ཀུན་ནི་དེ་བཞིན་གཤེགས་པ་རྣམས་དང། རྒྱལ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་སོ། །དེ་ལྟར་བསྒོམ་ཞིང་རྣལ་འབྱོར་པའི ་རྡོ་རྗེ་ཐུགས་ནི་ཐུགས་རྡོ་རྗེ་དང་འདྲ་བར་འགྱུར་རོ། །འགྲོ་བ་འདུལ་བར་བྱ་བའི་ཕྱིར་སྟོན་པའོ། །ཡེ་ཤེས་ནི་ལྔ་སྟེ་དེ་རྣམས་ཀྱི་རྒྱ་མཚོ་དང་འདྲ་པས་རྒྱ་མཚོའོ། །ཡེ་ཤེས་ལྔ་ལྡན་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ཐུགས་རྡོ་རྗེ་གསང་བ ་ནི་དེའི་ངོ་བོ་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏོ་ཞེས་པ་དང་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ལྔ་པོའི་སྐུ་གསུང་ཐུགས་གཅིག་ཏུ་བྱེད་པའི་ངོ་བོ་མི་བསྐྱོད་པ་སྟེ། དེ་ཉིད་ཀྱི་དམ་ཚིག་ནི་ཡི་གེ་ཧཱུཾ་སྟེ་དེ་ལས་བྱུང་བ་རྡོ་རྗེ་ནི་དཀྱིལ་འཁོར་ ་པ་རྣམས་ཀྱི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་དེ། བསྐྱེད་པའི་རིམ་པའོ། །ཡེ་ཤེས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ་།རྡོ་རྗེ་འཆང་ཆེན་པོ་ནི་སྟོང་པ་ཉིད་དེ་དེ་ལ་དམིཌ?་ནས་ཡེ་ཤེས་དཀྱིལ་འཁོར་དང་ཡེ་ཤེས་དཀྱིལ་འཁོར་ཏེ། ་ཟླ་བའི་དཀྱིལ་འཁོར་གཉིས་སོ། །དེ་དག་གི་པདྨའི་སྟེང་དུ་རིན་ཆེན་དང་རལ་གྲི་བསམས་ལ། དེ་དག་གི་སྟེང་དུ་ཡང་ཡི་གེ་ཁོཾ?་དང་ཏྲཾ་བསྒོམས་ལ་དེ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་རིན་ཆེན་འབྱུང་ལྡན་དང་དོན་ཡོད་གྲུབ་པ་བསམས་ན། རྡོ་རྗེ་ནམ་མཁའ་ ་ནི་རིན་ཆེན་འབྱུང་ལྡན་དང། ཡེ་ཤེས་ནི་དོན་ཡོད་གྲུབ་པ་སྟེ་དེ་དག་དང་འདྲ་བར་འགྱུར་རོ། །ཁཾ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཡིན་པས་ཏྲཾ་ཡང་བསྒོམ་པར་བྱའོ། །དེ་ལྟར་བྱས་ན་སངས་རྒྱས་ནི་དེ་བཞིན་གཤེགས་པ་རྣམས་དང། བྱང་ཆུབ་སེམས ་དཔའ་དང་དང་གི་སྒྲས་ནི་གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་ནི་དཀྱིལ་འཁོར་གྱི་དབང་ཕྱུག་ཉིད་དུ་བསྙེན་བཀུར་བྱས་པའི་དེ་བཞིན་གཤེགས་པ་དེ་དག་ཡང་དང་ཡང་དུ་བསམ་བར་བྱའོ། །བསྐལ་བ་གསུམ་དུ ་ཤེས་པར་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ནམ་མཁའ་རྡོ་རྗེ་དང་དམ་ཚིག་ནམ་མཁའ་རྡོ་རྗེ་དམ་ཚིག་སྟེ། རིན་ཆེན་འབྱུང་ལྡན་དང་དོན་ཡོད་གྲུབ་པའོ། །དེ་དག་གི་རང་བཞིན་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏོ་ཞེས་སྔ་མ་དང་སྦྱར་སོ? ་སྐུ་གསུང་ཐུགས་རྡོ་རྗེ་ནི་ཐ་མལ་པའི་ལུས་ལ་སོགས་པ་མི་སྣང་བ་ནི་འཇིག་རྟེན་ལས་འདས་པའི་དེ་བཞིན་གཤེགས་པ་ཉིད་དུ་མཛད་པ་རིན་ཆེན་འབྱུང་ལྡན་དང་དོན་ཡོད་གྲུབ་པ་སྟེ། དེ་དག་ལས་འབྱུང་བ་བཀོད་པ་ནི་དཀྱིལ་འཁོར་བའི་ཚོགས ་ཏེ། དེ་ཉིད་ཀྱིས་ཕྲེང་བ་ནི་བསྐོར་བ་ཏིང་ངེ་འཛིན་གང་ལ་ཡོད་བ་དེ་ནི་དེ་བཞིན་དུ་བཤད་པ་སྟེ། བསྐྱེད་བའི་རིམ་པའོ། །དེ་ལྟར་གཟུགས་ལ་སོགས་པའི་ཕུང་པོ་ལྔ་དང། ཉོན་མོངས་པ་ལྔའི་རྣམ་པར་དག་པ་བསྟན་ནས། སྐྱེ་མཆེད་ཀྱི ་རྣམ་པར་དག་པ་བཤད་པར་བྱ་སྟེ། རྡོ་རྗེ་དཀྱིལ་འཁོར་དབུས་སུ་ནི་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེའི་དཀྱིལ་འཁོར་ནི་ཉི་མའི་དཀྱིལ་འཁོར་ཏེ། དེའི་དབུས་སུ་རང་སྔགས་སྐྱེས་བུ་ནི་འཇམ་དཔལ་དང་མདོག་འདྲ་བ་སྟེ་།གུར་གུམ་དང ་མཚུངས་པའི་ཡི་གེ་མཾ་བཀོད་ལ་དེ་ཡོངས་སུ་གྱུར་པ་ལས་སྐྱེས་པ་སྣང་བ་འབར་བའི་རྣམ་པ་རལ་གྲི་བསམས་ཏེ། སྙིང་ཁའི་རལ་གྲི་དེའི་ནང་ནི་རྡོ་རྗེ་རིགས་ཀྱི་ས་བོན་འོད་ཟེར་གྱི་ཚོགས་དང་ལྡན་པའི་ཡི་གེ་ཧོཾ་བསྒོམས་ལ། དེ་ཡོངས་སུ་གྱུར ་པ་ལས་འབྱུང་བ་འཇམ་དཔལ་གྱིས་ལོངས་སྤྱོད་ནི་ལོངས་སྤྱོད་རྫོགས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་ནི་སྐུ་ལ་སོགས་པ་ལ་བྱིན་གྱིས་བརླབ་པ་བྱས་ལ། སྙིང་ཁ་ནི་ཡིད་ཀྱི་དབང་པོའི་གནས་སུ་བསྒོམས་ལ་རྣལ་འབྱོར་པ་དེ་ནི་དེའི་ཏིང་ངེ ་འཛིན་གྱིས་མཐུས་བྱང་ཆུབ་སེམས་དཔའ་ནི་འཇམ་དཔལ་དང་འདྲ་བར་འགྱུར་རོ། །ས་བཅུ་དག་ལ་གནས་པའི་ཞེས་པ་ནི་རྣལ་འབྱོར་དེ་ཉིད་ཀྱི་ཕན་ཡོན་བསྟན་པའོ། །བྱང་ཆུབ་སེམས་དཔའ་ནི་འཇམ་དཔལ་ཏེ། དེ་ཉིད་ཀྱི་ཡེ་ཤེས་ཀྱི་དམ ་ཚིག་ནི་ཡི་གེ་མཾ་དང་ཧཾ་སྟེ། དེ་དག་ལས་བྱུང་བའི་ཟླ་བ་ལྟར་དམར་སྐྱའི་རྡོ་རྗེ་ནི་འཇམ་པའི་རྡོ་རྗེ་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་མིག་གི་དབང་པོ་རྣམ་པར་དག་པ་བཤད་པར་བྱ་སྟེ། འོད་ཟེར་འབར་བའི་ཡི་གེ་ཐལིཾ་ཞེས་བྱ་བ་ལ་སོགས ་པ་ལ་ནམ་མཁའ་ཨི་དབྱིངས་ནི་མིག་གི་དབང་པོའི་སྟོང་པའི་ཆའོ། །དེའི་དབུས་སུ་ཡི་གེ་ཐལིཾ་ཞེས་ཡི་གེ་ལ་དང་ཐ་ནི་སའི་སྙིང་པོའི་ས་བོན་ཡིན་པའི་ཕྱིར་དགོད་པར་བྱའོ། །འོད་ཟེར་འབར་བ་ནི་འོད་ཟེར་དང་ལྡན་པའོ། །ཡི་གེ་དེ་ཉིད་ཀྱིས་མཆོན་མཆོག ་ནི་འཁོར་ལོ་སྟེ། དེ་ཉིད་ཕྱག་མཚན་དང་ལྡན་པ་དང། རྡོ་རྗེ་ལུས་ནི་རྣམ་བར་སྣང་མཛད་དང་འདྲ་བའི་སའི་སྙིང་པོ་བསྒོམ་པར་བྱའོ། །ཐལིཾ་ཞེས་པ་ནི་དཔེ་ཡིན་ཏེ། དེའི་སྙིང་ཁར་ཡང་དེ་ཉིད་བསྒོམ་པར་བྱའོ། །ནམ་མཁའ་ཨི་རྡོ་རྗེ་ནི་ནམ་མཁའ་ཨི་དབྱིངས ་ལ་གནས་པའི་ཡུལ་དང་དུས་དང། རང་བཞིན་གྱིས་བསྐལ་བའི་གཟུགས་རྣམ་པ་གསུམ་པ་སྟེ། དེ་ཉིད་ཀྱི་དམ་ཚིག་ནི་མདུན་དུ་གནས་པའི་གཟུགས་བཞིན་དུ་མཐོང་བ་སྟེ། དེའི་དགོད་པ་ནི་བསྒོམ་པ་དེ་ཉིད་ཀྱི་གནས་ནི་འབྱུང ་བའི་གནས་ཏེ། སའི་སྙིང་པོ་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པ་སྟེ། བསྐྱེད་པའི་རིམ་པའོ། །འབྲས་བུ་བསྟན་པར་བྱ་སྟེ། སངས་རྒྱས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་མངོན་པར་ཤེས་པ་ནི་ལྷའི་མིག་ལ་སོགས་པའི་ངོ ་བོ་སྟེ། དེ་རྣམས་ཀྱི་དམ་ཚིག་མཆོག་ནི་བྱང་ཆུབ་སེམས་དཔའ་ལྔའི་སྐུ་བསྒོམ་པའོ། །བསྒོམ་པ་དེ་ཉིད་ཀྱི་མངོན་པར་ཤེས་པ་ལྔ་ལྡན་ནི་དེ་བཞིན་གཤེགས་པ་རྣམས་དང་འདྲ་བར་འགྱུར་རོ། །འདི་ཞེས་པ་ནི་བཤད་ཟིན་པ་དང་འོག་ནས་འཆད་པར་འགྱུར་བའི ་དངོས་གྲུབ་ཐམས་ཅད་ནི་ཟག་པ་ཟད་པའི་དངོས་གྲུབ་དང། ཕྲ་བ་ལ་སོགས་པའི་དང། སངས་རྒྱས་མངོན་ཤེས་དྲུག་པོ་དག་སྟེ། འབྱོར་པ་དེས་འགྲུབ་པར་འགྱུར་ཏེ། བར་གྱི་ཚིགས་སུ་བཅད་པའི། ། རྣ་བའི་དབང་པོའི་རྣམ་པར་དག་པར་བཤད ་པར་བྱ་སྟེ། ནམ་མཁའ་ཨི་དབྱིངས་ཀྱི་དབུས་གནས་པ་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་ཨི་དབྱིངས་ནི་རྣ་བའི་ཁོང་སྟོང་ངོ། །དེའི་དབུས་སུ་གནས་པའི་སངས་རྒྱས་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་བསམ་པ་ལ། དེའི་སྟེང་དུ་རྡོ་རྗེ་སེམས ་དཔའ་ནི་རྡོ་རྗེ་སེམས་དཔའ་དང་མདོག་འདྲ་བའི་ཡེ་ཤེས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རྣམ་པར་དག་པས་ཡི་གེ་ཨོཾ་བསྒོམ་པར་བྱའོ། །ོཾ་ཞེས་པ་ནི་དཔེ་ཡིན་ནོ། །དེའི་རྗེས་ལ་རྡོ་རྗེ་དམ་ཚིག་གསུམ་ནི་རྡོ་རྗེ་ཕྱག་རྒྱ་རྡོ་རྗེ་སྟེ། དེ་ཉིད་ཡི་གེ ་ཨོཾ་ལས་འབྱུང་བ་བསྒོམས་ན། མི་བསྐྱོད་རྡོ་རྗེ་གསུམ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་དེ་དང་འདྲ་བར་འགྱུར་རོ། །མི་བསྐྱོད་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏོ་ཞེས་སྟོན་ཏོ། །མི་བསྐྱོད་དམ་ཚིག་ནི་བསྐྱེད་པ་གང་ལ་ཡོད་པ་དེ་ནི་མི ་བསྐྱོད་དམ་ཚིག་སྟེ་ཕྱག་ན་རྡོ་རྗེའི། །དེ་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ནི་འཛིན་པ་རྣ་པའི་དབང་པོའི་ནང་དུ་ཆུད་པའི་རྣལ་འབྱོར་པ་གང་ཡིན་པ་དེ་ནི་འཇིག་རྟེན་ཁམས་རྣམས་ནི་སེམས་ཅན་ནང་སྣོད་ཀྱི་འཇིག་རྟེན་རྣམས་ལ་མི་བསྐྱོད་རྡོ་རྗེ་ནི་དེ་དང་འདྲ་བར་མཆོད་པར ་འགྱུར་རོ། །མི་བསྐྱོད་པའི་དམ་ཚིག་ནི་ཡུལ་ལ་སོགས་པ་བསྐལ་པའི་སྒྲའི་ཚོགས་སོ། །དེ་ཉིད་ཀྱིས་མངོན་པར་བྱང་ཆུབ་ནི་མདུན་གྱི་སྒྲ་ཐོབ་པ་བཞིན་ནོ། །དེ་ཉིད་ཀྱི་རྡོ་རྗེ་ནི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་ནོ། །སྣའི་དབང་པོ་རྣམ་པར་དག་པ ་བཤད་པར་བྱ་སྟེ། ནམ་མཁའ་ཨི་དབྱིངས་ཀྱི་དབུས་སུ་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་ཨི་དབྱིངས་ནི་སྣའི་དབང་པའི་ཁོང་སྟོང་ངོ། །དེའི་དབུས་སུ་གནས་པའི་སངས་རྒྱས་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་ཏེ་འབར་བའི་ཕྱིར་འོད་བས? ་ཏེ། ནམ་མཁའ་རྡོ་རྗེ་ནི་དེ་ཉིད་ཀྱི་མདོག་དང་འདྲ་བའི་རིན་ཆེན་ཨོཾ་ནི་རིན་ཆེན་གྱི་རིགས་ཀྱི་སྙིང་པོ་དགོད་པར་བྱའོ། །ོཾ་ཞེས་པ་ནི་དཔེ་ཡིན་ནོ། །དེ་ཉིད་ཡོངས་སུ་གྱུར་པ་ལས་སྐྱེས་པ་རྡོ་རྗེ་དམ་ཚིག་གསུམ་ནི་ནམ་མཁའ་ཨི་སྙིང་པོ་སྟེ་དེ་བསྒོམས་ན་།རྡོ ་རྗེ་གསུམ་གྱི་དཔལ་ནི་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་རྡོ་རྗེ་འཆང་ཆེན་པོ་སྟེ་དེ་དང་འདྲ་བར་འགྱུར་རོ། །རྡོ་རྗེ་དཀོན་མཆོག་དཔལ་ནི་སྔ་མ་བཞིན་དུ་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏོ་ཞེས་དང་སྦྱོར། །འབྲས་བུ་བསྟན་པར་བྱ་སྟེ། ལུས་ངག ་ཡིད་ནི་རྣལ་འབྱོར་པས་ལུས་ལ་སོགས་པ་སྟེ། དེ་རྣམས་དཀོན་མཆོག་དཔལ་གྱི་ནི་དེའི་ངོ་བོ་རིན་ཆེན་འབྱུང་ལྡན་དང་འདྲ་བར་འགྱུར་རོ། །དེ་བཞིན་དུ་བདག་མེད་བྱང་ཆུབ་ནི་ནམ་མཁའ་ཨི་དབྱིངས་ཏེ་།སྣའི་ཁོང་སྟོང་ངོ། །དེ་ཉིད་གྱི་ཡེ་ཤེས་ནི་ཡུལ ་ལ་སོགས་པས་བསྐལ་པའི་དྲི་སྣོམ་པ་སྟེ། དེ་ཉིད་གསང་བ་གང་ལ་ཡོད་པ་དེ་ནི་དེ་བཞིན་ཏེ། འདྲ་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་གནས་སུ་འགྱུར་རོ། །རིན་པོ་ཆེའི་དམ་ཚིག་ནི་རིན་ཆེན་འབྱུང་ལྡན་ཏེ། དེ་ཉིད་ལོངས་སྤྱོད་རྡོ་རྗེ་ནི་ལོངས་སྤྱོད་རྫོགས ་པའི་སྐུ་སྐྱེད་པར་མཛད་པའི་རྡོ་རྗེ་ནི་སྐྱེད་པའི་རྒྱུ་གང་ལ་ཡོད་པ་དེ་ནི་དེ་བཞིན་གཤེགས་པའོ། །ལྕེའི་དབང་པོ་རྣམ་པར་དག་པ་བཤད་པར་བྱ་སྟེ། ནམ་མཁའ་དབྱིངས་ཀྱི་དབུས་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་ཨི་དབྱིངས་ནི ་ལྕེའི་བར་རོ། །དེའི་དབུས་སུ་གནས་པ་སངས་རྒྱས་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་བསམས་ཏེ། དེའི་སྟེང་དུ་འཇིག་རྟེན་དབང་ཕྱུག་ནི་ཆ་གསུམ་དང་ལྡན་པའི་ཡི་གེ་ཨོཾ་ལས་འབྱུང་པའི་སྤྱན་རས་གཟིགས་བསྒོམ་པར་བྱའོ། །ཇི་ལྟ་བུ་ཞེ་ན་།རྡོ་རྗེ ་དམ་ཚིག་གསུམ་ནི་སེམས་དཔའ་གསུམ་དང་ལྡན་པའོ། །རྡོ་རྗེ་གསུམ་དཔག་མེད་ནི་པདྨ་འཛིན་པའི་ངོ་བོ་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་འདྲ་པར་འགྱུར་རོ། །བཅོམ་ལྡན་འདས་རྡོ་རྗེ་འོད་ཅེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །འབྲས་བུ་བསྟན་པར ་བྱ་སྟེ། ལུས་ངག་སེམས་ནི་བདག་ཉིད་ཀྱི་ལུས་ལ་སོགས་པ་སྟེ་།དེ་དག་གི་འོད་དཔག་མེད་ནི་དེའི་ངོ་བོ་རྡོ་རྗེ་འཆང་ཆེན་པོ་དང་འདྲ་པར་འགྱུར་རོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་རྣམ་པར་དག་པས་ཐེག་པ་ཆེན་པོ་ནི་ཡན་ལག་བཅུ ་གཉིས་པའི་ཆོས་ཀྱི་གསུང་རབ་ལམ་ནི་སྨྲ་བའི་ལམ་གང་ལས་འབྱུང་བ་དེ་ནི་དེ་བཞིན་ནོ་ཞེས་སྟོན་ཏོ། །ཡོན་ཏན་དཔག་ཏུ་མེད་པ་ནི་ཡུལ་ལ་སོགས་པས་བསྐལ་པའི་རོ་དྲུག་སྟེ་།དེ་རྣམས་རྡོ་རྗེ་ནི་ལྕེའི་རྩེ་མོར་འོད་ཀྱི་དཔལ་ནི་མདུན་དུ ་གནས་པའི་རོ་མྱང་བ་བཞིན་དུ་དམིགས་པ་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པའོ། །ལུས་རྣམ་པར་དག་པ་བཤད་པར་བྱ་སྟེ། ནམ་མཁའ་ཨི་དབྱིངས་ཀྱི་དབུས་སུ་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་ཨི་དབྱིངས་ནི་ཟླ་བ་ཕྱེད ་པ་དང་འདྲ་བའི་གསང་བའི་རྡོ་རྗེའི་ནམ་མཁའ་ཨོ། །དེའི་དབུས་སུ་གནས་པ་སངས་རྒྱས་དཀྱིལ་འཁོར་ན་ཟླ་བའི་དཀྱིལ་འཁོར་བསམས་ཏེ། དེའི་སྟེང་དུ་རྡོ་རྗེ་ཨུཏཔ་ལ་ནི་ནམ་མཁའ་ལྟར་ལྗང་ཁུ་དམ་ཚིག་ཨོཾ་ནི་དོན་ཡོད་གྲུབ་པའི་རིགས་ཀྱི་ས ་བོན་བཀོད་ལ་དེ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་རྡོ་རྗེ་དམ་ཚིག་གསུམ་ནི་རྣམ་པར་སེལ་བ་བསམས་ན། རྡོ་རྗེ་གདོན་མི་ཟ་བ་ནི་དོན་ཡོད་གྲུབ་པའི་ངོ་བོ་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་འགྱུར་རོ། །བཅོམ་ལྡན་འདས་རྡོ་རྗེ་གདོན་མི་ཟ་ཞེས་བྱ་བ་ལ ་སོགས་པ་ནི་སྔ་མ་བཞིན་ནོ། །འབྲས་བུ་བསྟན་པར་བྱ་སྟེ། ལུས་ངག་སེམས་རྡོ་རྗེ་ནི་རེག་པ་རྣམ་པ་གསུམ་མོ། །དེ་ཉིད་ཡུལ་ལ་སོགས་པ་བསྐལ་པས་དེ་ཉིད་འཛིན་པ་ལ། རྡོ་རྗེ་ཐོགས་མེད་ནི་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་འགྱུར་རོ། །དེ ་བཞིན་དུ་ཡེ་ཤེས་ནི་བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་ཏེ་། དེ་ཉིད་ཀྱི་རྒྱ་མཚོ་དང་འདྲ་པར་འགྱུར་རོ། །དེ་བཞིན་དུ་དཔལ་ནི་འདོད་པ་ཐམས་ཅད་ལོངས་སྤྱོད་པའི་ཕུན་སུམ་ཚོགས་པ་སྟེ། དེ་ཉིད་དང་ལྡན་པས་ན་དཔལ་དང་ལྡན་ནོ། །དེ་བཞིན་དུ ་སེམས་ཅན་ཀུན་དོན་ནི་སྨིན་པ་དང་གྲོལ་བ་ལ་སོགས་པ་རྣལ་འབྱོར་པ་གང་ལས་བྱུང་བ་དེ་ནི་དེ་བཞིན་ནོ། །གདོན་མི་ཟ་བའི་དམ་ཚིག་ནི་ཡུལ་ལ་སོགས་པས་བསྐལ་པའི་རེག་པ་སྟེ། དེ་ཉིད་འབྱུང་བ་ནི་མདུན་དུ་གནས་པའི་རེག་པ་བཞིན་འཛིན ་པ་སྟེ། དེ་ཉིད་ཀྱི་ཕྱིར་འོད་ཟེར་འབྱུང་པ་ནི་རྣམ་པར་སེལ་བའི་སྐུ་འཛིན་པ་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པ་སྟེ། བསྐྱེད་པའི་རིམ་པའོ། །དེ་ལྟར་སྐྱེ་མཆེད་དྲུག་གི་རྣམ་པར་དག་བ་བསྟན་ནས། དེ་ནི་ཡེ་ཤེས་ཀྱི་སྐུ་རྫོགས ་པར་བྱ་བའི་ཕྱིར་བསྒོམས་པ་བཤད་པར་བྱ་སྟེ། ནམ་མཁའ་ཨི་དབྱིངས་ཀྱི་དབུས་སུ་ནི་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་ཨི་དབྱིངས་ནི་སྣང་བ་ལ་སོགས་པའི་རིམ་པས་རྣམ་པར་དག་པའི་འོད་གསལ་བའོ། །དེའི་དབུས་སུ་གནས་པ་ནི་ཉེ་བར ་ཐོབ་པ་ལ་སོགས་པའི་རིམ་གྱིས་ཐོབ་པར་སངས་རྒྱས་དཀྱིལ་འཁོར་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་བསྒོམ་པར་བྱ་སྟེ། ཅིག་ཅར་དུ་བསྒོམ་པར་བྱའོ། །རྡོ་རྗེ་སྣང་མཛད་ནི་མོས་པའི་དབང་གིས་རྟག་པའི་གཟུགས་བསྒོམས་ཏེ། སྐུ ་གསུམ་ནི་ཆོས་དང་ལོངས་སྤྱོད་དང་སྤྲུལ་པའི་སྐུའི་རང་བཞིན་ཡི་གེ་ཨོཾ་ནི་ཚངས་པའི་རང་བཞིན་དེའི་ངོ་བོའི་སྐུ་བསམ་པར་བྱའོ། །རྡོ་རྗེ་དམ་ཚིག་གསུམ་ནི་ཁམས་གསུམ་པ་སྒྱུ་མར་ལྟ་བའི་རྣམ་པ་དེ་བསྒོམ་པ་ནི་དེ་སྤྲོ་པས ་རྣམ་པར་སྣང་མཛད་ནི་རྡོ་རྗེ་འཆང་ཆེན་པོ་དང་མཚུངས་པ་རྟག་པ་བཞིན་དུ་འགྱུར་རོ། །འབྲས་བུ་བསྟན་པར་བྱ་སྟེ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་ཆོས་དང་ལོངས་སྤྱོད་དང་སྤྲུལ་པའི་སྐུའོ། །རྣམ་པར་སྣང་མཛད་འོད་དང་འདྲ་བ་ནི་མེ་ལོང་ལྟ་བུ་ཡེ་ཤེས ་ཀྱི་རང་བཞིན་དུ་རྡོ་རྗེ་འཆང་དང་འདྲ་བར་འགྱུར་རོ། །དེ་བཞིན་དུ་ཡེ་ཤེས་ནི་སྒྱུ་མའི་དཔེ་བཅུ་གཉིས་ཏེ། དེ་རྣམས་ཀྱི་རྫོགས་པའི་བྱང་ཆུབ་ནི་ཡང་དག་པར་བལྟ་བའོ། །སྐུ་ནི་ཁམས་གསུམ་མམ?་སྐུ་གསུང་ཐུགས་སོ། །དེ་རྣམས་མི་ཕྱེད་པ་ནི ་བདག་ཉིད་ཀྱི་ཏིང་ངེ་འཛིན་གྱིས་སྒྲུབ་པར་བྱེད་པས་ན་དེ་སྐད་ཅེས་བྱའོ། །སྐུ་གསུང་ཐུགས་ཉེ་བར་བསྡུས་པའི་འོད་གསལ་བ་ལས་དམིགས་པ་ནི་སྒྱུ་མའི་སྐུ་འཛིན་པ་གང་ཡིན་པ་དང། མངོན་པར་བྱང་ཆུབ་པ་ནི་སྒྱུ་མའི་དཔེ་མཐོང་བ་གང་ལ ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གཉི་གའི་རྣལ་འབྱོར་པ་རྣམས་ཀྱི་གནས་ཀྱི་ཕུན་སུམ་ཚོགས་པ་བསྟན་པར་བྱ་བའི་ཕྱིར། རྣམ་པར་དབེན་པའི་རི་བོ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྣ་ཚོགས་པ་དང་སྐྱེ་བོ་མེད་པའི་ཤིང་དྲུང་དང ་མེ་ཏོག་ལ་སོགས་པ་དང་ལྡན་པའི་རི་བོ་རྣམས་དང། ཀླུང་ནི་ཆུ་བོ་ཆེན་པོ་དང་འབབ་ཆུ་ནི་གང་ལས་དང་པོ་ཆུ་བྱུང་བ་སྟེ་།གནས་དེ་རྣམས་དང་དེ་བཞིན་དུར་ཁྲོད་ལ་སོགས་པ་ནི། དུར་ཁྲོད་དང། རྟགས་གཅིག་དང། །བར?་སྟོང ་དང། བཞི་མདོ་དང། སུམ་མདོ་ལ་སོགས་པ་ལ་འདི་སྔར་བཤད་ཟིན་པ་དང། འོག་ནས་འཆད་པར་འགྱུར་བའི་བསམ་གཏན་ནི་བསྐྱེད་པའི་རིམ་པའི་བསྒོམ་པ་དང་མདོར་བསྡུས་བ་དང། ཡེ་ཤེས་ཀྱི་སྐུ་བསྒོམ་པར་བྱའོ་ཞེས་སྟོན་ཏོ། །གང ་གི་ཕྱིར་རི་བོ་ལ་སོགས་པ་ནི་སྐྱེ་བོ་མེད་པའི་ཕྱིར་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱི་སེམས་རྩེ་གཅིག་པར་གྱུར་པ་ཉིད་དུ་བྱེད་དོ། །དེ་རྣམས་ཀྱང་དངོས་གྲུབ་ཀྱི་གནས་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པའོ། །རྫོགས་པའི་རིམ་པའི ་རྣལ་འབྱོར་པ་རྣམས་ཀྱི་རི་བོ་ལ་སོགས་པའི་བཤད་པའི་རྒྱུད་ལས་འཇུག་པར་བྱ་སྟེ། རྟགས་ནི་ཤིང་གཅིག་དང་ནི་དུར་ཁྲོད་དམ། །ཆུ་མདོ་འམ་ནི་བཞི་མདོ་དག་།རི་མཆོག་གམ་ནི་སུམ་མདེ་འམ། །ཤིང་དྲུང་རྩ་བ་ཕ་བོང་རྩར། །རྒྱ་མཚོ་ཆེན་པོ་གྱེས?་འགྲམ ་ན། །རྣལ་འབྱོར་མ་ཐུགས་དགྱེས་པར་བྱེད། །ཉོན་མོངས་ཐམས་ཅད་འཇོམས་བྱེད་པའི། །རྣལ་འབྱོར་པ་ནི་དེ་ལྟར་གྲུབ། །མན་ངག་རབ་ཏུ་བཤད་བྱ་བ། །མཆོག་གི་མདངས་ལྡན་འགྲོ་བ་དག་།བདག་ཉིད་གཟུགས་ནི་གཅིག་ཡིན་ཏེ། །འགྲོ ་དང་མི་འགྲོ་དེར་གནས་པ། །རྟགས་གཅིག་དེ་ནི་བཤད་ཡིན་གྱི། །ཡིད་འོང་རྡོལ་སོགས་པ་མིན། །གང་ཞིག་འོད་གསལ་དེ་ཁོ་ནི། །གང་ཞིག་དྲག་པོ་འཇིགས་པར་བྱེད། །གསང་བའི་པདྨ་དེ་བཞིན་གཞན། །དུར་ཁྲོད་དུ་ནི་ཤེས་བར་བྱ། །རུས་སྤལ ་མ་དང་ཟླ་བ་མ། །ཆུ་པོའི་སྒྲས་ནི་བཤད་པ་སྟེ། །དེ་ཉིད་གང་དུ་པྲད་པ་ནི། །ཆུ་མདོ་དེ་ཉིད་བཤད་པ་ཡིན། །སྤྱན་དང་མཱ་མ་ཀཱི་སྒྲོལ་མ། །གོས་དཀར་མཆོག་གི་དབང་ཕྱུག་མ། །ཕྱག་རྒྱ་བཞི་པོས་མཚན་པ་ཡིན། །བཞི་མདོ་ཡི་གེ་ཕྱི་མོ་མཆོག་། ་རི་ནི་དེ་བཞིན་གཤེགས་པར་བཤད། །དེ་ཡི་མཆོག་ནི་རྡོ་རྗེ་འཛིན། །རྡོ་རྗེ་ཐེག་པར་རབ་གྲགས་པའི། །རི་མཆོག་དེ་ནི་ཤེས་པར་བྱ། སྐུ་གསུང་ཐུགས་ནི་རྡོ་རྗེ་རྣམས། །དངོས་པོ་གཅིག་ཉིད་དུ་གྱུར་པ། །ཤིན་ཏུ་རྙེད་དཀའ་ཨི་དམ་ཆོས་འདིར། ། ་སུམ་མདོར?་དེ་ནི་ཤེས་པར་བྱ། །ཤིང་དྲུང་རྡོར་འཛིན་བཤད་པ་སྟེ། །རྩ་བ་ཡང་ནི་སྤྲོས་པ་མེད། །དེ་ནི་ཤིང་དྲུང་གཅིག་བཤད་པ། །འགྲོ་དང་མི་འགྲོ་དེས་འཛིན་པའོ། །ཕ་བོང་བཞིན་བེམས་ངོས་པས་།བདག་ནི་ཡོད་པ་མ་ཡིན་ཏེ། །དེ་ཉིད ་རྟོགས་པ་རྩར་བཤད་པས། །ཕ་བོང་རྩ?་བ་འདིར་བཤད་པའོ། ། སྟེ་ཆུ་ཡིས་གང་བ་དང། །འ་ཡི་སྡེ་ཚན་སྦ་རླབས་མཆོག་།ཙ?་ཡི་སྡེ་ཚན་ལྤུ་བས་རྒྱས། །ཊ་ཡི་སྡེ་ཆེན་འགྲམ་གྱིས་མཛེས། །ཏ་ཡི་སྡེ་ཚན་རི་བོར་ལྡན།། ་པ་ཡི་སྡེ་ཚན་སྤ་རླབས་ལྡན། །ཡ་ཡི་སྡེ་ཚན་ཉ་ཆུ་སྲིན། །ཤ་ཡི་སྡེ་ཚན་རིན་ཆེན་སོགས། ཥ་ནི་རྒོད་མའི་མེ་དང་ལྡན། །ཕྱོགས་ནི་ཁྱབ་ཅིང་ཡང་དག་གནས། །ཀློག་པ་དང་ནི་ཉན་པ་དང། །རྒྱུད་ཐམས་ཅད་ལ་རབ་ཏུ་གནས། །དེ་ལ་གནས ་པ་གང་ཡང་རུང། །མཚོ་ཆེན་འགྲམ་ན་དེ་གནས་པའོ། །དེ་ལྟར་ཡི་གེ་དབྱེ་བ་ཡིས། །མཛེས་མ་ཁྱོད་ལ་བཤད་པ་སྟེ། མི་འགྱུར་གདོན་གྱི་མན་ངག་འདི། །དོན་ནི་མང་པོ་ཡང་དག་བརྗོད། །རྣལ་འབྱོར་ཡེ་ཤེས་མཆོག་གི་མཆོག་།རྡོ་རྗེ་ནི ་བའི་གནས་ལ་གནས། །ཐེ་ཚོམ་མེད་ཅིང་ལྷ་མོ་ཀྱེ། །ཁྱོད་ལ་གསང་བ་བཤད་པ་ཡིན། །ཞེས་གསུངས་སོ། །མི་བསྐྱོད་པ་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་ནམ་མཁའ་རྡོ་རྗེ་ནི་ནང་ནས་སྐུ་སྤྲོས་ཏེ་བསྒོམ་པར་བྱའོ། །དེ་ཉིད་ཀྱི་སྤྱིར? ་བཤད་པ་ཡིན་ཏེ། མི་བསྐྱོད་ཡེ་ཤེས་དག་ལ་སོགས་ཞེས་བྱ་བ་ལ་སོགས་པའོ། །མངོན་ཤེས་ལྔ་པོ་ནི་ལྷའི་མིག་ལ་སོགས་པའི་དངོས་གྲུབ་པོ། །དེ་རྣམས་ཀྱི་སྦྱོར་བ་ནི་དེ་གཙོ་བོར་གྱུར་པའི་གནས་རྣམས་ལ། །སངས་རྒྱས་མཆོག་ནི་རྫོགས ་པའི་རིམ་པ་བསྒོམ་པར་བྱའོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །རྫོགས་པའི་རིམ་པའི་རྣལ་འབྱོར་པའི་བསྒོམ་པ་གཞན་བཤད་པར་བྱ་བའི་ཕྱིར། རྡོ་རྗེ་ཆེན་པོ་རྩེ་ལྔ་པ་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། རྩེ་ལྔ་པ་ནི་རྩ་ལྔའི་ངོ་བོ་རྡོ་རྗེ་ཆེན་པོ་དང་པདྨ་སྟེ། དེ་དག་གཉིས་འབར་བ་ལྔ་ནི་ཁམས་ལྔ་པོས་རྣམ་པར་བརྒྱན་པ་ནི་གང་པའོ། །དེ་ཉིད་གནས་ལྔ་པོ་ནི་གདན་དུ་བསྒོམས་ལ་སྦྱོར་བ་ནི་སྙོམས་པར་ཞུགས་པའི་སྦྱོར་བས་རྡོ་རྗེ་མངོན ་ཤེས་དགའ་བ་ལ་སོགས་པ་གསུམ་པོ་སྟེ། དེ་རྣམས་དང་འདྲ་བ་ནི་ལྷན་ཅིག་སྐྱེས་པ་སྟེ། དེ་གྱུར་པ་ནི་དེ་ཉིད་ཐོབ་པར་གྱུར་ཏེ། འབྲས་བུའོ། །རང་སྔགས་ནི་ཡི་གེ་གསུམ་སྟེ། དེ་ཉིད་ཟོ་ཆུན་གྱི་འཁོར་ལོ་བཞིན་དུ་བསྐོར་བས་ན་འཁོར་ལོ་སྟེ། ་འཁོར་ལོའི་རྣམ་པར་བསྒོམས་ལ་། མེ་སྟག་མང་པོ་ནི་འོད་ཟེར་ལྔ་སྟེ། དེ་དག་གིས་འཁྲུག་པ་ནི་ཐོབ་པ་སྟེ། དེ་རྣམས་ཕྱི་རོལ་ཏུ་སྤྲོ་བར་བྱའོ། །དེ་ནས་རྡོ་རྗེ་ལྔ་ནི་སྲོག་ལ་སོགས་པའི་རླུང་ལྔ་སྟེ། དེ་རྣམས་སྦྱོར་བ་ནི་རོ་གཅིག་པར་བྱེད་པ་སྟེ། དེས ་རྡོ་རྗེ་མངོན་ཤེས་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་དང་འདྲ་བར་གྱུར་ཏེ་རྡོ་རྗེ་བཟླས་པའོ། །རྡོ་རྗེ་ནམ་མཁའ་ཨི་དཀྱིལ་ཉིད་དུ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ནམ་མཁའ་ཨི་འོད་གསལ་བའོ། །དེའི་དཀྱིལ་དུ་གནས་པ་ནི་དེ་ལས་བྱུང་བའི་འཁོར་ལོ་ནི་རྡོ་རྗེ་འཆང ་ཆེན་པོ་སྟེ། དཀྱིལ་འཁོར་བ་དང་བཅེས་པས་བསྒོམ་པར་བྱའོ། །ཇི་ལྟ་བུ་ཞེ་ན། སངས་རྒྱས་འབར་བ་ནི་འཇའ་ཚོན་དང་འདྲ་བའི་འོད་ཟེར་རྣམས་ཏེ། དེ་དང་འདྲ་བའི་འོད་གང་ལ་ཡོད་པ་དེ་ནི་དེ་བཞིན་ནོ། །དེ་ལྟ་བུ་བསམས་ནས་སངས ་རྒྱས་འཇུག་པ་ནི་སངས་རྒྱས་ཐམས་ཅད་རོ་གཅིག་པར་བྱེད་པས། སངས་རྒྱས་གནས་རི་སྔགས་ཀྱི་སྐུ་ཏེ། རྡོ་རྗེ་འཆང་ཆེན་པོའོ། །དེ་དང་འདྲ་བར་གྱུར་པ་སྟེ་བདག་ལ་བྱིན་གྱིས་བརླབ་པའོ། །ད་ནི་དབྱེ་བ་གཞན་གྱིས་ཡེ་ཤེས་ཀྱི་སྐུ ་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་དཀྱིལ་འཁོར་དབུས་གནས་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་དཀྱིལ་འཁོར་ནི་རང་གི་རིགས་མའི་ཆོས་འབྱུང་གི་ཕྱག་རྒྱའོ། །དེའི་དབུས་སུ་གནས་པ་ནི་དེའི་ནང་དུ་བདག་གི་ལུས ་ཞུགས་ཏེ། རྣམ་པར་སྣང་མཛད་ཀྱི་ངོ་བོ་བསམས་ལ་དེའི་སྙིང་གར་ནི་ཡེ་ཤེས་སེམས་དཔའ་སྙིང་གར་ཡི་གེ་ཨོཾ་བཀོད་ལ། དེའི་རྗེས་ལ་སྔགས་ནི་ཏིང་ངེ་འཛིན་སེམས་དཔའ་ཨི་ཐིག་ལེ་རྣམ་པར་ཤེས་པ་བསྒོམས་པ་ནི་དེ་ཉིད་དུ་རྣམ་པར ་ཤེས་པ་ཐིམ་པར་བྱའོ། །དེའི་རྗེས་ལ་ཆོས་འབྱུང་གི་ཕྱག་རྒྱའི་རེག་པས། སེམས་ནི་གསུང་གི་བདག་ཉིད་དེ་རྣམ་པར་སྣང་མཛད་ཀྱི་ངོ་བོ། །འགོག་པའི་དབུས་སུ་ནི་ཐིག་ལེ་ཙམ་ལ་ཐིམ་པ་སྟེ། ཇི་སྲིད་ནམ་མཁའ་ ་ལ་སྤྲིན་གྱི་དུམ་བུ་བཞིན་དུ་ལྟེ་བའི་མཐར་དེ་ཉིད་དུ་ཐིམ་པར་གྱུར་ན་དེའི་ཚེ་ཡིད་བཞིན་ནི་དེ་ལས་ལྡང་ཞིང་རེ་བ་ཐམས་ཅད་རྫོགས་པར་བྱེད་པ་དང། དཔལ་ལྡན་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པར་འགྱུར་རོ། །སངས་རྒྱས ་ཀུན་ནི་བསྐྱེད་པའི་རིམ་པའི་རྣམ་འབྱོར་པ་རྣམས་ཏེ། དེ་རྣམས་ཀྱི་མཆོག་འགྲུབ་པ་གཙོ་བོར་གྱུར་པ་དང་འདུལ་བར་མཛད་པ་སྟེ། འབྲས་བུ་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་དག་གོ་།རིགས་པ་འདི་ཉིད་ཀྱིས་སངས་རྒྱས་དཀྱིལ་འཁོར ་ནི་ཆོས་འབྱུང་གི་ཕྱག་རྒྱའི་ནང་དུ་ཁམས་གསུམ་པ་འཇུག་པ་སྔན?་དུ་འགྲོ་བའི་རྡོ་རྗེ་མི་བསྐྱོད་པ་བསྒོམ་ཞིང་དེའི་ཡེ་ཤེས་སེམས་དཔའ་ཨི་སྙིང་གར་ཏིང་ངེ་འཛིན་སེམས་དཔའ་ཨི་ངོ་བོ་ཡི་གེ་ཧཱུཾ་བཀོད་ལ་།དེའི་ཐིག་ལེ་ལ་སེམས་བཞག་ཅིང ་ཆོས་འབྱུང་གི་ཕྱག་རྒྱའི་རེག་པས་གསུམ་པོ་ཡང་ཐིམ་པར་བསྒོམས་ལ་སྔ་མ་བཞིན་དུ་ཅིག་ཅར་དུ་ལངས་ཏེ། དེ་དང་འདྲ་བར་གྱུར་པ་དང། འབྲས་བུ་དང་བདག་ལ་བྱིན་གྱིས་བརླབ་པའོ། །དེ་བཞིན་དུ་སངས་རྒྱས་དཀྱིལ་འཁོར་ནི་ཆོས་འབྱུང ་གི་ཕྱག་རྒྱའི་ནང་དུ་ཚེ་དཔག་མེད་པ་ནི་གསུང་རྡོ་རྗེའི་འཛིན་པ་སྟེ། ཁམས་གསུམ་པ་འཇུག་པ་སྔོན་དུ་འགྲོ་བར་བསམས་ལ། དེའི་ཡེ་ཤེས་སེམས?་དཔའ་ཨི་སྙིང་ཁོར་ཡི་གེ་ཨ་ནི་ངག་གི་དབང་ཕྱུག་གི་ས་བོན་ཏིང་ངེ་འཛིན་སེམས་དཔའ་ ་བཀོད་ལ?། དེ་ཉིད་ཀྱི་ཐིག་ལེ་ལ་རང་གི་སེམས་བཞག་ཅིང་ཆོས་འབྱུང་གི་ཕྱག་རྒྱའི་རེག་པས་ཐིམ་པར་བསྒོམས་ལ། དེ་ལས་ལྡང་ཞིང་སྔ་མ་བཞིན་དུ་གྱུར་པ་སྟེ་འབྲས་བུ་དང་བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །ཉེ་བར་བསྡུ་བ ་བཤད་པར་བྱ་སྟེ། འདི་སྟེ་དམ་ཚིག་མཆོག་གི་མཆོག་།ཅེས་བྱ་བ་ལ་སོགས་པ་ལ། དམ་ཚིག་མཆོག་ནི་ཆོས་འབྱུང་གི་ཕྱག་རྒྱའོ། །དེའི་མཆོག་ནི་དེ་ལ་འཇུག་པའི་དེ་བཞིན་གཤེགས་པ་རྣམས་དགོད་པའོ། །རྡོ་རྗེ་གསུམ་ནི་སེམས ་དཔའ་གསུམ་སྟེ། དེ་ཉིད་མི་ཕྱེད་བསྒོམ་པ་ནི་ཐིག་ལེ་ཙམ་ལ་ཐིམ་པར་བསྒོམ་པའོ། །འགོག་པའི་དམ་ཚིག་ཡེ་ཤེས་ཏེ་ཞེས་པ་ནི་ཉན་ཐོས་པའི་རིགས་ཅན་གྱིས་འགོག་པ་ལ་སྙོམས་པར་ཞུགས་པའི་གོ་འཕང་གི་རྣམ་པར་རྟོག་པའི ་ཡེ་ཤེས་ཐོབ་པར་བྱེད་པའོ། །དེ་ལས་ལྡང་ཞིང་སངས་རྒྱས་དངོས་གྲུབ་ནི་སྒྱུ་མ་ལྟ་བུའི་དངོས་གྲུབ་སྟེ་དེ་ཉིད་ཐོབ་པར་འགྱུར་རོ། །དེ་ནི་འབྲས་བུ་དང་བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །རྫོགས་པའི་རིམ་པའི་རྣལ་འབྱོར་པས ་བསྐལ་པར་གནས་པ་ཉིད་བསྟན་པར་བྱ་བའི་ཕྱིར་ཁྱད་པར་ཅན་གྱི་ཏིང་འཛིན་བཤད་པར་བྱ་སྟེ། རྡོ་རྗེ་ནམ་མཁའ་ཨི་དབྱིངས་གནས་པ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ནམ་མཁའ་ཨི་དབྱིངས་ནི་སྟོང་པ་ཉིད་དོ། །དེའི་དབུས་སུ་གནས་པ་གསལ ་བའི་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་རྣམ་པར་སྣང་མཛད་ཀྱི་སྐུ་བསྒོམས་ཏེ། དེ་ཉིད་ཀྱི་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀར་ཡི་གེ་ཨོཾ་བཀོད་ལ། དེ་ཉིད་ཀྱི་ལུས་ངག་སེམས་ནི་དམ་ཚིག་དང་ཡེ་ཤེས་དང་ཏིང་ངེ་འཛིན ་སེམས་དཔའ་གསུམ་སྟེ། དེ་རྣམས་ཏིང་ངེ་འཛིན་སེམས་དཔའ་ཨི་ཐིག་ལེ་ལ་ཞུགས་ཤིང་ཐིག་ལེ་ཡང་སྒྲ་ལ་དང། སྒྲ་ཡང་སྒྲ་མཛའ་པ་ཐིམ་པར་བསྒོམ་ན་ཇི་སྲིད་བསྐལ་པའི་བར་དུ་ཏིང་ངེ་འཛིན་དེས་གནས་པར་གྱུར?་ཏེ། རྣལ ་འབྱོར་པ་དེ་ལ་དུས་མ་ཡིན་པའི་འཆི་བ་འབྱུང་བ་མ་ཡིན་ཏེ། སེམས་དབང?་དུ་གྱུར་པས་ལུས་ངག་ཡིད་ཀྱི་རྣམ་པར་རྟོག་པ་མི་དམིགས་པའི་ཕྱིར་རོ། །གང་གི་ཕྱིར་ནད་རྣམས་ནི་རྣམ་པར་རྟོག་པ་ལས་འབྱུང་པ་ཡིན་ནོ། །ཇི་སྐད་དུ། ་ཇི་སྲིད་སེམས་ནི་གཡོ་གྱུར་པ། །དེ་སྲིད་བདུད་ཀྱི་སྤྱོད་ཡུལ་མིན། །དེ་ལྟར་ཡིན་པས་སྐྱོན་མེད་འདི། །དེ་ནི་ཅི་ཕྱིར་རིགས་པ་མིན་ཞེས་འབྱུང་ངོ། །དེ་བཞིན་དུ་རྡོ་རྗེ་ནམ་མཁའ་ཨི་དབྱིངས་གནས་པ་ནི་འོད་གསལ་བ་ལས ་ཆོས་ཀྱི་དཀྱིལ་འཁོར་ནི་པདྨ་གནས་པའི་སྣང་བ་མཛའ་ཡས་བསྒོམས་ལ། དེ་ཉིད་ཀྱི་ཡེ་ཤེས་སེམས་དཔའ་ཨི་རྙིང་ཁར་ཏིང་ངེ་འཛིན་སེམས་དཔའ་ཨི་ངོ་བོ་ཡི་གེ་ཨཱ:བཀོད་ལ། སྔ་མ་བཞིན་དུ་ལུས་ངག་སེམས་ནི་སེམས་དཔའ་གསུམ ་ཏིང་ངེ་འཛིན་སེམས་དཔའ་ཨི་ཐིག་ལེ་ལ་ཐིག་ལེ་ཆ?་ཤས་ཀྱི་སྒོ་ནས་ཐིམ་པར་གྱུར་ན་སྒྲུབ་པ་པོ་དེས་བསྐལ་པའི་བར་དུ་གནས་པར་འགྱུར་རོ། །དེ་བཞིན་དུ་སྟོང་པ་ཉིད་བསྒོམ་པའི་སྔོན་དུ་འགྲོ་སྣའི?་དམ་ཚིག་རྡོ་རྗེ་གསུམ་ནི་རྡོ་རྗེ་བཟླས་པ ་སྟེ། དེ་ཉིད་ནི་མ་ནིང་གི་བཟླས་པའི་མཚན་ཉིད་ཀྱི་རྡོ་རྗེ་གསུང་ནི་རྡོ་རྗེ་བཟླས་པ་བཀའ་སྩལ་པ་སྟེ། རྡོ་རྗེ་བཟླས་པའི་རིམ་པའོ། །ཡང་ན་རྡོ་རྗེ་ནི་རྣམ་པར་ཤེས་པ་གསུམ་སྟེ། དེ་རྣམས་འཛིན་པ་ནི་འོད་གསལ་བ་ལ་ཞུགས་པས་ནི་རྡོ ་རྗེ་འཛིན་ནོ། །རང་བཞིན་རྣམས་ཉེ་བར་བསྡུས་པས་སྟོན་པའོ། །ཟླ་པ་དང་ཉི་མའི་འོད་ཟེར་གྱི་སྣང་བ་མཚོན་ཅིང་གནས་པས་ན་བསྐྱེད་པའོ། །ཡེ་ཤེས་མཆོག་ནི་སྣང་བ་ལ་སོགས་པ་གསུམ་སྟེ། དེ་རྣམས་སྒྲུབ་པ་ནི་མཛད་པས་ན་ཡེ ་ཤེས་མཆོག་སྒྲུབ་པའོ། །རྡོ་རྗེ་གསུམ་ནི་ཡེ་ཤེས་གསུམ་ཡང་དག་པར་འགྲོ་བ་ནི། ཐིམ་པས་ན་དམ་ཚིག་ནི་གསལ་བའོ། །ཇི་ལྟ་བུ་ཞེ་ན། དེ་ཉིད་ནི་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །རྡོ་རྗེ་གསུང་ནི་རྡོ་རྗེའི་ཚིག་གིས་རྫོགས?་པར ་བྱ་བའི་དོན་གྱི་མཚན་ཉིད་བཀའ་སྩལ་པ་སྟེ། སེམས་རྣམ་པར་དག་པའི་རིམ་པའོ། །ཡང་ན་རྡོ་རྗེ་ནི་སྒྱུ་མའི་སྐུ་སྟེ། དེ་ཉིད་འཛིན་པ་ནི་འོད་གསལ་བ་ལས་སྤྲོ་བར་མཛད་པས་ན་རྡོ་རྗེ་འཛིན་ནོ། །དེ་ཉིད་ཀྱི་ཕྱིར་ལོངས་སྤྱོད་པའི་སྐུས ་ཡན་ལག་དྲུག་ཅུ་དང་ལྡན་པའི་གསུང་གིས་འགྲོ་བ་གསུམ་རྗེས་སུ་འདུལ་བར་མཛད་པས་ན་སྟོན་པའོ། །སྤྲུལ་པའི་སྐུ་རྣམས་ཀྱིས་སྣ་ཚོགས་པའི་དཀྱིལ་འཁོར་གྱི་འཁོ་ལོ་བསྐྱེད་པར་མཛད་པས་ན་བསྐྱེད་པའོ། །རྣམ་པར་མི་རྟོག་པའི་ཡེ་ཤེས ་པས་ཕྱི་དུས་སུ་བྱུང་བའི་སྒྱུ་མ་དང་སྨིག་རྒྱུ་ལ་སོགས་པའི་རྣམ་པ་ནི་ཡེ་ཤེས་མཆོག་སྟེ་དེ་རྣམས་སྒྲུབ་པ་ནི་ཁམས་གསུམ་པ་དེ་བཞིན་དུ་གཟིགས་པས་ན་ཡེ་ཤེས་མཆོག་སྒྲུབ་པའོ། །རྣམ་པར་མི་རྟོག་པ་ལ་འཇུག་པ་ལས་ཀྱང། ཤེས ་བྱ་དང་ཁྱད་པར་མེད་པའི་ཡེ་ཤེས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྡོ་རྗེ་གསུང་ནི་ཆོས་དང་ལོངས་སྤྱོད་དང་སྤྲུལ་པའི་སྐུ་རྣམས་ཏེ། དེ་དག་གི་དམ་ཚིག་ནི་མཉམ་པར་གྱུར་པ་སྟེ། སྐུ་གསུམ་གྱི་རང་བཞིན་ནོ་ཞེས་སྟོན་ཏོ། །དེ་ཉིད་ངེས? ་པ་ནི་སྒྲུ?་མ་ལ་སོགས་པའི་རང་བཞིན་གྱི་སྐུ་གསུམ་དེའི་དངོས་པོ་ནི་དེ་ཉིད་དེ་དེའི་ངོ་བོ་ཞེས་སྟོན་ཏེ། གཞན་དང་ལྡན་པའི་རྣམ་པར་གཅོད་པ་སྲིད་པ་གྲུབ་པ་ནི་གཞུ་འཛིན་པ་བཞིན་ནོ། །རྡོ་རྗེ་གསུང་བཀའ་སྩལ་པ་ནི་སྔ་མ་བཞིན་ཏེ་བདག་ལ? ་ཕྱིན?་གྱིས་བརླབ་པའི་རིམ་པའོ། །ཡང་ན་རྡོ་རྗེ་ནི་བཞི་པའི་དེ་ཁོ་ན་ཉིད་དེ། དེ་འཛིན་པ་ནི་མངོན་དུ་བྱེད་པས་ན་རྡོ་རྗེ་འཛིན་ནོ། །འདོད་ཆགས་དང་འདོད་ཆགས་བྲལ་བ་དང་འདོད་ཆགས་བར་པའི་རྣམ་པར་རྟོག་པ་རྣམས་སེལ་བ་འམ་བསྲེ?་? ་པས་ན་སྟོན་པའོ། །བྱང་ཆུབ་ཐོབ་པར་མཛད་པས་ན་བསྐྱེད་པའོ། །ཡེ་ཤེས་ནི་འབྱུང་བར་གྱུར་པའི་འོད་གསལ་བ་སྟེ། དེ་ཉིད་ཀྱི་མཆོག་ནི་སྔོན་དུ་བྱུང་བའི་སྨིག་རྒྱུ་ལ་སོགས་པ་ལྔ་སྟེ། དེ་དག་སྒྲུབ་པ་ནི་ཉེ་བར་མཚོན་པས་ན་ཡེ་ཤེས་མཆོག ་སྒྲུབ་པའོ། །རྡོ་རྗེ་གསུམ་ནི་འདོད་ཆགས་ལ་སོགས་པ་ཡང་དག་པར་བསྡུ་བས་ན་རྡོ་རྗེ་གསུམ་སྟེ། མངོན་པར་བྱང་ཆུབ་པའི་དེ་ཁོ་ན་ཉིད་དོ། །མར་ལ་མང་བཞིན་དུ་མཉམ་པོར་ཐིམ་པར་གྱུར་པས་ན་དམ་ཚིག་གོ། དེ་ཉིད་ཀྱི་ཕྱིར་དེ་ཉིད་ནི་ཐམས་ཅད ་སྟོང་པའོ། །རྡོ་རྗེ་གསུང་ནི་ཉམས་པར་མ་གྱུར་པའི་སྒྲ་དཀའ་སྩལ་ཏེ། མངོན་པར་བྱང་ཆུབ་པའི་རིམ་པའོ། ། ཡང་ན་མི་གནས་པའི་མྱ་ངན་ལས་པའི་དབྱིངས་ནི་རྡོ་རྗེ་སྟེ་དེ་འཛིན་པས་ན་རྡོ་རྗེ་འཛིན་ནོ། །རྣམ་བཅས་དང་རྣམ་པ་མེད ་པ་ལ་སོགས་པ་ཐ་དད་པ་དང་ཐ་མི་དད་པ་ཡོངས་སུ་སྤངས་ནས་གཟིགས་པས་ནི་སྟོན་པའོ། །ཆོས་ཐམས་ཅད་སྤྲུལ་པར་མཛད་པས་ན་བསྐྱེད་པའོ། །ཡེ་ཤེས་ནི་ལྔ་སྟེ་དེ་རྣམས་ཀྱི་མཆོག་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དེ་སྒྲུབ་པ་ནི་གཞན་རྣམས ་ལ་སྟོན་པ་སྟེ། ཡེ་ཤེས་མཆོག་སྒྲུབ་པའོ། །རྡོ་རྗེ་གསུམ་ནི་སྐུ་གསུང་ཐུགས་ཏེ། དེ་རྣམས་ཀྱི་དམ་ཚིག་ནི་དམིགས་པ་མེད་པའི་སྦྱོར་བ་ལས་འགྲོ་བའི་དོན་མཛད་པའོ། །དེ་ཉིད་ནི་རྡོ་རྗེ་དཀྱིལ་འཁོ་ནི་ཉི་མའི་དཀྱིལ་འཁོར་ལ་གནས་པ་མི ་བསྐྱོད་པ་བསྒོམས་ཏེ་།དེ་ཉིད་ཀྱི་ཡེ་ཤེས་སེམས་དཔའ་ཨི་སྙིང་གར་ཏིང་ངེ་འཛིན་སེམས་དཔའ་ཨི་ངོ་བོ་ཡི་གེ་ཧཱུཾ་བཀོད་ལ། ལུས་ངག་སེམས་ནི་སེམས་དཔའ་ཨི་གསུམ་དེའི་ཐིག་ལེ་ལ་ཐིམ་ཞིང་སྒྲ་མཛའ་ཙམ་ལ་གནས་ན་རྣལ་འབྱོར་པ་དེས་བསྐལ་པའི ་བར་དུ་གནས་པར་གྱུར་ཏེ། རྫོགས་པའི་རིམ་པའི་རིམ་པའོ། །གསུམ་རྟོག་པ་ནི་ལྷའི་སྐུ་རྫོགས་པར་བྱ་བའི་ཕྱིར་སྤྱོད་པ་སྟེ། གསུང་གི་རྟོག་པ་ནི་ལྷའི་སྐུ་རྣམ་པ་གསུམ་མོ། །དེ་རྣམས་ཉིད་དམ་ཚིག་གང་ལ་ཡོད་པ་དེ་ནི་རྡོ་རྗེ་གསུམ་གྱི་རྟོག ་པའི་དམ་ཚིག་སྟེ། ཐམས་ཅད་སྟོང་པ་ཉིད་ཀྱི་ངོ་བོ་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏེ་སྔ་མ་དང་སྦྱར་རོ། །ཡང་ན་རྡོ་རྗེ་ནི་ནམ་མཁའ་བཞིན་དུ་དབྱིངས་ནི་རྣམ་པར་ཤེས་པའི་ཁམས་གང་ལ་ཡོད་པ་དེ་ནི་རྡོ་རྗེ་མཁའ་དབྱིངས་ཏེ་ངོའི?་ལུས་སོ། །དེ་ལ ་གནས་པ་ནི་དེའི་སྙིང་ཁར་གནས་པའི་གསལ་པའི་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་བསམས་ལ་རང་གི་སྙིང་གའི་ཡེ་ཤེས་སེམས་དཔའ་ཨི་སྙིང་ག་ལ་ཡི་གེ་ཨོཾ། ལུས་ངག་སེམས་ནི་ཧཱུཾ་ཕཊ་ས་བོན་རྣམས་ཀྱིས་བདག་གིས་ལྟེ་པའི་འཁོར་ལོ ་ལས་བསྐུལ་ཏེ། རོའི་ལུས་ཀྱི་སྙིང་ཁར་གནས་པའི་ཟླ་པའི་དཀྱིལ་འཁོར་ལ་ཞུགས་པར་བསམས་ལ། དེའི་ཚེ་ལུས་སར་པ་བླངས་ནས་རྙིང་པའི་ལུས་སྤངས་ཏེ། འགྲོ་བའི་དོན་མཛད་པའི་ཕྱིར་རྣལ་འབྱོར་པ་དེ་ནི་བསྐལ་པའི་བར་དུ་གནས་པར་འགྱུར་རོ། །དེ ་བཞིན་དུ་སྣང་བ་མཛའ་ཡས་དང་རྡོ་རྗེ་རིགས་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་བསྒོམ་པར་བྱ་སྟེ། བསྐྱེད་པའི་རིམ་པའོ། །ཡང་ན་རྡོ་རྗེ་ནམ་མཁའ་ནི་ཚངས་པའི་བུ་ག་སྟེ་དེའི་དབུས་སུ་གནས་པའི་གསལ་བའི་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ ་འཁོར་བསྒོམས་ཏེ། དེའི་དབུས་སུ་སྟོན་ཀའི་ཟླ་བ་དང་འདྲ་བའི་ཡི་གེ་ཨོཾ་བཀོད་ལ། དེ་ལས་བྱུང་བའི་འོ་མའི་རྒྱ་མཚོའི་རྦ་རླབས་དང་འདྲ་བའི་བདུད་རྩིའི་རྒྱུན་གྱིས་བདག་གི་ལུས་ལ་སོགས་པ་ཚིམ་པར་བསྒོམ་པར་བྱས་ན། ཕྱི་རོལ་གྱི་བཟའ་བ་མ་གཏོགས ་པས་བསམ་གཏན་གྱི་བཟའ་བ་ཅན་རྣལ་འབྱོར་པ་དེས་ནི་བསྐལ་པའི་བར་དུ་གནས་པར་གྱུར་ཏེ། ལས་ཀྱི་རྒྱལ་བ་མཆོག་གོ་།དེ་བཞིན་དུ་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེའི་རྣལ་འབྱོར་པ་བདག་གིས་ཀྱང་བསྒོམ་པར་བྱའོ། །ཡང་ན་མཁའ་ནི་ཁའོ། །རྡོ་རྗེ ་ནི་ལྕེའོ་དེའི་དབུས་སུ་གནས་པ་ནི་གསལ་བའི་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཕྲ་མོ་རྡོ་རྗེ་བསྒོམས་ལ། དེའི་རྗེས་ལ་རྡོ་རྗེ་དེ་ཉིད་ཀྱིས་བཟའ་བ་དང་བཏུང་བ་ལ་སོགས་པ་ནི་ཡི་གེ་ཨོཾ་གྱིས་བདུད་རྩིར་བྱས་ལ་བཟའ་བར་བྱའོ། །ལུས ་ངག་སེམས་ནི་སྙིང་ག་དང་ལྟེ་བ་དང་གསང་བར་གནས་པའི་དཀྱིལ་འཁོར་གསུམ་ནང་གི་སྦྱིན་སྲེག་གིས་རིམ་ལས་ཚིམ་པར་བྱས་ན། རྣལ་འབྱོར་དེས་ནི་བསྐལ་པར་གནས་པར་འགྱུར་རོ། །དེ་བཞིན་དུ་ཡང་གཉི་གའི་རྣལ་འབྱོར་པ་དག་གིས་བསྒོམ་པར ་བྱ་སྟེ་ལས་ཀྱི་རྒྱལ་བ་མཆོག་གོ་།ཡང་ན་རྡོ་རྗེ་ནམ་མཁའ་ནི་ལག་པ་གཉིས་ཏེ་དེ་དག་གི་དབུས་སུ་གནས་པ་ནི་དཀྱིལ་དུ་གནས་པའི་གསལ་བ་ནི་ཟླ་བའི་དཀྱིལ་འཁོར་ཏེ། ལག་པ་གཡོན་པ་དང་དཀྱིལ་འཁོར་ནི་ཉི་མའི་དཀྱིལ་འཁོར་ཏེ། གཡས་པ་ལ ་བཀོད་པའི་ཡི་གེ་ཨོཾ་ནི་ཨོཾ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་ཕྲེང་བ་བསམས་ཏེ། ཕྲེང་བ་དེ་ཉིད་ཀྱིས་ལུས་ངག་སེམས་ནི་སྐུ་ལ་སོགས་པའི་ངོ་བོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བཟླས་པ་བྱས་ན། ་བསྐལ་པ་ནི་རྟོགས་པ་ལས་གསུངས་པའི་འབྲས་བུ་ཕོབ་པར་གྱུར་ཏེ། བསྐྱེད་པའི་རིམ་པའོ། །གཞན་ཡང་དེ་བཞིན་དུ་ཤེས་པར་བྱའོ། །རྡོ་རྗེ་ནམ་མཁའ་ཨི་དབྱིངས་ནི་དང་པོ་སྦྱོར་བ་ལ་སོགས་པའི་རིམ་པས་སྟོང་པ་ཉིད་ལ་ཞུགས་པའོ། །དེའི་དབུས ་སྣ?་གནས་པའི་རྡོ་རྗེ་དཀྱིལ་འཁོར་ནི་དོན་ཡོད་གྲུབ་པའི་དཀྱིལ་འཁོར་ཏེ། པདྨ་འདབ་མ་བརྒྱད་པའི་ལྟེ་བར་བསམས་ཏེ། ཡི་གེ་ཨོཾ་ལས་བྱུང་བ་རྣམ་པར་སྣང་མཛད་ཀྱི་རིགས་ཀྱི་ལྷ་མོའི་འཁོར་ལོས་དབང་བསྐུར་ཏེ། དམ་ཚིག་ཉམས་པ་སྡོག? ་ཅིང་ཡོངས་སུ་རྫོགས་པའི་དོན་ཡོད་གྲུབ་པའི་སྐུས་བསྐལ་པའི་བར་དུ་དམ་ཚིག་ཉམས་པའི་འཇིགས་པ་དང་བྲལ་ཞིང་གནས་པར་འགྱུར་རོ། །གསུང་དང་ཐུགས་རྡོ་རྗེའི་རྣལ་འབྱོར་པ་དག་གིས་ཀྱང་དེ་བཞིན་དུ་བསྒོམ་པར་བྱ་སྟེ། བསྐྱེད་པའི་རིམ ་པའོ། །འབྲས་བུ་བསྟན་པར་བྱ་སྟེ། སྐུ་དང་གསུང་ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་འདི་ནི་རྣམ་པ་གཉིས་ཏེ། སྔགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུའི་མཚན་ཉིད་དོ། །འགྱུར་ཕྱིན་ཆད་ཅེས་པ་ནི་ཏིང་ངེ་འཛིན་གྱི་དུས་ལས་བརྩམས ་ཏེ། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་ཏིང་ངེ་འཛིན་ལ་ཞུགས་པའི་རྣལ་འབྱོར་པས་བོ་བོ་དེ་ཉིད་དུ་ཀློག་གམ་ཞེས་པ་ནི་བཟླས་པ་བྱ་འམ་བསམས་ཞེས་པ་ནི་བསྒོམས་པར་བྱ་བ་ཡིན་ན། རྣལ་འབྱོར་པ་དེ་ཉིད་རྡོ ་རྗེ་འཛིན་ནི་རྡོ་རྗེ་འཆང་ཆེན་པོ་དང་འདྲ་པར་འགྱུར་ཏེ། བསྐྱེད་པའི་རིམ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་དམ་ཚིག་ནི་ཡི་གེ་ཨོཾ་ལ་སོགས་པའོ། །དེ་རྣམ་པར་དེ་ཁོ་ན་ཉིད་ནི་སྤྲོས་པ་ལ་སོགས་པ་སྟེ། དེ་ལས་འབྱུང་པ ་གང་ཞིག་རིག་མ་ལྷ་མོ་རྣམས་དང་བཅས་པའི་སྐྱེས་བུ་ནི་སྔགས་ཀྱི་སྐུའི་ངོ་བོའི་དེ་བཞིན་གཤེགས་པ་རྣམས་ལེའུ་གང་ལ་དེ་ནི་དེ་བཞིན་ནོ། །དེ་ཉིད་ཀྱི་མཆོག་ནི་ཕུལ་དུ་བྱུང་བ་སྟེ། བསྐྱེད་པའི་རིམ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ལྔ་དང། ་སྔགས་ནི་དཀྱིལ་འཁོར་བ་རྣམས་ཀྱི་གང་ཞིག་དེ་ཁོ་ན་ཉིད་ནི་དོན་དམ་པ་སྟེ། འོད་གསལ་བའོ། །དེ་ལས་ཅིག་ཅར་དུ་སྤྲོ་བ་གང་ཞིག་རིག་མའི་སྐྱེས་བུ་ནི་ལྷ་མོ་དང་བཅས་པའི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་ཉིད་སྒྱུ་མའི་རང་བཞིན་ཡིན་པའི་ཕྱིར ་མཆོག་ལེའུ་གསལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པ་སྟེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །རྒྱུད་འགྲེལ་ལས་ལེའུ་བཅུ་གཅིག་གི་ཚིག་གི་དོན་བཅུ་དྲུག་གི་བཤད་པའོ།། །།ལེའུ་བཅུ་གཅིག་པའི་ཚིགས་སུ་བཅད་པའི་གྲངས་ནི་ཉས? ་བརྒྱ་བཞི་བཅུའོ། །སྐུ་རྣམ་པ་གཉིས་ཀྱི་ནུས་པ་ཐོབ་པའི་རྣལ་འབྱོར་པས་ཕྱག་རྒྱ་ཆེན་པོ་ཡོངས་སུ་གྱུར་པ་ལ་བརྟེན་ཏེ། གཞན་གྱི་དོན་བྱ་བ་སྟེ་དེའི་ཕྱིར་ལེའུ་བཅུ་གཉིས་པ་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །རྡོ་རྗེ ་ནི་རྡོ་རྗེས་ཉེ་བར་མཚོན་པའི་འཁོར་ལོ་ལ་སོགས་པ་སྟེ། དེ་ཉིད་རིག་པ་འཛིན་པའི་དངོས་གྲུབ་འགྲུབ་པའི་ཕྱིར་འཛིན་པས་ན་རྡོ་རྗེ་འཛིན་པ་སྟེ་བསྐྱེད་པའི་རིམ་པའོ། །རྡོ་རྗེ་ནི་ཡན་ལག་དྲུག་པའི་རྣལ་འབྱོར་ཏེ། དེ་འཛིན་པས་ན་རྡོ་རྗེ་འཛིན་ཏེ་རྣལ ་འབྱོར་བོ།?་།རྡོ་རྗེ་ནི་ཡེ་ཤེས་ལྔ་སྟེ་དེ་རྣམས་འཛིན་པས་རྡོ་རྗེ་འཛིན་ཏེ། རྫོགས་པའི་རིམ་པའོ། །སྟོན་པ་ནི་འཁོར་ལོའི་རིག་པ་འཛིན་པ་ལ་སོགས་པའི་དངོས་གྲུབ་རྣམས་ཀྱིས་གསལ་བས་ན་སྟོན་པའོ། །སྤྲོ་བའི་རིམ་པས་འགྲོལ་སྤྲལ?་བས་ན ་བསྐྱེད་པའོ། །ཡེ་ཤེས་མཆོག་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ་དེ་རྣམས་སྒྲུབ་པའམ་སྐྱེད་པར་མཛད་པས་ན་ཡེ་ཤེས་མཆོག་སྒྲུབ་པའོ། །དེ་ལྟ་བུའི་བཅོམ་ལྡན་འདས་ཀྱིས་དམ་ཚིག་རྡོ་རྗེ་གསུམ་ནི་ཕྱག་རྒྱ་ཆེན་པོ་ཡོངས་སུ་གྱུར་པ་སྟེ། ་དེའི་དེ་ཉིད་ནི་སྙིང་པོ་སྟེ་རྡོ་རྗེ་གསུང་ནི་གསུང་ཁོ་ན་རྡོ་རྗེ་སྟེ། གསལ་བའི་གསུང་བཀའ་སྩལ་ཏེ། བསྐྱེད་པའི་རིམ་པའོ། །ཡང་ན་རྡོ་རྗེ་ནི་ས་བོན་གསུམ་སྟེ། དེ་ཉིད་ཐོ?་ཆུན་འཁྲུལ་འཁོར་གྱི་རིམ་པས་འཇུག་པ་དང ་གནས་པ་དང་ལྔར་བའི་རིམ་པས་འཛིན་པ་ན་རྡོ་རྗེ་འཛིན་ནོ། །དཀྱིལ་འཁོར་བཞིའི་རིམ་པས་འོད་ཟེར་གྱི་འཁོར་ལོ་སྤྲོ་བས་ན་སྟོན་པའོ། །དམར་པོ་ལ་སོགས་པའི་དབྱེ་བས་སྲོག་དང་རྩོལ་བ་སྣའི་རྩེ་མོར་འཛིན་པས་ན་བསྐྱེད་པའོ། ། ་ཡེ་ཤེས་ནི་ཡི་གེ་གསུམ་གྱིས་བརྗོད་པར་གྱུར་པའི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་དག་གི་མཆོག་ནི་ཡེ་ཤེས་ལྔ་སྟེ་དེ་གྲུབ་པ་ནི་ཐོབ་པར་བྱེད་པས་ན། ཡེ་ཤེས་མཆོག་གྲུབ་པའོ། །ཡེ་ཤེས་ཀྱི་ཚོགས་མཐར་ཕྱིན་པའོ། ། ་དེ་ལྟ་བུའི་གསུང་ནི་རྟོག་གེ་པ་རྣམས་ཀྱིས་མི་ཕྱེད་པའི་ཕྱིར་རྡོ་རྗེ་བཀའ་སྩལ་པ་ཏེ། ཟུང་འཇུག་གི་རིམ་པའོ། །གསུང་དེ་ཉིད་བཤད་པའི་ཕྱིར་མཁའ་དང་མཚུངས་པར་མཉམ་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཁའ་ ་དང་མཚུངས་པ་ནི་ནམ་མཁའ་དང་འདྲ་བ་དེ་འོད་གསལ་པ་ལས་འབྱུང་བའི་ཕྱིར་རོ། །གྱུར་པ་ནི་སྐུ་གསུང་ཐུགས་ཀྱི་དེ་ཁོ་ན་ཉིད་ཐོབ་པར་བྱེད་པས་ན་གྱུར་པ་སྟེ། ཡི་གེ་གསུམ་མོ། །དེ་ཉིད་ཆ་ཤས་དང་ཆ་ཤས་ཅན་གྱི་དབྱེ་བས་མཛད? ་གི་བཟླས་པའི་རིམ་པས་བསྡུ་བར་གྱུར་ན། རྣམ་པར་མི་རྟོག་ངོ་བོ་ཉིད་ནི་ནམ་མཁའ་བཞིན་དུ་སྤྲོས་པ་མེད་པར་འགྱུར་རོ། །དེ་ལྟར་བྱས་ནས་རང་བཞིན་དག་པ་ནི་འོད་གསལ་བའི་དེ་ཁོ་ན་ཉིད་དེ། དེ་ཉིད་ཆོས་རྣམས་ནི་ཆོས་ཉིད་གང ་ལ་ཡོད་པ་དེ་ནི་ཆོས་རྣམས་རང་བཞིན་དག་པའི། །སྔགས་རྣམས་དེ་ལྟ་བུ་ཡིན་ན་ཡང་སེམས་རྣམ་པར་དག་པར་བྱ་བའི་ཕྱིར་རོལ་མོ་ན་རོལ་མོ་དང་འདྲ། སྣ་ཚོགས་པའི་སྤྲོས་པ་དང་བཅས་པའི་འཇུག་པ་དང་ལྡང་བའི་མཚན་ཉིད་རབ ་ཏུ་ནི་དཀྱིལ་འཁོར་ལ་ཐོབས?་པའི་རིམ་པས་བསྒོམ་པ་ནི་བཟླས་པར་བྱ་བ་སྟེ། རྡོ་རྗེ་བཟླས་པའི་རིམ་པའོ། །ཡང་ན་མཁའ་དང་མཚུངས་པ་ནི་ནམ་མཁའ་བཞིན་དུ་ཐོག་མ་ནས་མ་སྐྱེས་པའོ། །གང་ཞེ་ན། གྱུར་པ་ནི་རྣམ་པར་ཤེས་པ ་རྣམས་དང། དེའི་རང་བཞིན་རྣམས་སོ། །ཇི་ལྟ་བུ་ཞེ་ན། རྣམ་པར་མི་རྟོག་ངོ་བོ་ཉིད་ཅེས་པ་ནི་གཟུང་བ་དང་འཛིན་པ་དག་ཕན་ཚུན་གཅིག་དང་དུ་མ་དང་བྲལ་བས་རྣམ་པར་དཔྱད་ན་ངོ་བོ་ཉིད་མེད་པའི་ཕྱིར་རོ། །དེ་བས་ན་རང་བཞིན་དག་པ་ནི་འོད ་གསལ་བ་འདས?་ཆོས་རྣམས་ནི་སྐྱེ་བ་དང་འཇིག་པའི་ཆོས་གང་ལ་ཡོད་པ་དེ་ལྟ་བུའི་རྣམ་པར་ཤེས་པ་གསུམ་དང་རང་བཞིན་རྣམས་ཡིན་ཏེ། རོལ་མོ་འདི་ནི་སྔགས་དང་ཕྱག་རྒྱའི་རིམ་པས་སྣང་བ་ལ་སོགས་པའི་ཡེ་ཤེས་གྱི་སྤྲོས་པ་སྒོམ་པ་ནི ་རྣལ་འབྱོར་པ་རྣམས་ཀྱིས་བསླབ་པར་བྱ་བ་སྟེ། སེམས་རྣམ་པར་དག་པའི་རིམ་པའོ། །ཡང་ནམ་མཁའ་དང་མཚུངས་པར་མཉམ་གྱུར་པ་ནི་འབྱུང་བ་ཆེན་པོ་ལྔའི་བདག་ཉིད་ཀྱི་སྒྱུ་མའི་སྐུ་སྟེ། དེ་ཉིད་སེམས་ཅན་གྱི་དོན་མཛད་?་ཡང་དམིགས ་པ་མེད་པའི་སྙིང་རྗེའི་སྟོབས་ཀྱིས་རྣམ་པར་མི་རྟོག་ངོ་བོ་ཉིད་དོ། །དེ་ལྟ་བུའི་རྣམ་པ་གང་ཡིན་པ་དེ་ཡང་རང་བཞིན་དག་པ་ནི་འོད་གསལ་པའི་གོ་འཕང་དྲན་པར་བྱེད་པ་གང་ཞིག་ཆོས་རྣམས་ནི་སྒྱུ་མའི་དཔེ་བཅུ་གཉིས་ཏེ། དེར?་ཐོབ་?་འདི ་ནི་སྤྲོ་བ་དང་བསྡུ་བའི་བྱ་བ་བསྒོམ་པ་ནི་བྱ་བ་སྟེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །ཡང་ནམ་མཁའ་དང་མཚུངས་པ་ནི་ངོ་བོ་ཉིད་ཀྱིས་མེད་པ་དང། མཉམ་པ་ནི་དང་རིགས་དང། གང་གྱུར་པ་དེ་ནི་འདོད་ཆགས་?་། ་པ་སྟེ། དེ་རྣམས་ཀྱི་རང་བཞིན་དཔྱད་ན། རྣམ་པར་མི་རྟོག་པའི་ངོ་བོ་ཉིད་གང་ལ་ཡོད་པ་དེ་ནི་རྣམ་པར་མི་རྟོག་པའི་ངོ་བོ་ཉིད་དེ། ཇི་སྲིད་ལྷན་ཅིག་སྐྱེས་པའི་རང་བཞིན་ཡིན་ནོ་ཞེས་སྟོན་ཏོ། །རང་བཞིན་དག་པ་ནི་སྨིག་རྒྱུ་ལ་སོགས ་པ་སྟེ། དེ་དག་གིས་འདོད་ཆགས་ལ་སོགས་པའི་ཆོས་རྣམས་ནི། མཚོན་པར་བྱ་བ་ཡིན་ན་རོལ་མོ་འདི་ནི་རིལ་པོར་འཛིན་པ་དང་རྗེས་སུ་འཇིག་པའི་ཏིང་ངེ་འཛིན་བསྒོམ་པ་ནི་ཡང་དང་ཡང་དུ་བསླབ་པར་བྱ་བ་སྟེ། མངོན་པར་བྱང་ཆུབ ་པའི་རིམ་པའོ། །མཁའ་དང་མཚུངས་པ་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་དག་གཉིས་སུ་མེད་པའི་བསྒོམ་པར་བྱའོ། །གྱུར་པ་ནི་བརྟན་པ་སྟེ་མི་གནས་པའི་ཏིང་ངེ་འཛིན་ལ་བཞུགས་པའི་རྡོ་རྗེ་འཆང་ཆེན་པོའི་སྐུ་རྣམས་ཏེ། དེ་དག་རྣམ་པར ་དཔྱད་?་རྣམ་པར་མི་རྟོག་ངོ་བོ་ཉིད་ནི་རང་དང་གཞན་གྱི་རྣམ་པར་རྟོག་པའི་དབྱེ་བ་སྤངས་པའོ། །དེ་བཞིན་དུ་རང་བཞིན་དག་པ་ནི་དག་པ་དང་མདག་པའི་དབྱེ་བ་མེད་པའི་ཆོས་རྣམས་ཀྱི་སྤྱོད་པ་གང་ལ་ཡོད་པ་དེ་ནི་ཆོས་རྣམས་རང་བཞིན་དག་པ་སྟེ། དེ་སྟ ་བུའི་སྐུ་ཐོབ་ནས་ཀྱང་རོལ་མོ་འདི་ཞེས་པ་ནི་སེམས་ཅན་གྱི་དོན་མཛད་པའི་རོལ་མོ་སྒོམ་པ་སྟེ་ཟུང་འཇུག་གི་རིམ་པའོ། །འོག་ནས་བཤད་པར་གྱུར་པའི་རྣལ་འབྱོར་པ་རྣམས་ཀྱི་ཏིང་ངེ་འཛིན་མ་བསྒྲུབ་པའི་གནས་བཤད་པར་བྱ་བའི་ཕྱིར། དགོན? ་པ་ཆེན་པོའི་ས་ཕྱོགས་སམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགོན་པ་ཆེན་པོ་ནི་འབིགས་བྱེད་དགོན་པ་ལ་སོགས་པའོ། །དགོན་པ་ཆེན་པོ་དེ་ཁོ་ན་ཉིད་རྗེས་སུ་དྲན་པའི་ཕྱིར་ས་ཕྱོགས་ནི་དྲི་མ་མེད་པའི་ཆུ་རྒྱུ་བ་དང་ལྡན་པ་སྐུ་མདོང?་གནས་པ ་ལ་སེམས་ནི་རབ་ཏུ་ཞི་བའི་འདུ་བྱེད་དང་ལྡན་པར་འགྱུར་རོ། །དེ་བཞིན་དུ་མེ་ཏོག་འབྲས་བུ་ལ་སོགས་ཀྱིས་བརྒྱན་པ་ཞེས་པ་ནི་རི་བོ་གང་ཡིན་པ་དེ་ལ་རྣམ་པ་སྣ་ཚོགས་ཀྱི་མེ་ཏོག་མཐོང་བས་རྣམ་པ་སྣ་ཚོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ ་སྤྲོ་བའི་ཏིང་ངེ་འཛིན་མངོན་དུ་གྱུར་པའི་ཕྱིར་རོ། །དཔེན་པ་ནི་སྐྱེ་བོ་དང་བྲལ་བའི་ལྷ་ཁང་ལ་སོགས་པ་སྟེ་དེ་ལ་ཆོས་ཀྱི་སྐུ་རྗེས་སུ་དྲན་པར་འབྱུང་བའི་ཕྱིར་རོ། །གནས་དེ་རྣམས་དངོས་གྲུབ་ཐམས་ཅད་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི ་དངོས་གྲུབ་སྟེ། དེ་རྣམས་བསྡུས་པ་རིམ་པ་གཉིས་ཀྱི་སྒོམ་པ་སྒྲུབ་པ་སྟེ་རྣལ་འབྱོར་པས་བསྒྲུབ་པར་བྱའོ། །དེ་ནི་བསྐྱེད་པ་དང་རྫོགས་པའི་རིམ་པ་དག་གོ། ཡང་ན་ཆོས་དང་གང་ཟག་བདག་མེད་པ། དགོན་པ་ཆེན་པོ་ཞེས་བསྟན་ཏོ། །སྒྱུ་མའི་སྐུ་ནི་ཡོངས་འཛིན ་པ། །སངས་རྒྱས་རྣམས་ཀྱིས་ཕྱོགས་གསུངས། །མེ་ཏོག་འབྲས་བུ་ཚོགས་ཀྱིས་བརྒྱན། །རི་བོ་ལྷ་རྣམས་ཀྱིས་བསྐོར་བ། །མཚན་ནི་སུམ་ཅུ་གཉིས་ལྡན་པའི། །དེ་བཞིན་གཤེགས་པའི་སྐུ་ཡི་མཆོག། སྐྱེ་བོ་དབེན་པ་ཐམས་ཅད་སྟོང། །དངོས་པོ ་ཐམས་ཅད་རྣམ་སྤངས་པའོ། །དེ་ནི་སེམས་རྣམ་པར་དག་པ་དང། བདག་ལ་བྱིན་གྱིས་བརླབས་པ་དང། མངོན་པར་བྱང་ཆུབ་པ་དང། ཟུང་དུ་འཇུག་པའི་རིམ་པ་རྣམས་སོ། །ཕྱག་རྒྱ་ཆེན་པོ་ཡོངས་སུ་གྱུར་པ་བཤད་པར་བྱ་སྟེ། རེ་ཞིག་དང་པོ་རྣལ་འབྱོར་པས་ཅིག ་ཆར་དུ་འོད་གསལ་བ་ལས་ལངས་ཏེ། རང་གི་ལུས་དག་སེམས་འཇམ་པའི་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ཤེས་རབ་རྣོན་པོ་དང་འདྲེས་པ་བསྒོམ་པ་དེའི་རང་བཞིན་སྐུ་གསུང་ཐུགས་ནི་སྤྲོ་བ་འཇའ་ཚོན་དང་འདྲ་བར་བལྟ་བར་བྱའོ། །དེའི་ཚེ་རྡོ་རྗེ་བལྡན? ་པ་འདྲ་བར་གྱུར་ན་ནི་སྒྱུ་མའི་སྐུའི་རང་བཞིན་གྱི་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་འགྱུར་རོ། །ཇི་ལྟ་བུ་ཞེ་ན། དཔག་ཚད་བརྒྱ་ནི་རིགས་བརྒྱའི་དབྱེ་བས་བཞུགས་པའི་དེ་བཞིན་གཤེགས་པའི་ཚོགས་སོ། །དེ་ཉིད་ཀྱི་ཁྱོན་ཙམ་ནི་སྣ་ཚོགས་པའི་རིགས་ཀྱི ་དབྱེ་བས་བྱ་བའི་རིགས་ཏེ་།དེ་རྣམས་ཀྱི་འོད་ནི་ཉིད་ཀྱི་སྐུའི་འོད་ཀྱིས་རྡོ་རྗེ་འབར་པ་ནི་ཉི་མ་སྟོང་དང་འདྲ་བས་སྣང་བར་གྱུར་པ་ནི་སྤྲོ་བར་བྱེད་པའོ། །དེ་ཉིད་ཀྱི་ཕྱིར་སྒྲུབ་པ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའི་བདག་ཉིད་གང་ལ་ཡོད་པ་ད་ནི ་དེ་བཞིན་དུ་བཤད་པའོ། །དེ་བཞིན་དུ་རྒྱན་རྣམས་ཀུན་ནི་གཟུགས་བརྙན་ལ་སོགས་པའི་དཔེ་རྣམས་ཏེ་། དེ་དག་གིས་བརྒྱན་པ་ནི་དེ་རྣམས་མཐོང་བའོ། །ཚངས་པ་ནི་ཀུན་བཞི་རྣམ་པར་ཤེས་པ་སྟེ། ཐམས་ཅད་ཀྱི་ས་བོན་ཡིན་པའི་ཕྱིར ་རོ། དྲག་པོ་ནི་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་སྟེ། བག་ལ་ཉལ་བཞི་ཡིས་མི་བཟོད་པའི་ཕྱིར་རོ།། སོགས་པའི་སྒྲས་ནི་ཁྱབ་འཇུག་སྟེ། །ཡིད་ཀྱི་རྣམ་པར་ཤེས་པ་སྟེ། དབང་པོའི་ཤེས་པ་ཀུན་གནས་པའི ་རྒྱུ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ལྷ་རྣམས་ཀྱང་ཞལ་སྔ་བའི་རྟག་ཏུ་ཞིབ་སྟེ། དེ་ལ་ཕྲལ་དུ་སྐྱེས་པ་ནི་མིག་གི་དབང་པོའོ། །གཡོན་པའི་ལྷ་ནི་རྣ་བའི་དབང་པོའོ། །མི་བཟོད་པ་ནི་སྣའི་དབང་པོའོ། །དེའི་སྐྱེས་བུ་ནི་ལྕེའི་དབང་པའོ། །དབང་ལྡན ་ན?་ལུས་ཀྱི་དབང་པོ་སྟེ་ཡུལ་ལྔ་ལ་ཉེ་བར་སྤྱོད་པ་ལ་ཆགས་པའི་ཕྱིར་རོ། །ཚངས་པ་ལ་སོགས་པའི་ལྷ་རེ་རྣམས་ནི་འཁོར་བའི་ལམ་ལ་ཡོངས་སུ་བསྐོར་བར་བྱེད་པ་སྟེ། བསྐྱེད་པ་དང་གནས་པ་དང། འཇིག་པའི་རིམ་པས་འགྲོ་བ་དྲུག་པ་ཡང ་དང་ཡང་དུ་སེམས་ཅན་གྱི་ཁམས་སྐོར་བར་བྱེད་པའོ། །དེ་རྣམས་མཐོང་བར་མི་ནུས་པ་ནི་རྣལ་འབྱོར་པ་དེས་ནི་རྣམ་པར་ཤེས་པ་དང་ལྡན་པའི་ཐ་མ་ལ་པའི་ལུས་པོ་ཡང་དང་ཡང་དུ་བླང་བ་མ་ཡིན་ནོ་ཞེས་སྟོན་ཏོ། །ནམས་ཀྱང་ཞེས་པ་ནི ་ལྡན་པས་ཀྱང་ངོ། །ཇི་སྐད་དུ་འཚོ་བ་མེད་དང་ཡང་དག་དོན། །རང་བཞིན་དག་ནི་ལྡོག་པ་ཡིས། །རྩོལ་པ་ཡོད་ཀྱང་གནོད་མེད་དེ། །བློ་ནི་དེ་ཕྱོགས་ལ་འཇུག་ཕྱིར་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ། །དེ་བཞིན་དུ་གཞན་ལས་ཀྱང། སྒྱུ་མ ་ཆུ་ཡི་དཔའ་རླབས་ཆུ་ཟླ་དང་ནི་རྨི་ལམ་མིག་འཕྲུལ་དང་འདྲ་བ། །སྣ་ཚོགས་དུ་མ་རྣམས་རྟོག་སྤྱང་པོས་བྱས་པའི་འཁོར་པ་གང་གིས་ཀུན་བལྟས་ནས། གསལ་བའི་དེ་བཞིན་ཉིད་ནི་གོ་འཕང་འཁྲུལ་པ་མེད་ཅིང་སྐད་ཅིག་གནས་འབྱུང་ན།། ་རྣམས་དཔྱོད་ལ་ཆགས་ཡིད་ལྡན་དེ་ལ་དེས་ལེགས་ཡལ་ག་བརྒྱ་ཡིས་འཕེལ་པར་འགྱུར་ཞེས་འབྱུང་ངོ། །མངོན་ནི་ཡེ་ཤེས་ལ་འཇུག་ནི་མདོའི་སྐད་ཀྱི་དབྱིངས་ཏེ་འགྲོ་བའི་དོན་དུའོ། །དེ་བས་ན་ཡེ་ཤེས་ནི་འོད་གསལ་བ་ལས་འབྱུང་བ་ནི ་ལྡང་བ་གང་ཞིག་རྡོ་རྗེ་འཆང་ཆེན་པོ་གང་ཡིན་པ་དེ་ནི་མཉྫུ་སྟེ་འཇམ་པའོ། །འཇའ་ཚོན་དང་འདྲ་བས་ན་དཔལ་ལོ། །ཡེ་ཤེས་ཀྱི་སྐུ་ཡིན་པའི་ཕྱིར་རྡོ་རྗེའོ། །དེ་ཉིད་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ལ་གསང་པའི་ཕྱིར་དམ་ཚིག་གོ། མི་སྣང ་བ་ནི་?་ཞི་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་མེད་པ་སྟེ། དེ་བྱེད་པས་ན་དེ་ཞེས་བྱ་བའི་ཏིང་ངེ་འཛིན་ཡང་དེ་བཞིན་དུའོ། །ཕྱག་རྒྱ་ཆེན་པོ་རབ་ཏུ་བསྒྲུབས་ནས་ཡོངས་སུ་གྱུར་པ་བཤད་པར་བྱ་བའི་ཕྱིར། རྡོ་རྗེ་མི་ཕྱེད་གསུམ་ལས་འགྱུར ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཤད་གཅི་བཞིན་དུ་མ་དག་པ་གང་ཞིག་དམ་ཚིག་ལྔ་ནི་ཕུང་པོ་རྣམས་དང། རྡོ་རྗེ་གསུམ་ནི་ལུས་ངག་ཡིད་དེ་མི་ཕྱེད་པ་ནི་ཕྱེད་པར་མི་ནུས་པའི་རྣམ་པར་ཤེས་པ་གསུམ་དང། འབྱུང་བ་ནི་དེ་རྣམས་ལས ་འགྱུར་པ་སྟེ་རང་བཞིན་རྣམས་ཏེ། དེ་དག་ཐམས་ཅད་ལྕགས་གསུམ་ནི་འདོད་ཆགས་དང་འདོད་ཆགས་བྲལ་བ་དང་འདོད་ཆགས་བར་པ་རོ་གཅིག་པར་གྱུར་པའི་བཞི་པའི་དེ་ཁོ་ན་ཉིད་ལ། ལྡན་པ་ནི་ཞུགས་པར་བྱས་པ། ཁ་ནི་བཞི་? ་ཕྱིས་བྱུང་བ་ལ་བཅུག་པ་ནི་ཞུགས་པར་བྱས་ལ། བསྒོམ་པར་བྱ་བ་ནི་མི་སྣང་བར་བྱའོ། །རྣལ་འབྱོར་པ་དེ་ནི་ཕྱག་རྒྱ་ཆེན་པོ་ཡོངས་སུ་གྱུར་པ་དང་ལྡན་པས་སངས་རྒྱས་ཀུན་ནི་འདོད་ཆགས་ལ་སོགས་པའི་བག་ཆགས་རྣམས་ཀྱིས་མེ་ཕྱེད་? ་ཐོབ་པར་མི་འགྱུར་རོ། །དེ་བཞིན་དུ་ཐུགས་ནི་སེམས་རྟག་པའི་མཚན་ཉིད་ཅན་གྱི་དེ་ཁོ་ན་ཉིད་དུ་ནི་དེ་ཁོ་ན་ཉིད་བཞི་པ་དེ་ལས་བསྒོམས་ན་དེ་མ་ཐག་ཏུ་ནི་དེ་ཁོ་ན་ཉིད་ལ་འཇུག་པའི་འདས་མ་ཐག་ཏུ་རྡོ་རྗེ་འཇམ་པ་ནི་དེ་ལས་བྱུང་པའི་རྡོ་རྗེས་? ་ཆེན་པོ་དང་འདྲ་བར་འགྱུར་ཏྟེ། བདག་པོ་བྱིན་གྱིས་བརླབ་པ་དང་མངོན་པར་བྱང་ཆུབ་པའི་རིམ་པ་དག་གོ། ད་ནི་ཕྱག་རྒྱ་ཆེན་པོ་སྒྲུབ་པས་རིགས་ཀྱི་དབྱེ་བས་རྩའི་འཁོར་ལོ་བསྒོམ་པའི་རྣལ་འབྱོར་པའི་རྡོ་རྗེ་འཆང་ཆེན་པོའི་དངོས་གྲུབ་བཤད་པ ་བྱ་བའི་ཕྱིར། འཁོར་ལོ་འོད་འཕྲོ་མདངས་མཆོག་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གིས་རིག་མའི་པདྨར་རང་གི་སྔགས་ནི་ཡི་གེ་ཨོཾ་གྱིས་རྩ་བདུན་ཁྲི་ཉིས་སྟོང་བསྡུས་ནས་གནས་པ་སྟེ། དེ་ནས་འཁོར་ལོ ་ནི་རྣམ་པར་སྣང་མཛད་ཀྱི་ཕྱག་མཚན་དང་འདྲ་བར་བསྒོམ་པར་བྱའོ། །ཇི་ལྟ་བུ་ཞེ་ན། མདངས་མཆོག་ཅན་ཞེས་བྱ་བ་ནི་འབར་ཞིང་སྣང་བའི་རྣམ་པ་ཅན་ནོ། །སངས་རྒྱས་ཐམས་ཅད་ནི་ཁྲག་དང་ཤུཀྲ་དང་བཤད་བ་དང་གཅི་བ་དང་ཤ་རྣམས ་གྱི་གནས་ཡིན་ནོ། །ཡང་ན་སངས་རྒྱས་ཐམས་ཅད་རྗེས་སུ་ཞུགས་པས་གནས་ནི་གཞིར་བསྒོམས་ལ་རང་གི་བདག་ཉིད་ཀྱི་དབུས་ཀྱི་ལྟེ་བ་ལ་གནས་པའི་ཐིག་ལེའི་ངོ་བོར་གནས་ཏེ། རྣལ་འབྱོར་པ་དེ་ནི་སངས་རྒྱས་ནི་སངས་རྒྱས་ཐམས ་ཅད་ཀྱི་ངོ་བོ་རྣམ་པར་སྣང་མཛད་ཆེན་པོ་དང་འདྲ་བར་འགྱུར་རོ། །འཁོར་ལོ་ནི་རྩའི་འཁོར་ལོའི་ངོ་བོ་དེ་ཉིད་སུམ་ཅུ་རྩ་དྲུག་དང་སུམ་ཅུ་རྩ་དྲུག་དང་སུམ་ཅུ་རྩ་དྲུག་ནི་སུམ་ཅུ་དྲུག་སྟེ། གཅིག་ལུས་བར་བྱས་པས་བདུན་ཅུ་རྩ་གཉིས་ཏེ། རི་རབ་ནི་རྩ་རྣམས ་སྟོང་གི་རྡུལ་ཕྲན་ནི་ཆ་སྟེ་ཡལ་ག་རྣམས་སོ། །དེའི་རྗེས་སུ་འབྲང་བ་ནི་གཙོ་བོའི་རྩ་ལ་གཏོས་ཏེ་འཁོར་ལོ། །དེ་དག་ཐམས་ཅད་རྡོ་རྗེ་འཛིན་ནི་བདེ་བ་ཆེན་པོའི་ངོ་བོ་རྣམ་པར་སྣང་མཛད་ཆེན་པོ་ངོ་བོ་འདྲ་བར་བསྒོམ་པར་བྱའོ། །འཁོར ་ལོ་ནི་?་འཁོར་ལོ་སྟེ། དེ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་འཁོར་ལོའི་དམ་ཚིག་ནི་དེ་ལ་རྗེས་སུ་ཞུགས་པས་རྣམ་པར་སྣང་མཛད་ཆེན་པོ་ཉིད་དུ་བྱེད་པ་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པའོ། །རྡོ་རྗེ་ཆེན་པོ་རང ་སྔགས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། སྔ་མ་བཞིན་དུ་ཐུགས་རྡོ་རྗེའི་རྣལ་འབྱོར་པས་ཀྱང་མཱ་མ་ཀཱིའི་པདྨར་རང་སྔགས་ནི་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་བྱུང་པའི་རྩའི་འཁོར་ལོ། །རྡོ་རྗེ་ཆེན་པོ་ནི་རྩེ་དགུ་པའི་རྡོ་རྗེ་བསམས་ལ། ་དཀྱིལ་འཁོར་ནི་རྩའི་འཁོར་ལོ་དེ་ཉིད་ཀྱི་ལྟེ་བའི་དབུས་སུ་རྡོ་རྗེ་ཀུན་ནི་རྡོ་རྗེའི་རིགས་དང་ལྡན་པ་རྣམས་ཞུགས་ལ། དེ་ཉིད་དུ་ཡང་བདག་ཉིད་ཀྱང་ཐིག་ལེའི་ངོ་བོར་བསམས་ན། རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་ཐུགས་རྡོ་རྗེ་དང་འདྲ་བར་འགྱུར་རོ།། ་དེ་བཞིན་དུ་རིར་གསུམ་ཅུ་རྩ་དྲུག་ཅེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །བུད་མེད་རྣམས་ནི་རྩ་རྣམས་ཏེ་། ཇི་སྙེད་ནི་གྲངས་ཇི་སྲིད་དང་ལྡན་པ་དེ་སྙེད་པ་རྩའི་རྡོ་རྗེ་ཉིད་ཀྱི་ཡོན་ཏན་ནི་བདེ་བ་ཆེན་པོ་སྟེ། དེའི་གནས་སུ་གྱུར་པ་ནི་རྡོ་རྗེའི་རང ་བཞིན་དུ་འགྱུར་རོ། །ཁམས་གསུམ་ནི་བརྟགས་པའི་ལུས་ངག་ཡིད་དེ་དེ་ཉིད་བདེ་བ་ཆེན་པོའི་རང་བཞིན་ཡིན་པའི་ཕྱིར། རྡོ་རྗེ་ཆེན་པོ་རྣལ་འབྱོར་པ་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པའོ། །དེ་བཞིན་དུ་དྲག་པོ་ནི་ཀུན་གཞི་ལ་སོགས་པའི ་རྣམ་པར་ཞེས་པ་བརྒྱུད་པོས་ཕྱག་བྱས་པ་ནི་སླར་ཡང་མ་བསྐྱེད་པའི་ཕྱིར་བཀག་པར་འགྱུར་རོ། །རྡོ་རྗེ་དམ་ཚིག་ནི་རྩའི་འཁོར་ལོ་རྡོ་རྗེ་ཉིད་དུ་ཡོངས་སུ་གྱུར་པའི་ཏིང་ངེ་འཛིན་གང་ལ་ཡོད་བ་དེ་ནི་དེ་བཞིན་དུ་བཤད་པའོ། །པདྨ་ཆེན་པོ་འདབ་མ ་བརྒྱད་ཅེས་བྱ་བ་ལ་སོགས་པ་ལ། དེ་བཞིན་དུ་དག་གི་དབང་ཕྱུག་གི་ས་བོན་ཡོངས་སུ་གྱུར་པ་ལས་སྐྱེས་པ་རྩའི་འཁོར་ལོ། །པདྨའི་རྣམ་པར་བསམས་ལ་པདྨ་དེ་ཡང་འདབ་མ་བརྒྱད་པ་སྟེ་། ཤར་དང་ནུབ་ཀྱི་འདབ་མ་དག་ནི་ཕྲ་བ་ཡིན་ནོ་ཞེས ་བླ་མ་རྣམས་ཀྱིས་གསུངས་པ་སྟེ་། དེའི་དབུས་སུ་ཆོས་རྣམས་ཀུན་ནི་ཆོས་ཀྱི་རིགས་ཀྱི་སངས་རྒྱས་རྣམས་རྗེས་སུ་ཞུགས་པར་བྱས་ལ་། བདག་ཉིད་ཀྱང་དེ་ཉིད་དུ་ཐིག་ལེའི་ངོ་བོར་པས་མས་ན་། རྡོ་རྗེ་ཆོས་དང་འདྲ་བར་འགྱུར་རོ། །རི་རབ་སུམ ་ཅུ་རྩ་དྲུག་ཅེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ཏེ། རྣལ་འབྱོར་པ་དེས་ཀྱང་དེ་སྙེད་ཀྱི་རྩ་རྣམས་འཇུག་པར་བྱེད་པ་ནི་བདེ་བ་ཆེན་པོའི་ངོ་བོར་མོས་པར་བྱེད་པའོ། །དེ་བཞིན་དུ་དག་པའི་བདག་ཉིད་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དབང་ཐོབ ་པའོ། །དེ་བཞིན་དུ་སངས་རྒྱས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་མཆོད་པ་ནི་བླ་ན་མེད་པའི་མཆོད་པ་སྟེ་། པདྨའི་རྣམ་པའི་རྩའི་འཁོར་ལོ་ལ་ཞུགས་པའོ། །དེ་ཉིད་མཆོག་ནི་རྡུལ་མཚོན་དང་བྲལ་བའི་དཀྱིལ ་འཁོར་ནི་སྙིང་པོའི་དོན་ལེན་པ་སྟེ་། དེ་ལ་གནས་པར་གྱུར་པ་སྟེ་ཚིག་གི་དོན་ཏོ། །པདྨ་ནི་སྣང་བ་མཛའ་ཡས་ཀྱི་ཕྱག་མཚན་ཏེ་། མཉམ་པ་ཉིད་ནི་རྩའི་འཁོར་ལོ་དེ་ཉིད་དུ་ཡོངས་སུ་གྱུར་པ་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ ་བཤད་པའོ། །ཡེ་ཤེས་ལྔ་ལྡན་རབ་བསྟེན་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔ་མ་བཞིན་དུ་རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་བས་རང་གི་རིག་མའི་པདྨའི་ནང་དུ་བསྐལ་པ་གསུམ་གྱི་ཡུན་ནི་ལུས་ངག་ཡིད་ཀྱི་འདོད་པའི་དགོངས? ་པ་སྟེ། དེ་ཉིད་ཡང་དག་པར་རྫོགས་པར་བྱེད་པས་ན་བསྐལ་པ་གསུམ་གྱི་ཡུན་ཏེ་ཟུང་བརྒྱད་པའི་རིན་པོ་ཆེའོ། །དེ་ཉིད་ཡེ་ཤེས་ལྔའི་རང་བཞིན་གྱི་རྩའི་འཁོར་ལོ་བསྟེན་ཞེས་པ་ནི་རིན་ཆེན་རིགས་ཀྱི་ས་བོན་ཡོངས་སུ་གྱུར་པ་ལས་? ་པ་བསྒོམ་པར་བྱའོ། །དེའི་རྗེས་ལ་ཕྱོགས་བཅུ་སངས་རྒྱས་ཐམས་ཅད་ནི་རིན་ཆེན་གྱི་རིགས་ཅན་ཏེ་། དེ་རྣམས་ཀྱང་དེ་ཉིད་དུ་ཞུགས་ལ་། གསང་པ་གསུམ་ནི་བདག་ཉིད་ཀྱི་ལུས་ངག་ཡིད་དེ་ཉིད་དུ་ཐིག་ལེའི་ངོ་བོར་བསྙེན་བཀུར་བར ་པ་ནི་བཞག་པར་བྱའོ། །རི་རབ་སུམ་ཅུ་རྩ་དྲུག་ཅེས་བྱ་བ་ལ་སོགས་པ་ནི་འདིར་ཡང་འཇུག་ལ་འབྲས་བུའི་གཞུང་དུ་བཤད་པར་བྱའོ། །འོད་ཟེར་ལྔའི་མདོག་འདྲ་བའི་འོད་ཅེས་བྱ་བ་ལ་སོགས་པ་ལ། དོན་ཡོད་གྲུབ་པའི་རྣལ ་འབྱོར་བས་སྒོན?་མའི་པདྨའི་ནང་དུ་ཡི་གེ་ཁམ་ལས་བྱུང་པའི་རྩའི་འཁོར་ལོ་རལ་གྲིའི་རྣམ་པར་བསམས་ལ། འོད་ཟེར་ལྔ་ནི་དེ་བཞིན་གཤེགས་པ་རྣམས་ཏེ་། དེ་དག་རྗེས་སུ་ཞུགས་པས་འདྲ་བའི་འོད་ནི་གཅིག་ཏུ་མྱུར་པ་སྟེ་། ་བདག་ཉིད་ཀྱང་དེ་བཞིན་ཞུགས་ལ། ལག་ན་ནི་རལ་གྲིའི་དབུས་སུ་ཐོགས་པ་ནི་འཛིན་པ་བཅིངས་ལ། མིག་ཡངས་ན་མི་ལྔ་དང་ལྡན་པའི་རྣལ་འབྱར་པར་དེ་ཉིད་འགྱུར་རོ། །རྡོ་རྗེ་གསུམ་ནི་ལུས་ངག་ཡིད་གསུམ་སྟེ་། དེ་རྣམས་ཀྱི་རིག་པ ་ནི་བདེ་བ་ཆེན་པོ་ཉམས་སུ་མྱོང་བ་སྟེ་། དེ་འཛིན་པས་ན་རྡོ་རྗེ་གསུམ་རིག་པ་སྟེ་དེ་དང་འདྲ་བར་འགྱུར་རོ། །དེ་བཞིན་དུ་ཁམས་གསུམ་ནི་འདོད་ལ་སོགས་པ་གསུམ་པིས་རབ་མཆོད་ནི་ལྷན་ཅིག་སྐྱེས་བའི་རང་བཞིན་ཉིད་དུ་བྱས་པའོ། །སྔ་མ་ནི? ་ནི་རྣོ་བ་ཡིན་པའི་ཕྱིར་ཡུལ་རྣམས་དང། ཚངས་བ་ནི་དབང་བོ་རྣམས་ཀྱིས་ཕྱག་བྱས་པ་ནི་གནོད་པར་མི་འགྱུར་རོ། །དེ་ལྡང་ཞིང་སྟོང་གསུམ་ནི་འཇིག་རྟེན་གྱི་ཁམས་ལ་ལན་ཅིག་ཏུ་འགྲོ་བའི་དོན་བྱེད་པའི་ཕྱིར་གཅིག་བུ་དཔའ་བོའོ། ། ་དེ་བཞིན་དུ་མི་མཆོག་ནི་ཉན་ཐོས་ལ་སོགས་པས་རྗེས་སུ་གཟུང་པའི་ཕྱིར་ཕྱག་བྱས་པའོ། །གསང་པ་ནི་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཏེ། དེ་དག་གི་མཆོག་གོ་།དེ་བཞིན་དུ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཛིན་ནི་སེམས ་ཅན་རྣམས་ཀྱིས་བསམ་པས་གང་ཞིག་འདོད་པ་དེ་ལྟ་བུ་སྟེར་བའོ། །ཐུགས་ནི་མི་བཟད་པའི་ཕྱིར་རྡོ་རྗེ་སྟེ་ཡིད་བཞིན་ནོར་བུའོ། །དེ་ལས་བྱུང་བ་ནི་དེ་ཉིད་ལས་བསྐྱེད་བའོ། །ཐམས་ཅད་ནི་རྩ་རྣམས་ཏེ། དེ་དག་ལས་གྲིའི་ངོ་བོ་ཉིད་དུ ་ཡོངས་སུ་གྱུར་བའི་ཏིང་ངེ་འཛིན་གང་ལ་ཡོད་བ་དེ་ནི་དེ་བཞིན་དུ་བཤད་པ་སྟེ། བསྐྱེད་བ་དང་རྫོགས་པའི་རིམ་པ་དང་འབྲས་བུ་རྣམས་སོ། །དཔལ་རྡོ་རྗེ་ས་འོག་གི་རྒྱུད་ལས་ཀྱང་། སེམས་ནི་འཇུག་པ་རྣམ་འགོག་པ། །དེ་ནི་རྣལ་འབྱོར ་ཞེས་བཤད་དོ། །སྲོག་དང་རྩོལ་བ་མེ་དང་མཉམ། །གྱེན་དུ་འགྲོ་བ་ཁྱབ་བྱེད་དང། །ཀླུ་དང་རུ་སྦལ་རྩངས་པ་དང། །ལྷ་སྦྱིན་དང་ནི་ནོར་རྒྱལ་དང། །སྲོག་ལ་སོགས་པའི་རླུང་ལྔ་སྟེ། །ཀླུ་སོགས་ཉེ་བའི་ཀླུ་རྣམས་སོ། །དེ་རྣམས་རིམ ་པ་སྦྱོར་བ་ཡིས། །རྩ་བཅུ་ཡང་དག་?་གནས་པ་སྟེ། །རུ་སྦལ་མ་དང་ཟླ་བ་མ། །འདོད་པའི་གདུགས་ནི་དེ་བཞིན་དུ། །ས་འཛིན་མ་དང་གླང་ལྕེ་མ། །ཉི་མ་མ་དང་དེ་བཞིན་ཅི། །ཆུ་འཛག?་མ་དང་གནམ་སྟོང་མ། །དུང་མ་དེ ་བཞིན་བཅུ་པར་འདོད། །ཤར་ལ་སོགས་པའི་ཕྱོགས་རྩ་རྣམས། །བྷ་གའི་སྟེང་འོག་འདབ་མར་དགོད། །དེ་དག་འཕོ་བའི་སྦྱོར་པ་ཡིས། །རླུང་རྣམས་ཡང་དག་བརྗོད་པའོ། །རུ་སྦལ་མ་གྲགས་སྲོག་རྩ་ནི། །དེ་ཉིད་གྱེན་དུ?་གདོངས་སོར? ་ཡོལ། །རྩེལ་བའི་ཟླ་བ་མ་བརྩམས་ཏེ། །ལྟེ་བ་ལས་ནི་རྐང་མཐར་གནས། །འདོད་པའི་རྩ་ནི་དབུས་མ་སྟེ་། རྒྱལ་པོའི་རྩ་ཞེས་གྲགས་པ་ཡིན། །རྣམ་པ་གཅིག་དང་ཕྱི་ནས་གསུམ་།གཞན་ཡང་བཅུ་དང་བརྒྱ་ཉིད་དུ། །དེ་ཡི་དབྱེ ་བས་རྣམས་ཀྱང་ནི། །བདུན་ཁྲི་ཉིས་སྟོང་འདོད་པ་མིན?། །ཆོས་དང་ལོངས་སྤྱོད་སྤྲུལ་པ་དང། །རང་བཞིན་དུ་ཡང་རབ་ཏུ་གྲངས། །གློ?་སྙིང་ལྟེ་བ་གསང་བ་རྣམས། །རིམ་པ་ཇི་བཞིན་གནས་རྣམས་སོ། །ཕྱི་ཡི་ཤེས་རབ་སྤྲལ་པ་སྟེ། ། ་ནང་གི་ཤེས་རབ་ལོངས་སྤྱོད་བཤད། །ཤེས་རབ་མེད་པ་ཆོས་དག་སྟེ། །རང་བཞིན་ཐམས་ཅད་བྲལ་བའོ། །བཞི་པ་ནམ་མཁའ་མཆོག་ཡིན་ཏེ། །རྡོ་རྗེ་སེམས་དཔའ་མཆོག་གི་གནས། །གཅིག་དང་ལྡན་པའི་བརྒྱ་ཉིད་ནི། །རྡོ་རྗེའི ་རྩ་ནི་ཡང་དག་བརྗོད། །དེ་རྣམས་ཤིན་ཏུ་ཕྲ་བ་བུ། །བཅུ་ནི་གཙོ་པོ་ཉིད་དུ་བཤད། །པ་སཱུ་ནུ་ག་ལ་བརྟེན་ནས། །ཤིན་ཏུ་ཕྲ་བ་གཞན་ཞེས་བྱ། །དེ་ནི་གོད་བུ་ཐ་མལ་པའི། །རྟོགས་མཐར་པ་སྟེར་པར་བྱེད། །ཅེས་བྱ་བ་ལ་སོཌ ་པ་གསུངས་སོ། །དེ་ནི་ལེའུ་གསུམ་པ་ལས་གསུངས་པའི་ཕྲ་མོ་རྣལ་འབྱོར་རྣམ་བར་གཞན་གྱིས་བཤད་པར་བྱ་པའི་ཕྱིར། །ོཾ་ནི་རིལ་བུ་ཙ་ན་ཀའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ནི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར ་པས་གདོང་གི་?་ལ་ཡི་གེ་ཨོཾ་བཀོད་པ་དེ་ལ་ཡང་བདག་ཉིད་ཀྱི་ལུས་ཞུགས་ཏེ་། ཡི་གེ་ཨོཾ་ཡང་ཐིག་ལེ་ལ་ཞུགས་ཤིང་ཐིག་ལེ་ཙམ་འབའ་ཞིག་པ་ནི་སྐར་མ་དང་འདྲ་བ་དང། ཤིན་ཏུ་ཕྲ་བའི་ཙ་ན་ཀའི་འབྲུ་ཆད་ཙམ་དེ་ཉིད་རིལ་བུའི་རྣམ་པར་བསམས ་ཏེ། ནམ་མཁའ་ཨི་དབྱིངས་ལ་བཞུགས་པའི་རང་གི་ལྷའི་གཟུགས་ནི་རྣམ་པར་སྣང་མཛད་ཀྱི་རིགས་དེ་ཉིད་དུ་ཞུགས་ལ་།གང་གིས་སྒོམ་པ་བྱེད་པ་ཡིན་པ་ཏེ་།དེ་མ་ཐག་ཏུ་ཞེས་པ་ནི་སྐུད་ཅིག་མ་གཅིག་གིས་སངས་རྒྱས་ནི་རྣམ་པར་སྣང་མཛད་དེ། ་དེ་ཉིད་ཀྱི་བྱང་ཆུབ་ནི་མེ་ལོང་ལྟ་བུ་ཡེ་ཤེས་ཏེ། དེ་དང་འདྲ་བའི་འོད་ནི་ཡེ་ཤེས་འོད་གང་ལ་ཡོད་པ་ནི་དེ་བཞྣ་དུ་བཤད་པའོ། །དེ་ལས་ཀྱང་ལྡང་ཞིང་ཉི་མ་ཤར་བ་ནི་ནང་པར་གྱི་ཉི་མ་སྟེ་དེ་དང་འོད་འདྲ་བ་ནི། མཐུ་ཆེན་པོ་བསྟན་པར་བྱེད་པའོ།། ་དེ་བཞིན་དུ་ཛམྦུ་ཆུའི་གསེར་ནི་དེ་དང་འདྲ་བའི་མདོག་སྟེ། རེ་བ་ཐམས་ཅད་རྫོགས་པར་བྱེད་པའི་རྣལ་འབྱོར་པར་འགྱུར་རོ་ཞེས་སྟོན་ཏོ། ། ནི་རི་ལུ་ཙ་ན་ཀའི་ཞེས་བྱ་བ་ལ་སོགས་པ་ལ། སྣང་བ་མཛའ་ཡས་ཀྱི་རྣལ་འབྱོར་པས་ཀྱང་? ་ལྟེ་བར་ཡི་གེ་ཨཱ(རྒྱུད་འགྲེལ་པ་དེ་། དེ་མ་ཐག་ཏུ་ཞེས་པ་ནི་སྐད་ཅིག་མ་གཅིག་གིས་བྱང་ཆུབ་ཡེ་ཤེས་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། དེ་དང་འོད་འདྲ་བ་ནི་དེ་ཐོབ་པར་འགྱུར་རོ་ཞེས་སྟོན་ཏོ། །ཉི་མ་ཤར་བ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ཧཱུཾ་ནི་རིལ་བུ ་ཙ་ན་ཀའི་ཞེས་བྱ་བ་ལ་སོགས་པ་ལ། ཐུགས་རྡོ་རྗེའི་རྣལ་འབྱོར་པས་སྙིང་ཁའི་པདྨའི་སྣ་ལ་ཡེ་གེ་ཧཱུཾ་བཀོད་ལ་དེ་ཉིད་ཆ་ཤས་ཀྱི་དབྱེ་བས་ཐིག་ལེ་ཙམ་ལ་ནེ་བར་བསྡུས་ལ་། རང་གི་ལུས་དང་རང་གི་ལྷའི་གཟུགས་ནི་ནམ་མཁའ་ཨི་དབྱིངས ་ལ་ཞུགས་པའི་རྡོ་རྗེའི་རིགས་དེ་ཉིད་དུ་དགོད་ཅིང་དེ་ཉིད་ཀྱང་རིལ་དུའི་རྣམ་པར་བསམས་ལ། གང་ཞིག་སྒོམ་པར་བྱེད་པ་དེ། །རྡོ་རྗེ་སྐུ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དེ་དང་འོད་འདྲ་བ་ནི་དེ་ཉིད་ཐོབ་པར་འགྱུར་རོ་ཞེས ་སྟོན་ཏོ། །ཉི་མ་ཤར་པའི་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ཏིང་ངེ་འཛིན་དེ་རྣམས་ལ་ཁའི་སྒྲས་ནི་གདོང་ལ་སོགས་པའི་སྣ་བཤད་པ་ཡིན་ནོ། །དེ་བཞིན་དུ་རིན་ཆེན་འབྱུང་ལྡན་དང། དོན་ཡོད་གྲུབ་པའི་རྣལ་འབྱོར་བདག་གིས ་སྨིན་མའི་བར་དང་ལྟེ་བའི་དབུས་སུ་སྔ་མ་བཞིན་དུ་སྔགས་ཀྱི་ཐིག་ལེ་བསྒོམ་པར་བྱ་སྟེ་བླ་མ་རྣམས་སོ། །དེ་ནི་རྫོགས་པའི་རིམ་པའོ། །ཉན་ཐོས་པའི་ཐེག་པ་པ་རྣམས་ཀྱིས་འགོག་པའི་སྙོམས་པར་ཞུགས་པ་དེ་ཉིད་ཡིན་ནོ། །ད་ནི་ཕྱག་མཚན ་འཛིན་པའི་སྒོ་ནས་རིག་པ་འཛིན་པའི་དངོས་གྲུབ་བཤད་པར་བྱ་པའི་ཕྱིར། མཁའ་དབྱིངས་གསལ་བའི་དཀྱིལ་གནས་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཁའ་དབྱིངས་ནི་དེ་བཞིན་ཉིད་དོ། །དེའི་དཀྱིལ་དུ་གནས་པ་ནི་ཅིག་ཅར་སུ ་རྣམ་བར་སྣང་མཛད་བསྒོམ་པ་ནི་སྤྲོས་ཏེ། མདུན་དུ་ཡང་ཡི་གེ་ཨོཾ་ལས་བྱུང་པའི་འཁོར་ལོ་བསྐྱེད་ལ། དེ་ཉིད་ཀྱི་དུ་བ་ལ་སོགས་པའི་མཚན་མ་རྣམས་བལྟས་ལ། ལག་དུ་བླངས་ཏེ་འཁོར་ལོའི་རིག་པ་འཛིན་པ་ཞེས་པ་ནི། དོན་དང་མཐུན་པའི ་མིང་ཅན་རྣལ་འབྱོར་པར་གྱུར་ཏོ་ཞེས་སྟོན་ཏེ། །དེ་ནས་ཞི་པ་བྱས་ལ་སེམས་ཅན་ཐམས་ཅད་རྣམ་པར་སྣང་མཛད་ཀྱི་ཞིང་ལ་བཞག་ཅིང་དེ་ཉིད་དུ་ཇི་སྲིད་བསྐལ་པའི་བར་དུ་སེམས་ཅན་གྱི་དོན་ལ་རྩོལ་པ་དང་བའི་རྣལ་འབྱོར་པས་གནས་པར ་བའོ། །འཁོར་ལོ་རིག་པའི་སྲོམ་པ་དེ་ནི་འཁོར་ལོ་ཆེན་པོའི་རིགས་ནི་རྡོ་རྗེ་འཆང་ཆེན་པོ་སྔོན་དུ་བསྒོམས་ལ་ཡེ་ཤེས་འདི་ནི་ལྔ་པོ་སྟེ། དེ་དག་གི་མཆོག་ནི་རྣམ་པར་སྣང་མཛད་བསྒོམ་པ་སྟེ། ཡེ་ཤེས་རྡོ་རྗེ་ནི་རྣལ་འབྱོར་པས་བྱ་བ ་ཡིན་ནོ། །ཇི་ལྟར་ཞེ་ན། འཁོར་པོ་ནི་བསྒྲུབ་བྱ་དང། སྐུ་ནི་རྣམ་པར་སྣང་མཛད་ཀྱི་སྐུ་དང། རབ་སྦྱོར་པ་ནི་མཚན་མ་ཉེ་བར་མཚོན་པ་སྟེ། རྒྱུར་གྱུར་པ་དེ་རྣམས་ཀྱིས་སོ་ཞེས་སྟོན་ཏོ། །དེ་བཞིན་དུ་འོག་ནས་བཤད་པར་འགྱུར་བའི་ཏིང་ངེ་འཛིན་རྣམས ་རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་གྱུར་པས་ཤེས་པར་བྱའོ། །མཁའ་དབྱིངས་རྡོ་རྗེ་དབུས་གནས་པར་ཞེས་བྱ་བ་ལ་སོགས་པ་ལ། མཁའ་དབྱིངས་ནི་དེ་བཞིན་ཉིད་དོ། །དེའི་དབུས་གནས་པའི་དེ་ལྡང་བའི་མི་བསྐྱོད་པ་བསྒོམས་ཏེ། སྔ་མ་བཞིན་དུ ་མདུན་དུ་ཡང་ཐུགས་ཀྱི་ས་བོན་ལས་བྱུང་བའི་རྡོ་རྗེ་རྩེ་དགུ་པ་བསྐྱེད་ལ་། དེ་ཉིད་མཚན་མ་ཉེ་བར་མཚོན་པར་སྔོན་དུ་འགྲོ་བར་ལག་ཏུ་བླང་ཞིང་རྡོ་རྗེ་རིག་པར་འཛིན་པར་འགྱུར་ཞེས་བྱ་བ་ནི་སྔ་མ་བཞིན་དུ་འབྱུང་བར་འགྱུར་རོ། །རྡོ་རྗེ་ཆེན་པོ་ཞེས ་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །མཁའ་དབྱིངས་རིན་ཆེན་དབུས་གནས་པར་ཞེས་བྱ་བ་ལ་སོགས་པ་ལ། མཁའ་དབྱིངས་ནི་དེ་བཞིན་ཉིད་དོ། །དེ་ལས་ཅིག་ཅར་དུ་བྱུང་པའི་རིན་ཆེན་རྡོ་རྗེ་བསྒོམས་ཏེ། མདུན་དུ་ཡང་སྔ་མ་བཞིན་དུ ་རང་གི་ས་བོན་ལས་རིན་པོ་ཆེ་བསྐྱེད་ལ་དེ་ཉིད་ལག་ཏུ་བླངས་ཤིང་རིན་ཆེན་རིག་པ་འཛིན་པར་འགྱུར་རོ། །རིན་ཆེན་རིགས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །མཁའ་དབྱིངས་ཆོས་ཀྱི་དབྱིངས་གནས་པར་ཞེས་བྱ་བ་ལ་སོགས་པ་ལ། ་མཁའ་དབྱིངས་ནི་དེ་བཞིན་ཉིད་དོ། །དེ་ལས་བྱུང་པའི་ཚེ་དཔག་ཏུ་མེད་པ་བསྒོམས་ལ་། སྔ་མ་བཞིན་དུ་མདུན་དུ་རང་གི་ས་བོན་ལས་པདྨ་བསྐྱེད་ལ་ལག་ཏུ་བླང་ཞིང་པདྨའི་རིག་པ་འཛིན་པར་འགྱུར། །པདམོ་རིགས་ཆེན་ཞེས་བྱ་བ་ལ་སོགས་པ ་སྔ་མ་བཞིན་ནོ། །མཁའ་དབྱིངས་དམ་ཚིག་དབུས་གནས་པར་ཞེས་བྱ་བ་ལ་སོགས་པ་ལ། མཁའ་དབྱིངས་ནི་དེ་བཞིན་ཉིད་ལས་བྱུང་བའི་བདག་ཉིད་དོན་ཡོད་གྲུབ་པར་བསྒོམས་ལ། སྔ་མ་བཞིན་དུ་རིང་གི་ས་བོན་རལ་གྲི་བསྐྱེད་ལ། དེ་ཉིད་ ་ལག་ཏུ་བླངས་ན་རལ་གྲིའི་རིག་པ་འཛིན་པར་འགྱུར་རོ། །དམ་ཚིག་ཆེན་བོའི་རིགས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །དེས་ནི་ཞི་བ་དང་རྒྱས་པ་དང། དབང་དང། འགུགས་པ་དང། རྣམ་པར་སྡང་བ་དང། གསོད་པ ་ལ་སོགས་པའི་ལས་རྣམས་བྱ་བ་དང། ཇི་སྲིད་འཁོར་བའི་བར་དུ་འགྲོ་བའི་དོན་བྱ་བ་སྟེ་། རིག་པ་འཛིན་པའི་དངོས་གྲུབ་ལཱ?་བསྟན་ཏོ། །གལ་ཏེ་ལྷ་མོ་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོའི་ཕྱག་མཚན་བསྒྲུབ་པར་འདོད་ན་དེའི་ཚེ་ལྷ་མོ་རྣམས་ཀྱི ་ཕྱག་མཚན་ནི་འཁོར་ལོ་ལ་སོགས་པ་དང་། གཟུགས་རྡོ་རྗེ་མ་ལ་སོགས་པའི་ཕྱག་མཚན་ནི་མེ་ལོང་ལ་སོགས་པ་དང། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱག་མཚན་ནི་ནཱ་ག་ཀེ་ས་རིའི་ཡལ་ག་ལ་སོགས་པ་དང། ཁྲོ་བ་རྣམས་ཀྱི་ཕྱག ་མཚན་ནི། རྩེ་གསུམ་ཡེ་ཤེས་ལྕགས་ཀྱུ་སོགས་ཤེས་པ་སྟེ་། སོགས་པའི་སྒྲས་ནི་དབྱུག་ཏོ་དང། དབྱིག་པ་དང། པདྨ་དང། རྡོ་རྗེ་ལ་སོགས་པ་སྟེ་། དེ་རྣམས་བསྐྱེད་ལ་རྡོ་རྗེ་ནི་དཀྱིལ་འཁོར་པ་རྣམས་ཀྱི་ཁྱད་པར་གྱིས་བདག་ཉིད་དང་དེ ་རྣམས་བསྐྱེད་ལ། བསམ་གཏན་ནི་སྔར་བཤད་པའི་ཕྱག་རྒྱ་ཆེན་པོ་ཡོངས་སུ་གྱུར་པས་བླངས་ཏེ་། སྐུ་གསུང་ཐུགས་ནི་ཁམས་གསུམ་པའི་ཕྲིན་ལས་དང། སྒྲུབ་པ་ནི་སྤྲིན་དྲལ་བ་དང། ཆར་རེངས་པ་དང། འབྱུང་པོ་སྨྲ་བ་དང། ཆར ་འཕེབས་བ་དང། བསྐལ་པ་ཉིད་དུ་བྱ་བ་ལ་སོགས་པ་འགྲུབ་པར་འགྱུར་རོ་ཞེས་པ་ནི་བདག་བྱིན་གྱིས་བརླབ་བ་དང་བསྐྱེད་པའི་རིམ་པ་དག་གོ། ཆེན་པོ་ནི་འགྲོ་བའི་དོན་མཛད་པའི་ཕྱིར་ཆེན་པོ་དང། དམ་ཚིག་ནི་རྣམ་པར་སྣང་མཛད་ལ་སོགས ་པའི་རྣལ་འབྱོར་པ་རྣམས་ཀྱིས་ངེས་པར་བྱ་བའི་ཕྱིར་དམ་ཚིག་ཆེན་པོ་འཁོར་ལོ་རིག་པ་འཛིན་པ་ལ་སོགས་པའི་དངོས་གྲུབ་རྣམས་སོ། །དེ་རྣམས་ཀྱི་དངོས་གྲུབ་ནི་འབྲས་བུ་ཐོབ་པ་དེ་ཉིད་མི་ལྡོག་པས་ན་རྡོ་རྗེ་གང་ལས་བྱུང་བ་དེ་ནི་དམ་ཚིག་ཆེན ་པོའི་དངོས་གྲུབ་རྡོ་རྗེ་འཆང་ཆེན་པོས་བཀའ་སྩལ་ཏོ། །ཞེས་སྔ་མ་དང་སྦྱར་རོ། །དོན་འདི་ཉིད་རྫོགས་པའི་རིམ་པས་དཔལ་རྡོ་རྗེས་འོག་གི་རྒྱུད་ལ་འཇུག་པར་བྱ་སྟེ། རྣམ་བར་སྣང་མཛད་ཁྱབ་བྱེད་རླུང། །འཁོར་ལོ་ལས་ཀུན་ཚིག་རྣམས་སོ། །ལག ་པ་སྟོང་པ་ཉིད་བསྡུས་པ། །འཁོར་ལོ་རིག་པ་འཛིན་པར་འགྱུར། །མི་བསྐྱོད་པ་ནི་མེ་དང་མཉམ། །རྡོ་རྗེ་སྙིང་ཁའི་དཀྱིལ་འཁོར་འདོད། །ལག་པ་དེར་ནི་ཐིམ་བྱེད་ན། །རྡོ་རྗེ་རིག་པ་འཛིན་པར་འགྱུར། །གྱེན་དུ་འགྲོ་བ་འོད་དཔག་མེད། །པདྨ་གློག ་པའི་དཀྱིལ་འཁོར་ཡིན། །ལག་པ་དེར་ནི་སྡུ་བྱེད་ན། །པདྨའི་རིག་པ་འཛིན་པར་འགྱུར། །གསང་བའི་པདྨ་རིན་ཆེན་མཛོད། །རིན་ཆེན་འབྱུང་ལྡན་ཐུར་དུ་སེལ། །ལག་པ་དེར་ནི་ཉེར་བསྡུ་ན། །རིན་ཆེན་རིག་པ་འཛིན་པར་འདོད། །སྲོག་གི་? ་ནི་གདོན?་མི་ཟ?། །རལ་གྲི་སྟེ་པའི་དཀྱིལ་འཁོར་ཏེ། །ལག་པ་དེར་ནི་ཉེར་བསྡུ་བས། །རལ་གྲི་རིག་པ་འཛིན་པར་འདོད། །རྒྱུ་བ་ལ་སོགས་རླུང་གང་ཡིན། །དེ་རྣམས་རྩེ་གསུམ་ཀྱོ་བ་སོགས། །དེ་རྣམས་གང་ཞིག་ཉེར་བསྡུས་པ། །ཡིན?་? ་ཡི་རིག་འཛིན་འདོད་ཅེས་གསུངས་ཏེ། རྫོགས་པའི་རིམ་པའོ། །ད་ནི་འོག་ནས་བཤད་པར་འགྱུར་བའི་ཏིང་ངེ་འཛིན་རྣམས་ཀྱི་གནས་ཀྱི་ཕུན་སུམ་ཚོགས་པ་བསྟན་པ་བྱ་བའི་ཕྱིར། ལམ་གྱི་བཞི་མདོ་འམ་ཤིང་གཅིག་རྡུང་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། ལམ་གྱི་བཞི་མདོ་ནི་ཤར་ལ་སོགས་པའི་ཕྱོགས་རྣམས་སམ། མཚམས་རྣམས་སུ་ལམ་བཞིའོ། །ཤིང་གཅིག་དྲུང་ཞེས་པ་ནི་གང་དུ་ཤིང་གི་རིགས་ཙམ་གཞན་མེད་པའོ། །མཚན་གཅིག་ནི་འབའ་ཞིག་པའི་མཆོད ་རྟེན་ལ་སོགས་པའི་མཚན་མའི་གནས་སོ། །ཞི་གནས་ནི་མ་མོའི་རིགས་ཀྱི་གནས་ཏེ། གནས་དེ་རྣམས་ལ་འོག་ནས་བཤད་པར་འགྱུར་པའི་རྡོ་རྗེ་བསྒྲུབ་བྱ་རྣམས་འགུགས་པའི་ཁྱད་པར་ཕུལ་དུ་བྱུང་བསྒྲུབ་པ་ནི་བསྒྲུབ་པར་བྱའོ། །གང་གིས ་ཞེ་ན། སྒྲུབ་པ་པོ་ནི་རྣལ་འབྱོར་པ་སྟེ་རྟག་ཏུ་ཞེས་པ་ནི་བརྩམ་པའི་དུས་ནས་བརྩམས་ཏེ། ཇི་སྲིད་རྫོགས་པའི་བར་དུ་འོ?་ཞེས་སྟོན་ཏོ། །ཡང་ན་ལམ་གྱི་བཞི་མདོ་ནི་ལས་ཀྱི་ཕྱག་རྒྱ་མ་དང་ཤིང་གཅིག་དྲུང་ནི་དམ་ཚིག་གི་ཕྱག ་རྒྱ་མ་དང། མཚན་མ་གཅིག་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་མ་དང། ཞི་གནས་ནི་ཕྱག་རྒྱ་ཆེན་པོ་སྟེ་།དེ་རྣམས་ལ་བརྟེན་ནས་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་སྔ་མ་བཞིན་ཏེ། བསྐྱེད་པའི་རིམ་པའོ་།སྦྱོར་པ་གསུམ་ཞེས་བྱ་བ་ལ་སོགས་པ་ལ་། འདིར ་ནི་རེ་ཞིག་དང་པོ་བསྒྲུབ་བྱ་སྦྱོར་གསུམ་ནི་དམ་ཚིག་དང་ཡེ་ཤེས་དང་ཏིང་ངེ་འཛིན་སེམས་དཔའ་དང་ལྡན་པར་བསྒོམས་ལ་བདག་ཉིད་དང་སྦྱོར་བ་གསུམ་དང་མི་བསྐྱོད་པའི་རང་བཞིན་དུ་བྱས་ཏེ། རྡོ་རྗེ་ཅན་ནི་ལག་ན་ཡོད་པའི་མཚོན་ཆ་ཡང་སྦྱོར ་པ་གསུམ་དུ་བསྒོམས་ལ། རྡོ་རྗེ་དེ་ཡང་ཀྱོ?་བའི་རྣམ་པ་དང་མདོག་ནག་པོར་སྤྲོས་ཏེ། སྐུ་གསུང་ཐུགས་ནི་བསྒྲུབ་བྱའི་སེམས་དཔའ་གསུམ། །སངས་རྒྱས་ནི་སངས་རྒྱས་ཀྱི་བདག་ཉིད། ཡེ་ཤེས་བློ་ལྡན་ནི་རྣལ་འབྱོར་པས་དགུག་སྟེ། རླུང་གི ་དཀྱིལ་འཁོར་གི་སྟེང་དུ་དེ་ཉིད་ཀྱིས་འདྲེན་པས་མདུན་དུ་ཕྱིན་པར་བསམ་པར་བྱའོ། །སངས་རྒྱས་འགུག་པ་དམ་པ་ཡིན་ཞེས་པ་ནི་སངས་རྒྱས་ནི་བསྒྲུབ་བྱ་རྣམས་ཏེ། དགུག་པ་དམ་པ་ནི་དེ་རྣམས་སྐད་ཅིག་མ་ཙམ་གྱིས་འགྲུབ་པའོ་ཞེས ་སྟོན་ཏོ། །ཏིང་ངེ་འཛིན་དེ་ཉིད་ཀྱིས་ཕྱོགས་བཅུར་གནས་ལ་གང་ཞིག་དམ་ཚིག་ནི་རང་གི་དམ་ཚིག་གིས་ཏེ་ཁྱབ་འཇུག་དང་ཞི་བའི་སྔགས་ཀྱི་དམ་ཚིག་གིས་འབྱུང་བའི་སྒྲུབ་པ་སྟེ། གཞན་གྱི་རྣལ་འབྱོར་པ་རྣམས་སོ། །དེ་དག་ཀྱང ་རྡོ་རྗེ་ནི་རྡོ་རྗེ་ལྕགས་ཀྱུ་འདིས་བཀུག་ནས་ཉེ་བར་སྤྱད་པ་ནི་རང་གི་བསྟན་པ་ལ་གཞུག་པར་བྱའོ། །ནམ་མཁའ་ཨི་དབྱིངས་ཀྱི་དམ་ཚིག་ནི་དཔག་ཏུ་མེད་པའི་བསྒྲུབ་བྱ་རྣམས་ཏེ། དེ་དག་རྡོ་རྗེ་ནི་རྡོ་རྗེ་ལྕགས་ཀྱུས་དགུག་པ་ནི་འདྲེན་པའི་ཏིང་དེ་འཛིན ་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པའོ། །རྣམ་པར་སྣང་མཛད་འཁོར་ལོ་ཆེ་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་བསྒྲུབ་པར་བྱ་བ་དང་སྒྲུབ་པ་དང་སྒྲུབ་པ་པོ་རྣམས་སེམས་དཔའ་གསུམ་གྱི ་བདག་ཉིད་དུ་བསམས་ལ། སྔ་མ་བཞིན་དུ་འཁོར་ལོ་རང་རིན་པོ་ཆེ་དང་པདྨ་རལ་གྲི་ལྕགས་ཀྱུ་རྣམས་ཀྱིས་རླུང་གི་དཀྱིལ་འཁོར་གྱི་སྦྱོར་པས་བསྒྲུབ་བྱ་བ་བཀུག་ལ་བཀའ་ཉན་དུ་གཞུག་གོ། ཁམས་གསུམ་གྱི་དམ་ཚིག་ནི་བསྒྲུབ་བྱ་རྣམས་ཏེ། དེ་དག ་འཁོར་ལོ་ལ་སོགས་པའི་ལྕགས་ཀྱུ་རྣམས་ཀྱིས་འགུགས་པའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པའོ། །གལ་ཏེ་རིགས་ལྔའི་སྒོམ་པས་བསྒྲུབ་བྱ་དགུག་པ་འགྲུབ་པར་མི་འགྱུར་ན་། དེའི་ཚེ་རྡོ་རྗེ་སེམས་དཔའ་ཨི་བསྒོམ་པས་དེ་ཉིད ་བྱ་བ་ཡིན་ནོ་ཞེས་བཤད་པར་བྱ་བའི་ཕྱིར། རྣམ་པ་མཆོག་རྣམས་ཀུན་ལྡན་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་། རྣམ་པ་ཀུན་ནི་དེ་བཞིན་གཤེགས་པ་ལྔ་སྟེ། མཆོག་ནི་ཕུལ་དུ་བྱུང་བ་དེ་རྣམས་དང་ལྡན་པའི་སངས་རྒྱས་སྐུ་ནི་རྡོ་རྗེ་འཆང ་ཆེན་པོའི་སྐུ་བསྒོམས་བ།?་དེ་ཉིད་ཀྱི་ཕྱག་དྲུག་པོ་ལ་འཁོར་ལོ་དང། རིན་པོ་ཆེ་དང། རྡོ་རྗེ་དང། པདྨ་དང་། རལ་གྲི་དང། སྣ་ཚོགས་རྡོ་རྗེ་རྣམས་ལྕགས་ཀྱུའི་རྣམ་པ་བསམས་ལ་། དེ་དག་གིས་སྔ་མ་བཞིན་དུ་རླུང་གི་དཀྱིལ་འཁོར་ལ་གནས ་པའི་སེམས་དཔའ་གསུམ་གྱི་བདག་ཉིད་ཀྱི་བསྒྲུབ་བྱ་བཀུག་ལ་མདུན་དུ་བཞག་ལ་དེ་རང་གི་བཀའ་བཞིན་ལ་འཇུག་པར་བྱའོ། །འདི་དག་ལྟ་བུའི་སྦྱོར་བ་ཡིས་ཞེས་པ་ནི་རིགས་དྲུག་དང་ལྡན་པའི་ལྕགས་ཀྱུའི་སྦྱོར་བས་གནས་མི་སྣོད་ཀྱི་འཇིག་རྟེན ་དང་ལས་ལ་བརྟེན་པའི་ཕྱིར་ལས་ནི་སེམས་ཅན་གྱི་འཇིག་རྟེན་ཏེ། དེ་དག་ཕྱེད་པར་གྱུར་པ་ནི་རང་གི་བཞིན་ལ་འཇུག་བར་བྱང་པ་སྟེ། དེ་ན་གནས་ལས་བྱེད་པར་འགྱུར་ཞེས་རྣལ་འབྱོར་པ་ཡིན་ནོ་ཞེས་སྟོན་ཏེ། བསྐྱེད་པའི་རིམ་པའོ། །རྫོགས་པའི ་རིམ་པའི་རྣལ་འབྱོར་པ་རྣམས་ཀྱིས་དགུག་པ་བཤད་པར་བྱ་སྟེ། སྦྱོར་གསུམ་ནི་རྣམ་པར་ཤེས་པ་གསུམ་མོ། །དེ་རྣམས་ཉིད་སྔགས་ནི་རྣམ་པར་རྟོག་པ་རྣམས་སྐྱེད་པར་བྱེད་པའི་ཕྱིར་།སྐྱེས་བུ་ནི་སོ་སོར་ངེས་པའི་ནུས ་པ་དང་ལྡན་པའོ། །རྣམ་བར་ཤེས་པ་དེ་རྣམ་པ་གསུམ་ནི་རྣམ་པ་གསུམ་གྱི་ཤེས་རབ་དང་ཐབས་དང་ཉེ་བར་ཐོབ་པ་ཞེས་བྱ་བའི་རང་བཞིན་རྣམས་དང་སྦྱོར་པ་ནི་རྒྱུ་དང་འབྲས་བུའི་འབྲེལ་པ་སྟེ། དེ་ཉིད་མི་ཕྱེད་པའི་ཕྱིར་རྡོ་རྗེ་སྟེ་།དེ་བསྒོམས ་ནས་སྐུ་གསུང་ཐུགས་ནི་ཟླ་བ་དང་ཉི་མའི་སྣང་བ་དང་སྣང་བ་མེད་པའི་སྣང་བ་རྣམས་ཏེ། དེ་ཉིད་རྣོ་བའི་ཕྱིར་ཀྱོ་བ་སྟེ་།དེ་རྣམས་ཀྱི་སངས་རྒྱས་ན་རྣམ་པར་ཤེས་པ་གསུམ་མོ། །ཇི་ལྟ་བུ་ཞེ་ན། ཡེ་ཤེས་བློ་ལྡན་ནི་རང་བཞིན་གྱི་རྒྱད?་གྱུར ་པའོ། །རླུང་གི་དཀྱིལ་འཁོར་ནི་ལྟེ་བའི་དཀྱིལ་འཁོར་གྱི་རྩིབས་བརྒྱད་པའི་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོར་གནས་པའི་རྗེས་སུ་འཇུག་པའི་དབྱིངས་དང་ཆོ་ག་དང་དེའི་གཉི་ག་དང་བྲལ་བའི་ཡེ་ཤེས་གསུམ་པོས་སངས་རྒྱས་ཞེས་པ་ནི ་སངས་རྒྱས་ཀྱི་ངོ་བོ་འོད་གསལ་པ་ལ་དགུག་པ་དམ་པ་ནི་འཁོར་པ་ཟད་པར་བྱེད་པའི་ཉེ་བར་བསྡུ་བར་བྱའོ། །འབའ་ཞིག་པའི་ཡེ་ཤེས་གསུམ་མ་ཡིན་གྱི། འོན་ཀྱང་དམ་ཚིག་བཅུ་ནི་རླུང་བཅུ་སྟེ། དེ་རྣམས་ལས་གྱུར་བ་ནི་རང ་བཞིན་རྣམས་ཏེ། དེ་དག་ཀྱང་དགུག་པ་ནི་སྔར་བཤད་པའི་རིམ་པས་ཡང་དག་པར་བསྡུས་ལ། ཉེ་བར་སྤྱད་པ་ནི་འོང་གསལ་བ་ལ་བཞག་པར་བྱའོ། །ཇི་སྐད་དུ་གང་དང་གང་དུ་གནས་པ་རང་བཞིན་དེ་དང་དེ་འཛིན་པའོ། །ཇི་སྲིད་དུ་རླུང ་ནི་མི་སྤོ?་པས། སྣང་བ་མི་གཡོ་མི་འགྱུར་རོ་ཞེས་འབྱུང་ངོ། །ནམ་མཁའ་ཨི་དབྱིངས་ནི་རྣམ་པར་ཤེས་པ་གསུམ་དང། དམ་ཆག་ནི་རང་བཞིན་རྣམས་ཏེ། དེ་དག་འགུག་པ་ནི་མི་སྣང་བའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད ་པ་སྟེ། སེམས་རྣམ་པར་དག་པའི་རིམ་པའོ། །རྣམ་པར་སྣང་མཛད་ནི། རྣམ་པར་སྣང་མཛད་ནི་ཁྱབ་བྱེད་ཀྱི་རླུང་སྟེ། དེ་ཉིད་ཀྱི་འཁོར་ལོ་ཆེ་ནི་ཚིགས་ཐམས་ཅད་དང་རྩ་རྒྱུས་དང་ལྡན་པའི་ལུས་སོ། །ཇི་ལྟ་བུ་ཞེ་ན་། རྒྱལ་བ་ནི་རྩ་བདུན་ཁྲི་ཉིས་སྟོང ་སྟེ་།དེ་རྣམས་ཀྱི་གནས་སོ། །དེ་ཉིད་ལྕགས་ཀྱུ་ནི་ལྕགས་ཀྱུ་དང་འདྲ་བའི་ཤིན་ཏུ་རྣོ་བའི་འོད་ཟེར་གྱི་ཚོགས་ཀྱི་ནང་དུ་ཤིན་ཏུ་སྣང་བར་བྱེད་པའོ། །ཇི་ལྟར་ཞེ་ན། རྐང་པ་ནས་བརྩམས་ཏེ་ཚངས་པའི་བུ་གའི་བར་དང་ཚངས་པའི་བུ་ག་ནས་རྐང་བའི་བར ་དུའོ། །དེ་ནས་ཁམས་གསུམ་པ་ཡང་མི་སྣང་བར་བྱ་བའོ། །གཞན་ཡང་དེ་ཉིད་བསྒོམ་པར་བྱ་སྟེ་། མངོན་པར་བྱང་ཆུབ་པའི་རིམ་པའོ། །རབ་ཏུ་བྱེད་པ་ལས་མན་ངག་ཐོབ་པའི་སློབ་མ་ཡིས་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ། །པདྨ་ནི་མདོག་དམར་པོ ་སྟེ་། གྲུ་གསུམ་པའི་ལྐོག་མའི་དཀྱིལ་འཁོར་རོ། །རྡོ་རྗེ་ནི་མདོག་དཀར་པོའི་ཟླུམ་པོ་སྟེ་། སྙིང་ཁའི་དཀྱིལ་འཁོར་རོ། །སོགས་པའི་སྒྲས་ནི་མདོག་ལྗང་ཁུའི་དབྱིབས་ཅན་ཏེ་ལྟེ་བའི་དཀྱིལ་འཁོར་རོ། །དེ་བཞིན་དུ་མདོག་སེར་པོའི་གྲུ་བཞི་པ་སྟེ། ་གསང་བའི་དཀྱིལ་འཁོར་བསྒོམས་ལ། དམ་ཚིག་ནི་སྲོག་ལ་སོགས་པ་སྟེ་། དེ་རྣམས་དགུག་པ་ནི་མདོག་དམར་པོ་ལ་སོགས་པའི་གཡས་པ་ལ་སོགས་པའི་དབྱེ་བས་སྤྲོ་བར་བྱའོ། །མཆོག་ནི་དེ་ཉིད་ཕུལ་དུ་བྱུང་པ་སྟེ། ནང་ནི་བདག་ཉིད་གྱི་? ་ཀྱི་རང་བཞིན་ནོ། །ཁམས་གསུམ་གྱི་དམ་ཚིག་ནི་དཀྱིལ་འཁོར་བཞི་སྟེ། དེ་རྣམས་དགུག་པ་ནི་སྤྲོ་བའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པ་སྟེ། རྡོ་རྗེ་བཟླས་པའི་རིམ་པའོ། །རྣམ་པ་མཆོག་རྣམས་ཀུན་ལྡན་པ་ལ་? ་མཚན་?་བྱང་རྣམས་ཀྱིས་བརྒྱན་པ་ནི་སངས་རྒྱས་སྐུ་ནི་འོད་གསལ་བ་ལས་རྡོ་རྗེ་འཆང་ཆེན་པོའི་སྐུ་བསྒོམ་པ་ནི་སྤོ་བར་བྱའོ། །དེ་ཉིད་ཀྱི་ལག་ཏུ་ནི་སྙིང་གར་སྐུ་གསུང་ཐུགས་ནི་ཁམས་གསུམ་པ་རྣམས་པ་སེམས?་ལ་སྐྱོབ་? ་ནི་སྒྱུ་མའི་དཔེ་བཅུ་གཉིས་བསྒོམ་པར་བྱའོ། །འདི་དག་ལྟ་བུ་སྦྱོར་བ་ཡིས་ཞེས་པ་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་གནས་ནི་ཀུན་རྫོབ་ཀྱི་བདེན་པ་དང། ལས་ནི་དོན་དམ་པའི་བདེན་པ་སྟེ། དེ་དག་བྱེད་པར་གྱུར ་པ་ནི་མཉམ་པར་བྱེད་པ་སྟེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །གཞན་ཡང་རིམ་པ་གཞན་གྱིས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བཤད་པར་བྱ་བའི་ཕྱིར་།རྣམ་པ་མཆོག་རྣམས་ཀུན་ལྡན་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏོ། ་རྣམ་པ་རྣམས་ནི་རྣམ་པར་ཤེས་པ་དང་རླུང་དང་སྲེག་གི་དབང་པོ་རྣམས་སོ། །མཆོག་ནི་མིག་གི་དབང་པོ་ལ་སོགས་པའོ། །དེ་རྣམས་ཨོ་པ་ནི་གང་ནས། ཨེ་ད་ནི་གང་ལས་སོང་བ་དེ་ནི་རྣམ་པ་མཆོག་རྣམས་ཀུན་ལྡན་པ་སྟེ་།རོའི་ལུས?་པོ་དེ་ཉིད ་ཀྱི་སྐུ་ནི་ལུས་པོའོ། །རྡོ་རྗེ་ནི་བདག་ཉིད་ཀི་ཨི་གེ་གསུམ་གྱི་རང་བཞིན་རྣམ་པར་ཤེས་པ་སྟེ། དེ་ཉིད་གྱེན་དུ་འདྲེན་པའི་ས་བོན་གྱིས་བསྐུལ་ཞིང་ཚངས་པའི་བུ་ག་ལས་བྱུང་སྟེ། རོ་དེ་ཉིད་ཀྱི་སྙིང་ཁར་ཞུགས་པར་བསམས་ན་དེའི་? ་ལུས་སྤངས་པས་སར་པའི་ལུས་ཐོབ་སྟེ་། རྡོ་རྗེའི་སྐུར་གྱུར་པ་སྟེ་། རྣམ་པར་སྣང་མཛད་ཉིད་དུ་ཕྱེད་མའོ། །སྣང་བ་མཛའ་ཡས་ཀྱི་རྣལ་འབྱོར་པས་ནི་དང་པོ་ལྕེ་སྟོང་པར་བསྒོམས་ལ། དེའི་རྗེས་ལ་ཨཱ་ལི་དང་གཱ་ལིའི་ས་?་ཡོངས་སུ་གྱུར་? ་བྱུང་བའི་ལྕེ་ནི་རྡོ་རྗེའི་རྩེ་མོར་བསྒོམས་ལ། དེའི་སྟེང་དུ་དབང་ཕྱུག་གི་ས་བོན་ལས་པདྨ་ཕྲ་མོ་བསམས་ཏེ་།དེའི་ལྟེ་བར་ཡང་ས་བོན་དེ་ཉིད་བཀོད་པ་དེ་ལྟ་བུའི་རྡོ་རྗེའི་ལྕེས་གང་ཡང་རུང་བ་ཀློག་པ་དེ་ཉིད་ལན་ཅིག་གིས་གཟུང་ཞིང། དེ་? ་ནི་སྣང་བ་མཛའ་ཡས་དང་འདྲ་བར་འགྱུར་ཏེ། སྣང་བ་མཛའ་ཡས་ཉིད་དུ་བྱེད་པའོ། །དེ་བཞིན་དུ་མི་བསྐྱོད་པའི་རྣལ་འབྱོར་པས་རང་གི་སྙིང་ཁའི་པདྨའི་དབུས་སུ་གསང་གསུམ་ནི་ཡི་གེ་གསུམ་བཀོད་ལ། དེ་ཡོངས་སུ་གྱུར་པ་ལས་བྱུང་བའི་དམ་ཆོས ་ནི་ཅེ་ལྔ་པའི་རྡོ་རྗེ་འབར་བ་བསམས་ཏེ། དེའི་སྟེང་དུ་ཡང་མཆོད་པའི་མཆོག་ནི་ཡི་གེ་གསུམ་བཀོད་ལ། དེ་ལས་བྱུང་བའི་འོད་ཟེར་གྱི་འཁོར་ལོ་གསུམ་གྱིས་ཁམས་གསུམ་པའི་སྙིང་ཁའི་པདྨའི་ཡི་གེ་གསུམ་གྱི་འོད་ཟེར་རྣམས་བཀུག་ལ་དེ་ནས་མཆེད ་པས་ནི་འོད་ཟེར་རྣམས་ཀྱིས་མཆོད་ནས་ཞེས་པ་ནི་དེ་ཉིད་དུ་ཞུགས་ཏེ། རབ་ཏུ་བསྒྲུབ་པ་ནི་ཐུགས་རྡོ་རྗེ་འཛིན་པའི་དངོས་གྲུབ་སྟེ་། གཞན་གྱི་སེམས་ཤེས་པའི་དངོས་གྲུབ་བསྒྲུབ་པར་བྱ་བ་སྟེ་མི་བསྐྱོད་པ་ཉིད་དུ་བྱ་བའོ། །འདི་ནི་དངོས་གྲུབ་ཐམས ་ཅད་ཀྱི་ཞེས་པ་ནི་མི་ཟད་པའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཀྱི། གསང་བའི་བླ་མའི་ཞལ་ནས་ཐོབ་པ་དང། སྙིང་པོ་ནི་ལུས་ལ་སོགས་པ་ཡོངས་སུ་ཤེས་པས་འདུས་པ་ནི་མདོར་བསྡུས་པའོ། །ཞེས་སྟོན་ཏོ། །གསང་བ་ཞེན་པོ་ནི་སྐུ་ལ་སོགས ་པའི་གསང་པ་རྣམས་ཏེ། དེ་དག་བསྡུས་པ་ནི་སྙིང་པོའི་དོན་སྟོན་པར་མཛད་པའི་རྡོ་རྗེ་འཆང་ཆེན་པོས་དེ་སྐད་གསུངས་སོ་ཞེས་སྔ་མ་དང་སྦྱར་ཏེ། བསྐྱེད་པའི་རིམ་པའོ། །ད་ནི་ཁྲོ་བོའི་རྒྱལ་པོ་ཚིམ་པར་བྱ་བའི་ཕྱིར་གཏོར་མ་དབུལ་བ་སྟེ་། དེ་ཉིད ་བཤད་པར་བྱ་བའི་ཕྱིར། ཤ་ཆེན་དམ་ཚིག་མཆོག་གིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསལ་ཤིང་ལ་བཙུགས་པའི་སྐྱེས་པ་འམ། འགེགས་ནས་ཤི་བའི་གདོལ་པ་ལ་སོགས་པ་རྡོ་རྗེ་བདུད་རྩི་ལས་གསུངས་པའི་རོལ?་པས་ཀྱི་ཚིགས་དེ ་ཉིད་འབབ་ཅིང་འདས་པ་ལ་སོགས་པ་དྲིས་ལ་ངེས་བྱིན་པའི་ཤ་གང་ཡིན་པ་དེ་ནི་ཤ་ཆེན་ཡིན་གྱི། གཞན་ནི་རྩཝ་མཆོག་དང་འདྲ་བ་མ་ཡིན་ཏེ། དེ་ཉིད་དམ་ཚིག་མཆོག་ནི་དོན་ཡོད་གྲུབ་པའི་སྔགས་ཀྱིས་བྱིན་གྱིས་བརླབས་ལ། དོན་མེད་གྲུབ་པའི་རིགས ་ཀྱི་ཁྲོ་པོ་བདུད་རྩི་འཁྱིལ་པ་དང། སྟོབས་པོ་ཆེ་དག་ལ་གཏོར་མ་ཕུལ་ལ་དེ་ནས་ཀྱང་ཚོགས་ཀྱི་འཁོར་ལོར་སྤྱོད་ན་། རྡོ་རྗེ་གསུམ་མཆོག་ནི་གཞན་གྱིས་མི་ཐུབ་པའི་དོན་ཡོད་གྲུབ་པའི་སྐུ་བསྒྲུབ་པ་ནི་ཐོབ་པར་བྱ་བའི།?་།བཤང?་གཅི་དམ་ཚིག་མཆོག?་ ་གིས་ནི་ཞེས་པ་ལ་སོགས་པ་ལ། ཤ་ཆེན་དེ་ཉིད་བཤད་གཙི་ལ་སོགས་པ་དང་ལྡན་པར་བྱས་ལ། དམ་ཚིག་མཆོག་ནི་སྦྱང་བ་ལ་སོགས་པས་འདུས་བྱས་པའི་གཉེར་མ་ཕུལ་ཏེ། ཚོགས་ཀྱི་འཁོར་ལོར་ཡང་སྤྱོད་ན་།རིག ་པ་འཛིན་པའི་དངོས་གྲུབ་ནི་སྔར་བཤད་པའི་འཁོར་ལོའི་རིག་པ་འཛིན་པ་ལ་སོགས་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཇི་ལྟ་བུ་ཞེ་ན། གཙོ་བོའི་ནི་ཐམས་ཅད་ལ་དབང་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་གླང་པོའི་ཤ་ཐུགས་རྡོ་རྗེའི་ས་བོན་གྱིས ་བྱིན་གྱིས་བརླབ་པར་བྱས་ལ། རྡོ་རྗེ་རིགས་ཀྱི་རིགས་ཅན་གཙུག་ཏོར་འཁོར་ལོ་སྒྱུར་བ་དང་གནོད་མཛེས་ཀྱི་རྒྱལ་པོ་དག་ལ་གཏོར་མ་ཕུལ་ཏེ་ཚོགས་ཀྱི་འཁོར་ལོ་ལ་ཡང་སྤྱོད་ན་མངོན་ཤེས་ལྔ་ཐོབ་པར་འགྱུར་རོ། །དེ་བཞིན་དུ་ཁ་ན་མ? ་ཐོ་བ་མེད་པ་རྟའི་ཤ་སྣང་བ་མཛའ་ཡས་ཀྱི་ས་བོན་གྱིས་བྱིན་གྱིས་བརླབས་ལ། དེའི་རིགས་ཅན་པདྨ་མཐར་བྱེད་དང་།དབྱིག་སྔོན་ཅན་དག་ལ་གཏོར་མ་ཕུལ་ཏེ་སྔ་མ་བཞིན་དུ་སྤྱོད་ན་མི་སྣང་བ་སྟེ་གྲིབ་མ་མི་མངོན་པ་ལ་བདག་པོ་ཉེར? ་དུ་འགྱུར་རོ། །དེ་བཞིན་དུ་ཁྱིའི་ཤ་ནི་རིན་ཆེན་འབྱུང་ལྡན་གྱི་ས་བོན་གྱིས་བྱིན་གྱིས་བརླབས་ལ་།དེའི་རིགས་ཅན་ཤེས་རབ་མཐར་བྱེད་དང་འདོད་པའི་རྒྱལ་པོ་དག་ལ་གཏོར་མ་ཕུལ་ཏེ་སྔ་མ་བཞིན་དུ་སྤྱོད་ན་དངོས་གྲུབ་ཐམས་ཅད་ནི་དབང? ་དང་དགུག་པ་ལ་སོགས་པའི་དངོས་གྲུབ་རྣམས་ཐོབ་པར་འགྱུར་རོ། །དེ་བཞིན་དུ་བ་ལང་གི་ཤ་ཡང་རྣམ་པར་སྣང་མཛད་ཀྱི་ས་བོན་གྱིས་བྱིན་གྱིས་བརླབས་ལ་།དེའི་རིགས་ཅན་གཤིན་རྗེ་མཐར་བྱེད་དང་མི་གཡོ་བ་དག་ལ་གཏོར་མ་ཕུལ ་ཏེ་སྔ་མ་བཞིན་དུ་སྤྱོད་ན་འགུགས་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཤ་རྣམས་ཐམས་ཅད་མེད་ན་ཡང་ཞེས་བྱ་བ་ལ་སོགས་པ་ལ། མེད་པ་ནི་ལྕགས་ཀྱུ་ལྔ་རྣམས་མ་རྙེད་ན་དེ་དག་ཐམས་ཅད་བསམ་གཏན་གྱིས་ཀྱང་བྱའོ་ཞེས་སྟོན ་ཏོ། །ཇི་སྐད་དུ་བཟླས་པ་དཀའ་ཐུབ་ཐམས་ཅད་ནི། །ཡུན་རིང་དུ་ནི་བྱས་ན་ཡང། །གཡེང་བའི་སེམས་ཀྱིས་དེ་བྱས་ན། །དེ་ཉིད་རིག་པས་དོན་མེད་གསུངས་ཞེས་འབྱུང་ངོ། །དེ་བས་ན་ཡིད་ཀྱི་མཆོད་པ་ནི་མཆོད་པ་ཐམས་ཅད་ཀྱི་མཆོག་ཡིན ་ཞེས་སྟོན་ཏོ། །དེ་ལྟ་བུའི་ལྕགས་ཀྱུའི་གཏོར་མའི་ཆོ་ག་རྡོ་རྗེ་སྦྱོར་བ་ནི་དེ་བཞིན་གཤེགས་པ་ས་བོན་རྣམས་ཀྱིས་བྱིན་གྱིས་བརླབས་ན་རྣལ་འབྱོར་པ་སྟེ་སངས་རྒྱས་ཐམས་ཅད་བྱིན་གྱིས་རློབ་པ་ནི་དེ་རྣམས་ཀྱིས་སྟོན་པར་འགྱུར་རོ་ཞེས་སྟོན ་ཏོ། །དཔལ་གདན་བཞི་ལས་ཀྱང་ཇི་སྐད་དུ་དེ་ནས་མཆོད་པའི་ཁྱད་པར་ཏེ། རྟོག་པ་རྟོག་མིན་དང་བྲལ་བ། །ལྕགས་ཀྱུ་ལ་སོགས་ལྔ་པོ་ནི། །དེ་ཉིད་ལྔ་པོ་དག་ཏུ་བྱ། །ལྕགས་ཀྱུ་ཆེན་པོ་ཞེས་བྱ་བ། །ཡེ་ཤེས་ཀྱི་ལྷ་འདོད་པ་ཡིན། ། ་རྡོ་རྗེ་ལྕགས་ཀྱུ་མི་བསྐྱོད་པ། །ཁྱི་ཡི་ལྕགས་ཀྱུར་རིན་ཆེན་འབྱུང། །དོན་ཡོད་རྒྱལ་པོ་ལྕགས་ཀྱུ་ལ། །གཡོ་བའི་ལྕགས་ཀྱུར་འོད་དཔག་མེད། །དེ་ལྟར་ལྕགས་ཀྱུ་ལ་སོགས་པ། །དེ་ཉིད་ཐམས་ཅད་རབ་སྦྱོར་བྱ། །གལ་ཏེ་ལྷ་མི་འབར ་འདོད་ན། །རྣལ་འབྱོར་མ་ཀུན་ཚིམ་པར་བྱ། །ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ་སྒྲུབ་པའོ། །ཤ་ཆེན་ལ་སོགས་པ་ནི་བཤད་པའི་རྒྱུད་ལས་འཇུག་པར་བྱ་སྟེ། ཀུན་གཞི་རྣམ་ཤེས་གང་ཡིན་པ། །དེ་ནི་ཤ་ཆེན་བཤད་པའོ། །དེ་ཉིད ་སྟོང་ཉིད་དམ་ཚིག་སྟེ། །རྡོ་རྗེ་གསུམ་གྱི་དམ་ཚིག་འགྱུར། །གླང་ཤ་ཡིད་དུ་བཤད་པ་སྟེ། །སྟོང་པ་ཉིད་ལ་དེ་ཕུལ་ལ། །རྣལ་འབྱོར་པ་དེ་དངོས་གྲུབ་སྣོད། །རྟ་ཡི་ཤ་ནི་མིག་ཡིད་དང། །དེ་བཞིན་རྣ་བའི་རྣམ་པར་ཤེས། །གང་ཞིག ་ཆོས་དབྱིངས་རབ་གནས་བྱེད། །དེ་ནི་དེ་ཉིད་རིག་པའོ། །ཁྱི་ནི་ལྕེ་ཡི་རྣམ་ཤེས་ཏེ། །ཤ་ནི་དེ་ཉིད་བརྟགས་པའོ། །ཕུལ་བ་སྟོང་ཉིད་བཤད་པ་སྟེ། །རྣལ་འབྱོར་པ་དེས་དངོས་གྲུབ་ཐོབ། །ཇི་བཞིན་བ་ལང་ལུས་ལ་ཆགས། །སྣ་ཡི ་རྣམ་ཤེས་བཤད་པའོ། །དེ་ཡི་ཤ་ནི་བརྟག་བྱས་ནས། །གང་གིས་སྟོང་བྱས་རྣལ་འབྱོར་དེ་ཞེས་གསུངས་སོ། །དེ་ནི་ཏིང་ངེ་འཛིན་ལས་ངལ་བ་ཚིམ་པ་བཤད་པར་བྱ་བའི་ཕྱིར། རྣམ་པ་མཆོག་རྣམས་ཀུན་ལྡན་པ་ཞེས་བྱ ་བ་ལ་སོགས་པ་གསུངས་ཏེ། རེ་ཞིག་དང་པོ་རང་ཅིག་ཅར་དུ་རང་གི་བདག་ཉིད་རྣམ་པ་མཆོག་རྣམས་ཀུན་ལྡན་པའི་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་རྣམ་པར་རྫོགས་པ་གང་ཡང་རུང་པའི་དེ་བཞིན་གཤེགས་པ་བསམས་ལ། །སྐུ་གསུང ་ཐུགས་རྡོ་རྗེ་ཅན་སྤྱི་བོ་ལ་སོགས་པར་བཀོད་ལ། སྙིང་ཁར་ཡེ་ཤེས་ནི་ཡེ་ཤེས་སེམས་དཔའ་དང་། དམ་ཚིག་ནི་དམ་ཚིག་སེམས་དཔའ་དགོད་པར་བྱ་སྟེ། དབུ་རྒྱན་ནི་སྤྱི་བོར་མཐོ་གང་ཙམ་འདས་ལ། རྡོ་རྗེ་ནི་ཆ་བཅུ་དྲུག་སྟེ་དེ་ཡོངས་སུ་གྱུར ་པ་ལས་སྐྱེས་པའི་མཆོག་འཛིན་པ་ནི་བདུད་རྩིའི་རྒྱུན་འཛག་པའི་ཟླ་བའི་དཀྱིལ་འཁོར་བསྒོམས་ཏེ། དེ་ལས་བྱུང་བའི་མའི་རྒྱ་མཚོའི་དཔའ་རླབས་དང་འདྲ་བའི་བདུད་རྩིའི་རྒྱུན་རྐན་གྱི་བུ་གར་བཞག་པའི་ལྕེས་མྱང་བར་བྱས་ལ། སངས་རྒྱས ་ཐམས་ཅད་ནི་རང་གི་ལུས་ངག་ཡིད་མཉེས་པར་བྱའོ། །དམ་ཚིག་ནི་ཚིམ་པའི་ཆོ་གའོ། །མཆོག་ནི་ཕྱིའི་ཟས་ལ་མི་བལྟོས་པ་སྟེ། བསམ་གཏན་གྱི་བཟའ་བ་ཙམ་བསྒྲུབ་པར་བྱའོ་ཞེས་སྟོན་ཏོ། །དམ་ཚིག་མཆོག་ནི་སྒྲུབ་པ་པོས་གལ ་ཏེ་དེ་ལྟར་བྱེད་ན། དེའི་ཚེ་སྒྲུབ་པ་པོ་དེའི་དངོས་གྲུབ་ཐམས་ཅད་ནི་ས་འོག་ལ་འཇུག་པ་ལ་སོགས་པ་འཇིག་རྟེན་པའི་དངོས་གྲུབ་ཐམས་ཅད་དང། འཁོར་ལོའི་རིག་པ་འཛིན་པ་ལ་སོགས་པའི་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བྱ་བ་ནི ་བསྒྲུབ?་བྱ་བ་ནི་སྒྲུབ?་པར་བྱེད་པ་སྟེ་ཟས་ལ་ནི་བལྟོས་པ་ལས་ཐམས་ཅད་ཀྱི་ཚོགས་འགྲུབ་པའི་ཕྱིར་ཏེ། བསྐྱེད་པའི་རིམ་པ་དང་སྒྲུབ་པ་དག་གོ། ཡང་ན་རྣམ་པ་མཆོག་རྣམས་ཀུན་ནི་ཨཱ་ལིའི་ཕྲེང་བ་དང་ལྡན་པ་ནི་ཀའི་ཕྲེང་བའོ། །དེ་ལས་བྱུང་བའི ་སྐུ་གསུང་ཐུགས་རྡོ་རྗེ་ཅན་ནི་རིན་ཆེན་འབྱུང་ལྡན་དུ་བདག་ཉིད་བསམས་ལ། དེའི་སྙིང་ཁར་ཡེ་ཤེས་དམ་ཚིག་ནི་ཨཱ་ལིའི་སྡེ་ཚེན་ཡོངས་སུ་གྱུར་པ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་བསམས་ཏེ། དེའི་དབུ་རྒྱན་ནི་དེའི་སྟེང་དུ་རྡོ་རྗེ་འཛིན་པ་བཞིན་དུ་རྣོ་བའི ་ངོ་བོ་ཡི་གེར་བཀོད་ལ། སྣང་བ་འབར་བའི་རྣམ་པ་ཡི་གེ་དེས་དེ་འོང་དུ་ཞུ་བར་བསྒོམས་ལ་དེའི་བདུད་རྩིའི་རྒྱུན་རྣམས་སྲོག་གི་རླུང་གིས་གྱེན་དུ་འདྲེན་པ་དང། རྩོལ་བའི་རླུང་གིས་ཐུར་དུ་འདྲེན་ཞིང་ཚིམ་སྟེ། རྣལ་འབྱོར་པ་དེ་བསམ་གཏན་གྱི་བཟའ་ ་བ་ཅན་དུ་གྱུར་ཏེ། བསྐྱེད་པའི་རིམ་པའོ། །སངས་རྒྱས་ཐམས་ཅད་མཉེས་འགྱུར་བ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །རྫོགས་པའི་རིམ་པ་ཚིམ་པའི་ཆོ་ག་འདི་ཉིད་རྣམ་པ་གཞན་གྱིས་པ་ཤད་པར་བྱ་སྟེ། རྣམ་པ་མཆོག་རྣམས ་ཀུན་ནི་བྱང་ཆུབ་ཀྱི་སེམས་ཡིན་ལ་།དེ་དང་ལྡན་པ་ནི་གང་བ་སྟེ་རང་གི་རིག་མའི་པདྨའོ། །སྐུ་གསུང་ཐུགས་ནི་དེ་རྣམས་ཀྱི་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ། རྡོ་རྗེ་ནི་རྡོ་རྗེའི་རྣམ་པའི་ལྕེ་སྟེ། ལྕེ་དེ་ཉིད་ཀྱིས་སྙིང་ཁའི་པདྨ་དེའི་ནང་དུ་ཞུགས ་པས་ཡེ་ཤེས་དམ་ཚིག་མཆོག་ནི་བྱང་ཆུབ་ཀྱི་སེམས། དབུ་རྒྱན་ནི་ཁར་འཛིན་ཞིང་རྡོ་རྗེ་འཛིན་པ་ནི་རྡོ་རྗེ་སེམས་དཔའ་ཨི་རྗེས་སུ་དྲན་པས་སྤོང་ན་དེའི་ཚེ་སངས་རྒྱས་ཐམས་ཅད་ནི་ཕུང་པོ་ལ་སོགས་པ་མཉེས་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་དམ་ཚིག་མཆོག ་འདི་ཞེས་པ་ནི་མཆོག་ནི་སྤས་པར་བྱ་བ་དང། དམ་ཚིག་གི་སྤྱོད་པ་རྣལ་འབྱོར་པས་སྤྱད་པར་བྱའོ། །རྣལ་འབྱོར་པ་ཇི་ལྟ་བུ་ཞེ་ན། དམ་ཚིག་མཆོག་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པས་དེ་བྱེད་ན་དེའི་ཚེ་དངོས་གྲུབ་ཐམས་ཅད་ནི་ལྷའི་མིག ་ལ་སོགས་པའི་དངོས་གྲུབ་རྣམས་འགྲུབ་པར་འགྱུར་རོ། །དམ་ཚིག་ཐམས་ཅད་ནི་བདུད་རྩི་ལྔ་བཟའ་བ་ལ་སོགས་པ་སྟེ། དེ་རྣམས་ཀྱི་ཡེ་ཤེས་རྡོ་རྗེ་ནི་རྡོ་རྗེ་སྐུ་སྟེ། དེ་ཉིད་དུ་འགྱུར་པ་ནི་འགྲུབ་པར་བྱེད་པའི་ཏིང་ངེ་འཛིན་ཀྱང་དེ་བཞིན་དུ ་བཤད་པ་སྟེ། བསྐྱེད་པའི་རིམ་པ་དང་སྒྲུབ་པ་དག་གོ་།ད་ནི་བཟའ་བའི་དུས་སུ་བསམ་གཏན་བཤད་པར་བྱ་བའི་ཕྱིར། ལྕེའི་དམ་ཚིག་རྡོ་རྗེ་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ་།རེ་ཞིག་དང་པོར་རང་གི་ལྕེ་སྟོང་པ་ཉིད ་དུ་བསམས་ལ། དེའི་རྗེས་ལ་དག་གི་དབང་ཕྱུག་གི་ས་བོན་དམར་པོ་ལས་བྱུང་བའི་དེ་ཉིད་པདྨའི་འདབ་མའི་རྣམ་པར་བསྒོམས་ལ། དེའི་སྟེང་དུ་ཐུགས་རྡོ་རྗེའི་ས་བོན་ཡི་གེ་ཧཱུཾ་བཀོད་ལ། དེ་ཡོངས་སུ་གྱུར་པ་ལས་བསྐྱེད་པའི་ཕྲ་མོའི་རྡོ་རྗེ་དཀར ་པོ་བསམས་ལ། ལག་པ་གཡོན་པ་དང་གཡས་པ་དག་ལ་ཡི་གེ་དང་པོ་དང་རི་ཡོངས་སུ་གྱུར་པ་ལས་བྱུང་བའི་ཟླ་བ་དང་ཉི་མའི་དཀྱིལ་འཁོར་བསམས་ལ། སོར་མོ་རྣམས་ཀྱང་ཡི་གེ་ཨོཾ་ལ་སོགས་པ་དང་ལཾ་ལ་སོགས་པས་དེ་བཞིན་གཤེགས ་པ་དང་ལྷ་མོ་རྣམས་ཀྱི་རང་བཞིན་དུ་བྱས་ལ། རང་གི་ཁ་ཡང་ཡི་གེ་རཾ་ལས་བྱུང་བའི་མེ་ཐབ་དུ་བསྒོམས་ཏེ། ལྐོག་མའི་དང་སྙིང་ཁ་དང་ལྟེ་བ་དང་གསང་བའི་གནས་རྣམས་ལ་དཀར་མོ་ལ་སོགས་པ་དང་སྙོམས་པར་ཞུགས་པའི་དེ་བཞིན་གཤེགS ་པ་རྣམས་བསྒོམས་ལ་། བཟའ་བ་དང་བཏུང་བ་ལ་སོགས་པ་ནི་སྦྱོར་བ་ལ་སོགས་པའི་རིམ་བར་བདུད་རྩི་ལྔར་བྱས་ལ། སྦྱར་བ་དེ་ཉིད་ཀྱིས་སྤྱོད་ན་རྡོ་རྗེ་གསུམ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་ཐོབ་པར་འགྱུར་རོ། །དེ་ཉིད་ཀྱང་ནང་གི་བདག་ཉིད་ཀྱི་སྦྱིན ་སྲེག་ཡིན་ནོ། །དེ་བཞིན་དུ་རྣམ་པར་སྣང་མཛད་དང། སྣང་བ་མཛའ་ཡས་ཀྱི་རྣལ་འབྱོར་པ་དག་གིས་ཀྱང་ལྕེ་རྩེ་མོར་ཡི་གེ་ཨོཾ་དང་ཨཱ(རྒྱུད་འགྲེལ་གྱི་བསམ་གཏན་ནོ། །ཏིང་ངེ་འཛིན་གྱི་སྦྱོར་བ་འདིས་རྡོ་རྗེ་མི་ཕྱེད་གསུམ་ནི་རྡོ་རྗེ་འཆང་སྟེ། དེ་དང་འདྲ་བར་རྣལ་འབྱོར་པར་འགྱུར་རོ་ཞེས་ཕན་ཡོན་ནོ། །རིན་ཆེན་དང་དོན་ཡོད་གྲུབ་པའི་རྣལ་འབྱོར་པ་དག་གིས་ཀྱང་སྦྱོར་བ་ཉིད་ཀྱིས་བྱ་སྟེ་གང ་གི་ཕྱིར་གལ་ཏེ་ཡིད་བཞིན་གྱི་ནོར་བུ་དང་དམ་ཚིག་གི་རིགས་དག་ནི་ང་རྒྱལ་དང་ཕྲག་དོག་གི་རང་བཞིན་ཡིན་པའི་ཕྱིར་ཞེ་སྡང་གི་རིགས་ལ་བསྡུ་ན། དེའི་ཚེ་དེ་དག་གི་རྣལ་འབྱོར་པ་དག་གིས་ལྕེའི་རྩེ་མོར་ཡི་གེ་ཧཱུཾ་དགོད་པར་བྱའོ། །གལ་ཏེ་ཕྲག་དག་ནི ་ཞེ་སྡང་ལས་བྱུང་བ་དང། ང་རྒྱལ་ནི་གཏི་མུག་ལས་བྱུང་བའི་ཕྱོགས་ཡིན་ན་དེའི་ཚེ་དོན་ཡོད་གྲུབ་པའི་རྣལ་འབྱོར་པས་ཡི་གེ་ཧཱུཾ་དགོད་པ་དང། རིན་ཆེན་གྱི་རྣལ་འབྱོར་པས་ཨོཾ་དགོད་པར་བྱ་སྟེ། དེ་དག་གི་སྔགས་དགོད་པ་ནི་གུང་དུ་མ་བསྟན་ཏོ་ཞེས་ཁྱད ་པར་ཏེ་བསྐྱེད་པའི་རིམ་བ་ངང་ལས་ཀྱི་རྒྱལ་བ་མཆོག་གོ། དམ་ཚིག་རྡོ་རྗེ་ནི་བཟའ་བའོ། །དེའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་བདུད་རྩིར་བྱ་བ་ནི་བདུད་རྩིའི་ཕྲང་བའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ལ་དེ་སྐད་དོ། །ད་ནི་རིམ་པ་གཉིས་ཀྱི་རྣལ་འབྱོར་པ་རྣམས ་ཀྱིས་རྫུ་འཕྲུལ་བསྟན་པར་བྱ་སྟེ། རྡོ་རྗེ་དམ་ཚིག་གསུམ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེའི་གྲུབ་མཆོག་ནི་དེའི་རྣམ་པར་བྱུང་ན་སྐུ་གསུམ་རྡོ་རྗེ་ཅན་ཏེ་དེ་ཉིད་དུ་འགྱུར་རོ། །ཕྱོགས་བཅུ་ལ་གནས་པའི་སེམས་ཅན་ཐམས་ཅད་གང་ཡིན་པ་དེ་རྣམས་ལ་ནོར་བུར ་ཡིད་བཞིན་དུ་རྒྱ་མཚོ་སྟེ། མངོན་པར་འདོད་པའི་དོན་རྫོགས་པར་འགྱུར་བ་དང། འོད་ཀྱི་དཀྱིལ་འཁོར་གྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱེད་པ་དང་། རྡོ་རྗེ་བདག་ཉིད་ནི་རྡོ་རྗེ་ལུས་ཅན་དུ་ཡང་འགྱུར་ཞེས་པ་ཕན་ཡོན་ཏེ། བསྐྱེད་བའི ་རིམ་པའོ། །ཡང་ན་རྡོ་རྗེ་གསུམ་ནི་ཡི་གེ་གསུམ་སྟེ། དེའི་དམ་ཚིག་ནི་ཡན་ལག་མ་ཉམས་པའི་བཟླས་པ་སྟེ། དེ་ཉིད་གྲུབ་མཆོག་ནི་རྫོགས་པས་ན་སྐུ་གསུམ་རྡོ་རྗེ་ཅན་དུ་འགྱུར་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ཏེ་། རྡོ་རྗེ་བཟླས་པའི་རིམ ་པའོ། འཁོར་ལོའི་དམ་ཚིག་ནི་རྣམ་པར་སྣང་མཛད་ཡིན་ལ། དེ་ཉིད་ཀྱི་གྲུབ་པ་ནི་སྐུ་རྫོགས་པས་ན་སངས་རྒྱས་སྐུ་ནི་རྣམ་པར་སྣང་མཛད་དང་འདྲ་བར་འགྱུར་རོ། །གཾ་གཱའི་བྱེ་སྙིང་ཐམས་ཅད་དུ་ཞེས་པ་ནི་དེ་དང་མཉམ་པའི་འཇིག་རྟེན་གྱི་ཁམས ་ཐམས་ཅད་རྣམ་པར་སྤྱོད་པ་ནི་མའི་ཁམས་ཀྱི་རང་བཞིན་གྱིས་རྣམ་པར་དག་པར་བྱེད་པ་སྟེ་བསྐྱེད་པའི་རིམ་པའོ། །འཁོར་ལོ་ནི་རྣམ་པར་ཤེས་པ་གསུམ་དང། དམ་ཚིག་ནི་རང་བཞིན་རྣམས་ཏེ་། དེ་དག་གྲུབ་པ་ནི ་འོད་གསལ་པ་ཉིད་དུ་བྱེད་པ་སྟེ། དེ་ཉིད་མཆོག་ཡིན་པས་སངས་རྒྱས་སྐུ་དང་འདྲ་བར་འགྱུར་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ཏེ། སེམས་རྣམ་པར་དག་པའི་རིམ་པའོ། །དམ་ཚིག་ཐམས་ཅད་ནི་མི་བསྐྱེད་པ་སྟེ། དེ་ཉིད་དམ་པ་ནི་དེའི་རྣམ ་པ་མངོན་དུ་བྱེད་པ་སྟེ་། དེ་རྫོགས་པས་ནི་རིག་པ་འཛིན་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་གཙོ་བོ་ནི་ཐུགས་རྡོ་རྗེ་ཉིད་དུ་འགྱུར་ཏེ་བསྐྱེད་པའི་རིམ་པའོ། །ཡང་ན་དམ་ཚིག་ཐམས་ཅད་ནི་འོད་གསལ་བ་སྟེ་།དེ་ཉིད་ལས་ཅིག་ཅར་དུ་གང་ཞིག་སྐུ ་འཕྲོ་བ་དེ་ཉིད་སྒྱུ་མ་དང་འདྲ་བའི་ཕྱིར་མཆོག་སྟེ། དེ་གྱུར་པས་ན་རིག་པ་འཛིན་པའི་གཙོ་བོར་འགྱུར་ཞེས་པ་ནི་སྔ་མ་བཞིན་ཏེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །རྡོ་རྗེ་སྐུ་ནི་རབ་བསྒོམས་པས་ཞེས་བྱ་བ་ལ་སོགས་པ་ལ། ཐམས་ཅད ་ནམ་མཁའ་ཨི་དབྱིངས་ཀྱི་རང?་བཞིན་དེ་རིན་ཆེན་།དཔལ་ལོ། །དམ་ཚིག་ནི་དོན་ཡོད་གྲུབ་པའོ། །མཆོག་ཏུ་འགྲུབ་པ་ནི་སྣང་བ་མཛའ་ཡས་སོ། །དེ་རྣམས་ཀྱི་རྡོ་རྗེ་སྐུ་ནི་རྣམ་པ་སྟེ་དེ་ཉིད་བསྒོམས་པ་ནི་དམིགས་པས་མི་སྣང་བ་ནི་ཐ་མལ ་པའི་ལུས་ངག་ཡིད་མེད་པས་སྟོང་ཁམས་དག་ཅེས་བྱ་བ་འོད་ཀྱིས་འཇིག་རྟེན་གྱི་ཁམས་སྣང་བར་བྱེད་པ་སྟེ། བསྐྱེད་པའི་རིམ་པའོ། །ཡང་ན་ཐམས་ཅད་ནི་འདོད་ཆགས་ལ་སོགས་པ་སྟེ་།དེ་རྣམས་ཀྱི་དམ་ཚིག་ནི་བཞི་པ་སྟེ་།དེ་ཉིད ་ཀྱི་མཆོག་ཏུ་གྲུབ་པ་ནི་དེ་ལ་རྗེས་སུ་ཞུགས་པའོ། །དེ་བཞིན་དུ་རྡོ་རྗེ་སྐུ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་ཏིང་ངེ་འཛིན་ཏེ། དེ་བསྒོམས་པ་ནི་དེ་ཐོབ་པས་མི་སྣང་བ་ཐམས་ཅད་ནི་འདོད་ཆགས་ཀྱི་རྣམ་པར་རྟོག་པ་ཟད་པས་རང་གི ་འོད་ཀྱིས་སྟོང་ཁམས་དག་སྣང་བར་བྱེད་པ་སྟེ། མངོན་པར་བྱང་ཆུབ་དང་ཟུང་འཇུག་གི་རིམ་པ་དག་གོ་། ད་ནི་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་ང་རྒྱལ་གྱིས་མངོན་ཤེས་དྲུག་བཤད་པར་བྱ་བའི་ཕྱིར། སངས་རྒྱས་ཀུན་ལས་འཕྲོག་པ་དང་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། འདིར?་ནི་རྣམ་པར་སྣང་མཛད་གྲུབ་པས་ལྷའི་མིག་ཐོབ་པའོ། །རིན་ཆེན་འབྱུང་ལྡན་གྲུབ་པས་ལྷའི་རྣ་བའོ། །མི་བསྐྱོད་པ་གྲུབ་པས་གཞན་གྱི་སེམས་ཤེས་པའོ། །འོད་དཔག་མེད་གྲུབ་པས་སྔོན་གྱི ་གནས་རྗེས་སུ་དྲན་པའོ། །དོན་ཡོད་གྲུབ་པ་གྲུབ་པས་ལས་ཐམས་ཅད་པ་ཡིན་པའི་ཕྱིར་རྫུ་འཕྲུལ་ལོ། །རྡོ་རྗེ་འཆང་ཆེན་པོ་གྲུབ་པས་ཟག་པ་ཟད་པར་གྱུར་པའོ། །དེ་ཉིད་བཤད་པར་བྱ་སྟེ། སངས་རྒྱས་ཀུན་ལས་འཕྲོག་པ་ནི་སྔགས ་གྱི་སྐུ་དང་ཡེ་ཤེས་ཀྱི་སྐུའི་རིམ་པས་དེ་བཞིན་གཤེགས་པ་དྲུག་གི་སྐུ་དམིགས་པས། ལྷའི་བུ་མོ་མཆོག་ནི་རིགས་ཀྱི་མ་མོ་ལྷ་མོ་སྤྱན་ལ་སོགས་པ་སྟེ། དེ་རྣམས་ལ་སྤྱོད་པ་ནི་དེ་རྣམས་ཀྱིས་འཁྱུད་པའི་རིགས་དྲུག་གི་སྐུ་རྣལ་འབྱོར་པ་གང ་གིས་བསྒོམས་པ་དེ་ལ་འདིར་འོག་ནས་འཆད་པའི་འབྲས་བུ་འབྱུང་ངོ་ཞེས་དགོངས་པ་སྟེ། གཾ་གཱའི་བྱེ་སྙེད་སངས་རྒྱས་རྣམས་ཞེས་པ་ནི་དེ་དང་འདྲ་བའི་སངས་རྒྱས་རྣམས་དང། རྡོ་རྗེ་གསུམ་ནི་ཁམས་གསུམ་ལ་གནས་པའི་སེམས་ཅན་རྣམས ་ལག་མཐིལ་གྱི་?་རང་བཞིན་དུ་མཐོང་བར་འགྱུར་རོ། །དེ་བཞིན་དུ་དེ་དང་འདྲ་བའི་སྒྲ་རྣམས་གང་ཡིན་པ་དེ་དག་ཀྱང་རྣ་བའི་ནང་དུ་ཞུགས་པའི་སྒྲ་བཞིན་དུ་མངོན་ཤེས་གཙོ་བོར་གྱུར་པས་ཐོབ་པར་འགྱུར་རོ། །དེ་བཞིན་དུ་དེ་དང་འདྲ་བའི་སྐུ་གསུང ་ཐུགས་མཚན་?་ནི་ལུས་ལ་སོགས་པ་སྐྱེད་པར་བྱེད་པའི་རྒྱུ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་བག་ཆགས་དང་ལྡན་པའི་སེམས་ཅན་ཐམས་ཅད་ཀྱི་ཡིད་ཀྱི་རོལ་མོ་ཤེས་པར་འགྱུར་རོ། །དེ་བཞིན་དུ་དེ་དང་འདྲ་བའི་སེམས་ཅན་ཐམས་ཅད་ ་ཀྱི་འཁོར་བ་དག་ན་གནས་པ་ནི་ཡུལ་དང་དུས་དང་རྣམ་པ་དེས་པའི་བདེ་འགྲོ་དང་ངན་འགྲོར་འགྲོ་བ་ཤེས་པར་གྱུར་པ་སྟེ། ཞག་གསུམ་ལོན་པ་བཞིན་དུ་ཞེས་པ་ནི་ཕུལ་དུ་བྱུང་བའི་ཚིག་གོ་། དེ་བཞིན་དུ་འགྲོ་བ་འདུལ་བར་བྱ ་བའི་ཕྱིར་དེ་དང་འདྲ་བའི་སངས་རྒྱས་སྤྲིན་ལ་སོགས་པས་བརྒྱན་པའི་དཀྱིལ་འཁོར་རྣམས་སྤྲོ་བར་བྱེད་པའོ། །བསྐལ་པ་གཾ་གཱའི་བྱེ་སྙེད་དུ་ཞེས་པ་ནི་དུས་ཀྱི་ངེས་པ་རྣམ་པར་གཅོད་པའོ། །དམ་ཚིག་ནི་རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་རྣམS ་ཀྱིས་མངོན་པར་ཤེས་པ་གང་གིས་ཐོབ་པ་དེ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏོ་ཞེས་དང་སྦྱར་རོ། །དེ་ལ་མངོན་པར་ཤེས་པ་ལྔ་ནི་ཞེས་བྱ་བ་ལ་སོགས་པས་ནི་མངོན་པར་ཤེས་པ་རྣམས་ཉེ་བར་བསྡུས་པའོ། །ད ་ནི་ཟག་པ་ཟད་པ་བཤད་པར་བྱ་བའི་ཕྱིར། སངས་རྒྱས་མངོན་ཤེས་ལྔ་དོན་སྒྲུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ནི་ལྔ་སྟེ། དེ་རྣམས་ཀྱིས་མངོན་ཤེས་ནི་ལྷའི་མིག་ལ་སོགས་པ་སྟེ། དེ་རྣམས་ཀྱི་དོན་ནི་རང་རང་གི་ཡུལ ་འཛིན་པ་སྟེ། དེ་ཉིད་ཀྱིས་སྒྲུབ་པ་ནི་དེ་བཞིན་གཤེགས་པ་ལྔ་རོ་གཅིག་པར་བྱེད་པས་རྡོ་རྗེ་འཆང་ཆེན་པོ་རྫོགས་པ་སྟེ་།དེའི་རྣམ་པ་བསྒོམས་ན་སངས་རྒྱས་རྣམས་གང་གི་སྐུ་ལ་ཡོད་པ་དེ་ནི་སངས་རྒྱས་སྐུ་སྟེ་། རྡོ་རྗེ་འཆང་དེ་ཉིད་དེ་དེ་དང ་འདྲ་བར་འགྱུར་རོ། །དེ་ནས་གཾ་གའི་བྱེ་སྙེད་གྲངས་མེད་པའི་ཞེས་པ་ནི་དེ་དང་མཚུངས་པའི་གང་ཞིག་འཁོར་ནི་ཤིན་ཏུ་ཕྲ་བའི་སེམས་ཀྱི་བག་ལ་ཉལ་ཏེ། དེ་རྣམས་ཀྱིས་བསྐོར་བ་གང་ཞིག་སྐུ་གསུང་ཐུགས་ནི་ལུས་ལ་སོགས་པའི ་བདག་ཉིད་ཀྱི་ཉེ་པར་ལེན་པའི་ཕུང་པོ་ལྔ་སྟེ་། དེ་རྣམས་བགྲོད་པར་གྱུར་པ་ནི་རྣམ་པར་སྤྱོད་པར་བྱེད་པའོ། །འཇིག་རྟེན་ཁམས་ཀུན་ཞེས་པ་ནི་འགྲོ་བ་རྣམས་ཀྱི་ཡང་སྤྱོད་བར་བྱེད་པ་སྟེ། བསྐྱེད་པའི་རིམ་པའོ། །ད་ནི་རིམ་པ་གཉིས་ཀྱི ་ཐུན་མོང་བསྙེན་པ་ལ་སོགས་པ་བཤད་པར་བྱ་བའི་ཕྱིར། བསྙེན་པའི་དམ་ཚིག་སྦྱོར་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྙེན་པ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གང་གིས་མངོན་དུ་བྱ་བ་དེ་ནི་བསྙེན་པ་ཡིན་ལ། དེ་ཉིད་དམ་ཚིག་ནི་ཐམས ་ཅད་རོ་མཉམ་པར་བྱེད་པའི་ཕྱིར་ཏེ། དེ་ཉིད་ཀྱི་སྦྱོར་བ་ནི་ཨོཾ་ཤཱ་ནྱ་ཏཱ་ལ་སོགས་པའི་སྔགས་དང་སྦྱོར་བ་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པའོ། །དེའི་རྗེས་ལ་ཉེ་བར་ནི་སྟོང་པ་ཉིད་དང་སྐུ་བསྒོམས་པའི་བར་ན་སྒྲུབ་པ་ནི་ས་བོན་གང ་གིས་བསྡུས་པར་བྱེད་པ་སྟེ་དེ་ནི་ཉེ་བར་སྒྲུབ་པའོ། །འབྱུང་བ་དེ་ཉིད་ལས་ཟླ་བ་དང་ཉི་མ་ལ་སོགས་པ་དང་ཕྱག་མཚན་འབྱུང་བ་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པའོ། །སྒྲུབ་པ་ནི་སྐུ་སྒྲུབ་པ་སྟེ་དེ་ཉིད་ཀྱི་དོན་དུ་དམ་ཚིག་ནི། ཁྱོད་ནི་རྡོར ་སེམས་ཞེས་བྱ་བ་ལ་སོགས་པས་ལྷ་མོ་རྣམས་ཀྱིས་བསྐུལ་བ་སྟེ། དེ་ནི་ལས་འཛིན་པའི་བསྡུ་བའོ། །དེ་ནས་སྒྲུབ་པ་ཆེན་པོ་ཞེས་བྱ་བ་ལ་།ཆེན་པོ་ནི་སྐུ་ལ་སོགས་པ་དང་མིག་ལ་སོགས་པ་སྟེ་། དེ་རྣམས་བྱིན་གྱིས་བརླབ་པ་སྒྲུབ་པ་ནི་སྒྲུབ་པ ་ཆེན་པོ་སྟེ་ཡན་ལག་བཞི་པའོ། །ད་ནི་མདོར་བསྟན་པ་ཡིན་ནོ། །རྡོ་རྗེ་བྱེ་བྲག་ཤེས་བྱས་ལ་ཞེས་བྱ་བ་ལ་སོགས་པ་ལ་།བཞི་པོ་དེ་རྣམས་རྡོ་རྗེ་བྱེ་བྲག་ནི་རྡོ་རྗེ་བཞི་པོའི་བརྡས་ཤེས་བྱས་ལ་དེ་ནི་བསྒོམས་ཏེ་ལས་རྣམས་ནི་རྫོགས་པའི་རིམ ་པའི་བྱ་བ་སྒྲུབ་པ་བྱེད་པའོ། །ཡང་ན་བསྐྱེད་པའི་རིམ་པས་ལྷའི་སྐུ་རྫོགས་པས་ལས་རྣམས་ནི་ཞི་བ་ལ་སོགས་པ་བྱའོ། །རྒྱས་པར་བསྟན་པར་བྱ་སྟེ། བསྙེན་པའི་ཏིང་ངེ་འཛིན་རབ་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་ལ། བསྙེན་པ་མཆོག ་ནི་སྤོས་པ་ཐམས་ཅད་དང་བྲལ་བ་སྟེ་།བྱང་ཆུབ་ནི་སྤྲིན་མེད་པའི་ནམ་མཁའ་དང་འདྲ་བའི་སྟོང་པ་ཉིད་བསྒོམ་པའོ། །ལ་ལན་རི་མཆོག་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་བརྩམས་ཏེ་ཚངས་པའི་གནས་བཞི་བསྒོམ་པའི་མཐར་ཡིན་པའི་ཕྱིར ་ངམ?། བསོད་ནམས་ཀྱི་ཚོགས་གཙོ་བོར་གྱུར་པའི་ཕྱིར་རོ་ཞེས་ཟེར་རོ། །ཉེ་བར་སྒྲུབ་པ་ཞེས་བྱ་བ་ལ། རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས། གང་ཞིག་སྐྱེ་མཆེད་ནི་སྔགས་སྤྲོ་བ་ཡོངས་སུ་གྱུར་པ་ལས་སྤྲོས་པའི་ཟླ་བ་དང་ཉི ་མ་དང་པདྨའི་གདན་རྣམས་ཏེ། དེ་རྣམས་རྣམ་པར་དཔྱད་པ་ནི་དེ་དག་གི་སྟེང་དུ་ཡི་གེ་གསུམ་ལ་སོགས་པ་དགོད་པའོ། །དེ་བཞིན་དུ་སྒྲུབ་པའི་ཚེ་བསྐུལ་བ་ནི་ལྷ་མོས་བསྐུལ་བ་ལས་བྱུང་བའི་སྔགས་ཀྱི་བདག་པ་ནི་དབུས་ཀྱི་གཙོ་བོ་སྟེ་དེ་ཉིད་སྒོམ་པ་ནི་རྫོགས ་པའོ། སྒྲུབ་པ་ཆེན་པོ་ཞེས་བྱ་བ་ལ། གཟུགས་ནི་དབུས་ཀྱི་གཙོ་བོར་དང་དཀྱིལ་འཁོར་པ་རྣམས་ཀྱི་གང་ཞིག་རང་སྔགས་རྡོ་རྗེ་ཅན་ནི་སྐུ་ལ་སོགས་པ་དང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཏེ། དེ་དག་བྱིན་གྱིས་བརླབ་པའོ། །སྐབས་ཀྱིས་ཁྱད ་པར་བཤད་པར་བྱ་སྟེ། ཕྱིར་མི་ལྡོག་པའི་དབང་ཐོབ་པས་དབུ་རྒྱན་ཞེས་པ་ནི་དབུ་ལ་བདག་པོ་ནི་དེ་བཞིན་གཤེགས་པ་རྣམས་ལ་རྡོ་རྗེ་སེམས་དཔའ་དང། གཞན་རྣམས་ལ་རིགས་དང་མཐུན་པའི་སྐུ་བསྒོམས་ན་ཡེ་ཤེས་ནི་བསྐྱེད་པའི་རིམ་པའི ་རྣལ་འབྱོར་པ་རྣམས་འགྲུབ་པར་འགྱུར་ཏེ། དང་པོ་སྦྱོར་བ་དང། དཀྱིལ་འཁོར་རྒྱལ་བ་མཆོག་དང་ལས་ཀྱི་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་རྣམས་སོ། །ལེའུ་བཅོ་བརྒྱད་པ་ལས། དང་པོ་བྱང་ཆུབ་སྟོང་པ་ཉིད། །གཉིས་པ་ས་བོན་བསྡུས་པའོ། ་གསུམ་པ་སྐུ་ནི་རྫོགས་པ་སྟེ། །བཞི་པ་ཡི་གེ་དགོང་པའོ་ཞེས་གསུངས་སོ། །རིམ་པ་གཞན་གྱིས་བཤད་པར་བྱ་བ་སྟེ། །བསྙེན་པའི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་བདུད་རྩི་ནི་ཡན་ལག་དྲུག་གི་རྣལ་འབྱོར་བསྙེན་པར་བྱ་བ་སྟེ། ་མཆོག་གི་བསྙེན་པ་བྱའོ་ཞེས་སྟོན་ཏོ། །འདུས་པའི་ཕྱི་མ་ལས་ཀྱང་ཐ་མ་མཆོག་གི་དབྱེ་བ་ཡིས་། བསྙེན་པ་རྣམ་པ་གཉིས་སུ་འདོད། །རྡོ་རྗེ་བཞི་པོས་ཐ་མ་དང། །ཡན་ལག་དྲུག་གིས་མཆོག་ཡིན་ནོ་ཞེས་གསུངས་སོ། །དེ་ལ་ཡན་ལག་དྲུག ་ནི་སྔར་བཤད་ཟིན་ཏེ། ཡན་ལག་དྲུག་པོ་དེ་དག་གིས་ཡོངས་སུ་རྫོགས་པའི་མཆོག་གི་རྣལ་འབྱོར་ལེའུ་བཅོ་བརྒྱད་པ་ལས་རྒྱས་པར་འཆད་པར་འགྱུར་ཏེ། འདིར་མ་བསྟན་ཏོ། །ཡན་ལག་དྲུག་གི་རྣལ་འབྱོར་དེ་ཡང་སྔགས་རྣམས་ཐམས་ཅད་ནི་རྫོཌ ་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱི་སྔགས་ཀྱི་དེ་ཉིད་ནི་ཀུན་རྫོབ་དང་དོན་དམ་པ་སྟེ་།དེ་དག་གི་དོན་ནི་དབྱེར་མེད་པ་སྒྲུབ་པ་སྟེ། སྔགས་ཀྱི་དེ་ཉིད་དོན་སྒྲུབ་པ་སྟེ་རྣལ་འབྱོར་རོ། །ཡན་ལག་དྲུག་པའི་རྣལ་འབྱོར་པ་རྣམས་ཀྱི་ཏིང་ངེ་འཛིན་གྱིས་གནས་པར ་བྱ་བའི་ཕྱིར། དགོན་པ་ཆེན་པོའི་ས་ཕྱོགས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགོན་པ་ཆེན་པོ་ནི་འཇུག་པའི་རྣམ་པར་ཤེས་པ་ལྡོག་པའོ། །ས་ཕྱོགས་ནི་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་ལྡོག་པའོ། །དབེན་པ་ནི་ས་བརྒྱད་པ ་ལ་ཀུན་གཞི་རྣམ་པར་ཤེས་པ་ལྡོག་པའོ། །ཆེན་པོ་ནི་ས་དགུ་པ་ལ་ལས་ཀྱི་དབང་ཉིད་དོ། །རི་བོ་ནགས་འདབས་ཆུ་རོགས་ཞེས་པ་ནིས་བཅུ་པ་དང་བཅུ་གཅིག་པ་དག་ལ་ཡེ་ཤེས་ཀྱི་དབང་ཉིད་དང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏོ། །གནས་དེ་རྣམས་ལ་ཡན ་ལག་དྲུག་གི་རྣལ་འབྱོར་སློབ་པའི་རྣལ་འབྱོར་བས་དངོས་གྲུབ་ཐོབ་པར་འགྱུར་རོ། །སྒྲུབ་པ་ཆེན་པོ་ནི་མཆོག་གི་སྒྲུབ་པ་སྟེ་། ཡན་ལག་དྲུག་གིས་བསྒོམ་པའོ། །དེ་གཙོ་བོར་གྱུར་པའི་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏོ་ཞེས་པ་དང ་སྦྱོར་ཏེ། རྫོགས་པའི་རིམ་པའོ། །གཉི་གའི་རྣལ་འབྱོར་པ་རྣམས་ཀྱི་ཉེ་པར་བསྡུ་བ་བཤད་པར་བྱ་སྟེ། ཡང་ན་རྡོ་རྗེ་བཞི་དག་གི་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་བཞི་ནི་སྟོང་པ་ཉིད་ལ་སོགས་པའི་རིམ་པས་བསྙེན་པ་ལ་སོགས་པ་བྱས་ན་དངོས་གྲུབ ་ནི་སྔགས་ཀྱི་སྐུ་ཐོབ་པར་འགྱུར་རོ། །སྐུ་གསུམ་དམ་ཚིག་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་རོ་མཉམ་པར་གྱུར་པའི་འོད་གསལ་བའོ། །དེ་ཉིད་ལས་རྣལ་འབྱོར་ནི་ཅིག་ཅར་དུ་སྒྱུ་མའི་སྐུ་བླངས་བྱ་སྟེ། དེ་བསྒོམས་ན་དངོས་གྲུབ་ནི ་ཡེ་ཤེས་ཀྱི་སྐུ་ཐོབ་པར་འགྱུར་ཏེ་། བསྐྱེད་པ་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་དག་གོ་། ད་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པའི་བཟླས་པའི་གྲངས་ཀྱིས་བྱང་ཆུབ་བཤད་པར་བྱ་བའི་ཕྱིར། དུས་བཞི་དག་ཏུ་རབ་སྦྱོར་བ་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ་།དུས་བཞི་ནི་མཚན་མོ་དང་ཉིན་མོ་ལའོ། །དེ་བས་ན་དུས་བཞིའི་བདག་ཉིད་ཀྱི་མཚན་མོ་དང་ཉིན་མོའི་ནང་ནས། སྲོག་དང་རྩོལ་བའི་འཇུག་པ་ལས་སོགས་པའི་རིམ་པས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་བཟླས་པ་སྟེ་།དེ་བཞིན ་གཤེགས་པ་དྲུག་གཙོ་བོར་གྱུར་པའི་ཕྱིར་རོ། །གནས་ལྔ་ནི་ཞག་ལྔ་ལྔས་བཟླས་པ་འབུམ་ཕྲག་རེ་བཟླས་པར་བྱས་ལ་ཟླ་བ་གཅིག་གིས་འབུམ་ཕྲག་དྲུག་བཟླས་པའོ། །གང་གིས་ཞེ་ན་བློ་ལྡན་ནི་གྲངས་བརྗེད་མི་ངས་པའི་རང་བཞིན་ཅན་གྱིས་སོ།། ་ཨོཾ་ཞེས་པ་ནི་དེས་ཉེ་བར་མཚོན་པའི་ཡི་གེ་གསུམ་སྟེ། དེ་ཉིད་ཡེ་ཤེས་རྡོ་རྗེ་ནི་འཇུག་པ་ལ་སོགས་པའི་རིམ་པས་བསྒོམས་ན་ཞེས་པ་ནི་བཟླས་པར་བྱས་ན་།སྡོམ་པ་ནི་འོད་གསལ་བ་སྟེ་དེ་ཉིད་ཐོབ་པར་འགྱུར་རོ། །ཡང་ན་ཡི་གེ་ཨོཾ་ནི་རྣམ་པར ་སྣང་མཛད་དེའི་བཟླས་པ་ནས་བརྩམས་ཏེ། ཡེ་ཤེས་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའི་བར་དུའོ། །བསྒོམས་ན་ཞེས་བྱ་བ་ལ་སོགས་བ་སྔ་མ་བཞིན་དུའོ། །རླུང་གི་གྲངས་བཤད་པར་བྱ་སྟེ། ཞག་བདུན་ཞེས་བྱ་བ་ལ་སོགས་པ་ལ། ཞག་ཅེས་པ ་ནི་ཉིན་མཚོན་རེའོ?། །བདུན་དང་ཟླ་ཕྱེད་ནི་ཉི་ཤུ་རྩ་གཉིས་ཏེ། སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་ཉི་ཤུ་རྩ་གཉིས་པའི་སྒྲས་ནི་དྲུག་བརྒྱ་མཚོན་པར་འགྱུར་ཏེ། སྲོག་དང་རྩོལ་བ་དེ་རྣམས་ཟླ་གཅིག་ནི་ཞག་སུམ་ཅུ་སྟེ། འབུམ་ཕྲག་དྲུག ་བཟླས་པར་བྱའོ། །ཇི་ལྟར་ཞེ་ན་ཕྱེད་དང་གཉིས་ཞེས་པ་ནི་འབུམ་ཕྲག་ཕྱེད་དང་བཅས་བའི་འབུམ་ཕྲག་གཅིག་ནི་ཕྱེད་དང་གཉིས་ཏེ། སྟོང་ཕྲག་བརྒྱད་དང་བཅས་པའི་འབུམ་ཕྲག་གཅིག་སྟེ། དེ་བཞིན་གཤེགས་པ་རེ་རེའི་བཟླས་པ་ཡིན ་ནོ། །གང་གི་ཕྱིར་བརྒྱད་སྟོང་དང་བཅས་པའི་འབུམ་ཕྲག་ནི་འབུམ་ཕྲག་གཅིག་བཟླས་པ་ཡིན་ནོ་ཞེས་ཟེར་རོ། །རྣལ་འབྱོར་པས་དེ་ལྟ་བུའི་རྡོ་རྗེ་དམ་ཚིག་སྟེ་རྡོ་རྗེ་བཟླས་པ་བསྒྲུབས་ནས་དངོས་གྲུབ་ནི་རྡོ་རྗེ་འཆང་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་ཏེ། ་རྡོ་རྗེ་བཟླས་པའི་རིམ་པའོ། །རབ་ཏུ་བྱེད་པ་ལས་ཀྱང། སྔགས་ཀྱི་གཞལ་མེད་བཟླས་བྱས་ནས། །སྒྲུབ་པའི་བདག་ཉིད་ཀྱིས་བསྒྲུབ་བྱ། །ཟླ་བ་གཅིག་གིས་ཁམས་གསུམ་པ། །འགྲུབ་པར་འགྱུར་ཏེ་གདོན་མི་ཟ། །སྔགས་ནི་རྣམ་ཤེས་ལས་བྱུང ་བའི་འབུམ་ཕྲག་དྲུག་ཏུ་བཟླས་བྱས་ནས། །རྡོ་རྗེ་སེམས་དཔའ་ལ་བཏུད་ན། །ཟླ་བ་ཉ་ཡིས་དེ་འགྲུབ་འགྱུར་ཞེས་འབྱུང་ངོ། །དེ་ཉིད་ཀྱི་དབྱེ་བ་གཞན་བཤད་པར་བྱ་སྟེ། ཞག་གྲངས་བྱེ་བྲག་ནི་ཉིན་མོ་དང་མཚན་མོ་སྟེ། དེ་ཉིད་ཀྱི་རབ་བསྐུལ ་བ་ནི་ཟླ་བའི་གྲངས་ཀྱིས་སོ། །ཇི་བཞིན་ཞེས་པ་ནི་འབུམ་ཕྲག་དྲུག་གང་བཤད་པ་དེ་ཉིད་ཀྱི་བཟླས་པ་རེ་ཞིག་བཞག་ལ། ཟླ་བ་ཕྱེད་ནི་དཀྱིལ་འཁོར་བཞིའི་ནང་དུ་དམར་པོ་ལ་སོགས་པའི་འོད་ཟེར་གྱི་རིམ་པས་གསང་བ་མཆོག་ནི་སྣང་སྟེ། དེ ་ལས་བྱུང་བ་ནི་གཡས་ལ་སོགས་པའི་རིམ་པས་འཛིན་པའི་རླུང་རྣམས་ཀྱིས་དངོས་གྲུབ་ནི་རྡོ་རྗེ་འཆང་གི་དངོས་གྲུབ་གསུངས་པ་སྟེ། རྡོ་རྗེ་བཟླས་པའི་རིམ་པའོ། །རབ་ཏུ་བྱེད་པ་ལས་ཀྱང། ཡའི་དོན་གྱིས་གང་ཅི་ཡང་རུང་ཞེས་བྱ་བ ་ལ་སོགས་པ་འབྱུང་ངོ། །ད་ནི་ལེའུ་དྲུག་པ་ལས་གསུངས་པའི་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ་པ་བསྟན་པར་བྱ་བའི་ཕྱིར་ཚིགས་སུ་བཅད་པ་རྣམས་བཤད་པར་བྱ་སྟེ། དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། ཉེ་བར་ནི་མངོན་དུ་ལུས ་སྐུའི་རྡོ་རྗེས་འགྲུབ་པ་ནི་མངོན་དུ་བྱེད་པ་སྟེ་དེ་ཉིད་བསྐྱེད་པའི་རིམ་པའི་རྣལ་འབྱོར་པས་ངོས་པར་བྱ་བའི་ཕྱིར་སྡོམ་པ་སྟེ། དེ་ཡུལ་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པའོ། །སངས་རྒྱས་སྐུ་འཛིན་ནི་རྣམ་པར་སྣང་མཛད་དེ་།དཔལ ་ལྡན་ནི་ཉིད་ཀྱི་རིག་མ་དག་བཅས་པའོ། །རྡོ་རྗེ་གསུམ་ནི་སྐུ་ལ་སོགས་པའི་རྡོ་རྗེ་རྣམས་ཀྱིས་མི་ཕྱེད་པས་བསྒོམ་པ་སྟེ་དེའི་རང་བཞིན་ནོ། །རང་གི་ལུས་ལ་བྱིན་གྱིས་བརླབ་པའི་གནས་ནི་རྟག་ཏུ་བཞུགས་པ་ཉིད་དེ། རྡོ་རྗེ་སྐུ ་དང་ལྡན་པ་ནི་རྣམ་པར་སྣང་མཛད་ཀྱིས་མཛད་དོ་ཞེས་གསོལ་བ་གདབ་པའོ། །ལོངས་སྤྱོད་རྫོགས་པའི་སྐུའི་སྒོ་ནས་བཤད་ནས་སྤྲུལ་པའི་སྐུའི་སྒོ་ནས་བཤད་པར་བྱ་སྟེ། ཕྱོགས་བཅུ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །གསུང་བྱིན ་གྱིས་བརླབ་བ་བཤད་བར་བྱ་སྟེ། དེ་ལ་ཞེས་བྱ་བ་ལ་སོགས་པ་ལ་སྒྲུབ་པའི་སྡོམ་པ་ནི་དག་སྣང་བ་མཛའ་ཡས་ཉིད་དུ་བྱེད་པ་སྟེ་།དེ་ཡུལ་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པའོ། །ཆོས་ནི་སྣང་བ་མཛའ་ཡས་སོ། །ཡན་ལག་བཅུ་གཉིས ་པ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བས་ན་ཉིད་གསུང་གི་ལམ་མོ། །གོས་དཀར་མོ་དང་ལྡན་པའི་ཕྱིར་དཔལ་ལྡན་ནོ། །དེ་ལྟ་བུའི་གསུང་རྡོ་རྗེ་ངག་ལ་བྱིན་གྱིས་བརླབ་པ་ནི་ཡང་དག་པར་བཞུགས་པར་མཛད་དོ་ཞེས་གསོལ་བ་གདབ་པའོ། །ཕྱོགས་བཅུ ་ཞེས་བྱ་བ་ལ་སོགས་པ་ནི་སྤྲུལ་པའི་སྐུའི་སྒོ་ནས་གསོལ་བ་བཏབ་པ་སྟེ། སྔ་མ་བཞིན་ནོ། །ཐུགས་བྱིན་གྱིས་བརླབ་པ་བཤད་པར་བྱ་སྟེ་།དེ་ལ་ཞེས་བྱ་བ་ལ་སོགས་པ་ལ་ཆེན་པོ་སེམས་ཏེ། དེ་ཉིད་སྒྲུབ་པ་ནི་མི་བསྐྱོད་ཉིད་དུ་བྱེད་བ་སྟེ། ་དེ་ཉིད་སྡོམ་པ་སྟེ་དེའི་ཡུལ་དང་ལྡན་པའི་ཏིང་ངེ་འཛིན་ཡང་དེ་བཞིན་དུ་བཤད་པའོ། །རྡོ་རྗེ་ཐུགས་འཛིན་ནི་མི་བསྐྱོད་པའོ། །ནཱ་མ་ཀཱི་དང་ལྡན་པས་ན་དཔལ་ལྡན་ནོ། །རྡོ་རྗེ་མི་བྱེད་གསུམ་ཞེས་བྱ་བ་ལ་སོགས་པ་སྒན་མ་བཞིན་ནོ། །ཕྱོགས་བཅུ་ཞེས ་བྱས་ལ་སོགས་པ་ཡང་སྔ་མ་བཞིན་དུ་སྤྲུལ་པའི་སྐུའི་སྒོ་ནས་གསོལ་བ་གདབ་པའོ། །སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ངེས་པར་བྱ་བ་ཉིད་བཤད་པར་བྱ་བ་སྟེ། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ནི་རྣམ་པར་སྣང་མཛད ་ཀྱི་རྣལ་འབྱོར་པ་དང། རྡོ་རྗེ་ཆོས་ནི་སྣང་བ་མཛའ་ཡས་ཀྱི་རྣལ་འབྱོར་པ་དང་། རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པའི་རྣལ་འབྱོར་པ་སྟེ། རྣལ་འབྱོར་པ་དེ་རྣམས་ཀྱིས་གལ་ཏེ་རྨོངས་པའི་དབང་གིས་ལེའུ་དྲུག་པ་ལས་གསུངས་པའི་ས་བོན་གྱི་སྔགས་དགོད་པ ་ཀློག་ཅིང་ཚིགས་སུ་བཅད་པ་དེ་རྣམས་ལས་འདའ་བར་བྱེད་ན་དེའི་ཚེ་རྣལ་འབྱོར་པ་དེ་རྣམས་ཚལ་པར་འགས་པའོ། །རྣལ་འབྱོར་པ་དེ་རྣམས་ཀྱི་ཡང་སྔགས་དེ་དག་བེམས་པོའི་ངོ་བོར་འགྱུར་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པའི ་ཕྱིར་རོ། །དེ་བས་ན་ཡི་གེའི་སྔགས་པའི་ཕྱིར་རོ། །དེ་བས་ན་ཡི་གེའི་སྔགས་ཙམ་ལ་མངོན་པར་ཞེན་པ་མི་བྱ་སྟེ་།ཇི་སྲིད་དེའི་སྲོག་དང་འདྲ་བའི་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབ་པའི་ཕྱིར་རོ། །ཇི་སྐད་དུ་སྔགས་ནི་ཡི་གེའི་ངོ ་པོ་ཉིད་ཅེས་བྱ་བ་ལ་སོགས་པ་འབྱུང་ངོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། །དེ་རྣམས་ཀྱི་སྦྱོར་བ་ནི་ཕྱག་རྒྱ་ཆེན་པོ་ཡོངས་སུ་གྱུར་པའོ། །དམ་ཚིག་ནི་ལྕགས་ཀྱུ་རྣམས་སོ། །སྒྲུབ་པ་ནི ་འཁོར་ལོའི་རིག་པ་འཛིན་པ་ལ་སོགས་པའི་དངོས་གྲུབ་རྣམས་སོ། །མཆོག་ནི་མངོན་པར་ཤེས་པ་ལ་སོགས་པ་སྟེ་།དེའི་ལེའུ་གང་ལས་བསྟན་པོ་དེ་ནི་དེ་བཞིན་དུ་བཤད་པའོ། །རྒྱུད་འགྲེལ་ལས་ལེའུ་བཅུ་གཉིས་པའི་ཚིག་གི་དོན་བཅུ་དྲུག ་གི་བཤད་པའོ།། །།ལེའུ་བཅུ་གཉིས་པའི་ཚིགས་སུ་བཅད་པའི་གྲངས་ནི་བཞི་བརྒྱ་ལྔ་བཅུའོ།། །ཕྱག་རྒྱ་ཆེན་པོ་ཡོངས་སུ་གྱུར་པའི་རྣལ་འབྱོར་པས་སེམས་ཅན་གྱི་དོན་བྱ་བའི་ཕྱིར་ལས་གྱི་ཚོགས་རྣམས་བྱེད?་པ་སྟེ། ་དེའི་ཕྱིར་ལེའུ་བཅུ་གསུམ་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་རྒྱ་ཆེན་པོ་ཡོངས་སུ་གྱུར་པའི་འོག་རོལ་ཏུ་བཅོམ་ལྡན་འདས་ནི་ཉོན་མོངས་པ་འཇོམས་པའི་ཕྱིར་ཏེ། བདེར་གཤེགས་ཀུན་ནི་མི་བསྐྱོད་ ་པ་ལ་སོགས་པས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། རྡོ་རྗེ་དབྱངས་གསུངས་སོ་ཞེས་དང་སྦྱར་རོ། །མི་བསྐྱོད་པ་ཇི་ལྟ་བུ་ཞེ་ན། ཡེ་ཤེས་ནི་ལྔ་སྟེ། མེ་ལོང་ལྟ་བུ་ལ་སོགས་པའོ། །མཆོག་ནི་དེ་རྣམས་ལས་བྱུང་བའི ་ཞི་བ་ལ་སོགས་པའི་ལས་རྣམས་ཏེ། དེ་དག་འཛིན་པས་ན་ཡེ་ཤེས་རྡོ་རྗེ་མཆོག་འཛིན་པའོ། །སེམས་ཅན་ཀུན་དོན་ནི་མྱ་ངན་ལས་འདས་པའི་གོང་ཁྱེར་ལ་ཞུགས་པ་སྟེ། དེའི་དོན་དུ་ཡང་དག་འབྱུང་བ་ནི་རྡོ་རྗེ་འཆང་ཆེན་པོས་སྤྲུལ་པའོ། ། ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ནི་བྱམས་པ་ལ་སོགས་པའོ། །བློ་ནི་ལྷ་མོ་སྤྱན་ལ་སོགས་པ་སྟེ། དེ་རྣམས་གང་ལ་ཡོད་པ་དེ་ནི་བློ་ལྡན་ཏེ་།དེ་བཞིན་གཤེགས་པ་རྣམས་ལ་བྱའོ། །བཅོམ་ལྡན་འདས་ཇི་ལྟ་བུ་ཞེ་ན། ཆེན་པོ་ནི་མི་བསྐྱོད་པ་ལ ་སོགས་པ་རྣམས་ལ། སྟོན་པ་མཛད་པས་ན་ཆེན་པོའོ། །རྣམ་པ་སྣ་ཚོགས་པའི་ལས་ཀྱི་ཚོགས་ཀྱིས་གདུག་པ་རྣམས་འདུལ་པར་མཛད་པས་ན་ཐུབ་པའོ། །ཐམས་ཅད་ནི་སྐུ་གསུང་ཐུགས་ཀྱི་དོན་ནི་རང་བཞིན་མེད་པར་བྱ་བ་རྡོ་རྗེ་བཟླས་པ་སྟེ། དེ་ཉིད ་མི་གཡོ་བ་ཡིན་པས་ན་རྡོ་རྗེའོ། །དེ་སྟོན་པར་མཛད་པས་ན་དོན་ཀུན་རྡོ་རྗེ་ཅན་ནོ། །མཆོད་པ་ནི་ཕྱི་ནང་གསང་བ་ལ་སོགས་པ་དང། དམ་ཚིག་ནི་བསྲུང་བ་དང་བཟའ་བར་བྱ་བ་ལ་སོགས་པ་སྟེ། དེ་རྣམས་ཀྱི་དེ་ཉིད་ནི་དོན་དམ་པ་མཁྱེན་པས་ན་དེ་ལ་ཕྱག ་འཚལ་པ་ནི་བཏུད་དེ། དབྱངས་ནི་དད་པ་དང་བཅས་གསོལ་བ་གདབ་པའི་ཚིག་གསུངས་པ་ནི་སྟོན་ཏེ། བསྐྱེད་པ་དང་རྡོ་རྗེ་བཟླས་པའི་རིམ་པ་དང་བསྒྲུབ?་པ་རྣམས་སོ། །ེ་མའོ་ནི་ངོ?་མཚར་བའོ?། །སངས་རྒྱས་ཚུལ་རེ་བཟང?་ནི་ཕྱག་རྒྱ་ཆེན་པོ་ཡོངས ་སུ་གྱུར་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་གང་ཡིན་པ་དེ་ནི་ངོ་མཚར་པར་གྱུར་པའོ། །དེ་བཞིན་དུ་བྱང་ཆུབ་ཚུལ་རེ་བཟང་ནི་འཁོར་ལོའི་རིག་པ་འཛིན་པ་ལ་སོགས་པ་དངོས་གྲུབ་ཀྱི་བསྒོམ་པའི་རིམ་པ་གང་ཡིན་པ་དེ་ཡང་ངོ་མཚར་བར ་གྱུར་པའོ། །དེ་བཞིན་དུ་ཆོས་ཀྱི་ཚུལ་དེ་བཟང?་བ་ནི་ལྕགས་ཀྱུ་ལ་སོགས་པ་སྦྱང་ཞིང་སྤྱོད་པ་གང་ཡིན་པ་དེ་ཡང་ངོ་མཚར་བའོ། །དེ་བཞིན་དུ་སྔགས་ཀྱི་ཐབས་འཛིན་པས་ན་སྔགས་ནི་རྡོ་རྗེ་བཞི་དང་ཡན་ལག་དྲུག་པའི་རྣལ་འབྱོར་རོ། །ཚུལ་ནི་སྐུ་གསུང ་ཐུགས་བྱིན་གྱིས་བརླབ་པ་སྟེ་ངོ་མཚར་བའོ། །དེ་བས་ན་འདི་དག་ཐམས་ཅད་ཁོ་བོ་ཅག་གིས་བསྟན་པར་བྱ་སྟེ། ཁོང་དུ་ཆུད་པ་ཡིན་གྱིས་འོན་ཀྱང་བཅོམ་ལྡན་འདས་ཀྱིས་བསྟན་པ་ནི་བདག་ཅག་ལ་འདི་ལྟར་སྣང་སྟེ། ཆོས་ནི་བསྟན་པ་དང་གཡོ་བའི ་དངོས་པོ་འདི་དག་དོན་དམ་པར་དཔྱད་ན་མ་སྐྱེས་པ་སྟེ་ཐོག་མ་ཉིད་དུ་མ་སྐྱེས་པའོ། །དེ་བཞིན་དུ་ཁྱད་པར་ཅན་ནི་དངོས་པོ་ཡོད་དོ་ཞེས་པའི་རྟོག་པ་ལས་འདས་ནས་གནས་པའོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་མི་རྟོག་པ་ནི་མིང་དང་རིགས་ལ་སོགས་པའི་རྟོག ་པ་ལས་འདས་པ་སྟེ། ཆོས་ཅན་ཡོད་ན་ཆོས་རྣམས་ཀྱི། འཇིག་རྟེན་པ་ལ་བསམ་པ་འཇུག་ཅེས་རིགས་པས་སོ། །དེ་བས་ན་ཡང་དག་པ་ནི་ངག་གི་སྤྱོད་ཡུལ་ལས་འདས་པ་སྟེ། དངོས་པོ་དང་དངོས་པོ་མེད་པ་ཉིད་དུ་བརྗོད་དུ་མི་ནུས་པའོ། །དེ་དང་འདྲ་བ ་ནི་ཕུང་པོ་ལ་སོགས་པའི་ཆོས་རྣམས་ཀྱི་ཡུལ་དུ་ཡེ་ཤེས་འབྱུང་བ་ནི་རྡོ་རྗེ་འཆང་ཆེན་པོའི་དེ་ཁོ་ན་ཉིད་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་ལོངས་སྤྱོད་རྫོགས་པའི་སྐུ། རབ་ཏུ་བཤད་པ་ནི་བསྟན་པ་སྟེ་ངོ་མཚར་བའོ། །འདི་དང་འདྲ་བའི་བཅོམ་ལྡན ་འདས་ཀྱིས་བསྟན་པ་དེ་ནི་སྐུ་རིན་ཆེན་ཏེ། ཁོ་བོ་ཅག་གིས་རྟོགས་སོ། །འོན་ཀྱང་བཅོམ་ལྡན་འདས་དབང་ཕྱུག་ཆེན་པོ་ཐོབ་པ་སྟེ། རྡོ་རྗེ་བཟླས་པ་ནི་མི་ཕྱེད་པའི་ཡེ་ཤེས་ཀྱི་བཟླས་པ། བཤད་དུ་གསོལ་ཏེ་བཀའ་སྩོལ་ཅིག་པའོ། །ཇི་ལྟར་ཞེ་ན། ་ཡིད་འོད་སྟེ་དག་གི་སྤྲོས་པ་ལས་འདས་པས་སོ། །སྔགས་རྣམས་ཀུན་བསྡུས་པས་ནི་ཨཱ་ལི་དང་ཀཱ་ལི་ཡང་དག་པར་བསྡུས་པ་ཡི་གེ་གསུམ་སྟེ། དེ་ལ་དམིགས་པས་ན་དེ་ཡང་སྔགས་རྣམས་ཀུན་བསྡུས་པའོ། །ཡེ་ཤེས་ཆེ་ནི་རྡོ་རྗེ་འཆང་ཆེན ་པོའི་གོ་འཕང་ཐོབ་པར་བྱེད་པས་ན་ཡེ་ཤེས་ཆེའོ། །སྐུ་གསུམ་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་གསུམ་མོ། །དེ་དག་ཡན་ལག་མ་ཉམས་པའི་བཟླས་པའི་རིམ་གྱིས་མི་ཕྱེད་པས་ན་སྐུ་གསུམ་ནི་མི ་ཕྱེད་པའོ། །ཉིན་མོ་དང་མཚན་མོ་རྒྱུན་མ་ཆད་པར་ཟོ?་ཆུན་གྱི་འཁྲུལ་འཁོར་དང་འདྲ་བར་འབྱུང་བས་ན་དཀྱིལ་འཁོར་བཞིན་དཀྱིལ་འཁོར་རོ། །ཡང་ན་ཆུའི་དཀྱིལ་འཁོར་ལ་སོགས་པ་ལས་གཡས་ལ་སོགས་པའི་དབྱེ་པས་འབྱུང་བས་ན་དཀྱིལ ་འཁོར་རོ། །དེ་ལྟ་བུའི་རྡོ་རྗེ་བཟླས་པ་གསུངས་ཞེས་པ་ནི་བཤད་དུ་གསོལ་བ་སྟེ། གང་གིས་རྡོ་རྗེ་མི་ཕྱེད་གསུམ་བསྒོམ་པ་ནི། ཡན་ལག་མ་ཉམས་པའི་བཟླས་པའི་རིམ་པས། སངས་རྒྱས་ཡེ་ཤེས་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས ་རྣམས་ཐོབ་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་བཟླས་པའི་སྦྱོར་པས། སངས་རྒྱས་ཀུན་གྱིས་བྱིན་གྱིས་རློབ་པ་ནི། སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་དུ་རྣལ་འབྱོར་པར་འགྱུར་རོ། །འབའ་ཞིག་པའི་རྡོ་རྗེ་བཟླས་པ་ནི་བཅོམ་ལྡན་འདས་ཀྱིས ་གསུང་བ་མ་ཡིན་ཏེ། འོན་ཀྱང་ཇི་སྲིད་རིགས་ནི་དེ་བཞིན་གཤེགས་པ་ལྔའི་དབྱེ་བ་དང། གསང་སྔགས་ཐམས་ཅད་ནི་རྡོ་རྗེ་འཆང་སྟེ་དེའི་དབྱེ་བས་སོ། །ཇི་ལྟ་བུ་ཞེ་ན་།སྐུ་གསུང་ཐུགས་ཀྱི་མཚན་ནི་སྐུ་གསུང་ཐུགས་འོད་གསལ་པ་ཉིད་དུ ་མཚོན?་པ་སྟེ། གང་གིས་ཐོབ་པར་འགྱུར་བ་དེ་ནི་དེ་བཞིན་དུ་བཤད་པའོ། །ཡང་ཇི་ལྟ་བུ་ཞེ་ན། སྔགས་ནི་ཡི་གེ་གསུམ་གྱིས་བདག་ཉིད་དུ་བསྡུ་བ་སྟེ། དེ་རྣམས་ཀྱི་བཟླས་པ་ནི་དབྱངས་བརྗོད་པ་དང་བྲལ་བ། དེ་རིང་གསུངས་ཞེས་པ་ནི། ་བཀའ་སྩལ་བར?་མཛོད་ཅིག་ཅེས་སྟོན་ཏོ། །ཡེ་ཤེས་རྒྱ་མཚོ་ནི་བྱང་ཆུབ་སེམས་དཔའ་འདི་རྣམས་དང། བདག་ཅག་རྣམས་གསན་པ་ནི་ཐོས་ནས་དེ་ཉིད་མངོན་དུ་བྱེད་པའོ། །གང་གི་ཕྱིར་བཅོམ་ལྡན་འདས་བདག་ཅག་གིས། འདི་ལྟར ་ཐོས་དང་མཐོང་བ་སྟེ། དུས་གསུམ་ལས་འབྱུང་བ་ནི། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་ལ་བཞུགས་པའི་སངས་རྒྱས་ནི་གྲུབ་པ་རྣམས་དང། དེ་བཞིན་དུ་འབྱུང་བ་ནི་སྣོན་པའི་བྱང་ཆུབ་ཀྱི་སེམས་དང་ལྡན་པ་སྟེ། སློབ་བཞིན་པ་རྣམས་སོ། །དེ ་དག་ཐམས་ཅད་རྡོ་རྗེ་སྔགས་ནི་རྡོ་རྗེ་བཟླས་པ་བསྒོམས་ན་།སྐུ་གསུང་ཐུགས་རྡོ་རྗེ་ཅན་ནི་རྡོ་རྗེ་འཆང་ཆེན་པོའི་མཉམ་མེད་ནི་ཐུན་མོང་མ་ཡིན་པའི་ཡེ་ཤེས་ཏེ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཐོབ་པར་གྱུར་པ་དང་འཐོབ་པའོ། །དེ་བས་ན་དེ་ལྟ་བུའི་རྡོ་རྗེ་བཟླས ་པ་བཤད་དུ་གསོལ་ཞེས་གསོལ་བ་གདབ་པས། བསྐྱེད་པའི་རིམ་པ་དང་བསྒྲུབ་པ་དང་རྡོ་རྗེ་བཟླས་པ་རྣམས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཞེས་པ་ནི་དེ་བཞིན་གཤེགས་པས་གསོལ་བ་བཏབ་པའི་འོག་ཏུའོ། །རྡོ་རྗེ་ནི་ཡན་ལག་མ་ཉམས ་པའི་བཟླས་པ་འཛིན་པས་ན་རྡོ་རྗེ་འཛིན་ནོ། །འཇུག་པ་ལ་སོགས་པའི་རིམ་པས་སེམས་འདུལ་བར་མཛད་པས་ན་སྟོན་པའོ། །ནམ་མཁའ་བཞིན་དུ་དམིགས་པ་མེད་པའི་རྡོ་རྗེ་ནི། ནམ་མཁའ་ཨི་རྡོ་རྗེ་དེ་ཉིད་ཡེ་ཤེས་རྣམས་ཏེ་སྲོག་ལ་སོགས་པའི་རླུང་རྣམས་སོ། ། ་དེ་རྣམས་གང་ལས་བྱུང་བ་དེ་ནི་ནམ་མཁའ་རྡོ་རྗེ་ཡེ་ཤེས་འབྱུང་སྟེ། འོད་གསལ་བའི་ངོ་བོའོ། །དཀྱིལ་འཁོར་སྤྲོས་ནས་ཞི་བ་ལ་སོགས་པ་མཛད་པས་ན་བྱེད་པའོ། །མཚན་མོ་དང་ཉིན་མོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་སྲོག་དང་རྩོལ་བར་སྤྲུལ་པས་ནི་བསྐྱེད་པའོ།། ་དམ་པ་ནི་སྔགས་ཀྱི་ཆོགས?་ཏེ་དེ་རྣམས་བསྐྱེད་པའི་ཕྱིར་མཆོག་ནི་ཡི་གེ་ཕྱི་མོ་སྟེ་དེ་ཉིད་ཀྱང་བསྡུས་པའི་ཕྱིར་གཙོ་བོ་ནི་ཡི་གེ་གསུམ་སྟེ། དེའི་བདག་ཉིད་ཡིན་པའི་ཕྱིར་དམ་པ་མཆོག་གི་གཙོ་བོའོ། །དེ་ལྟ་བུའི་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་བཟླས་པ ་འདི་ནི་མི་ཕྱེད་པའི་བཟླས་པ་གསུངས་སོ་ཞེས་པ་ནི་བཀའ་སྩལ་པ་སྟེ། སྡུད་པ་པོའི་ཚིགས་སུ་བཅད་པའོ། །འདིར་ནི་རྡོ་རྗེ་བཟླས་པ་བཅུ་གཅིག་ཡོད་པ་སྟེ། དེ་ལ་དང་པོ་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་གྱི་རྡོ་རྗེ་བཟླས་པ་བཤད་པར་བྱ་བའི་ཕྱིར། སྔགS ་ཀྱི་དོན་ཀུན་བཟླས་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་ཀུན་ནི་ཨཱ་ལི་ཀཱ་ལིའི་རང་བཞིན་སྟེ། དེ་རྣམས་ཀྱི་དོན་ནི་ཡི་གེ་གསུམ་སྟེ། དེ་ཉིད་བཟླས་པ་ནི་འཇུག་པ་ལ་སོགས་པས་སོ། །བཟླས་པ་དེ་ཇི་ལྟ་བུ་ཞེ་ན། ་རྡོ་རྗེ་གསུམ་ནི་དེ་བཞིན་གཤེགས་པ་གསུམ་གྱིས་མི་ཕྱེད་ནི་གཅིག་ཏུ་གྱུར་པའི། མཚན་ནི་མཚན་ཉིད་གང་ལ་ཡོད་པ། དེ་ནི་རྡོ་རྗེ་མི་ཕྱེད་གསུམ་གྱིས་མཚན་པའོ། །དབྱེ་བ་གསུམ་གྱི་གནས་པའི་གང་ཞིག་རྡོ་རྗེ་ནི་སྐུ་གསུང་ཐུགས་ཀྱི ་གནས་ཏེ་སྤྱི་བོ་དང་མགྲིན་པ་དང་སྙིང་ཀ་རྣམས་སོ། །དེ་དག་གི་མཛའ་ཨི་ནི་རྩིབས་བརྒྱད་པའི་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོར་གནས་པའི་ཡི་གེ་ཨཱའོ། །ཡི་གེ་ཨ་དེ་ཉིད་ལ་དགོད་པ་ནི། དེ་རྣམས་ཐིམ་པར་བྱས་ན། རྡོ་རྗེ་འདི་ནི་རྡོ་རྗེ་འཆང་ཆེན་པོའི ་བཟླས་པ་འདི་བཤད་པ་ཡིན་ནོ། །ཡི་གེ་ཨ་ཙམ་ལ་ཐམས་ཅད་ཐིམ་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་ཞུགས་ཏེ། འཇུག་པ་ལ་སོགས་པ་དང་བྲལ་བའི་རྣལ་འབྱོར་པས་གནས་པར་བྱ་སྟེ། རྡོ་རྗེ་འཆང་ཆེན་པོའི་བཟླས་པའོ། །སྐུ་གསུང ་ཐུགས་ཀྱི་གནས་རྣམས་སུ་ཞེས་བྱ་པ་ལ་སོགས་པ་ལ། གཞན་གྱི་དོན་བྱ་བའི་ཕྱིར་ཡི་གེ་ཧཱུཾ་ལ་སོགས་པའི་རིམ་པས་སྤྲོ་བ་བྱས་ལ། སྐུ་གསུང་ཐུས་ཀྱི་གནས་ནི་ཡི་གེ་ཧཱུཾ་ལ་སོགས་པ་དེ་ཉིད་དེ། དེ་རྣམས་ལ་དམིགས་ནས་སྤྲོ་བ་ནི་འོད ་ཟེར་གྱི་འཁོ་ལོ་སྤྲོ་བར་བྱའོ། །རྡོ་རྗེ་བཟླས་པ་འདི་ཡིས་ནི་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོའི་བཟླས་པས། རྡོ་རྗེ་གསུམ་གྱི་ཐུགས་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་དང་འདྲ་བར་རྣལ་འབྱོར་པ་འགྱུར་རོ་ཞེས་ཕན་ཡོན་བསྟན་ཏོ། །རྡོ་རྗེ་འཆང་ཆེན་པོའི་སྤྲོ? ་བའི་རྣམ་པ་གཞན་བཤད་པའི་ཕྱིར་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ནི་སྣང་བ་དང་བཅས་པའི་དེ་བཞིན་གཤེགས་པ་རྣམས་ཡི་གེ་ཨ་དེ་ཉིད་ལས་སྤྲོས་ཏེ། ་མཆོད་པའི་མཆོག་བརྟགས་པ་ནི་འདི་ཉིད་ཡིན་གྱི་གཞན་ནི་མ་ཡིན་ནོ། །ཡེ་ཤེས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ཡང་ན་དེ་བཞིན་དུ་སངས་རྒྱས་རྣམས་བསྒོམས་ལ་ཡེ་གེ་ཨ་ལས་ཡི་གེ་གསུམ་སྤྲོས་ཏེ་།དེ་ཉིད་འཇུག་པ་ལ་སོགས་པའི ་རིམ་པས་བཟླས་ཤིང་འདི་ཉིད་ཀྱིས་མཆོད་པའི་མཆོག་བརྟག་པ་ནི་བླ་ན་མེད་པའི་མཆོད་པའི་ཆོགས་འགྲུབ་པ་དང། བྱང་ཆུབ་སྟེར་བར་བྱེད་པ་ནི་སངས་རྒྱས་ཉིད་ཐོབ་པར་བྱེད་པའོ་ཞེས་སྟོན་ཏོ། །ཡང་ན་དབྱེ་བ་རྣམ་གསུམ་གྱིས་ཞེས་བྱ་བ་ལ་སོགས་པ་ལ། ་ཨ་ལས་བྱུང་པའི་ཡི་གེ་གསུམ་གྱི་འོད་ཟེར་རྣམས་ལས། དབྱེ་བ་གསུམ་ནི་ལྷ་མོ་དང་ཁྲོ་བོ་དང་བྱང་ཆུབ་སེམས་དཔའ་ཨི་དབྱེ་བས་སྤྲོ་བར་བྱའོ། །ཇི་ལྟར་ཞེ་ན། སོ་སོ་དག་ཏུ་ཞེས་པ་ནི་རིགས་ཀྱི་དབྱེ་བས་སོ། །དེ་རྣམས་ཀྱི་ཡང་སྐུ་གསུང་ཐུགས་བདག་མེད་པའི་ངོ ་བོ་བལྟས་འོ། ཡེ་ཤེས་སེམས་ནི་དམིགས་པ་མེད་པའི་སེམས་ཀྱིས། ཡང་དག་སྤྲོ་བ་ནི་ནམ་མཁའ་ལ་སྤྲོ་བར་བྱའོ། །རིགས་གསུམ་གྱི་དབྱེ་བས་བརྗོད་པ་ནི་སྤྲོས་ཏེ། ཡང་སྤྲོ་བ་ནི་ཡི་གེ་གསུམ་པོ་དེ་ཉིད་དུ་ཐིམ་པར་བྱའོ། །རྫོགས་པ་ནི་སྤྲོ་བ་རྫོགས་ནས་ཡི་གེ ་གསུམ་ཡང་ཡི་གེ་ཨ་ལ་བསྡུས་པ་ནི་ཐིམ་པར་བྱའོ། །འདི་ཞེས་པ་ནི་རྡོ་རྗེ་བཟླས་པ་འདི་སངས་རྒྱས་རྣམས་ཀུན་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱི་ཞེས་བྱ་བའོ། །ཇི་ལྟ་བུ་ཞེ་ན། ཡེ་ཤེས་སྤྱན་ཕྱེ་བ་ཞེས་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས ་ཀྱིས་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཤེས་པས་སོ། །སངས་རྒྱས་རྣམས་ཀུན་གྱིས་ཞེས་པའི་དྲུག་པ་ནི་བྱེད་པ་པོའི་དོན་དུ་སྟེ། རྡོ་རྗེ་འཆང་ཆེན་པོའི་བཟླས་པའོ། །སྐུའི་རྡོ་རྗེ་རྫོགས་བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་ལ། རེ་ཞིག་དང་པོ་རང་གི་བདག་ཉིད ་རྣམ་པར་སྣང་མཛད་དུ་ཅིག་ཅར་དུ་བསམས་ཏེ། ཡི་གེ་ཨོཾ་ལ་ཡི་གེ་གཉིས་ཐིམ་སྟེ། དེ་ཉིད་འཇུག་པ་ལ་སོགས་པའི་རིམ་པས་འཛིན་ཞིང་ཁམས་གསུམ་པ་ཡང་རང་གིS་ལུས་ལ་ཞུགས་པར་བྱས་ན་སྐུའི་རྡོ་རྗེའི་རྫོགས་པའི་བྱང་ཆུབ་ཐོབ་ལ། དངོས ་དང་དངོས་མེད་རྣམ་དཔྱད་པ་ཞེས་པ་ནི་རང་དང་གཞན་རྣམས་ཡོད་པ་དང་མེད་པ་ལས་འདས་བར་བསམས་ཏེ། འདི་སངས་རྒྱས་ཀུན་ཞེས་པ་ནི་རྣམ་པར་སྣང་མཛད་ཀྱི་རང་བཞིན་གྱི་སྐུའི་བཟླས་པ་བཤད་པ་སྟེ། སྐུའི་བཟླས་པའོ།། ་གསུང་གི་དམ་ཚིག་རྫོགས་བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་ལ། སྔ་མ་བཞིན་དུ་རང་གི་བདག་ཉིད་ཅིག་ཅར་དུ་ངག་གིས་དབང་ཕྱུག་ཏུ་བསམས་ལ། ཡི་གེ་ཨཱ:ལ་ཡི་གེ་གཉིས་ཐིམ་ཞིང། དེ་ཉིད་འཇུག་པ་ལ་སོགས་པའི་རིམ་པས་འཛིན ་ཏེ། ཁམས་གསུམ་པའི་ཟིན་པ་དང་མ་ཟིན་པ་ལ་སོགས་པའི་སྒྲ་རྣམས་གཅིག་ཏུ་བྱས་པས། སྒྲ་དང་སྒྲ་མིན་རྣམ་དཔྱད་པ་ནི། ཡོད་པ་དང་མེད་པ་ལས་འདས་པར་རང་གཞན་གྱི་སྒྲ་རྣམས་བསྒོམས་ནས་གནས་པ་གང་ཡིན་པ་དེ་ནི་གསུང་གི ་བཟླས་པར་བཤད་པ་སྟེ། གསུང་གི་བཟླས་པའོ། །ཐུགས་ཀྱི་དམ་ཚིག་རྫོགས་བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་ལ། སྔ་མ་བཞིན་དུ་ཐུགས་ཀྱི་དམ་ཚིག་ནི་ཡི་གེ་ཧཱུཾ་ལ་ཁམས་གསུམ་པའི་སེམས། རྫོགས་པའི་བྱང་ཆུབ་ཅེས་བྱ་བས ་ཟིམ?་པར་བསྟན་ལ། སྤྲོས་པའི་དྲ་བ་ཐམས་ཅད་འདི་སེམས་ལ་གནས་པ་ཞེས་བྱ་བ་ནི་གང་ཞིག་རྡོ་རྗེ་བཞིན་དུ་བརྟན་པའོ། །རྣམ་པར་དཔྱད་པ་ནི་སྒོམ་པ་སྟེ། དེ་ཉིད་ཐུགས་ཀྱི་རྡོ་རྗེ་ཞེས་བྱ་བར་བརྗོད་པ་རྡོ་རྗེ་བཟླས་པ་ཞེས་བཤད་པ་སྟེ། ཐུགས ་ཀྱི་བཟླས་པའོ། །དོན་གྱི་རྗེས་འགྲོའི་བཟླས་པའི་ཞེས་བྱ་བ་ལ་སོགས་པ་ལ། དོན་གྱི་ཡི་གེ་གསུམ་གྱི་དོན་ཏེ། ཡེ་ཤེས་གསུམ་གྱི་རང་བཞིན་དེ་བཞིན་གཤེཌ་པ་གསུམ་མོ། །དེ་རྣམས་དང་རྗེས་སུ་འགྲོ་བ་ནི་འཇུག་པ་ལ་སོགས་པའི་རང་བཞིན ་གྱིས་དེའི་ངོ་བོ་ཉིད་ཀྱིས་བཟླས་པས་དང་པོའི་སེམས་དབང་དུ་བྱས་ལ། དེའི་འོག་ཏུ་ཐམས་ཅད་འདིར་སྟོང་པ་ཡིན་ནོ་ཞེས་ངོ་བོ་ཉིད་མེད་པ་དང། རྣམ་པར་རྟོག་པ་ཐམས་ཅད་མེད་པས་བཟང་པོ་སྟེ། དེས་སངས་རྒྱས་ཐམས་ཅད་ནི་སྣོད་དང ་འཇིག་རྟེན་གྱི་ཁམས་དང། དུས་གསུམ་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱང་གང་ཞིག་ངོ་བོ་ཉིད་མེད་པ་ཞེས་བྱ་བའི་རྣམ་པར་དཔྱད་པ། དེ་ནི་རིན་ཆེན་འབྱུང་ལྡན་གྱི་བཟླས་པ་སྟེ། ནམ་མཁའ་ཨི་དབྱིངས་ཀྱི་རང་བཞིན་ཡིན་བའི་ཕྱིར་ཇི་སྲིད་ཁྱབ ་པར་བྱེད་པ་སྟེ། རིན་ཆེན་བཟླས་པའོ། །སངས་རྒྱས་ཞིང་རྣམས་ཐམས་ཅད་དུ་ཞེས་བྱ་བ་ལ་སོགས་པ་ལ། ཡི་གེ་གསུམ་པོ་དེ་ཉིད་དོན་ཡོད་གྲུབ་པའི་ཏིང་ངེ་འཛིན་སྔོན་དུ་འགྲོ་བར་བསམས་ལ། དཀྱིལ་འཁོར་བཞི་པོ་ལས་སྐུའི་སྤྲིན་རྣམས་ནི་སྣ ་ཚོགས་པའི་རིགས་དང་ལྡན་པའི་དེ་བཞིན་གཤེགས་པའི་ཚོགས། སངས་རྒྱས་ཞིང་རྣམས་ཐམས་ཅད་དུ་ཞེས་པ་ནི་ཕྱོགས་དང་མཚམས་རྣམས་ཐམས་ཅད་ལ་སྤྲོ་བ་སྟེ། བཞུད་ཅིང་བྱོན་པ་ནི་སྤྲོ་བ་དང་བསྡུ་བས་རྡོ་རྗེའི་དོན་ནི་སེམས་ཅན་གྱི་དོན་བྱས་ལ། ་གང་ཞིག་གནས་པར་གྱུར་བ་དེ་ནི་བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་ཀྱི་མཚན་ཉིད་ཅན་དང། རླུང་གི་ཁམས་རྣམ་པར་དག་པས་ལས་ཐམས་ཅད་པ་དང། དམ་ཚིག་གི་རིགས་ཀྱི་བདག་ཉིད་ཀྱི་ཐོགས་མེད་ཀྱི་བཟླས་པ་ནི་དོན་ཡོད་གྲུབ་པའི་བཟླས་པའོ། ། ་ཁྲོ་བོའི་དམ་ཚིག་ཡེ་ཤེས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། དབྱངས་བརྗོད་པ་མེད་པའི་བཟླས་པ་ཡོངས་སུ་སྤངས་ལ་ཞི་བ་ལ་སོགས་པའི་ལས་བསྒྲུབ་པར་བྱ་བའི་ཕྱིར་གསལ་བའི་དང་གི་སྔགས་ནི་སྤྲུལ་ལ་སོགས་པ་སྟེ། ཡི་གེ་ནི་ཨོཾ་ལ་སོགས་པའི ་ས་བོན་རྣམས་ཏེ། དེ་དག་རང་གི་རྡོ་རྗེ་ནི་ལྕེས་དཀྱིལ་འཁོར་ནི་དཀྱིལ་འཁོར་བཞིན་དུ་གསལ་བ་དེ་བཞིན་དུ་བརྗོད་པར་བྱ་བ་སྟེ། ཇི་བཞིན་དུ་ཐོས་པ་ནི་རྣལ་འབྱོར་ཕ་རང་དང་གཞན་གྱིས་ཀྱང་ཐོས་པར་འགྱུར་རོ། །ཁྲོ་བོའི་དམ་ཚིག་ནི་མྱུར་བ་དང་དལ་བུས ་བྲལ་བའི། གང་ཞིག་ཡེ་ཤེས་ནི་བར་བའི་ངག་སྟེ་དེས་བཟླས་པ་གང་ཡིན་པ་དེ་ནི་ཁྲོ་བོའི་བཟླས་པར་བཤད་པ་སྟེ། ཁྲོ་བོའི་བཟླས་པའོ། །འདོད་པའི་དོན་གྱིས་མྱོས་འགྱུར་བ་ཞེས་བྱ་བ་ལ་སོགས་པ་ལ། སྐུ་རྡོ་རྗེའི་ཏིང་ངེ་འཛིན་མངོན་དུ་བྱས ་ལ། ལྟེ་བའི་འཁོར་ལོར་ཡི་གེ་ཨོཾ་ལ་ཡི་གེ་གཉིས་ཐིམ་པར་བསམས་ལ། འདོད་པའི་དོན་ནི་ལོངས་སྤྱོད་པའི་དོན་དུ། མྱོས་འགྱུར་བ་ནི་གཡེང་བར་འགྱུར་བ། ཀུན་ཏུ་ནི་རྣམ་པ་ཐམས་ཅད་དུ། སྲོག་ནི་ལུས་པོ་ལ་ཕན་པར ་བརྟག་པ་ནི་འཚོ་བར་འདོད་པ་སྟེ། སེམས་ཅན་དེ་རྣམས་འོད་ཟེར་གྱིས་བཀུག་ལ་དེ་ཉིད་དུ་ཐིམ་ཞིང། གཏི་མུག་གནས་ནི་གཏི་མུག་རྣམ་པར་དག་པ་སྟེ། དེ་ལ་སེམས་ཅན་ཐམས་ཅད་གཏི་མུག་རྣམ་པར་དག་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ལ ་གནས་ཤིང་བཟླས་པ་གང་ཡིན་པ་དེ་ནི་གཏི་མུག་བཟླས་པར་བཤད་པ་སྟེ། གཏི་མུག་གི་བཟླས་པའོ། །འདོད་ཆགས་རྡོ་རྗེ་ལས་བྱུང་ཚིག་ཅེས་བྱ་བ་ལ་སོགས་པ་ལ། སྔ་མ་བཞིན་དུ་ལྟེ་བའི་འཁོར་ལོར་ཡི་གེ་ཨ་བཀོད་ལ། ལུས་ངག་སེམས་ལ ་གནས་པ་ནི་ཁམས་གསུམ་པའི་སེམས་ཅན་རྣམས་ཏེ། དེ་དག་གི་ཚིག་འདོད་ཆགས་ནི་བདག་དང་བདག་གི་མངོན་པར་ཞན་པ་གནས་ངན་ལེན་པས་བརྟན་པའི་ཕྱིར་རྡོ་རྗེ་ལས་བྱུང་བ་སྟེ། དེ་ལྟ་བུའི་སྒྲའི་བདག་ཉིད་ཀྱི་ཚིག་དེའི་འོད་ཟེར་གྱིས་བཀུག་ཅིང། ་འདོད་ཆགས་མཚོར་གནས་ནི་འདོད་ཆགས་རྣམ་པར་དག་པའི་གནས་ལ་སེམས་ཅན་ཐམས་ཅད་བདག་གིས་བཞག་པར་བྱའོ་ཞེས་རྣལ་འབྱོར་པ་གང་གིས་དམིགས་པར་བྱེད་པ་དེ་ཉིད་འདོད་ཆགས་བཟླས་པར་བཤད་པ་སྟེ། འདོད་ཆགས་ཀྱིས་བཟླས ་པའོ། །ཞེ་སྡང་རྡོ་རྗེ་ལས་བྱུང་སེམས་ཞེས་བྱ་བ་ལ་སོགས་པ་ལ། སྔ་མ་བཞིན་དུ་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པས་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོར་ཡི་གེ་ཧཱུཾ་བཀོད་ལ། དེའི་འོད་ཟེར་གྱིས་ལུས་ངག་སེམས་ནི་ཁམས་གསུམ ་པ་ལ་གནས་པའི་ཞེ་སྡང་གི་ངོ་བོ་སེམས་གང་ཡིན་པ་དེ་བཀུག་ལ་དེ་ཉིད་དུ་ཐིམ་ཞིང་སེམས་ཅན་ཐམས་ཅད་བདག་གིས་ཞེ་སྡང་གནས་ནི་ཞེ་སྡང་རྣམ་པར་དག་པའི་གནས་ལ་བཞག་པར་བྱའོ་ཞེས་དམིགས་པར་བྱེད་པ་གང་ཡིན་པ་དེ་ནི་ཞེ་སྡང་གི་བཟླས ་པར་བཤད་པ་སྟེ་ཞེ་སྡང་གི་བཟླས་པའོ། །དམ་ཚིག་དེ་ཉིད་རྡོ་རྗེ་གསུམ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་གསུམ་ནི་ཡི་གེ་གསུམ་སྟེ། དེ་རྣམས་ཀྱི་དམ་ཚིག་ནི་སྤྱི་བོ་ལ་སོགས་པའི་གནས་རྣམས་ཏེ། དེ་དག་གི་དེ་ཉིད་ནི་ཡི་གེ་གསུམ་དེ་ཉིད་དོ། །དེ་རྣམས ་དབུ་མ་ནི་གནས་པའི་རླུང་ལ་འཇུག་པ་དང་ལྡང་བདག་བཞག་ཅིང་དེ་ཉིད་གནས་པའི་ཚུལ་གྱིས། དམ་ཚིག་རྡོ་རྗེ་ནི་འོད་གསལ་བ་ལ་ཐིམ་ཞིང། དཔའ་རླབས་མེད་པའི་རྒྱ་མཚོ་ཆེན་པོ་དང་འདྲ་བའི་གནས་པ་གང་ཡིན་པ་དེ་ནི་དམ་ཚིག་རྡོ་རྗེ་ནི་རྡོ་རྗེ་བཟླས་པའི ་རྣལ་འབྱོར་པ་རྣམས་ཀྱི་མ་ནིང་གིས་བཟླས་པར་བཤད་པ་སྟེ། བུད་མེད་དེ་འཇུག་པ་མ་ཡིན་པ་དང། སྐྱེས་པ་སྟེ་ལྡང་བ་མ་ཡིན་ཏེ། མ་ནིང་གི་བཟླས་པ་ནི་བརྗོད་དུ་མེད་པའོ་ཞེས་སྟོན་ཏོ། །ཇི་སྐད་དུ་དམིགས་བཅས་དེ་གཞན་དབྱེ་བ་ཡིས། །གནས་པ་རྣམ ་པ་གཉིས་བཤད་དེ། དམིགས་བཅས་གཉིས་གང་ལས་གྲོལ་བ། དམིགས་པ་མེད་པ་འོད་གསལ་བའོ་ཞེས་འབྱུང་སྟེ། མ་ནིང་གི་བཟླས་པའོ། །དེ་ནི་རྡོ་རྗེ་བཟླས་པ་བཅུ་གཅིག་པའོ། །དེ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་རིགས་ཅན་རྣམས ་རྗེས་སུ་གཟུང་བར་བྱ་བའི་ཕྱིར་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་བསྟན་པར་བྱ་བའི་ཕྱིར། འདོད་ཆགས་དེ་ཉིད་དོན་བསྒོམས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་བདག་པོ་ནི་རྣལ་འབྱོར་པ་རྣམས་སོ། །ཐམས་ཅད་ཅེས་པ་ནི་རིགས་ལ་སོགས ་པ་ཡོངས་སུ་སྤང་པའོ། །འདོད་ཆགས་ནི་འདོད་ཆགས་རྣམ་པར་དག་པའི་རིགས་ཏེ། དེའི་དེ་ཉིད་ནི་ཡི་གེ་ཨ་སྟེ་དེའི་དོན་དེ་ལས་འབྱུང་པའི་སྣང་བ་མཛའ་ཡས་ཀྱི་དཀྱིལ་འཁོར། རྣལ་འབྱོར་པ་གང་གིས་སྒོམ་པ་དེ་ནི་འདོད་ཆགས་དེ་ཉིད་དོན ་སྒོམ་པའོ། །དེ་ཡང་འདོད་ཆགས་བྱང་ཆུབ་ནི་འདོད་ཆགས་རྣམ་པར་དག་པའི་མཚན་ཉིད་ཅན་གྱི་བྱང་ཆུབ་མཛད་པ་ནི་མངོན་དུ་བྱེད་པའི། །ཇི་ལྟ་བུ་ཞེ་ན། སེམས་ཅན་ཀུན་ལ་ཕན་འདོད་པའི་ཞེས་པ་ནི་སེམས་ཅན་ཐམས་ཅད་ལ་འདོད་ཆགས་རྣམ ་པར་དག་པས་ཕན་འདོགས་པའོ། །ཞེས་སྟོན་ཏོ། །རྣལ་འབྱོར་པ་དེ་རྣམས་གལ་ཏེ་སྤྲོས་པ་དང་བཅས་པའི་སྤྱོད་པ་བྱེད་ན་དེའི་ཚེ་རིག་པ་ཆེན་པོ་སྤྱན་ལ་སོགས་ཞེས་པ་ནི་རིགས་ཀྱི་ལྷ་མོ་བཞི་དང་འདོད་པའི་ཡོན་ཏན་ཏེ། དེ་ལ ་བརྩོན་པ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པ་སྟེ། དེ་རྣམས་འདོད་པའི་ལོངས་སྤྱོད་ནི་སྤྲོས་པ་དང་བཅས་པའི་སྤྱོད་པ་དང་ཇི་ལྟར་འདོད་པ་ནི་སྤྲོས་པ་མེད་པའི་སྤྱོད་པས་འདོད་ཆགས་རྣམས་བསྟེན་པ་ནི་ལོངས་སྤྱོད་ན་འགྲུབ་པ་ནི་རྣལ་འབྱོར་པ་དེས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །གཏི་མུག་དམ་ཚིག་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པ་ལ་།གཏི་མུག་ནི་གཏི་མུག་རྣམ་པར་དག་པའི་ངོ་བོ་རྣམ་པར་སྣང་མཛད་དེ། དེའི་དམ་ཚིག་ནི་ཡི་གེ་ཨོཾ་སྟེ་དེ་ལས་བྱུང་པ་ནི་དེ་ཡོངས ་སུ་གྱུར་པ་ལས་སྐྱེས་པའི་རིག་མ་ནི་ལྷ་མོ་སྤྱན་ལ་སོགས་པ་སྟེ་དེ་དག་གི་རྒྱལ་པོ་རྡོ་རྗེ་ཅན་ནི་དེ་རྣམས་དང་ལྡན་པའི་རྣམ་པར་སྣང་མཛད་རིག་པའི་རྒྱལ་པོའོ། །དེ་རྣམས་ཐམས་ཅད་མ་ནིང་གི་གཏི་མུག་སྟེ། དེའི་གནས་ནི་དེ་ཉིད་རྣམ་པར ་དག་པ་སྟེ། གཏི་མུག་རྣམ་པར་དག་པའི་གནས་དེ་ལ། འགྲུབ་པ་ནི་བདག་ཉིད་ཆེ་བ་ཐོབ་པས་དངོས་གྲུབ་དམ་པ་ནི་གཏི་མུག་རྣམ་པར་དག་པ་སེམས་ཅན་ཐམས་ཅད་ལ་རབ་ཏུ་སྟེར་བའོ། །ཁྲོ་བོ་ཞེ་སྡང་གནས་པ་སྐྱེས་ཞེས་བྱ་བ་ལ ་སོགས་པ་ལ། ཁྲོ་བ་དང་ཞེ་སྡང་རྣམ་པར་དག་པའི་རང་བཞིན་ནི་མི་བསྐྱོད་པའོ། །དེ་ཉིད་ཀྱི་གནས་ནི་ཡི་གེ་ཧཱུཾ་སྟེ་དེ་ལས་སྐྱེས་པ་ནི་དེ་ཡོངས་སུ་གྱུར་པ་ལས་བྱུང་བའི་མི་བསྐྱོད་པ་དེ་ཉིད་དོ། །ཇི་ལྟ་བུ་ཞེ་ན། རྟག་པ་གཅོད་པ་ནི་ཞེ ་སྡང་རྣམ་པར་དག་པ་ལ་སོགས་པ་ནི་བརྩོན་པ་དང་ལྡན་པའོ། །བཅོམ་ལྡན་འདས་དེ་ཉིད་ཀྱང་སྒྲུབ་པ་པོ་རྣམས་མཆོག་གི་ཆོས་ཅན་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཐོབ་པར་མཛད་པ་འགྲུབ་པོ། །ཅིའི་ཕྱིར་ཞེ་ན། གསོད་པ་ནི་ཞེ ་སྡང་དང་ཁྲོ་བ་གསོད་པ་སྟེ། དེའི་དོན་ནི་དགོས་པས་སོ་ཞེས་སྟོན་ཏོ། །ཆེན་པོ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་སེལ་བར་བྱ་བའི་ཕྱིར་སྐྱེས་བུ་ནི་སྣང་བ་མཛའ་ཡས་ལ་སོགས་པའི་དེ་བཞིན་གཤེགས་པ་གསུམ་སྟེ། དེ་རྣམས་ཀྱི་དམ་ཚིག ་ནི་སྒོམ་པ་གང་ལས་བྱུང་བ་དེ་ནི་སྐྱེས་བུ་ཆེན་པོའི་དམ་ཚིག་སྟེ་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏོ། །ཞེས་དང་སྦྱར་ཏེ་བསྐྱེད་པའི་རིམ་པའོ། །ཡང་ན་རྡོ་རྗེ་བདག་པོ་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་སོ། །དེ་དག་ཐམས་ཅད་འདོད་ཆགས ་ནི་འདོད་ཆགས་དང་འདོད་ཆགས་བྲལ་བ་དང་འདོད་ཆགས་བར་པ་རྣམས་ཀྱི་དེ་ཉིད་ནི་བཞི་པ་སྟེ་དེའི་དོན་སྒོམ་པ་ནི་མངོན་དུ་བྱེད་པ་སྟེ། འདོད་ཆགས་དེ་ཉིད་དོན་སྒོམ་པའོ། །དེའི་ཚེ་དེ་རྣམས་ཀྱིས་འདོད་ཆགས་བྱང་ཆུབ་ནི་འདོད་ཆགས་ལ་སོགས་པའི ་གསུམ་པོ་རྣམ་པར་དག་པ་ལས་བྱུང་བའི་ཡང་དག་པར་རྫོགས་པའི་བྱང་ཆུབ་མཛད་པ་ནི་ཐོབ་པར་འགྱུར་རོ། །སེམས་ཅན་ཀུན་ནི་སྨིག་རྒྱུ་ལ་སོགས་པའི་མཚན་མ་རྣམས་ཏེ། དེ་དག་གིས་པན་འདོད་པ་ནི་དེ་ཁོ་ན་ཉིད་བསྟན་པར་བྱེད་པའོ། །སྤན་ལ་སོགས ་པ་ནི་ལས་ཀྱི་ཕྱག་རྒྱ་མ་ལ་སོགས་པའོ། །རིག་པ་ཆེན་མོ་ནི་དེ་རྣམས་ཉིད་བྱེད་པ་དང་ཡན་ལག་འཁྲུགས་པའི་སྦྱོར་བ་ལ་མཁས་པའོ། །འདོད་པ་ནི་འདོད་ཆགས་ལ་སོགས་པ་སྟེ་།དེ་རྣམས་ཀྱི་དོན་ནི་ལྷན་ཅིག་སྐྱེས་པ་བསྟན་པ་སྟེ། དེ་ལ་བརྩོན་པ་ནི་མཚེན? ་བར་བྱེད་པའོ། །དེ་རྣམས་ལ་བརྟེན་ནས་འདོད་པའི་ལོངས་སྤྱོད་ནི་དགའ་བ་ལ་སོགས་པའི་རིམ་པས། ཇི་ལྟར་འདོད་པ་ནི་འདོད་པའི་ལྷའི་རྣམ་པ་བསྒོམ་པས་རྣལ་འབྱོར་པ་རྣམས་འགྲུབ་པ་ནི་དངོས་གྲུབ་ཐོབ་པར་གྱུར་ཏེ་མངོན་པར་བྱང་ཆུབ་པའི་རིམ་པའོ། ། ་གཏི་མུག་ནི་ཡི་གེ་ཨོཾ་མོ། །དམ་ཚིག་ནི་ཡི་གེ་ཨཱ:ཱོ། །འབྱུང་བ་ནི་ཡི་གེ་ཧཱུཾ་ངོ། །དེ་རྣམས་རིག་པ་ནི་སྔགས་རྣམས་ཀྱི་གཙོ་བོ་ཡིན་པའི་ཕྱིར་རྒྱལ་པོ་སྟེ་བདག་པོའོ། །དེ་བཞིན་གཤེགས་པའི་རང་བཞིན་ཡིན་པའི་ཕྱིར་རྡོ་རྗེ་ཅན་ནོ། །དེ་རྣམས་ཀྱི་མ ་ནིང་གི་གནས་ནི་འཇུག་པ་ལ་སོགས་པ་དང་བྲལ་བའི་བཟླས་པ་སྟེ། དེ་འབྱུང་བས་ན་འགྲུབ་པ་ནི་དེ་རྣམས་རྫོགས་པས་སྒྲུབ་པ་པོའི་རྣལ་འབྱོར་པ་ལ་མཆོག་གི་དངོས་གྲུབ་སྟེར་བ་སྟེ་རྡོ་རྗེ་བཟླས་པའི་རིམ་པའོ། །དེ་བཞིན་དུ་ཁྲོ་བ་ཞེས་བྱ ་བ་ལ་སོགས་པ་ལ། ཁྲོ་བ་དང་ཞེ་སྡང་གི་གནས་ནི་ཁྲོ་བ་ལ་སོགས་པའི་རིགས་ལས་སྐྱེས་པ་ནི་ཁྱིལ་སོགས་པའོ། །ཇི་ལྟ་བུ་ཞེ་ན། རྟག་ཏུ་ནི་དུས་ཐམས་ཅད་དུ་གསོད་པ་ལ་བརྩོན་པ་ནི་ཕྱུགས་ཡིན་པའི་ཕྱིར་གཞན་རྣམས་ལ་རྣམ་པར་འཚེ་བ་ཅན ་ཏེ། དེ་རྣམས་ཀྱི་ཁ་ན་མ་ཐོ་བ་མེད་པའི་ལྕགས་ཀྱུ་རྙེད་ལ། གསོད་པའི་དོན་ནི་སྦྱང་བ་ལ་སོགས་པའི་རིམ་པས་ཐ་མལ་བའི་རྣམ་པར་རྟོག་པ་སེལ་བས་གཏོར་མར་ཕུལ་ན་མཆོག་གི་ཆོས་ཅན་ནི་རྣམ་པར་རྟོག་པ་མེད་པའི་སྒྲུབ་པ་པོ་སྟེ། དེ་ལ་གྲུབ ་པར་གྱུར་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་དངོས་གྲུབ་སྟེར་བ་སྟེ་སྒྲུབ་པའོ། །ཆེན་པོ་ནི་མངོན་པར་བྱང་ཆུབ་པ་དང་རྡོ་རྗེ་བཟླས་པ་དག་གོ་།སྐྱེས་བུ་ནི་སྐྱེས་པ་ལ་སོགས་པའི་ཤ་རྣམས་ཀྱིས་དམ་ཚིག་ནི་ལྕགས་ཀྱུ་ཉེ་བར་ཕུལ་བ་གང ་ལས་བྱུང་བ་དེ་ནི་སྐྱེས་བུ་ཆེན་པོས་དམ་ཚིག་སྟེ། རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏོ་ཞེས་སྔ་མ་བཞིན་དུ་སྦྱར་རོ། །བསྐྱེད་པའི་རིམ་པས་ཞི་བ་ལ་སོགས་པ་བཤད་པར་བྱ་བའི་ཕྱིར། ཡེ་ཤེས་འཁོར་ལོ་ཅན་རྣམས་ཀྱི་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་སྙིང་ག་ནི་ཡེ་ཤེས་སེམས་དཔའ་ཨི་སྙིང་ཁར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཨོཾ་ལས་བྱུང་བའི་?་བརྒྱད་པའི་འཁོར་ལོ་དཀར་པོ་བསྒོམས་ལ། མདུན་དུ་ཡང་ཡེ་ཤེས་རྡོ་རྗེ་ཅན་ནི ་བསྒྲུབ་བྱ་ནད་པ་སྟེ། དེ་ཉིད་གསལ་བའི་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་གནས་པར་བསམས་ལ། བསྒྲུབ་བྱེད་ཉིད་ཀྱི་དབུས་ནི་སྒོ་དགུའི་ནང་འཁོར་ལོ་ནི་ཏིང་ངེ་འཛིན་སེམས་དཔའ་ཨི་ངོ་བོའི་དོན་ནི་འོད་ཟེར་དགུ་དཀར་པོ་སྤྲོས་ལ ་ནད་པའི་སྒོ་དགུ་ལ་ཞུགས་པར་བསམས་ན་དེའི་ཚེ་ཞི་བའོ། །ཡེ་ཤེས་རྡོ་རྗེ་ཅན་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། སྔ་མ་བཞིན་དུ་མི་བསྐྱོད་པའི་རྣལ་འབྱོར་པས་ཡེ་ཤེས་སེམས་དཔའ་ཨི་སྙིང་གར་ཡི་གེ་ཧཱུཾ་ལས་བྱུང་བའི་ཁ་དོག་ནག་པོ་རྩེ་དགུ་པ་བསམས ་ལ། མདུན་དུ་ཡང་ཡེ་ཤེས་རྡོ་རྗེ་ཅན་ནི་གདུག་པའི་སྒྲུབ་བྱ་རྡོ་རྗེ་དཀྱིལ་འཁོར་ནི་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་གནས་པར་བསམས་ལ། དེའི་སྒོ་དགུ་ལ་རྡོ་རྗེ་ནི་ཏིང་ངེ་འཛིན་སེམས་དཔའ་ཨི་ངོ་བོ་སྟེ། དེའི་དོན་ནི་འོད་ཟེར་ནག་པོ་དགུ་སྤྲོས་ལ། གདུག་པའི་སྒོ་དགུ ་ལ་ཞུགས་པར་བསམས་ན་དེའི་ཚེ་གསོད་པའོ། །རིན་ཆེན་ཡེ་ཤེས་ཅན་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་དུ་རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་བས་ཡེ་ཤེས་སེམས་དཔའ་ཨི་སྙིང་གར་ཡི་གེ་སྭ་ལས་བྱུང་བའི་ཁ་དོག་སེར་པོའི་རིན་པོ་ཆེ་བསམས ་ལ། མདུན་དུ་ཡང་རིན་ཆེན་ཡེ་ཤེས་ཅན་ནི་བསྒྲུབ་བྱ་དབུལ་པོ་རིན་ཆེན་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་གནས་པར་བསམས་ཏེ། དེའི་སྒོ་དགུ་ལ་རིན་ཆེན་ནི་ཏིང་ངེ་འཛིན་སེམས་དཔའ་ཨི་ངོ་བོ་སྟེ། དེའི་དོན་ནི་འོད་ཟེར་སེར་པོ་དགུ་སྤྲོས་ལ་དབུལ ་པོའི་སྒོ་དགུ་ལ་ཞུགས་པར་བསམས་ན་རྒྱས་པོའོ?། །པད་མོ་ཡེ་ཤེས་ཅན་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། པདྨའི་རིགས་ཀྱི་རྣལ་འབྱོར་པས་ཡེ་ཤེས་སེམས་དཔའ་ཨི་སྙིང་གར་ཡི་གེ་ཨ་ལས་བྱུང་བའི་པདྨ་འདབ་མ་བརྒྱད་པ་དམར་པོ་བསམས་ལ། མདུན ་དུ་ཡང་པདྨ་ཡེ་ཤེས་ཅན་ནི་རྒྱལ་པོ་ལ་སོགས་པའི་བསྒྲུབ་བྱ་པདྨའི་དཀྱིལ་འཁོར་ནི་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་གནས་པར་བསམས་ཏེ། དེའི་སྒོ་དགུ་ལ་པདྨ་ནི་ཏིང་ངེ་འཛིན་སེམས་དཔའ་ཨི་ངོ་བོ་སྟེ། དེའི་དོན་ནི་འོད་ཟེར་དགུ་དམར་པོ་སྤྲོས་ལ། ་རྒྱལ་པོ་ལ་སོགས་པའི་སྒོ་དགུ་ལ་ཞུགས་པར་བསམས་ན་དེའི་ཚེ་དབང་ངོ། །རལ་གྲི་ཡེ་ཤེས་ཅན་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། དོན་ཡོད་གྲུབ་པའི་རྣལ་འབྱོར་པས་ཡེ་ཤེས་སེམས་དཔའ་ཨི་སྙིང་གར་ཁཾ་ལས་བྱུང་པའི་ཁ་དོག་ལྗང་ཁུ་རྩེ་བརྒྱད ་པའི་རྡོ་རྗེ་རལ་གྲི་བསམས་ལ། མདུན་དུ་ཡང་རལ་གྲི་ཡེ་ཤེས་ཅན་ནི་བསྒྲུབ་བྱ། དམ་ཚིག་དཀྱིལ་འཁོར་ནི་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་གནས་པར་བསམས་ལ། དེའི་སྒོ་དགུ་ལ་རལ་གྲི་ནི་ཏིང་ངེ་འཛིན་སེམས་དཔའ་ཨི ་ངོ་བོ་སྟེ། དེའི་དོན་ནི་འོད་ཟེར་དགུ་ལྗང་གུ་སྤྲོས་ལ། བསྒྲུབ་བྱའི་སྒོ་དགུ་ལ་ཞུགས་པར་བསྒོམས་ན་དེའི་ཚེ་འགུགས་པའོ། །དཀྱིལ་འཁོར་ཀུན་གྱི་ངོས་རྣམས་སུ་ཞེས་བྱ་བ་ལ་སོགས་པ་ལ། གང་ཞིག་འདི་འོད་ཟེར་དཀར་པོ་ལ་སོགས་པ་སྤྲོ་བ ་དེ་ནི་བསྒྲུབ་བྱ་དེ་ཉིད་ཀྱི་ངོས་ནི་ཕུང་པོ་ལྔ་ལ། འོད་ཟེར་ལྔ་ནི་དེ་བཞིན་གཤེགས་པའི་རྣམ་པར་དགོད་པར་བྱ་བ་ནི་འཇུག་པར་བྱའོ། །འདིས་ནི་འོད་ཟེར་ལྔའི་དབྱེ་བས་སྤྲོས་བས་སྤྲོས་བྱེད་ན་བྱང་ཆུབ་ནི་ཞིང་བ་ལ་སོགས་པའི་དངོས་གྲུབ་རྣལ་འབྱོར ་པས་ཐོབ་པར་གྱུར་པ་ནི་བསྒྲུབ་བྱས་རྙེད་པར་གྱུར་ཞེས་སྟོན་ཏོ། །སྔགས་རྣམས་ཐམས་ཅད་ནི་འཁོར་ལོ་ལ་སོགས་པའི་འོད་ཟེར་རྣམས་ཏེ། དེ་དག་སྤྲོ་བ་ནི་རྣམ་པ་གཉིས་ཞེས་པ་ནི་ཁ་འམ་བ་སྤུའི་བུག་ཐམས་ཅད་ལས་སྤྲོ་བ་སྟེ། བརྗོད ་པ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །རྡོ་རྗེ་འཆང་ཆེན་པོའི་སྒོ་ནས་སྤྲོ་བ་བཤད་པའི་ཕྱིར། སྐུ་གསུམ་རྡོ་རྗེ་བྱེ་བྲག་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་གསུམ་ནི་ཆོས་ཀྱི་སྐུ་ལ་སོགས་པའོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ ་རྣམས་སོ། །དེ་དག་ཉིད་བྱེ་བྲག?་སྤྲོས་པ་གང་ལས་བྱུང་བ་དེ་ནི། སྐུ་གསུམ་རྡོ་རྗེ་བྱེ་བྲག་སྟེ་རྡོ་རྗེ་འཆང་ཆེན་པོའོ། །འདིའི་ཏིང་ངེ་འཛིན་པ་དམིགས་ཏེ་སྤྲོ་བ་དང་བསྡུ་བ་བྱའོ། །ཇི་ལྟར་ཞེ་ན་ལུས་ཀྱི་ངོ་བོ་ནི་ཞི་བའི་སྡོང་ཀྱི་བསྒྲུབ་བྱ་ལ། སྐུ་ནི ་རྣམ་པར་སྣང་མཛད་ཀྱིས་བསྒྲུབ་བྱ་དེ་ཉིད་ཀྱི་སྤྱི་བོར་ཉི་མ་ཞིང་ཚིམ་པས་སྤྲོ་བ་བྱེད་ན་དེའི་ཚེ་ཞི་བའོ། །དེ་བཞིན་དུ་སེམས་ནི་མངོན་སྤྱོད་ཀྱི་གནས་བསྒྲུབ་བྱ་ལ་ཐུགས་ཀྱི་ངོ་བོ་ཉིད་ནི་མ་བསྐྱེད་པ་སྤྱི་པོར་ཐིམ་ཞིང་འོད་དུ་ཞུ་བ་སྟེ། དེའི་ཚེ ་གསོད་པའོ། །ངག་ནི་དབང་དུ་མ་གྱུར་བའི་བསྒྲུབ་བྱ་ལ་གསུང་གི་ངོ་བོ་ནི་སྣང་བ་མཛའ་ཡས་ཀྱི་སྤྱི་བོར་ཐིམ་ཞིང་སྤྲོ་བ་བྱེད་ན་དེའི་ཚེ་དབང་ངོ། །དེ་བཞིན་དུ་རྒྱས་པ་དང་དགུག་པ་ངག་ལ་ཡང་ཤེས་པར་བྱའོ། །དེ་ལྟར་མཚད?་ན་ཞེས་པ་ནི་སྤྲོ་བས ་མཆོད་པ་ནི་ཞི་བ་ལ་སོགས་པའི་དངོས་གྲུབ་གནས་སུ་གྱུར་པ་ནི་ཐོབ་པར་འགྱུར་ཏེ་བསྐྱེད་པའི་རིམ་པའོ། །དབྱེ་བ་གཞན་གྱིས་ཞི་བ་ལ་སོགས་པ་བཤད་པར་བྱ་སྟེ། དཀྱིལ་འཁོར་ཆེན་པོ་འཁོར་ལོ་ཡིས་ཞེས་བྱ་བ་ལ་སོགས་པ་ལ། དཀྱིལ་འཁོར ་ཆེན་པོའི་འཁོར་ལོ་ནི་རང་གི་རིག་མའི་པདྨའོ། །དེ་ལ་རྡོ་རྗེ་ལྔ་རྣམས་ནི་འདོད་པའི་གདུགས་ལ་སོགས་པའི་རྩ་ལྔ་བསྒོམས་ལ། རྩ་དབུས་མ་ལ་རང་གི་གཟུགས་ནི་རང་གི་བདག་ཉིད་བདག་པོ་ནི་མི་བསྐྱོད་པར་བསམས་ཏེ། དཀྱིལ་འཁོར་རྣམ་པ་བཞི ་དག་ཏུ་ཞེས་པ་ནི་རུས་སྦལ་མ་ལ་སོགས་པའི་རྩ་བཞི་པོ་ལ། རང་སྔགས་རྡོ་རྗེའི་གཟུགས་ནི་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་ཏེ། ཁ་དོག་རྣམ་པ་བཞི་ནི་དཀར་པོ་ལ་སོགས་པའི་སྐུ་མདོག་དང་ལྡན་པར་བསམས་ལ། དེ་རྣམས་ཀྱི་སྙིང ་ཀ་ནི་ཡེ་ཤེས་སེམས་དཔའ་ཨི་སྙིང་ཀར་སྔགས་ཀྱི་དོན་ནི་ཞི་བ་ལ་སོགས་པའི་བསྒྲུབ་བྱ་རྣམས་བསྒོམ་པ་ནི་ཞུགས་པར་བྱའོ། །དེ་ལྟ་བུའི་བསམ་གཏན་ནི་ཏིང་ངེ་འཛིན་གྱིས་རྡོ་རྗེ་ཅན་ནི་སྒྲུབ་པ་པོ་ས་རྡོ་རྗེ་རྣམ་པ་བཞིའི་ལ་ནི་ཞི་བ་ལ་སོགས་པའི་ལས་བྱེད ་པ་ནི་རྫོགས་པར་བྱེད་པའོ། །ཇི་ལྟ་བུ་ཞེ་ན། སྔགས་ཐམས་ཅད་ནི་བྱ་བ་ལ་སོགས་པའི་ཚུལ་ལ་གནས་པ་ལ་གསང་བ་ནི་སྤས་པར་བྱའོ། །གཞན་ཡང་ནང་གི་བདག་ཉིད་ཡིན་པའི་ཕྱིར་རབ་ཏུ་བ་ལ་ནི་སྤྱན་གྱི་ཚུལ་ཞེས་བྱ་བ་ལ་སོགས་པ་ལ། ཞི་བའི ་བ་ལ་ནི་སྤྱན་གྱི་ཚུལ་ཞེས་བྱ་བ་ལ་སོགས་པ་ལ། ཞི་བའི་ལས་བྱ་བ་ཡིན་ན་དེའི་ཚེ་སྤྱན་གྱི་ཚུལ་ནི་བསྒྲུབ་བྱ་དཀར་པོར་བསམས་ལ་ཕྱི་རོལ་ཏུ་སྤྲོ་བར་བྱའོ། །རྒྱས་པའི་ལས་བྱ་བ་ཡིན་ན་རྡོ་རྗེ་པད་མོ་ཅན་ནི་གསེར་གྱི་མདོག་དང་འདྲ་བ་སྤྲོ་བར་བྱའོ། ། ་དབང་གི་ལས་བྱ་བ་ཡིན་ན་ཁྱད་པར་དུ་སྣང་བས་ན་རྣམ་པར་སྣང་མཛད་ནི་ཉི་མ་སྟེ། དེའི་གནས་ནི་དེ་བྱུང་བས་ཁ་ཕྱེ་བའི་པདྨ་སྟེ། དེ་དང་འདྲ་བའི་མདོག་ཅན་བསྒྲུབ་བྱ་ཕྱི་རོལ་ཏུ་སྤྲོ་བར་བྱའོ། །རྡོ་རྗེ་ཁྲོ་བོ་ནི་མདོག་ནག་པོ་སྟེ་དེ་?་འདྲ ་བར་སྤྲོ་བར་བྱའོ། །འདི་དེ་རྡོ་རྗེ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཐམས་ཅད་ནི་སྒྲུབ་པ་པོ་རྣམས་ཏེ། དེ་དག་གི་གསང་བ་ནི་ཆོས་འབྱུང་སྟེ། དེ་ལ་སྐུ་གསུམ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་དག་ལས་འབྱུང་བ་ནི་བསྐྱེད་པ་གང ་ལ་ཡོད་པ་དེ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་སྔགས་རྣམས་ཀུན་ནི་ཞི་བ་ལ་སོགས་པའི་གནས་སུ་གྱུར་པ་བསྒྲུབ་བྱ་རྣམས་ཀྱི་དོན་དུ་སྤྲུལ་པ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །བྱ་བ་ནི་ཞི་བ་ལ་སོགས་པ་ཡིན་ལ་དེ་རྣམས་ཉིད་རོལ་མོ་སྟེ ་སྤྲོས་པ་ངང་བཅས་པའི་ཕྱིར་རོ། དེ་ལྟ་བུའི་རྣམ་པས་མཚན་བ་ནི་འབྱུང་བ་སྟེ་བསྐྱེད་པའི་རིམ་པའོ། །ཞི་བ་ལ་སོགས་པ་བསྟན་ནས་དྲག་པོ་ཡིན་པའི་ཕྱིར་མངོན་སྤྱོད་བཤད་པར་བྱ་སྟེ། མ་དང་སྨྲ་བའི་སེམས་ཅན་དང་ཞེས་བྱ་བ་ལ་སོགས ་པ་ལ། མ་དང་སྨྲ་པ་ནི་མ་དད་པ་གཙོ་བོར་གྱུར་པའི་ཚིག་སྨྲ་བའོ། །དེ་བཞིན་དུ་སློབ་དཔོན་དང་རྡོ་རྗེ་ནི་རྡོ་རྗེ་འཛིན་ལ་སྨོད་པ་ནི་སུན་འབྱིན་པའོ། །གདུག་པའི་སེམས་ཅན་གཞན་རྣམས་ཞེས་པ་ནི་མཚམས་མེད་པ་ལ་སོགས་པ་བྱེད་པ་རྣམས་ལ་འདིན ་འོག་ནས་འཆང་པར་འགྱུར་བའི་རབ་ཏུ་བསྐུལ་པ་ནི་མངོན་སྤྱོད་བྱའོ། །ཡེ་ཤེས་ཆེན་པོ་ནི་མི་བསྐྱོད་པའི་ཏིང་ངེ་འཛིན་དེ་དེའི་འཁོར་ལོ་ནི་དཀྱིལ་འཁོར་བ་རྣམས་ཏེ། དེ་རྣམས་ཀྱིས་བྱས་པའི་རྡོ་རྗེ་ནི། མངོན་སྤྱོད་གང་གིས་མཛད་པ་དེ་ནི་དེ་བཞིན ་དུ་བཤད་པའོ། །ཁམས་གསུམ་ཞེས་བྱ་བ་ལ་སོགས་པ་ལ། གདུག་པའི་སེམས་ཅན་རྣམས་གང་ཡིན་པ་དེ་རྣམས་ཀྱི་ཁམས་གསུམ་ལ་གནས་པའི་སེམས་ཅན་རྣམས་སངས་རྒྱས་ཀྱི་ངོ་བོར་བསྒོམ་ཞིང་དགྲའི་རང་བཞིན་རྣམས་ཀྱིས་སེམས ་ཅན་དེ་དག་གསོད་པར་བལྟས་ལ། དེ་ནས་ལས་རྣམས་ནི་མངོན་སྤྱོད་ཀྱི་ལས་བརྩམ་པར་བྱའོ། །འདིས་ནི་གདུག་པ་རྣམས་སྡིག་པ་ཆེན་པོ་ཅན་ཉིད་དུ་བྱེད་པ་བསྟན་པའོ། །ནམ་མཁའ་ཨི་དབྱིངས་ཀྱི་དབུས་གནས་པར་ཞེས་བྱ་བ་ལ་སོགས་པ་ལ། རེ་ཞིག ་དང་པོ་རྣལ་འབྱོར་པས་རང་གི་བདག་ཉིད་སྟོང་པར་བསམས་ལ། དེའི་དབུས་སུ་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་བ་ཁ་བཞི་པ་ནི་སྣ་ཚོགས་རྡོ་རྗེ་བསམས་ཤིང་དེ་ཡོངས་སུ་གྱུར་པ་ལས་བྱུང་བའི་རྣམ་མཆོག་རྣམ་པ་ཀུན་དང་ལྡན་ཞེས་པ་ནི་ཞལ་གསུམ ་དང་ཕྱག་དྲུག་པ་རྡོ་རྗེ་སེམས་དཔའ་ཨི་ནི་རྡོ་རྗེ་ཧཱུཾ་མཛད་དེ་། ཕྱག་གཡས་པ་རྣམས་ནི་རྡོ་རྗེ་དང་རལ་གྲི་དང་ལྕགས་ཀྱུ་བསྣམས། ཕྱག་གཡོན་པ་རྣམས་ན་དབྱུག་ཏོ་དང་འཁོར་ལོ་དང་ཞགས་པ་བསྣམས་པ། དམ་ཚིག་ལས་བྱུང་བ་ནི་ཡེ་ཤེས་དང ་ཏིང་ངེ་འཛིན་སེམས་དཔའ་དང་ལྡན་པར་བསམས་ལ། སངས་རྒྱས་འཁོར་ལོ་ནི་ཡེ་ཤེས་སེམས་དཔའ་ཨི་སྙིང་ག་ལས་སྤྲོས་པའི་ཁྲོ་བོ་བཅུའི་འཁོར་ལོ་འཁོར་གྱི་ངོ་བོར་བསམ་པར་བྱའོ། །དེའི་རྗེས་ལ་ཁྲོ་བོ་བཅུ་དེ་རྣམས་ཀྱི་ལག་པ་གཡས་པ ་ལ། སངས་རྒྱས་ནི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཁྲོ་བོ་རྡོ་རྗེར་བསྒོམས་ལ། ཕྱག་ལྷག་མ་རྣམས་ལ་རྡོ་རྗེ་ཧཱུཾ་མཛད་བཞིན་དུ། སྟོབས་པོ་ཆེ་ནི་ཕྱག་མཚན་གཞན་རྣམས་བསྒོམས་ཤིང་ཡེ་ཤེས་སེམས་དཔའ་ཨི་སྙིང་གའི་འོད་ཟེར་རྣམས་ཀྱིས ་ཕྱོགས་བཅུ་ནས་བྱུང་སེམས་ཅན་རྣམས་སངས་རྒྱས་ཀྱི་སྐུའི་རྣམ་པ་ཉེ་བར་བསྡུས་ཏེ། རང་གི་ལུས་ནི་ཡེ་ཤེས་སེམས་དཔའ་ཨི་སྙིང་གར་གོང་བུའི་ཚུལ་ནི་ཐིག་ལེའི་ངོ་བོར་ཐིམ་པར་བྱའོ། །སངས་རྒྱས་ཡེ་ཤེས་རྡོ་རྗེ་ཅན་ཞེས་བྱ་བ་ལ་སོགས་པ ་ལ། སླར་ཡང་ཕྱོགས་བཅུ་ལ་སངས་རྒྱས་ཡེ་ཤེས་རྡོ་རྗེ་ཅན་ནི་ཡེ་ཤེས་ལྔའི་རང་བཞིན་གྱི་ཁྲོ་བོའི་གཟུགས་རྣམས་སྤྲོ་བར་བྱའོ། །ཇི་ལྟ་བུ་ཞེ་ན། ཁྲོ་བོའི་སྒོ་ནས་འཁྲུགས་པ་ནི་ང་རྒྱལ་དང་ལྡན་པའོ། །མི་སྡུག་ནི་ཞལ་ལ་སོགས་པས ་སོ། །འཇིགས་སུ་རུང་བ་ནི་ཤིན་ཏུ་རྣོ་བའི་འོད་ཟེར་འཕྲོ་ལ་རིགས་ཀྱི་ཀླུ་རྣམས་ཀྱིས་བརྒྱན་པའོ། །མཚོན་ཆ་སྣ་ཚོགས་ནི་རལ་གྲི་ལ་སོགས་པ་སྟེ། དེ་རྣམས་འཛིན་པའོ། །བསད་པའི་དོན་གྱིས་དོན་སེམས་པ་ཞེས་པ་ནི་གདུག་པ ་རྣམས་གསོད་པ་སྟེ་ཐུགས་ཀྱིས་སོ། །གདུག་པ་ཆེན་པོ་རྣམས་ཉིད་ཀྱིས་གསོད་པར་བྱེད་བ་ནི་སྐུའི་སྒོ་ནས་སོ། །རྡོ་རྗེ་སེམས་དཔའ་རང་ཉིད་དམ་ཞེས་ཕུལ་དུ་བྱུང་པའི་ཚིག་གོ་། དེ་ལྟ་བུའི་ཁྲོ་བོ་རྣམས་སྤྲོས་ཏེ། མངོན་སྤྱོད་བྱས་ལ། སླར་ཡང ་སྡུད་ཅིང་དེ་ཉིད་དུ་ཐིམ་པར་བྱའོ། །སངས་རྒྱས་སྐུ་གསུམ་ཞེས་བྱ་བ་ལ་སོགས་པ་ལ། ལས་དེས་སངས་རྒྱས་ནི་འཇིག་རྟེན་པ་ལ་གནོད་པར་བྱེད་པ་ལ་མཁས་པ་སྟེ། སྐུ་གསུམ་ནི་དཀོན་མཆོག་གསུམ་སྟེ། དེའི་མཆོག་ནི་དམ་པའི་ནོར་ཏེ་དེ ་ཉིད་སྩོལ་བ་ནི་འཇིགས་པར་བྱེད་པས་ན། སངས་རྒྱས་སྐུ་གསུམ་མཆོག་སྩོལ་བ་སྟེ། དཀོན་མཆོག་གསུམ་གྱི་ནོར་འཕྲོག་བར་བྱེད་པའོ། །རྡོ་རྗེ་གསུམ་ནི་ལུས་ངག་ཡིད་ཀྱི་ཉོན་མོངས་པ་རྣམས་ཀྱི་གནས་སོ། །དེ་བཞིན་དུ་དཀྱིལ ་ནི་སེམས་ཆ་གྱི་ཁམས། འཁོར་ནི་གནོད་པར་བྱེད་པ་སྟེ་དཀྱིལ་འཁོར་རོ། །དངོས་གྲུབ་ནི་འཚོ་བའི་ཐབས་སྟེར་བ་ནི་འཇིགས་པར་བྱེད་སྟེ། དངོས་གྲུབ་སྟེར་བར་གྱུར་པའོ། །དེ་ལྟ་བུའི་གདུག་པ་འཆི་པ་ནི་ཤི་བར་གྱུར་པ་སྟེ། རྨོངས་པ་ནི ་གཏི་མུག་དང་ལྡན་པ་གཤིན་རྗེའི་ཁར་ཞུགས་པར་འགྱུར་ཏེ་འདིར་ནི་ཐེ་ཚོམ་མེད་དོ། །དུས་ཀྱི་ངེས་པར་བཤད་པར་བྱ་སྟེ། ཉི་མ་བདུན་ཞེས་པ་ནི་དེ་ལྟ་བུའི་ལས་ཉི་མ་བདུན་དུ་གལ་ཏེ་བྱས་ན་དེའི་ཆེ་འགྲུབ་པར་འགྱུར་ཏེ། ཉུང་བས་ནི་མི ་འགྲུབ་པོ། །སངས་རྒྱས་ཞེས་པ་ནི་ཕུལ་དུ་ཕྱུང་བའི་ཚིག་གོ་།དེས་ནི་འདི་བཤད་པ་ཡིན་ཏེ། རྡོ་རྗེ་ཧཱུཾ་མཛད་ཀྱི་ངོ་བོས་བདག་ཉིད་ཁྲོ་བོ་བཅུ་སྤྲོས་ལ་དེ་རྣམས་ཀྱིས་གདུག་པ་རྣམས་བཀུག་ཅིང་མདུན་དུ་ཁྲོ་བོ་དེ་རྣམས་ཀྱིས་བུམ་བུ་དུམ་བུར ་བཅད་ཅིང་ཟ་བར་བྱེད་བར་བསམས་པར་བྱའོ། །རྡོ་རྗེ་ནི་རྡོ་རྗེ་ཧཱུཾ་མཛད་དོ། །དེའི་དམ་ཚིག་ནི་ཁྲོ་བོ་བཅུའོ། །དེ་རྣམས་ཀྱི་བཀའ་འཁོར་ལོ་ནི་གདུག་པ་གདུལ་བར་བྱ་བའི་ཕྱིར་བཀའ་སྩལ་པའི་ཚོགས་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་བཞིན་དུ་བཤད་པ་སྟེ་བསྐྱེད ་པའི་རིམ་པའོ། །དེ་བཞིན་གཤེགས་པ་གཙོ་བོར་གྱུར་པས་མངོན་སྤྱོད་བཤད་པར་བྱ་སྟེ། ནམ་མཁའ་ཨི་དབྱིངས་ཀྱི་དབུས་སུ་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་ཨི་དབྱིངས་ནི་དེ་བཞིན་ཉིད་དོ། །དེའི་དབུས་སུ་གནས་པའི་ཡི་གེ་ཨོཾ་ལ་སོགས་པ་ལས་ཡོངས་སུ་གྱུར ་པ་ལས་སྐྱེས་པ་འཁོར་ལོ་དང། རྡོ་རྗེ་དང། འབར་བ་ནི་རིན་ཆེན་དང། རལ་གྲི་དང། བརྒྱན་པ་ནི་ཤིན་ཏུ་མཛེས་པའི་པདྨ་བསྒོམས་ལ། དེ་རྣམས་ཡོངས་སུ་གྱུར་པ་ལས་བྱུང་བའི་རྣམ་པའི་མཆོག་ནི་ཀུན་དང་ལྡན་ཞེས་པ་ནི་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་།རྣམ ་པར་སྣང་མཛད་ནི་ཁྱད་པར་དུ་སྣང་བ་སྟེ་ངེ་བཞིན་གཤེགས་པ་ལྔའོ། །དེ་རྣམས་བསྒོམ་པར་བྱའོ། །ཇི་ལྟ་བུ་ཞེ་ན། དུས་གསུམ་དམ་ཚིག་ལས་བྱུང་བ་ཞེས་པ་ནི་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་ནོ། །རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་འཆང་ཆེན་པོ་ཡོངས ་སུ་གྱུར་པ་ལས་བྱུང་བའི་ཕྱིར་གྲབས་ཆེན་བསྒོམས་ལ་དེ་རྣམས་ཀྱི་ཕྱག་ན་རྡོ་རྗེ་མེ་སྟག་འཕྲོ་བ་ཅན། བསྒོམ་པར་ཞེས་པ་ནི། གཙོའི་ཕྱག་མཚན་བསྟན་པའོ། །ཕྱག་མཚན་ལྷག་མ་རྣམས་ནི་རྡོ་རྗེ་ཧཱུཾ་མཛད་བཞིན་དུ་ཞེས་པ་མན་ངག་གོ། ཕྱོགས་བཅུ ་ཞེས་བྱ་བ་ལ་སོགས་པ་ལ། ཕྱོགས་བཅུ་ལས་བྱུང་བའི་རྡོ་རྗེ་སྐུ་ནི་སངས་རྒྱས་རྣམས། འོད་ཟེར་ཚུལ་ནི་སྙིང་ཀའི་འོད་ཟེར་སྦྱོར་བས་དགུག་ཅིང་རང་གི་ལུས་ལ་ཞུགས་ཏེ། དེ་དག་ཉིད་རྡོ་རྗེ་ཐམས་ཅད་ནི་ཁྲོ་བོ་ཐམས་ཅད་ཀྱི་ངོ་བོར་སྤྲོས་ཏེ། དེའི་འོག་ཏུ་ཡེ ་ཤེས་ན་ཆོག་གི་གཉེན་ནི་རྣལ་འབྱོར་པས་དེ་རྣམས་ལ་བཀའ་སྩལ་པར་བྱས་ཏེ། སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་སྐུ་གསུང་ཐུགས་སྦྱོར་བ་ཅན་ནི་ཁྲོ་བོ་རྣམས་། བདག་རྡོ་རྗེ་འཛིན་ནི་རྣམ་པར་སྣང་མཛད་སོགས་པ་ལས་གང་ཡང་རུང་བ་སྟེ། དཔལ ་ལྡན་ནི་སྤྲོ་བར་བྱེད་པ་ཁྱེད་རྣམས་ལ། བཀའ་ཨི་འཁོར་ལོ་ནི་ཡུལ་གྱི་དབྱེ་བས་བཀའ་ཨི་ཚོགས། རབ་སྦྱོར་བ་ནི་བཀའ་སྩལ་བར་བྱེད་པ་སྟེ། རྡོ་རྗེ་ནི་ལག་པ་ན་ཐོགས་པའི་རྡོ་རྗེ། སྐུ་གསུམ་ལས་བྱུང་བ་ནི་གདུག་པ་རྣམས་དགས ་པར་བགྱི་བ་ནི་ཁྱེད་རྣམས་ཀྱིས་དགས་པར་བགྱིས་སོ་ཞེས་སྟོན་ཏོ། །གལ་ཏེ་བའི་བཀའ་འདི་ཁྱེད་རྣམས་ཀྱིས་འདས་པ་ཡིན་ནོ། །དེའི་ཚེ་ཁྱེད་རྣམས་ཀྱི་ལུས་པོ་ཞིག་པར་འགྱུར་རོ། །གདོན་མི་ཟ་ཞེས་པ་ནི་བརྟེན་པར་བྱ་བའི་ཚིག་གོ། དེས་ནི་ཆད་བཤད ་པ་ཡིན་ཏེ་རྣམ་པར་སྣང་མཛད་ལ་སོགས་པའི་ལས་གང་ཡང་རུང་བའི་གཟུགས་ལ་དམིགས་ཏེ། རང་གི་སྙིང་གར་སངས་རྒྱས་ཐམས་ཅད་བཞུགས་ཤིང་དེ་རྣམས་ཉིད་ཁྲོ་བོའི་འཁོར་ལོར་སྤྲོས་ཏེ། བཀའ་སྩལ་པར་བྱས་ལ་གདུག་བ་དེ་རྣམས་ཀྱང ་སྔ་མ་བཞིན་དུ་དེ་རྣམས་ཀྱིས་ཟ་པར་བསམས་ལ། སླར་ཡང་བསྡུས་ཏེ་མངོན་སྤྱོད་གྲུབ་པར་འགྱུར་རོ། །ཞེས་སྟོན་ཏོ། །འཁོར་ལོ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་རོ། །དེའི་དམ་ཚིག་ནི་བཀའ་སྩལ་པ་སྟེ་། དེ་ཉིད་ཀྱིས་རྡོ་རྗེ་ནི ་གདོན་སྤྱོད་ཀྱི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་ནོ། །རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་སྒོམ་པས་མངོན་སྤྱོད་བསྟན་ནས་གཤིན་རྗེ་གཤེད་ལ་སོགས་པ་གང་ཡང་རུང་བ་གཙོ་བོར་གྱུར་པས་དེ་ཉིད་བཤད་པར་བྱ་བའི་ཕྱིར། སངས་རྒྱས་དཀྱིལ ་འཁོར་རྡོ་རྗེ་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའ་ཨི་རྡོ་རྗེ་ནི་ནམ་མཁའ་ཨི་དབྱིངས་སོ། །དེའི་དབུས་སུ་གནས་པ་སངས་རྒྱས་དཀྱིལ་འཁོར་ནི་སྣང་བའི་རབ་བཞིན་གྱི་ཉི་མའི་དཀྱིལ་འཁོར་བསམས་ལ། དེའི་སྟེང་དུ་ཡི་གེ་ཧཱུཾ་ལས་བྱུང་བའི ་གཤིན་རྗེ་གཤེད་ནི་གཤིན་རྗེ་གཙོ་བོར་གྱུར་བའི་། འཁོར་ལོ་ཆེན་པོ་ནི་ཁྲོ་བོའི་དཀྱིལ་འཁོར་ཏེ། རང་གི་རྡོ་རྗེ་ནི་རྣམ་པར་སྣང་མཛད་ཡིན་པ་ནི་སྤྱི་པོ་ལ་མཚན་མ་གང་ལ་ཡོད་པ་དེ་ལྟ་བུ་བསམས་ནས། དེའི་རྗེས་ལ་སེམས་དཔའ་གསུམ་གྱི་བདག ་ཉིད་དུ་བྱས་ལ། ཕྱོགས་བཅུ་ན་གནས་པའི་སེམས་ཅན་གྱི་ཁམས་དེ་ཉིད་དུ་ཞུགས་ཏེ། དེ་ཉིད་གཤིན་རྗེ་གཤེད་དང་འདྲ་བ་སྤྲོས་ལ་།ཁྲོ་བོ་དེ་རྣམས་ཀྱི་དུས་གསུམ་ལས་བྱུང་བའི་སེམས་ཅན། གསོད་པ་ནི་དགྲ་བོ་རྣམས་གསོད་པར་བསྒོམ་པར ་བྱའོ། འདི་ནི་རྡོ་རྗེ་བཀའ་ཨི་དཀྱིལ་འཁོར་ཞེས་བྱ་བ་ལ། རྡོ་རྗེ་བཀའ་ནི་ཁྲོ་བོ་རྣམས་ཀྱི་དཀྱིལ་འཁོར་ཏེ། གདུག་པ་རྣམས་འདུལ་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་ཚིག་གི་དོན་ཏོ། །གདུག་པ་ཐམས་ཅད་འཇིག་པའི་ཕྱིར། ་དམ་ཚིག་ནི་སྐྱེ་བ་གང་ལ་ཡོད་པ་དེ་ནི་དམ་ཚིག་ཐམས་ཅད་དེ་གཤིན་རྗེ་གཤེད་ལ་སོགས་པའོ། །དེ་རྣམས་ལས་འབྱུང་བ་ནི་སྐྱེ་བ་ཡིན་ལ་དེ་གང་ལ་ཡོད་པ་དེ་ནི་དམ་ཚིག་ཐམས་ཅད་ལས་བྱུང་བ་སྟེ། དེ་དང་འདྲ་བའི་ཁྲོ་བོ་རྣམས་སོ། །དེ་རྣམས ་ཀྱིས་བྱས་པའི་སྐུ་གསུམ་ནི་གདུག་པ་རྣམས། རྡོ་རྗེ་ནི་གསོད་པའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པ་སྟེ་། བསྐྱེད་པའི་རིམ་པའོ། །ད་ནི་མོས་པའི་དབང་གིས་མངོན་སྤྱོད་ཀྱི་དབྱེ་བ་གཞན་བཤད་པར་བྱ་སྟེ་། སྐུ་གསུང་ཐུགས ་ཀྱི་རྡོ་རྗེ་འམ་ཞེས་བྱ་བ་ལ་སོགས་པ་ལ། སྐུ་གསུང་ཐུགས་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་གྱུར་པ་ལས་བྱུང་བའི་དེ་བཞིན་གཤེགས་པའི་རྣམ་པ་འམ། རང་སྔགས་དོན་ནི་བྱང་ཆུབ་སེམས་དཔའ་སྟེ་། དེ་རྣམས་སམ་གཙུག་ཏོར་དང ་ཚིག་ཁྲོ་བོའི་གཟུགས་སྟེ་། དེ་རྣམས་ཀྱི་ཅིག་གཙོ་བོར་བྱས་ལ། གདུག་པ་འཇིག་པའི་ཕྱིར་བཀའ་སྩལ་པ་སྦྱོར་བར་བྱའོ། །སྔགས་ཀུན་ནི་དཀོན་མཆོག་གསུམ་ལ་སོགས་པ་དང། ཡེ་ཤེས་ནི་དེ་བཞིན་གཤེགས་པའི་དཀྱིལ་འཁོར ་དང། རྡོ་རྗེ་ཅན་ནི་རྡོ་རྗེ་སློབ་དཔོན་ཏེ། དེ་རྣམས་བསྲུང་བའི་ཕྱིར་ནི་གདུག་པའི་གནོད་པ་བསྲུང་བར་བྱ་བའི་ཕྱིར་། རྡོ་རྗེ་ཐམས་ཅད་ནི་སྒྲུབ་པ་པོ་རྣམས་ཀྱི་ཆོག?་དེ་བྱ་བ་ཡིན་ཏེ། ཉེ་བར་བསྡུ་བའོ། །སྦྱོར་བ་ནི་སྔ་མ་བཞིན་དུ་བསྒོམ་པར་བྱ་བ་སྟེ ་བསྐྱེད་པའི་རིམ་པའོ། །རྫོགས་པའི་རིམ་པས་ཀྱང་མངོན་སྤྱོད་བཤད་པར་བྱ་བའི་ཕྱིར། །ནམ་མཁའ་རྡོ་རྗེ་དབུས་གནས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་།ནམ་མཁའ་རྡོ་རྗེ་ནི་སྙིང་ག་དང་ལྐོག་མ་དང་སྤྱི་བོ་རྣམས་ཏེ། དེའི ་དབུས་སུ་གནས་པའི་ཆོས་ནི་ཡི་གེ་ཨཱ:དང། སྣང་མཛད་ནི་ཡི་གེ་ཨོཾ་དང། སྐུ་མཆོག་ནི་ལུས་ངག་ཡིད་དག་སྟེ་། དེ་དག་གང་ལས་བྱུང་བ་དེ་ནི་སྐུ་མཆོག་ལས་བྱུང་བ་སྟེ། ཐུགས་ཀྱི་ངོ་བོ་ཡི་གེ་ཧཱུཾ་བསམ་པ་ནི་བཀོད་ལ། སྐུ་གསུམ་དམ་ཚིག་ནི ་གདུག་པ་རྣམས་ཀྱི་ལུས་དག་ཡིད་དེ། དེ་རྣམས་ཀྱི་ཡི་གེ་གསུམ་པོ་དེ་ཉིད་གདན་ནི་གཞི་རུ་བརྟགས་པ་ནི་བསྒོམ་པར་བྱའོ། །དེའི་རྗེས་ལ་མཁའ་དབྱིངས་ནི་ཡི་གེ་ཧཱུཾ། སངས་རྒྱས་ཐམས་ཅད་ནི་ཡི་གེ་ཨོཾ་དང་ཨཱ:དག་གིས་ཡོངས་སུ་གང་བ ་ནི་གཅིག་ཏུ་གྱུར་པར་བསམས་ལ། ཡི་གེ་ཧཱུཾ་དེ་ཡང་རང་སྔགས་ནི་མི་བསྐྱོད་པ་ཡིན་ལ་།དེའི་ཡི་གེའི་གནས་ན་ས་བོན་གྱི་ཡི་གེ་སྟེ། ཐུགས་ཀྱི་རྣམ་པ་ནི་དེ་ཉིད་རིམ་གྱིས་འོད་གསལ་བ་ལ་ཐིམ་པར་བསྒོམ་པར་བྱའོ། །དེའི་འོག་ཏུ་སེམས ་ཙམ་ནི་འགྲོ་བ་འདི་སྟོང་པ་ཉིད་ཀྱི་རང་བཞིན་ནོ་ཏིང་ངེ་འཛིན་གྱིས་སངས་རྒྱས་རྣམས་ནི་དུས་གསུམ་གྱི་སེམས་ཅན་རྣམས་བསྒོམ་པར་བྱའོ། །ཐུགས་ཀྱི་རྡོ་རྗེ་ནི་འོད་གསལ་བའི་ངོ་བོ་འགྲོ་བ་འདི་ཡིན་ནོ་ཞེས་བསམས་ནས་།དེའི་ཕྱིར་སྐུ ་གསུམ་ནི་སྣང་བ་ལ་སོགས་པའི་བདག་ཉིད་ཀྱི་འོད་གསལ་བ་ལ་འཛུད་པ་ནི་ཁ་སྦྱོར་བྱའོ། །དེ་ནི་འདི་བཤད་པ་ཡིན་ཏེ། སྤྱི་བོ་ལ་སོགས་པར་དགོང་པའི་ཡི་གེ་གསུམ་གྱི་ཐིག་ལེ་རྣམས་ལ། རིམ་པ་ཇི་ལྟ་བ་བཞིན་དུ་གདུག་པ་རྣམས ་ཀྱི་ལུས་ངག་ཡིད་ཞུགས་ལ། དེ་རྣམས་ཀྱང་ཕན་ཚུན་དུ་རྗེས་སུ་ཐིམ་པས་འགྲོ་བ་དང་འོད་གསལ་བར་བལྟས་པས་ཐམས་ཅད་མི་སྣང་བར་བྱ་བ་སྟེ། རྫོགས་པའི་རིམ་པའོ། །རྡོ་རྗེ་རིན་པོ་ཆེ་ནི་ཡི་གེ་གསུམ་སྟེ། དེ་རྣམས་ཉེ་བར་བསྡུས ་པ་ཐོབ་པ་གང་ཞིག་རབ་ཏུ་སྣང་བར་ནི་འོད་གསལ་བ་སྟེ། དེ་བྱེད་པ་ནི་མངོན་དུ་རྫོགས་པར་བྱེད་པས་ན་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །མངོན་སྤྱོད་བསྟན་ནས་རེངས་པ་བཤད་པར་བྱ་སྟེ་། རྣམ་པའི་མཆོག་རྣམས་ཀུན་ལྡན་པའི་ཞེས་བྱ་བ་ལ་སོགས ་པ་ལ། རེ་ཞིག་དང་པོ་རྣལ་འབྱོར་པས་རང་གི་བདག་ཉིད་རྡོ་རྗེ་སེམས་དཔའ་རྣམ་པ་མཆོག་རྣམས་ཀུན་ལྡན་པ་ནི་མཚན་ལ་སོགས་པས་བརྒྱན་པར་བསམས་ལ། ཆུ་ནི་རྒྱ་མཚོ་ལ་སོགས་པའི་སྟེང་དུ་།སངས་རྒྱས་ནི་སྣང་བའི་ངོ་བོ་ཉི་མའི་དཀྱིལ ་འཁོར་བདུན་ཏེ། རིམ་པ་ནི་ཕྱོགས་བཞི་ལ་བཞི་དང། སྟེང་དང་འོག་ཏུ་གཉིས་དང་དཀྱིལ་དུ་གཅིག་བཞག་ལ་།དེའི་འོད་ཟེར་རྣམས་ཀྱིས་བསྐམས་པའི་ཆུའི་སྟེང་དུ་འཆག་པ་ནི་འགྲོ་བར་བྱའོ། །རྐང་བ་མཉམ་པ་ནི་ཆུ་ལ་བཞག་པའི་རྐང་པ ་མཉམ་པ་དག་གིས། སྤྱི་པོ་ནི་ཆུའི་སྟེང་དུ་རྐང་པ་བསྒོམ་པ་ནི་དེ་དག་གིས་འགྲོ་བར་འགྱུར་རོ། །ངོ་བོ་ཉིད་དག་པ་ནི་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏོ་ཞེས་དང་སྦྱར་རོ། །རྡོ་རྗེ་རྒྱ་མཚོ་ནི་གཏིང་མེད་པའི་རྒྱ་མཚོ་སྟེ། དེ་ཉིད་རྐང་པ་དག་གིས ་གནོན་པ་ནི་བརྒལ་བ་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པའོ། །ཡང་ན་རང་གི་བདག་ཉིད་རྡོ་རྗེ་སེམས་དཔར་བསྒོམས་ལ། སངས་རྒྱས་ནི་རླུང་བཅུ་སྟེ་དེ་རྣམས་རིམ་པར་དགོད་པ་རྣི་འཇུག་པ་ལ་སོགས་པའི་རིམ་པས་མཉམ་པར ་བྱས་ལ། །ཆུ་ནི་བེམས་པོ་སྡེ་རླུང་གི་འཁོར་ལོའི་སྟེང་དུ་འཆག་པ་ནི་རླུང་གི་འཁོར་ལོ་ལས་རྒྱལ་བར་བྱའོ། །རྐང་པ་མཉམ་པ་ནི་སྲོག་དང་རྩོལ་བ་སྟེ། དེ་དག་གིས་སྦྱོར་བ་ནི་མ་ནིང་གི་བཟླས་པས་སྤྱི་བོ་ནི་ཐམས་ཅད་ལས་ཕུལ་དུ་བྱུང་བའི་འོད ་གསལ་བ་ལ། རྐང་པ་བསྒོམ་བ་ནི་རླུང་རྣམས་ཞུགས་པར་བྱའོ། ན།བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །རྡོ་རྗེ་རྒྱ་མཚོ་ནི་རླུང་རྣམས་ཏེ། དེ་དག་རྐང་པས་གནོན་པ་ནི་མི་ནོང་གི་བཟླས་པས་མི་སྣང་བར་བྱེད་པའི་ཏིང་ངེ་འཛིན ་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པ་སྟེ། རྡོ་རྗེ་བཟླས་པའི་རིམ་པའོ། །དག་རེངས་པ་བཤད་པར་བྱ་བའི་ཕྱིར། དབང་ཆེན་གྱི་དཀྱིལ་འཁོར་བསྒོམས་ནས་ནི་ཞེས་བྱ་བ་ལ་སོགས་པ་ལ། རེ་ཞིག་དང་པོ་བསྒྲུབ་བྱའི་ལྕེ་ལ་བྲུ། ་བཞི་པ་དང་སེར་པོའི་དབང་ཆེན་དཀྱིལ་འཁོར་སྟེ་སའི་དཀྱིལ་འཁོར་བཀོད་ལ། དབུས་སུ་ཞེས་པ་ནི་ལྕེའི་དཀྱིལ་དུ་ཁྲོ་བོ་ནི་ཡི་གེ་ཧཱུཾ་བཀོད་ཅིང། སྤྱི་བོ་ནི་ལྕེ་རྩར། ལས་ཀྱི་རྡོ་རྗེ་རྐང་པ་ནི། རི་རཱི་ལི་ལཱཾ་ཞེས་བྱ་བའི་མ་ནིང་གི་ཡི་གེ་བཞི་ནག་པོ ་དང། ཞགས་པ་དང་ལྕགས་ཀྱུ་འཛིན་པར་བསམས་ལ། དེ་རྣམས་ཀྱི་ས་འོག་ཏུ་ལྐོག་མའི་ཁྲོན་པར་ལྕེ་དེ་ཉིད་འདྲེན་པར་བསམ་པར་བྱའོ། །དེ་ནས་རྩོད་པའི་དུས་སུ་དེ་རྣམས་ཀྱིས་ཅི་ཡང་སྨྲ་བར་མི་ནུས་ཏེ་ལྕེ་མེད་པའི་ཕྱིར་རོ། །མུ་སྟེགས་ཐམས ་ཅད་ནི་གྲངས་ཅན་ལ་སོགས་པའོ། །དེ་ཉིད་པས་རྒོལ་བ་སྟེ་དེ་རྣམས་ཀྱི་ཁྲུལ?་འཁོར་ནི་འཇིགས་པའི་ས་བོན་རྣམས་ཀྱིས་གནོན་པ་ནི་།དག་རེངས་པ་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པ་སྟེ། བསྐྱེད་པའི་རིམ་པའོ།། ་རྡོ་རྗེ་གསུམ་མཆོག་ཁྲོ་བོའི་ཚུལ་ཞེས་བྱ་བ་ལ་སོགས་པ་ལ། ཁྲོ་བོའི་ཚུལ་ནི་རིགས་ཀྱི་རི་བོ་བརྒྱད་བསམས་ལ། དབུས་སུ་གེ་སར་སེར་པོ་དང་འདྲ་བའི་རིའི་རྒྱལ་པོ་ནི་གསེར་གྱི་རི་བོ་བསྒོམས་ཤིང་།དེ་རྣམས་ཀྱང་ཡི་གེ་ཧཱུཾ་ལས ་བྱུང་བར་བསམས་ནས། སྤྱི་བོ་ནི་རྒྱལ་པོ་ལ་སོགས་པའི་དཔུང་གི་སྤྱི་བོར་མནན་པས་ན་དེའི་ཚེ་སངས་རྒྱས་དཔུང་ཡང་གནོན་བྱེད་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །དཔུང་ཐམས་ཅད་ནི་རྒྱལ་པོ? ་སོགས་པའི་དཔུང་རྣམས་ཏེ་།དེ་རྣམས་གནོན་པའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་ནོ། །ཡུལ་བཤད་པར་བྱ་སྟེ། དགྲ་བོ་སྐྲག་པའི་དུས་སུ་བསམ་གཏན་འདི་ནི་གནོན་པའི་སྦྱོར་བ་རབ་ཏུ་བརྟག་པ་ནི་བསམ་པར་བྱའོ། །སྦྱོར ་པ་འདི་ཉིད་གལ་ཏེ་སངས་རྒྱས་ཀྱིས་ཀྱང་འདས་པ་ན་དེའི་ཚེ་དེ་ཡང་འགས་པ་ནི་འཇིགས་པར་འགྱུར་ཏེ། དེ་ཡང་གནོན་པར་འགྱུར་རོ་ཞེས་སྟོན་ཏེ་བསྐྱེད་པའི་རིམ་པའོ། །ད་ནི་ཕུར་བུ་བརྡེག་པ་བཤད་པར་བྱ་སྟེ། ཧཱུཾ་ལས་ཕུར་བུར་བསམ་པ་ནི་ཞེས་བྱ ་བ་ལ་སོགས་པ་ལ་བསྒྲུབ་བྱའི་སྙིང་ཀར་ཧཱུཾ་ལས་བྱུང་བའི་རྩེ་ལྔ་པ། ཕུང་བུ་ནི་རྡོ་རྗེ་ཕུར་བུ་བཀོད་ལ། དེའི་རྗེས་ལ་རྡོ་རྗེ་ནི། བདུད་རྩི་འཁྱིལ་པ་ལ་སོགས་པ་གང་ཡང་རུང་བ་སྟེ། སྙིང་ཀ་ནི་ཕུར་བུ་དེ་ཉིད་ཀྱི་སྟེང་དུ་གནས་ཤིང་རྡོ་རྗེ་ཐོ་བས་བརྡུད་པར ་བསམས་ན་། སངས་རྒྱས་དཔུང་ཡང་འཇིག་པར་འགྱུར་རོ་ཞེས་ཕུལ་དུ་བྱུང་པའི་ཆོག་གོ་། དགྲ་པོ་རྣམས་རྨོངས་པ་ནི། རྨོངས་པར་བྱེད་པ་སྟེ། དེ་ཉིད་གནོན་པ་ཡིན་ཏེ། དེའི་དོན་གྱི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བསྟན་ཏེ། བསྐྱེད་པའི ་རིམ་པའོ། །དེ་ནི་ཞི་བ་ཆེན་པོ་བཤད་པར་བྱ་བའི་ཕྱིར། གྲོང་དམ་ཡང་ན་གྲོང་ཁྱེར་རམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གྲོང་ཁྱེར་ནི་རྒྱལ་པོའི་གནས་དང། གྲོང་ནི་ཡུལ་གྱི་ཕྱོགས་གཅིག་དང། ལྗོངས་ནི་གྲོང་གི་ཚོགས་སུ་འོག་ནས ་བཤད་པར་གྱུར་པའི་ཏིང་ངེ་འཛིན། རབ་དབྱོད?་པ་ནི་བྱ་བ་ཡིན་ན་དེའི་ཚེ་ནང་ཐམས་ཅད་སྤོང་བར་བྱེད་པའི་ཞི་བ་འབྱུང་བར་འགྱུར་རོ། །རེ་ཞིག་དང་པོ་གྲོང་ལ་སོགས་པ་ལས་ཇི་སྲིད་ནམ་མཁའ་ཨི་བར་དུ་དེའི་ཚད་དང་ལྡན་པའི་ཡི་གེ་གསུམ་ལས་བྱུང་བ་དཀའ་ ་པོ་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པའི་རྩེ་ལྔ་པའི་རྡོ་རྗེ་ཆེན་པོ་ཟླ་རའི་དཀྱིལ་འཁོར་ལ་གནས་པར་བསམས་ལ། རྡོ་རྗེ་དེ་ཉིད་བསྐལ་པའི་མེ་འབར་པའི་ཚོགས་དང་འདྲ་བའི་འོད་ཟེར་གྱི་ཕྱོགས་བཅུ་ལ་གནས་པའི་བགེགས་ཀྱི་ཚོགས་བསྲེག ་པར་བསྒོམས་ལ། འོད་ཟེར་དེ?་རྣམས་དེ་ཉིད་དུ་ཉེ་བར་བསྡུས་ནས་དེ་ཉིད་དུ་ཐིམ་པར་བྱ་སྟེ། བགེགས་བསྐྲད་པའི་ཆོ་གའོ། །དེའི་འོག་ཏུ་འོ་མའི་རྒྱ་མཚོ་དང་འདྲ་བ་དཀར་བའི་འོད་ཟེར་གྱི་ཚོགས་སྤྲོས་ལ་། རིན་ཆེན་ཡིད་བཞིན་ནོར་བུ་གང་ལ ་ཡོད་པ་དེ་ནི་རིན་ཆེན་ཡིད་བཞིན་ནོར་བུ་སྟེ། འོ་མའི་རྒྱ་མཚོ་དང་འདྲ་བའི་འོད་ཟེར་གྱི་ཚོགས་དེ་དག་གིས། ཆོས་ཀྱི་སྤྲིན་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་གོང་ལ་སོགས་པར་གནས་པའི་སེམས་ཅན་དེ་རྣམས ་ལ། དབང་བསྐུར་བ་ནི་འོད་ཟེར་འབབ་པར་བྱའོ། །དེའི་ཚེ་དེ་མ་ཐག་ཏུ་ཆར་འབེབས་པ་སྟེ་ཞི་པའི་རྟགས་སོ། །རྡོ་རྗེ་བསམ་གཏན་འདི་ཡིས་ནི་ཞེས་བྱ་བ་ལ་སོགས་པ་ལ། བརྟན་པའི་ཏིང་ངེ་འཛིན་འདིས་དགང་དཀའ་བ་ནི་ལུས་ཕྲ་བའི་ནད་པ ་རྣམས་རབ་ཏུ་འགེངས་པ་ནི་ཚིམ་པར་འགྱུར་རོ། །ནད་པ་དེ་རྣམས་ཡིད་བཞིན་གྱི་ནོར་བུ་ནི་དེ་དང་འདྲ་བའི་མདངས་དང་ལྡན་པ་དང། དཔལ་ལྡན་ནི་རྒྱས་བར་འགྱུར་བ་དང། སྦྱིན་པའི་རྡོ་རྗེ་སྦྱིན་པ་གཏོང་བས་སྒོམ་བྱེད་པ་ནི་གྲགས་པ་ཡང་ཐོབ ་པར་འགྱུར་རོ། །དེའི་རྗེས་ལས་ཉིད་དུ་སངས་རྒྱས་སྤྲིན་རྣམ་པར་སྣང་མཛད་ཀྱི་རིགས་ཅན་དང། ཆོས་ཆེན་ནི་གསུང་གི་རིགས་ཅན་དང། རྡོ་རྗེ་སེམས་དཔའ་ནི་ཐུགས་ཀྱི་རིགས་ཅན་རྣམས་ཏེ། དེ་དག་སྤྲོས་ན་བསྐལ་པ་གསུམ་གྱི་བར་དུ་སངས ་རྒྱས་ཐམས་ཅད་ཀྱིས་ཀྱང། བྱིན་གྱིས་རློབ་པ་ནི་གནས་པར་འགྱུར་རོ། །བསམ་གཏན་འདི་ཡང་སངས་རྒྱས་ཐམས་ཅད་ནི་ནད་ཐམས་ཅད་ཀྱི་སྐུ་ནི་ནད་ཀྱིས་ནོན?་པའི་ལུས་པོ། །སྐྱོན་མེད་ནི་ནང་མེད་པར་འགྱུར་རོ། །སྤས་པའི་ཕྱིར་གསང་བའོ།། ་ནད་ཐམས་ཅད་ནི་ཚ་བའི་ནད་ལ་སོགས་པ་སྟེ། དེ་རྣམས་མེད་པར་བྱེད་པ་ནི་ཞི་བ་སྟེ། དེ་ཉིད་རྡོ་རྗེ་ནི་ཇི་སྲིད་བསྐལ་བའི་བར་དུ་གནས་པའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པའོ། །གཞན་ཡང་གནས་བསྲུང་བར་བྱ་པའི ་ཕྱིར་ཕུར་བུ་འདེབས་པ་བཤད་པར་བྱ་སྟེ། བསམ་གཏན་ལས་བྱུང་མཉམ་གཞག་པ་ཞེས་བྱ་པ་ལ་སོགས་པ་ལ། བསམ་གཏན་ལས་བྱུང་པའི་ཕུར་བུས་གནས་གང་དུ་ཞེས་བ་ནི། ལྷ་ཁང་ལ་སོགས་པར། མཉམ་གཞག་པ་ནི་ཏིང་ངེ ་འཛིན་རྣལ་འབྱོར་བས་བརྩམས་ན། དེའི་ཚེ་བསམ་གཏན་སྦྱོར་བ་དེ་ཉིད་ཀྱིས་། སངས་རྒྱས་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས། བྱིན་གྱིས་རློབ་པ་ནི་གནས་དེ་བྱིན་གྱིས་རློབ་པར་འགྱུར་རོ། །དེ་ཉིད་བཤད་པར་བྱ་སྟེ། རྡོ་རྗེ་བདུད་རྩི་རྒྱལ་པོ་ཆེ་ཞེས་བྱ་བ་ལ ་སོགས་པ་ལ། རྡོ་རྗེ་བདུད་རྩི་རྒྱལ་པོ་ཆེ་ནི་བདུད་རྩི་འཁྱིལ་པ་སྟེ། དེ་ཉིད་རྡོ་རྗེ་ཕུར་བུ་སྟོང་ནི་དེའི་རྣམ་པ་དང། སྨད་ནི་རྡོ་རྗེ་རྩེའི་རྣམ་པ་སྟེ། དེ་ཉིད་བསྒོམས་ལ་ཕྱོགས་སྐྱོང་རྣམས་ཀྱི་སྤྱི་བོར། མེ་སྟག་འབར་བ་ནི་འབར་བའི་མེ་སྟག་དང་ལྡན་པར་བཏབ ་ཅིང་ཏིང་ངེ་འཛིན་བྱ་སྟེ། དཀྱིལ་འཁོར་བརྩམས་པ་ལ་ཡང་ཆོ་ག་དེ་ཉིད་བྱའོ། །འགྲོ་བའི་ཚར་མ་ནི་བརྒྱ་བྱིན་ལ་སོགས་པ་སྟེ། དེ་རྣམས་འདུལ་བ་ནི་ཁོ་བོའི་རྒྱལ་པོ་རྣམས་སོ། །ཞི་བ་ནི་དེ་རྣམས་ཀྱིས་བྱས་པའི་གནས་བསྲུང་བ་སྟེ། དེ་ཉིད་མི་གཡོ ་བའི་ཕྱིར་རྡོ་རྗེ་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པ་སྟེ། བསྐྱེད་པའི་རིམ་པའོ། །ད་ནི་རིམ་པ་གཞན་གྱིས་ཞི་བ་ལ་སོགས་པ་བཤད་པའི་ཕྱིར། ཞི་བའི་དཀྱིལ་འཁོར་དམ་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁམས་གསུམ་ནི ་ལུས་ངག་ཡིད་ཀྱི་རང་བཞིན་རྩ་བདུན་ཁྲི་ཉིས་སྟོང་དང་ལྡན་པའི་ལུས་ཏེ། དེའི་དབྱིངས་ནི་སྨིན་མའི་བར་དུ་ཞི་བའི་དཀྱིལ་འཁོར་ནི། ཨཱ་ལིའི་སྡེ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་བསམས་ལ། དེའི་སྟེང་དུ་ཡི་གེ་ཨོཾ་ལས་བྱུང་བའི་རྣམ་པར་སྣང ་མཛད་བསྒོམ་ཞིང། རང་གི་ཐུགས་ཀར་ནི་རྣམ་པར་སྣང་མཛད་དེ་ཉིད་ཀྱི་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀར་འདོད་པ་ནི་བསྒྲུབ་བྱ་བཀོད་ལ། ནམ་མཁའ་ཨི་དབྱིངས་ཀྱང་སྤྱན་ལ་སོགས་པའི་མཆོག་ནི་རྣམ་པར་སྣང་མཛད་ཀྱི་རིགས་ཅན་རྣམས་ཀྱིས་གང་བར ་བསམས་ཤིང་བསྡུས་ནས། འོད་ཀྱི་གོང་བུ་ནི་འོད་ཀྱི་ངོ་བོས་ནད་པ་དེའི་སྤྱི་པོ་ལ་དབབ་བར་བྱའོ། །དེའི་རྗེས་ལ་སྨིན་མའི་བར་ནས་ནད་པ་སྤྲོས་ལ། བ་སྤུའི་བུ་གནས་སངས་རྒྱས་ནི། སྔ་བ་ཉེ་བར་བསྡུས་པའི་རྣམ་པར་སྣང་མཛད་ཀྱི་རིགས་ཅན་དེ་རྣམས ་སྤྲོས་ཏེ། དེ་རྣམས་ཀྱང་བདུད་རྩིས་གང་བའི་བུམ་པ་རྣམས་ཀྱིས་ནང་བདེ་ལ་དབང་བསྐུར་བ་སྟེར་བར་བསྒོམ་པར་བྱའོ། །དེའི་འོག་ཏུ་ནད་པ་དེ་ཉིད་རྡོ་རྗེ་འདྲ་བ་ནི་བརྟན་པའི་ལུས་དང་འདྲ་བ་དང། དཔལ་ལྡན་ནི་སྐད་ཅིག་མ་གཅི་བ་གིས ་ནད་མེད་པར་འགྱུར་རོ། །སངས་རྒྱས་དམ་ཚིག་ནི་རྣམ་པར་སྣང་མཛད་དེ། དེའི་བཀོད་པ་ནི་དེའི་འཁོར་གྱིས་དབང་བསྐུར་བའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པའོ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི་ཞེས་བྱ་བ་ལ་སོགས་པའོ?། ་ཟླ་བ་དང་ཟླ་བ་ནི་ཟླ་བ་སྟེ་གསང་བའི་གནས་དང་ལྐོག་མ་དག་གོ། དེ་དག་གི་དབུས་སུ་གནས་པའི་དབང་ཆེན་ནི་ཡི་གེ་ལཾ་ལས་བྱུང་བ་གྲུ་བཞི་པ་དང། དཀྱིལ་འཁོར་དམ་པ་ནི་འོད་འབར་བའི་མེའི་དཀྱིལ་འཁོར་གྲུ་གསུམ་པ་བསྒོམས་ལ། དེ ་དག་གི་དཀྱིལ་དུ་རིན་ཆེན?་འབྱུང་ལྡན་དང། ཆོས་འཛིན་པ་ནི་སྣང་བ་མཛའ་ཡས་བསྒོམ་ཞིང་དེ་དག་གི་སྙིང་ཀ་ནི་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀར་འདོད་པ་ནི་བསྒྲུབ་བྱ་སྟེ་དེ་བཞག་ལ། སྔ་མ་བཞིན་དུ་ནམ་མཁའ་དབྱིངས་ཀྱང་ཉམས ་དགའ་བ་ནི་མཱ་མ་ཀཱི་གཙོ་བོར་གྱུར་པའི་རིན་ཆེན་གྱི་རིགས་ཅན་དང། དཀར་མོ་ནི་པདྨའི་རིགས་ཅན་རྣམས་ཀྱིས་བསམས་ཤིང་བསྡུས་ལ། རིན་ཆེན་འོད་དང་ཡིད་བཞིན་ནོར་བུ་ནི་པར་མ་དཱ་ག་སྟེ་། དེ་དང་འཕྲ་བའི་དེ་རྣམས་ཀྱིས་འདོད་པ་ནི ་བསྒྲུབ་བྱའི་ལུས་ངག་ཡིད་ཚིམ?་པར་བྱས་ལ་སླར་ཡང་ཕྱི་རོལ་ཏུ་སྤྲོས་ཏེ། རིན་ཆེན?་ནི་རིན་པོ་ཆེའི་རིགས་དང། སྤྲིན་ནི་པདྨའི་རིགས་ཏེ་དེ་རྣམས། བརྟུལ་ཞུགས་ཅན་ནི་རྣལ་འབྱོར་པས་ཕྱི་རོལ་ཏུ་སྤྲོས་ཏེ། ཆོས་ནི་པདྨའི་རིགས་ཅན་དང། ་སྤྲིན་ནི?་རིན་ཆེན་གྱི་རིགས་རྣམས་ཀྱིས་སྔ་མ་བཞིན་དུ་དབང་བསྐུར་ན་རྒྱས་བ་དང་དབང་གི་ལས་འགྲུབ་བར་འགྱུར་རོ། །རྡོ་རྗེ་བསམ་གཏན་འདི་ཡིས་ནི་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་བསམ་གཏན་ནི་འདས་མ་ཐག་ཏུ་བཤད་པ་བསྟན ་པའི་ཏིང་ངེ་འཛིན་གྱིས། དགང་དཀའ་ནི་སྐྱེས་པ་དབུལ་པོ་ཁེངས་པ་ནི་རྒྱས་པར་བྱའོ། །དེ་བཞིན་དུ་པདྨའི་རིགས་ཀྱི་ཏིང་ངེ་འཛིན་ཀྱིས་ཀྱང་བསྒྲུབ་བྱ་ཡིད་བཞིན་ནོར་བུ་ནི་བསྒྲུབ་པ་པོ་ལ་རེ་བ་ཐམས་ཅད་རྫོགས་པར་བྱེད་པ་དང། དཔལ་ནི་ཕུན་སུམ་ཚོགས ་པ་སྟེ། དེ་བཏང་པས་ན་དཔལ་ལྡན་ནོ། །དེ་བཞིན་དུ་སྦྱིན་པའི་རྡོ་རྗེ་ནི་རྒྱུན་མཆད་པར་གཏོང་བས་སྒྲུབ་པ་པོ་སྒྲུབ་པ་ནི་དགའ་བར་བྱེད་པས་ན་སྦྱིན་པའི་རྡོ་རྗེ་སྒྲུབ་པའོ། ཆོས་ནི་སྣང་བ་མཛའ་ཡས་དང། དམ་ཚིག་ནི་རིན་ཆེན་འབྱུང་ལྡན་ཏེ། དེ་དག་གི་སྤྲིན ་ནི་རིགས་ཅན་རྣམས་ཏེ། དེ་དག་གིས་བྱས་པའི་བཀོད་པ་སྟེ་དབང་བསྐུར་བའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་ནོ། །ནམ་མཁའ་ཨི་དབྱིངས་ཀྱི་དབུས་སུ་ནི་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་ཨི་དབྱིངས་དང་ནམ་མཁའ་དབྱིངས་ནོ?། ནམ་མཁའ་ཨི་དབྱིངས ་ཏེ་སྙིང་གདང་ལྟ་བདག་གོ་།དེ་དག་ནི་དབུས་སུ་གནས་པའི་རྡོ་རྗེ་དཀྱིལ་འཁོར་ནི་ཡི་གེ་བཾ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་ཟླུམ་པོ་དང་ཟླ་གམ་ནི་ཡི་གེ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ཅན་བསམས་ལ། དེ་དག་གི་སྟེང་དུ ་ཡི་གེ་གསུམ་ལས་བྱུང་བའི་རྡོ་རྗེ་ནམ་མཁའ་ཨི་ནི་མི་བསྐྱོད་པ་དང། ཆོས་མཆོག་ནི་དོན་ཡོད་གྲུབ་པ་སྟེ། དེ་དག་གི་གཟུགས་ནི་སྐུ་གཉིས་བསམས་ལ། དེ་དག་གི་སྙིང་ག་ནི་ཡེ་ཤེས་སེམས་དཔའ་ཨི་སྙིང་གང་འདོད་པ་ནི་བསྒྲུབ་བྱ་བཞག་ལ། དེའི ་རྗེས་ལ་ཐུགས་དང་དམ་ཚིག་གི་རིགས་ཅན་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནམ་མཁའ་གང་པར་བསྒོམས་ཤིང་འོད་ཟེར་རྣམ་པ་ལྔ་སྤྲོས་པ་དེ་རྣམས་བཀུག་ལ་བསྒྲུབ་བྱ་དེ་ལ་རིགས་དང་མཐུན་པའི་གཟི་བརྗིད་ཀྱི་ཚོཌ ་འབབ་ཅིང་སླར་ཡང་བསྒྲུབ་བྱ་དེ་དང་དེ་རྣམས་སྤྲོས་ཏེ་དེ་རྣམས་ཀྱིས་དབང་བསྐུར་ན། རང་དང་མཐུན་པའི་ལས་དག་འགྲུབ་པར་འགྱུར་རོ། །དེ་ནི་ཞེས་པ་གང་ཞིག་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་གྱིས་རྒྱས་བཏབ་པ་དེ། དེ་མ་ཐག་ཏུ་སངས ་རྒྱས་ཀུན་ནི་མི་བསྐྱོད་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་འཇམ་དཔལ་ནི་ཐུགས་རྡོ་རྗེའི་རིགས་ཅན་གྱི་བྱང་ཆུབ་སེམས་དཔའ་སྟེ། དེ་དང་འདྲ་བར་གྱུར་པ་དང་ལས་གནས་ནི་བསྟན་བཅོས་རྣམས ་དང་སྡེབ་སྦྱོར་ཏེ། དེ་དག་བྱེད་པས་ན་ལས་གནས་བྱེད་པ་སྟེ་ངག་གི་དབང་ཕྱུག་ཉིད་དུ་འགྱུར་རོ། །དགྱེས་པའི་བདག་ཉིད་ནི་རྟག་ཏུ་དགྱེས་པའི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་དག་གིས་དེ་ལ་དབང་བསྐུར་བར་མཛད་པའོ། །དེ་བཞིན ་གཤེགས་པ་ཇི་ལྟ་བུ་ཞེ་ན། དགའ་སྟོན་ཆེ་ནི་སངས་རྒྱས་ཀྱི་འབྲས་བུ་གསོལ་བ་ལ་ཤིན་ཏུ་དགྱེས་པའོ་ཞེས་སྟོན་ཏོ། །དེ་བཞིན་དུ་གང་ཞིག་དོན་ཡོད་གྲུབ་པའི་ཏིང་ངེ་འཛིན་གྱིས་འགུགས་པ་དེ་ཡང་དབང་དུ་གྱུར་པས་འགྲོ་བ་ཐམས་ཅད ་ནི་རང་གིས་ལུས། དབང་དུ་གྱུར་པ་ནི་དེའི་མདུན་དུ་གནས་པར་འགྱུར་རོ། །དེ་བཞིན་དུ་བལྟས་ཙམ་ཞེས་པ་ནི་ལུས་སྣང་བ་ཙམ་གྱིས་བསྐུལ་བ་ནི་འཇིགས་པར་འགྱུར་ཞིང་རྣལ་འབྱོར་པའི་བཀའ་ཡང་བྱེད་དོ་ཞེས་སྟོན་ཏོ། །རིན་པོ་ཆེ་ནི་ཐུགས་ཀྱི ་རིན་པོ་ཆེའི་རང་བཞིན་གྱིས་མི་བསྐྱོད་པ་དང། དམ་ཚིག་གི་རིགས་ཡིན་པའི་ཕྱིར། དམ་ཚིག་ནི་དོན་ཡོད་གྲུབ་པ་སྟེ། དེ་དག་གི་བཀོད་པ་ནི་དེའི་རིགས་ཅན་གྱི་ལྷའི་འཁོར་ལོ་སྤྲོ་བས་དབང་བསྐུར་བ་སྟེ། དེ་ཞེས་བྱ་པའི་ཏིང་ངེ་འཛིན་ཀྱང་དེ ་བཞིན་དུ་བཤད་པ་སྟེ། བསྐྱེད་པའི་རིམ་པའོ། །དེ་ནི་དབྱེ་བ་གཞན་གྱི་མངོན་སྦྱོར་བཤད་པའི་ཕྱིར། ནམ་མཁར་རྡོ་རྗེ་སྲིན་པོ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་རེ་ཞིག་དང་པོ་རྣལ་འབྱོར་པས་ཁྲོ་བོ་རྒྱལ་པོ་བཅུ་ལས་གང་ཡང་? ་བའི་ཏིང་ངེ་འཛིན་མངོན་དུ་བྱས་ལ། ནམ་མཁའ་ཨི་དབྱིངས་ཀྱང་ཡི་གེ་ཧཱུཾ་ལས་བྱུང་བའི་སྲིན་པོ་དང། ལྕེ་སྤྱད?་དང། བྱ་རོག་དང་ཁྱིལ་སོགས་པས་གང་བར་བསམས་ལ། སྲིན་པོ་ལ་སོགས་པ་དེ་རྣམས་ཀྱང་སྣ་ཚོགས་ནི་སྣ་ཚོགས་པའི་གཟུགས ་དང་ལྡན་པ་དང། དྲག་ནི་ལུས་དང། ཁྲོ་བ་ནི་ངག་དང་རབ་གཏུམ་ནི་ཡིད་ཀྱིས་ཏེ། དེ་ལྟ་བུ་བསམས་ལ། ཡི་གེ་རི་ལས་བྱུང་བ་གྲུ་གསུམ་པ་མེའི་དཀྱིལ་འཁོར་ལ་གནས་པ་། དགྲ་པོ་ནི་བསྒྲུབ་བྱ་སྒྲ་གྲོལ་བ་དང་གཅེར་བུ་སྟེ། འོག་དང་སྟེང་དུ་རྡོ་རྗེའི་རྩེ་ཞུགས ་པས་ཁྲག་གི་རྒྱུན་སྒྱུག?་པ་དང་། ཧ་ཧའི་སྒྲ་སྒོགས?་པ་དང་མིག་ལྡོག་པར་བསྒྲུབ་བྱ་བསམས་ལ། སངས་རྒྱས་ནི་དཀོན་མཆོག་གསུམ་ལ་སོགས་པ་ལ་གནོད་པ་འདི་ཡིན་ནོ་ཞེས་ཤེས་ན་ས་ལས་དེ་ནི་དྲག་པོའི་ལས་ཏེ་སྦྱར་བ་ནི་བྱའོ། །དེའི་རྫས་ལ་ཡི་གེ ་ཧཱུཾ་གི་སྐུས་སྲིན་པོ་ལ་སོགས་པ་འགུགས་ཤིང་ཆེ་གེ་མོ་འདི་ཞེས་བྱ་བ་གདུག་པ་ཁྱེད་རྣམས་ཀྱིས་ཟོ་ཞིག་ཅེས་ཀྱང་བསྐུལ་ན་དེ་རྣམས་འོང་ཞིང་བསྒྲུབ་བྱ་བ་དེ་ཉིད་ཀྱི་རྒྱུ་མ་དང། རྐང་དང་ཁྲག་ལ་སོགས་པའི་ཁམས་ཉི་ཤུ་རྩ་བཞིའི་རང་བཞིན་གྱིས ་གོང་བུ་ཀུན་དེ་རྣམས་ཀྱིས་?་བར་བསམ་པར་བྱའོ། །དེ་བཞིན་རྣམ་པ་སྣ་ཚོགས་པའི་མཚོན་ཆ་ཐོགས་པའི་གཞན་མ་མོ་དང་སྲིན་མོ་ལ་སོགས་པས་ཀྱང་དུམ་བུར་གྱུར་པ་ཟ་བར་བསམས་ཏེ། དེའི་ཚེ་དགྲ་རྣམས་འཆི་བ་ནི་ཟད་པར་འགྱུར་རོ། །སངས ་རྒྱས་ནི་རྣམ་པར་སྣང་མཛད་ཀྱིས་རྣལ་འབྱོར་པ་དང། རྡོ་རྗེ་འཛིན་པ་མི་བསྐྱོད་པའི་རྣལ་འབྱོར་པ་དང། ཡང་གི་སྒྲས་ནི་རིན་ཆེན་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་གལ་ཏེ་སྦྱོར་བ་འདི་བསྒོམས་ན་དེའི་ཚེ་ཟླ་བ་མ་ཕྱེད་ཀྱི་བར་དམ་ཟླ་བ་ཕྱེད་རྫོགས ་ནས་དགྲ་པོ་འཆི་བར་འགྱུར་རོ། །རྡོ་རྗེ་དམ་ཚིག་ནི་ཁྲོ་བོ་དམ་ཚིག་ནི་སྲིན་པོ་ལ་སོགས་པའོ། །དེ་རྣམས་ཀྱིས་བྱས་པ་དགོད་པ་ནི་དགུ་བཏུང་བའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་དེ་བཞིན་ནོ། །ད་ནི་སྔར་བཤད་པའི་དེ་བཞིན་གཤེགས་པ་ལ་སོགས ་པའི་ཞལ་ངང་ཕག་ལ་སོགས་པའི་དབྱེ་བ་རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པས་བཤད་པར་བྱ་སྟེ་།སྔོན་ཀར་སྨིན་པ་ཡིན་པས་ན་འདམ་བུ་ནི་དཀར་བ་ཡིན་ནོ། །རལ་པས་བཅིངས་པའི་དབུ་རྒྱན་ནི་རལ་པའི་ཚོགས་དབུ་རྒྱན་ཏེ། དེ་འཛིན་པས ་ན་རལ་པའི་ཐོར་ཚུགས་འཛིན་པའོ། །དེ་དག་ཐམས་ཅད་ཞལ་གསུམ་དང་ཕྱག་དྲུག་པར་བསྒོམ་པར་བྱའོ། །རྡོ་རྗེས་མཚན་པའི་ཨུཏཔལ་ནི་རྡོ་རྗེ་ཨུཏཔལ་ལོ། །འདི་ནས་བརྩམས་ཏེ་བསམ་གཏན་གྱི་དཀྱིལ་འཁོར་ཞེས ་བྱ་བའི་བར་དུ་ཞལ་དང་ཕྱག་དང་སྐུ་མདོག་གི་དབྱེ་པ་ནི་གོ་སླ་བའོ། །འོན་ཀྱང་ཀུན་གྱི་གཡོན་པའི་ཞལ་ནི་སྔོན་པོ་མིན། །ཞལ་གཡས་དམར་པོ་མ་ཡིན་ཏེ། །དཔལ་ལྡན་གསང་བ་འདུས་པ་འདིར། །བསྒོམ་པར་མཁས་པས་ཤེས་པར་བྱ། །གཙོ ་བོའི་ཕྱག་ནི་གཡས་པ་ལ། །འཁོར་ལོ་རྡོ་རྗེ་མཚོ་སྐྱེས་དང། །རིན་ཆེན་དང་ནིརལ་གྲི་དག་།གཡོན་གྱི་གཙོ་བོར་དྲིལ་བུ་དང། །དེ་ལས་གཞན་ཡང་ཀུན་གྱི་ཡིན། །ཁྲོ་བོ་རྣམས་ཀྱི་ཕྱག་གཡོན་ལ། །དྲིལ་བུ་གཞན་ནི་བདག་པོ་འདྲ། །ཕྱོགས་ལ ་གཡས་བརྒྱད?་མཚམས་ན་གནས། །སྟེང་དང་འོག་གནས་གཡོན་བརྐྱང་བ། །དེ་བཞིན་གཤེགས་པའི་ཅོས་པན་དུ། །རྡོ་རྗེ་སེམས་དཔའ་བསྒོམ་པར་བྱ། །ལྷ་མོ་བྱང་ཆུབ་སེམས་དཔའ་དང། །ཁྲོ་བོ་རྣམས་ཀྱི་རང་བདག་འདོད། །མགོན་པོ་རྡོ ་རྗེ་སྐྱིལ་ཀྲུང་ཅན། །ལྷ་མོ་སངས་རྒྱས་སྲས་དེ་བཞིན། །སྐུ་ནི་སངས་རྒྱས་ཀུན་གྱིས་བརྒྱན། །སྐུ་མདོག་ལྔ་དང་ལྡན་པར་གྲགས་ཞེས་བསྡུ་པའི་ཆགས་སུ་བཅད་པ་རྣམས་སོ། །འདིར་ཡི་གེ་ཧཱུཾ་ཁྲོ་བོ་རྣམས་ཀྱི་བསྐྱེད་པའི་ས་བོན་དུ་ཤེས་པར་བྱ ་སྟེ། གལ་ཏེ་ཡ་མཱནྟྲ་ཏི་ཅེས་བྱ་པ་ལ་སོགས་པ་སྔར་བཤད་པ། དེ་བཞིན་དུ་ཡང་ཡི་གེ་ཧཱུཾ་དང་དེ་དག་སྤེལ་བར་བྱའོ་ཞེས་པ་མན་ངག་གོ་།སེང་གེའི་ལྟ་བའི་རིགས་པས་རྗེས་སུ་འཇུག་པར་བྱའོ། །གཟི་བརྗིད་ཕུང་པོ་ནི་གཤིན་རྗེ་གཤེད་དོ། ། ་གཙུག་ཏོར་རྒྱལ་པོ་ནི་གཙུག་ཏོར་འཁོར་ལོ་སྒྱུར་པའོ། །གང་གཞན་ནི་བའི་རྣ་བ་ཅན་དང་གླང་པོའི་རྣ་བ་ཅན་ལ་སོགས་པ་དང། རྡོ་རྗེ་རོ་ལངས་མ་སོགས་པ་ཁྲོ་བོའི་ལྷ་མོ་རྣམས་སོ། །སྔགས་ཀྱི་འཁོར་ལོ་ཅན་ནི་རྫུ་འཕྲུལ་ལ་སོགས་པའི ་རྒྱུད་ལ་སོགས་པ་ལས་གཙུག་ཏོར་བཅུའོ། །དེ་དག་ཐམས་ཅད་དམ་ཚིག་ནི་ས་བོན་རྣམས་དང། ལོངས་སྤྱོད་ནི་དེའི་རིགས་རྣམས་ཀྱིས་སོ་སོ་ཞེས་པ་ནི་དབྱེ་བས་གནས་པར་བསྒོམ་པར་བྱའོ་ཞེས་སྟོན་ཏོ། །ཅིའི་ཕྱིར་ཞེ་ན་།དཔག་ཏུ་མེད་པ་ནི་བསམ་གྱིས་མི ་ཁྱབ་པའི་ཏིང་ངེ་འཛིན་རྣམས་སེམས་ཅན་གདུལ་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །སྔགས་རྣམས་ནི་དཔག་ཏུ་མེད་པ་ནི་ཞི་བ་དང་དྲག་པོ་ལ་སོགས་པའི་དབྱེ་བས་དེ་བཞིན་དུ་གསུངས་པའོ། །དེ་བཞིན་དུ་ཁྲོ་བོ་དག་ནི་རེ་རེ་ཡང་ཞེས ་པ་ནི་གཤིན་རྗེ་མཐར་བྱེད་ལ་སོགས་པའི་འཁོར་ལོ་ཡང་ནམ་མཁའ་ཨི་དབྱིངས་ལས་ཀྱང་ལྷག་པ་ཡིན་ཏེ། སྤྲུལ་པའི་བདག་ཉིད་ཀྱི་ཚེ་བ་བསྟན་ཏོ། །ད་ནི་རྣམ་པར་སྣང་མཛད་ལ་སོགས་པ་རིམ་པ་གཉིས་ཀྱིས་བསྐྱེད་པ་བཤད་པར་བྱ་བའི་ཕྱིར། ནམ་མཁའ་ཨི ་དབྱིངས་ཀྱི་དབུས་གནས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའ་ཨི་དབྱིངས་ནི་དེ་བཞིན་ཉིད་དོ། །དེའི་དབུས་སུ་གནས་པའི་གསལ་བའི་དཀྱིལ་འཁོར་ནི་ཡི་གེ་གསུམ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་བསམས་ལ། དེའི་སྟེང་ངེ་བཞིན་དུ ་འབྱུང་བའི་རྣམ་པར་སྣང་མཛད་བསྒོམ་བར་བྱའོ། །ཇི་ལྟ་བུ་ཞེ་ན། གསལ་ཞིང་ཞེས་བྱ་བ་ལ་སོགས་པས་སྐུ་མདོག་དང་རྒྱན་དང་ལྡན་པའོ། །མེ་ལོང་ལྟ་བུ་ཞེས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་དུ་བསམས། །ཚེ་འདི་ཉིད་དུ་སངས་རྒྱས་ཆེ ་པའི་བདག་ཉིད་ནི། རྣམ་པར་སྣང་མཛད་ཀྱི་རྫུ་འཕྲུལ་ཐོབ་པར་འགྱུར་རོ། །ཞེས་པ་སྟེ། ལྷག་མ་ནི་གོ་སླའོ། །རྣམ་པར་སྣང་མཛད་འབྱུང་བ་ནི་བསྐྱེད་པ་སྟེ། དེ་ཉིད་ཕྱིར་མི་ལྡོག་པའི་ཕྱིར་རྡོ་རྗེ་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་བཤད་པ ་སྟེ། བསྐྱེད་པའི་རིམ་པའོ། །ཡང་ན་ནམ་མཁའ་ཨི་དབྱིངས་ནི་འོད་གསལ་བ་སྟེ། དེའི་དབུས་སུ་གནས་བ་ནི་དེ་ལས་ཅིག་ཅར་དུ་གསལ་པའི་དཀྱིལ་འཁོར་ལ་སོགས་པ་བསམ་པར་བྱའོ། །ལྷག་མ་ནི་སྔ་མ་བཞིན་ཏེ་བདག་ལ་བྱིན་གྱིས་བརླབ་པའི ་རིམ་པའོ། །རྡོ་རྗེ་དཀྱིལ་འཁོར་དམ་པ་ནི་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་ཨི་དབྱིངས་ན་ཆོས་འབྱུང་གི་ནང་དུ་རྡོ་རྗེ་དཀྱིལ་འཁོར་ནི་ཉི་མའི་དཀྱིལ་འཁོར་བསམས་ལ། དེའི་སྟེང་དུ་སངས་རྒྱས་གཟུགས་ནི་རྡོ་རྗེ་འཆང་ཆེན ་པོ་དང་གཅིག་ཏུ་གྱུར་པ། རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པ་བསྒོམ་པར་བྱའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །ཡེ་ཤེས་གནས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །རྡོ་རྗེ་བདག་ཉིད་ཆེ་བ་ནི་མི་བསྐྱོད་པའི་སངས་རྒྱས་ཀྱི་ཞིང་ཚེ་ཉིད་དུ་ཐབ་པར་འགྱུར་རོ།། ་ཞེས་ཕན་ཡོན་བསྟན་པ་སྟེ། བསྐྱེད་པའི་རིམ་པའོ། །ཡང་ན་ནམ་མཁའ་ཨི་དབྱིངས་ནི་སྣང་བ་ལ་སོགས་པ་རྣམ་པར་དག་པ་སྟེ། དེ་ལས་བྱུང་བའི་རྡོ་རྗེ་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །དམ་ཚིག་ཐམས་ཅད་ནི་དེ་བཞིན་གཤེགས ་པ་ལྔ་སྟེ། དེ་རྣམས་འབྱུང་བ་ནི་གང་ལས་བསྐྱེད་པ་དང། མཛེས་པ་ནི་ནམ་མཁའ་ཨི་དང་འདྲ་བ་རྡོ་རྗེ་ནི་སྐུ་གང་ལ་ཡོད་པ་དེ་ནི་མི་བསྐྱོད་པ་སྟེ། དེ་བསྐྱེད་པར་བྱེད་པའི་ཏིང་ངེ་འཛིན་ཏེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །ཆོས་ཀྱི་དཀྱིལ་འཁོར་ཞེས ་བྱ་བ་ལ་སོགས་པ་ལ། ནམ་མཁའ་ཨི་རྡོ་རྗེ་ནི་དེ་བཞིན་ཉིད་དོ། །ཆོས་ཀྱི་དཀྱིལ་འཁོར་ནི་པདྨའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་རོ། །ཆོས་ཀྱི་སེམས་དཔའ་ནི་སྣང་བ་མཛའ་ཡས་སོ། །ཆོས་ཀྱི་བདག་ཉིད་ཆེ་བ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། བསྐྱེད ་པའི་རིམ་པའོ། །ཡང་ན་ནམ་མཁའ་ཨི་རྡོ་རྗེ་ནི་ཤེས་རབ་དང་ཐབས་དང་ཉེ་བར་ཐོབ་པའོ། །དེ་ལས་བྱུང་བའི་ཆོས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཆོས་ཀྱི་དེ་ཉིད་ནི་སྣང་བ་མཛའ་ཡས་ཏེ། དེ་ཉིད་ཀྱི་དམ་ཚིག་གི་རིམ་གཉིས་ཏེ། དེ་ལས ་བྱུང་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་དེ་བཞིན་དུ་བཤད་པ་སྟེ། བདག་ལ་བྱིན་གྱིས་བརླབ་པའོ། །ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་ཨི་རྡོ་རྗེ་ནི་དེ་བཞིན་ཉིད་དོ། །ཟླ་བའི་དཀྱིལ་འཁོར་ནི་རབ་ཏུ་གྲགས་པའོ། །བུད་མེད་ ་སྒྱུ་མ་ནི་བུད་མེད་ཉིད་དུ་ཡིན་ཏེ། གང་གི་ཕྱིར་དེ་ཁོ་ན་ཉིད་ལ་བུད་མེད་དང་སྐྱེས་པའི་དབྱེ་བ་མི་དམིགས་པ་སྟེ། འདུས་བྱས་པའི་ཕྱིར་རམ་བུད་མེད་དང་སྐྱེས་བུ་བཞིན་དུ་དེ་ཁོ་ན་ཉིད་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །འོན་ཀྱང་ཉོན་མོངས་པས ་གདུལ་བའི་སེམས་ཅན་རྣམས་ཀྱི་ཕྱིར། བུད་མེད་སྒྱུ་མ་བཅོམ་ལྡན་འདས་ཀྱི་སྤྲུལ་པའོ། །རིན་ཆེན་འཁོར་ལོ་སྟེ་བསྐྱེད་པའི་རིམ་པའོ། །ཡང་ནམ་མཁའ་རྡོ་རྗེ་ནི་སྟོང་པ་གསུམ་མོ། །གཞན་ནི་སྔ་མ་བཞིན་ནོ། །སྤྱན་གྱི་དམ་ཚིག་ནི་ལྷ་མོ་སྤྱན་གྱི ་དམ་ཚིག། ལྷ་མེ?་སྤྱན་བསྐྱེད་པ་སྟེ། དེ་ཉིད་ཀྱི་ཕྱག་ན་མཆོག་གི་ཕྱག་མཚན་དན་པོ་འཁོར་ལོ་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པ་སྟེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །རྡོ་རྗེ་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། ་ནམ་མཁའ་དབྱིངས་ནི་དེ་བཞིན་ཉིད་དོ། །ཁམས་གསུམ་དག་གིས་ཕྱག་བྱས་པ་ནི་འགུགས་པའི་རང་བཞིན་གྱི་ཕྱིར་རོ། །ནམ་མཁའ་ཨི་དབྱིངས་ནི་རང་བཞིན་རྣམ་པར་དག་པའོ། །ཡུམ་ནི་མི་བསྐྱོད་པ་སྟེ། དེ་ལས་འོད་ཟེར་གྱི་སྤྲིན་སྤྲོ་བ་སྟེ། དེ་ཉིད་ཀྱིས ་རྡོ་རྗེ་མི་བསྐྱོད་པ་དང་རིན་ཆེན་འབྱུང་ལྡན་དག་།ཚིམ་པར་བྱེད་པ་ནི་དགྱེས་པར་བྱེད་པའི་མཱ་མ་ཀཱིའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པ་སྟེ། བསྐྱེད་པ་དང་བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་ལ ་སོགས་པའོ། །ནམ་མཁའ་ཨི་རྡོ་རྗེ་ནི་དེ་བཞིན་ཉིད་དམ་ཡེ་ཤེས་གསུམ་མོ། །རྡོ་རྗེ་ཆོས་མ་ནི་གོས་དཀར་མོའོ། །ཆོས་ཀྱི་ཡེ་ཤེས་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །ཆོས་ཀྱི་དམ་ཚིག་ནི་སྣང་བ་མཛའ་ཡས་པ་སྟེ། དེ་ཉིད་ཀྱི་དེ་ཁོ་ན་ཉིད་མངོན ་པར་བྱང་ཆུབ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། དེ་ཉིད་ཀུན་ཏུ་སྟོན་པ་ནི་མཚོན་པར་བྱས་པའི་ཕྱིར་རྡོ་རྗེ་ནི་གོས་དཀར་མོའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པ་སྟེ། བསྐྱེད་པ་དང་བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །དངོས་གྲུབ ་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་ཨི་རྡོ་རྗེ་ནི་དེ་བཞིན་ཉིད་དམ་དུས་མཚམས་ལ་སོགས་པ་རྣམ་པར་དག་པའོ། །དངོས་གྲུབ་དཀྱིལ་འཁོར་ནི་དོན་ཡོད་གྲུབ་པའི་གཞིར་གྱུར་པ་ཟླ་བའི་དཀྱིལ་འཁོར་རོ། །རྡོ་རྗེ ་ཏིང་ངེ་འཛིན་ནི་བ་ནན་ཏན་གྲུབ་པའི་ཡེ་ཤེས་སོ། །དམ་ཚིག་སྒྲོལ་མ་ནི་དབང་དང་འགུགས་པ་གཙོ་བོར་གྱུར་པ་ལྷ་མོ་སྒྲོལ་མ་སྟེ། དེ་ཉིད་ལས་ཐམས་ཅད་མཛད་པའི་མཆོག་དང་ལྡན་པ་སྟེ། དེ་གཙོ་བོར་གྱུར་པའི་ཏིང་ངེ་འཛིན་ཡང་དེ་བཞིན་དུ ་བཤད་པ་སྟེ། བསྐྱེད་པ་དང། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་ཨི་རྡོ་རྗེ་ནི་དེ་བཞིན་ཉིད་དམ་བཞི་པའོ། །སྣང་མཛད་དབུ་རྒྱན་ནི་དེའི་རིགས་ཡིན་པའི་ཕྱིར་རོ། །གཤིན་རྗེ་གཤེད ་ཀྱི་སྤྲོ་བ་ནི་གཤིན་རྗེ་གཤེད་དེ། དེ་ཉིད་སྣང་བ་བཀོད་པ་ནི་འོད་གསལ་བའི་རྣམ་པ་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པའོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་ཨི་རྡོ་རྗེ་ནི་དེ་བཞིན་ཉིད་དམ་།ཡང་དག་པའི ་མཛའ་ཨོ། །མི་བསྐྱོད་དམ་ཚིག་དབུ་རྒྱན་ལ་ཞེས་པ་ནི་དེའི་རིགས་ཡིན་པའི་ཕྱིར་རོ། །གཞན་གྱིས་མི་ཐུབ་པའི་རྡོ་རྗེ་ནི་མི་བསྐྱོད་པ་སྟེ། དེ་ལས་བཀོད་པ་ནི་ཤེས་རབ་མཐར་བྱེད་སྤྲོ་བའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་ནོ། །ཉི་མའི་དཀྱིལ ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་རྡོ་རྗེ་ནི་སྟོང་པ་ཉིད་དམ་ཐམས་ཅད་སྟོང་པ་ཉིད་དོ། །དཔག་མེད་དབུ་རྒྱན་ལ་ཞེས་པ་ནི་དེའི་རིགས་ཡིན་པའི་ཕྱིར་རོ། །རྟ་བསྐྱེད་པ་ཤིང་སྣང་བ་མཛའ་ཡས་ཏེ། དེའི་བཀོད་པ་ནི་རྟ་མགྲིན་ཏེ་དེ ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་ཨི་རྡོ་རྗེ་ནི་དང་པོ་སྦྱོར་བ་འམ་འོད་གསལ་པའོ། །མི་བསྐྱོད་དབུ་རྒྱན་ལ་ཞེས་པ་ནི་དེའི་རིགས་ཡིན་པའི་ཕྱིར་རོ། །མི་འཆི་བའི་དམ་ཚིག་ནི་མི་བསྐྱོད ་པ་སྟེ། དེ་ལས་འབྱུང་བའི་རྡོ་རྗེ་ནི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པའོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་རྡོ་རྗེ་ནི་སྤྲོས་པ་མེད་པ་འམ། ཐམས་ཅད་སྟོང་པའོ། །མི་བསྐྱོད་དབུ་རྒྱན་ལ་ནི་དེའི་རིགས ་ཡིན་པའི་ཕྱིར་རོ། །བསམ་གཏན་རྡོ་རྗེ་ནི་མི་བསྐྱོད་པ་སྟེ། དེ་ལས་མངོན་པར་བྱང་ཆུབ་པའི་དགའ་བ་ནི་བསྐྱེད་པའི་དགའ་བ་གང་ལ་ཡོད་པ་དེ་ནི་ཏིང་ངེ་འཛིན་ཡང་དེ་བཞིན་དུ་བཤད་པའོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་ཨི ་རྡོ་རྗེ་ནི་དེ་བཞིན་ཉིད་དམ་འོད་གསལ་བདག་གོ་།རྡོ་རྗེ་གསུམ་ནི་མི་བསྐྱོད་པ་སྟེ། དེ་ཉིད་ཀྱིས་གཟིགས་པ་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་ནོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་ཨི་རྡོ་རྗེ་ནི་དེ་ཉིད་དམ་ཟླ་བ་ལ་སོགས ་པའི་སྣང་བའོ། །རྡོ་རྗེ་དབྱིག་པ་ནི་རྡོ་རྗེས་མཚན་པའི་དབྱིག་པ་སྟེ། དེ་ཉིད་དམ་ཚིག་མཚོ?་ནི་ཕྱག་མཚན་གང་ལ་ཡོད་པ་དེ་ནི་ཏིང་ངེ་འཛིན་ཡང་དེ་བཞིན་དུ་བཤད་པའོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་ཨི་རྡོ་རྗེ་ནི་དེ་བཞིན་ཉིད ་དམ་སྤྲོས་དང་བྲལ་བའོ། །རྡོ་རྗེ་ནམ་མཁའ་ཨི་དབྱིངས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དེའི་དམ་ཚིག་ནི་མི་བསྐྱོད་པ་སྟེ། དེ་ཉིད་ཀྱིས་ཞབས་ཀྱིས་མནན་པ་ནི་སྤྲོས་པ་གང་ཡིན་པ་དེའི་ཏིང་ངེ་འཛིན་ཡང་དེ་བཞིན་དུ་བཤད་པའོ། །ཉི་མའི་དཀྱིལ་འཁོར ་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་ཨི་རྡོ་རྗེ་ནི་སྟོང་པ་ཉིད་དམ་སྤྲོས་པ་མེད་པའོ། །གཙུག་ཏེར་དམ་ཚིག་ནི་མི་བསྐྱོད་པ་སྟེ། དེ་ཉིད་རིགས་གང་ལ་ཡོད་པ་དེ་ནི་གཙུག་ཏོར་དམ་ཚིག་རིགས་ཏེ། འཁོར་ལོ་འཛིན་པའི་ཕྱིར་འཁོར་ལ་གང་ལ་ཡོད ་བ་དེ་ནི་ཏིང་ངེ་འཛིན་ཡང་དེ་བཞིན་དུ་བཤད་པའོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་ཨི་རྡོ་རྗེ་ནི་ཏིང་ངེ་འཛིན་ནམ་འོད་གསལ་པའོ། །རྡོ་རྗེ་དམ་ཚིག་ནི་ས་འོག་ལ་གནས་པ་རྣམས་ཏེ། དེ་རྣམས་སུཾ་བྷ་ནིགནོན་པ ་ལ། འབྱུང་བ་ནི་བསྐྱེད་པ་གང་ཡིན་པ་དེ་ནི་ཏིང་ངེ་འཛིན་ཡང་དེ་བཞིན་དུ་བཤད་པ་སྟེ་།བསྐྱེད་པ་དང་བདག་ལ་བྱིན་གྱིས་བརླབ་པའི་རིམ་བདག་གོ་། འགོག་པ་ཁྲོ་བོའི་འཁོར་ལོ་ནི་ཞེས་བྱ་བ་ལ་སོགས་པ་ལ། འགོག་པ་སྟོང ་པ་ཉིད་དམ། འོད་གསལ་བ་སྟེ། དེ་དག་ལས་ཟླ་བ་དང་རྡོ་རྗེ་ལ་སོགས་པའི་རིམ་པ་འམ་ཅིག་ཅར་དུ་སངས་རྒྱས་འཁོར་ལོ་ནི་ད་བཞིན་གཤེགས་པའི་དཀྱིལ་འཁོར་དང་ཁྲོ་བོའི་དཀྱིལ་འཁོར་བསྟེན་པ་ནི་བསྒོམ་པར་བྱའོ། །དེ་བཞིན་དུ་ཏིང་ངེ་འཛིན་ནི་ལྷ ་མོ་རྣམས་དང། རྡོ་རྗེ་ཡེ་ཤེས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་རྣལ་འབྱོར་པས་བསྒོམས་ན་དེའི་ཚེ་རྡོ་རྗེ་དཀྱིལ་འཁོར་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཀྱི་དབྱིངས་ལ་འགྲུབ་པར་འགྱུར་བ་ནི་རྫོགས་པར་འགྱུར་རོ། །རྡོ་རྗེ་དམ་ཚིག་ནི་གསོད ་པ་ལ་སོགས་པ་དང། བཀོད་པ་ནི་དེ་བཞིན་གཤེགས་པའི་རྣམ་པ་བསྒོམ་པ་དང། དེ་ཁོ་ན་ཉིད་ཀྱི་དོན་བསྒོམ་པ་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་བསྒོམ་པ་སྟེ། དེ་རྣམས་ཀྱིས་ཐོབ་པར་འགྱུར་བའི་མངོན་པར་བྱང་ཆུབ་ལེའུ་གང་ལ ་ཡོད་པ་དེའི་དོན་སྟོན་པར་བྱེད་པའི་གཞུང་གི་ཚོགས་ཀྱང་དེ་བཞིན་དུ་བཤད་པའོ། །རྒྱུད་འགྲེལ་ལས་ལེའུ་བཅུ་གསུམ་པ་ཚིག་གི་དོན་བཅུ་དྲུག་གི་བཤད་པའོ། །ལེའུ་བཅུ་གསུམ་པའི་ཚིགས་སུ་བཅད་བའི་གྲངས་སུམ་བརྒྱ་དགུ་བཅུའོ།། ་སྔར་བཤད་པའི་ཞི་བ་ལ་སོགས་པའི་ལས་སྔགས་ཀྱི་སྒོ་ནས་བྱེད་པར་འདོད་པ་ལ་ལེའུ་བཅུ་བཞི་པ་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ནི་ཞི་བ་ལ་སོགས ་པ་སྟེ། དེ་རྣམས་ཀྱི་བདག་པོ་ནི་སྤྲུལ་པར་མཛད་པའོ། །རྡོ་རྗེ་ཆེན་པོ་ནི་བསྒྲུབ་པར་དཀའ་བའི་འཆིབ་སློང་བ་ལ་སོགས་པའི་སྟེ། དེ་རྣམས་འཛིན་པ་ནི་རྫོགས་པར་མཛད་པས་ན་རྡོ་རྗེ་འཛིན་ཆེན་པོའོ། །ཞི་བའི་དམ་ཚིག་ནི་ཞི་བ་དེའི ་མཆོག་ནི་དེ་བྱེད་པ་སྟེ། དུས་མ་ཡིན་པའི་འཆི་བ་བླུ་བའོ། །དེ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་ཐུགས་རྩེ་གཅིག་པར་གྱུར་པ་ལ་ཞུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དང་པོ་ཡིན་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར ་སྣང་མཛད་དེ། དེའི་བཙུན་མོ་ནི་ལྷ་མོ་གཙོ་མོ་སྟེང་ཉེ་བར་བརྟགས་པས་རིག་སྔགས་ཀྱང་དེ་བཞིན་དུ་བཤད་པ་སྟེ། དེ་ཉིད་ཉིད་ཀྱི་སྐུ་ལ་སོགས་པ་ལ་སོགས་པ་ལ་ཕྱུང་ངོ། །དེ་ལ་ཨོཾ་ནི་རྣམ་པར་སྣང་མཛད་དོ། །ཡི་གེ་རཾ་ནི་མེའི་ས་བོན་ནོ། །དེའི ་རང་བཞིན་གྱི་སྲེག་པར་བྱེད་པ་གང་ཞིག་ཨོཾ་རུ་ནི་ཡུན་རིང་དུ་གནས་པའི་རིགས་ལ་སོགས་ལ་སོགས་པ་སྟེ། དེ་རྣམས་སྤུ་རུ་ནི་བསྐྱོད་པར་མཛད་དོ་ཞེས་སྟོན་ཏོ། །དེ་བཞིན་དུད་ཆི་བ་སློང་བས་རབ་ཏུ་སྣང་བའི་ཕྱིར་ཛཝ་ལའོ། །དེ་ཉིད་བརྟན་པར་མཛད་པའི ་ཕྱིར་ཏིཥྛ་ནི་འགྲོ་བ་ལྡོག་པའོ། །སརྦཱཌཐ?་ནི་དོན་ཐམས་ཅད་དེ་ཞི་བ་ལ་སོགས་པ་སྒྲུབ་པར་མཛད་པས་ན་སརྦཱརྠ་སཱ་དྷ་ནི་ཞེས་བྱ་བ་ནི་བོད་པའི་ཚིག་གོ། སྭཱཧཱ་སྒྲ་ནི་ཞི་བ་གསལ་བར་བྱེད་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རིག་སྔགས ་འདི་གསུངས་བཙམ་གྱིས་ནི་བཅོམ་ལྡན་འདུས་ཀྱིས་བཟླས་པ་ཙམ་གྱིས་ཀུན་ནི་རིམས་ལ་སོགས་པའི་རྣམས་ཞི་བས་གང་ཞིག་ཐོབ་པ། འབྱོར་པ་ནི་ནད་མེད་པ་སྟེ་དེ་ཉིད་ཡིད་ཀྱིས་ཅིག་ཅར་དུ་གང་གི་འདོད་པ་དེ་ནི། འབྱོར་པ་ཀུན་པ་དགྱེས་པ ་སྟེ། ཞི་བ་ལ་སོགས་པ་འདོད་པའི་སྒྲུབ་པ་པོ་རྣམས་སོ། །ཇི་ལྟ་བུ་ཞེ་ན། མཉེས་པ་ནི་སྔགས་ཐོས་པས་སོ། །རབ་ཏུ་དགྱེས་པར་གྱུར་པ་ནི་རིམས་ལ་སོགས་པ་ཞི་བ་མངོན་དུ་བྱེད་པས་སོ། །སངས་རྒྱས་རྡོ་རྗེ་ནི་རྣམ་པར་སྣང་མཛད་དང་ཐ་མི་དད་པའི ་ལྷ་མོ་སྤྱན་ཏེ། དེ་ཉིད་རྗེས་སུ་དྲན་པ་ནི་དེ་རྣམས་ཀྱིས་བསྒོམས་སོ། །ཕན་ཡོན་བཤད་པར་བྱ་སྟེ། སངས་རྒྱས་རྣམས་ཀྱི་ཞི་བྱུང་བ་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་རྣམས་ནི་བསྒྲུབ་བྱ་རྣམས་ཀྱི་རིམས་ལ་སོགས་པ་ལྡོག་པས་།ཞི་བ་འབྱུང ་བ་ནི་ནང་མེད་པའི་ལུས་རྫོགས་པར་མཛད་པའོ། །དེ་བཞིན་དུ་ཤི་བ་ནི་སྲོག་དང་དྲལ་བའི་སེམས་ཅན་རྣམས། སོས་པར་བྱེད་པ་ནི་སློང་བར་མཛད་པའོ། །དེ་བཞིན་དུ་གཞན་རྣམས་ཀྱང་མོས་པ་མཐུན་པའི་དབང་གིས་ལས་རྣམས ་ཐམས་ཅད་སྒྲུབ་པར་བྱེད་པའོ། །རྡོ་རྗེ་བཞིན་དུ་མི་ཕྱེད་པའི་དམ་ཚིག་ནང་རྣམས། བསྐུལ་པ་ནི་མེད་པར་མཛད་པའོ། །འདིར་སྦྱོར་པ་འདི་ཡིན་ཏེ་ཅིག་ཅར་དུ་རྣམ་པར་སྣང་མཛད་ཀྱི་སྐུ་དཀར་པོ། དེ་དང་འདྲ་བའི་ལྷ་མོ་སྤྱན་གྱིས་འཁྱུད་པར་བསྒོམས་ལ། དེའི ་པདྨའི་ལྟེ་བའི་དབུས་སུ་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་བསྒྲུབ་བྱ་བཀུག་ཅིང་བཞག་ལ་སྙིང་ཀའི་པདྨར་ཁ་དོག་དཀར་པོའི་རིག་སྔགས་འདི་བཀོད་ལ་རྩ་དབུས་མའི་ལམ་ནས་བདུད་རྩིར་ཞུ་པའི་ངོ་བོས་རྡོ་རྗེ་དང་པདྨའི ་རྩེ་མོར་ཕྱིན་ལ། ཆེ་གེ་མོ་འདི་ལ་ཤཱནྟིཾ?་ཀུ་རུ་ཧྲཱི:ཞེས་བྱ་བ་བརྗོད་ཅིང་ཡབ་ཡུམ་གཉིས་ཀས་ཀྱང་དེའི་སྤྱི་བོར། བྱང་ཆུབ་ཀྱི་སེམས་དཀར་པོས་དབང་བསྐུར་བར་བྱའོ། །དེའི་རྗེས་དེ་ཉིད་ལས་ཕྱི་རོལ་ཏུ་སྤྲོས་ཏེ་སྔགས་དེ་ཉིད་ཀྱིས་སྐུ་གསུང་ཐུགས ་ཀྱིས་བྱིན་གྱིས་བརླབས་ན་སོས་པར་འགྱུར་རོ། །དེ་ནས་ཙན་དན་དཀར་པོས་རི་མོ་མེད་པའི་གྲོག་ལ་རྩིབས་བཅུ་པའི་འཁོར་ལོ་བྲིས་ཏེ། དབུས་སུ་ཨོཾ་དང་རྩིབས་གཞན་རྣམས་ལ་ཡི་གེ་གཉིས་གཉིས་བཀོད་ལ། སྒྱུ་མའོ་ས་བོན་གྱིས་འཁོར་ལོའི ་མཐར་བསྐོར་ཞིང་ལྕགས་གསུམ་གྱིས་བསྐོར་པར་བྱས་ཏེ། སྐུད་པ་དཀར་པོས་བཅིངས་ཤིང་ནང་པ་དེའི་གཡས་པའི་དབུང་པ་ལ་བཅིང་བར་བྱའོ། །དེ་ནས་རིམས་ལ་སོགས་པ་སླར་མི་འབྱུང་ངོ། །དེ་བཞིན་དུ་དེ་མ་ཐག་ཏུ་ཤི་བའི་སྐྱེས་པ་རྙེད་ལ། ་རང་གི་བདག་ཉིད་སྔ་མ་བཞིན་དུ་བསྒོ་ནས་ཤིང་ཤི་བ་དེ་ཙན་དན་དཀར་པོ་འདྲེས་པའི་ཆུས་བཀྲུས་ལ། དེ་སྲིད་པ་བར་མ་དེ་ཡང་ཡི་གེ་གསུམ་གྱི་རང་བཞིན་ནམ་མཁའ་ལས་བཀུག་ཅིང་ལྷ་མོའི་པདྨའི་ལྟེ་བའི་ནང་དུ་ཞུགས་ལ། སྔ་མ་བཞིན་དུ་སྔགས ་གྱི་ཡི་གེ་ཡོངས་སུ་གྱུར་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་དབང་བསྐུར་བས་ཐིབ་པར་བྱས་ཤིང་ཕྱི་རོལ་ཏུ་སྤྲོས་ཏེ། རོའི་ལུས་ཀྱི་སྙིང་ཀར་ཞུགས་ཤིང་མདོག་སེར་པོ་རྡོ་རྗེ་མཚན་པའི་དབང་ཆེན་གྱི་དཀྱིལ་འཁོར་གྱིས་བསྐོར་ཞིང་སྔགས་དེ་ཉིད་ཀྱིས་སྤྱི ་པོ་ལ་སོགས་པར་བྱིན་གྱིས་བརླབས་ན་ཤི་བ་དེ་སློང་པར་འགྱུར་རོ། །དེ་ནས་སྔ་མ་བཞིན་དུ་སྲུང་བའི་འཁོར་ལོ་ཡང་བཅིང་བར་བྱའོ། །ལས་གཞན་རྣམས་བྱེད་པར་འདོད་ན་དེའི་ཚེ་སྔགས་ཀྱི་ཡི་གེ་དང་མཆོད་པའི་རྫས་རྣམས་དམར་པོ་ལ་སོགས་པའི་ཁ ་དོག་ཏུ་བསྒོམ་པར་བྱའོ། །ཕྲེང་བའི་དབྱེ་བ་ནི་ལས་ཚོགས་ཀྱི་དབྱེ་བས་སོ། །ཇི་སྐད་དུ་ཤེལ་དང་དུང་དང་མུ་ཏིག་དང། དེ་བཞིན་དཀར་པོའི་ཁམས་རང་བཞིན། །ཞི་བའི་ལས་ལ་བློ་ལྡན་པས། །བྱ་བ་གྲུབ་ཕྱིར་བླང་བར་བྱ། །དངུལ་དང་གསེར་དང་ཟངས་མ་ནི། །རྒྱས ་པ་ལ་ནི་རྒྱལ་བས་གསུངས། །གུར་གུམ་གླ་རྩི་གཞི་མཉམ་མོ། །དབང་གི་ལས་ལ་ཤེས་པར་བྱ། །དགུག་པ་ལ་ནི་རུ་རཀྵ། །སྡང་བ་ལ་སོགས་གླང་པོ་ཡིན། །རྩ་བའི་སྔགས་རྣམས་བཟླས་པ་ལ་།མི་རུས་རང་བཞིན་བརྗོད་པ་ཡིན། །ཕྲིན་ལས་ཐམས་ཅད ་རབ་གྲུབ་ཕྱིར། །བོ་དྷི་ཙི་ནི་འདོད་པ་ཡིན་ཞེས་གསུངས་སོ། །ལག་པ་ལ་དགོད་པ་ནི་ཟ་བའི་དུས་བཞིན་དུ་རྗེས་སུ་དྲན་པར་བྱ་བ་སྟེ། དེ་ཡང་སྔར་བཤད་པའོ། །དེ་ནི་བསྐྱེད་པའི་རིམ་པའོ། །དེ་ནས་ཤེས་བྱ་བ་ལ་སོགས་པ་ལ། སྐུ་གསུམ་གྱི་དམ་ཚིག་ནི་དེ ་བཞིན་གཤེགས་པ་རྣམས་ཏེ། དེ་དག་གི་ཁྲོ་བོ་ཉེ་བར་བསྡུ་བ་སྟེ། དེ་ཉིད་གཙོ་བོར་གྱུར་པའི་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའོ། །དངོས་པོ་དང་དངོས་པོ་མེད་པ་ནི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ཏེ། དེ་དག་གི་དམ་ཚིག་ནི་གཅིག་ཏུ་གྱུར་པ་སྟེ་ཆོས?་ཀྱི ་དབྱིངས་ཀྱི་ཡེ་ཤེས་སོ་།དེའི་རང་བཞིན་གྱི་མི་བསྐྱོད་པ་སྟེ། དེ་ཉིད་ཀྱི་རྡོ་རྗེ་ནི་མཱ་མ་ཀཱི་སྟེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྡོ་རྗེ་འཛིན་ཐམས་ཅད་ནི་མི་བསྐྱོད་པ་སྟེ། དེ་ཉིད་བཙུན་མོའི་མཆོག་ནི་མཱ་མ་ཀཱི་སྟེ། དེ་ཉེ་པར ་བསྟན་པས་རིག་སྔགས་ཀྱི་དེ་བཞིན་དུ་བཤད་པ་སྟེ། དེ་ཉིད་ཉིད་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ོཾ་ནི་རྡོ་རྗེ་འཆང་ཆེན་པོའོ། །ཤི་ནི་དེས་ལེགས་ཏེ་དེ་བྱེད་པས་ན་ཤདཀ?་རིའོ?། །ཁཱཾ་ཏིཾ?་དི་འཇིགས་བཞི་བ་སྟེ་དེ་བྱེད་པས ་ན་ཤཱཾ་ཏཾ་ཀི་རིའོ། །གྷུ་ཊི་ནི་ཞེས་པ་ནི་གདུག་པ་འདུལ་བར་མཛད་པའོ། །གདུལ་པས་ཀྱང་གལ་ཏེ་དབང་དུ་མ་གྱུར་ན་དེའི་ཚེ་གྷུ་ཊ་ཡཾ་ཞེས་པ་ནི་གདུག་པ་རྣམས་གསོད་པར་མཛད་པའོ། །ཚིག་གཉིས་ནི་ཟློས་པ་ལའོ། །སྭཱ་ཧཱའི་སྒྲ་ནི་གདུལ་བ་དང་གསོད་པ ་རྣམས་སླར་ཡང་སློང་བའི་ཕྱིར་ཞི་བའི་དོན་དུའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་སྔགས་འདི་ཉིད་གསུངས་པ་ཙམ་གྱིས་སྐུ་གསུམ་དབྱེར་མེད་རྡོ་རྗེ་ཅན་ནི་ལུས་ངག་ཡིད་འཇིགས་པར་བྱེད་པའི་དགྲ་བོ་རྣམས་དང། རྡོ་རྗེ་བཞིན་དུ་ཤིན་ཏུ་རྣོ་བའི་སྲིན ་པོ་ལ་སོགས་པའོ། །མཉེས་པའི་སྤྱན་ནི་གདངས་ནས་སུ་ཞེས་པ་ནི་དེའི་འཇིགས་པ་ལྡོག་པས་དགའ་བའི་ཡིད་དང་ལྡན་པའི་སྒྲུབ་པ་པོ་རྣམས་ཀྱི། རྡོ་རྗེ་ཐུགས་ནི་མཱ་མ་ཀཱི་དང་སྙོམས་པར་ཞུགས་པའི་ཐུགས་རྡོ་རྗེ་དང་རིན་ཆེན་འབྱུང་ལྡན། རྗེས་སུ ་དྲན་པ་ནི་བསྒོམས་པས་སོ། །རིག་སྔགས་འདི་རོ་ལངས་ལ་སོགས་པའི་འཇིགས་པས་ནོན་པ་རྣམས་ཀྱི། རྡོ་རྗེ་བསྲུང་བའི་སྦྱོར་བ་ལ་ཞེས་པ་ནི་དེ་རྣམས་ཀྱིས་དཔུང་པ་ལས་བསྲུང་བའི་འཁོར་ལོ་བྲིས་ནས་རྟག་ཏུ་ཞེས་པ་ནི་དུས་ཐམས་ཅད་དུ། ་ལས་རྣམས་ནི་བགེགས་འཇིགས་པའི་ལས་རྣམས་སྒྲུབ་པར་བྱེད་དོ། །རྡོ་རྗེ་ཆེན་པོ་ནི་ཐོག་བཞིན་དུ་རྣམ་པར་འཇོམས?་པར་བྱེད་པའི་ཤ་ཟ་ལ་སོགས་པ་སྟེ། དེ་རྣམས་ཀྱི་འཇིགས་པས་ཉེན་པ་ལ་སྟོབས་བྱེད་པ་དེ་ལྡོག་པས་རང་གི་ནུས་པ ་སྐྱེད་པར་བྱེད་པའོ། །འདིར་ནི་སྦྱོར་བ་འདི་ཡིན་ཏེ། མི་བསྐྱོད་པ་དང་རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་པ་དག་གི་རང་གི་རིག་མའི་པདྨའི་ནང་དུ་སྲིན་པོ་སོགས་པས་ནོན་པའི་སྐྱེས་བུ་ལ་སོགས་པ་ཞུགས་ཏེ། སྔ་མ་བཞིན་དུ་སྔགས་ཀྱང ་སྙིང་ཀར་བཞག་ལ་དེ་ཉིད་ཀྱང་རྩ་དབུས་མའི་ལམ་ནས་ཞུ་སྟེ། གཉིགས་ཀྱང་འོད་ཟེར་ནག་པོ་ལྕགས་ཀྱུ་དང་འདྲ་བ་དེ་ཉིད་བསྒྲུབ་བྱའི་སྤྱི་བོར་ཕབ་ལ་དེའི་སྙིང་ཀར་གནས་པའི་ཁ་དོག་ནག་པོ་ཤ་ཟ་ལ་སོགས་པ་དེའི་ཁའི་སྒོ་ནས་བྱུང་བར་བྱས་ལ་ཕྱི་རོལ་ཏུ ་སྤྲོས་ཏེ་སྔ་མ་བཞིན་དུ་བྱིན་གྱིས་བརླབས་ན་ནད་པ་དེ་སྐྱོན་དང་བྲལ་བའོ། །དེ་ནས་སྲུང་བའི་འཁོར་ལོ་བཅིངས་ན་སོས་པར་འགྱུར་ཏེ་བསྐྱེད་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་འདོད་ཆགས་ཆེན་པོ་ནི་སྣང་བ་མཛའ་ཡས་ཏེ། དེ་ཉིད་ཀྱི་དམ་ཚིག ་ནི་སྙོམས་པར་ཞུགས་པའི་ཕྱིར། གཟིགས་པ་གོས་དཀར་མོའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ལ་སྙོམས་པར་ཞུགས་ནས་ཆོས་ཀྱི་སྐུ་ནི་སྣང་བ་མཛའ་ཡས་ཏེ། དེ་ཉིད་ཀྱི་བཙུན་མོའི་མཆོག་ནི་གོས་དཀར་མོ་སྟེ། དེ་དང་ཐ་མི་དང་པའི་རིག་སྔགས་ཀྱང ་དེ་བཞིན་དུ་བཤད་པ་སྟེ། དེ་ཉིད་ཉིད་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ོཾ་ནི་བཀྲ་ཤིས་པའི་དོན་དུའོ། །ཀ་ཊེ་ཞེས་པ་ནི་འཚོ་བར་དཀའ་བ་ལའོ། །ནི་ཀ་ཊེ་ཞེས་པ་ནི་དབུལ་པོ་རྣམས་ལ་མངོན་པར་ཕྱོགས་པའོ། །ཀ་ནི་བདེ་བ་སྟེ་དེ ་ཉིད་དང་ཀ་སྦྱར་བས་ཀ་ཊ་ཀ་སྟེ་ཨ་དྷ་ནི་ནོར་ཐོབ་ཏུ་འཇུག་པའོ། །ཀ་ཊ་དང་ནི་ཀ་ཡང་ཡིན་པས་ཀ་ཊ་ཀ་སྟེ་ཕྱི་མའི་ཨ་མི་མངོན་པར་འགྱུར་རོ། །ཝ་ཀ་ཊི་ཞེས་པ་ནི་ཁྱད་པར་དུ་སྡུག་བསྔལ་དང་ལྡན་པ་རྣམས་ལ། ཀ་རོ་ཊ་ནི་མགོ་བོ་བཞིན་དུ་གཙོ་བོ་སྦྱིན ་པར་བྱ་བའི་ཕྱིར། པཱི་རྱ་ནི་བརྩོན་འགྲུས་གང་ལ་ཡོད་པ་དེ་ནི་དེ་བཞིན་ནོ། །སྭཱཧཱའི་སྒྲ་ནི་མངོན་དུ་བྱ་བའི་ཕྱིར་རོ། །སྔགས་འདི་གསུངས་པ་ཙམ་གྱིས་རྡོ་རྗེ་འཛིན་ནི་སྣང་བ་མཛའ་ཡས་ཏེ། དེའི་མཆོག་གི་རིགས་འཛིན་པས་ན་རྡོ་རྗེ་ཆོས་མཆོག་འཛིན ་པ་སྟེ། པདྨའི་རིགས་ཅན་རྣམས་མཉེས་པ་ནི་དགའ་ཞིང། བསམ་གཏན་ནི་གོས་དཀར་མོའི་གཟུགས་བསྒོམ་པ་ཐོབ་པར་འགྱུར་རོ། །རྡོ་རྗེ་ཆོས་ནི་གོས་དཀར་མོ་དང་སྙོམས་པར་ཞུགས་པའི་སྣང་བ་མཛའ་ཡས་རྗེས་སུ་དྲན་པ་ནི་བསྒོམས་སོ། ། ་རིག་སྔགས་འདིས་ཆོས་ནི་བ་ལང་དང་མ་ཧེ་དང་གསེར་ལ་སོགས་པ་ལ། རྒྱས་པ་ནི་སྐལ་པ་དང་བཅས་པ་དང་སྟོབས་ནི་ཡན་ལག་བཞི་པའི་དཔུང་སྟེ། དེ་དག་ཐམས་ཅད་དང་ཐམས་ཅད་དུ་མཛོད་ཆེན་པོ་ནི་མི་ཟད་པའི་མཛོད ་དང་འཛད་པ་སྟེ་བཟླས་པ་ཙམ་གྱིས་གསུང་རྡོ་རྗེའི་གསུང་བཞིན་ནོ་ཞེས་ཐེ་ཚོམ་མེད་པའི?་ཞེས་བྱ་བའི་དོན་ཏོ། །འདིར་སྦྱོར་བ་ནི་འོད་དཔག་ཏུ་མེད་པའི་རྣལ་འབྱོར་པས། གོས་དཀར་མོའི་པདྨའི་ནང་དུ་དབུལ་པོ་ཞུགས་ཏེ། སྔ་མ་བཞིན་དུ་ཞུ ་ནས་ཁ་དོག་སེར་པོའི་འོད་ཟེར་སྤྲོ་བའི་དབང་བསྐུར་གྱིས་ཚིམ་པར་བྱས་ལ། ཡང་སྤྲོས་ཏེ་དེ་ཉིད་ལྕགས་གསུམ་གྱིས་བསྐོར་བའི་བསྲུང་བའི་འཁོར་ལོ་དེའི་དཔུང་པ་ལ་བཏགས་ན་ཕྱུག་པོར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་ཀུན་ནི་ལས ་ཐམས་ཅད་ལ། འབྱུང་བ་ནི་དབང་གང་ལ་ཡོད་པ་དེ་ཀུན་ནས་འབྱུང་བ་ནི་དོན་ཡོད་དོ། །དེའི་རྡོ་རྗེ་ནི་རྡོ་རྗེའི་རྩེ་མོར་བཞུགས་པའི་སྒྲོན་མ་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་ནོ། །དེ་ཐོབ་ཅིང་དམ་ཚིག་སེམས་དཔའ་ནི་དོན་ཡོད་དེ། དེའི་བཙུན ་མོ་མཆོག་ནི་སྒྲོལ་མའི་རང་བཞིན་རིག་སྔགས་ཏེ། ཉིད་ཀྱི་སྐུ་ལ་སོགས་པ་ལས་ཞེས་སྔ་མ་བཞིན་ནོ། །ོཾ་ནི་རྡོ་རྗེ་འཆང་ཆེན་པོ་འཁོར་བ་ལས་སྒྲོལ་བར་བྱེད་པས་ཏཱ་དེའོ། །ཏུ་ཏ་ནི་འཇིགས་པ་ཆེན་པོ་བརྒྱད་ལས་སྒྲོལ་ཞིང་བསྲུང་བས་ནི་ཏུཏྟཱ ་རེའོ། །མྱུར་དུ་དོན་གྲུབ་བས་ཏུ་རེའོ། །སྭཱཧཱ་ནི་བོད་པའོ། །འདི་གསུངས་པ་ཙམ་གྱིས་སངས་རྒྱས་ཀུན་ནི་དམ་ཚིག་གི་རིགས་ཅན་ནོ། །བདག་ཆེ་ལས་སྐྱེས་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །མཉེས་ཤིང་ནི་མགུ་པའོ། །ཡེ་ཤེས་ནི ་བྱ་བ་ནན་ཏན་སྒྲུབ་པ་ཐོབ་ནས། རྡོ་རྗེ་སྐུ་ནི་དོན་ཡོད་གྲུབ་པའི་སྐུ་དང་དབྱེར་མེད་པའི་སྒྲོལ་མ། རྗེས་སུ་དྲན་ནི་བསྒོམས་སོ། །སངས་རྒྱས་རྡོ་རྗེ་ནི་ཤེས་རབ་དང་ལྡན་ཞིང་བསྟན་པའི་རྒྱལ་པོ་རྣམས་ཏེ། དེ་དག་གི་སྡེ་ཆེན་ནི་ཡན་ལག་བཞི་པའི ་དཔུང་དམ་བཙུན་མོའི་འཁོར། སེམས་ཅན་གྱི་ཁམས་མ་ལུས་པ་ནི་ཕྱོགས་བཅུ་ལ་གནས་པ། བྲན་བཞིན་གཡོ་པ་མེད་ཅིང་ནི་སྐྱབས་གཞན་མེད་པར་བཟླས་པ་ཙམ་གྱིས་དབང་དུ་བྱེད་དེ། །འདིར་ནི་སྦྱོར་བ་འདི་ཡིན་ཏེ། དོན་ཡོད་གྲུབ་པའི་རྣལ་འབྱོར ་པས་སྒྲོལ་མའི་པདྨའི་ནང་དུ་བསྒྲུབ་བྱ་ཞུགས་ཤིང་སྙིང་ཀར་དགོད་བའི་ཡི་གེ་བཅུ་པའི་རིག་སྔགས་དབུས་ཀྱིས་ལམ་ནས་ཁ་དོག་དམར་པོར་ཞུ་ཞིང་འོད་ཟེར་དམར་པོའི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་རྣམས་ཀྱིས་བསྒྲུབ་བྱའི་སྤྱི་བོར་དབང ་བསྐུར་ཞིང་ཕྱི་རོལ་ཏུ་སྤྲོས་ན་དེ་དབང་དུ་འགྱུར་རོ། །འཇིགས་པ་ཆེན་པོ་ལྡོག་པ་ལ་གི་ཝཾ་དང་གུར་ཀུམ་དག་གིས་སྲུང་བའི་འཁོར་ལོ་བྲིས་ལ་བཅིངས་ན་འཇིགས་པ་མེད་པར་འགྱུར་རོ། །དེ་ན་ཞེས་བྱ་བ་ལ་སོགས་པ་ལ། དྲི་མ་མེད་པའི་འོད་ཟེར་ནི་རྟགས ་ཏེ། དེ་ཉིད་དང་འདྲ་བའི་རྡོ་རྗེ་ནི་ཁྲོ་བོ་སྟེ་གཤིན་རྗེ་གཤེད་དོ། །དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་གཤིན་རྗེ་གཤེད་ནི་ཁྲོ་བོའི་སྔགས་ཉིད་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ན་མ:ཞེས་བྱ་བ་ལ་སོགས ་པ་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་བ་སྟེ། དེ་བཞིན་དུ་ཐམས་ཅད་ལ་ཤེས་པར་བྱའོ། །ོཾ་ནི་རྣམ་པར་སྣང་མཛད་དོ། །ཁ་ཁ་ཁཱ་ཧི་ཞེས་པ་ནི་ཁྲོས་པས་ཚིག་གཉིས་སོ། །ཇི་སྐད་དུ་འཇིགས་པ་དང་ནི་རྩོད་པ་དང། །ཁྲོ་དང་དམན་པ་ངེས་དཔྱད ་ལ། །བཟོད་པ་གསོལ་བ་དག་ལ་ནི། །ཚིག་གཅིག་གཉིས་སུ་བརྗོད་པའོ་ཞེས་འབྱུང་ངོ། །དེ་བས་ན་ཟོ་ཤིག་ཟོ་ཤིག་ཞེས་སྟོན་ཏོ། ། སི་མུ་ས་ལ་ཞེས་བྱ་བ་ལ་སོགས་པ་ལ། རལ་གྲི་ལ་སོགས་པའི་ཕྱག་མཚན་གྱིས་ཉེ་བར་མཚོན་པའོ། །ཙ ་ཏུ་ར་བྷུ་ཛ་ཙ་ཏུ་?་?་ཊ་ཙ་ར་ཎ་ཞེས་བྱ་བ་ལ། ཕྱག་བཞི་དང་ཞལ་བཞི་དང་ཞབས་དྲུག་གི་གཟུགས་ཀྱི་བདག་ཉིད་ཆེ་བས་སྣ་ཚོགས་པ་ཉིད་བསྟན་པ་སྟེ། འདིར་ནི་ཞལ་གསུམ་ཕྱག་དྲུག་པ་ཞབས་གཉིས་པ་ཁོ་ནའོ། །མཧཱ་བིཀྵཙཱ?་གྷ་ཏ་ཀ་ཞེས ་བྱ་བ་ལ་སོགས་པ་ནི་བོད་པའི་ཚིག་གོ། ཀུ་རུ་ཀུ་རུ་སརྦ་ཀརྨམ་ནི་ཞེས་བྱ་བ་ལ་སོགས་པ་ནི་ལས་ལ་བསྐུལ་བའོ། །བཻ་ཝ་སྭ་ཏ་ཞེས་པ་ནི་བཻ་ཝ་སྭ་ནི་ཉི་མ་སྟེ། དེའི་བུ་ནི་བཻ་ཝ་སྭ་ཏཱ་གཤིན་རྗེའོ། །མཱ་བི་ལཾ་བ་ཞེས་པ་ནི་མྱུར་དུ ་གྱིས་ཤིག་ཅེས་སྟོན་ཏོ། །ཀི་ཙེ་?་ཞེས་པ་ནི་ཁྲོས་པ་ལའོ། །དེ་བས་ན་འཇིག་པར་བྱ་བའི་ཕྱིར་ཧཱུཾ་གཉིས་སོ། །ཕཊ་ཀྱི་སྒྲས་ནི་གལ་ཏེ་ཁྱོད་ཀྱིས་དེ་ལྟར་མི་བྱེད་ན་དེའི་ཚེ་ཁྱོད་གཅོད་པའོ། །སྭཱཧཱའི་སྒྲས་ནི་ཞི་པའི་དོན་དུའོ། །སྔགས་འདི་གསུངས ་པ་ཙམ་གྱིས། སངས་རྒྱས་ཀུན་ནི་རྣམ་པར་སྣང་མཛད་ཀྱི་རིགས་ཅན་རྣམས། འཇིགས་པ་ནི་འཇིགས་པ་མེད་པར་འགྱུར་རོ། །ཇི་ལྟ་བུ་ཞེ་ན། གྲགས་པ་ཆེན་པོ་ནི་འགྲོ་བའི་དོན་བྱེད་པ་ལ་སོགས་པ་དང་ལྡན་པའོ། །ཀུན་ཏུ་སྐྲེག་འགྱུར་ནི་དད་པས ་སེམས་འཁྲུག་པའོ། །རྡོ་རྗེ་སེམས་དཔའ་ཨི་ནི་རྣམ་པར་སྣང་མཛད་དང་ཐ་མི་དད་པ་འཕགས་པ་གཤིན་རྗེ་མཐར་བྱེད་རྗེས་སུ་དྲན་པ་ནི་དེ་རྣམས་ཀྱིས་བསྒོམས་སོ། །འདིར་ནི་སྦྱོར་བ་འདི་ཡིན་ཏེ། ཐོད་པ་མཆག་མ་གས་པ་ཞེས་བྱ་བ་ལ ་སོགས་པ་ལ། རྒྱལ་པོའི་བུ་མོའི་ཐོད་པ་མ་ཆག་པ་རྙེད་ཅིང་དེའི་ནང་དུ་མངོན་པར་འདོད་པའི་བུད་མེད་ཀྱི་མིང་སྨྱོ་བའི་ཁུ་བས་བྲིས་ལ། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་གྱིས་རིག་སྔགས་བཟླས་ཤིང་རྐང་པ་གཡོན་པས་ལྕགས་ཀྱུའི་ཚུལ་གྱིས་དེ ་ཉིད་མནན་ཅིང་ཉི་མ་ཕྱེད་པ་དེ་སྲིད་དུ་བཟླས་པར་བྱའོ། །ཇི་སྲིད་དུ་འགུགས་པ་འགྲུབ་པར་འགྱུར་རོ། །བསྒྲུབ་པར་བྱ་བའི་དབྱེ་བ་བཤད་པར་བྱ་སྟེ། མཱ་མ་ཀཱི་འམ་སྤྱན་ཡང་རུང་བ་ཞེས་པ་བྱ་བ་ལ་སོགས་པ་ལ། སྤྱན་ནི་དུད་མའོ། །མཱ་མ་ཀཱི ་ནི་ཨུཏཔལ་མའོ། །རྡོ་རྗེ་ཆེན་ནི་པདྨ་ཆེན་པོ་སྟེ་དེའི་རིགས་ལས་བྱུང་བ་པད་མའོ། །དེ་དག་ཐམས་ཅད་དམ་གང་ཡང་རུང་པ་འདོད་པས་འགུགས་པར་ཤེས་པར་བྱའོ། །ཐུགས་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་དང ་སྦྱར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ཁྱད་པར་དུ་སྣང་བས་ན་རྣམ་པར་སྣང་མཛད་དེ། །རྡོ་རྗེ་སེམས་དཔའ་ཨོ། །དམ་ཚིག་ནི་ལས་ཀྱི་རྡོ་རྗེ་དེ་ཉིད་ཀྱི་འོད་ཟེར་ནི་སྒྲོ་བ་སྟེ་དེ་ཉིད་ཀྱིས་ནམ་མཁའ་ཨི་མཆོག་ནི་མཁའ་ཨི་བཞིན་དུ་ལྗང་ཁུ་བདུད་རྩི ་འཁྱིལ་པ་སྟེ། དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། མི་འཆི་བའི་དམ་ཚིག་ནི་བདུད་རྩི་འཁྱིལ་པ་སྟེ། དེ་ཉིད་ཀྱི་ཁྲོ་བོ་ནི་ཁྲོ་བོའི་རིག་སྔགས་ཏེ། དེ་ཉིད་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ན་མ(རྒྱུད་འགྲེལ་བ་ལ་སོགས་པ་ཡང་སྔ་མ་བཞིན་ནི། བཛྲ་ཀྲོ་དྷ་ཡ་ཞེས་བྱ་བ་ལ་སོགས་པ་ནི་བོད་པའོ། ། སི་མུ་ས་ལ་ཞེས་བྱ་བ་ལ་སོགས་པ་ནི་མཚོན་ཆ་དང་ལྡན་པས་བརྩོན་འགྲུས་འཕེལ་བའོ། ། མྲི་ཏ་ཀུཎྜ་ལི་ཞེས་པ་ནི་རང་གི་མིང་བརྗོད་པས ་མྱུར་དུ་ལས་ལ་འཇུག་པའོ། །ཁ་ཁ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་བྱ་བ་སྒྲུབ་པའོ། །སྭཱ་ཧཱའི་སྒྲ་ནི་ཞི་བའི་དོན་དུའོ། །སྔགས་འདི་གསུངས་མ་ཐག་ཏུ་སངས་རྒྱས་ཀུན་ནི་དགའ་བར་བྱེད་པ་དྲག་པོ་ལ་སོགས་པར་ཏེ། གྲགས ་པ་ཆེན་པོ་ནི་དེ་བྱེད་པས་གྲགས་པ་ཐོབ་པ་ཡང། བརྒྱལ་པ་ནི་ངོ་མཚར་བར་གྱུར་པ་དང་འཇིགས་པར་གྱུར་ཞིང། རྡོ་རྗེ་སྐུ་ནི་དོན་ཡོད་གྲུབ་པ་དང་ཐ་མི་དད་པའི་བདུད་རྩི་འཁྱིལ་པ། རྗེས་སུ་དྲན་པ་ནི་དེ་ཉིད་ལ། སྐྱབས་སུ་འགྲོ་བར་འགྱུར ་རོ། དེ་ཉིད་ཀྱི་ཕྱིར་བགེགས་ཀྱི་བདག་པོ་རྣམ་པར་འདྲེན་པས། བཅོམ་ལྡན་འདས་ཀྱི་ཞབས་ལ་བརྟེན་པ་ཡིན་ནོ། །འདིར་ནི་སྦྱོར་བ་འདི་ཡིན་ཏེ། སྔགས་རྣམས་ཀུན་གྱི་སྦྱོར་བ་དང་ཞེས་བྱ་བ་ལ་སོགས་པ་ལ། སྔགས་རྣམས་ཀུན་ནི ་བསྒྲུབ་པར་དཀའ་བའི་དགྲ་བོ་རྣམས་ཏེ། དེ་རྣམས་ཀྱི་སྦྱོར་བ་ནི་ཁང་པ་ལ་སོགས་པ་ལ། རྡོ་རྗེ་བསྐྲད་པ་ནི་བསྐྲད་པ་བསྟན་པ་སྟྟ། དྲཱི་ལས་བྱ་བ་ཡིན་པས་ན་རིག་སྔགས་འདིས་བསྐྲད་པའོ། །ཇི་སལྟར་ཞེ་ན། ཚུལ་བཞིན་ཞེས་པ་ནི ་རྒྱུད་ལས་གསུངས་པའི་ཏིང་ངེ་འཛིན་གྱིས་སོ། །སངས་རྒྱས་དཔུང་ཞེས་པ་ནི་ཕུལ་དུ་བྱུང་པའི་ཚིག་གོ་།བདུད་རྩི་འཁྱིལ་པའི་རྣལ་འབྱོར་པས་ཁྲོས་པའི་སེམས་ཀྱིས་གཅེར་བུ་དང་སྐྲ་གོལ་བར་བྱས་ཤིང་དུར་ཁྲོད་ཀྱི་རས་ལ ་རང་བྱུང་གི་མེ་ཏོག་དང་བསྲེས་པའི་སྨྱོ་བྱེད་ཀྱི་ཁུ་བས་བསྒྲུབ་བྱའི་མིང་བྲིས་ཏེ། མེའི་རྐང་གི་ནང་དུ་བཅུག་ལ་བྱ་རོག་དང་འུག་པའི་གཤོག་པ་དག་གིས་ཕྱོགས་གཉིས་སུ་བཀབ་ཅིང་རྐང་པས་མནན་ཏོ་།རིག་སྔགས་དེ་ཉིད་བརྒྱ་རྩ་བརྒྱད་བཟླས ་ཤིང་།གང་གི་སྒོ་ལ་རྐེ་བར་བྱེད་པ་དེ་ནི་ཞག་བདུན་གྱིས་སྐྲོད་པར་བྱེད་དོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་འོད་ཟེར་ནི་རིན་ཆེན་འབྱུང་ལྡན་ཏེ་།དེ་ཉིད་ཀྱི་རྡོ་རྗེ་ནི་སྤྲུལ་པ་སྟེ་ཤེས་རབ་མཐར་བྱེད་དོ། །དེ་ཞེས་བྱ་བའི་ཏིང་ངེ་འཛིན ་ལ་སྙོམས་པར་ཞུགས་ནས་རྡོ་རྗེ་སྟེ། དེ་ཉིད་ཀྱི་གཞན་གྱིས་མི་ཐུབ་པ་ནི་ཤེས་རབ་མཐར་བྱེད་དེ། དེའི་ཁྲོ་བོ་ནི་ཁྲོ་བོའི་རིག་སྔགས་ཏེ། དེ་ཉིད་ཉིད་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ན་མ(རྒྱུད་འགྲེལ་བཤད་ཟིན་ཏོ། །ོཾ་ན་རྡོ་རྗེ་འཆང་ཆེན་པོའོ། །ཛིན་ཞེས་པ་ནི་གདུག་པ་རྣམས་ལས་རྒྱལ་བའོ། །དེ་རྣམས་བསྲེག་པས་རེ་ཊི་ཏ་ཞེས་པ་ནི་ཛ་ཏ་ཛ་ཊའི་སྒྲ་དང་ལྡན་པའོ། །ཧཱུཾ་ནི་བསྐུལ་བ་ལའོ། །ཕཊ་ནི་ཁྲོས་པ་ལའོ། །སྭཱཧཱའི་སྒྲ་ནི་མངོན་དུ ་བྱེད་བ་ལའོ། །སྔགས་དེ་ཉིད་གསུངས་པ་ཙམ་གྱིས་ཐམས་ཅད་ཤེས་པས་ན་སངས་རྒྱས་ཀུན་ཏེ་གཞན་གྱི་སེམས་ཤེས་པའི་ཤ་ཟ་ལ་སོགས་པའོ། །ཇི་ལྟ་བུ་ཞེ་ན་ཆེ་བ་ནི་དྲག་པོ་ལ་སོགས་པ་སྟེ་།དེ་རྣམས་ལས་སྐྱེས་པ་ནི་སྤྲུལ་པའོ།། ་དེ་རྣམས་འཇིགས་པ་ནི་འཇིགས་པར་འགྱུར་བ་དང། སྐྲག་འགྱུར་ནི་སྐྱབས་མེད་བ་སྟེ་། བྱང་ཆུབ་སེམས་ནི་རིན་ཆེན་གྱིས་རིགས་ཅན་གྱིས་མི་ཐུབ་པ་ལ་སྐྱབས་སུ་འགྲོའོ། །སྲིན་པོ་མ་རུངས་བ་ཞེས་བྱ་བ་ལ་སོགས་པ་ལ། སྲིན་པོ་མ ་རུངས་པ་ནི་སྲིན་བོའི་གཙོ་བོ་སྟེ་རྣམ་པར་འཇིགས་པ་ལ་སོགས་པའོ། །གཏུམ་པོ་ནི་གནོད་སྦྱིན་གྱི་བདག་པོ་རྣམས་སོ། །འཇིགས་པ་ཆེན་པོ་ནི་རོ་ལངས་དང་ཡི་དགས་དང་མཁའ་འགྲོ་མ་ལ་སོགས་པ་སྟེ། དེ་རྣམས་ཀྱིས་འཁྲུག་པ་ནི་གནོན་པའི་བསྒྲུབ ་བྱ་ལ། རིག་སྔགས་འདི་ཆོ་ག་བཞིན་ནི་རིམ་པར་རབ་ཏུ་སྦྱར་ན་ཐམས་ཅད་འགྲུབ་པར་བྱེད་དོ། །གང་གིས་ཞེ་ན་རྡོ་རྗེ་སེམས་ནི་སེམས་གཅིག་པའི་སྒྲུབ་པ་བོས་སོ། །འདིར་ནི་སྦྱོར་བ་འདི་ཡིན་ཏེ་།རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་པས་ཤེས་རབ ་མཐར་བྱེད་ཀྱི་གཟུགས་བླངས་ལ་རང་གི་སྙིང་གར་མེའི་དཀྱིལ་འཁོར་གྲུ་གསུམ་པ་བསྒོམ་ཞིང་དེའི་འོད་ཟེར་རྣམས་ཀྱིས་བསྒྲུབ་བྱའི་སྙིང་ག་ལས་།ཁ་དོག་ནག་པོ་དང་ཁྱི་ལ་སོགས་པའི་རྣམ་པ་ཅན་གྱི། ཤ་ཟ་ལ་སོགས་པ་འགུགས་ཤིང་དེ ་ཉིད་དུ་ཞུགས་ལ་ཐལ་པར་གྱུར་བར་བྱས་ཏེ་།དེའི་རྗེས་ཁ་ལས་བྱུང་བའི་ཡི་གེ་ཧཱུཾ་གི་དབུགས་ཀྱིས་ཕྱོགས་ལ་ཐལ་བའི་ཐོར་ཞིང་?་ཀྱིས་བསྒྲུབ་བྱ་བྱིན་གྱིས་བརླབས་ལ། དེ་ཉིད་སྲུང་བའི་འཁོར་ལོར་བཅིངས་ན་བསྒྲུབ་བྱ་དེ་སོས་པར་འགྱུར་རོ། ་དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དཔག་ཏུ་མེད་པ་འབྱུང་བ་ནི་འོད་དཔག་མེད་པ་སྟེ། དེ་ཉིད་ཀྱི་རྡོ་རྗེ་ནི་དེའི་རིགས་ཅན་གྱི་རྟ་མགྲིན་ཏེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ཡང་དེ་བཞིན་དུ་བཤད་པ་སྟེ་། དེ་ལ་སྙོམས་པར་ཞུགས་ནས་ཡང་མོ་འབྱུང ་བ་ནི་སྣང་བ་མཛའ་ཡས་ཏེ་།དེ་ཉིད་ཀྱི་རྡོ་རྗེ་ནི་རྟ་མགྲིན་ཏེ། དེའི་ཁྲོ་བོའི་ནི་ཁྲོ་བོའི་སྔགས་ཉིད་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ན་མ(རྒྱུད་འགྲེལ་པ་ལ་བསྐུལ་བར་བྱ་བའི་ཕྱིར་རོ། །ཏ་རུ་ནི་འཁྲུགས་པར་བྱེད་པའི་དུག་སྟེ་།དེ་ཉིད་ལ་ཞེས་པ་གཟུང་བར་བྱེད་པས་ནང་དུ་ལའོ། །བི་ཞེས་པ་ནི་མི་མཉམ་པ་སྟེ་དེ་ཉིད་ཀྱང་རུ་ཞེས་པ་ནི་ཞལ་གྱི་སྒྲས་།ལ་ཞེས་པ་ནི་ཀླུའི་རྒྱལ་པོ་ལ་སོགས་པ ་གཟུང་བར་བྱེད་པས་ནི་བི་རུ་ལའོ། །སརྦབ་བ་ཤ་གྷཱ་ཏ་ཀ་ཞེས་བྱ་བ་ལ་སོགས་པ་ནི་དོན་དང་མཚུངས་པའི་སྤྱོད་པ་དང་གཟུགས་ལ་སོགས་པ་གཙོ་བོར་གྱུར་པས་བོད་པའོ། །ཨཱརྱ་ག་ཎ་ནི་དགེ་བསྙེན་ལ་སོགས་པ་སྟེ་།དེ ་རྣམས་བྷི་ཏ་ནི་འཇིགས་པར་བྱེད་པའི་གང་ཞིག་བྷུ་ཏ་ནི་འབྱུང་པོ་དང་གཞན་གྱི་མཁའ་འགྲོ་མ་ལ་སོགས་པ་ལ་སྟེ། དེ་རྣམས་ཀྱི་གནས་ཀྱི་ག་ཎ་ནི་ཚོགས་ཏེ། བུ་དྷཡ་ཁུ་གཅིག་ཁ་?་ཞེས་པ་ནི་ཟོ་ཞིག་ཅེས་སྟོན་ཏོ། །ཧ་ཡ་གྲཱི་བ་ཡ་ཕཊ་ཞེས ་པྲ་བ་ལ་སོགས་པ་མཐར་ཕཊ་ཀྱི་སྒྲ་བཅུ་གཅིག་ནི་།ཁྲོ་བོ་བཅུ་ཡོངས་སུ་བསྐོར་བ་དེ་ཉིད་བོད་པའི་ཕྱིར་རོ། །ཧཱུཾ་གསུམ་པོ་ནི་ལུས་ལ་སོགས་པ་བསྐུལ་བ་ལའོ། །ཕཊ་གསུམ་པོ་ནི་དེ་ཉིད་ཀྱི་ལུས་ལ་སོགས་པ་སྐྲག་པའི་ཕྱིར་རོ། ། ་སྭཱཧཱ་སྒྲ་ནི་ཞི་བའི་དོན་དུའོ། །སྔགས་འདི་སྙིང་གསུངས་པ་ཙམ་གྱིས་ཆོས་ཀྱི་རྡོ་རྗེ་ནི་རིགས་ཀྱི་ཀླུ་བརྒྱད་དེ། དེ་རྣམས་ཀྱིས་ཆེ་བ་ནི་གདེངས་ཀ་རྣམས་ཏེ། དེ་དག་གི་མཆོག་གི་སྐྱེས་ནི་དུག་སྟེ་དེ་ཉིད་བརྒྱལ་བར་གྱུར་པ་དང། འཇིགས ་པ་ནི་འཇིགས་པར་འགྱུར་རོ། །དེ་ནས་ཡེ་ཤེས་རྒྱལ་པོ་ནི་སྣང་བ་མཛའ་ཡས་ཏེ། དེ་ཉིད་རྗེས་སུ་དྲན་པ་ནི་སྐྱབས་སུ་བྱའོ། །ནམ་མཁའ་ཨི་དབྱིངས་ནི་ནམ་མཁའ་ཨི་དབྱིངས་ཏེ་།དེ་ཉིད་རྡོ་རྗེ་ཧ་ལ་ཧ་ལ་ནི་ལྷ་ཆེན་པོའི་མགྲིན་པར་གནས་པའི ་ནག་བརྩེགས་ཀྱིས་གལ་ཏེ་གང་བ་ཡིན་ན། དེའི་ཚེ་རིག་སྔགས་འདི་བསྐལ་བ་ནི་སྤྱིར་ན་།དུག་ཐམས་ཅད་སེལ་བར་འགྱུར་རོ། །འདིའི་སྤྱོར་བ་འདི་ཡིན་ཏེ། རྟ་མགྲིན་གྱི་རྣལ་འབྱོར་དང་ལྡན་པའི་རྣལ་འབྱོར་པས་བསྒྲུབ་བྱའི ་སྙིང་གར་དུག་ནག་པོ་བལྟས་ལ། ལྟེ་བའི་འོག་ཏུ་ཡི་གེ་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་ལ་ཐིག་ལེས་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་གྱིས་འབུད་པར་བསམས་ལ་།དེའི་དཀྱིལ་འཁོར་དེས་དྲུག་དེ་ཉིད་བསྲེགས་པའི་བསྒོམ ་ཞིང་རླུང་གིས་བུད་པའི་ཐལ་བ་བ་སྤུའི་བུ་ག་ཐམས་ཅད་བྱུང་བར་བསྒོམ་པར་བྱའོ། །དེའི་རྗེས་ལ་ལག་པ་གཡོན་པ་ལ་དབྱངས་དང་པོ་ལས་བྱུང་བའི་དཀྱིལ་འཁོར་ལ་ཐིག་ལེས་མཚན་པའི་བྱངས་དྲུག་པ་དགོད་ཅིང་ལྷག་མ་ལ་དགོད་པ་སྔ་ན་བཞིན ་དུ་བྱས་ཤིང་ཆབ་བླངས་ལ་རིག་སྔགས་ཀྱིས་བྱིན་གྱིས་བརླབ་ཅིང་བསྒྲུབ་བྱའི་ཁར་ཧུབ་གསུམ་བླུང་བར་བྱས་ན་བསྒྲུབ་བྱ་དེའི་དུག་སེལ་བར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། གདོན་ནི་ཟ་བའི་དམ་ཚིག་ནི་དོན་ཡོད་གྲུབ་པ་སྟེ། ་དེ་ཉིད་འབྱུང་བ་ནི་སྐྱེས་པ་ལ་དཔལ་གང་ལ་ཡོད་པ་དབྱུག་སྔོན་ཅན་ཏེ་།དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དབྱུག་སྔོན་ཅན་གྱི་རྒྱལ་པོ་ནི་སྔགས་ཀྱི་རྒྱལ་པོ་ཉིད་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ན་མ(རྒྱུད་འགྲེལ་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ོཾ་ནི་རྡོ་རྗེ་འཆང་ངོ། །ེ་ཧཡེ་ཧི་ཞེས་པ་ནི་བོད་པའོ། །བྷ་ག་པཱ་ན་ནི་ལ་ད་ཎ་ཌ་ཞེས་པ་མིང་གི་སྒོ་ནས་བརྩོན་འགྲུས་བསྐྱེད་པའོ། །ཏུ་དུ་ཏུ་རུ་ཞེས་པ་ནི་ན་དུ་འཛུད་པ་དང་སྒྲ་སྒྲོགས་པའོ། རྒྱ་ནི་ན་བ་ལའོ། །རུ ་ནི་སྒྲ་ལའོ། །ཧུ་ལུ་ཧུ་ལུ་ཞེས་པ་ནི་འབྱུང་པོ་རྣམས་ཚིག་པ་དང་གཅོད་པར་གྱིས་ཤིག་ཅེས་སྟོན་ཏོ། །གུ་ལ་པ་ཡ་ཞེས་པ་ནི་གནོད་དུ་གཞུག་པའོ། །བྷ་ག་བླན་ཞེས་པ་ནི་བོད་པའོ། །ད་ཧ་ད་ཧ་ཞེས་བྱ་བ་ལ་སོགས་པ་ནི་སྲེག་པ་ལ་སོགས ་པའི་བྱ་བ་ངེས་པར་འཇུག་པའོ། །སརྦ་བིདྱཱ་ཞེས་པ་ཕ་རོལ་པོ་རྣམས་ཀྱི་ཕྲེང་བའི་སྔགས་རྣམས་སོ། །སརྦ་མནྟྲ?་ནི་སྙིང་པོ་ལ་སོགས་པའོ། །མུ་ལ་ཀརྨམ་ནི་ཞེས་པ་ནི་ཕ་རོལ་པའི་འཁྲུལ་འཁོར་རྣམས་སོ། །སརྦ་གྲ་ཧ་ནི་གཟའ་དགུའོ། །དེ ་རྣམས་ཐམས་ཅད་ཧ་ན་ཧ་ན་ཞེས་བྱ་བ་ལ་སོགས་པ་ནི་བྱ་བ་ལ་འཇུག་བའོ། །ཧཱུཾ་གསུམ་པོ་ནི་ལུས་ལ་སོགས་པ་ལ་བསྐུལ་བའོ། །བཛྲ་དཎྜེ་ན་ཞེས་པ་ནི་རྡོ་རྗེ་དབྱུག་པ་སྟེ། དེ་རྣམས་སོད་ཅིག་ཅེས་སྟོན་ཏོ། །སྭཱ་ཧཱ་ནི་ཞི ་བའི་དོན་དུའོ། །སྔགས་འདི་གསུངས་པ་ཙམ་གྱིས་གདུག་པ་ཀུན་ནི་གཟའ་དགུ་སྟེ། དེ་རྣམས་ལས་མཆོག་བྱུང་བ་ནི་གདོན་ཆེན་པོ་བདུན་ཅུ་རྩ་གཉིས་སོ། །དེ་རྣམས་ཐམས་ཅད་འཇིགས་ཤིང་སྐྲག་པ་ནི་དྲན་པ་མེད་པས ་སེམས་དཔའ་ཨི་རྡོ་རྗེ་ནི་དོན་ཡོད་གྲུབ་པ་རྗེས་སུ་དྲན་པ་ནི་སྐྱབས་སུ་འགྲོ་བའོ། །ཁྲོ་བོ་རྒྱལ་པོའི་སྔགས་འདི་བརྒྱ་རྩ་བརྒྱད་བཟླས་ན། དེའི་ཚེ་སྒྲུབ་པ་པོས་ནི་གདུག་པ་ཐམས་ཅད་གསོད་པར་འགྱུར་བ་དང། གྲགས་པ་ཆེན་པོ་ཐོབ་པར ་འགྱུར་རོ། །འདིར་ནི་སྦྱོར་བ་འདི་ཡིན་ཏེ་བསྒྲུབ་བྱའི་རྐང་རྗེས་ཀྱི་རྡུལ་དང་འདྲེས་པའི་སྤྲ་ཚལ་གྱི་ངོ་བོའི་གཟུགས་བརྙན་བྱས་ལ། དེའི་ནང་དུ་བཅོག་ལ་བསྒྲུབ་བྱའི་མིང་བྲིས་ཏེ་ཚེར་མ་རྣམས་ཀྱིས་སྒོ་དགུ་ཕུག་ཅིང་ཚེར་མའི་མེ་འམ། ་དུར་ཁྲོད་ཀྱི་མེ་ལ། དབྱུག་སྔོན་ཅན་གྱི་ཏིང་ངེ་འཛིན་གྱིས་གཅེར་བུ་དང་སྐྲ་བཀྲོལ་བར་བྱས་ཏེ་།ཇི་སྲིད་དུ་གདུང་བར་བྱས་པ་དེ་སྲིད་དུ་ཞུ་བར་འགྱུར་རོ། །ཞུ་བའི་མཐར་དགྲ་བོ་དེ་འཇིག་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ་ཀུན་ནས་སྤྲིན་ནི་མི་བསྐྱོད་པ་སྟེ། སྤྲིན་ལྟ་བུའི་མདོག་ཡིན་པའི་ཕྱིར་རོ། །དེའི་དབལ་ནི་སྤྲོ་བ་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པ་སྟེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྟོབས་པོ་ཆེའི་རྡོ་རྗེ་ནི་སྔགས་ཉིད་ཀྱི ་སྐུ་ཞེས་བྱ་ལ་སོགས་པ་ལ་མ་བཞིན་ནོ། །ན་མ(རྒྱུད་འགྲེལ་ཛཡོ་ཏི་ནི་སྣང་བས་ནི་?་ནཱ་ད་ནི་སྤྲིན་གྱིས་སྒྲ་སྒྲོགས་པའོ། །ཧཱུཾ་དང་ཕཊ་གཞན་གསུམ་པོ་ནི་ཟློས་པ་ལའོ། །མཧཱ་བ་ལ་ཞེས་པ་ནི་མིང་གིས་བསྐུལ་བ་ལའོ། །སྭཱཧཱའི་སྒྲ་ནི་ཞི་བའི་དོན་དུའོ། །སྔགས་འདི་གསུངས་པ་ཙམ་གྱིས་སྟོབས ་པོ་ཆེ་ནི་འཇོག་པོ་ལ་སོགས་པའི་ཀླུ་རྣམས། འཇིགས་པ་ནི་མི་བསྐྱོད་པའི་གཟི་བརྗིད་དང། སྐྲག་བ་ནི་དྲན་པ་མེད་པར་གྱུར་བས་།སྐུ་གསུམ་རྡོ་རྗེ་ནི་མི་བསྐྱོད་པ་སྟེ། དེ་ཉིད་རྗེས་སུ་དྲན་པ་ནི་སྐྱབས་སུ་འགྲོ་བའོ། །ཐན་པ་བྱུང་བའི་འཇིགས་པ ་ལ་གལ་ཏེ་སྔགས་འདི་ཉིད་བཟླས་ན་ཚེ་ཀླུ་རྣམས་ཀྱིས་ཆུའི་དཀྱིལ་འཁོར་ཏེ་ཆར་གྱི་རྒྱུན་རྣམས་འབེབས་པར་བྱེད་དོ། །ཇི་སྲིད་བསམ་པའི་དབྱེ་བ་ལས་ཐམས་ཅད་ནི་ཞི་བ་ལ་སོགས་པ་ཡང་བྱེད་པ་སྟེ། སྔགས་ཀྱི་མཐུ་བསྟན་པའོ། །འདིར་ནི ་སྦྱོར་བ་འདི་ཡིན་ཏེ། དུར་ཁྲོད་ཀྱི་ཐལ་བས་ཀླུའི་ཆུ་མིག་གི་ངོས་སུ་གདེངས་ཀ་དང་མཇུག་མ་ལུ་གུ་རྒྱུད་ལྟར་བཅིངས་པའི་ཀླུ་བརྒྱད་པོ་བྲིས་ལ། ཤར་ལ་སོགས་པའི་ཕྱོགས་རྣམས་སུ་ཡང་དེའི་བདག་པོ་རྒྱལ་བཟང་ལ་སོགས་པ་བཀོད་ལ། ་དེ་རྣམས་ཀྱི་ཡང་བསྟན་དུ་འབྲུག་སྒྲ་ལ་སོགས་པའི་སྤྲིན་བརྒྱད་པོ་བྲིས་ལ། དབུས་སུ་ཡང་བཅོམ་ལྡན་འདས་རྡོ་རྗེ་དང་དྲིལ་བུ་འཛིན་པ་སྤྲུལ་གྱིས་བརྒྱན་ཅིང་དེའི་གདན་མཛད་པ་སྒེག་པའི་རོ་དང་ལྡན་པའི་རྡོ་རྗེ་སེམས་དཔའ་བཀོད་ལ་།དེའི་འོག ་ཏུ་འོ་མས་བཀང་བའི་སྣོད་བརྒྱད་དུ་ལྟ་བཤོས་ཕུལ་ཞིང་མེ་ཏོག་ལ་སོགས་པས་མཆོད་པས་བྱས་ལ་རང་གི་བདག་ཉིད་དང་སེམས་དཔའ་ཨི་བཀའ་བྱེད་པ་སྟོབས་པོ་ཆེར་བསམས་ཏེ། ཨོཾ་བྷུ་ར་བྷུ་ཝ་སྭཱཧཱ་ཞེས་བྱ་བ་བརྗོད་ཅིང། དེའི་རྗེས་ལ། ཨོཾ ་ཏཀྵ་ཀ་ཧཱུཾ་སྭཱཧཱ། ཨོཾ་ཀརྐོ་ཊ་ཧཱུཾ་སྭཱཧཱ། ཨོཾ་པདྨ་ཧཱུཾ་སྭཱཧཱ་།ོཾ་མཧཱ་པདྨ་ཧཱུཾ་སྭཱཧཱ་།ོཾ་ཤཾ་ཀ་པཱ་ལ་ཧཱུཾ་སྭཱཧཱ་།ོཾ་ཧུ་ལུ་ཊ་ཧཱུཾ་སྭཱཧཱ། ཞེས་བྱ་བ་ཀླུའི་རྒྱལ་པོ་བརྒྱད་རྣམས་ཀྱི་སྔགས་རྣམས་བརྗོད་ལ་།ོཾ་ཁ་ལི་ཁ་ལི་ཝ? ་ར་ཥཱ་པ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་ཌ་ཌ་ཌ་སྭཱཧཱ། ཞེས་བྱ་བའི་སྤྲིན་གྱི་རྒྱལ་པོའི་སྔགས་བརྗོད་ཅིང། ཕྱོགས་བརྒྱད་པོ་ལ་པདྨ་བསྐོར་བ་བསྟན་ཞིང་གཡོན་པའི་ཁུ་ཚུར་གྱི་ཐ་བོད་དང་མཐེའུ་ཆུང་བརྐྱང་ལ། གདེངས་ཀའི་རྣམ་པར་བྱས་པའི་ཕྱག་རྒྱ ་བཅིངས་ཤིང་།ོཾ་བཛྲ་དྷྲིཀ་ཨཱ(རྒྱུད་འགྲེལ་བརླབས་པའི་རྐང་པ་གཡོན་པས་ཀླུང་དཀྱིལ་འཁོར་མནན་ཅིང་རིག་སྔགས་བརྗོད་དེའི་ཚེ་ཀླུ་རྣམས་ཀྱིས་ཆར་འབེབས་པར་བྱེད་དོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཀུན་ཏུ་འཇོམས་པའི་གདུག་པ་རྣམས་འཇིག་པ་ལ་།རྡོ་རྗེ་ནི་བརྟན་པ ་འམ་ནུས་པ་དང་ལྡན་པ་སྟེ་འདོད་པའི་རྒྱལ་པོའོ། །དེས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་།ཊཀྐིའི་རྒྱལ་པོ་ཁྲོ་ཆེན་པོ་ནི་དེ་ཉིད་ཀྱི་རིག་སྔགས་འདི་ཉིད་ཀྱི་སུ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ཊཀྐི་ནི་འདོད་པ་སྟེ་འདོད ་པ་དེ་ཉིད་ཀྱིས་ཧཱུཾ་ཞེས་པ་ནི་གདུག་པ་རྣམས་ལ་སྡིག་།མཛུབ་བྱེད་པའོ། །ཛ(རྒྱུད་འགྲེལ་མིག་ལ་སོགས་པའི་ལྷ་མ་ཡིན་གྱིས་བདག་པོའི་བུ་མོ་རྣམས་ཏེ། དེ་དག་འཇིགས་པ་ནི་ཁྲོ་བོའི་སྔགས་ཐོས་པས་སོ། །དེ་ནས་དམ་ཚིག་ནི་དེའི་བཀའ་ཐོབ་ནས་རྡོ་རྗེ་སྐུ་གསུམ་ནི་དེའི་བདག་པོ་སྟེ་ཐུགས་རྡོ་རྗེ་ལ་རྗེས་སུ་དྲན་པ་ནི་སྐྱབས་སུ་འགྲོ ་བའོ། །རྡོ་རྗེ་སེམས་པའི་སྦྱོར་བ་ཡིས་ཞེས་བྱ་བ་ལ་སོགས་པ་ལ། ལིངྒ་ནི་རྟགས་ཏེ་བསྒྲུབ་པར་བྱ་བའི་གཟུགས་བརྙན་ནོ། །དེ་ཉིད་རྐང་པ་གཡས་པས། སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའ་ཏིང་ངེ་འཛིན་ལ་གནས་པས་སྔགས་འདི་ཉིད ་བརྗོད་ཅིང་མནན་ན། སྔགས་རྣམས་ཐམས་ཅད་ནི་ལྷ་མ་ཡིན་གྱི་བུ་མོ་རྣམས་འགུགས་པར་འགྱུར་རོ། །འདིར་ནི་སྦྱོར་བ་འདི་ཡིན་ཏེ། ཆུ་བོའི་འགྲམ་གཉིས་ཀྱི་གྲོག་མོའི་སས་ལྷ་མ་ཡིན་གྱི་བུ་མོ་ལ་སོགས་པ་གང་ཡང་རུང་པའི་གཟུགས ་བརྙེན་བྱས་ལ། དེའི་སྐྱེ་གནས་དྷ་དྷུ་རའི་ཁུ་བ་བཞག་ཅིང་སྙིང་གར་ཡང་མ་མ་ཨ་དུར་ཀནྱ་སཱ་མི་པ་མཱ་གཙྪ་ཏུ་ཧྲཱི(རྒྱུད་འགྲེལ་བྱས་ལ་།ཊཀྐི་རྒྱལ་པོའི་སྔགས་དང་དེའི་རྣལ་འབྱོར་གྱིས་བརླབས་ཤིང་གཟུགས་བརྙན་དེ་ལྕགས་ཀྱུས་བྱིན་གྱིས་བརླབས་པའི་རྐང་པ་གཡས་པས་མནན་ཅིང། ཇི་སྲིད་དུ་གནས་པར་བྱ་བ་དེ་སྲིད་དུ་ལྷ་མ་ཡིན་གྱི་བུ་མོས་འོག་གི་བུག་ལས ་འབྱུང་བར་འགྱུར་རོ། །དེ་མཐོང་སྟེ་ཅི་འདོད་པར་མཉེས་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་།ཡེ་ཤེས་ཀྱི་ཕྲེང་བ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དེའི་རང་བཞིན་དང་ཆུ་ནི་ཆུའི་ཁམས་ཏེ། དེའི་རང་བཞིན་གྱི་མི་བསྐྱོད་པ་སྟེ། ་དེ་ཉིད་ཀྱི་རང་བཞིན་མི་གཡོ་བ་སྟེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་།མི་གཡོ་བའི་རྡོ་རྗེ་གཏུམ་པོའི་དམ་ཚིག་ནི། ལྷ་ལ་སོགས་འདུལ་བར་བྱེད་པའི་རིག་སྔགས་ཏེ། དེ་ཉིད་ཉིད་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ ་བཞིན་ནོ། ། ཙ་ལ་ཞེས་བྱ་བ་ལ་སོགས་པ་ནི་བོད་པའོ། །ཀ་ན་ནི་ཀུན་རྫོབ་དང་དོན་དམ་པ་དག་གཅིག་ཏུ་མཐོང་བའི་ཕྱིར་རོ། །ད་ཎ་ཊ་ཞེས་བྱ་བ་ལ་སོགས་པ་ནི་བྱ་བ་ལ་འཇུག་པའོ། །དེའི་དོན་ནི་འཇིགས་པར་གྱིས་ཤིག་ཅེས་བྱའོ། ། ་ཏ་ཊ་གྱི་སྒྲ་ནི་ཁྲོས་པའོ། །སྭཱ་ཧཱའི་སྒྲ་ནི་ཞི་བ་ལའོ། །སྔགས་འདི་གསུངས་པ་ཙམ་གྱིས་འཁོར་དང་བཅས་པའི་ལྟ་རྣམས་བརྒྱལ་བ་ནི་ཐོས་པ་དང་ངོ། །སྐྲག་པ་ནི་སྔགས་ཀྱི་དོན་དྲན་པ་སྟེ། རྡོ་རྗེ་སྐུ་ནི་ཡི་བསྐྱོད་པ་ལ་རྗེས་སུ་དྲན་པ་ནི་སྐྱབས་སུ ་འགྲོ་བའོ། །སྔགས་འདི་ཉིད་བཀླགས་པ་ཙམ་གྱིས་ལྷ་ཆེན་པོ་ལ་སོགས་པའི་ལྷ་རྣམས། མཐུ་ཆེན་ནི་མངོན་པར་ཤེས་པ་ལྔ་དང་ལྡན་པ་ཡང་འགུགས་པར་འགྱུར་རོ། །ཇི་ལྟར་ཞེ་ན། ཁ་སྦྱར་ལུས་ནི་འཁྲུལ་འཁོར་གྱི་སྦྱོར་བས་སོ་ཞེས ་སྟོན་ཏོ། །འདིར་ནི་སྦྱོར་བ་འདི་ཡིན་ཏེ་།སོ་མ་བཏང་བའི་རྫ་མ་གཉིས་བླངས་ཏེ། གཅིག་ལ་གིའུ་ཝང་དང་གུང་གུམ་དག་གིས་ཟླ་བའི་དཀྱིལ་འཁོར་བྲི་བ་དང། གཉིས་པ་ལ་ཉི་མའི་དཀྱིལ་འཁོར་བྲི་བ་སྟེ། དེ་ལ་གཅིག ་ལ་བུད་མེད་ཀྱི་གཟུགས་བརྙན་དང། གཉིས་པ་ལ་སྐྱེས་པའི་གཟུགས་བརྙན་བྲིས་ཤིང། དེའི་རྗེས་ལ་སྟེང་དུ་རྡོ་རྗེས་མཚན་པའི་སའི་དཀྱིལ་འཁོར་བྲིས་ཏེ། སྔ་མ་བཞིན་དུ་ཁྲོས་པའི་སེམས་ཀྱིས་སྔགས་བརྗོད་ཅིང། འཁྲུལ་འཁོར ་རྐང་པས་མནན་ཏེ། ཇི་སྲིད་དུ་གནས་པར་བྱ་བ་དེ་སྲིད་དུ་ལྷ་ལ་སོགས་པ་འགུགས་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དམ་ཚིག་རྣམ་པར་འཕྲུལ་པ་ནི་མི་བསྐྱོད་པ་སྟེ། དེ་ཉིད་ཀྱི་རྡོ་རྗེ་ནི་གནོད་མཛེས་ཀྱིས་རྒྱལ་པོ་སྟེ། དེ ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་འཛིན་ཐམས་ཅད་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་དག་གི་དམ་ཚིག་ནི་མི་བསྐྱོད་པ་སྟེ། དེ་ལས་བྱུང་བའི་གང་ཞིག་གནོད་མཛེས་ནི་ས་འོག་སྤྱོད་པ་སྟེ། དེ་ཉིད་ཀྱི་ཁྲོ་བོ་ཆེན་པོ ་ནི། །?་བོ་ཆེན་པོའི་སྔགས་ཉིད་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ོཾ་ནི་རྡོ་རྗེ་འཆང་ངོ། །སུཾ་བྷ་ཞེས་པ་ནི་བོད་པའོ། །ནི་སུཾ་བྷ་ཞེས་པ་ནི་བགེགས་རྣམས་ནོན་ཅིག་ཅེས་སྟོན་ཏོ། །ཡི་གེ་ཧཱུཾ་ནི་སྙིང་པོ་བསྐུལ་བ་ལའོ། །གྲིཧྣ? ་ཞེས་བྲ་ནི?་འཕྲོས་པར་འགྱུར་བའི་བགེགས་རྣམས་བཅིངས་ཤིང། གྲིཧྞ་པ་ཡ་ཞེས་པ་ནི་འཁོར་གྱིས་ཀྱང་ཆིངས་ཤིག་པའོ། །དེ་བཞིན་དུ་།ཱ་ན་ཡ་ཞེས་པ་ནི་དེ་རྣམས་མདུན་དུ་ཁུག་ཅིག་པའོ། །བིདཏ་རཱ་ཛ་ཡ་ཞེས་པ་ནི་སྔགས་ཀྱི ་དབང་ཕྱུག་སྟེ། སྤྲོ་བར་བྱེད་པའོ། །ཧཱུཾ་གཉིས་པ་ནི་བསྐུལ་བའོ། །གལ་ཏེ་དེ་ལྟར་མི་བྱེད་ན་།དེའི་ཚེ་ཕཊ་ཅེས་པ་ནི་ཁྲོས་པ་ལ་སྟེ། ཁྱོད་གཅོད་པའོ་ཞེས་སྟོན་ཏོ། །སྔགས་འདི་གསུངས་པ་ཙམ་གྱིས་བུ་མོ་ཐམས་ཅད་ནི་།ཀླུའི་བུ་མོ ་རྣམས་འགུགས་པར་འགྱུར་རོ། །ལྷག་མ་ནི་གོ་སླའོ། །འདིར་སྦྱོར་བ་ནི་གནོད་མཛེས་རྒྱལ་པོའི་རྣལ་འབྱོར་པས། རླུང་གི་དཀྱིལ་འཁོར་གྱི་སྦྱོར་བས་འོད་ཟེར་གྱི་ལྕགས་ཀྱུས་ཀླུའི་བུ་མོ་རྣམས་དགུག་པར་བྱའོ། །བུ་མོ་ཇི་ལྟ་བུ་ཞེ་ན ་རྡོ་རྗེ་སེམས་དཔའ་བཞིན་ནུས་པ་དང་ལྡན་པའི་བདག་པོས་གཟུང་བ་སྟེ། བསྐྱེད་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྫོགས་པའི་རིམ་པས་ཀྱང་དགུགS་པ་བཤད་པར་བྱ་སྟེ། དམ་ཚིག་ཆེན་པོ་ནི་རྣམ་པར་ཤེས་པ་གསུམ་སྟེ་། ་དེ་ཉིད་སེམས་ཅན་བསྐྱེད་པའི་རྒྱུ་ཡིན་པས། དེ་ཉིད་འབྱུང་བ་ནི་རང་བཞིན་རྣམས་སོ། །དེ་རྣམས་ཀྱི་རྡོ་རྗེ་ནི་ཐམས་ཅད་སྟོང་པའི་གོ་འཕང་ཐོབ་པར་བྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་།དམ་ཚིག་ཆེན་པོའི་ཡེ་ཤེས་རྣམས་དང ་རྡོ་རྗེ་གསུམ་ནི་ཤེས་རབ་དང་ཐབས་དང་ཉེ་བར་ཐོབ་པའི་ངོ་བོའི་རང་བཞིན་རྣམས་སོ། །གསང་བ་ནི་འོད་གསལ་བས་དགུག་པའོ། །གསུང་དང་དམ་ཚིག་དག་ནི་ལུས་དང་ངག་དང་སེམས་ཏེ། དེ་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་གནས་ནི་འོད ་གསལ་བར་བྱེད་པའི་ཚིག་། ཉིད་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །རྟོགས་པར་བྱ་བས་ན་སངས་རྒྱས་དང། ཕྱེ་བ་དཀའ་བས་ན་རྡོ་རྗེ་དང་།སྐུ་གསུམ་ནི་རིགས་ཀྱི་དབྱེ་བ་གང་ལ་ཡོད་པ་དེ་ནི་སངས་རྒྱས་རྡོ་རྗེ་སྐུ་གསུམ ་སྟེ་།སྣང་བ་ལ་སོགས་པའོ། །དེ་རྣམས་རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ་པ་ནི་འོད་གསལ་བར་ཞུགས་པའོ། །ཞགས་པ་ནི་ཟླ་བའི་སྣང་བ་དང། ཀྱོ་བ་ནི་ཉི་མའི་སྣང་པ་དང། འཛིན་པ་ནི་གཉི་གའི་སྣང་བ་དང། བྲལ་བའི་སྣང་བ་སྟེ་།དེ ་རྣམས་ཀྱིས་སངས་རྒྱས་དགུག་པ་དམ་པ་ནི་ཡེ་ཤེས་རྣམས་དགུག་པ་མཆོག་ཏུ་བྱ་བའོ། །སངས་རྒྱས་ནི་ཡེ་ཤེས་དང་སྐུ་གསུམ་ནི་རང་བཞིན་རྣམས་ཏེ་།དེ་དག་ཐམས་ཅད་འཁོར་ལོ་ཆེན་པོ་ནི་འོད་གསལ་བར་སྦྱོར་བ་ནི་བསྡུ་བར་བྱའོ། ་རྡོ་རྗེ་སེམས་དཔའ་ཨི་མི་བརྟན་པ་ཀུན་གཞི་རྣམ་པར་ཤེས་པ་དང་།རྒྱལ་ཆེན་ནི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གཉིས་ཏེ་།ངེས་པར་དགུ་པ་ནི་སླར་ཡང་མི་ལྡོག་པ་ཉིད་དུ་མེད་པར་བྱ་བ་སྟེ། སེམས་རྣམ་པར་དག ་པའི་རིམ་པའོ། །འཁོར་ལོ་པདམོ་རྡོ་རྗེ་ཆེ་ཞེས་བྱ་བ་ལ་སོགས་པ་ལ། འཁོར་ལོ་པདམོ་ཆེ་ནི་རིགས་ཀྱི་དབྱེ་བས། མི་ཕྱེད་རྡོ་རྗེ་འཆང་ཆེན་པོ་བསྒོམ་པ་ནི་སྤྲོ་བས་།རྡོ་རྗེ་ཀྱོ་བ་ནི་དེ་དང་འདྲ་བའི་ཤིན་ཏུ་རྣོ་བའི་འོད་གསལ་བ་སྟེ་།དེ་ཉིད་རྒྱུད? ་གྱུར་པས་སྔགས་རྣམས་ཐམས་ཅད་ནི་རིགས་ཐམས་ཅད་ནི། ལྷ་རྣམས་དགུག་པ་ནི་སྤྲོ་བར་བྱའོ། །ཇི་ལྟ་བུ་ཞེ་ན། མཆོག་ནི་ཟླ་བ་དང་རྡོ་རྗེ་ལ་སོགས་པ་ལ་མི་བལྟོས་པའོ། །དེ་ཉིད་རྒྱས་པར་བཤད་པར་བྱ་སྟེ། ཐམས་ཅད་རྡོ་རྗེའི ་དངོས་ཞི་བ་ཞེས་བྱ་བ་ལ་སོགས་བ་ལ། རང་ཞེས་པ་ནི་བདག་ལ་བྱིན་གྱིས་བརླབས་པས་འབྱུང་བ་སྟེ་།རང་སྔགས་སྐྱེས་བུ་ནི་སྒྱུ་མའི་ངོ་བོའི་སྐུ་རང་བཞིན་དང། ཐམས་ཅད་རྡོ་རྗེ་དངོས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང ་བཞིན་དང། ཞི་པ་ནི་ཡེ་ཤེས་ཀྱི་སྐུ་བསྒོམ་པ་ནི་སྤྲོས་ཏེ་།བུ་མོ་ནི་ཡེ་ཤེས་ཀྱིས་ཕྱག་རྒྱ་མ་སྟེ། མཆོག་ནི་ཕུལ་དུ་བྱུང་བ་དང་།སྙིང་ཁ་ནི་སྙིང་ཁ་ལས་བྱུང་བ་དང་ཤེས་རབ་ཕ་རོལ་ཕྱིན་པའི་རང་བཞིན་ཏེ་།དེ་ལ་རྡོ་རྗེ་ཀྱོ་བ་སྦྱར་བའི་རྡོ ་རྗེ་བསྐུལ་བས་རླུང་གི་དཀྱིལ་འཁོར་ནི་།རླུང་བཅུ་སྟེ་།དེ་རྣམས་སྦྱོར་བ་ནི་འགོག་པ་སྟེ་ལྷན་ཅིག་སྐྱེས་པའི་དུས་ཀྱི་སྦྱོར་བས། སངས་རྒྱས་ནི་རྩ་བའི་རྣམ་པར་ཤེས་པ་དགུག་ཅིང་འོད་གསལ་བ་ལ་ཐིམ་པར་བྱ་སྟེ། བདག་ལ་བྱིན་གྱིས ་བརླབས་པ་དང། མངོན་པར་བྱང་ཆུབ་པའི་རིམ་པ་དག་གོ། ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པར་སྣང་མཛད་ནི་ཡི་གེ་ཨོཾ་སྟེ། དེ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་གཟུགས་ཆེན་ནི་རྣམ་པར་སྣང་མཛད་ཆེན ་པོར་བདག་ཉིད་བསམས་ལ། དེའི་རྗེས་ལ་ལན་གྲངས་ལྔ་བཅུ་ནི་ཨ་ལ་སོགས་པ་ནས་ཤའི་བར་དུ་ཡི་གེའི་ཕྱི་མོ་སྟེ་།དེ་ཡོངས་སུ་གྱུར་པ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་སྤྱི་བོར་བསམས་ཏེ། དེའི་འོག་ཏུ་ཤི་རྩི་ནི་ལྕེ་སྟེ་།དེ་ནི་གནས ་པ་ནི་ཟླ་བའི་དཀྱིལ་འཁོར་གྱིས་བདུད་རྩི་མྱང་བར་འདོད་པ་དང། རྐན་གྱི་བུ་གར་གནས་པར་བསྒོམ་ཞིང་འབར་བ་རྡོ་རྗེ་ནི་མེའི་ས་བོན་ཡི་གེར་བཀོད་ལ་།དེ་ལས་བྱུང་བའི་འོད་ཟེར་གྱིས་འདུད་རྩི་གཞུལ་།མི་འཆི་སྦྱོར་བ་ནི་བདུད་རྩི་དགུག་པར་བྱ་སྟེ། ་ལས་ཀྱི་རྒྱལ་བ་མཆོག་གོ། རྡོ་རྗེ་ཀྱོ་བ་གཟུགས་པོ་ཆེ་ཞེས་བྱ་བ་ལ་སོགས་པ་ལ། འདིར་ནི་མཁའ་སྤྱོད་དང་ས་འོག་སྤྱོད་རྣམས་གཙུག་ཏོར་རྒྱལ་པོ་དང་གནོད་མཛེས་རྒྱལ་པོ་དག་གིས་འགུགས་པ་བཤད་པ་ཡིན་ཏེ། དེ་ལ་རྡོ་རྗེ་དང་ལྕགས་ཀྱུ ་བསྣམས་པའི་གཙུག་ཏོར་འཁོར་ལོ་སྒྱུར་བའི་རྒྱལ་པོ་བསམ་པར་བྱའོ། །ཇི་ལྟ་བུ་ཞེ་ན་།འབར་བའི་རྡོ་རྗེ་ནི་མེ་སྟེ་།དེ་དང་འདྲ་བའི་འོད་ནི་དེའི་མདངས་དང་ལྡན་པའོ། །དེའི་རྗེས་ལ་རྡོ་རྗེ་དཀྱིལ་འཁོར་ནི་རླུང་གི་དཀྱིལ་འཁོར་བསམས་ཏེ། ནམ ་མཁའ་ཨི་བུ་མོ་ནི་ལྷའི་བུ་མོའི་རིགས་དེའི་སྟེང་དུ་བསམས་ཏེ་འོད་ཟེར་གྱི་འཁོར་ལོ་ལྕགས་ཀྱུ་དང་འདྲ་བས་དགུག་པར་བྱའོ། །ཇི་ལྟ་བུ་ཞེ་ན། མཆོག་ནི་མྱུར་བ་དང་བདེ་བའི་སྒོམ་པས་སོ། །དེ་བཞིན་དུ་ཁྲོ་བོ་རྡོ་རྗེ་དམ་ཚིག་ནི་ས་འོག་ལ་གནས ་པའི་ཁྲོ་བོ་གནོད་མཛེས་རྒྱལ་པོར་རང་གི་བདག་ཉིད་བསམས་ཏེ། ཏྲི་ཤཱུ་ལ་ནི་རྩེ་གསུམ་སྟེ་དེ་དང་འདྲ་བའི་རྡོ་རྗེ་ཀྱོ་བ་སྟེ་།དེའི་གནས་ནི་བསྐུལ་པས་སྔ་མ་བཞིན་དུ་རླུང་གི་དཀྱིལ་འཁོར་གྱི་སྦྱོར་བས་ལྷ་མ་ཡིན་གི་བུ་མོ་འགུགས་པར་བྱའོ། ་བསྐྱེད་པའི་རིམ་པའོ། །ད་ནི་འཁྲུལ་འཁོར་གྱི་སྦྱོར་བས་འགུགས་པ་བཤད་པར་བྱ་བའི་ཕྱིར། གཅིག་གམ་རྡོ་རྒྱུས་དག་ཀྱང་རུང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཙག་ནི་ཁམས་ཀྱི་རྫས་སོ། །རྡོ་རྒྱུས་དང་དེའི་ཁྱད་པར་ཏེ་དེ ་ཉིད་དང་བོ་དཔའ་བོའི་ཚོང་གིས་བླངས་ཏེ། རྡོ་རྗེ་ལྕགས་ཀྱུ་དང་འདྲ་བར་བྱས་པ་འམ་བསྒོམས་ཏེ། ཟླ་བ་གཟས་ནི་འཛིན་པའི་ཚེ་ཞེས་པའི་ཟླ་བ་གཟས་ཟིན་པའི་དུས་སུ་ཁ་ནི་རྡོ་རྗེ་དང་པདྨའི་ནང་དུ་བཅུག་ལ། བསྒྲུབ་པར ་བྱ་བ་ནི་འཛིན་པར་བྱའོ། །དེ་ནས་བཏང་བའི་དུས་སུ་དྲག་པོ་ལ་སོགས་པའི་མིང་དེ་ལ་བྲིས་ཏེ། དེ་རྣམས་འཇིགས་པར་འགྱུར་ཞིང་འགུགས་པར་འགྱུར་རོ། །རྡོ་རྗེ་གསུམ་གྱི་བཀའ་བཞིན་དུ་ཞེས་པ་ནི་རྡོ་རྗེ་འཆང་གི་གསུང་བཞིན་དུ ་ངེས་པར་འགྱུར་རོ། །ཞེས་སྟོན་ཏོ། །བསྐྱེད་པའི་རིམ་པའོ། །ཡང་ན་རྡོ་བཙག་ནི་སྲོག་གི་རླུང་ངོ། །རྡོ་རྒྱུས་ནི་རྩོལ་བའི་རླུང་ངོ། །དེ་དག་གཉིས་རྡོ་རྗེ་ཀྱོ་བའི་སྦྱོར་བ་ནི། མེ་དང་མཉམ་པའི་རླུང་གི་སྦྱོར་བས་སྐམ་པ་དང་བྱ་རོག་གི་མཆུ ་བཞིན་དུ་འཛིན་པར་བྱའོ། །ཟླ་བ་ནི་བྱང་ཆུབ་ཀྱི་སེམས་དང་གཟའ་ནི་ཁྲག་སྟེ་།དེ་དག་གི་ཚེ་ནི་རྩ་དབུས་མ་སྟེ་།དེ་ཉིད་ཁ་ནི་རྩེ་མོར་སྲོག་དང་རྩོལ་བ་དང་ཤུཀྲ་དང་རཀྟ་དེ་རྣམས་བཅུག་ནས་བསྒྲུབ་པ་ནི་འཛིན་པར་བྱའོ། །དེ་ནས་དྲག་པོ ་ལ་སོགས་པ་ནི་སྲོགས་ལ་སོགས་པའི་རླུང་བཅུའི་ནང་ན་། རླུང་གང་ལ་མིང་ནི་རང་གི་ངོ་བོ་བྲིས་པ་ནི་དེ་ལ་ཞུགས་བ་སྟེ་། རླུང་དེ་ཡང་འཇིགས་ཤིང་སྐྲག་པ་ནི་དབང་དུ་གྱུར་པས་འོད་བར་གྱུར་པ་ནི་།དེ་ཉིད་དུ་རོ་གཅིག་པར་འགྱུར་རོ། །རྡོ་རྗེ་གསུམ ་གྱི་བཀའ་ཞེས་པ་ནི་སྔ་མ་བཞིན་ཏེ། འབྲས་བུའོ། །རྣམ་པ་གཞན་གྱིས་འགུགས་པ་བཤད་པར་བྱ་བའི་ཕྱིར། རྣམ་པའི་མཆོག་རྣམས་ཀུན་ལྡན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡི་གེ་མཾ་ལས་བྱུང་བའི་བཅོམ་ལྡན་འདས་འཇམ ་པའི་རྡོ་རྗེ་མཚན་ལ་སོགས་པས་བརྒྱན་པ་བསྒོམས་ཏེ། དེའི་བཀའ་བྱེད་པ་གཤིན་རྗེ་གཤེད་དང་པོ་ཡིན་པའི་ཕྱིར། འཛིན་པ་ནི་རྡོ་རྗེ་དང་ཀྱོ་བ་བསྣམས་པ། བསྐལ་པའི་སྲེག་པ་ནི་བསྐལ་པའི་མེ་འབར་བ་བཞིན་དུ་བསམས་ཏེ། གྷ་ཚ་ཏྲཾ་ཡ ་ཀེ་ཎི་ཨཱ་ཀརཥ?་ཡ་ཧྲཱི(རྒྱུད་འགྲེལ་ནི། བདག་བོའི་སྒོ་ནས་འགུགས་པ་སྟེ། བསྐྱེད་པའི་རིམ་པའོ། །དགུག་པའི་ཡུལ་བཤད་པར་བྱ་སྟེ་།ཀུན་གྱི་ཕྱག་རྒྱའི་ཁྱད་པར་དང་ཞེས་བྱ་བ་ལ་སོགས་པ་ལ་། ཕྱག་རྒྱའི་ཁྱད་པར་ནི་རྣམ་པའི་དབྱེ་བ་དང། སྔགས་ཀྱི་ཁྱད་པར་ནི་རིགས་ཀྱི ་དབྱེ་བ་སྟེ། དེ་དག་གིས་དགུག་པར་བྱ་བ་སྟེ། གཞན་དུ་རྣལ་འབྱོར་པ་དེ་འཇིགས་པར་འགྱུར་བའོ། །རྣམ་པ་གཞན་ལ་སྔགས་གཞན་སྦྱོར་ན་སྐྱོན་ཡིན་ནོ། །དེ་བས་ན་ཅི་དང་འདྲ་བའི་རྣམ་པ་དང་འདྲ་བའི་སྔགས་ཏེ་།ཚིག་གི་དོན་དེ་ཁོ་ན་བཞིན་དུ་དཔེ ་བསྟན་པའོ། །ཡང་ན་གལ་ཏེ་རྣམ་པ་དང་སྔགས་འདྲེས་པར་གྱུར་ན་།དེའི་ཚེ་སྐྱོན་དེ་སེལ་བར་བྱ་བའི་ཕྱིར་།རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ་ནི་རྡོ་རྗེ་འཆང་ཆེན་པོ། །ཡང་དང་ཡང་དུ་བསྐུལ་བར་བྱ་བ་ནི་།དེ་ཉིད་ཀྱི་རྣམ་པ་སྐད་ཅིག་མ་རེ་རེ་བསྒོམ་པར ་བྱའོ། །དེ་ལྟར་བྱས་ན་སྔགས་དང་ཕྱག་རྒྱ་འདྲེས་པའི་སྐྱོན་མི་འབྱུང་བ་སྟེ། དམ་ཚིག་ཉམས་པའི་དུས་སུ་ལས་རྡོ་རྗེའི་རྣམ་པ་བསྒོམ་པ་བཞིན་དུའོ། །འདིར་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ། །དེ་ཉིད་སྔགས་རྣམས་ཐམས་ཅད་ནི་རྣམ་པ ་དང་རིག་སྔགས་དང། ཕྱག་རྒྱ་རྣམས་ཀྱི་རྒྱལ་པོ་ནི་གཙོ་བོ་སྟེ་སྤྲོ་བ་དང། བསྡུ་བར་མཛད་པའོ། །གཞན་ཡང་མཆོག་ཏུ་རྟག་པར་ནི་མི་འཇིག་པའི་རང་བཞིན་ཏེ། དེ་བས་ན་དེའི་རྣམ་པར་ཐོབ་པས་སྔགས་ཐམས་ཅད་ཀྱི་སྐུ་ཡིན་ལ། འདྲེས ་པ་དང་མ་འདྲེས་པ་གང་ཡང་རུང་བར་བྱེད་པ་དེ་ནི་གནོད་པར་མི་འགྱུར་རོ། །རབ་ཏུ་བྱེད་པ་ལས་ཀྱང་།གླང་པོ་རྙེད་ནས་འཕྲལ་དུ་ནི་ཞེས་བྱ་བ་ལ་སོགS་པ་འབྱུང་ངོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་།ཀུན་ཏུ་ནི་ཐམས་ཅད་དུ་རྣམ་པར་འཕྲུལ ་པ་ལས་ཐམས་ཅད་པ་ཉིད་དུ། ཡེ་ཤེས་རྡོ་རྗེ་ནི་བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་གང་ལ་ཡོད་པ་དེ་ནི་དེ་བཞིན་ཏེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་ཞེས་པ་ནི་འོག་ནས་འཆད་པར་འགྱུར་བའི ་རྡོ་རྗེ་ནི་བདུད་རྩི་འཁྱིལ་པའི་བཙུན་མོ་ཐར་ཚུགས་གཅིག་མའི་རལ་པ་གཅིག་མ་སྟེ། དམ་ཚིག་ཆེན་པོའི་རྒྱལ་པོ་ནི་དོན་ཡོད་གྲུབ་པ་སྟེ། དེ་ཉིད་ཀྱི་གཞན་གྱིས་མི་ཐུབ་པའི་གསུང་རྡོ་རྗེ་ནི་སྔགས་ཏེ། དེ་ཉིད་རྡོ་རྗེ་མཆོག་ནི་རིག་སྔགས ་གཙོ་བོ་ཉིད་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ོཾ་ནི་རྡོ་རྗེ་འཆང་ཆེན་པོའོ། །ཤུ་ལི་ནི། ཞེས་པ་ནི་གདུག་པ་རྣམས་ལ་ནད་སྐྱེད་པའི་ཕྱིར་རོ། །དེ་ཉིད་ཀྱི་བོད་པ་ནི་ཤུ་ལི་ནིའོ། །སྭཱཧཱ་ནི་ཞི་པའི་ཕྱིར་རོ། །སྔགས་འདི ་གསུངས་བ་པ་ཙམ་གྱིས་ཀླུའི་བུ་མོ་ནི། འཛེག་པོ་ལ་སོགས་པ་ཀླུའི་བུ་མོ་རྣམས་ཏེ་།དེ་དག་གི་ཚིག་པར་གྱུར་པ་ནི་འདོད་ཆགས་ཀྱི་མོས་གདུངས་པར་གྱུར་པ་དང་།གོས་དང་བྲལ་བ་ནི་རང་གི་མི་རྣམས་ཀྱིས་གཟུང་བའི་ཕྱིར ་གོས་བོར་ཞིང་འབྲོས་པར་འགྱུར་བ་སྟེ་།སངས་རྒྱས་ནི་དོན་ཡོད་གྲུབ་པ་སྟེ་།དེ་ཉིད་ཀྱི་བྱང་ཆུབ་ནི་རྣམ་པ་རྗེས་སུ་དྲན་པ་ནི་བསྒོམས་པས་སོ། །ཀླུའི་བུ་མོ་གཅིག་པུ་མ་ཡིན་གྱི་ཀླུ་ཐམས་ཅད་ནི་འཇོག་པོ་ལ་སོགས་པ་ཡང་རིག་སྔགས ་འདི་ཉིད་ཀྱིས་འགུགས་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ཀླུ་མོ་མིག་བཟངས་ནི་གཟུགས་དང་རྒྱན་ལ་སོགས་པ་དང་ལྡན་པ་དེ་ཉིད་བཀུག་ཅིང་མཉེས་པར་བྱའོ། །འདིར་ནི་སྦྱོར་བ་འདི་ཡིན་ཏེ། འགེགས་ནས་ཤི་བའི་བྲམ་ཟེ་མོའི་ཐོད་པར ་ཀླུའི་རྒྱལ་པོས་ངང་དེའི་བུ་མོའི་གཟུགས་བརྙན་དཔར་དང་རྒྱ་སྐྱེགས་ཀྱི་ཁུ་བས་བྲིས་ཏེ། གདོལ་པ་མོའི་རང་བྱུང་གི་མེ་ཏོག་གིས་གོས་པའི་རས་སྔོན་པོས་བཀབ་ལ་རང་པ?་གཅིག་མའི་རྣལ་འབྱོར་གྱིས་དེའི་སྔགས་བཟླས་ཤིང་རྡོ་རྗེ ་དང་ལྕགས་ཀྱུས་མཚན་བའི་རྐང་པ་གཡོན་པ་དང་གཡོས་པ་དག་གིས་རིམ་གྱི་སྒཡས་བརྐྱང་བ་དང་གཡོན་བཀྱང་པས་ཐོད་པ་དེ་ཉིད་མནན་ཅིང་ཇི་སྲིད་དུ་གནས་པར་བྱ་བ་འདི་སྲིད་དུ་ཀླུའི་བུ་མོ་ལ་སོགས་པ་འགུགས་པར་འགྱུར་རོ། ། ་དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ནམ་མཁའ་ཨི་དམ་ཚིག་ནི་སྣང་བ་མཛའ་ཡས་ཏེ་།དེ་ལས་འབྱུང་བ་ནི་སྐྱེ་བ་གང་ལ་ཡོད་པ་དེ་ནི་།ནམ་མཁའ་ཨི་དམ་ཚིག་འབྱུང་བའོ། །རྡོ་རྗེ་ནི་ཁྲོ་གཉེར་མ་ཏིང་ངེ་འཛིན་གང་ལ་ཡོད་བ་དེ་ལ་སྙོམས་པར་ཞུཌ་ནས་དམ ་ཚིག་ཆེན་པོ་ནི་སྣང་བ་མཛའ་ཡས་ཏེ། དེ་ཉིད་ཀྱི་རྡོ་རྗེ་ནི་ཁྲོ་གཉེར་མ་སྟེ། དེ་ཉེ་བར་བཏགས་པས་རིག་སྔགས་ཀྱང་དེ་བཞིན་དུ་བཤད་པ་སྟེ་དེ་ཉིད་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ོཾ་ནི་རྡོ་རྗེ་འཆང་རྗེས་སུ་དྲན་པའོ། །བྷ ་ཡོན་སྲིན་པོ་ལ་སོགས་པས་བྱས་པའམ། འཇིགས་པ་བརྒྱད་དེ། དེ་རྣམས་ནཱ་ཤ་ནི་ཞེས་པ་ནི་འཇིགས་པར་མཛེད་པའོ། །གདུག་པ་རྣམས་ལ་འབྲུ་ཚུགས་སུ་བལྟ་བས་ན་བྷྲི་ཀུ་ཊ་སྟེ་ཁྲོ་གཉེར་མའོ། །ད་ཥི་ཞེས་པ་ནི་གདུག་པ ་གསོད་པའོ། །?་ཏེ་ཞེས་པ་ནི་ཁྱད་པར་དུ་གསོད་པའོ། །ཤྭེ་ཏེ་ཞེས་པ་དཀར་པོ་སྟེ་།བཱ་ཤིག་པའི་དཀར་པོའི་ཕྱོགས་ལ་གནས་པའོ། །ཤྭེ་ཏ་ཛ་?་ནི་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་དཀར་པོའི་རང་བཞིན་གྱི་སྣང་བ་མཛའ་ཡས་ཀྱིས་རལ ་པའི་ཅོད་པན་དུ་བརྒྱན་པའོ། །སྭཱཧཱ་ནི་ཞི་བའི་དོན་དུའོ། །སྔགས་འདི་གསུངས་པ་ཙམ་གྱིས་རིག་པ་འཛིན་པའི་བུ་མོ་རྣམས། འདོད་པའི་ལྷའི་ཚིགས་ཀྱིས་འདར་བར་གྱུར་ནས། ཡེ་ཤེས་རྡོ་རྗེ་ནི་སྣང་བ་མཛའ་ཡས་རྗེས་སུ་དྲན་པ་ནི་བསྒོམས ་སོ། །དེ་ཉིད་ཀྱི་ཕྱིར་སྔགས་ཀྱི་རིམ་པ་འདི་ནི་ཁྲོ་གཉེར་མའི་རིག་སྔགས་ཀྱིས་དམ་ཚིག་ལ་གཙོ་བོ་ནི་སྒྲུབ་པ་པོས། གསེར་གྱི་པརྣ་ཆ་གཡོ་པ་ནི་རྒྱན་དང་བཅས་པའི་རིག་པ་འཛིན་པའི་བུ་མོ་དགུག་ཅིང་གཉེར་བར་འགྱུར་རོ། །འདིར་ནི ་སྦྱོར་བ་འདི་ཡིན་ཏེ། དུར་ཁྲོད་ཀྱི་རས་ལ་ཐལ་ཆེན་གྱིས་རིག་པ་འཛིན་པའི་བུ་མོ་བྲིས་ཏེ། དེའི་སྐྱེ་གནས་ལ་ཛི་ཧི་དམར་པོ་བཀོད་ལ། ཁྲོ་གཉེར་མའི་ཏིང་ངེ་འཛིན་གྱིས་རྡོ་རྗེ་ལྕགས་ཀྱུ་བྱིན་གྱིས་བརླབས་པའི་རྐང ་པ་གཡོན་པས་ནུ་མ་གཉིས་ཀྱི་བར་གནོན་ཅིང་རིག་སྔགས་འདི་ཉིད་བཟླས་ཤིང་རྣལ་འབྱོར་པས་ཇི་སྲིད་དུ་གནས་པར་བྱ་བ་དེ་སྲིད་དུ་རས་དེ་ཉིད་འབར་བར་འགྱུར་རོ། །དེའི་རྗེས་ལ་འདོད་ཆགས་ཀྱིས་གདུངས་པའི་རིག་པ་འཛིན་པའི་བུ་མོ་དེས ་སྒྲུབ་པ་པོ་ལ་འཁྱུད་པར་བྱེད་དོ། །ད་ནི་སྔར་བཤད་པའི་སྔགས་རྣམས་ཀྱི་བཟླས་པའི་ཁྱད་པར་བཤད་པར་བྱ་བའི་ཕྱིར། འགོག་པའི་རྡོ་རྗེ་རྒྱལ་པོ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགོག་པ་རྡོ་རྗེ་ནི་རྣམ་པར་རྟོག་པ་ཐམས་ཅད་དང ་བྲལ་བའི་འོད་གསལ་བ་སྟེ། དེ་ཉིད་མཛེས་པ་དང་སྣང་བས་ན་རྒྱལ་པོ་སྟེ། དེ་ལ་ཡོངས་སུ་རྫོགས་པ་ནི་ཞུགས་པ་དང། མཆོག་ནི་ཕུལ་དུ་བྱུང་བ་དང་མཛེས་པ་ནི་འཇུག་པ་ལ་སོགས་པའི་རང་བཞིན་།རྡོ་རྗེ་གསུམ་ནི་ཡི་གེ་གསུམ ་ལས་བྱུང་བའི་བཟླས་པ་ནི་རྡོ་རྗེའི་བཟླས་པ་སྟེ། མ་ནིང་གི་བཟླས་པའི་རང་བཞིན་ནོ། །དེ་མ་ཐག་ཏུ་ནི་དེའི་སྒོ་ནས་སྐད་ཅིག་མ་གཅིག་གིས་སྔར་བཤད་པའི་དེ་རྣམས་ཐམས་ཅད་འགུགས་པར་འགྱུར་ཏེ་།དེ་ཁོ་ན་ཉིད་ལ་ཞུགས ་པས་ཐམས་ཅད་དཀའ་བ་མ་ཡིན་པར་འགྲུབ་པའི་ཕྱིར་ཏེ། རྡོ་རྗེ་བཟླས་པའི་རིམ་པའོ། །ཡང་ན་ཞེས་བྱ་བ་ལ་སོགས་པ་ལ་ཡང་ན་ཐམས་ཅད་ནི་དེ་བཞིན་གཤེགས་པ་ལ་།སོགས་པ་དང་ཁྲོ་བོ་རྣམས་ལ་འབུམ་བཟླས་པས་།དགོན ་པ་ཆེན་པོ་ལ་སོགས་པར་གནས་པའི་རྣལ་འབྱོར་པས་སྔར་བཤད་པའི་ལས་རྣམས་ཐམས་ཅད་ནི་ཞི་བ་ལ་སོགས་པར་འགྲུབ་པར་བྱེད་པའོ། །དེ་ལ་ཡང་དེ་བཞིན་གཤེགས་པ་ལ་སོགས་པའི་སྔགས་གང་ཡང་རུང་བའི་སྔགས་བཟླས ་ན་།དེའི་ཚེ་ལྟ་དེ་ཉིད་ཀྱང་ཡིད་ཀྱིས་བསྒོམ་པར་བྱ་སྟེ། བསྐྱེད་པའི་རིམ་པའོ། །མངོན་སྤྱོད་ཀྱི་ཡུལ་བཤད་པར་བྱ་སྟེ་།རྡོ་རྗེ་སློབ་དཔོན་སྨོད་པ་དང་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སློབ་དཔོན་སྨོད་པ་ནི་བླ་མ་ལ་སུན་འབྱིན་པའོ། །ཐེག་པ་ཆེན་པོ ་སྨོད་པ་ནི་གཅེར་བུ་བ་ལ་སོགས་པ་མུ་སྟེགས་པ་རྣམས་ཏེ། དེ་དག་ཐམས་ཅད་ནན་ཏན་དུ་གསད་པར་བྱའོ། །གལ་ཏེ་ལས་བྱེད་པར་མི་འདོད་ན་དེའི་ཚེ། གནས་ནས་སྤྲོ་བ་ནི་བསྐྲད་པར་བྱའོ། །ལས་འདི་ཉིད་ཀྱིས་སྔ་མ་བཞིན་དུ་རྡོ་རྗེ་སློབ་དཔོན་ལ ་སོགས་པ་སྨོད་པར་བྱེད་པ་རྣམས་ལ་བྱང་ཆུབ་མཆོག་ནི་མི་བསྐྱོད་པ་ལ་སོགས་པའི་ཞིང་ལ་སྐྱེ་པ་བསྟན་ཏོ། །དེ་བཞིན་དུ་བདག་གིས་ཀྱང་སྔགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་ཏེ། བསྐྱེད་པའི་རིམ་པའོ། །ཡང་ན་རྡོ་རྗེ་སློབ་དཔོན་ནི་འཁོར་བའི ་སྤྱོད་པ་ལ་འཇུག་པར་བྱེད་བའི་ཉོན་མོངས་པ་ཐམས་ཅད་ཀྱི་ཡིད?་དང་ཡིད་ཀྱི་རྣམ་པར་ཤེས་པ་དང། ཀུན་གཞི་རྣམ་པར་ཤེས་པའོ། །སྨོད་པ་ནི་དེ་དང་འབྲེལ་པ་དང་ལྡན་པའི་རང་བཞིན་རྣམས་སོ། །ཆེན་པོ་ནི་ཡུལ་ལྔ་སྟེ། དེ་རྣམས་ལ ་འགྲོ་བས་ན་ཐེག་པ་ཆེན་པོ་སྟེ་། དབང་པོ་རྣམས་སོ། །དེ་རྣམས་ཀྱི་མཆོག་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ཏེ། འཇུག་པའི་རྣམ་པར་ཤེས་པའོ། །སྨོད་པ་ནི་དེའི་རང་བཞིན་རྣམས་ཏེ། དེ་དག་ཐམས་ཅད་བསད་པ་ནི་འོད ་གསལ་བ་ལ་ཞུགས་པར་བྱའོ། །ཇི་ལྟར་ཞེ་ན་།ནན་ཏན་དུ་ཞེས་པ་ནི་སྣང་པ་ལ་སོགས་པའི་རིམ་པས་སོ། །ཡང་ན་གནས་ནི་འོད་གསལ་བ་དེ་ཉིད་ལས་ཉེ་བར་ཐོབ་པ་ལ་སོགས་པའི་རིམ་པས་དེ་རྣམས་སྤྲོ་བ་ནི་སྤྲོ་བར་བྱའོ། །ཏིང་ངེ་འཛིན ་འདིས་བྱང་ཆུབ་མཆོག་ནི་འོད་གསལ་བའི་མཚན་ཉིད་ཅན་གྱི་རྣམ་པར་དག་པ་དང། སྔགས་ནི་ཡེ་ཤེས་ཀྱི་སྐུའི་དངོས་གྲུབ་ཐོབ་པར་འགྱུར་ཏེ། སེམས་རྣམ་པར་དག་པའི་རིམ་པ་དང་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་དག་གོ་།ཕྱོགས ་བཅུའི་སེམས་ཅན་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། མངོན་སྤྱོད་ལ་སྣོད་དུ་རུང་བ་རྣམས་ཕྱོགས་བཅུ་གནས་པའི་སེམས་ཅན་གྱི་ཁམས་ཀྱི་ལུས་ལ་སོགས་པ་གསོད་པས། སྡིག་པ་ཆེན་པོ་ཉིད་དུ་བསྒོམས ་ནས། དེའི་ཚེ་གདུག་སེམས་ནི་དགྲ་བོ་རྣམས་གསོད་པར་བྱ་སྟེ། གཞན་དུ་ན་སྐྱོན་མེད་པ་དང་སྐྱོན་ཕྲ་མོའི་སྒོ་ནས་དྲག་པོའི་ལས་མི་རིགས་སོ། །མངོན་སྤྱོད་བྱེད་པའི་ཆ་ལུགས་ཀྱི་ཁྱད་པར་བསྟན་པར་བྱ་སྟེ། ཁྲག་དང་ཆུའི་གཤར་བའམ ་ཞེས་བྱ་བ་ལ་སོགས་པ་ལ། ཁྲག་དང་ཆུ་ནི་བྱང་ཆུབ་ཀྱི་སེམས་དང། བཤད་བ་དང། གཅིབ་ནི་གསང་བའི་རྡོ་རྗེ་ཆུ་སྟེ་།དེ་རྣམས་བླངས་ལ་།གོས་ནི་མོའི་པགས་པ་སྟེ། ཤའི་རང?་བཞིན་ནོ། །དེ་བས་ན་བདུད་རྩི་ལྔའི་གོ་གྱོན་ལ། སྔ ་མ་བཞིན་དུ་ཁྲོ་པོའི་སྔགས་བརྗོད་ཅིང། ལིངྒི་ནི་གཟུགས་བརྙན་རྐང་པ་གཡོན་པས་གནོན་ཅིང། རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པས་མངོན་སྤྱོད་བྱའོ། །དེ་ལ་གང་གི་ཚེ་གོས་དེ་ཉིད་བསྐམས་ན་དེའི་ཚེ་དགྲ་བོ་དེ་ཤི་བར་འགྱུར་རོ། ། ་ཆུ་ཡིས་གོས་རྣམས་གཤེར་བྱས་ཞེས་བྱ་བ་ལ་སོགས་པ་ལ་།མི་བསྐྱོད་པའི་རྣལ་འབྱོར་པས་ཆུ་ནི་རྡོ་རྗེའི་ཆུས་གཤེར་བའི་གོས་གྱོན་པར་བྱའོ། །རིན་ཆེན་འབྱུང་ལྡན་དང་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་དག་གིས་།བཤད་པ ་དང་གཅི་བཞིན་དུ་འབྱུང་བའི་ཁྲག་གིས་གཤེར་བའི་གོས་གྱོན་པར་བྱའོ། །དོན་ཡོད་གྲུབ་པའི་རྣལ་འབྱོར་པས། རུལ་པ་རྣག་གི་དབང་གིས་ཏེ། དེ་ཉིད་ཀྱིས་དྲི་ངན་པ་དང་ལྡན་པའི་གོས་གྱོན་པར་བྱའོ། །སྣང་བ་མཛའ་ཡས་ཀྱི་རྣལ་འབྱོར ་བས་ཐལ་?་མ་ནི། ཤིན་ཏུ་དཀར་པའི་བྱང་ཆུབ་ཀྱི་སེམས་ཀྱིས་གཤེར་བའི་གོས་གྱོན་པར་བྱའོ། །དེ་རྣམས་ཐམས་ཅད་ཀྱང་གཅེར་བུ་དང་སྐྲ་བཤིག་པ་ཡིན་ནོ། །གཞན་ཡང་གཙིགས་པ་ནི་ཁྲོ་བོ་རྣམ་པ་དང་ལྡན་པ་དང། འཇིགS ་པའི་ཚུལ་ནི་ཡིད་ཀྱིས་ཁྲོས་པ་དང་གཡས་བརྐྱང་བའོ། །དེ་རྣམས་ཀྱིས་ལིངྒ་ནི་སྔར་བཤད་པའི་གཟུགས་བརྙན་བྱ་བ་སྟེ་སྒྲུབ་པའོ། །ད་ནི་གནས་བཤད་པར་བྱ་སྟེ། མ་མོའི་གནས་སམ། དུར་ཁྲོད་དམ་ཞེས་བྱ་བ་ལ་སོགས་པ་ལ། མ་མོའི་ནི་འཇིག་རྟེན ་གྱི་མ་མོ་བརྒྱད་དེ་།དབང་མོ་ལ་སོགས་པའོ། །དེ་རྣམས་ཀྱི་གནས་སུ་རྡོ་རྗེ་འཚང་ཆེན་པོའི་རྣལ་འབྱོར་པས་བྱའོ། །དུར་ཁྲོད་ལ་མི་བསྐྱོད་པའི་རྣལ་འབྱོར་པས་སོ། །ཁང་སྟོང་ལ་རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་པས་སོ། །བཞི་མདོ་ལ་རྣམ་པར ་སྣང་མཛད་ཀྱི་རྣལ་འབྱོར་པས་སོ། །མཚན་མ་གཅིག་ལ་དོན་ཡོད་གྲུབ་པའི་རྣལ་འབྱོར་པས་སོ། །ཤིང་གཅིག་དྲུང་གི་གནས་ལ་སྣང་བ་མཛའ་ཡས་ཀྱི་རྣལ་འབྱོར་པས་མངོན་སྤྱོད་ཀྱི་ལས་བྱ་སྟེ། ཡུལ་གྱི་དབྱེ་བ་བསྟན་ཏོ། །ད་ནི་ཕུར་བུ་གདབ་པ ་བཤད་པར་བྱ་སྟེ་།མི་རུས་ལས་བྱས་ཕུར་བུ་ནི་ཞེས་བྱ་བ་ལ་སོགས་པ་ལ། མིའི་རྐང་སོར་བརྒྱད་པ་སྟེ། ཁྲོ་བོའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་དུ་བཟླས་ཤིང་དགྲ་པོའི་སྒོ་རུ་བརྐོས་ནས་སྦས་ན་དེའི་ཚེ་།སངས་རྒྱས་ནི་རྒྱལ་བ་སྟེ། སྐུ་གསུམ་ནི ་སྐུ་གསུམ་གྱི་རང་བཞིན་དང། མཆོག་སྦྱིན་པ་ནི་རྗེས་སུ་གཟུང་བར་མཛད་པ་དང་ཤེས་པ་དང་མི་ཤེས་པ་ནི་དངོས་པོ་དང་།དངོས་པོ་མ་ཡིན་པ་དག་།རྣམ་སྤངས་པ་ནི་རྟོག་པ་མེད་པ་ཡང། ཟླ་བ་ཕྱེད་ནི་ཡུན་རིང་མ་ཡིན་པས་འཆི་བར་འགྱུར་ཏེ། ་སྦྱོར་བའི་ཁྱད་བར་བསྟན་ཏོ། །ཡང་ན་ཐོད་པར་གང་བ་དག་ཅེས་བྱ་བ་ལ་སོགས་པ་ལ། གདོལ་པ་མོའི་མ་ཆག་བའི་ཐོད་པ་ལ་ཁྲོ་བའི་སྔགས་ཀྱིས་སྤེལ་བའི་བསྒྲུབ་བྱའི་མིང་བྲིས་ཏེ་།དེ་མེད་ན་ཏཱ་ལའི་ལོ་མ་ལ་སོགས་པ་ལ་ཡང་བྲིས་ཤིང་དགྲ ་བའི་སྒོ་རུ་བརྐོས་ནས་སྦས་ན་མངོན་སྤྱོད་འགྲུབ་བར་འགྱུར་རོ། །དམ་ཚིག་ཆེན་པོ་ནི་མངོན་སྤྱོད་ལ་སོགས་པ་སྟེ་།དེ་རྣམས་ཀྱི་དཔལ་ནི་བསྐྱེད་པའི་རྒྱུ་རྡོ་རྗེ་ནི་རྡོ་རྗེ་འཆང་གིས་དེ་སྐད་བཀའ་སྩལ་ཏེ། །ཞེས་པ་དང་སྦྱར་བ་ནི་རྣལ་འབྱོར་པ་ཐམས ་ཅད་ཀྱི་ཐུན་མོང་གི་ལས་ཏེ་། བསྐྱེད་པའི་རིམ་པའོ། །གནོད་མཛེས་ཀྱི་སྔགས་ཀྱི་ཕྱི་མ་བཤད་པའི་ཕྱིར་།དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་ནི་སེམས་ཅན་ཐམས་ཅད་དེ། དེ་རྣམས་ལ་དེ་བཞིན ་ནི་བགེགས་ཉིད་དུ་གཤེགས་པ་ནི་འགྲོ་བར་གྱུར་ཏེ་།དེ་བཞིན་གཤེགས་པ་ཐམས་ཅད་ནི་འཇིག་རྟེན་སྐྱོང་བ་རྣམས་ཏེ་།དེ་དག་གི་སྐུ་ལ་སོགས་པ་ནི་ལུས་ལ་སོགས་པ། ངེས་པར་བཅིངས་པ་ནི་ཕུར་བུ་གདབ་པ་ལ། རྡོ་རྗེ་ནི་མི་ཕྱེད་པ་སྟེ། ་དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཁམས་གསུམ་པ་ཐམས་ཅད་ཀྱི་ངོ་བོ་འཇིག་རྟེན་སྐྱོང་བ་རྣམས་ཀྱི་སྐུ་ལ་སོགས་པ་ནི་ལུས་ངག་ཡིད་གནོན་པའི་རྡོ་རྗེ་ནི། ཁྲོ་བོའི་སྔགས་ཀྱི་དུམ་བུ་ཉིད་ཀྱི་སྐུ་ལ་སོཌ་པ་ལས་ཕྱུང་ངོ། །དེ་ལ ་སྔར་བཤད་པའི་དུམ་བུས་ནི་འགུགས་པའོ། །ཕྱི་མས་ཕུར་བུ་འདེབས་པ་སྟེ་།ོཾ་ནི་རྡོ་རྗེ་འཆང་ཆེན་པོའོ། །གྷ:གྷ:ཞེས་པ་ནི་ཁྲོས་པ་ལ་ཚིག་གཉིས་སོ། །གྷ(རྒྱུད་འགྲེལ་པ་ནི་ཕུར་བུ་བཏབ་པའི་སྦྱོར་པས་སོ་ཞེས་སྟོན་ཏོ། །སརྦ་བཱ་པ་ནི་བགེགས་རྣམས་སོ། །ཡི་གེ་ཧཱུཾ་གསུམ་པོ་ནི་ལུས་ལ་སོགས་པ་ལ་བསྐུལ་བ་ལའོ། །བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་ཞེས་པ་ནི་བཀུར་སྟི་བསྐྱེད་པའི་ཕྱིར་རོ། །ཧཱུཾ་དང ་ཕཊ་ནི་ཁྲོས་པ་ལའོ་།སྔགས་ཀྱི་དུམ་བུ་འདི་གསུངས་པ་ཙམ་གྱིས་སངས་རྒྱས་ཀུན་ནི་བརྒྱ་བྱིན་ལ་སོགས་པ་སྟེ། རྫུ་འཕྲུལ་ཆེན་པོ་ནི་རྫུ་འཕྲུལ་ཐོབ་པ་ཡང་བརྒྱལ་པ་ནི་དྲན་པ་མེད་པར་འགྱུར་བ་དང། འཇིགས་པར་འགྱུར་ནས ་རྡོ་རྗེ་ཐུགས་ནི་མི་བསྐྱོད་པ་དྲན་འགྱུར་ནི་བསྒོམས་སོ། །འདིར་སྦྱོར་བ་བཤད་པར་བྱ་སྟེ། མི་རུས་ལས་བྱས་ཕུར་བུ་འམ་ཞེས་བྱ་བ་ལ་སོཌ་པ་ལ། མིའི་དུས་པ་འམ་སེང་ལྡེང་ལ་སོཌ་པ་རྣཾས་ཀྱི་ཕུར?་དུ?་བྱས་ཏེ་།རྡོ་རྗེ་སེམས་དཔའ་ཨི་རྣལ་འབྱོར་གྱིས་དེ་ཉིད་འོད་འཕྲོས་འཁྲུག? ་པ་ནི་འོད་ཟེར་འབར་བ་དང་ལྡན་པར་བསེམས་ཏེ་དཀྱིལ་འཁོར་གྱི་ཕྱོགས་ལ་སོགས་པ་རུ་།རྡོ་རྗེ་གསུམ་ནི་འགེགས་རྣམས་ཀྱི་སྐུ་ནི་ལུས་ཏེ་མགོ་བོ་ནས་བརྩམས་ཏེ། ཇི་སྲིད་རྐད་པའི་བར་དུ་སྦྱར་བར་བྱ་སྟེ་།དེའི་ཚེ་ཕུར་བུ་འདེབས་པ་འགྲུབ་པོ། །རྣམ ་པར་སྣང་མཛད་རྒྱ་ཆེན་ནམ་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པར་སྣང་མཛད་དང་སྣང་བ་མཛའ་ཡས་ལ་སོགས་པའི་ཏིང་ངེ་འཛིན་མངོན་དུ་བྱས་ལ་།གཤིན་རྗེ་གཤེད་དང་བདུད་རྩི་འཁྱིལ་པའི་དེ་བའི་ཕུར་བུར་བསམས་ཏེ། དེ་ཡང་སྟེང ་དུ་ཁྲོ་བོའི་རྣམ་པ་དང་འོག་ཏུ་རྡོ་རྗེ་རྩེ་གཅིག་པའི་ངོ་བོ་སྔ་མ་བཞིན་དུ་གདུག་པ་རྣམས་ལ་ཞུགས་པར་བསམས་ན། རྡོ་རྗེ་སེམས་དཔའ་ཡང་འཆི་བར་འགྱུར་རོ་ཞེས་ཕུལ་དུ་བྱུང་བའི་ཚིག་སྟེ། བསྐྱེད་པའི་རིམ་པའོ། །དབྱེ་བ་གཞན་གྱིས ་ཕུར་བུ་གདབ་པ་བཤད་པར་བྱ་བའི་ཕྱིར་།དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་ནི་རྣམ་པར་སྣང་མཛད་ཀྱི་སྐུ་སྟེ་།དེ་ཉིད་ཀྱི་རྣམ་པར་འཕྲུལ་པ་ནི་བསྒྲུབ་བྱའི་ལུས་ལ་ཕུར་བུ་འདེབས་བ་སྟེ་།དེ་ཉིད་རྡོ་རྗེ་ཏིང་ངེ་འཛིན་གང་ལ ་ཡོད་པ་དེ་ལ་སྙོམས་པར་ཞུགས་ནས། སྐུའི་དམ་ཚིག་ནི་ལུས་ཏེ། དེ་ཉིད་ཚམ་དམ་འགུགས་པ་སྟེ། དེའི་རྗེས་ལ་རྡོ་རྗེ་གནོན་པ་ནི་བརྟན་པར་ཕུར་བུ་འདེབས་པ་སྟེ་།དེའི་དོན་དུ་སྔགས་འདི་ཉིད་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ།། ་ཨོཾ་ནི་རྣམ་པར་སྣང་མཛད་དོ། །ཚིནད?་ཞེས་པ་ནི་ཆོད་ཅེས་སྟོན་ཏོ། །ཧ་ན་ཞེས་པ་ནི་བསྒྲུབ་བྱའི་ལུས་སོད་ཅིག་ཅེས་པར་སྟོན་ཏོ། །དཱིཔཏ?་བཛྲ་ཞེས་པ་ནི་རྡོ་རྗེ་འབར་བ་སྟེ། བོད་པའི་ཚིག་གོ། ཧཱུཾ་དང་ཕཊ་ནི་ཁྲོས་པ་ལའོ། །སྦྱོར་བ། ། ་བཤད་པར་བྱ་བའི་ཕྱིར། ཕན་ཚུན་དཀྲི་བའི་ཚུལ་དུ་ཞེས་བྱ་བ་ལ་སོགས་པ་ལ། ཕན་ཚུན་དཀྲི་བ་ནི་སྙོམས་པར་ཞུགས་པ་སྟེ་།མཐེ་བོང་ནི་རྡོ་རྗེ་སྟེ། གཞི་ནི་ལྷ་མོ་སྤྱན་གྱི་པདྨ་།བསྡམ་པ་ནི་དེ་དག་སྦྱར་ཞིང་རྣམ་པར་སྣང་མཛད ་ཚུལ་གནས་ནི་ཡི་གེ་ཨོཾ་སྟེ་།དེའི་འོད་ཟེར་རྣམས་ཀྱིས་བསྒྲུབ་བྱའི་ལུས་བཀུག་ཅིང། པདྨའི་ནང་དུ་ཞུགས་ཏེ་ཡི་གེ་ཨོཾ་གྱིས་བྱིན་གྱིས་བརླབ་པའི་རྡོ་རྗེ་ཕུར་བུ་ནི་རེངས་པའི་རྡོ་རྗེས་ངེས་པར་བཏབ་པ་ནི་ཕུར་བུ ་གདབ་པར་བྱའོ། །བཏབ་མ་ཐག་ཏུ་སེམས་དཔའ་ཆེ། ཞེས་བྱ་བ་ལ་སོགས་པ་ལ། ཕུར་བུ་བཏབ་མ་ཐག་ཏུ་སེམས་དཔའ་ཆེ་ནི་བསྒྲུབ་བྱའི་ལུས་ཏེ་།རྡོ་རྗེ་གསུམ་ལས་བྱུང་བ་ནི་ལུས་ངག་ཡིད་ཀྱི་རང་བཞིན་གྱིས་ཁམས་རྣམས་། ་ལྡང་བར་གྱུར་པ་ནི་ནུས་པ་དང་བྲལ་བར་གྱུར་པའམ། འཆི་བའི་གནས་སུ་གྱུར་པ་ནི་ཟད་པར་འགྱུར་རོ། །ངག་ལ་ཕུར་བུ་གདབ་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་།འཇིག་རྟེན་དབང་ཕྱུག་ནི་འོད་དཔག་ཏུ་མེད་པའོ།། ་ངེས་བྱས་པའི་གསུང་རྣམ་པར་འཕྲུལ་པ་ནི། ངག་ལ་ཕུར་བུ་གདབ་པ་དེ་ཉིད་བརྟན་པས་སྣ་རྡོ་རྗེ་སྟེ་།དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གསུང་གི་དམ་ཚིག་ནི་ལྕེ་དེ་ལ་གནོན་པ་ནི་ཕུར་བུ་གདབ་པ་།ངག ་དགུག་པ་སྔོན་དུ་འགྲོ་བ་དེའི་སྔགས་གསུངས་སོ། །ོཾ་ནི་རྡོ་རྗེ་འཆང་ཆེན་པོའོ། །ཧྲཱི:ནི་གསུང་གི་ས་བོན་ནོ། །བྷུར་བྷུ་ལ་ཞེས་བྱ་བ་འཇིག་རྟེན་གསུམ་གྱི་ངག་སྟེ་།དེ་ལ་ཕུར་བུ་གདབ་པར་བྱ་ཞེས་ཚིག་གི་ལྷག་མའོ། །འོད ་དཔག་ཏུ་མེད་པའི་རྣལ་འབྱོར་པས། གོས་དཀར་མོའི་ཁ་ཕྱེ་བའི་པད་མར་རྡོ་རྗེ་སོར་མོ་ནི་རྡོ་རྗེ་རྩེ་མོ་ཞུགས་ཤིང། འདོད་ཆགས་རྡོ་རྗེ་ཚུལ་ནི་དེའི་རྩེ་མོར་ཡི་གེ་ཨ་དགོད་ཅིང་།དེའི་འོད་ཟེར་གྱིས་བསྒྲུབ་བྱའི་ལྕེ་དགུག་ཅིང་དེའི ་ནང་དུ་ཞུགས་ལ། རྡོ་རྗེ་ཕུར་བུས་བཏབ་པར་བྱའོ། །བཏབ་མཐག་ཏུ་ནི་ལྕེ་ཕུར་བུས་བཏབ་ན་སྐུ་གསུམ་དྲི་མེད་ནི་རྣམ་པ་གསུམ་གྱི་སྒྲ་སྟེ། དེ་འབྱུང་བ་ནི་སྐྱེད་པར་བྱེད་པའི་སྒྲའོ། །ལྡང་བ་ནི་ལྐུགས་པར་འགྱུར་བ་འམ་།ཡང་ན་ཤི ་བར་འགྱུར་ཏེ་ཟད་བར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཐུགས་ནི་མི་བསྐྱོད་པ་སྟེ། ངེས་བྱས་པའི་རྣམ་པར་འཕྲུལ་པ་ནི་བསྒྲུབ་བྱའི་སེམས་ལ་ཕུར་བུ་གདབ་པ་དེ་ཉིད་རྡོ་རྗེ་སྟེ་།དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས ་ནས། ཐུགས་ཀྱི་དམ་ཚིག་ནི་སེམས་ཏེ་དེ་ལ་ཚམ་ངམ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ོཾ་ནི་རྡོ་རྗེ་འཆང་ངོ། །དེའི་རང་བཞིན་།བཛྲ་རཱ་ཛ་ནི་སེམས་སོ། །ཧཱུཾ་ཞེས་བྱ་བ་ནི་ཀྱི་ཀྱེ་ཐུགས་རྡོ་རྗེ་སངས་རྒྱས་ཀྱི་ཞིང་ལ་།ཛ:ནི་སོང ་ཤིག་ཅེས་བྱ་བའི་དོན་ཏོ། །མི་བསྐྱོད་པའི་རྣལ་འབྱོར་པས་མཱ་མ་ཀཱིའི་པདྨར་རྡོ་རྗེ་རྩེ་ལྔ་པོ་འོད་སྤྲོ་པ་རང་གི་རྡོ་རྗེ། བཅིངས་པ་ནི་ཞུགས་ཏེ་རྡོ་རྗེ་ཐུགས་ཀྱི་གནས་ནི། ཡི་གེ་ཧཱུཾ་དེའི་རྩེ་མོར་བཀོད་ལ་དེའི་འོད་ཟེར་གྱིས་བསྒྲུབ་བྱའི་སྙིང ་ག་ནས་ཡི་གེ་ཧོ:གཉིས་ཀྱིས་སྤེལ་བ་ཡི་གེ་གསུམ་གྱིས་རྣམ་པའི་སེམས་དགུག་ཅིང་དེ་ལ་ཞུགས་ཏེ། རྡོ་རྗེ་ཕུར་བུས་གདབ་པར་བྱའོ། །བཏབ་པ་ཙམ་གྱིས་རྡོ་རྗེ་ཆེ་ནི། དེའི་སེམས་ཕུར་བུས་བཏབ་མ་ཐག་ཏུ་རྡོ་རྗེ་གསུམ་ནི ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་རྣམས་ཀྱི་འབྱུང་བ་ནི་སེམས་ཏེ། ལྡང་བ་ནི་སྨྱོ་བར་འགྱུར་བའམ། ཡང་ན་འཆི་བ་ནི་བསྒྲུབ་བྱའི་ལུས་ལས་འབྱུང་བར་འགྱུར་རོ་ཞེས་སྟོན་ཏོ། །ཆོ་ག་ལེགས་པ་བརྗེད་མི་ངེས་པའི་བསྒོམ་པའི ་ལམ་གྱིས་སྐུ་གསུང་ཐུགས་ནི་རྣམ་པར་སྣང་མཛད་ལ་སོགས་པའི་སྦྱོར་བ་ནི་ཏིང་ངེ་འཛིན་ལ་དམིགས་ཏེ་བསྒོམས་ན་།དེའི་ཚེ་མཁའ་དབྱིངས་ནི་ནམ་མཁའ་དབྱིངས་བཞིན་དུ་མཛའ་ཡས་པའི་སེམས་ཅན་རྣམས་ལ་ཕུར་བུས ་འདེབས་པར་འགྱུར་ན། བསྒྲུབ་བྱ་ལ་སྨོས་ཅི་དགོས་ཞེས་ཕུལ་དུ་བྱུང་བའི་ཚིག་གོ་།ཆེན་པོ་ནི་འཇིག་རྟེན་སྐྱོང་བ་རྣམས་ཏེ། དེ་རྣམས་རྗེས་སུ་ཕུར་བུས་འདེབས་པའི་ཕྱིར། རྡོ་རྗེ་ཕུར་བུ་ནི་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ ་ཏོ། ཞེས་པ་དང་སྦྱར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་པ་ནི་བསྟན་པའི་འོག་ཏུ་སངས་རྒྱས་ནི་མི་བསྐྱོད་པ་ལ་སོགས་པ་དང་།སྐུ་གསུམ་ནི་ལྷ་མོ་རྣམས་དང། མཆོག་ནི་བྱང་ཆུབ་སེམས་དཔའ་ ་རྣམས་དང། སེམས་ཅན་གྱི་ཁམས་གྱི་བགེགས་འཇོམས་པའི་ཕྱིར། སེམས་ཅན་ཁམས་ལ་ཕན་མཛད་པ་ནི་ཁྲོ་བོ་རྣམས་ཏེ་།དེ་རྣམས་ཐམས་ཅད་མཉེས་པ་ནི་ཆོས་ཐོས་པ་དང། རབ་ཏུ་དགྱེས་འགྱུར་བ་ནི་བསམ་པ་དང ་སྒོམ་པ་དག་གིས་ཏེ་།གསུམ་འདི་ནི་བཀུར་སྟིའི་ཚིག་ཏུ་གསུངས་སོ། །ཇི་ལྟ་བུ་ཞེ་ན་།ེ་མའོ་གསང་བའི་གནས་ཀྱི་མཆོག་ཅེས་བྱ་བ་ལ་སོགས་པ་ལ། གསང་བའི་གནས་ནི་ཞི་བ་ལ་སོགས་པ་དང། མཆོག་ནི་སྔགས་ལ ་སོགས་པ་དང་སྙིང་པོ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་དག་བསྡུས་པ་ནི། ཡི་གེ་གསུམ་བཟླས་པ་སྟེ། དེ་བཞིན་དུ་ཆོས་ཐམས་ཅད་ནི་སྔགས་རྣམས་ཀྱི་གནས་ཞི་བ་ནི་རང་བཞིན་གྱིས་དག་པ་སྟེ། དེ་ཡང་ཤིན་ཏུ་ངོ་མཚར ་བའོ། །རྡོ་རྗེ་ནི་ལྷའི་བུ་མོ་ལ་སོགས་པ་སྟེ་། དེ་རྣམས་རྣམ་པར་འཇོམས་པ་ནི་འགུགས་པ་སྟེ། དེ་ཡང་ཤིན་ཏུ་ངོ་མཚར་བའོ། །སངས་རྒྱས་ཐམས་ཅད་ནི་འཇིག་རྟེན་སྐྱོང་བ་རྣམས་དང། བྱང་ཆུབ་སེམས་དཔའ་ནི་ཐ་མལ་པའི ་བསྒྲུབ་བྱ་རྣམས་དང། གྲགས་ཆེན་ནི་རྒྱལ་པོ་ལ་སོགས་པ་དང། སྐུ་གསུང་ཐུགས་ནི་རྡོ་རྗེ་དང་པད་མ་སྙོམས་པར་ཞུགས་པས་གང་ཞིག་ཕུར་བུས་འདེབས་པར་གསུངས་བ་དེ་ཡང་ཤིན་ཏུ་ངོ་མཚར་བའོ། །འདིར་ཡང་སྔགས ་རྣམས་ཐམས་ཅད་ནི་ཁྲོ་བོ་ལ་སོགས་པའི་སྔ། རྣཾས་ཀྱིས། གང་ཞིག་ཕུར་བུས་འདེབས་པ་དེ་ཡང། དེ་ཉིད་ལས་བྱུང་བ་ནི་རྡོ་རྗེ་འཆང་ཆེན་པོ་རྗེས་སུ་དྲན་པ་ལས་སྐྱེས་པ་དང། སྐུ་གསུང་ཐུགས་ནི་སྒྲུབ་པ་པོ་རྩམས་ལ་མཆོག ་བྱིན་པ་ནི་དངོས་གྲུབ་སྟེར་བ་སྟེ། སྔགས་དེ་ཉིད་ཀྱི་བསྡུས་བ་ནི། རྡོ་རྗེ་བཟླས་པ་སྔོན་དུ་འགྲོ་བ་སྟེ། དེ་ཡང་ཤིན་ཏུ་ངོ་མཚར་བའོ། །སྐུ་གསུང་ཐུགས་ནི་བསྒྲུབ་བྱ་རྣམས་ལ་རྨད་དུ་བྱུང་བ་ནི་ཞི་བ་ལ་སོགས་པ་དང་སྔགས་ནི་རིག་སྔགས ་རྣམས་དང། འགུགས་པ་དང་རྣམ་པར་འཕྲུལ་པ་ནི་ཕུར་བུ་འདེབས་པ་སྟེ། དེ་རྣམས་ཉིད་རྒྱལ་པོ་ནི་གཙོ་བོར་གྱུར་པའི་ལེའུ་གང་ལ་ཡོད་པ་དེ་གཙོ་བོར་གྱུར་པའི་གཞུང་གི་ཚོགས་ཀྱང་དེ་བཞིན་དུ་བཤད་པའོ། །རྒྱུད་འགྲེལ་ལས་ལེའུ་བཅུ ་བཞི་པའི་ཚིག་གི་དོན་བཅུ་དྲུག་གི་བཤད་པའོ།། །།ལེའུ་བཅུ་བཞི་པའི་ཚིགས་སུ་བཅད་པའི་གྲངས་སུམ་བརྒྱ་དྲུག་ཅུའོ།། །།གལ་ཏེ་ལས་ཀྱི་ཚོགས་ཀྱི་སྒོ་ནས་མངོན་པར་ཞེན་པར་གས་པར་གྱུར་ན་།དེའི་ཚེ་དེ་སྤངས ་བར་བྱ་བའི་ཕྱིར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་བྱ་སྟེ། དེའི་ཕྱིར་ལེའུ་བཅོ་ལྔ་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ནི་འོད་གསལ་བ་སྟེ། དེ་འཛིན་པས་ན། རྡོ་རྗེ་ནི་འཛིན་ནོ། །རྡོ་རྗེ་ནི་སྒྱུ ་མའི་སྐུ་སྟེ། དེ་ཉིད་འཛིན་པ་ནི་འོད་གསལ་བ་ལས་སྤྲོ་བས་ན་རྡོ་རྗེ་འཛིན་ནོ། །འཇའ་ཚོན་དང་འདྲ་བའི་སྐུས་མཛེས་པས་ན་རྒྱལ་པོའོ། །ཐམས་ཅད་ནམ་མཁའ་ཨི་ནི་སྒྱུ་མའི་དཔེ་བཅུ་གཉིས་ཏེ། དེ་གཟིགས་པས་ན་ཐམས་ཅད་ནམ ་མཁའ་ཨོ། །ཆེ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཏེ། དེ་དག་གི་ནང་ན་། མི་འགྱུར་ནི་འཇིག་པར་མི་འགྱུར་བས་མི་འགྱུར་ཆེའོ། །ཐམས་ཅད་དབང་བསྐུར་བ་ནི་མངོན་བར་བྱང་ཆུབ་པའི་རིམ་པ་ལ་འཇུག་པས་ཐམས་ཅད་དབང ་བསྐུར་རོ། །ཀུན་ནི་འདོད་ཆགས་དང་འདོད་ཆགས་བྲལ་བ་དང་འདོད་ཆགས་བར་མའི་རང་བཞིན་རྣམས་ཏེ། དེ་དག་འོད་གསལ་བ་ལ་ཞུགས་པར་མཁྱེན་པས་ན་ཀུན་མཁྱེན་ནོ། །རྡོ་རྗེ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཏེ། དེའི་ཚུལ་ནི ་ལམ་བཀའ་སྩལ་པ་སྟེ། སེམས་རྣམ་པར་དག་པ་དང་བདག་ལ་བྱིན་གྱིས་བརླབ་པ་དང། མངོན་པར་བྱང་ཆུབ་པའི་རིམ་པ་རྣམས་སོ། །སྨེ་ཤ་ཅན་ནི་བདག་ཉིད་ཆེ་ཞེས་བྱ་བ་ལ་སོགས་པ་ལ། ལོ་གྲངས ་བཅུ་གཉིས་པ་ནི་ལོ་དེ་རྣམས་ལོན་པ། སྨེ་ཤ་ཅན་ནི་རིགས་ཐ་མའི་བུ་མོ་།སྒྲུབ་པ་ནི་སྔགས་དང་ཕྱག་རྒྱའི་རིམ་པས་ཡོན་ཏན་དང་ལྡན་བར་བྱའོ། །སྨེ་ཤ་ཅན་ཇི་ལྟ་བུ་ཞེ་ན། རབ་ཏུ་གྲགས་པའི་གདོལ་པ་ལས་བྱེད་པའོ།། ་གང་དུ་བསྒྲུབ་ཅེ་ན། དབེན་པའི་སྐྱེ་བོའི་ཚོགས་དང་བྲལ་བའི་རི་བོ་ལ་སོགས་པའི་གནས་སུའོ། །ཇི་ལྟར་ཞེ་ན། ཁྱད་པར་དུ་ཞེས་པ་ནི་དད་པ་ལ་སོགས་པའི་སེམས་ལས་བྱུང་བའི་ཡོན་ཏན་གྱིས་ཏེ། ཇི་སྲིད་རྡོ་རྗེ་འཆང ་ཆེན་པོའི་གོ་འཕང་ཐོབ་པའི་ཕྱིར་རོ། །བཤད་གཅིས་ཉེ་བར་མཚོན་པའི་དམ་ཚིག་ནི་དམ་ཚིག་ལྔ་སྟེ་།སོགས་པའི་སྒྲས་ནི་དེ་དང་མཚུངས་པའི་ཙན་དན་ལ་སོགས་པས་གནས་དེ་རུ་གྲུ་བཞི་ལ་སོགས་པའི་ཡོན་ཏན ་དང་ལྡན་པའི་དཀྱིལ་འཁོར་བྱའོ། །ཇི་ལྟར་ཞེ་ན། རྡོ་རྗེ་དཀྱིལ་འཁོར་བསྒོམ་པ་ནི་རྡོ་རྗེ་ཚུལ་གྱི་དཀྱིལ་འཁོར་གྱི་ཆོ་ག་ལ་མཁས་པའི་སློབ་མ་དང་ལྷན་ཅིག་ཏུའོ། །དེའི་འོག་ཏུ་དཀྱིལ་འཁོར་གྱི་ཆོ་གའི་རིམ་པས་མཆོད ་པ་བྱས་ཏེ། བུ་མོ་དེ་ཡང་སྔ་མ་བཞིན་དུ་རིགས་ལྔས་བྱིན་གྱིས་བརླབས་ལ་བདག་ཉིད་མི་བསྐྱོད་པའི་ངོ་བོ་དང་བུ་མོ་དེ་ཡང་མཱ་མ་ཀཱིའི་ངོ་བོར་བསམ་པར་བྱའོ། །བུ་མོ་དེ་ཇི་ལྟ་བུ་ཞེ་ན། མཚན་ཉིད་ཐམས་ཅད་ཡོངས་སུ ་དག་ཅེས་བྱ་བ་ལ་སོགས་པ་ལ། མཚན་ཉིད་ཐམས་ཅད་ནི་པདྨ་ཅན་ལ་སོགས་པའི་མཚན་ཉིད་དམ། བྱེད་པ་དང་ཡན་ལག་འཁྲུགས་པ་ལ་སོགས་པ་ལ་མཁས་པ་སྟེ། དེ་དང་ལྡན་པ་དང་དེ་བཞིན་དུ་བཞིན་ཡངས་མཛེས ་པ་ནི་དགའ་བ་བསྐྱེད་པའི་དུས་སུའོ། །རབ་ཏུ་བཟང་བ་ནི་ཁ་དོག་ལྗང་གུའོ། །རྒྱན་རྣམས་ཐམས་ཅད་ནི་བརྡུངས་བ་དང་བྲིས་པ་དང། སྲོག་ཆགས་དང་ཁམས་ཀྱི་རང་བཞིན་ཏེ། དེ་དག་གིས་ཡོངས་སུ་རྫོགས་པ་ནི་རྒྱན་པ་ལྡན་པར་བྱས ་ནས་ཕང་བར་བཞག་ལ། ཨོཾ་སརྦབ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉ་ཧཾ་ཞེས་པའི་སྔགས་བརྗོད་ལ། སྔགས་ཀྱི་འཁོར་ལོ་ཅན་ནི་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་བྱས་པ་ཡིན་ནོ་ཞེས་བསམས་ཏེ། རྣལ་འབྱོར ་པས་གནས་པར་བྱ་སྟེ། རང་བཞིན་དང་རྒྱུ་དང་ལས་དང་འབྲས་བུ་རྣམས་སོ། །སྐུ་གསུང་ཐུགས་ནི་རྡོ་རྗེ་ཅན་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་འོད་གསལ་པ་ལས་ཅིག་ཅར་དུ་རྣམ ་པར་སྣང་མཛད་ཆེན་པའི་སྐུ་སྤྲོས་ཏེ་། སྐུ་གསུང་ཐུགས་རྡོ་རྗེ་ཅན་ནི་སྐུ་ལ་སོགས་པ་དེ་རྣམས་རྡོ་རྗེའི་རྣམ་པ་སྒྱུ་མ་ལྟ་བུ་བསམས་ཏེ། བསམ་གཏན་སྔགས་ནི་བསམ་གཏན་ཏེ་འོད་གསལ་བ་ལ་ཞུགས་པ་དང། སྔགས་ནི་དེ་ཉིད་ལས ་ལྡང་བ་སྟེ་བསམ་གཏན་སྔགས་ནི་ཞུགས་པ་དང་སྤྲོས་པ་སྟེ། དེའི་སྦྱོར་བས་སངས་རྒྱས་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེའི་འོད་དང། །འདྲ་བར་གྱུར་ཅིང། ཨུཏཔ་ལ་མཐིང་གའི་མདོག་དང་འདྲ་བའི་བཙོ་བླག་མཁན་གྱི་བུ་མོ་བདག་ཉིད་ཆེ་བ ་ནི་ལོ་བཅུ་དྲུག་ལོན་པ་བླངས་ཏེ་ལྷ་མོ་སྤྱན་གྱི་རྣམ་པས། རིགས་ལྔའི་ས་བོན་གྱིས་བྱིན་གྱིས་བརླབས་ལ་རྡོ་རྗེ་དང་རང་གི་རྡོ་རྗེ་དང་པདྨ་ནི་དེའི་གསང་བའི་པདྨ་སྟེ། དེ་དག་སྦྱོར་བ་ནི་ཡང་དག་པར་སྦྱོར་ཞིང་དེའི་རྗེས་ལ་ཆོ་ག་དེ་ཉིད་ནི་སྔགས ་ཀྱི་ཡི་གེ་དགོད་པས་སྦྱོར་བ་ནི་བསྐྱོད་པ་བྱས་ལ། ལས་རྣམས་བརྩམས་པ་ནི་གསང་བའི་མཆོད་པའི་བྱ་བ་བརྩམ་པར་བྱའོ། །དེ་ཉིད་ཀྱི་ཕྱིར་ཆོ་ག་འདི་ནི་སྔགས་རྣམ་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་རྣམས་ཀྱི ་དམ་ཚིག་ནི་མཆོད་པ་དང་པོ་སྟེ་འདའ་དཀའ་ཨི?་ནི་རྟག་ཏུ་སྤྱོད་པར་བྱ་བའོ། །དེ་ལྟར་བྱེད་ན་དེ་མ་ཐག་ཏུ་ནི་སྙོམས་པར་ཞུགས་མ་ཐག་ཏུ་རྡོ་རྗེ་སེམས་དཔའ་ཨི་ནི་རྣམ་པར་སྣང་མཛད་དེ། དེའི་འོད་འདྲ་བ་ནི་དེ་དང་འདྲ་བར ་འགྱུར་རོ། །ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་འཛིན་པས་ནི་བློ་ལ་བཞག་པས་ནི་ཆོས་རྣམས་ཀུན་དང་མཚུངས་པའོ། །དེ་བཞིན་དུ་དེ་ཁོ་ན་ཉིད་ཀྱི་རིན་པོ་ཆེས་མཛེས་པས་ན་རྒྱལ་པོའོ། །འདོད་དང་ཐར་པ་ནི་འོད་གསལ་བ་དང་བདག་ལ ་བྱིན་གྱིས་བརླབ་པའི་རིམ་པ་སྟེ་།དེ་དག་རབ་ཏུ་བསྒྲུབ་པ་ནི་མངོན་དུ་བྱེད་པས་ན་འདོད་དང་ཐར་པར་སྒྲུབ་པ་སྟེ། རང་བཞིན་དང་རྒྱུ་དང་ལས་དང་འབྲས་བུ་རྣམས་སོ། །རྡོ་རྗེའི་ཆོས་ནི་རྣམ་བསྒོམས་པས་ཞེས་བྱ་བ་ལ་སོགས་པ ་ལ། དེ་བཞིན་དུ་སྣང་བ་མཛའ་ཡས་ཀྱི་རྣལ་འབྱོར་པས། སྔ་མ་བཞིན་དུ་ཁྲུ་ཉི་ཤུའི་དཀྱིལ་འཁོར་ཤིན་ཏུ་འདུས་བྱས་པ་ལ་རང་བཞིན་རང་གི་བདག་ཉིད་ཅིག་ཆར་དུ་གསུང་རྡོ་རྗེར་བསྒོམས་ཏེ། གར་མཁན་གྱི་བུ་མོ་བཞིན ་བཟངས་ནི། ལོ་ཉི་ཤུ་ལོན་པ་དང། རང་མཛེས་ནི་ཁ་དོག་དམར་པོ་དང་སེར་པོ་སྟེ་། མིག་དཀྱུས་རིབ?་བ་ནི་པདྨ་ཤིན་ཏུ་རྒྱ་ཆེ་བ་འམ་།རྒྱས་པའི་པདྨ་དང་འདྲ་བའི་མིག་ཡངས་པ་སྟེ། དེ་ཉིད་གོས་དཀར་མོའི་ངོ་བོ་དང་དེ་བཞིན ་གཤེགས་པ་ལྔའི་ས་བོན་གྱིས་བྱིན་གྱིས་བརླབས་ལ་། རྡོ་རྗེ་ཆོས་ནི་སྔ་མ་བཞིན་དུ་རྡོ་རྗེ་དང་པདྨ་དག་སྔགས་དགོད་པ་སྔོན་དུ་འགྲོ་བ་ཡང་དག་པར་སྦྱོར་ཞིང་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་ཞེས་བྱ་བ་ལ་སོགས་པའི་སྔགས ་རྗེས་སུ་དྲན་པ་སྔོན་དུ་འགྲོ་བའི་སྙོམས་པར་ཞུགས་པའི་སྒོ་ནས་གནས་པར་བྱའོ། །དེའི་ཆ་རྣལ་འབྱོར་པ་དེ་ཡང་རྡོ་རྗེ་ཆོས་ནི་སྣང་བ་མཛའ་ཡས་ཏེ། དེའི་བ་དག་ནི་སོ་སོར་རྟོག་པའི་ཡེ་ཤེས་ཐོབ་པ་དང། ས་བཅུ་ནི་རབ་ཏུ་དགའ་པ ་ལ་སོགས་པ་སྟེ། དེ་རྣམས་ལ་ཡང་གནས་པར་འགྱུར་རོ། །གསུང་གི་དམ་ཚིག་ནི་སྣ་ཚོགས་པའི་བསྟན་བཅོས་སྤྲུལ་པ་དང། འཛིན་པ་ནི་ལན་ཅིག་གིས་བསྟན་བཅོས་གཟུང་བའོ། །རྒྱལ་པོ་ནི་སྨྲ་བའི་སེང་གེའི་ནས་རྒྱལ་པོའོ། །ཀུན་ནི ་གཅེར་ཞུ?་བ་དང། གྲངས་ཅན་པ་དང། རིགས་པ་དང། ཁྱད་པར་བ་དང། སྤྱོད་པ་པ་ལ་སོགས་པ་རྣམས་ཀྱི་མཆོག་ནི་གཙོ་བོར་གྱུར་པའོ། །དམ་པ་ནི་བུད་མེད་དམ་རྒྱལ་པོའི་བུད་མེད་རྣམས་ཏེ་།དེ་རྣམས་ལ་ཤིན་ཏུ་ཡིད་དུ་འོང་བའི་ཕྱིར་།དབང ་ཕྱུག་ནི་བདག་པོ་ཉིད་དུ་འགྱུར་ཏེ་།དག་གི་དེ་ཉིད་དང་འདོད་པའི་དེ་ཉིད་དང། སྤྲོས་པ་མེད་པའི་དེ་དག་སྟེ། དེ་ཁོ་ན་ཉིད་གསུམ་ཐོབ་པར་འགྱུར་རོ་ཞེས་པ་ཚིག་གི་དོན་ཏོ། །རིན་ཆེན་དང་ལས་ཀྱི་རྣལ་འབྱོན་པ་དག་ཞེ་སྡང་གི་རིགས་ཀྱི་ནང ་དུ་བསྡུ་བ་སྟེ། དེ་དག་གིས་སྔ་མ་བཞིན་དུ་སྨེ་ཤ་ཅན་གྱི་བུ་མོ་བསྒྲུབ་པར་བྱ་སྟེ་།རང་བཞིན་དང་རྒྱུ་དང་ལས་དང་འབྲས་བུ་རྣམས་སོ། །ད་ནི་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པའི་སྒྲུབ་པ་བཤད་པར་བྱ་བའི་ཕྱིར་།བྲམ་ཟེར་རྒྱལ ་རིགས། རྗེ་རིགས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྲམ་ཟེ་ལ་སོགས་པ་བཞི་པོ་ལས་གང་ཡང་རུང་བ་ཐམས་ཅད་ལ་དབང་བྱེད་པའི་ཕྱིར་བུ་མོ་རྙེད་ནས་སྔ་མ་བཞིན་དུ་རྡོ་རྗེ་ཆོས་བདག་ནི་།རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར ་པས་བསྒྲུབ་པར་བྱའོ། །སྒྲུབ་པ་དེ་ལྟ་བུ་གསང་བའི་ཚུལ་ནི་སྔགས་ཀྱི་ཐེག་པ་ཆེན་པོའི་ཚུལ་གྱི་མཆོག་ནི་བཞི་པའི་དབང་བསྐུར་བ་གཙོ་བོར་གྱུར་པའི་ཕྱིར་རོ་ཞེས་སྟོན་ཏོ། །མན་ངག་བཞི་པ་དེ་ཉིད་བཤད་པར་བྱ་སྟེ་། རྡོ་རྗེ་ཉི་མ ་ནུབ་ནས་ནི་ཞེས་བྱ་བ་ལ་སོགས་པ་ལ། ནུབ་པ་ནི་དུས་མཚམས་ཀྱི་སྐད་ཅིག་མ་ལ། རྡོ་རྗེ་ཉི་མ་ནི་ཉི་མ་ནུབ་པའི་དུས་སུ་བླ་མ་ལ་མཆོད་པ་ཆེན་པོ་བྱས་ཏེ་།དེ་ཉིད་ལ་ཕྱག་རྒྱ་མ་ཕུལ་ཞིང་དེས་གནང་བ་དེ་ཉིད་བླངས་ཏེ་།མཚན་ཕྱེད་ཀྱི ་དུས་སུ་སྒྲུབ་པ་ནི་གསང་བའི་མཆོད་པ་བརྩམས་ནས། སྐྱ་རེངས་འཆར་བའི་དུས་ནི་ནང་བར་གྱི་དུས་ལ་དེ་ཁོ་ན་ཉིད། ཉམས་སུ་མྱོང་ཞིང་སྒོམ་པ་མཆོག་ནི་རྣལ་འབྱོར་པ་དེས་འགྲུབ་པར་འགྱུར་བ་ནི་དངོས་གྲུབ་ཐོབ ་པར་འགྱུར་རོ། །ཡང་ན་རྡོ་རྗེ་ནི་དགའ་བ་དང་ཉི་མ་ནི་མཆོག་ཏུ་དགའ་བ་དང། དེ་དག་ནུབ་པ་ནི་ཟད་པར་སྒྲུབ་པ་ནི་ལྷན་ཅིག་སྐྱེས་པའི་བདེ་བ་ཉམས་སུ་མྱོང་བའི་ཕྱིར་བརྩམ་པར་བྱའོ། །དེའི་རྗེས་ལ་སྐྱ་རེངས་འཆར་བའི་དུས་ནི་སྣང་བའི ་རང་བཞིན་ཡིན་པའི་ཕྱིར་ལྷན་ཅིག་སྐྱེས་པའི་དུས་ཏེ་།དུས་དེ་ལས་སྒོམ་པ་མཆོག་ནི་འཛིན་པའི་དེ་ཁོ་ན་ཉིད་རིག་པའི་རྣལ་འབྱོར་པ་འགྲུབ་པར་འགྱུར་བ་ནི་ཕྱག་རྒྱ་ཆེན་པོ་དམིགས་པར་བྱེད་དོ། །རབ་ཏུ་བྱེད་པ་ལས་ཀྱང། བླ་མའི་ཞལ ་གྱི་དྲིན་གྱིས་ནི། །དེ་ནས་དེ་ནི་གསལ་མཐོང་འགྱུར། །མ་འོངས་པ་དང་འདས་པ་དང། །ད་ལྟར་བྱུང་བའི་སྲིད་གསུམ་སྟེ། །འོད་གསལ་རྣམ་པར་དག་པ་ཡིས། །སྐད་ཅིག་གཅིག་གིས་ཀུན་མཐོང་འགྱུར། །ཆུ་ཟླ་སྨིག་རྒྱུ་ལ་སོགས་པའི།། ་སྒྱུ་མའི་ཡོན་ཏན་རྣམས་ཀྱིས་བརྒྱན། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །སྐྱ་རེངས་ཤར་བའི་དུས་སུ་ནི། །བྱང་ཆུབ་ཤིང་དྲུང་རྩར་ཞུགས་ནས་།དེས་ན་བདུད་རྣམས་འཇོམས་པར་མཛད། །ཡང་དག་ཡེ་ཤེས་བླ་ན་མེད། །ཤཱཀྱའི་མགོན ་པོས་ཐོབ་ནས་ནི། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །དེ་ཉིད་འདིར་ནི་རབ་ཏུ་བསྟན། །མངོན་པར་བྱང་ཆུབ་མཚན་ཉིད་ནི། །དེ་ཉིད་ཡེ་ཤེས་ཞེས་བཤད་དོ། །མཚམས་མེད་ལྔ་ནི་བྱེད་པ་དང། །བསོད་ནམས་དམན་པའི་མི་གང ་དང། ཡིད་བཞིན་ནོར་བུ་གཞན་འདྲ་བ། །བླ་མའི་དྲིན་གྱིས་ཐོབ་པར་འགྱུར། །རྫོགས་པའི་སངས་རྒྱས་མ་འོངས་པ། །འདིས་ནི་ཅི་འདོད་ལས་བྱེད་དོ། །ཆགས་དང་ཆགས་པ་བྲལ་བ་མིན། །བར་མ་ཡང་ནི་མི་དམིགས་ཏེ། །སྟོང་དང ་སྟོང་པ་མ་ཡིན་མིན། །བར་མ་ཡང་ནི་མི་དམིགས་སོ་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། མངོན་པར་བྱང་ཆུབ་པའི་རིམ་པའོ། །དེའི་རྗེས་ལ་གཞན་གྱི་དོན་བྱ་བའི་ཕྱིར་རྒྱན་ཐམས་ཅད་ནི་མཚན་དང་དཔེ་བྱད་རྣམས་ཀྱིས་བརྒྱན་པ་དང་།དེS་དང ་མེ་ཏོག་ནི་སྒྱུ་མའི་དཔེ་རྣམས་ཀྱིས་བརྒྱན་པའི་རྡོ་རྗེ་སེམས་དཔའ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་དག་གི་མཆོག་ནི་རྡོ་རྗེ་འཆང་གི་སྐུ། །སྒོམ་པ་ནི་ཅིག་ཅར་དུ་སྤྲོས་ན་གྲུབ་བ་མྱུར་དུ་ཐོབ་པར་འགྱུར་ཞེས་པ་ནི་ཕྱག་རྒྱ་ཆེན་པོའི་དངོས ་གྲུབ་དང། རང་དང་གཞན་གྱི་དོན་གྱི་དངོས་གྲུབ་རྣལ་འབྱོར་པས་མྱུར་དུ་ཐོབ་པར་འགྱུར་ཏེ་།བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །རྣལ་འབྱོར་པ་དེ་ནི་སྐུ་གསུམ་ནི་ཁམས་གསུམ་པ་རྣམས་ལ་མཆོག་སྦྱིན་པ་ནི་རྗེས་སུ་གཟུང་བའོ། ་དེ་བཞིན་དུ་སངས་རྒྱས་མཚན་ནི་རྫུ་འཕྲུལ་ལ་སོགས་པ་སྟེ། དེ་རྣམས་ཀྱིས་མཚན་པར་གྱུར་པ་ནི་བརྒྱན་པར་འགྱུར་རོ། །དེ་བཞིན་དུ་རང་གི་ལུས་ལས་འབྱུང་བའི་སྣང་བས། དཔག་ཚད་བརྒྱ་ནི་ཉེ་བར་མཚོན་པ་ཡིན་ཏེ། སྟོང་གསུམ ་གྱི་འཇིག་རྟེན་གྱི་ཁམས་ཀྱང་སྣང་བར་བྱེད་དོ། །དབང་པོ་གཉིས་སྦྱོར་བ་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་སུ་མེད་པས། སྦྱོར་བ་ཐམས་ཅད་ནི་ལྡང་བ་དང་བདག་པ་དང་ཉལ་བ་དང་འཆག་པ་རྣམས་བརྩམ་པར་བྱ་བ་ནི་བྱ་བ་སྟེ ་ཟུང་འཇུག་གི་རིམ་པའོ། །དེ་ཉིད་ཀྱི་ཕྱིར་རྣལ་འབྱོར་པ་འདི་དངོས་གྲུབ་ཐམས་ཅད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྣམས་ཀྱི་དམ་ཚིག་སྟེ་།དེས་ན་དམ་ཚིག་སྟེ་དེ་རྣམས་སོ་སོར་བཤད་པའོ། །རབ་ཏུ་བྱེད་པ ་ལས་ཀྱང་བརྟུལ་ཞུགས་ཕྲེང་བ་བསྡངས་པ་དང་། དེ་ལ་གང་ཡང་མི་བཤད་དེ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་ལ་རྟག་ཏུ་དམ་ཚིག་བཤད་གཅིས་ཉེ་བར་མཚོན་པའི་རྫས་ལྔ་སྟེ་།དེ་རྣམས་ ་བཟའ་བར་བྱའོ་།ཇི་ལྟར་ཞེ་ན་།རྡོ་རྗེ་གྲུབ་པ་ནི་ཡི་གེ་གསུམ་གྱིས་བརླབས་ནས་སོ། །དངོས་གྲུབ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའི་དངོས་གྲུབ་ཐོབ་པའི་ཕྱིར་དམ་ཚིག་ནི་སྔགས་པའི་སློབ་བ་ཤིན ་ཏུ་འདའ་དཀའ་བ་ནི་སྤང་བར་མི་བྱའོ་ཞེས་སྟོན་ཏོ། །དེ་བཞིན་དུ་བཤད་གཅི་དམ་ཚིག་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ལ། བཤང?་གཅི་ནི་སྲིག?་དང་རྩོལ་བ་སྟེ། དེ་དག་གིས་དམ་ཚིག་ནི་ཡང་དག་པར་སྤྱོར་པས། དབང་པོ་གཉིས ་སྦྱོར་བ་ནི་འོག་དང་སྟེང་འགོག་པ་སྟེ་མ་ནིང་གི་བཟླས་པས། བླ་ན་མེད་པ་ནི་ཕུལ་དུ་བྱུང་བ་འདི་དེ་ཁོ་ན་ཉིད་འོད་གསལ་བ་འགྲུབ་པར་འགྱུར་རོ། །ཇི་ལྟ་བུ་ཞེ་ན། སངས་རྒྱས་ནི་ཕུང་པོ་རྣམས་ཏེ། དེ་དག་གི་བྱང་ཆུབ་ནི་རྣམ་པར་མི་རྟོག་པ ་ཉིད་དེ། དེ་ཉིད་ཀྱི་གནས་སོ། །ཞེས་ནི་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་གཞིར་གྱུར་པའོ། །འདོད་པ་ནི་སྙོམས་པར་ཞུགས་པ་དང། ཐར་པ་ནི་བླ་ན་མེད་པའི་མངོན་པར་བྱང་ཆུབ་པ་དང། དམ་ཚིག་ནི་བདུད་རྩི་མྱང་བ་དང། རྡོ ་རྗེ་ནི་རྡོ་རྗེ་བཟླས་པ་གང་ལས་འབྱུང་བ་དེ་ནི་དེ་བཞིན་དུ་བཤད་པ་སྟེ། རྡོ་རྗེ་འཆང་ཆེན་པོའོ། །ད་ནི་བསྒྲུབ་པ་དང་རྡོ་རྗེ་བཟླས་པའི་རིམ་པ་དག་གོ་།ད་ནི་གཞན་ཡང་འགྲོ་བའི་དོན་བྱ་བའི་ཕྱིར?་ལས་ཀྱིས་ཚོགས་བཤད་པར་བྱ་སྟེ། དེ ་ནས་ཞེས་བྱ་བ་ལ་སོགས་པ་ལ། དམ་ཚིག་ཆེན་པོ་ནི་རྣམ་པར་སྣང་མཛད་དེ། དེའི་ཁྲོ་བོ་ནི་འཕགས་པ་གཤིན་རྗེ་གཤེད་དོ། །དེ་ཉིད་ཀྱི་རྡོ་རྗེ་ནི་སྔགས་ཏེ་།དེ་ཤེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན ་གཤེགས་པ་ཐམས་ཅད་ནི་སེམས་ཅན་ཐམས་ཅད་དེ། དེ་རྣམས་སྐྲག་པར་བྱེད་པ་ནི་འཇིག་རྟེན་སྐྱོང་བ་རྣམས་སོ། །དེ་རྣམས་ཀྱི་ཡང་ཁྲོ་བོ་ནི་གཤིན་རྗེ་ད?་མཐར་བྱེད་དེ། དེ་དང་དབྱེར?་མེད་བས་སྔཌ་ཀྱང་དེ་བཞིན་དུ་བཤད ་པ་སྟེ། དེ་ཉིད་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ོཾ་ནི་རྣམ་པར་སྣང་མཛད་རྗེས་སུ་དྲན་པའོ། །ཧྲཱི:ནི་སྒྱུ་མའི་ས་བོན་ཏེ་གསུང་གི་རང་བཞིན་ནོ། །ཥྚཱི་ཞེས་པ་ནི་རྣམ་པར་གཙིགས་པའི་ཕྱིར་ཐུགས་ཀྱི་ས་བོན་ནོ། །དེ་བས་ན ་སྐུ་གསུང་ཐུགས་ཀྱི་རང་བཞིན་ནོ། །བི་ཀྲི་ཏཱ་ན་ནི་ན་ཞེས་པ་ནི་ཞལ་དྲག་པོ། སརྦབ་ཤ་ཏྲུཾ?་ཞེས་པ་ནི་འཇིག་རྟེན་སྐྱོང་བ་རྣམས། ནཱ་ཤ་ཡ་ཞེས་པ་འཇིགས་ཤིག་པའོ། །འབྲོས་པ་དེ་རྣམས་ཀྱང། སྟཾ་བྷ་ཡ་ཞེས་པ་ནི་རེངས་ཤིག་པའོ། ། ་ཧཱུཾ་ནི་བསྐུལ་བ་ལའོ། །ཕཊ་ནི་ཁྲོས་པ་ལའོ། །སྭཱཧཱ་ནི་མངོན་དུ་བྱེད་པའི་ཕྱིར་རོ། །ད་ནི་སྦྱོར་བ་བཤད་པར་བྱ་པའི་ཕྱིར། དུག་ནི་ཁྲག་དང་ཀུན་ཏུ་སྦྱར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གྲུ་གསུམ་པའི་མེ་ཐབ་ལ་ཚེར་མའི་མེ་སྦར་ཞིང་མེ་དེ ་ཡང་དང་པོ་རྒྱལ་རིགས་ཀྱི་ཁང་པ་ནས་བླངས་ཏེ། གཅེར་བུ་དང་སྐྲ་དགྲོལ་ཞིང་གཤིན་རྗེ་གཤེད་ཀྱི་ང་རྒྱལ་དང་ལྡན་པས་དུག་དང་ཁྲག་དང་སྐེ་ཚ་དང་ལན་ཚ་རྣམས་ཉི་མ་ཕྱེད་དང་མཚན་ཕྱེད་ན་བརྒྱ་རྩ་བརྒྱད་དུ་བཟླས་ཏེ། ཆེ་གེ་མོ་འདི་ཞེས ་བྱ་བ་ཝ་ཤ་མཱ་ནཱ་ཡ་ཧྲཱི:ཞེས་བྱ་བ་བུ་མོའི་མིང་ལ་བརྟེན་ཏེ། བརྗོད་ཅིང་ཞག་གསུམ་བསྲེག་ན་དེའི་ཚེ་བུ་མོ་དེ་རེངས་པར་འགྱུར་རོ། །བསྐལ་པ་གྲངས་མེད་གསུམ་དུ་ཡང་ཞེས་པ་ནི་གལ་ཏེ་རྣལ་འབྱོར་པ་དུས་དེ་ཙམ་གྱི་འཆི་བར་མི་འགྱུར་ན ་དེའི་ཚེ་བསྐལ་བ་དེ་ཙམ་གྱི་བར་དུ་འགྲུབ་པར་འགྱུར་རོ་ཞེས་ཕུལ་དུ་བྱུང་བའི་ཚིག་གོ། སངས་རྒྱས་ནི་ཚངས་པ་དང་ཆོས་འཛིན་པ་ནི་ཁྱབ་འཇུག་དང། རྡོ་རྗེ་སེམས་དཔའ་ནི་དྲག་པོ་སྟེ། གལ་ཏེ་ལྷ་རྣམས་བུ་མོ་དེ་རྣམས་ཀྱི་བདག་པོ་ཡིན་པས ་སྒྲུབ་པོའི་སྦྱོར་བ་འདས་པར་བྱེད་ན་དེའི་ཚེ་དེ་རྣམས་ཀྱི་སྲོག་སྦྱོར་བ་དེ་ཉིད་ཀྱིས་ཟད་བར་འགྱུར་ཏེ། མི་འཇིག་པའི་ནུས་པ་དང་ལྡན་པའི་སྔགས་འདི་ཡིན་ནོ་ཞེས་སྟོན་ཏོ། །འདི་ཉིད་ཀྱི་སྦྱོར་བ་གཞན་བཤད་པར་བྱ་སྟེ། བཅུ་བཞི་འམ་ཡང ་ན་ཚེས་བརྒྱད་ལ་ཞེས་བྱ་བ་ལ་སོགས་པ་ལ། མར་ངོའི་ཚེས་བརྒྱད་པ་འམ་བཅུ་བཞི་ལ་བུད་མེད་ཀྱིས་རྗེས་སུ་འབྲང་བའི་སྐྱེས་བུ་བསྲེགས་པའི་སོལ་བའི་དུམ་བུ་བླངས་ཏེ། དེ་ཉིད་སྔགས་འདིས་བྱིན་གྱིས་བརླབས ་ནས་བརྒྱ་རྩ་བརྒྱད་དུ་བཟླས་ཏེ། གཤིན་རྗེ་གཤེད་ཀྱི་དམིགས་པས་སོལ་བ་དེའི་ཆ་མགོ་བོ་ལ་བཏབ་པ་དེས་ནི་སྒྲུབ་པ་པོ་དེ་ལ། སྟེར་བར་འགྱུར་བ་ནི་ནོར་དང་འབྲུ་ལ་སོགས་པ་སྟེར་བར་བྱེད་པའོ། །དེ་བཞིན་དུ་སྔགས་འདི་ཉིད་ཀྱིས ་དུར་ཁྲོད་ཀྱི་སོལ་བའི་དུམ་བུ་བྱིན་གྱིས་བརླབས་ལ་བསྒྲུབ་བྱའི་གཟུགས་ཐལ་བས་བྲིས་ཏེ། འབྱུང་པོའི་ཞག་གི་ཉི་མ་ཕྱེད་དང་མཚན་ཕྱེད་ལ། སེམས་དྲག་པོས་བསྒྲུབ་བྱའི་མགོ་བོ་ལ་སོལ་པའི་དུམ་བུ་ངེས་སོག་ལེའི་ཚུལ ་གྱིས་རི་མོ་བྲིས་ན་དགྲ་བོ་དེ་མ་ཐག་ཏུ་གཉིས་སུ་ཕྱེ་ཞིང་འཆི་བར་འགྱུར་རོ། །སྔགས་འདི་ཉིད་ཀྱིས་ས་ལ་སོགས་པ་ལས་བྱས་པའི་གཟུགས་བརྙན་ལ། ཐོ་བ་ནི་རྡོ་རྗེ་ཐོ་བ་སྟེ་བརྒྱ་རྩ་བརྒྱད་དུ་བཟླས་ལ། དེ་ཉིད་ཧཱུཾ་ནི་རབ་ཏུ་འབར ་དང་བཅས་ཞེས་པ་ནི་འབར་བའི་རྡོ་རྗེས་མཚན་པར་བསམས་ཏེ། དེའི་མགོ་བོ་ལ་དྲག་པོའི་སེམས་ཀྱིས་མངོན་སྤྱོད་ཀྱི་ཞག་ལ་ཕབ་ན་བསྒྲུབ་བྱ་འཆི་བར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་གདུག་པ་ཐམས་ཅད་ནི་བླ་མ་ལ་སོགས་པ ་སྨོད་པ་རྣམས་རྡོ་རྗེ་ཐོ་བ་འདིས་འཇིག་པར་བྱེད་དོ། །ཕྱག་ན་རྡོ་རྗེའི་རིགས་ནི་གལ་ཏེ་དེའི་རིགས་ལ་གདུག་པ་ཡོད་ན་དེ་ཡང་འཇིག་པར་འགྱུར་ཏེ་ནུས་པ་བསྟན་ཏོ། །དེ་བཞིན་དུ་སྔགས་འདི་ཉིད་ཀྱིས་རྡོ་རྗེ་མཚན?་པའི་སྔར་བྱིན ་གྱིས་བརླབས་ཀྱིས་བརླབས་ཏེ། མངོན་སྤྱོད་ཀྱི་རྫས་རྣམས་ཀྱིས་དགྲ་བོའི་གཟུགས་བརྙན་བྲིས་ཏེ། དམར་པོ་ལ་སོགས་པའི་རྡོ་རྒྱུས་ཀྱི་སྟ་ངས་སྐྱེས་པ་འམ་བུད་མེད་ཀྱི་མགྲིན་པ་བཅད་ན་འཆི་བར་འགྱུར་རོ། །སྦྱོར་བ་འདིས ་སངས་རྒྱས་ནི་གཞན་གྱི་སྦྱོར་བ་ལ་མཁས་པ་དང། སྐུ་གསུམ་ནི་ལུས་ངག་ཡིད་ཀྱིས་རིན་ཆེན་མཆོག་ནི་ཕུལ་དུ་བྱུང་བའི་རང་བཞིན་དང་ལྡན་པ་སྟེ། སེམས་ཅན་ཀུན་ལ་ཕན་འདོད་པ་ནི་སེམས་ཅན་ཀུན་གྱི་ནར་ཕྲོགས་ཏེ་བདག་ལ་ཕན ་འདོད་པ་གང་ཡིན་པ་དེ་ལྟ་བུའི་གདུག་པ་རྒྱལ་པོ་ལ་སོགས་པ་གལ་ཏེ་ཡིན་ན་དེའི་ཚེ་གནང་པར་འགྱུར་བའམ། ཤི་བར་འགྱུར་རོ་ཞེས་འདིར་ཐེ་ཚོམ་མེད་དོ། །སྔགས་འདི་ཉིད་ཀྱིས་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པས་ལས་ཀྱི་རྡོ་རྗེ ་ནི་སྣ་ཚོགས་རྡོ་རྗེ་སྟེ། མེ་སྟག་མང་པོ་འཁྲིགས་པ་ཅན་ནི་འོད་ཟེར་གྱི་ཚོགས་སྤྲོ་བར་བསམས་ཏེ། དེའི་དབུས་སུ་ཡང་ཡི་གེ་ཧཱུཾ་ལས་བྱུང་བའི་ཉི་མ་བཅུ་གཉིས་ཀྱི་འོད་དང་འདྲ་པའི་ཁྲོ་བོ་རྡོ་རྗེ་རྩེ་ལྔ་པ་བསྒོམ་ཞིང་དེ་ལས་བྱུང་བའི ་འོད་ཟེར་གྱི་འཁོར་ལོས་སྤྲིན་གྱི་རྒྱུན་རྣམས་བསྐམས་ན་ཆུ་རེངས་པར་འགྱུར་རོ། །དེ་བཞིན་དུ་སློབ་དཔོན་གྱི་རིགས་གང་ཡང་རུང་བས་དཀྱིལ་འཁོར་བྲི་བར་བརྩམས་ན་དེ་ལ་གལ་ཏེ་རླུང་ལ་སོགས་པའི་བགེགས་རྣམས་འབྱུང་ན་འདིའི ་མཚེ་བའི་ཕྱག་རྒྱ་ནི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་བཅིངས་ནས། གདུག་པའི་དགྲ་ནི་གཤིན་རྗེ་གཤེད་དེ་དེ་ཉིད་དྲན་པར་བྱ་བ་ནི་དེའི་བསམ་གཏན་དམིགས་པར་བྱ་ཞིང་དེ་ཉིད་ཀྱི་སྔགས་ཀྱང་བརྗོད་པར་བྱའོ། །དེ་ལྟར་བྱས་ནས་གལ་ཏེ་སངས ་རྒྱས་ནི་ལྷ་རྣམས་དང། བྱང་ཆུབ་སེམས་དཔའ་ནི་ལྷ་མ་ཡིན་རྣམས་ཀྱིས་བགེགས་དེ་སྦྲུལ་པར་གྱུར་ན་ཡང་དེའི་ཚེ་མཐོང་བ་ཙམ་གྱིས་ནི་རྣལ་འབྱོར་པས་བལྟས་པ་ཙམ་གྱིས་འཇིག་པར་འགྱུར་རོ། །གཞན་ཡང་གལ་ཏེ་འབིགས ་བྱེད་ལ་སོགས་པའི་དགོན་པ་རྣམས་སུ་འགྲོ་བ་ཡིན་ན་།དེའི་ཚེ་སངས་རྒྱས་ནི་གཞན་གསོད་པ་ལ་མཁས་པ་སེང་གེ་ལ་སོགས་པ་དང། བྱང་ཆུབ་ནི་མི་སྣང་བར་བྱེད་པ། སེམས་ནི་བསམ་པ་གང་ལ་ཡོད་པ་དེ་ནི་བྱང་ཆུབ་སེམས ་དཔའ་སྟེ། འཕྲ་མེན་མ་ལ་སོགས་པ་དང་དེ་བཞིན་གཞན་གདུག་པ་ནི་སྦྲུལ་དང་སྦྱང་ཀི་དང་ཆུ་སྲིན་ལ་སོགས་པ་སྟེ། དེ་རྣམས་སྔགས་འདི་དང་བསམ་གཏན་གྱིས་སྐྲག་པར་བྱས་ན་འཆི་བར་འགྱུར་རོ། །ཁྱད ་པར་བཤད་པར་བྱ་སྟེ། སྔགས་ཐམས་ཅད་ནི་ཁོ་བོའི་སྔགས་རྣམས་ཀྱིས་གསང་བ་ནི་སྦས་པར་བྱ་བ་དང། སྙིང་པོ་ནི་དགའ་བར་བྱེད་པས་ན་ནུས་པ་བསྐྱེད་པར་བྱེད་པ་ནི་ཕཊ་དོ། །འདི་དང་པོ་བརྗོད་ལ་ཕྱི་ནས་ཨོཾ་ཧྲཱི:ཞེས་བྱ་བ་ལོ ་སོགས་པ་བརྗོད་ན་གདུག་པ་འཆི་བར་འགྱུར་ཏེ་བསྐྱེད་པའི་རིམ་པའོ། །ང་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱིས་ཏིང་ངེ་འཛིན་གྱི་ཁྱད་པར་བསྟན་པར་བྱ་བའི་ཕྱིར། ཡེ་ཤེས་སེམས་དཔའ་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། ཡེ་ཤེས་ནི་འོད་གསལ་བ་ལས་བྱུང་བའི་སེམས་དཔའ་ནི་ཡེ་ཤེས་སེམས་དཔའ་སྟེ། ཡེ་ཤེས་ཀྱི་སྐུ་ཞེས་བྱ་བའི་དོན་ཏོ། །དོན་སྦྱོར་བ་ནི་དེ་ལ་དམིགས་ཤིང། དབུས་སུ་ནི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་སྐུ ་ནི་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོ་ལ་གང་ཡང་རུང་བའི་སྐུ་བསྒོམ་པར་བྱའོ། །གནས་གཞི་ནི་ལྐོག་མ་དང་སྙིང་ག་དང་ལྟེ་བ་དང། གསང་བ་རྣམས། སྡོགས་ཞེས་པ་ནི་སྔགས་ཀྱི་ངོ་བོའི་དབྱེ་བ་ཤེས་པའི་རྣལ་འབྱོར་པས། བུད་མེད་ནི ་སྤྱན་ལ་སོགས་པ་གཞན་པ་ནི་དེ་ལ་གནས་པ་བསྒོམ་པར་བྱའོ། །དེ་ནས་རྒྱན་རྣམས་ཐམས་ཅད་ཀྱིས་རྫོགས་པ་ནི་དམར་པོ་དང་?་དང་ནག?་པོ་དང་སེར?་པོ་མདོག་དང་ལྡན་པའི་རླུང་རྣམས་སོ། །མཚན་རྣམས་ཐམས་ཅད་ཀྱིས་མཚན་པ་ནི ་གཡས་དང་གཡོན་དང་གཉི་ག་དང་དེ་ལ་བུས་དམན་པར་གྱུར་པས་སྤྲོ་ཞིང་པད་མོ་ནི་ཡི་གེ་ཨ་དང་རྒྱས་པ་ནི་ཨོ་དང་སྔགས་འདི་ནི་ཐུགས་ཀྱི་ས་བོན་ཏེ། དེའི་རྗེས་ལ་བསྒོམ་པར་བྱ་སྟེ། དགོད་པར་བྱའོ། །ོཾ་ཨཱ:ཧཱུཾ་དེ་དག་འོད་ཟེར ་ལྔའི་དབྱེ་བ་ནི་སྤྲོ་བ་དང་བསྡུ་བའི་རིམ་གྱིས་རྡོ་རྗེ་འཆང་གི་རང་བཞིན་བསྒོམ་ཞིང་སྤྲོས་ལ་ཡང་རང་གི་ལུས་ལ་སོགས་པ་ལ་ཕབ་པ་ནི་བསྡུ་བར་བྱའོ། །དེ་ལྟར་རྣལ་འབྱོར་པས་བྱང་ཆུབ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར ་རོ། དེ་མ་ཐག་པ་ནི་བཟླས་མ་ཐག་ཏུ་ལྡང་ན། རྣམ་པར་སྣང་མཛད་ནི་རྟག་པ་དང་མཚུངས་པ་དང། རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པ་དང། རྒྱལ་པོ་ཆེན་པོ་ནི་འོད་དཔག་ཏུ་མེད་པ་དང། སངས་རྒྱས་སྐུ་ནི་རིན་ཆེན་འབྱུང་ལྡན་དང། རྡོ་རྗེ་འཛིན ་ནི་དོན་ཡོད་གྲུབ་པ་སྟེ་དེ་དང་འདྲ་པར་འགྱུར་རོ། །སེམས་དཔའ་ཐམས་ཅད་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་སྟེ། དེ་བསྐྱེད་པ་ནི་དེའི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་རྡོ་རྗེ་ལྟར་བརྟན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ་བདག་ལ་བྱིན་གྱིས ་བརླབས་དང་རྡོ་རྗེ་བཟླས་པའི་རིམ་པ་དག་གོ། དེ་བཞིན་དུ་ཕྱག་རྒྱལ་མོས་པའི་རིམ་པ་གཞན་བསྟན་པར་བྱ་བའི་ཕྱིར་བཞིན་བཟང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔ་མ་བཞིན་དུ་མི་བསྐྱོད་པ་ལ་སོགས་པའི་རྣལ་འབྱོར་པ་རྣམS ་ཀྱིས་སྔ་མ་བཞིན་དུ་བཞིན་བཟངས་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་གདོལ་པ་ལ་སོགས་པའི་བུ་མོ་རྣམས་རྙེད་ཅིང་དབེན་པ་ནི་དབེན་པའི་གནས་ལ་སྔགས་དང་ཕྱག་རྒྱའི་རིམ་པ་སྔོན་དུ་འགྲོ་པའི་མཆོད་པ་ནི་སྙོམས་པར་ཞུག ་པའི་མཚན་ཉིད་ཅན་དུ་བྱས་ཏེ། དེ་ལས་བྱུང་བའི་གསང་བ་ནི་བྱང་ཆུབ་ཀྱི་སེམས་བླངས་ཏེ། བཟའ་པར་བྱ་བ་ནི་པདྨའི་སྣོད་དུ་གནས་པ་ཁོ་ན་ལྕེས་བླང་བར་བྱའོ། །དེ་ལྟར་གསང་བའི་དབང་བསྐུར་བ་བླ་མ་ལས་རྙེད་པ་གང་ཡིན ་པ་དེ་ཡང་དང་ཡང་དུ་སློབ་པའི་ཕྱིར་རིམ་པ་དེ་བསྟན་ཏོ། །འབྲས་བུ་བཤད་པར་བྱ་སྟེ། དེ་མ་ཐག་ཏུ་རྣལ་འབྱོར་པ་དེ་འཇམ་དཔལ་ནི་ལེ་བཅུ་དྲུག་ལོན་པའི་གཞོན་ནུ་སྟེ། དེ་དང་འདྲ་བའི་གཟི་བརྗིད་ནི་མདངས་དང་ལྡན་པར་འགྱུར་རོ། །མི་སྣང ་བ་ནི་སོ་དང་སྐྲ་དང་སེན་མོ་ལ་སོགས་པའི་རྙིང་བ་འཇིག་པའོ། །བདག་པོ་ནི་ངག་སྙན་པའོ། །དཔལ་དང་ལྡན་པ་ནི་སྟོབས་དང་ལྡན་པའོ། །ཛམྦུ་གསེར་གྱི་མདངས་འདྲར་འགྱུར་ཞེས་པ་ནི་གསེར་གྱི་མདངས་དང་འདྲ ་པར་འགྱུར་རོ། །ཇི་སྐད་དུ་དུས་བརྩོམས་ནས་དེ་ནི་རྣམ་པར་མི་རྟོག་ཅེས་བྱ་བ་ལ་སོགས་པ་འབྱུང་ངོ། །དེ་བཞིན་དུ་བཤད་བ་འམ་ཡང་ན་བཟའ་བ་འམ་ཞེས་བྱ་བ་ལ་སོགས་པ་ལ། བཟའ་བ་དང་བཤང་པ་ནི་ཆོད?་མ་དང་ཤ་སྟེ། དེ་ལ ་སོགས་པའི་གང་ཡང་རུང་བ་བསྔགས་ནས་ནི་ཞེས་པ་ནི་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ཤིང་ཟོས་ན་དེའི་ཚེ། སངས་རྒྱས་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་རྣལ་འབྱོ་པ་དེ་ལ་མི་མཐོང་ན་མི་གཟིགས་པ་ཡིན་ནོ། །ཞེས་སྟོན ་ཏོ། །དེ་བཞིན་དུ་བཤད་པ་ནི་རྣམ་པར་སྣང་མཛད་ཀྱི་མཛའ་མའི་དུམ་བུ་གཅིག་སྟེ། དེ་ཉིད་བྱིན་གྱིས་བརླབས་ལ་ཁམ་པོར་ཁ་སྦྱོར་ནི། ཐོད་པའི་ཁ་སྦྱར་ལ་བཞག་ཅིང་བརྒྱ་རྩ་བརྒྱད་དུ་བཟླས་ཏེ་ཟས་ན། སངས་རྒྱས་ཉི་མ་ནི་རྫུ ་འཕྲུལ་ཐོབ་པའི་མཁའ་སྤྱོད་རྣམས་ཀྱིས་མཐོང་བར་མི་འགྱུར་རོ། །དེ་བཞིན་དུ་ཁྱི་དང་རྟ་དང་མི་ཤ་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པས་སྔ་མ་བཞིན་དུ་ཐོད་པའི་ཁ་སྦྱོར་ལ་བསྒྲུབ་ཤིང་ཟོས་ན་མི་སྣང་བར་འགྱུར་རོ། །གཞན ་ཡང་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པས་བཤད་བ་ལ་སོགས་པ་བདུད་རྩི་ལྔའི་རིལ་བུ་ཀ་རུ་ཤུས་དཀྲིས་པར་བྱས་ལ་དེ་ཉིད་རྡོ་རྗེ་དང་པདྨའི་ནང་དུ་བཅུག་ཅིང་དེ་ལས་བྱུང་སྟེ་ཟོས་ན་མི་སྣང་པར་འགྱུར་རོ། །མི་བསྐྱོད་པའི ་རྣལ་འབྱོར་པས་ཤ་ཆེན་དང། རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་པས་ཁྱི་ཤ་དང། སྣང་བ་མཛའ་ཡས་ཀྱིས་རྣལ་འབྱོར་པས་གླང་པོའི་ཤ་དང། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་བ་ལང་གི་ཤ་དང། དོན་ཡོད་གྲུབ་པའི ་རྣལ་འབྱོར་པས་རྟ་ཤས་བསྒྲུབ་པར་བྱའོ། །དབང་པོ་གཉིས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བཤང་པ་ལས་བྱུང་སྲོག་ཆགས་ལས་ཞེས་བྱ་བ་ལ་སོགས་པ་ལ། མི་བསྐྱོད་པའི་རྣལ་འབྱོར་པས་བཤད་བ་ལས་བྱུང་བའི་སྲོག་ཆགས ་ཀྱི་རིལ་བུ་འཛིན་པར་བྱའོ། །རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་ག་པུར་དང་ཙན་དན་གྱི་རིལ་བུ་འཛིན་པར་བྱའོ། །སྣང་བ་མཛའ་ཡས་ཀྱི་རྣལ་འབྱོར་པས་གིའུ་ཝང་དང་ཨ་ག་རུའི་རིལ་བུ་འཛིན་པར་བྱའོ། །དབང་པོ་གཉིས་ཞེས་བྱ་བ ་ལ་སོགས་པ་སྔ་མ་བཞིན་ཏེ་།སྒྲུབ་པའོ། །ད་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པའི་ཏིང་ངེ་འཛིན་གྱི་ཁྱད་པར་བཤད་པར་བྱ་བའི་ཕྱིར། རྡོ་རྗེ་འཛིན་པ་གང་ཡང་རུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རེ་ཞིག་དང་པོ་རྣལ ་འབྱོར་མངོན་པར་བྱང་ཆུབ་པའི་རིམ་པས་འོད་གསལ་བ་ལ་ཞུགས་ཏེ། དེའི་རྗེས་ལ་ཕྱག་རྒྱ་ཆེན་པོ་ནི་དེ་བཞིན་གཤེགས་པ་གང་ཡང་རུང་པའི་སྐུ་ལ་དམིགས་ཏེ། དེ་ནི་དེ་དང་འདྲ་བ་ནི་དེའི་དངོས་གྲུབ་གཙོ་བོར་གྱུར་པ་དང། དཔལ ་ལྡན་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་མ་དང་ལྡན་པའི་ཕྱིར་ཏེ། སྟོབས་ཆེན་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་དང། ཕ་རོལ་གནོན་པ་ནི་མངོན་པར་ཤེས་པ་དྲུག་གང་ལ་ཡོད་པ་དེ་ནི་དེ་བཞིན་ནོ། །རྫུ་འཕྲུལ་དེ་ཉིད་བཤད་པར་བྱ་སྟེ། དཔག ་ཚད་བྱེ་བ་རྫོགས་པའི་ཞེས་བྱ་བ་ལ་སོགས་པ་ལ། དཔག་ཚད་བྱེ་བའི་རྒྱ་ཆེ་བ་གང་ཞིག་སྟེང་དུ་ཚངས་པའི་སྒོ་སྟེ། དེའི་སྟེང་དུ་རྡོ་རྗེ་བཞིན་དུ་མ་ཉམས་པས་འགྲོ་བར་འགྱུར་རོ། །སྟོང་གསུམ་ནི་འཇིག་རྟེན་གྱི་ཁམས་ཏེ་དེར་ཡང་དེ་ནི ་འོག་དང་སྟེང་གི་དབྱེ་བས་འགྲོ་བར་འགྱུར་རོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལྡན་པའི་ཕྱིར་དཔལ་ལྡན་ནོ། །སངས་རྒྱས་ཀྱི་སྐུ་དང་འདྲ་པའི་འོད་གང་ལ་ཡོད་པ་དེ་ནི་བཤད་པ་སྟེ། རང་གི་ལུས་པོའི་འོད་ཟེར་རྣམས་ཀྱིས ་སྐུ་རྣམས་ཀྱིས་སངས་རྒྱས་ཀྱི་སྐུ་རྣམས་ཀྱི་སྐུ་རྣམས་སྤྲོ་བར་བྱེད་པའོ་ཞེས་སྟོན་ཏོ། །འདོད་པ་ནི་གཟུགས་ལ་སོགས་པའི་ཡུལ་ལྔ་སྟེ། དེ་རྣམས་འཛིན་པས་ན་འདོད་ཁམས་ཏེ་དབང་པོ་རྣམས་སོ། །དེ་ལ་གནས ་པའི་གང་ཞིག་བུ་མོ་ནི་ཡེ་ཤེས་སྐྱེ་བའི་རྒྱུར་གྱུར་པའི་རྣམ་པར་ཤེས་པ་དྲུག་གོ་།ལྷའི་ལོངས་སྤྱོད་ནི་བདག་ཏུ་ལྟ་བ་ལ་སོགས་པའི་ཉོན་མོངས་པ་བཞི་སྟེ། དེ་དཔལ་ལྡན་པའི་ལྷའི་ལོངས་སྤྱོད་ནི་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པའོ།། ་འཁྲུགས་པ་ནི་འཁོར་པར་ལྟུང་བར་བྱེད་པའི་བརྟུལ་ཞུགས་སྤྱོད་པ་གང་ལ་ཡོད་པ་དེ་ནི་འཁྲུགས་པའི་བརྟུལ་ཞུགས་ཏེ་ཀུན་གཞི་རྣམ་པར་ཤེས་པའོ། །གཟུགས་ནི་ཆ་དྲུག་པའི་གོང་བུ་སྟེ་སྐྱེད་པར་བྱེད་པས་ན་གཟུགས་ཁམས་ནི ་རང་གཞིན་རྣམས་སོ། །དེ་ལ་གནས་པའི་བུ་མོ་ནི་ཤེས་རབ་དང་ཐབས་དང་མ་རེག་པ་སྟེ། དེ་རྣམས་ཐམས་ཅད་སྟོབས་ཆེན་ནི་དྲག་ཤུལ་གྱིས་འདོད་པ་སྤྱད་པ་ནི་མི་སྣང་བར་བྱའོ་ཞེས་སྟོན་ཏོ། །དམ་ཚིག་ནི་ཡེ་ཤེས་རྣམས ་དང་ཐ?་མལ་པའི་ལུས་ཏེ། དེ་རྣམས་མི་སྣང་བ་ནི་སྣང་བ་ཉིད་དུ་གང་གིས་མཛད་པ་དེ་ལྟ་བུའི་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏོ་ཞེས་སྡུད་པའི་ཚིག་སྟེ། ཟུང་འཇུག་དང་སེམས་རྣམ་པར་དག་པའི་རིམ་པའོ། ། ་དེར?་ནས་སངས་རྒྱས་རབ་དགྱེས་དག་ཅེས་བྱ་བ་ལ་སོགས་པ་ལ། དེ་ནས་ནི་དེའི་འོག་ཏུ་སངས་རྒྱས་ནི་མི་བསྐྱོད་པ་ལ་སོགས་པ་སྟེ། གསན་པས་རབ་ཏུ་དགྱེས་པ་དང། སེམས་འཁྲུལ་པ་ནི་ཐུགས་འཁྲུལ་པ་ལས་ལྡོག་པས ་ཡིད་ལ་དབང་བ་ནི་བསམ་པའི་སྒོ་ནས་ཡེ་ཤེས་ཀྱི་སྣང་བ་ཐོབ་པ་དང། སྤྱན་གདངས་པ་ནི་སྒོམ་པའི་སྒོ་ནས་ཏེ། གསུང་འདི་འདི་སྐད་ཅེས་པ་ནི་དགྱེས་པའི་དག་བཀའ་སྩལ་པའོ། །དེ་ཉིད་བཤད་པར་བྱ་བ་སྟེ། ཨེ་མ་ཧོ ་ཞེས་བྱ་བ་ལ་སོགས་པ་ལ། ཨེ་མ་ཧོ་ཞེས་པ་ནི་ངོ་མཚར་བ་སྟེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནོ། །གསང་གནས་ནི་སྔགས་ཀྱི་ཚིག་རྣམས་ཏེ། དེ་དག་གིས་འགྲུབ་པ་གང་ཞིག་མི་འགྱུར་བ་ནི་མི་འཇིགས་པའི་ལས་ཀྱི་ཚོགས་ཏེ། དེ ་ཡང་ངོ་མཚར་བའོ། །ངོ་བོ་ཉིད་ཀྱིས་དག་པ་ནི་འོད་གསལ་བ་རྟོགས་པ་དང། ཆོས་ནི་སྔགས་ཀྱི་སྐུ་སྟེ། དེ་ཡང་ཤིན་ཏུ་དྲི་མེད་ནི་རྣམ་པར་མི་རྟོག་པ་སྟེ། དེ་ཡང་ཤིན་ཏུ་ངོ་མཚར་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ་དེ་བཞིན་གཤེགས་པའི་ཚིག་གསན་མ་ཐག་ཏུའོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་མཚན་མ་རྣམས་ཏེ། དེ་ཉིད་འཛིན་པ་ནི་སྤྱི་བོར་འཛིན་པས་ནི་རྡོ་རྗེ་འཛིན་ནོ། །རིགས་ཀྱི་དབྱེ་བས་སྟོན་པར་མཛད་པས་ན ་སྟོན་པའོ། །འགྲོ་བ་སྤྲུལ་པའི་ཕྱིར་བསྐྱེད་པའོ། །ཕྱིར་མི་ལྡོག་པའི་དབང་སོགས་པའི་ཕྱིར་མི་འགྱུར་ཆེའོ། །ངག་པ་རྡོ་རྗེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དེ་ཉིད་ལས་ཆོས་ཆེན་པོ་ནི་ལྟ་འབྱུང་བ་གང་ལ་ཡོད་པ་དེ་ནི་དེ་བཞིན ་དུ་བཤད་པའོ། །བཅོམ་ལྡན་འདས་དེས་རྡོ་རྗེ་གསུང་དེ་བཞིན་གཤེགས་པའི་རིགས་ཀྱི་མཚན་མ་སྟོན་པ་བྱེད་པའི་གསུང་བཀའ་སྩལ་ཏོ། །སེམས་དཔའ་རྡོ་རྗེ་སྦྱོར་བ་ཡིས་ཞེས་བྱ་བ་ལ་སོགས་པ་ལ། སེམས་དཔའ་རྡོ་རྗེ་ནི་མི་བསྐྱོད ་པ་སྟེ། དེའི་སྦྱོར་བ་ནི་དེ་ཉིད་ཀྱི་དབང་བསྐུར་བས་རྡོ་རྗེ་འཛིན་རྣམས་ནི་མི་བསྐྱོད་པའི་རིགས་ཅན་རྣམས་མཉེས་པར་གྱུར་པ་ནི་ཅོད་པན་བྱའོ། །དེ་བཞིན་དུ་སངས་རྒྱས་བྱང་ཆུབ་ནི་རྣམ་པར་སྣང་མཛད་དེ། དེ་ཉིད་ཀྱི་རབ་དབྱེ་བ་ནི་བསམ ་གཏན་གྱིས་རྡོ་རྗེ་ཅན་ནི་རྣམ་པར་སྣང་མཛད་ཀྱི་རིགས་ཅན་རྣམས་ལ་ཅོད་པན་བྱའོ། །རྡོ་རྗེ་ནི་སའི་སྙིང་པ་ལ་སོགས་པ་དང། སྤྱན་གྱི་གཟུགས་ལ་སོགས་པ་ནི་སྤྱན་དང་གཟུགས་རྡོ་རྗེ་མ་ལ་སོགས་པ་སྟེ། དེ་རྣམས་ལ་རྣམ ་པར་སྣང་མཛད་དེ་ཉིད་ཀྱིས་གཙུག་ཏོར་ཉས་པར་བྱེད་པ་ནི་ཅོད་པན་བྱེད་པ་ཡིན་ནོ། །ཁྲོ་བོ་ནི་དེ་ཉིད་ཀྱི་ཁྲོ་བོ་གཤིན་རྗེ་གཤེད་ལ་སོགས་པ་སྟེ། དེ་རྣམས་ལ་ཡང་སངས་རྒྱས་རྡོ་རྗེ་ནི་རྣམ་པར་སྣང་མཛད། ་དེ་ཉིད་ཀྱིས། རབ་བསྒོམ་པ་ནི་ཅོད་པན་བྱའོ། །རིག་པའི་རྒྱལ་པོ་ནི་མི་བསྐྱོད་པ་སྟེ། དེ་ཉིད་ཀྱི་མཆོག་ནི་མཱ་མ་ཀཱི་དང། ཆོས་རྣམས་ནི་སྒྲ་རྡོ་རྗེ་མ་དང་ཕྱག་ན་རྡོ་རྗེ་ལ་སོགས་པ་སྟེ། དེ་རྣམས་ལ་དཀོན་མཆོག་དཔལ་ནི་རིན་ཆེན ་འབྱུང་ལྡན་གྱིས་ཅོད་པན་བྱའོ། །གལ་ཏེ་མཱ་མ་ཀཱི་སྐུ་མདོག་སེར་མོ་ཡིན་ན་དེའི་ཚེ། རིན་ཆེན་འབྱུང་ལྡན་གྱིས་ཅོད་པན་བྱའོ། །གང་གི་ཚེ་དེ་ཉིད་སྐུ་མདོག་ནག་མོ་ཡིན་ན་དེའི་ཚེ་ཐུགས་རྡོ་རྗེ་ཅོད་པན་དུ་བྱ་སྟེ་ཁྱད་པར་རོ། །གང ་གི་ཕྱིར་མཱ་མ་ཀཱི་ནི་རིགས་གཉིས་པ་ཡིན་ནོ། །རིག་པའི་རྒྱལ་པོ་ནི་གོས་དཀར་མོ་དང་སྦྱོར་བ་ནི་འཇིག་རྟེན་དབང་ཕྱུག་དང། རྟ་མགྲིན་དང་དྲི་རྡོ་རྗེ་ལ་སོགས་པ་སྟེ། དེ་རྣམས་ཀྱི་དབུ་ལ་འོད་དཔག་ཏུ་མེད་པ་བསྒོམ་པར་བྱའོ། ། ་ཐམས་ཅད་ལས་བྱེད་པ་ནི་ལྷ་མོ་སྒྲོལ་མ་དང། སྔགས་རྣམས་ནི་རྣམ་པར་སེལ་བ་དང། བདུད་རྩི་འཁྱིལ་པ་དང། རོ་རྡོ་རྗེ་མ་ལ་སོགས་པ་སྟེ། དེ་རྣམས་ལ་གདོན་མི་ཟ་བ་ནི་དོན་ཡོད་གྲུབ་པས་ཅོད་པན་བྱ་བ་ཡིན་ནོ། །སྔགས ་རྣམས་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་སྟེ། དེ་རྣམས་ལ་རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་འཆང་ཆེན་པོ་དང་མི་བསྐྱོད་པ་ཅོད་པན་དུ་བྱའོ། །གནོད་སྦྱིན་མ་ནི་རྡོ་རྗེ་རོ་ལངས་མ་ལ་སོགས་པ་དང། སྔགས་རྒྱུད་ནི་ཁྲོ་གཉེར་མ་དང ་རྡོ་རྗེ་ས་འཛིན་མ་དང། རལ་པ་གཅིག་མ་ལ་སོགས་པ་སྟེ། དེ་རྣམས་ལ་གཤིན་རྗེ་གཤེད་ཅོད་པན་དུ་བྱའོ། །སྔགས་རྣམས་ཐམས་ཅད་ནི་ཕྱི་ནས་གསུངས་པའི་ཁྲོ་གཉེར་མ་ལ་སོགས་པའི་སྤྱི་བོར་བསྐུལ་བ་ནི་རྒྱས་གདབ་པ ་སྟེ། རིགས་དང་རྗེས་སུ་མཐུན་པས་ཤིས་པ་ནི་འདོད་པ་ཡིན་ནོ། །དམ་ཚིག་ཆེན་པོ་ནི་རང་རང་གི་རིགས་ཀྱིས་རྒྱས་བཏབ་པ་ལ། རྡོ་རྗེ་ནི་དབང་དང་ལྡན་པ་སྟེ་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་དང་སྦྱར་རོ། །བསམ་གཏན་འཁོར་ལོ་འདི ་ཞེས་པ་ནི་འདས་མ་ཐག་ཏུ་བཤད་པའི་ཅོད་པན་བྱེད་པའི་བསམ་གཏན་གྱི་ཚོགས་ཀྱིས། སྔགས་ནི་དེ་བཞིན་གཤེགས་པ་རྣམས་གཉིས་པ་ནི་དྲིན་བྱེད་པ་དང། དཀྱིལ་འཁོར་ནི་དེ་ཉིད་སྙིང་པོར་གྱུར་པ་དང། རང་གི་རིགས་རྗེས་སུ་དྲན ་པའི་ཕྱིར་སྒྲུབ་པ་པོ་རྣམས་ལ་ཡང་ཕན་པའོ། །དེ་བཞིན་དུ་དམ་ཚིག་ཆེན་པོ་ནི་རྡོ་རྗེ་འཆང། སྒྲུབ་པ་ནི་ཐོབ་པར་བྱེད་པ་སྟེ། ལས་ཀྱིས་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་ནོ། །ད་ནི་དབབ་པའི་ཆོ་ག་བཤད་པར་བྱ་སྟེ། དེ་ནས་ཞེས་བྱ་བ་ལ ་སོགས་པ་ལ། རྡོ་རྗེ་ནི་སྣོད་འདུས་བྱས་པ་སྟེ། དེ་འཛིན་པས་ན་རྡོ་རྗེ་འཛིན་ནོ། །ལུས་ངག་ཡིད་རྣམ་པར་དག་པར་མཛད་པའི་ཕྱིར་སྟོན་པའོ། །ཆོས་རྣམས་ཀུན་ནི་རེངས་པ་ལ་སོགས་པ་སྟེ། དེ་རྣམས་ཀྱི་དབང་ཕྱུག་ནི་བྱེད་པའོ། །དེ་རྣམས ་བསྟན་པས་ན་གཙོ་བའོ། །སྐུ་གསུང་ཐུགས་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་སྟེ། དེ་རྣམས་ཡང་དག་པར་མཁྱེན་པས་ན་རྫོགས་སངས་རྒྱས་སོ། །བཅོམ་ལྡན་འདས་དེས་ཡེ་ཤེས་ནི་སྣོད་དེ། དེའི་རྡོ་རྗེ་ནི་དབབ་པའི་ཆོ་ག་བཀའ་ ་སྩལ་པའི། །དེ་ཉིད་བཤད་པར་བྱ་སྟེ། རི་རྩེ་ཉམས་ནི་དགའ་བ་དང་ཞེས་བྱ་བ་ལ་སོགས་པ་ལ། རི་བོའི་རྩེ་མོ་དང་རབ་ཏུ་དབེན་པ་ནི་དགོན་པ་ཆེན་པོ་ལ་སོགས་པའི་གནས་ཏེ། ཉམས་དགའ་བ་ནི་མེ་ཏོག་དང་འབྲས་བུ་ལ་སོགས་པ་དང ་ལྡན་པའི་གནས་སུ། གསམ་གཏན་རྡོ་རྗེ་ནི་མི་གཡོ་བའི་ཏིང་ངེ་བྱའོ། །ཅིའི་ཕྱིར་ཞེ་ན། བཟླས་སྔགས་ནི་དབབ་པའི་སྔགས་རྣམས་ཏེ། དེ་རྣམས་ཀྱི་སྦྱོར་བ་ནི་ཡང་དག་པར་སྦྱོར་བ་སྟེ། དེའི་ཕྱིར་རོ་ཞེས་སྟོན་ཏེ་གང་གི་ཕྱིར་རྡོ་རྗེ ་སེམས་དཔའ་ལ་སོགས་པ་ནི་སྣོད་གཞན་ལ་གནས་པའི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་དག་ཐམས་ཅད་སྔཌ་ནི་བཟླས་སྔགས་ནས་དང། བསམ་གཏན་ནི་ཏིང་ངེ་འཛིན་གྱིས་བསྐུལ་བ་ནི་སང་པ་ཡིན་ན། དེའི་ཚེ་ལས ་རྣམས་སྣ་ཚོགས་ནི་འདས་པ་ལ་སོགས་པ་བྱེད་པར་གྱུར་པ་ནི་སློབ་མའི་སྒོ་ནས་སྨྲ་བར་བྱེད་པའོ། །གསུང་གི་ལས་ནི་སྣང་བ་མཛའ་ཡས་ཏེ། དེའི་བཀའ་བཞིན་ཞེས་པ་ནི་འདིར་ནི་ཐེ་ཚོམ་མི་བྱའོ། །ཞེས་སྟོན་ཏོ། །ཏིང་ངེ་འཛིན ་བཤད་པར་བྱ་སྟེ། རྡོ་རྗེ་ཆོས་ཀྱིས་གཟུགས་ཆེན་པ?་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཆོས་ནི་སྣང་བ་མཛའ་ཡས་ཏེ། དེའི་གཟུགས་ཆེན་པོ་ནི་དེའི་རྣམ་པའི་སྣོད་དོ། །པདྨ་རཱ་གའི་འོད་འདྲ་བ་ཞེས་པ་ནི་ཁ་དོག་དམར་པོ་དང་ཇི་ལྟར་དབྱིབས ་དང་ཚུལ་དང་ལྡན་པར་བསྒོམས་ལ། དེ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་སྐུ་ལ་སོགས་པའི་གནས་ལ་རིགས་གསུམ་གྱི་ས་བོན་བཏགས་པས་ནི་བྱིན་གྱིས་བརླབ་པར་བྱའོ། །དེ་ལྟ་བུའི་དབབ་པའི་ཆོ་ག་བྱེད་ན་འགྲུབ་པར་འགྱུར་ཏེ། ་གཞན་དུ་ན་མ་ཡིན་ནོ། །དབྱེ་བ་བཤད་པར་བྱ་སྟེ། བསྐུལ་བ་ནི་མ་འོངས་པའི་ལྷའི་ནུས་པས་སྙིང་སྟོབས་ཀྱི་དངོས་པོ་བརྒྱད་དོ། །དཔེར་ན་རེངས་པ་རྡུལ་དང་བ་སྤུ་ལྡང། སྐད་འགྱུར་དེ་བཞིན་འདར་བ་ཉིད། །མདོག་འགྱུར་མཆི་མ་ཐིམ ་པ་སྟེ། དེ་ནི་སྙིང་སྟོབས་བརྒྱད་བསྟན་པའོ། །རེངས་པ་ནི་འབར་བ་དང་འདར་བ་དང་འཁོར་པའོ། །དེ་ལ་འཕར་བ་ནི་སྟེང་དུ་འགྲོ་བ་དང། འདང་བ་ནི་དབང་པོ་ཐམས་ཅད་འཁྲུགས་པས་ཡན་ལག་འདར་པའོ། །བསྐོར་བ་ནི་ཕྱོགས་དང ་མཚམས་རྣམས་སུ་འཁོར་ལོ་བཞིན་དུ་འགྲོ་བའོ། །མཆོག་ཆེན་པོ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྗེས་སུ་ཞུགས་པས་གར་གྱི་ཉམས་དགུའི་རྣམ་པས་གནས་པའོ། །དེ་ལ་སྒེག་པ་དཔའ་བ་འཇིགས་སུ་རུང། །རྒོད་པ་དྲག ་པོ་འཇིགས་བྱེད་དང། །སྙིང་རྗེ་རྨད་བྱུང་ཞི་བ་སྟེ། །གང་གྱི་ཉམས་ནི་དགུ་ཡིན་ནོ། །འཕགས་པའི་ལམ་ནི་བླ་མས་དྲིས་པས་བསྒྲུབ་བྱས་འདས་པ་ལ་སོགས་པ་སྨྲ་བའོ། །བཞི་པོ་དེ་ལྟ་བུ་རྡོ་རྗེ་གྲུབ་པ་ནི་བསྐྱེད་པའི་རིམ་པ་ལ་མཐར་ཐུག་པ་དང། ་ལས་མཐོང་བའི་བླ་མས་བྱ་བ་ཡིན་ནོ། །དེ་ལྟར་ཡིན་ན་རྟག་པ་ནི་ངེས་པར་འབབ་པ་འགྲུབ་པར་འགྱུར་རོ། །སྣོད་ཀྱི་མཚན་ཉིད་བཤད་པར་བྱ་སྟེ། བུ་མོ་ལོ་གྲངས་ཞེས་བྱ་བ་ལ་སོགས་པ་ལ། ལོ་བཅུ་གཉིས་ལོན་པའི་བུ་མོ་འམ ་ཁྱེའུ་མཚན་ཉིད་ཐམས་ཅད་ནི་ཡན་ལག་མ་ཉམས་པ་ལ་སོགས་པ་དང་ལྡན་པའི་སྣོད་རྙེད་ནས་བྱིན་གྱིས་བརླབ་པར་བྱའོ། །དེ་ཡང་ཉེ་བར་མཚོན་པ་ཙམ་ཡིན་ཏེ། ཅི་འདྲ་བའི་སློབ་མ་ཡང་གཟུང་ནས་དབབ་པའི་ཆོས་ཆོ་ག་བྱའོ། །ཆོ་ག ་ཐམས་ཅད་ནི་གསང་གཏོར་ལ་སོགས་པ་བྱས་ན། དེའི་རྗེས་ལ་ལས་རྣམས་ནི་དབབ་པའི་ཆོ་ག་བྱ་བ་ཡིན་ཏེ། གཞན་དུ་ན། ཁམས་གསུམ་ནི་དམན་པ་དང་བར་པ་དང་རྣོ་བའི་སྐྱེས་པ་རྣམས་ཀྱིས་སྐྱེས་བུས་དཔྱས་པར་གྱུར་པ་ནི་རྣལ ་འབྱོར་པ་དེ་ལ་དེ་རྣམས་ཀྱིས་དཔྱས་པར་འགྱུར་རོ་ཞེས་སྟོན་ཏོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ་དེ་ཞེས་པ་ནི་དབབ་པའི་ཆོ་ག་ལ། འདི་རྣམས་ཞེས་པ་ནི་འོག་ནས་འཆད་པར་འགྱུར་བའི་སྙིང་པོ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི ་སྔགས་ནི་སྦས་པའི་ཕྱིར་དང། ཡི་གེ་ནི་མི་གཡོ་བའི་ལས་བྱེད་པ་སྟེ། གནས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་གནས་སུ་གྱུར་པའོ། །ཧཱུཾ་ཧ་ཨཱ་ཛཧཻ་ཞེས་བྱ་བ་ལ། དེ་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་སྙིང་ཁ་དང་སྤྱི་བོ་དང། ལྐོག་མ་དང ་རྐང་མཐིལ་རྣམས་ལ་དགོད་པར་བྱའོ། །ནུས་པ་བཤད་པར་བྱ་སྟེ། ནམ་མཁའ་ཨི་ཁམས་ནི་སེམས་མེད་ཅིང་ཞེས་པ་ནི། གལ་ཏེ་སེམས་མེད་པའི་ནམ་མཁའ་ཨི་ཁམས་ཡོད་པ་ཡིན་ན་དེའི་ཚེ་དེ་ཉིད་ཀྱང་འབབ་པར་འགྱུར་བ་སྟེ། གཟུགས ་དང་ལྡན་པ་སྨོས་ཅི་དགོས། ཡང་ན་གཟུགས་དང་ལྡན་པ་ནི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་རོ་སྟེ། དེ་ཡང་འབབ་པར་འགྱུར་རོ། །ཇི་སྲིད་རྡོ་རྗེ་སེམས་དཔའ་ནི་འགྲོ་བའི་གཙོ་བོ་སྟེ། དེ་ཡང་འབབ་པར་འགྱུར་ཏེ། བདག ་ཉིད་ཆེན་པོ་བསྟན་ཏོ། །ཡི་གེའི་རང་བཞིན་བཤད་པར་བྱ་སྟེ། ཧཱུཾ་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ། ཡི་གེ་གསུམ་པོ་དེ་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་མི་བསྐྱོད་པ་དང་རྣམ་པར་སྣང་མཛད་དང་སྣང་བ་མཛའ་ཡས་ཀྱི་རང ་བཞིན་དུ་ཤེས་པར་བྱའོ། །དེ་ནི་གསང་ཚིག་བསྟན་པའོ། །ཞེས་པ་ནི་ཕུལ་དུ་བྱུང་བའི་གསང་བའི་ལམ་དེ་བཤད་པ་ཡིན་ནོ། །གང་ཞིག་བསྐུལ་བ་ལ་སོགས་པ་གསུམ་སྔར་བཤད་པ་དེ་རྣམས་ཡི་གེ་ཛཧཻ་ཡིས་བྱའོ། །བསྐུལ་བ་ཐམས ་ཅད་ནི་གསུམ་པོ་དེ་དག་གི་གསང་བ་འདི་ཉིད་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །ཁྲུ་གང་ཙམ་མམ་ཁྲུ་དོ་འམ་ཞེས་བྱ་བ་ལ་སོགས་པ་ལ། དམན་པ་ནི་ཁྲུ་གང་དང། བར་པ་ནི་ཁྲུ་དོ་དང། རབ་ནི་ཁྲུ་ལྔ་དང། རབ་ཀྱི་རབ་ནི་ཁྲུ་བརྒྱད ་འབར་བར་འགྱུར་རོ། །ཇི་ལྟར་ཞེ་ན། རྡོ་རྗེ་རྒྱལ་པོ་ནི་ཆོ་ག་བཞིན་དུ་མཁས་པའི་བླ་མས་བསྐུལ་བ་ནི་འགུགས་པའོ། །དེ་རྣམས་ཇི་ལྟ་བུ་ཞེ་ན། འཇིགས་ཤིང་སྐྲག་པ་ནི། རྡོ་རྗེ་འཆང་ཆེན་པོའི་བཀའ་སྩལ་པ་འཇིགས་པས་འཇིགས། ་པའི་སྣོད་རྣམས་སོ་ཞེས་སྟོན་ཏོ། །སྔ་མ་བཞིན་དུ་ཐམས་ཅད་འགྱུར་ཞེས་པ་ནི་ཡི་གེ་ཛཧཻ་བཞིན་དུ་ཧཱུཾ་ལ་སོགས་པ་གསུམ་པོ་ཡང་འབབ་པར་བྱེད་པ་ཡིན་ནོ་ཞེས་བསྟན་ཏོ། །འདི་ནི་གསང་བ་ཐོབ་པའོ་ཞེས་པ་ནི་ལུས་བསྐུལ་བ་ལ་སོགས ་པ་བྱེད་པའི་ཕྱིར། འདི་གསང་བ་ཐོབ་པའོ་ཞེས་ཉེ་བར་བསྡུ་བའོ། །འདིར་ནི་བསྒོམ་པའི་རིམ་པ་འདི་ཡིན་ཏེ། རེ་ཞིག་དང་པོ་རང་གི་སྙིང་གར་འོད་ཟེར་དང་ལྡན་པའི་དབྱངས་ཀྱི་མཛའ་མ་བཀོད་ལ། སློབ་མ་ཡང་ཡི་གེ་ཧཱུཾ་ལས་རྡུལ་དང་བྲལ ་ཞིང་གསལ་བའི་སྣང་བ་མཛའ་ཡས་སུ་བསམས་ཏེ། དེ་ཉིད་ཀྱི་སྙིང་ག་དང། སྨིན་པར་དང། ལྐོག་མ་དང། སྤྱི་བོ་རྣམས་ལ། རྡོ་རྗེ་དང། རིན་པོ་ཆེ་དང། པདྨ་དང་སྣ་ཚོགས་རྡོ་རྗེའི་སྟེང་དུ་ཡི་གེ་ཧཱུཾ་དང་ཏྲཱཾ་དང་ཧྲཱི(རྒྱུད་འགྲེལ་སྙིང་ག་དང། སློབ་མའི་སྙིང་ག་ཕྱེ་ཞིང་རང་གི་སྙིང་ག་ལས་དབྱངས་ཐ་མ་སྤྲོས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་དེ་ཉིད་སློབ་མའི་སྙིང་ཀར་གནས་པའི་རྡོ་རྗེའི་དཀྱིལ་དུ་བཅུག་ལ་དེའི་ལུས་ཀྱང་དེ་ཉིད་ཀྱིས་རྫོགས་པར་བསམས་ཏེ། འདི ་ལྟར་སྨྲ་བ་སྟེ། སྨྲོས་ཤིག་།དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་དང། རྡོ་རྗེ་སེམས་དཔའ་ཡང་བདག་ལ་འབབ་པར་གྱུར་ཅིག་ཅེས་སློབ་མ་བརྗོད་དུ་བཅུག་ལ། དེའི་འོག་ཏུ་རང་གིས་ཀྱང་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་བཅིངས ་ལ་འདི་ལྟར་བརྗོད་པར་བྱ་སྟེ། འདི་ནི་དམ་ཚིག་རྡོ་རྗེ་སྟེ། །རྡོ་རྗེ་སེམས་དཔའ་ཞེས་བརྗོད་པ། །རྡོ་རྗེ་ཡེ་ཤེས་བླ་མེད་པ། །དི་རིང་ཁྱོད་ལ་འབབ་གྱུར་ཅིག་ཅེས་བརྗོད་པ་དང་ཨོཾ་བཛྲཱ་ཨཱ་བེ་ཤ་ཡ་ཞེས་བྱ་བ་ལན་བཅུ་འམ། ཉི་ཤུ་འམ་སུམ་ཅུ་འམ། ་བཞི་བཅུ་ནས་བརྒྱའི་བར་དུ་བརྗོད་ན་ངེས་པར་འབབ་པར་འགྱུར་རོ། །གལ་ཏེ་དེས་ཀྱང་འབབ་པར་མ་གྱུར་ན་དེའི་ཚེ་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཁྲོ་བོའི་ཁུ་ཚུར་གྱིས་དྲལ་བར་བྱ་བ་དང། རྡོ་རྗེ་སེམས་དཔའ་ཡང་ཨའི་མཛའ་ཅན་བརྗོད་པར་བྱའོ། །དེ ་ལྟར་བྱས་ཀྱང་མ་བབ་ན་དེའི་ཚེ་རྡོ་རྗེ་དང་དྲིལ་བུ་བླངས་ལ་རྐང་པ་གཡོན་པས་སློབ་མའི་རྐང་པ་གཡས་པ་མནན་ཅིང་སྟེང་དུ་ནམ་མཁའ་ལས་དཔལ་རྡོ་རྗེ་སེམས་དཔའ་དབབ་པའི་ཕྱིར་རྣམ་པར་སྣང་མཛད་ཁྲོས་པ་འོད་ཟེར་གྱི་ཚོགས་ཀྱིས་ཁྱད་པར ་བསྒོམས་ལ་།འོག་ཏུ་ཡང་རླུང་གི་དཀྱིལ་འཁོར་གྱིས་བསྐུལ་བའི་ཡི་གེ་ཧཱུཾ་བསམ་ཞིང་རང་རང་གི་ཕྱོགས་ལ་བཞུགས་པའི་མི་བསྐྱོད་པ་ལ་སོགས་པས་ཀྱང་རིམ་གྱིས་ཧཱུཾ་ཏྲཱཾ་ཧྲཱི:འ:ཞེས་བྱ་བའི་ས་བོན་གྱིས་འོད་ཟེར་གྱི་ཚོགས་ཀྱིས་སློབ་མ ་བསྐུལ་པར་བསམ་པར་བྱའོ། །དེའི་ཚེ་ཡང་བཛྲ་སཏྭ་ཨཱ:ཞེས་བྱ་བ་ལན་བཅུ་བརྗོད་པར་བྱའོ། །དེ་ལྟར་བྱས་ན་ཡང་གལ་ཏེ་སྡིག་པའི་དབང་གིས་མ་བབ་ན་དེའི་ཚེ་སྡིག་པ་དྲལ་བའི་ཕྱག་རྒྱས་སྡིག་པ་དྲལ་ཞིང་ཧཱུཾ་ཨ ་ཞེས་བྱ་བ་ལན་མང་དུ་བཟླས་པར་བྱའོ། །རྡོ་རྗེ་བསྡམས་པ་བརྟན་བྱས་ནས། །གུང་མོ་གཉིས་པོ་སྦྱར་པ་སྟེ། །མཛའ་མ་བཞི་པོ་རྩེ་སྦྱར་ན། །སྡིག་པ་དྲལ་བ་ཞེས་བརྗོད་དོ། །ོཾ་བཛྲ་པཱ་ཎི་བི་སྤོ་ཊ་ཡ། སརྦབ་ཨ་པ་ཡ། བན་དྷ་ནཱ་ནི་པྲ་མོ་ཙ ་ཡཾ། སརྦབ?་ཨ་པ་ཡ་ག་ཏེ་བྷཡ་སརྦ་ན། སརྦབ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཏྲ་ཊ་ཅེས་ཀྱང་བརྗོད་པར་བྱའོ། །ཡང་ན་དེ་བཞིན་དབབ་ཅིང་བརྗོད་དེ། དེའི་སྙིང་གར་དབང་ཆེན་ཀྱི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཧཱུཾ་དང། སྤྱི་བོར་ཆུའི་དཀྱིལ་འཁོར་ལ ་གནས་པའི་ཡི་གེ་ཧ་དང། ལྐོག་མར་རླུང་གི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཨ་དང་།རྐང་པའི་འོག་ཏུ་རླུང་དང་མེའི་དཀྱིལ་འཁོར་ལ་གནས་པའི་ཡེ་གེ་ཛཧཻ་འཕར་བ་བཀོད་ལ། ཨཱ་བེ་ཤ་ཡ་སྟཾ་བྷ་ཡ་ར་ར་ར་ཙ་ལ་ཡ་ཙ་ལ་ཡ་ཧཱུཾ་ཧ་ཨ་ཛཧཻ ་ཞེས་བྱ་བས་བསྐུལ་ཞིང། སྦྱི་བོར་ཡི་གེ་ཨོཾ་ལས་རྣམ་པར་སྣང་མཛད་དང། ལྐོག་མར་ཡི་གེ་ཨཱ:ལས་སྣང་བ་མཛའ་ཡས་དང། སྙིང་གར་ཡི་གེ་ཧཱུཾ་ལས་མི་བསྐྱོད་པ་འམ། དེ་རྣམས་ཀྱི་ཡི། གེ་བསྒོམས་ལ། རྐང་པ་དག་གི་འོག་ཏུ་ཡི་གེ་ཡ ་གཉིས་ལས། རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ཅན་དང། མཛའ་གཉིས་པོ་ལ་བ་དང་ལྡན་པ་བསྒོམས་ལ། དེའི་སྟེང་དུ་ཡི་གེ་རི་ལས་མེའི་དཀྱིལ་འཁོར་ཀྲུ་གསུམ་པ་བསམ་ཞིབ་དེ་ལ་གནས་པའི་སློབ་མ་རྡོ་རྗེ་འབར་པས་གདུང་བར ་གྱུར་པ་དང། སྐུལ་བྱེད་མའི་གཟུངས་ཀྱིས་ངོ་བོར་བསྒོམས་ཞིང་རྡོ་རྗེ་དང་དྲིལ་བུ་བསྐྱོད་པས་ང་རྒྱལ་དང་ལྡན་པའི་སློབ་དཔོན་གྱིས་འཕགས་མ་སྐུལ་བྱེད་མའི་ཕྲེང་བའི་སྔགས་བརྗོད་པར་བྱའོ། །ན་མ:ས་བྷཱ་ནི། སམྱཀསཾ་བུདྡྷ། ཀོ་ཊཱི་ནཱཾ?། ་ཏདྱ་ཐཱ། ཨོཾ་ཙ་ལེ་ཙུ་ལེ་ཙུནདེ་སྭཱཧཱ། མ་ཧཱ་བིདྱཱ་ཨ་པྲ་ཏི་ཧ་ཏ་ཤཱ་ས་ནེ། མཧཱ་པཱ་ལ་པ་ར་ཀྲ་མེ། ཨ་སི་མུ་ས་ལ་པ་ར་ཤུ་པཱ་ཤ་གྲི་ཧི་ཧ་ཏ་ཧ་སྟེ། མཧཱ་ཀྲོ་དྷེ་ཤྭ་རེ། ཨུ་ཀྲ་རུ་པི་ཎེ། ཨ་ནནད་མུ་ཁེ། ས་ཧ་སྲ་བྷུ་ཛེ་ཨ་པ་རཱ་ཛི་ཏི། ཨ་མོ་གྷེ། དུར་ད་མེ། ་ས་ཧ་སྲ་ཨཀྵཱ?། སརྦབ་ཏ་ཐཱ་ག་ཏ་ཨ་དྷིཥྛི་ཏེ་སརྦ་དེ་བཏ?་ནཾ། མན་དེ་དེ་པུ་ཛེ་དེ་པྲ་སྭཱ་དྷེ་ཏེ། བཛྲ་གྷོ་ནེ་བཛྲེ་བཛྲཱ་ཝ་ཨ་ཝ་ཧེ། བཛྲ་གྷོ་ནེ་བཟརེ་བཛྲཱ་ཝ་ཨ་ཝ་ཧེ། བཛྲ་ཨ་ཡུ་དྷེ། བཛྲ་ཀ་ཡེ་ནི། བཛྲ་མིནམ?་ལ་ཏེ་ཨཀྵེ། ཨ་ན་ཀྵ་ཡེ། ཨ་གྷོ་རེ། གྷོ་ར་རཱུ་པོ་ཎི། ཝི་ཀྲཾ་ཏ་དར་ཤ་ནི། བཛྲ ་བི་ཊཡ་བྱ་ཨ་ལཾ་ཀྲི་ཏ་ཤ་།རཱི་རེ་ཨོཾ་པ་གེ་པི་ཏི་ཙུ་ན་དེ། དྷྲུཾ་དྷྲུཾ་ཀྲཱུཾ་ཀྲཱུཾ་མྲཱུཾ་མྲཱུཾ་སྲཱུཾ་སྲཱུཾ་རཱུཾ་རཱུཾ། ཨཱ་བེ་ཤ་ཡ་ཨ་བེ་ཤ་ཡ། གྲིཧྞ་གྲིཧྞ། གྲིཧྣཱ་པ་ཡ་གྲྞིཧྞཱ་པ་ཡ། ཧ་ར་ཧ་ར། བྷཾ་ཛ་བྷཾ་ཛ། ས་ར་ས་ར། མ་ར་མ་ར། མཱ་ར་ཡ་མཱ་ར་ཡ། པ་ཙ་པ་ཙ། ད་ཧ་ད་ཧ། གྲིཧྞ་གྲིཧྞ ་ཨི་དཾ་དུཥྚ་གྲ་ཧཾ་ཇ་རཾ། ཨེ་ཀ་ཨ་ཎེ་ཀཾ། དྷེ?་ཡཧྣི་ནི་ཀཾ། ཛ་ཏུ་ར་ཐ་ཀཾ། ས་མ་ཏ་ཧེ་ཀཾ། ནི་ཏྱ་ཛཝ་རཾ། མ་ཧུ་ར་དེ་ཀཾ། གྲ་ཧ་བྷཱུ?་ཏཾ། པྲེ་ཏཾ་བི་ཤཱ་ཙ་། ར་ཀོ་ས་མ། ཀུཾ་བྷ་ཨ་དཾ། ཡུ་ནེ་ཛསྭ?་ཝ་རཾ། ཛཾ་གྷ་མཾ། ཡེ་མཾ་ཧཾ་སན་དེ་ཀེ་ཙིད་དུཥྚི་དན་རྦབ་ན་སཱ་དྷ་ཡ་སཱ་དྷ་ཡ། ་མཎྜྷཱ་ཡ་མརྡྷ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། ཏཱ་པ་ཡ་ཧཱ་པ་ཡ། ཨུང་ས་ད་ཡ། ཨུད་ས་ད་ཡ། ཧ་ན་ཧ་ན། བཛྲེ་ཎཾ་ས་ར་ས་ར། དེཎྜེ་ཎ། མཱ་ར་ཡ་མཱ་ར་ཡ། ཁཌགེ?་ཎ། ཧཱུཾ་ཧཱུཾ་ཧཱུཾ། ཙུཾ་ཙུཾ་ཙུཾ། དྲུཾ་དྲུཾ་དྲུཾ། ཨོཾ་ཙ་ལེ་ཙ་ལེ་ཙུནདེ་སཾ་ཨརྠ་སཱ་དྷ་ཡ་སྭཱཧཱ། ཞེས་བྱ་བ་འདི ་བརྗོད་ན་ངེས་པར་འབབ་པར་འགྱུར་རོ། །སྣོད་ལ་དབབ་པ་ཆོ་ག་འདི་ཉིད་ཀྱིས་དཔལ་རྣམ་པར་སྣང་མཛད་ཆེན་པོའི་རྣལ་འབྱོར་རིམ། འཇམ་དཔལ་གྱི་རྣལ་འབྱོར་གྱིས་བྱའོ། །བབས་ན་མངོན་པར་ཤེས་པ་ལྔ་ལ་སོགས་པ་རྫོགས་པར་འགྱུར་རོ། །དེ་ནས ་དེའི་ལྕེ་ལ་ཡི་གེ་ཨ་དམར་པོ་བསམས་ཏེ། བྷྲུཾ་ཏོ་བཛྲཻ་ཞེས་བྱ་བ་བརྗོད་ན་དགེ་བ་དང་མི་དགེ་བ་ཐམས་ཅད་སྨྲ་བར་བྱེད་དོ། །དེའི་འོག་ཏུ་མངོན་པར་འདོད་པ་ཐམས་ཅད་དྲིས་ལ་བབས་པ་བརྟན་པར་བྱེད་པ་སྔོན་དུ་འགྲོ་བ་མཆོད་པ་དང་བསྟོད་པ་བྱས་ན་སྣོད ་ལ་ཕབ་པའི་ལྷ་གཤེགས་སུ་གསོལ་ལོ། །དེ་ནས་སྣོད་དེ་བསྲུང་བར་བྱ་བའི་ཕྱིར་བདུད་རྩི་འཁྱིལ་པའི་ཕྲེང་བའི་སྔགས་ཀྱིས་བསྲུང་སྐུད་བྱིན་གྱིས་བརླབས་ལ་དཔུང་པ་གཡས་པ་ལ་བཅིང་བར་བྱ་སྟེ། ལས་ཀྱི་རྒྱལ་བ་མཆོག ་གོ། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན་ཞེས་བྱ་བ་ལ་སོགས་པས་གཞན་ཡང་ལས་ཀྱི་ཚོགས་བཤད་པར་བྱ་སྟེ། རྡོ་རྗེ་ནི་ཕྱག་མཚན་རྣོན་པོ་སྟེ། དེ་འཛིན་པས་ནི་རྡོ་རྗེ་འཛིན་ནོ། །གདུག་པ་འདུལ་བས་ན་རྒྱལ་པོའོ། །དེ་བཞིན་གཤེགས་པ་ཀུན་ནི་ཞི? ་བ་ལ་སོགས་པ་སྟེ། དེ་རྣམས་ཀྱིས་བདག་པོ་ནི་བྱེད་པའོ། །སྐུ་གསུམ་གནས་ནི་གདུག་པ་རྣམས་ཏེ། དེ་དག་མངོན་སྤྱོད་ཀྱི་སྒོ་ནས་མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་ཀྱི་ཞིང་ལ་བཞག་པས་ཡོངས་སུ་དག་པར་མཛད་པས་ན་སྐུ་གསུམ ་གནས་ནི་ཡོངས་དག་པ་སྟེ། དེས་གསུང་འདི་སྐད་ནི་ཀློག་པ་ཙམ་གྱིས་འགྲུབ་པའི་ལས་ཀྱི་ཚོགས་ཀྱི་གསུང་བཀའ་སྩལ་པའོ། །རྩེ་གཅིག་ཅེས་བྱ་བ་ལ་སོགས་པ་ལ། དུ་མ་ནི་གཉེན་དང་གཡོག་པོ་དང་འཁོར་གྱི་ནང་ན། རྩེ་གཅིག་གྱུར་པ་ནི་ཕུལ ་དུ་བྱུང་བར་གནས་པ་དང། བརྟུལ་ཤུགས་བརྟན་པ་ནི་མི་གཡོ་བའི་ཏིང་ངེ་འཛིན་དང་ལྡན་པ་དང། སྦྱོར་བ་ནི་ཏིང་ངེ་འཛིན་གཞན་མ་སྟེ། དེ་ཡོངས་སུ་སྤང་བས་འདི་བྱེད་ན་དེའི་ཚེ་གདུག་པ་ཐམས་ཅད་ནི་བླ་མ་སྨོད་ལ་སོགས་པ་རྣམས་ཞིག་པ་ནི་གསོ ་པ་གྲུབ་པོ། །དུར་ཁྲོད་སོ་ལ་དང་ཞེས་བྱ་བ་ལ་སོགས་པ་ལ། དུར་ཁྲོད་ཀྱི་སེལ་བ་དང་ཕུབ་མ་ལ་སོགས་པའི་མངོན་སྤྱོད་ཀྱི་རྫས་རྣམས་ཀྱིས་དགྲ་བོའི་གཟུགས་བརྙན་བྱས་ཏེ། གཅེར་བུ་ལ་སོགས་སོགས་པའི་ཡོན་ཏན་དང་ལྡན་པ་དང། ལྷོ ་ཕྱོགས་སུ་ཁ་བལྟས་པས་དེའི་སྙིང་ཀར་རྐང་པ་གཡོན་པས་གནོན་ཅིང་ཁམས་གསུམ་ཡང་འཇིག་པར་བྱེད་དོ། །ཡང་དགྲ་བོའི་གཟུགས་བརྙན་དུར་ཁྲོད་ཀྱི་ཐལ་བ་གཅིག་པུས་བྱས་ཏེ། སྙིང་གར་མིང་སྦེལ་ཏེ་སྟོང་ཕྲག་བརྒྱད་ཀྱིས་བཟླས ་པས་གསོད་པར་བྱེད་པའོ། །དཀྱིལ་འཁོར་གྲུ་གསུམ་བྱས་པ་ལ་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པར་སྣང་མཛད་དང། རིན་ཆེན་འབྱུང་ལྡན་དང། དོན་ཡོད་གྲུབ་པའི་རྣལ་འབྱོར་པ་རྣམས་ཀྱིས་བ་ལང་དང་རྟ་དང་ཁྱི་ཤ་རྣམས་ཀྱིས་གཟུགས་བརྙན་བྱས ་ལ། དཀྱིལ་འཁོར་གྲུ་གསུམ་ནི་གྲུ་གསུམ་པའི་མེ་ཐག་ལ་ཚེར་མའི་མེ་ལ་སེམས་དག་པོས་བསྲེགS་ན་དགྲ་འཆི་བར་འགྱུར་རོ་།ཤ་ཚ?་ན་ཞེས་བྱ་བ་ལ་སོགས་པ་ལ། མི་བསྐྱོད་པའི་རྣལ་འབྱོར་པས་ཤ་ཆེན་གྱིས་གཟུགས་བརྙན་བྱས་ཏེ། སྔ་མ་བཞིན ་དུ་བསྲེག་པར་བྱའོ། །དགྲ་རྣམས་ཐམས་ཅད་ནི་གདུག་པ་ཐམས་ཅད་ཀྱི་ཤིན་ཏུ་མི་ཟད་པ་ནི་ཤིན་ཏུ་རྣོ་བའི་འཇིག་པ་ནི་གསོད་པ་ཡིན་ནོ། །རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་པས་རྟ་ཤ་ལ་གཟུགས་བརྙན་བྱས་ལ་བསྲེག་པར་བྱ་སྟེ། འདིར་བརྗོད་པར ་བྱའོ། དེ་བཞིན་དུ་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་བས་བཤད་གཅི་ལ་སོགས་པའི་བདུད་རྩི་ལྔ་གཟུགས་བརྙན་བྱས་ལ་། སྔ་མ་བཞིན་དུ་ཚེར་མའི་མེ་ལ་བསྲེགས་ན། སངས་རྒྱས་ཀྱང་འཇིག་ཅེས་པ་ནི་ཕུལ་དུ་བྱུང་བའི་ཚིག་གོ། རྣམ་པར་སྣང ་མཛད་ཀྱི་རྣལ་འབྱོར་པས་ཆུའི་འགྲམ་གྱི་ས་བསྒྲུབ་བྱའི་རྐང་རྗེས་ཀྱི་སས་བསྲེས་ལ་གཟུགས་བརྙན་བྱས་ཏེ། དེའི་ཡན་ལག་གི་ཚིགས་རྣམས་དང། སྒོ་རྣམས་ལ་མང་ནི་ཤིང་ལ་སོགས་པའི་ཚིར་མ་བཙུགས་ཏེ། ཁྲོ་བོའི་སྔགས་བརྗོད་ལ་སྔ ་མ་བཞིན་དུ་བསྲེགས་ན་ངག་དེ་འཆི་བར་འགྱུར་རོ། །སྐེ་ཚེ་དང་ལན་ཚ་དང་འབྲུ་མར་དང་དུག་དང། སྨོ་བྱེད་ཀྱི་ཁུ་བས་སྔ་མ་བཞིན་དུ་མི་བསྐྱོད་པའི་རྣལ་འབྱོར་པས་དུར་ཁྲོད་ཀྱི་ཐལ་བས་གཟུགས་བརྙན་བྱས་ལ་བསྲེགས་ན་དགྲ་བོ་འཆི་བར་འགྱུར ་རོ། རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་པས་སོལ་བའི་ཁུ་བས་གཤེར་བའི་གོས་གྱོན་ལ་མངོན་སྤྱོད་ཀྱི་གཟུགས་བརྙན་སེམས་ཁྲོ་བོས་རྐང་པ་གཡོ་པས་མནན་ན་དེའི་ཚེ་སྒྲུབ་བྱ་སྲིན་པོ་རྣམས་ཀྱིས་གཟུང་བ་ཡིན་ནོ། །དེ་བཞིན་དུ་སྣང་བ ་མཛའ་ཡས་ཀྱི་རྣལ་འབྱོར་པས་མི་རུས་ཀྱི་ཕྱེ་མའི་གཟུགས་བརྙན་དུག་དང་ཁྲག་གིས་བསྲེས་པར་བྱས་ལ། །སྔ་མ་བཞིན་དུ་གནོན་ན་རྡོ་རྗེ་སེམས་དཔའ་ཡང་ཁྱེར་བ་ནི་སྲིན་པོ་རྣམས་ཀྱིས་གཟུང་བར་འགྱུར་ཏེ། བདག ་ཉིད་ཆེ་བ་བསྟན་ཏོ། །དོན་ཡོད་གྲུབ་པའི་རྣལ་འབྱོར་པས། བཤད་གཅི་སྦྱོར་བ་ནི་བདུད་རྩི་ལྔས་བྱས་པའི་གཟུགས་བརྙན། སྐེ་ཚེའི་ཕྱེ་དང་ལྡན་པར་བྱས་ལ་སྔ་མ་བཞིན་དུ་མནན་ན་།ཚ་བ་ཆེན་པོས་དགྲ་གཟུང་བར་འགྱུར་རོ། །དེ་ལ ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ཞེས་པ་ནི་མངོན་སྤྱོད་ལའོ། །དེ་བཟིན་གཤེགས་པ་ཐམས་ཅད་ནི་དེ་རྣམས་ཀྱིས་རང་བཞིན་གྱི་དོན་ཡོད་གྲུབ་པ་སྟེ། དེ་ཉིད་ཀྱི་དམ་ཚིག་ཆེན་པོའི་ཁྲོ་བོ་ནི་བདུད་རྩི་འཁྱིལ་པ་སྟེ། དེ་ཉིད་ཀྱི་སྙིང་པོ་ནི ་སྙིང་པོའི་སྔགས་ཏེ། ལས་ཐམས་ཅད་པ་ཡིན་པའི་ཕྱིར་དམ་ཚིག་གོ། ན་མ:ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །སྔགས་འདི་ཉིད་བརྗོད་ལ་མངོན་སྤྱོད་ཀྱི་རྫས་རྣམས་ཀྱི་སྦྱིན་སྲེག་གམ། ཡང་ན་བསམ་གཏན་ནི་ཏིང་ངེ་འཛིན ་གྱི་སྦྱིན་སྲེག་གང་གིས་བྱེད་པ་དེ་ནི། ལུས་ངག་སེམས་ནི་དགྲ་པོའི་ལུས་ལ་སོགས་པ་འཇིག་པར་བྱེད་དོ། །མ་ཡེངས་པའི་སེམས་ནི་རྩེ་གཅིག་པར་གྱུར་པའི་སེམས་ཀྱིས་འདི་བྱེད་ན། གསོད་པའི་མཆོག་ནི་ངེས་པར?་གསོད་པ་འགྲུབ ་པོ་ཞེས་སྟོན་ཏོ། །ད་ནི་མངོན་སྤྱོད་ཀྱི་ཏིང་ངེ་འཛིན་གྱི་ཁྱད་པར་བཤད་པར་བྱ་སྟེ། རྡོ་རྗེ་སེམས་དཔའ་ཁྲོ་བོ་ཆེ་ཞེས་བྱ་བ་ལ་སོགས་པ་ལ། སྟ་རེ་དང་ཐོབ་ཐོགས་པ་དང་རྡོ་རྗེ་བཞིན་དུ་སེམས་དྲག་པོ་གང་ལ་ཡོད་པ་དེ་ནི་རྡོ་རྗེ་སེམས་དཔའ་སྟེ། ་གདུག་པའི་སེམས་དང་ལྡན་པའི་བསྒྲུབ་བྱ་བསམས་ལ། དེ་ཉིད་ཀྱི་ཁྲོ་བོ་ཆེ་ནི་དེའི་རང་བཞིན་གྱི་གདུག་པའི་ལས་བསམས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ན་མཁའ་ཨི་ཁམས་ཡོངས་སུ་གང་བར་བསྒོམས་ལ། སྟ་རེ་དང ་ཐོ་བ་ཐོགས་པའི་གདུག་པ་དེས་དེ་བཞིན་གཤེགས་པ་རྣམས་དང་ས་བཅུའི་དབང་ཕྱུག་དང། བྱང་ཆུབ་སེམས་དཔའ་དང་རྡོ་རྗེ་འཆང་ལ་སོགས་པ་ཡང་གསོད་པར་བསྒོམས་ལ། གདུག་པ་དེ་སངས་རྒྱས་ཐམས་ཅད་ལ་གནོད་པ་བྱེད་པ་ཡིན་ནོ ་ཞེས་རྣལ་འབྱོར་པས་བསམ་པར་བྱའོ། །དེའི་རྗེས་ལ་རེ་ཞིག་དང་པོ་རྩེ་གཉིས་ཀྱི་གཙུགས་པའི་བཤད་སྒོ་དང་ཁ་ལས་བྱུང་བའི་ཁྲག་གི་རྒྱུན་སྐྱུགས་པ་དང། སྙིང་ཀ་ལས་ཀྱང་དེ་ཉིད་འཛག་པ་དང། རླུང་གི་དཀྱིལ་འཁོར་གི་སྟེང་དུ་འདྲེན་པ ་དང། སྲིན་པོ་དང་འུག་པ་དང་ཁྱི་དང་བྱ་རོག་ལ་སོགས་པས་སྐྲག་པར་བྱས་པ་དང། དེ་ཉིད་ཀྱི་ཕྱིར་འཇིགས་པ་ནི་སྐྱབས་མེད་པ་སྟེ། སྲིན་པོ་ལ་སོགས་པ་དེ་རྣམས་ཀྱིས་དུམ་བུར་བྱས་ཏེ་ཟ་བར་བསམས་པར་གྱུར་ན་དེའི་ཚེ། སངས་རྒྱས་དག ་ཀྱང་ངེས་པར་འཇིག་ཅེས་པ་ནི་ཕུལ་དུ་བྱུང་བའི་ཚིག་གོ་།རིམ་པ་གཞན་གྱིས་མངོན་སྤྱོད་བཤད་པར་བྱ་སྟེ། སྤྲུལ་ནག་རབ་ཏུ་ཁྲོ་བ་ནི་ཞེས་བྱ་བ་ལ་སོགས་པ་ནི། ག་པེ་ག་ཙུ་དང་དུག་དང་ཁྲག་དང། ལན་ཚས?་ས་ལ་སྦྲུལ་ནག་པོ་བྲིས་ཏེ། ་དེའི་རྗེས་ལ་ཕྱོགས་བཅུ་ལ་གནས་པའི་སེམས་ཅན་ཐམས་ཅད་ལ་ཡམས་དང་གནོད་པ་འགྲོ་བ་དང་མི་འགྲོ་བའི་དུག་དང་ཉེ་བའི་དུག་ལ་སོགས་པ་ལ་ཡི་གེ་ཧཱུཾ་གིས་དེ་རྣམས་ཁ་དོག་ནག་པོ་དུ་བའི་ཕུང་པོ་དང། འདྲ་བ་བཀུག་ལ་སྦྲུལ ་དེ་ཉིད་ཀྱི་དཔྲལ་བ་ནི་གདེངས་ཀའི་ཚོགས་ཀྱི་ནང་དུ་འཇུག་པར་བྱའོ། །དེ་ནས་སྦྲུལ་དེ་ཉིད་ཧཱུཾ་ནཱཾ་ཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་བསྐུལ་ཏེ། ཨོཾ་ཊ་ཊཎྚ་ད་ར་ཧཱུཾ་ཕཊ་ཞེས་བྱ་བའི་སྔགས་ཀྱིས་ཀླུའི་རྒྱལ་པོ་བརྒྱད་ཀྱི་སྙིང་པོ་དེ་ཉིད་དུ་འཇུག་ལ། དེ ་མ་ཐག་ཏུ་སྤྲུལ་བསྐྱོད་པར་འགྱུར་རོ། །དེའི་འོག་ཏུ་རྟ་མགྲིན་གྱི་རྣལ་འབྱོར་དང་ལྡན་པའི་རྣལ་འབྱོར་པས་སྤྲུལ་དེ་ལ་བཀའ་སྩལ་པར་བྱ་སྟེ། སོང་ལ་ཆེ་གེ་མོ་འདི་ཟོ་ཞིག་པའོ། །དེ་ནས་སྦྲུལ་དེ་དུ་ཕྱིན་ནས་བསྒྲུབ་བྱ་དེ་ཟ་བ་ཡིན་ཏེ། འདི་ནི ་ཟོས་པས་མི་སྣང་བའི་སྦྱོར་བའོ། །ཐོ་བ་རབ་ཏུ་དྲག་པོ་ཡིས་ཞེས་བྱ་བ་ལ་སོགས་པ་ལ། སྔ་མ་བཞིན་དུ་མངོན་སྤྱོད་གྱི་རྫས་རྣམས་ཀྱིས་དག་པོའི་གཟུགས་བརྙན་བྱས་ལ། གཤིན་རྗེ་གཤེད་ལ་སོགས་པ་ལས་གང་ཡང ་རུང་བའི་ཁྲོ་བོའི་གཟུགས་ལ་དམིགས་ཏེ། དེ་ཉིད་ཀྱི་སྔགས་མིང་སྤེལ་བ་སྔོན་དུ་འགྲོ་བ་བརྗོད་ཅིང་རྡོ་རྗེ་ཐོ་བ་དང་སྟ་རེ་ལ་སོགས་པས་དགྲ་བོའི་སྙིང་ཁར་བརྡུངས་ན། རྡོ་རྗེ་སེམས་དཔའ་ཨི་ནི་མངོན་སྤྱོད་ལ་མཁས་པ་སྟེ། དེ་ཡང་འཆི་བར་འགྱུར་རོ། ། ་བསྲུང་བ་ལ་སོགས་ཞེས་བྱ་བ་ལ་སོགས་པ་ལ། དགྲ་བོ་དེའི་ཕྱོགས་བྱེད་པ་གང་ཞིག་བསྲུང་བའི་སྔགས་དང། ལྷ་རྣམས་ནི་ཙཎྜི་ཀ་ལ་སོགས་པ་སྟེ། དེ་རྣམས་ཀྱང་སྦྱོར་བ་འདི་ཉིད་ཀྱིས་ཕུར་བུར་གདབ་པར་བྱའོ། །དེའི་ཕྱིར་སྦྱོར་བ་འདིས ་གསོད་པར་བྱེད་པའོ། །སྔར་བཤད་པའི་སྦྱོར་བ་རྣམས་ཀྱི་ནང་ན། མཆོག་ནི་གཙོ་བོར་གྱུར་པ་སྟེ། གཞན་གྱི་ཕྱོགས་ཀྱང་འཇིག་པའི་ཕྱིར་རོ། །དམ་ཚིག་ཤིན་ཏུ་འདའ་དཀའ་བ་ཞེས་བྱ་བ་ནི་འདི་ཉིད་དེ། གཞན་རྣལ་འབྱོར་པས་མི་ཐུབ ་པའི་ཕྱིར་ཏེ། བསྐྱེད་པའི་རིམ་པའོ། །རྡོ་རྗེའི་ཕུང་པོར་ཇི་ཙམ་དུ་ཞེས་བྱ་བ་ལ་སོགས་པ་ལ། སེམས་ཅན་ཐམས་ཅད་ཀྱི་ཇི་ཙམ་དུ་ཕུང་པོ་ནི་ཕུང་པོ་ལྔའི་རང་བཞིན་གྱིས་ལུས་ངག་ཞིག་ཡོད་པ་དེ་ཉིད། རྡོ་རྗེ་ནི་འོད་གསལ་བས་བསད་པ ་ནི་རིལ?་པོར་འཛིན་པ་དང་རྗེས་སུ་གཞིག་པ་དག་གིས་བདག་ཉིད་རྟོག་པ་འོད་གསལ་བ་དེ་ཉིད་ལ་ཞུགས་པར་བསམ་པར་བྱའོ། །དེའི་ཚེ་སེམས་ཅན་དེ་རྣམས་མཉེས་པར་འགྱུར་བ་ནི་རྡོ་རྗེ་འཆང?་ཆེན་པོའི་གོ་འཕང་ཐོབ་པར་འགྱུར་རོ། ། ་གཞན་དུ་མིན་ཞེས་པ་ནི་འོད་གསལ་པའི་གོ་འཕང་སྤངས་ནས་མ་ཡིན་ནོ་ཞེས་སྟོན་ཏོ། །འོད་གསལ་བའི་ཏིང་ངེ་འཛིན་འདིས། སངས་རྒྱས་ནི་གཟུགས་ཀྱི་ཕུང་པོ་དང། རྡོ་རྗེ་འཛིན་ནི་ཚོར་བའི་ཕུར་པོ་དང། སྟོན་པ་ནི་འདུ་ཤེས་ཀྱི་ཕུང་པོ་དང། ་རྡོ་རྗེ་ཆོས་ནི་འདུ་བྱེད་ཀྱི་ཕུང་པོ་དང། རྡོ་རྗེ་ཅན་ནི་རྣམ་པར་ཤེས་པའི་ཕུང་པོ་སྟེ། ལྔ་པོ་དེ་?་བསམ་གཏན་སྦྱོར་བ་ནི། ཏིང་ངེ་འཛིན་འདིས་འཆི་བར་གྱུར་པ་ནི་འོད་གསལ་བ་ཉིད་དུ་གྱུར་པའོ། །རྡོ་རྗེ་ཐུགས་ཀྱི་བཀའ་བཞིན་དུ་ཞེས་པ་ནི་ཡིད་ཆེས ་པའི་ཕྱིར་ཏེ། །དག་པོ་ཆེན་པོ་ནི་གསོད་པའི་བསམ་གཏན་དང། དམ་ཚིག་ནི་འོད་གསལ་བསྒོམ་པ་སྟེ། དེ་དག་གང་ལས་བྱུང་བ་དེ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། མངོན་པར་བྱང་ཆུབ་པའི་རིམ་པའོ། །དེ་ནས་ཞས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་འཛིན་ནི་རྡོ་རྗེའི ་ཕྱག་མཚན་དང་ལྡན་པའོ། །དྲག་པོའི་ལས་མཛད་པས་ན་རྒྱལ་པོའོ། །གདུག་པ་ཐམས་ཅད་སྟོང་པ་ཉིད་དུ་མཛད་པས་ན་ཐམས་ཅད་ནམ་མཁའ་ཨོ། །དེ་ལྟར་ཡིན་ན་ཡང། ཐུབ་ཆེན་པོ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེའི་གོ་འཕང་ཐོབ་ཏུ་འཇུག་པས་ན་ཐུབ་ཆེན ་པོའོ། ཐམས་ཅད་དབང་བསྐུར་བ་ནི་དྲག་པོའི་ལས་ལ་འཇུག་པའི་ཕྱིར་རོ། །བསམ་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱི་ཁམས་འདུལ་པར་མཛད་པས་ན་རྫོགས་སངས་རྒྱས་སོ། །དེ་ལྟ་བུའི་བཅོམ་ལྡན་འདས་ཀྱིས་ཡེ་ཤེས་ནི་དེ་ཁོ་ན་ཉིད་དང། ་རྡོ་རྗེ་ནི་དྲག་པོའི་ལས་བཀའ་སྩལ་པ་སྟེ་བསྐྱེད་པའི་རིམ་པའོ། །ེ་མའོ་ཞེས་བྱ་བ་ལ་སོགས་པ་ལ། ཀྱེ་དེ་བཞིན་གཤེགས་པ་རྣམས། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་བའོ། །རྡོ་རྗེ་ཐེག་པ་ནི་སྔགས་ཀྱི་ཚུལ་ཏེ་རང་བཞིན་གྱིས་དག་པ་དང། ་བླ་ན་མེད་པ་ནི་ཕུལ་དུ་བྱུང་བ་སྟེ། གང་དུ་ཐོག་མ་ནས་མ་སྐྱེས་པའི་ཆོས་རྣམས་ནི་ཕུང་པོ་ལ་སོགས་པ་སྟེ་། དེ་ལ་རྒྱལ་བ་རྣམས་ཀྱིས་ནི་ཁོ་བོ་ཅག་གིས་སྐྱེ་བར་བསྟན་པ་ནི་བསྒྲུབ་བྱ་དང་སྒྲུབ་བྱེད་དང་སྒྲུབ་པའི་དབྱེ་བ་སྟེ། དེ་ལ་ཞི་བ་ལ་སོགས་པ ་དང་དེ་བྱེད་པས་བྱང་ཆུབ་ཐོབ་པའི་ཞེས་བྱ་བ་ལ་སོགས་པ་བསྟན་པ་སྟེ། དེ་དག་ཐམས་ཅད་སྒྱུ་མའི་ངོ་བོ་ཡིན་ཏེ། དེ་མ་ཤེས་པས་རྣམ་པར་དག་པའི་ཕྱིར་སྤྲོས་པ་འདི་དག་བྱ་བ་ཡིན་ནོ་ཞེས་དགོངས་པ་སྟེ་རྫོགས་པའི་རིམ་པའོ་།སྤྲོས་པ་དེ་ཉིད ་བཤད་པར་བྱ་སྟེ། དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ཞེས་པ་ནི་སྤྲོས་པ་དེ་རྣམས་ལ། ཕྲན་ཚེགས་ནི་གདུག་པའི་སེམས་ཅན་གྱི་སྒྲུབ་པ་ནི་གསོད་པ་ལ་སོགས་པ་དེ་ཉིད་ལས་ཡིན་པ་སྟེ། དེའི་འཁོར་ལོའི་ཚོགས་ཡིན་ནོ། ། ་སྤྲུལ་ནི་མི་སྡུག་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྒྱུས་ཀྱི་སོལ་བ་ནི་མཚོན་ཆས་ཤི་བའི་སྐྱེས་པའི་སོལ་བའི་རྡོ་རྒྱུས་ཀྱིས་ལྕེ་གཉིས་པ་སྟེ་སྤྲུལ་ནག་པོ་ས་ལ་བྲིས་ཏེ། དེའི་གདེངས་ཀའི་ནང་ན་ཡི་གེ་ཁཾ་བཀོད་ལ། དེ་ལ་ཀླུ་ཁྲོ་བོ་ནི་ནོར་རྒྱས་ཀྱི་བུ་ལ ་སོགས་པའི་སྙིང་ཁར་གནས་པའི་དུག་དང། དེ་བསྐུལ་བ་ནི་དེ་ཉིད་དགུག་པ་བྲིས་པའི་སྦྲུལ་གྱི་ཁའི་དབུས་སུ་ཡི་གེ་ཁཾ་ལ་བཞག་ཅིང། སྦྲུལ་དེ་ཉིད་ཀླུའི་རྒྱལ་པོ་ཐམས་ཅད་ཀྱི་དུག་གིས་ཡོངས་སུ་གང་བར་བསམས་ལ། དེ་ནས་སྤྲུལ་དེ་བསྐྱོད ་པས་ཆེ་གེ་མོ་སོད་ཅིག་ཅེས་བསྐུལ་ན་བསྒྲུབ་བྱ་དེས་འཆི་བར་འགྱུར་རོ། །དུག་སེལ་བ་བཤད་པར་བྱ་བ་སྟེ། དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དུག་ཐམས་ཅད་ནི་དུག་དང་ཉེ་བའི་དུག་རྣམས་ཏེ། དེ་དག་འབྱིན་པ་ནི་དགུག་པ་སྟེ། དེ་ལ་སྙིང ་པོ་ས་བོན་ཏེ་ཡི་གེ་ཧྲཱི:ཱོ། །ཡི་གེ་འདིས་ཁམས་གསུམ་པར་གནས་པའི་འགྲོ་བ་དང་མི་འགྲོ་བའི་དུག་བཀུག་ལ་སྤྲུལ་གྱི་ལུས་ལ་ཞུགས་པར་བྱ་སྟེ། དེའི་ཚེ་སྦྲུལ་དེ་ཉིད་དུག་གི་རྒྱ་མཚོར་གྱུར་ཅིང་གང་ལ་རེག་པ་དེ་དང་ཇི་སྲིད་འགྲོ་བ་རྣམས་ཀྱང ་འཆི་བར་འགྱུར་རོ། །དེ་བཞིན་དུ་སྡིག་པ་དང་སྦལ་པ་ལ་སོགས་པའི་སེམས་ཅན་ཕྲན་ཚོགས་བསྒྲུབ་པར་བྱའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དུག་ནི་རྣམ་པ་གཉིས་ཏེ། སྤོ་བ་ནི་གནས་ལ་གནས་གཞན་དུ་སྤོ་བབ?་སྟེ། དེ་ལ་སྙིང་པོ་ནི་ས ་བོན་ཏེ་ཡི་གེ་ཨོཾ་མོ། །ལྟ་བ་དང་དྲན་པ་དང་རེག་པ་ལ་སོགས་པའི་དུག་གང་ཡིན་པ་དེ་ནི་རེ་ཞིག་དང་པོ་སྔར་བཤད་པའི་རིམ་པས། ནམ་མཁའ་ཨི་རྡོ་རྗེ་དཀྱིལ་འཁོར་ནི་བསྒྲུབ་བྱའི་ལུས་ལ་འཇུག་ཅིང་ཡི་གེ་ཨོཾ་གྱིས་སྤྱི་བོར་བཅིང་བར་བྱ་སྟེ། དེ་ནི ་འཇུག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དུག་གི་དམ་ཚིག་ཆེན་པོ་ནི་དགུག་ཅིང་འཇུག་པ་སྟེ། དེ་ལ་རྡོ་རྗེ་ནི་བརྟན་པའི་རྡོ་རྗེ་འཆང་གིས་དེ་སྐད་བཀའ་སྩལ་ཏོ་ཞེས་པ་དང་སྦྱར་རོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དུག་གསོ་བ་ནི་སེལ་བ་སྟེ། དེ ་ལ་དམ་ཚིག་ནི་བསྒོམ་པ་སྟེ། རྡོ་རྗེ་སྙིང་པོ་ནི་མི་བསྐྱོད་པའི་སྙིང་པོ་སྟེ་ཡི་གེ་ཧཱུཾ་ངོ། །ཡི་གེ་འདི་དཀར་པོ་བསྒྲུབ་བྱའི་སྙིང་གར་བསམས་ལ། དེ་ལས་བྱུང་བའི་ཟླ་བ་དང་འདྲ་བའི་འོད་ཟེར་གྱི་འཁོར་ལོས། གནས་བཞི་ནི་པགས་པ་དང་ཤ་དང་ཁྲག ་དང་གླད་པ་སྟེ། དེ་ལ་གནས་པའི་དུག་སྦྱོར་བ་ནི་འོད་ཟེར་གྱི་སྦྱོར་བས་དགུག་སྟེ། འབྱུང་བར་གྱུར་པ་ནི། ཐམས་ཅད་བསྡུས་ནས་ལྐོག་མའི་རྩར་ཕྱིན་པའོ། །དེའི་རྗེས་ལ་ལན་གསུམ་མམ་གཉིས་ཀྱི་བར་དུ་དེ་ལས་བསྐུལ་ཞིང་ནད་པའི་ཁས་སྐྱུག ་པར་བསམ་པར་བྱའོ། །ནམ་མཁའ་ཨི་ཁམས་ཞེས་བྱ་བ་ལ་སོགས་པ་ནི་ཕུལ་དུ་བྱུང་བའི་ཚིག་གོ། དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། ཉེ་བའི་དུག་ནི་ནད་ཀྱིས་བྱས་པའི་དུག་རྣམས་ཏེ། དེ་རྣམས་ཐམས་ཅད་དྲང་བ་ནི་སེལ་བ་སྟེ། དེ་ལ་སྙིང་པོ ་ཡི་གེ་ཨཱ:སྟེ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཡིན་པའི་ཕྱིར་བདུད་རྩིའི་ས་བོན་ནོ། །འབྲས་དང་ཕོལ་མིག་ཞེས་བྱ་བ་ལ་སོགས་པ་ལ། འབྲས་ལ་སོགས་པའི་ནད་རྣམས་དང། གཞན་ནི་མཚན་རུལ་དང་སྐྲན་དང། སྐྲངས་པ་ལ་སོགས་པ་དང། ་མཛེའི་རྣམ་པ་བཅོ་བརྒྱད་སྟེ། དེ་རྣམས་ཀྱིས་ནོན་པའི་ནད་པ་རྣམས་ཀྱི་སྙིང་གར་གསུང་གི་ས་བོན་བཀོད་ལ་དེས་ཀྱང་སྔ་མ་བཞིན་དུ་པགས་པ་ལ་སོགས་པར་གནས་པའི་དུག་བཀུག་ཅིང་སྒོ་གཉིས་ལས་སྒྱུགས་པར་བསམ་པར་བྱའོ། ། ་དེའི་ཚེ་དེ་རྣམས་ལས་བྱུང་པའི་དུག་མེད་པས་ལུས་ཀྱི་ནད་རྣམས་ཞི་བར་འགྱུར་རོ། །ཕྱག་ན་རྡོ་རྗེ་བཀའ་བཞིན་ཞེས་པ་ནི་ཡིད་ཆེས་པའི་ཚིག་གོ། བསྒོམ་པ་གཞན་བཤད་པར་བྱ་བའི་ཕྱིར། པདྨ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། རེ་ཞིག་དང་པོ་རྣལ་འབྱོར་པས་ལག་པ་གཡས་པ་ལ་ངག་གི་དབང་ཕྱུག་གི་ས་བོན་ལས་བྱུང་བའི་པདྨ་དཀར་པོ་འདབ་མ་བརྒྱད་པ་བསྒོམས་ཏེ། དེའི་ལྟེ་བར་གནས་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡང་དག་གི་ས་བོན ་དེ་ཉིད་བཀོད་ལ། འདབ་མ་བརྒྱད་པོ་ལ་ཡང། འོད་ཟེར་ལྔ་རྫོགས་པ་ནི་དབྱངས་ཀྱི་སྡེ་ཚན་བཀོད་ཅིང་དེ་ལས་བྱུང་བའི་འོད་ཟེར་གྱི་འཁོར་ལོས་ཆུ་བྱིན་གྱིས་བརླབས་ལ། གང་ལ་བྱིན་པ་དེ་ནི་དེ་མ་ཐག་ཏུ་དུག་དང་བྲལ་བར་འགྱུར་རོ། །ཁྱད་པར ་བཤད་པར་བྱ་སྟེ། སྡུད་པ་ནི་དུག་སྤོ་བ་ལ། དམ་ཚིག་གནག་ནི་ས་བོན་དང་བདག་ཉིད་བསྒྲུབ་བྱ་རྣམས་ནག་པོར་བསྒོམ་པར་བྱའོ། །བསྐུལ་བ་ནི་དུག་སེལ་བ་ལ་དེ་རྣམས་དཀར་པོར་བསྒོམ་མོ་ཞེས་དགོངས་པའོ། །བསམ་གཏན་གནས་ཞེས ་བྱ་བ་ལ་སོགས་པ་ལ། བསམ་གཏན་ནི་ཏིང་ངེ་འཛིན་ནོ། །ཇི་ལྟ་བུ་ཞེ་ན། གནས་ནི་སྔགས་པའི་འགྲོ་བའི་དོན་གྱི་གནས་སུ་གྱུར་པ་དང། གསང་བ་ནི་ཉན་ཐོས་ལ་སོགས་པ་ལ་སྦ?་བར་བྱ་བ་དང། གསང་ཆེན་ནི་ཞལ་གྱི་མན་ངག་ལ ་གནས་པ་སྟེ། ཤོ་བེ་ལ་སོགས་པ་ལ་ནི་མ་ཡིན་ནོ། །ཡེ་ཤེས་དྲི་མེད་ནི་རྣམ་པར་དཔྱད་ན་དེ་ཁོ་ན་ཉིད་མངོན་དུ་བྱེད་པའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། ཕྱི་ནི་སེམས་དང་ལྡན་པ་དང་སེམས་དང་མི་ལྡན་པ་ལ་སོགས་པས་བྱས་པའི ་སྐྱོན་རྣམས་སོ། །ནང་གི་ནད་ནི་རླུང་དང་མཁྲིས་པ་དང་བད་ཀན་ཚོགས་པ་བྱས་ཏེ། དེ་རྣམས་གསོ་བ་ནི་སེལ་བ་སྟེ། དེ་ལ་སྙིང་པོ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་སྙིང་པོ་སྟེ། དེ་ཉིད་སྦས་པའི་རྣམ་པས་སྨྲ་བའི་ཕྱིར་སྔགས་དང། ཡི་གེ ་ནི་ནད་སེལ་བ་ལ་བརྟན་པའི་ནུས་པ་དང་ལྡན་པའི་ཕྱིར་རོ། །ཛི་ན་ཛི་ཀ་ཅེས་བྱ་བ་ལ་སོགས་པ་ལ། སྔགས་དེ་རྣམས་སྐུ་གསུང་ཐུགས་ཀྱི་དེ་བཞིན་གཤེགས་པའི་རིགས་གསུམ་སྐྱེད་པར་བྱེད་པ་སྟེ། དེ་ཉིད་ཀྱི་ཕྱིར་གང་ཞིག་ཡི ་གིའི་ཚིག་ནི་དེ་བཞིན་གཤེགས་པའི་སྐུ་སྟེ། དད་པས་ཡོན་ཏན་ཐོབ་འགྱུར་བ་ནི་གང་ཞིག་དད་པའི་མོས་པའི་དབང་གིས་རྣལ་འབྱོར་བས་མངོན་པར་འདོད་པ་དེ་ལྟ་བུའི་དེ་བཞིན་གཤེགས་པའི་སྐུ་བསྒོམ་པར་བྱའོ། །ཅིའི་ཕྱིར་ཞེ་ན། ་ནད་ཀྱི་རྡོ་རྗེ་བསྐུལ་བ་ཡིས་ཞེས་པ་ནི་སྔར་བཤད་པའི་རྡོ་རྗེ་བཞིན་དུ་མི་ཐུབ་པའི་ནད་རྣམས་བསྐུལ་བ་ནི་སེལ་བ་སྟེ་དེའི་ཕྱིར་རོ། །དེ་ལྟར་བདག་ཉིད་ཀྱིས་བསྒོམ་པ་བྱས་ལ་ནད་ཀྱིས་ཟིན་པ་གང་ཞིག་ནད་ཡོད་པ་དེ་རྣམས་དེའི་སྙིང་ག ་ལས་སྤྲེའུ་དང་འདྲ་བ་འམ། ཁྱི་ལ་སོགས་པ་འདྲ་བ་སྟེ། དེ་ཉིད་ཀྱི་ལུས་ངག་ཡིད་ལས་བྱུང་ཞིང་ཕྱི་རོལ་ཏུ་བལྟས་ཏེ། འོད་ཟེར་འབར་བའི་འཁོར་ལོ་དང་རྡོ་རྗེ་ལ་སོགས་པ་དེ་རྣམས་ཀྱི་ལུས་ལ་སོགས་པ་ཕྱེ་མར་བརླག་པར་བསྒོམ་པར་བྱའོ།། ་དེའི་རྗེས་ལ་ནད་རྣམས་འཇིག་པས་རྫོགས་སངས་རྒྱས་ནི་དེ་བཞིན་གཤེགས་པ་རྣམས་དེའི་ཕུང་པོ་རྣམས་དང། མིག་ལ་སོགས་པ་ལ་བྱང་ཆུབ་སེམས་དཔའ་རྣམས་དགོད་པར་བྱའོ། །དེའི་རྗེས་ནད་པ་དེ་ཉིད་ཀྱི་ལུས་ལ་སོགས་པ་ལ། ནམ ་མཁའ་ལ་བཞུགས་པའི་སངས་རྒྱས་རྡོ་རྗེ་འཆང་གི་སྤྲིན་འོད་ཟེར་གྱི་ངོ་བོར་ཞུགས་པར་བསྒོམས་ན་དེའི་ཚེ་ནད་ལས་ཐར་པར་འགྱུར་པ་སྟེ་བསྐྱེད་པའི་རིམ་པའོ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་ཞེས་བྱ་བ་ལ་སོགས་པ་ལ། ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ནི་རླུང་བཅུ་དང། བྱང་ཆུབ་སེམས་དཔའ་ནི་རང་བཞིན་རྣམས་དང། བློ་ལྡན་ནི་ཡེ་ཤེས་རྣམས་ཏེ། དེ་དག་ཐམས་ཅད་ཁྲོས་པ་ནི་དེ་རྣམས་ཉེ་བར་སྤྱད?་པར་བྱེད་པ་ལ་རྩོལ་བ་དང་ལྡན་པའི་རྣལ་འབྱོར ་པས་བསམ་པ་ནི་འོད་གསལ་བ་ཉིད་དུ་བྱའོ། །འཆི་བར་བྱེད་པ་དམ་པ་ཡིན་ཞེས་པ་ནི། དོན་དམ་པའི་ངོ་བོ་མི་སྣང་བར་བྱེད་པ་དེ་ཡིན་ནོ་ཞེས་སྟོན་ཏོ། །བསམ་གཏན་སྦྱོར་བ་ནི་ཏིང་ངེ་འཛིན་གྱི་སྦྱོར་བ་འདིས་ལས་ལས་སྐྱེས་པ་ན་ལས ་སྐྱེས་ཏེ། ཡན་ལག་དྲུག་གཉིས་པའི་འཁོར་བའི་འཁོར་ལོ་སྟེ། གྲགས་པ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་གང་ཡིན་པ་སྟེ། བརྒྱ་རྩ་བརྒྱད་བཟླས་པ་ནི་བརྒྱད་ཀྱིས་ལྷག་པའི་བརྒྱའི་བཟླས་པ་སྟེ་རྡོ་རྗེ་བཟླས་པས། ་ཉི་མ་བདུན་ནི་ན་རིག་པའི་ངོ་བོའི་རང་བཞིན་རྣམས་འགགས་པས་འཇིག་པར་འགྱུར་རོ། །ཡང་ན་ཞེས་བྱ་བ་ལ་སོགས་པ་ལ། བདག་གི་སྔགས་རྒྱལ་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་སྟེ། དེའི་སྒོ་ནས་རྡོ་རྗེ་བསམ་གཏན་ནི། སྒྱུ་མ་ལྟ ་བུའི་ཏིང་ངེ་འཛིན་ཏེ། དེ་ལས་བྱུང་བ་ནི་གང་ཞིག་སྤྲོ་བའི་རྣམ་པ་སྟེ། དེ་ཉིད་ཀྱིས་ནད་རྣམས་ཐམས་ཅད་དེ་རྣམ་པར་རྟག་པ་ཐམས་ཅད་ཟད་པར་འགྱུར་རོ། །དེ་ཡང་ནད་རྣམས་ཐམས་ཅད་ཀྱི། དམ་ཚིག་ནི་འཁོར་བའི་ཞགས་པར་གྱུར ་པའི་ནང་རྣམས་ཀྱི་དམ་ཚིག་སྟེ་ཡང་དག་པར་བྲལ་བར་བྱེད་པའོ་།གཞན་ཡང་འདའ་དཀའ་བ་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱིས་སྤང་པར་མི་བྱ་བ་སྟེ། སེམས་རྣམ་པར་དག་པ་དང་རྡོ་རྗེ་བཟླས་པ་དང། བདག་ལ་བྱིན་གྱིས། ་བརླབ་པའི་རིམ་པ་རྣམས་སོ། །དེ་ནས་ཤེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ནི་ཕྱག་རྒྱ་ཆེན་པོ་སྟེ་དེ་འཛིན་པས་ན་རྡོ་རྗེ་འཛིན་ནོ། །འོད་གསལ་པ་ཉིད་དུ་མཛེས་ཤིང་སྣང་བས་ན་རྒྱལ་པོའོ། །ཡེ་ཤེས་ནི་ལྔ་སྟེ་དེ་རྣམས་ཉིད་མ་རིག་པ་འགུགས་པའི ་ཕྱིར་སྐྱོ་བ་སྟེ། དེའི་སྒོ་ནས་འོད་པོ་ཆེ་ནི་ཕུལ་དུ་བྱུང་བ་ཐོབ་པའོ། །འདོད་པ་ནི་སྤྱོད་པ་རྣམ་པ་གསུམ་སྟེ། དེ་ཉིད་ཀྱིས་གང་ཞིག་རྡོ་རྗེ་ཆེ་ནི་བྱང་ཆུབ་རྣམ་པ་གསུམ་གང་གིས་ཐོབ་པ་དེ་ནི་དེ་བཞིན་དུ་བཤད་པ་སྟེ། བཅོམ་ལྡན་འདས་ངེས་གསུང ་འདི་ནི་འོག་ནས་འཆད་པར་འགྱུར་བའི་གསུང་བཀའ་སྩལ་པ་སྟེ། རྫོགས་པའི་རིམ་པ་དང་སྒྲུབ་པ་དག་གོ། ཆོས་རྣམས་རྨི་ལམ་ལྟ་བུ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། ཆོས་རྣམས་ནི་ཕུང་པོ་ལ་སོགས་པ་སྟེ། དེ་རྣམས་རྨི་ལམ་ལྟ་བུ་ཡིན་པ ་སྟེ། དེ་བཞིན་དུ་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་ནི་ལྷའི་རྣམ་པ་རྣམས་སོ། །གཉི་ག་དེ་དག་ཀྱང་རང་བཞིན་དག་པ་ནི་འོད་གསལ་བའི་ངོ་བོ་དང། དེ་ཉིད་ནི་ངོ་བོ་དེ་ཉིད་ཀྱིས་གནས་པ་སྟེ། རྟག་པ་དང་ཆད་པ་ལ་སོགས་པ་དང་བྲལ་བ་དེ་རྣམས་ཀྱི་ནང་ན ་འཁྲུལ་པ་ནི་རྨི་ལམ་སྟེ་།དེ་ཉིད་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱེད་པའི་ཕྱིར་རམ། འབྲས་བུ་ངན་པ་སྩོལ་བའི་ཕྱིར་རྡོ་རྗེ་གསུང་བ་སྟེ་བཤད་པའོ། །དེ་བས་ན་འདི་དག་ཐམས་ཅད་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་སྟེ། སྒྱུ་མའི ་རྣམ་པར་འཕྲུལ་པ་ཡིན་ནོ་ཞེས་ཤེས་པར་གྱིས་ཤིག་པའོ། །དེ་ཉིད་བཤད་པར་བྱ་སྟེ་བསམ་གཏན་བཟླས་པ་ཞེས་བྱ་བ་ལ་སོགས་པ་ལ། སྒྲུབ་པ་པོ་ནི་རྣལ་འབྱོར་པ་རྣམས་ཏེ། བསམ་གཏན་བཟླས་པའི་དོན་བརྩོན་པ་ནི། བསམ་གཏན ་དང་བཟླས་པ་ལས་རྩོལ་བ་དང་ལྡན་པ་དོ་རྣམས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཐོང་བར་འགྱུར་རོ། །ཇི་ལྟར་ཞེ་ན། དབྱེ་བ་རྣམ་པ་གཉིས་སུ་ཞེས་པ་ནི་རླུང་ལ་སོགས་པ་འཁྲུགས་པ། དེ་མེད་པས་མཐོང་བ་ནི་རྨི་ལམ ་མཐོང་བར་འགྱུར་རོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ་དེ་ལ་འདི་ཞེས་པ་ནི་རྨི་ལམ་རྣམ་པ་གཉིས་པ་ལའོ་།རྨི་ལམ་ཆེན་པོ་ནི་བཟང་བ་དང་ངན་པའི་རྨི་ལམ་རྣམས་ཀྱི་དམ་ཚིག་ནི་དེ་རྣམས་མཐོང་པའོ། །བྱང་ཆུབ་ཡེ་ཤེས་མཆོག་ཐོབ ་པ་ནི་ཞེས་བྱ་བ་ལ་སོགས་པ་ལ། འོད་ཟེར་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་གལ་ཏེ་མཐོང་བའམ། རང་གི་བདག་ཉིད་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་གྱི་སངས་རྒྱས་མཐོང་ན་རྣལ་འབྱོར་པ་དེ་སེམས་ཅན་ཆེན་པོ་ཁམས ་གསུམ་པ་ནི་ལྷ་ཆེན་པོ་དང་ཁྱབ་འཇུག་ལ་སོགས་པས་མཆོད་པར་འགྱུར་ཏེ། རྨི་ལམ་གྱི་རྣམ་པར་སྨིན་པའོ། །སྤྲུལ་པའི་སྐུ་བཤད་པར་བྱ་སྟེ། ཡེ་ཤེས་ཆེན་པོའི་འོད་འདྲ་བའི་གཟུགས་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་བྱང ་ཆུབ་སེམས་དཔའ་ནི་མི་བསྐྱོད་པ་ལ་སོགས་པ་དང། སའི་སྙིང་པོ་ལ་སོགས་པས་འདོད་པའི་ཡོན་ཏན་ལྔ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པས་མཆོད་པ་བྱས་པ་དང་ཡེ་ཤེས་ཆེན་པོ་ནི་ཉི་མ་སྟེ། དེའི་འོད་དང་འདྲ་བ་ནི་དེའི ་མདངས་དང་མཉམ་པ་དེ་བཞིན་དུ་རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པ་དང། གཟུགས་ཆེན་ནི་རྣམ་པར་སྣང་མཛད་དང། རྡོ་རྗེ་ཆོས་ནི་སྣང་བ་མཛའ་ཡས་དང། གྲགས་པ་ཆེན་པོ་ནི་རིན་ཆེན་འབྱུང་ལྡན་དང། གསང་བ་རྡོ་རྗེ་ནི་དོན་ཡོད་གྲུབ་པ་དང། གྲགས་ཆེན ་ནི་རྡོ་རྗེ་སེམས་དཔའ་རང་གི་གཟུགས་ནི་རང་གི་བདག་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོའི་ཚུལ་དུ་བསྐོར་ཞིང་ཕྱག་བཙལ་བར་བྱས་པར་རྨི་ལམ་མཐོང་ན་དེའི་ཚེ་རྣལ་འབྱོར་པ་དེ་ལ་སྐུ་གསུང ་ཐུགས་ཀྱི་དངོས་གྲུབ་ནི་རྡོ་རྗེ་འཆང་ཆེན་པོའི་དངོས་གྲུབ་ཡུན་རིང་མ་ཡིན་པས་འབྱུང་བ་སྟེ་འབྲས་བུ་བསྟན་པའོ། །རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་པའི་ཞེས་བྱ་བ་ལ་སོགས་པ་ལ། རྒྱན་དང་བཅས་པའི་ལྷའི་བུ་མོ་འམ་།བྱེའུ་རྨི་ལམ་དུ ་གལ་ཏེ་མཐོང་ན་དེའི་ཚེ་དངོས་གྲུབ་ནི་ཞི་བ་ལ་སོགས་པའི་དངོས་གྲུབ་ཐོབ་པར་འགྱུར་ཏེ་འབྲས་བུ་བསྟན་པའོ། །ཕྱོགས་བཅུའི་སངས་རྒྱས་ནི་སངས་རྒྱས་ཀྱི་ཞིང་ལ་གནས་པའི་མི་བསྐྱོད་པ་ལ་སོགས་པས་མི་གང་ལ། ཆོས་མཆོག་ནི་ཤེས ་རབ་ཕ་རོལ་ཕྱིན་པ་ལ་སོགས་པའི་ངོ་ཉེ་རྩོལ་བ་མཐོང་བ་དང། དེ་རྣམས་ཀྱང་དེ་ལ་བཞུགས་པར་མཐོང་བ་དང། རང་གི་བདག་ཉིད་ཀྱང་ཆོས་ཀྱི་འཁོར་ལོ་བསྐོར་བ་དང། སངས་རྒྱས་ཐམས་ཅད་ཀྱིས་བསྐོར་བ་རྨི་ལམ་དུ་མཐོང་ན་དེ་ནི། དམ ་ཚིག་སྦྱོར་བ་ནི་ཏིང་ངེ་འཛིན་དང་སྤོབས་པ་རྣམས་དང། བསམ་གཏན་རྡོ་རྗེ་ནི་མི་གཡོ་བའི་ཏིང་ངེ་འཛིན་གྱི་ངོ་བོའི་དེ་ཁོ་ན་ཉིད་ལ་ཞུགས་པར་འགྱུར་ཏེ་འབྲས་བུ་བསྟན་པའོ། །དེ་བཞིན་དུ་ཀུན་དགའ་ར་བ་དང། སྐྱེད་མོས་ཚལ་ནི་རྩཝ་མཆོག ་དང། ཤིང་དྲུང་དང། མེ་ཏོག་དང། འབྲས་བུ་ལ་སོགས་པས་རྒྱས་པའི་ངལ་བསོ་བའི་གནས་རྣམས་སྣ་ཚོགས་པའི་ལྷའི་བུ་རྣམས་ཀྱིས་རྣམ་པར་བརྒྱན་པ་གང་གིས་མཐོང་བ་དེའི། བསམ་གཏན་དམ་ཚིག་ནི་ཏིང་ངེ་འཛིན་གྱི་དུས་སུ ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པ་ཡིན་ཏེ་འབྲས་བུ་བསྟན་པའོ། །དེ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མི་གང་ལ་རྨི་ལམ་ན་དབང་བསྐུར་བ་སྩོལ་བ་དེ་ནི་རིག་པ་འཛིན་པའི་རྒྱལ་པོས་མཆོད་པར་འགྱུར ་ཏེ། འབྲས་བུ་བསྟན་པའོ། །རྡོ་རྗེ་ལས་བྱུང་སྣ་ཚོགས་པའི་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ལས་བྱུང་བ་ནི་དགེ་བའི་དབང་གིས་བྱུང་བའི། སྣ་ཚོགས་པ་ནི་རྣམ་པ་དུ་མའི། རྨི་ལམ་དྲི་མེད་ནི་དགེ་བའི་རྨི་ལམ་གལ་ཏེ་མཐོང་ན་དེའི་ཚེ། སྐུ་ ་གསུང་ཐུགས་ཀྱི་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོ་ལས་བྱུང་པའི་བླ་ན་མེད་པའི་དེ་ཁོ་ན་ཉིད་འགྲུབ་པར་འགྱུར་རོ། །རྨི་ལམ་གྱི་འབྲས་བུའོ། །རྨི་ལམ་ངན་པ་བཤད་པར་བྱ་སྟེ། གདོས་པ་ཞེས་བྱ་བ་ལ་སོགས་པ་ལ། གདོལ་པ་ནི་མཚོན་ཆ་འཛིན ་པ་རྣམས་དང། ཁྱི་ལ་སོགས་པ་ནི་ཁྱི་ལ་སོགས་པའི་སྲོག་ཆགས་ངན་པ་རྣམས། གལ་ཏེ་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པས་མཐོང་ན་དེའི་ཚེ། བློ་ལྡན་ནི་ཤེས་རབ་ཅན་དེས་དམ་ཚིག་ཉམས་པ་སེལ་ཞིང། ཚོགས་ཀི་འཁོར་ལོས ་མཆོད་པར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའ་ནི་རྣལ་འབྱོར་དེའི་སེམས་ཀྱི་གནས་ནི་ཞེས་པ་རྡོ་རྗེ་སེམས་དཔའ་དང་འདྲ་བའི་ལུས་འགྲུབ་པར་འགྱུར་རོ་ཞེས་སྟོན་ཏོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ན་རྨི་ལམ་གྱི་སྐབས་སུའོ།། ་རྨི་ལམ་རྣམ་པར་དཔྱད་པ་ནི་ཡོད་པ་དང་མེད་པ་དག་ལས་གྲོལ?་བ་ཉིད་དེ། དེའི་དམ་ཚིག་ནི་སྒོམ་པ་སྟེ། དེ་ཉིད་རྩེ་གཅིག་པར་གྱུར་པས་ཐོབ་པའི་ཕྱིར་སྙིང་པོའོ། །རང་སེམས་ཞེས་བྱ་བ་ལ་སོགས་པ་ལ། རང་སེམས་ནི་རྣམ་པར་ཤེས ་འདྲུག་གི་ངོ་བོའི་སེམས་ཏེ། དེ་ཉིད་སེམས་དམིགས་པ་ནི་ཡང་དག་པར་རྣམ་པར་དཔྱད་པ་སྟེ། གཅིག་དང་དུ་མ་བྲལ་བའོ། །དེ་བྱས་པས་ཆོས་རྣམས་ཐམས་ཅད་ནི་སེམས་ཅན་དང་སྣོད་ཀྱི་རང་བཞིན་གྱི་ཆོས་རྣམས ་སེམས་དམིགས་པ་དེ་ཉིད་ཀྱི་ངོ་བོ་ལ། རབ་ཏུ་གནས་པ་ནི་དེ་ཉིད་དུ་ཐིམ་པར་འགྱུར་པའོ། །དེ་བས་ན་ནམ་མཁའ་ཨི་དབྱིངས་བཞིན་དུ་དེ་རྣམས་གཟུང་བར་མི་ནུས་པ་དང། བརྗོད་པར་མི་ནུས་པའོ། །དེ་པས་ན་ཆོས་ནི་ཕུང་པོ་ལ་སོགས་པ ་མེད་པ་དང། ཆོས་ཉིད་མེད་པའི་ནི་སྟོང་པ་ཉིད་ལས་ཐ་དད་པ་མ་ཡིན་ནོ་ཞེས་ཚིག་གི་ལྷག་མ་སྟེ། ཇི་སྲིད་དེ་ཉིད་རྨི་ལམ་རྣམ་པར་དཔྱད་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ངོ་མཚར་དུ་གྱུར་པ་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད ་པར་ཐོས་པ་དང། རྨད་དུ་གྱུར་པ་ནི་རྨི་ལམ་དང་དེའི་འབྲས་བུ་ཐོས་པས། ཐེ་ཚོམ་གཅོད་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདི་སྐད་ཞུས་པ་སྟེ། ཀྱེ་བཅོམ་ལྡན་འདས ་འདི་ཅི་ཞིག་ངོ་མཚར་བ་ལེགས། གང་གི་ཕྱིར་ཆོས་རྣམས་ངོ་བོ་མེད་པ་ལ་ཞེས་པ་ནི་སྟོང་པ་ཉིད་ཀྱི་ངོ་བོ་ཕུང་པོ་ལ་སོགས་པ་ལ། ཆོས་ནི་རྨི་ལམ་རྣམས་དང་དེ་ཉིད་ནི་དེ་རྣམས་ཀྱི་འབྲས་བཱུང་བཤད་བ་དེ་ནི་ངོ་མཚར་བའོ། ། ་ནམ་མཁའ་ལས་ནམ་མཁའ་དང་སྟོང་པ་ལས་སྟོང་པ་འབྱུང་བའོ་ཞེས་དགོངས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་འཆང་གིས་དེ་རྣམས་ལ་འདི་སྐྱད་གསུངས་པ་སྟེ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། ཀྱེ་དེ ་བཞིན་གཤེགས་པ་རྣམས་ཉིན་ཅིག་།ནམ་མཁའ་ཚེས?་གང་ནི་གཟུགས་ལ་སོགས་པ་དང་མི་ལྡན་ཏེ། ཐོགས་པ་མེད་པ་དང་བསྟན་ཏུ་མེད་པའི་ཕྱིར་རོ། །མི་ལྡན་པ་ཡང་མ་ཡིན་ཏེ། ཁྱབ་བྱེད་ཀྱི་ཕྱིར་རོ། །དེ་བཞིན་དུ་ནམ་མཁའ་ ་དེ་ལ་ང་རྒྱལ་འདི་ལྟ་བུ་ཡོད་པ་མ་ཡིན་ཏེ། ང་ནི་ཐམས་ཅད་དུ་འགྲོ་བ་ནི་ཁྱབ་བྱེད་དང། ཐམས་ཅད་ཀྱི་རྗེས་སུ་བལྟས་པ་ནི་བསྟབ་དུ་མེད་པའོ། །དེ་བཞིན་དུ་རྨི་ལམ་དང་དེའི་འབྲས་བུ་དག་ལ་ནམ་མཁའ་ཨི་དཔེས་མཉམ་པ་ཉིད་དུ་ཤེས་པར་གྱིས་ཤིག ་པའོ། །དཔེ་ལས་བྱུང་བ་བཤད་པར་བྱ་སྟེ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། དཔེར་ན་ནམ་མཁའ་ཨི་ནི་ཐོགས་པ་མེད་པ་དང། བལྟར་མི་སྣང་བ་ནི་གཟུགས་ལ་སོགས་པ་བཞིན་དུ་གནོད་པར་མི་འགྱུར་བ་སྟེ། འདིར་ནི་འདི་ཡིན་ནོ་ཞེས ་ཤེས་པ་བཞིན་དུ་བསྟན་དུ་མེད་པ་སྟེ། དེ་བཞིན་དུ་ཆོས་ཐམས་ཅད་ནི་ཕུང་པོ་ལ་སོགས་པ་ཤེས་པར་གྱིས་ཤིག་པའོ། །ལུས་ལ་སོགས་པ་ཐ་དད་པས་དཔེ་བསྟན་པར་བྱ་སྟེ། ཆོས་ཐམས་ཅད་ནི་ཁམས་གསུམ་ན་གནས་པའི་སེམས ་ཅན་རྣམས་ཀྱིས་ལུས་ངག་ཡིད་རྣམས་སྟོང་པའི་རང་བཞིན་ཡིན་པའི་ཕྱིར་རྡོ་རྗེ་དང། ཀུན་རྫོབ་ཀྱི་ངོ་བོ་ཡིན་པའི་ཕྱིར་གནས་ཏེ། དེ་རྣམས་པར་དཔྱད་ན་སེམས་ཅན་གྱི་རིགས་རྣམ་བཞི་ཁྱབ་པར་བྱེད་པའི་ཕྱིར་ཐམས་ཅད་ཀྱི་རྗེས་སུ ་སོང་བ་དང། འོན་ཀྱང་བདེ་བ་དང་སྡུག་བསྔལ་གྱི་རང་བཞིན་གྱིས་མཉམ་པས་རང་བཞི་ན་གཅིག་པའོ། །དེ་རྣམས་གཉིས་སུ་མེད་པ་ཡིན་ནམ་མ་ཡིན་ཞེ་ན། ལུས་ཀྱི་རང་བཞིན་སེམས་དེ་དང་དབྱེར་མེད་པའི་ཕྱིར་རོ། །སེམས་ཀྱི་ངོ་བོ་ཉིད ་ནི་ལུས་ཏེ། དེ་མེད་པས་མེད་མི་འབྱུང་བའི་ཕྱིར་རོ། །དེ་བཞིན་དུ་ངག་དང་སེམས་དང་ལུས་ངག་དབྱེར་མེད་པ་ཉིད་དུ་ཞེས་པར་བྱའོ། །དེ་བས་ན་ལུས་ལ་སོགས་པ་དང་ནམ་མཁའ་ཨི་ཁམས་གཉིས་སུ་མེད་པ་སྟེ། འདིས་བུམ་པ་དང་སྣམ་བུ ་བཞིན་དུ་ཡང་དག་པར་སྦྱོར་བའི་གཉིས་སུ་མེད་པ་སེལ་བ་སྟེ། གཉིས་སུ་མེད་པ་ནི་ཤིང་དང་ཤ་པ་བཞིན་དུའོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་ཨི་ཁམས་ཀྱི་རང་བཞིན་གྱི་ཕྱིར་སེམས་ཅན་ཐམས་ཅད་ནམ་མཁའ་ཨི ་ཁམས་ལ་གནས་པ་སྟེ། རེ་ཞིག་ཅེས་པ་ཡིན་ལ། ནམ་མཁའ་དེ་ཡང་འདོད་པའི་ཁམས་ལ་སོགས་པ་རྣམས་ལ་གནས་པ་མ་ཡིན་ཏེ། སོ་སོར་ངེས་པའི་གནས་མེད་པས་ཁྱབ་བྱེད་ཀྱི་ཕྱིར་རོ། །དེ་ལྟར་གང་དུ་ཡང་མི ་གནས་པའི་དངོས་པོ་གང་ཡིན་པ་དེ་ནི་བསྐྱེད་པ་ཡང་མ་ཡིན་ཏེ། དོན་གྱིས་ཤེས་པར་བྱའོ། །དེ་བས་ན་ཆོས་ཐམས་ཅད་ནི་ཕུང་པོ་ལ་སོགས་པ། ངོ་བོ་ཉིད་མེད་པ་ནི་སྐྱེ་བ་དང་འཇིག་པ་དང་བྲལ་བའོ་ཞེས་པར་བྱའོ། །རྣམ་པར་བྱང་པའི་དཔེ ་བསྟན་པར་བྱ་སྟེ། བྱང་ཆུབ་ཀྱི་སེམས་ནི་འོད་གསལ་བ་སྟེ། དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ནི་ཡེ་ཤེས་སྐུ་སྐྱེད་པར་བྱེད་པ་སྟེ། རིམ་པ་གཉིས་ཀྱིས་སྐྱེས་པ་དང་སྤྲོ་པར་བྱེད་པའོ། །བྱང་ཆུབ་ཀྱི་སེམས་དེ་ཡང་ཞེས་པ ་ནི་དེ་ཁོ་ན་ཉིད་པ་ལུས་ལ་སོགས་པ་ལ་མི་གནས་པ་སྟེ། འདུས་བྱས་པ་མ་ཡིན་པའི་ཕྱིར་རོ། །གང་ཞིག་ལུས་ལ་སོགས་པ་ལ་མི་གནས་པ་དེ་ནི་རྟག་པ་ཡིན་པའི་ཕྱིར་སྐྱེ་བ་དང་འཇིག་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ ་ཤེས་ནི་འོད་གསལ་བ་དང། ཡེ་ཤེས་ཀྱི་སྐུ་འབྱུང་བའི་རྡོ་རྗེའི་གནས་ནི་མི་གཡོ་བའི་ཏིང་ངེ་འཛིན་ནོ། །དེ་བཞིན་དུ་རྨི་ལམ་ལ་ནི་འདི་ལྟར་འབྱུང་བ་མ་ཡིན་ཏེ། བདག་གིས་སྐྱེས་བུ་ལ་སྣ་ཚོགས་པ་འདི་ལྟར་བསྟན་ཏོ། །བདག་གིས་རྨི་ལམ ་མཐོང་བར་བྱའོ་ཞེས་སྐྱེས་བུ་ལ་ཡང་སེམས་པ་མི་འབྱུང་སྟེ། འདོད་ནི་མ་མཐོང་བའི་ཕྱིར་དང་མི་འདོད་ན་ཡང་མཐོང་བའི་ཕྱིར་རོ། །དེ་བཞིན་དུ་ཁམས་གསུམ་པའི་བྱ་བ་ནི་དགེ་བ་འམ་མི་དགེ་བ་སྟེ། རྨི་ལམ་བཞིན་དུ་ཤེས་པར་བྱའོ། ། ་སྒྱུ་མ་མཁན་གྱིས་སྤྲུལ་པའི་སྐྱེས་པས་བསྐོར་བ་མཐོང་པ་བཞིན་དུ་འགྲོ་བ་ཐམས་ཅད་ཡིན་ནོ་ཞེས་པར་བྱའོ། །དེ་བཞིན་དུ་ཕྱོགས་བཅུ་ན་གནས་པའི་འཕགས་པར་གྱུར་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང། སོ་སོར ་སྐྱེ་བོར་གྱུར་པའི་སེམས་ཅན་ཐམས་ཅད་དེ། དེ་རྣམས་རྨི་ལམ་ལ་བདག་མེད་པ་ནི་འཁྲུལ་པའི་ངོ་བོ་སྟེ། དེ་དང་འདྲ་བར་ཤེས་པར་བྱའོ། །འོ་ན་གལ་ཏེ་དེ་ལྟར་ཡིན་ན་གང་སྦྱིན་པ་དང། གང་ལ་སྦྱིན་པ་དང། འབྲས་བུ་གང་ལས་འབྱུང་བ་དང། ་སྒོམ་པ་གང་ཡིན་པ་དང། འབྲས་བུ་གང་ཡིན་ཞེ་ན། བཅོམ་ལྡན་འདས་ཞེས་བྱ་བ་སོགས་པ་ལ། ཡིད་བཞིན་གྱི་ནོར་བུ་ནི་རིན་པོ་ཆེ་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་དང། ཡོན་ཏན་ཐམས་ཅད་ལྡན་པ་ནི་རེ་བ་ཐམས་ཅད་རྫོགས་པར་བྱེད ་པའི་ཕྱིར་རོ། །འདོད་པ་པོ་རྣམས་ཀྱིས་གང་ཞིག་འདོད་པར་གྱུར་པ་གསེར་ལ་སོགས་པ་སྟེ། དེ་དག་ཐམས་ཅད་འདོད་པ་ཙམ་གྱིས་སྟེར་བ་སྟེ། དག་གིས་ནི་མ་ཡིན་ནོ། །རིན་པོ་ཆེ་ངེས་སྤྱིན་པའི་ནོར་ལ་སོགས་པ་དེ་སེམས་ལ་མི་གནས་པ་ནི ་འདོད་པའི་སྐྱེས་པའི་ཡིད་ལ་གནས་པ་མ་ཡིན་ཏེ། སྔར་འདོད་ན་ཡང་མེད་པའི་ཕྱིར་རོ། །ཡིད་བཞིན་ནོར་བུ་ལ་གནས་པ་མ་ཡིན་ཞེས་པ་ནི། དོན་དམ་གཉེར་ན་མི་སྟེར་བའི་ཕྱིར་ཏེ། བ་ལང་ལ་སོགས་པ་བཞིན་ནོ། །འོན་ཀྱང་དེ་ལྟར་མ་ཡིན ་ན་ཡང་རྐྱེན་གྱི་དབང་གིས་དེ་ལྟ་བུའི་འབྲས་བུ་འབྱུང་བར་འགྱུར་རོ། །དེ་བཞིན་དུ་ཞེས་པ་ནི་ཡིད་བཞིན་གྱི་ནོར་བུའི་དཔེ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་འགྲོ་བ་ཐམས་ཅད་ལ་ཆོས་བསྟན་པའི་སྒོ་ནས་བླ་ན་མེད་པའི་བྱང་ཆུབ་ཀྱི ་འབྲས་བུ་ལ་ཐོབ་དུ་འཇུག་པའོ། །དེ་རྣམས་ལ་ཡང་རྣམ་པར་རྟོག་པ་གང་ཡང་མི་མངའ་སྟེ། རྣམ་པར་མི་རྟོག་པ་ཉིད་ཀྱི་ཕྱིར་རོ། །དེ་རྣམས་ཀྱིས་ཀྱང་ཐོབ་དུ་འཛུད་པ་མ་ཡིན་ཏེ། སྡང་ཐོབ་པའི་ཕྱིར་རོ། །འོན་ཀྱང་བློ་བུར་བའི་དྲི་མ་སེལ ་པའི་ཕྱིར་བསྟེན་བཀུར་བྱ་བ་དང་བསྙེན་བཀུར་བྱེད་པ་ཡིན་ནོ། །དེ་བས་ན་ཐམས་ཅད་སངས་རྒྱས་པ་ཡིན་ཏེ། རང་བཞིན་ལ་བརྟེན་ནས་དེ་བཞིན་གཤེགས་པ་དང་སོ་སོ་སྐྱེ་བོ་དག་དོན་དམ་པར་དབྱེར་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་? ་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་སོ། །དཔེར་ན་ངོ་བོ་ཉིད་མེད་པའི་ཕྱིར་གང་གིས་སྦྱིན་པ་དང་གང་ལ་སྦྱིན་པའོ། །འོན་ཀྱང་འདུས་བྱས་པ་ཙམ་ལ་བརྟེན་ནས་རྒྱ་སྐྱེགས་ཀྱི་ཁུ་བས་གཤེར་བའི་རས་བལ ་གྱི་ས་བོན་ལས་དེ་དང་མཐུན་པའི་འབྲས་བུ་འབྱུང་བ་ཁོ་ན་ཡིན་ནོ། །དེ་ནས་ན་ཆོས་ཐམས་ཅད་སྟོང་པ་ཡིན་ན་ཡང་འདས་མ་ཐག་ཏུ་བཤད་པའི་རིགས་པས་ལས་དང་འབྲས་བུའི་འབྲེལ་པ་འབྱུང་ངོ། །སངས་རྒྱས་ཀྱི་ཆོས་ན་བྱང་ཆུབ་ཀྱི་ཕྱོཌ ་ཀྱི་ཆོས་རྣམས་ཏེ། དེ་རྣམས་ཀྱང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གྱི་དབྱེ་བས་སེམས་ཅན་ཐམས་ཅད་སངས་རྒྱས་ཉིད་དུ་ཐོབ་པར་བྱེད་པ་སྟེ། འོན་ཀྱང་དོན་དམ་པར་དེ་རྣམས་དངོས་པོ་མེད་དོ། །ཐམས་ཅད་སྟོང་པ་ཉིད ་ཀྱི་བདག་ཉིད་ཀྱི་སངས་རྒྱས་དག་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་ཞུགས་པས་ཡིད་བཞིན་ནོར་བུ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཆོས་བསྟན་པ་ལ་སོགས་པ་མཛད་པའོ། །ཇི་སྐད་དུ་སྐྱེས་བུ་ཡིད་བཞིན་ནོར་བུ་བཞིན་ཞེས ་བྱ་བ་ལ་སོགས་པ་འབྱུང་ངོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་ཏེ། ཆོས་ཉིད་རྟོགས་པས་དགྱེས་ཤིང་སྤྱན་གདངས་ནས་རྡོ་རྗེ་འཆང་ཆེན་པོ་ལ་འདི་སྐད་ཞུས་ཏེ། ཀྱེ ་བཅོམ་ལྡན་འདས་འདི་ནི་ངོ་མཚར་བ་ཡིན་ཏེ། གང་ཞིག་ནམ་མཁའ་ཁམས་དང་འདྲ་བ་ཆོས་ཐམས་ཅད་ནི་སྦྱིན་པ་ལ་སོགས་པ་དང། ཕུང་པོ་ལ་སོགས་པ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ནི་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་གང ་ཡིན་པ་དེ་རྣམས། རྗེས་སུ་འབྲང་བ་ནི་དེ་དང་འདྲ་བ་དང་དེའི་བདག་ཉིད་དང་འབྲས་བུའི་འབྲེལ་པ་དང་ལྡན་པར་གྱུར་པ་ཞེས་བྱ་བ་འདི་ནི་ཁོ་བོ་ཅག་གིས་རྟོགས་པ་ཡིན་ཏེ། ཐེ་ཚོམ་བྲལ་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ་བྱང་ཆུབ་སེམས་དཔའ་ཐམས་ཅད་ནི་བྱམས་པ་ལ་སོགས་པས་བཅོམ་ལྡན་འདས་ནི་དཀྱིལ་འཁོར་གྱི་བདག་པོའི་ཞབས་གཉིས་ལ་ཕྱག་འཚལ་ནས་འདི་སྐད་ཞུས་སོ། །སྔགས་ཐམས་ཅད་ནི་ཞི་བ་དང་དྲག་པོ་གཙོ་བོར་གྱུར་པ་སྟེ། དེ ་རྣམས་ཀྱིས་བྱས་པའི་གང་ཞིག་།དངོས་གྲུབ་ནི་ཞི་བ་ལ་སོགས་པ་དང། འདུས་པ་ནི་ལྷའི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་སྟེ། དེ་དག་གང་ལ་གནས་པ་ལགས་ཞེས་འདྲི་བའོ། །དེའི་དགོངས་པ་འདི་ཡིན་ཏེ། རེ་ཞིག་བཅོམ་ལྡན་འདས ་ཀྱིས་ཆོས་ཀུན་གྱི་རང་བཞིན་མེད་པ་ཉིད་གསུང་པ་སྟེ། དེ་བས་ན་སྤྲོས་པ་དུ་མའི་དྲ་བ་དང་ལྡན་པའི་དངོས་གྲུབ་རྣམས་ཅུང་ཟད་ཀྱང་མ་ཡིན་ཏེ་ཐེ་ཙོམ་ལྡང་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་འཛིན་གྱིས་དེ་རྣམས་ལ་འདི་སྐད་བཀའ་སྩལ་ཏེ། ་དེ་ལ་ལེགས་སོ་ཞེས་བྱ་བ་བྱིན་པ་ནི་ཐེ་ཚོམ་ཟ་བའི་ཕྱིར་རོ། །སྔགས་ཐམས་ཅད་ཀྱི་དངོས་གྲུབ་འདི་རྣམས་སྐུ་གསུང་ཐུགས་ནི། བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་བསྒྲུབ་པའི་ཡེ་ཤེས་ཀྱི་སྐུ་ལ་གནས་པ་སྟེ། དེ་ལ་བརྟེན་ནས་དེ་རྣམས ་འགྲུབ་པའི་ཕྱིར་རོ། །རབ་ཏུ་བྱེད་པ་ལས་ཀྱང། སྔགས་དང་ཕྱག་རྒྱའི་སྦྱོར་བ་དང། །དཀྱིལ་འཁོར་ལ་སོགས་རྣམ་བརྟག་པ། །གཏོར་མ་སྦྱིན་སྲེག་བྱ་བ་ཀུན། །རྟག་ཏུ་སྒྱུ་མ་ལྟ་བུར་བྱ། །ཞི་བ་དང་ནི་རྒྱས་པ་དང། །དབང་དང་མངོན་སྤྱོད་དེ་བཞིན ་དུ། །གང་ཞིག་འགུགས་པ་ལ་སོགས་ཀུན། །དེ་དག་འཐའ་ཚོན་ལྟ་བུར་བྱ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ། །དེ་ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཕྱིར། དེ་བཞིན་གཤེགས་པ་ནི་སངས་རྒྱས་རྣམས་དང། དངོས་གྲུབ་ཐམས ་ཅད་ནི་ཞི་བ་ལ་སོགས་པ་དང། སངས་རྒྱས་ཀྱི་ཆོས་ཐམས་ཅད་ནི་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་སྟེ། དེ་རྣམས་བདག་གིས་ལུས་དང་ངག་དང་སེམས་རྡོ་རྗེ་ནི་སྒྱུ་མ་དང་འདྲ་བའི་རྣམ་པར་གནས་པ་སྟེ། སྔར་བཤད་པའི་རིགས་པས་སོ་ཞེས ་ཚིག་གི་ལྷག་མའོ། །སྒྱུ་མའི་རང་བཞིན་གྱི་ལྷའི་རྣམ་པའི་སྐུ་ལ་སོགས་པ་དེ་རྣམས་ཀྱང་འདོད་པའི་ཁམས་ལ་སོགས་པ་ལ་མི་གནས་པ་སྟེ། བྱེ་བྲག་མེད་པས་ཐམས་ཅད་དེའི་རང་བཞིན་ཡིན་པའི་ཕྱིར་རོ། །ལུས་ལ་སོགས ་པ་དེ་རྣམས་ཀྱང་ཕན་ཚུན་དུ་གཞི་དང་གཞི་ཅན་གྱི་འབྲེལ་པས་མི་གནས་པ་སྟེ། སྒྱུ་མ་ལྟ་བུ་ཉིད་གཅིག་ཡིན་པའི་ཕྱིར་དང། མང་ལ་མར་བཞིན་དུ་དབྱེ་བ་མེད་པའི་ཕྱིར་ཏེ། ནམ་མཁའ་བཞིན་དུ་རང་བཞིན་གྱིས་དག་པའོ་ཞེས་པ་གཏན་ཚིགས་སོ།། ་དེ་ནས་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་པ་རྣམས་ཀྱིས་ཞུས་པ་སྟེ། ཀྱེ་བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཡིན་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ནི་སྒྱུ་མའི་དཔེ་བཅུ་གཉིས་ཏེ། དེ་རྣམས་གང་དུ་གནས་པ་སྟེ། གང་གི་དྲིན ་གྱིས་སྒྱུ་མའི་རྒྱུ་ཡོངས་སུ་གཟུང་པ་སྟེ། དགོངས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རང་གི་ལུས་ངག་སེམས་ནི་སྒྱུ་མ་ལྟ་བུའི་སྐུ་ལ་སོགས་པའི་བདག་ཉིད་ཀྱི་ཡེ་ཤེས་ཙམ་དེ་ལ་གནས་པ་དང། དེ་ཉིད་ལ་བརྟེན་ནས་འབྱུང ་བ་ནི་ཕྱི་རོལ་དུ་སྣང་པ་ཡིན་ནོ་ཞེས་དགོངས་པའོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་པ། དེ་ལྟ་བུའི་ཡེ་ཤེས་ཙམ་གྱི་སེམས་དེ་སྒྱུ་མའི་སྐུའི་རྣམ་པ་སྟེ་གང་དུ་གནས་ཞེས་འདྲི་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་ནམ་མཁའ་ལ་སྒནས་པ་ནི་འོད་གསལ་བ་ལ་གནས་པའོ། །རབ་ཏུ་བྱེད་པ་ལས་ཀྱང། བདག་ལ་བྱིན་བརླབས་ཏིང་འཛིན་དང། །འོད་གསལ་གོ་འཕན་དེ་བཞིན་དུ། །རྒྱུ་དང་འབྲས་བུའི་དབྱེ་བ་ཡིས། །བདེན་པ་གཉིས་པོ་དེ་བཤད་པའོ།། ་བདག་ལ་བྱིན་བརླབས་གོ་རིམ་གྱིས། །གང་ཕྱིར་འོད་གསལ་ཐོབ་འགྱུར་ཏེ། །དེ་ཕྱིར་རྡོ་རྗེ་སློབ་དཔོན་གྱིས། །སྔོན་དུ་བདག་ལ་བྱིན་བརླབས་བསྟན་ཞེས་འབྱུང་ངོ། །ཡང་གསོལ་པ། ནམ་མཁའ་ནི་འོད་གསལ་བ་སྟེ། དེ་ཡང་གང་དུ་གནས ་ཞེས་དྲི་བའོ། །གང་ན་ཡང་མི་གནས་ཞེས་པ་ནི་ལན་ཏེ། ཐམས་ཅད་དུ་གནས་པའོ། །ཞེས་སྟོན་ཏོ། །བྱང་ཆུབ་ཀྱི་སེམས་ཀྱི་རྣམ་འབྲེལ་ལས་ཀྱང། ཇི་ལྟར་བུ་ངམ་མངའ་བ་དང། །མེ་ཡི་རང་བཞིན་ཚ་བ་སྟེ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ།། ་དེ་ནས་ཞེས་བྱ་བ་ལ་སོགས་པ་མི་བསྐྱོད་པ་ལ་སོགས་པ་དང། བྱམས་པ་ལ་སོགས་པ་དེ་རྣམས་ངོ་མཚར་དུ་གྱུར་པ་ནི་ཐེ་ཚོམ་མཆོད་པ་དེའི། རྨད་དུ་གྱུར་པ་ནི་ཆོས་ཀྱི་དོན་རྟོགས་པས་སོ། །དེ་ཉིད་ཀྱི་ཕྱིར་རང་གི་སེམས་ཀྱི་ཆོས་ཉིད་ལ་གནས་པ་ནི ་འོད་གསལ་བའི་ཏིང་འཛིན་སྒོམ་པ་སྟེ། ཅད་མི་སྨྲ་བ་ནི་རྣམ་པར་རྟོག་པ་ཐམས་ཅད་ཡོངས་སུ་ཟང་པས་ཞི་བའི་སེམས་ཀྱི་རང་བཞིན་དུ་འགྱུར་བ་སྟེ། སེམས་རྣམ་པར་དག་པ་དང་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་དག་གོ་།སེམས་ཐམས ་ཅད་དེ་རྣམ་པར་ཤེས་པ་གསུམ་སྟེ། དེ་རྣམས་ཀྱི་དམ་ཚིག་ནི་འོད་གསལ་བ་སྟེ། དེ་ཉིད་ཀྱི་སྙིང་པོ་ནི་བླང་བར་བྱ་བ་སྟེ། དེ་ལས་རྡོ་རྗེ་ནི་སྒྱུ་མའི་སྐུ་འབྱུང་བ་ལེའུ་གང་ལ་ཡོད་པ་དེ་རྡོད?་པར་བྱེད་པའི་གཞུང་གི་ཚོགས་ཀྱང་དེ་བཞིན་དུ་བཤད་པའོ། ། ་རྒྱུད་འགྲེལ་ལས་ལེའུ་བཅོ་ལྔ་པའི་ཚིག་གི་དོན་བཅུ་དྲུག་གི་བཤད་པའོ།། །།ལེའུ་བཅོ་ལྔ་པའི་ཚིགས་སུ་བཅད་པའི་གྲངས་ནི་བཞི་བརྒྱ་དྲུག་ཅུའོ།། །།ལེའུ་བཞི་པ་ལས་གསུངས་པའི་ཐུགས་ཀྱི་དཀྱིལ་འཁོར་རྫོགས་པར ་བྱ་བའི་དང། སྐུ་དང་གསུང་གི་དཀྱིལ་འཁོར་གཉིས་གཙོ་བོར་གྱུར་པ་ལེའུ་བཅུ་དྲུག་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ཡང་འདུས་ཏེ། དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཚིག་ནི་མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་གསོལ་བ་བཏབ་ཅིང་ ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་རིན་ཆེན་གྱི་མཆོད་པ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པའི་མཆོད་པ་རྣམས་ཏེ། དེ་དག་གི་ཚོགས་ནི་རེ་རེའི་འཁོར་དུ་མ་རྣམས་ཀྱིས་མཆོད་པ་བྱས་ཏེ། ལས་ཀྱི་རྒྱལ་བ་མཆོག་གོ་། ་དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། དེ་རྣམས་ཀྱིས་གང་ཞིག་རྡོ་རྗེ་ཐམས་ཅད་ཀྱི་དཀྱིལ་འཁོར་ནི་སྐུ་ལ་སོགས་པའི་དཀྱིལ་འཁོར་རྣམས་ཏེ། དེ་དག་གི་སེང་གེ་ནི་དཀྱིལ ་འཁོར་གྱི་བདག་པོ་རྣམས་ཏེ། དེ་དག་མཆོད་པར་བྱ་བའི་ཕྱིར་དམ་ཚིག་ནི་ཕྱི་དང་གསང་བ་ལ་སོགས་པའི་མཚང་པ་རྣམས་ཏེ། དེ་དག་ཉིད་དག་པ་ཐོབ་པར་བྱེད་པའི་ཕྱིར་མཛེས་པས་ན་རྒྱལ་པོ་སྟེ། ཚོགས་ནི་སློབ་མ་འཇུག་པ་ལ་སོགས་པ་སྟེ། དེ ་དག་གི་ཏིང་ངེ་འཛིན་གང་ལ་ཡོད་བ་དེ་ལ། སྙོམས་པར་ཞུགས་ནས་རྡོ་རྗེ་སྐུ་ནི་རྣམ་པར་སྣང་མཛད་དེ། དེའི་དཀྱིལ་འཁོར་སངས་རྒྱས་ཐམས་ཅད་ནི་རྡོ་རྗེ་འཆང་ཆེན་པོ་སྐུ་ལ་སོགས་པ་ལས་ཕྱུང་ངོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ནི་གསོལ ་བ་གདབ་པ་དང། མཆོད་པའི་འོག་ཏུ། སྐུའི་དཀྱིལ་འཁོར་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རབ་ཏུ་བཤད་པ་ནི་ཕུལ་དུ་བྱུང་བས་ཕྱེ་ཞིང་བཤད་པར་བྱའོ། །ཇི་ལྟ་བུ་ཞེ་ན། མཆོག་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཐོབ་པར་བྱེད་པའོ། །དེ་བཞིན ་དུ་ཐུགས་རྡོ་རྗེ་ནི་མི་བསྐྱོད་པ་སྟེ། དེའི་དཀྱིལ་འཁོར་གྱི་ཐིག་གདབ་པ་ལ་སོགས་པའི་ཡོན་ཏན་དང་གྲུ་བཞི་ལ་སོགས་པའི་ཡོན་ཏན་དང་འདྲ་བའོ། །དེ་ཉིད་ཡི་ཕྱིར་ཐམས་ཅ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་དག་གི་དཀྱིལ་འཁོར་དག་སྟེ ་གང་དང་གང་དེ་རུ་བདག་པ་ཉིད་དུ་གྱུར་པ་དེ་དག་དེའི་དཀྱིལ་འཁོར་ཡིན་ནོ་ཞེས་འོག་ནས་གསུངས་པའི་ཕྱིར་རོ། །ཡང་ཇི་ལྟ་བུ་ཞེ་ན། ཁྲུ་ནི་བཅུ་དྲུག་ཅེས་བྱ་བ་ལ་སོགས་པ་ལ་ཕྱོགས་བཞི་ཡིན་པའི་ཕྱིར་རོ། །རྣམ་པར་སྣང་མཛད་ནི་གཟུགས་ཀྱི ་རང་བཞིན་ཡིན་ལ། གཟུགས་ཀྱང་སའི་རང་བཞིན་པ་སྟེ། ས་ཡང་འབྱུང་བ་ཆེན་པོ་བཞིའི་རང་བཞིན་པས་ཕྱོགས་རེ་རེ་ཁམས་བཞི་བཞི་ཡིན་པའི་ཕྱིར་རོ་ཞེས་རྣམ་པར་དག་པའོ། །གྲུ་བཞི་ཞེས་པ་ནི་ཕྱི་དང་ནང་དུའོ། །རབ་ཏུ་མཛེས་པ་ནི་?་མེད་པ ་དང་གསལ་བའི་ཚོན་གྱིས་རི་མོ་དང་ལྡན་པའོ། །དེ་ཉིད་ཀྱི་ཕྱིར་སངས་རྒྱས་ཀུན་ནི་རྣམ་པར་སྣང་མཛད་ཀྱི་རིགས་ཅན་རྣམས་ཏེ། དེ་དག་གི་དཀྱིལ་འཁོར་ནི་གཞིར་གྱུར་པའོ། །སྐུ་རྡོ་རྗེ་ནི་རྣམ་པར་སྣང་མཛད་དེ། དེ་ཉིད་ཀྱི་དབུས་ཀྱི་གཙོ་བོ་ཉིད་དུ་རབ་ཏུ་གནས ་པ་ནི་དབུས་སུ་བཞུགས་པར་མཛད་པའོ། །དེའི་ནང་དུ་ཞེས་བྱ་བ་ལ་སོགས་པ་ལ། འདས་མ་ཐག་ཏུ་བཤད་པའི་དཀྱིལ་འཁོར་དེའི་དབུས་སུ་འཁོར་ལོ་ནི་འཁོར་ལོའི་འཕྲེང་བ་བྲི་བ་ནི་དགོད་པར་བྱའོ། །གང་གིས་ཞེ་ན། ཆོ་གའི་རྡོ་རྗེ་ཞེས་པ་ལ། ཆོ ་ག་ནི་དཀྱིལ་འཁོར་གྱི་ཆོ་ག་སྟེ། དེ་འདི་རྡོ་རྗེ་བཞིན་དུ་བརྟན་པ་གང་ལ་ཡོད་པ་དེ་ནི་སྒྲུབ་པའི་བློས་བྲི་བར་བྱའོ། །འདིར་ནི་ཆོ་གའི་སྒྲའི་དོན་ཡིན་ཏེ། རེ་ཞིག་དང་པོ་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་ནི་ཕྱིའི་རྣམ་རྟོག་ངན་དྲ་བ། རྣམ་པར་དབེན་པའི་ཡིད་ལས ་སྤངས། རྡོ་རྗེ་པདྨའི་དབང་བསྐུར་གྱིས། །གནང་བ་ཐོབ་དང་བློ་ལྡན་པས། །ཟླ་བ་ཉི་མ་ཆུ་སྨན་དང། །དེ་བཞིན་དྲི་ཡང་སྔགས་བྱས་པ། །འབད་པས་བྲི་བའི་དཀྱིལ་འཁོར་ལ། །དམ་ཚིག་གསང་བ་བསྙེན་པར་བྱ། །ལན་ནི་གཉིས་གསུམ་སློབ་དཔོན་ལ། ། ་གསོལ་བཏབ་གསང་བའི་བདུད་རྩི་སྣོད། །ཐར་པ་འདོད་དང་དད་པ་ཅན། །སློབ་མ་དམ་པ་བལྟས་ནས་ནི། །དཔལ་ལྡན་གསང་བ་འདུས་ཚུལ་གྱིས། །འདི་རྣམས་བདག་གིས་བྱང་ཆུབ་ལ། །གཞག་པར་བྱ་ཞེས་རྗེས་གཟུང་བ། །དེ་ལྟར་རྣལ་འབྱོར་པ་ཡིས་བསམ།། ་དེ་ལ་རེ་ཤིག་དང་པོ་སློབ་དཔོན་ནི་ཐིག་པ་ཆེན་པོའི་ཚུལ་ལ་མཁས་པ་དང། འགྲོ་བ་མ་ལུས་པ་གདོན་པ་ལ་ཐུགས་རྗེ་དང་ལྡན་པ་དང། དད་པ་དང་ཐོས་པ་ལ་སོགས་པའི་སྟོབས་ཀྱིས་འབྱུང་བའི་འོད་གསལ་བརྟོགས་པས་མ་ལུས་པའི་ཡུལ་ཉེ་བར་སྤྱོད་པ ་དྲི་མ་མེད་པར་མཛད་པ་དང། ཀུན་ཏུ་འགྲོ་བའི་ཆོས་ཀྱི་དབྱིངས་སོ་སོར་རྟོགས་པའི་བསམ་པས་སྦྱོད་པ་རྣམ་པར་དག་པ་ལ་གནས་པ་དང། ཡེ་ཤེས་ཀྱི་ཚོགས་འཕེལ་བས་དྲི་མ་དང་བཅས་པའི་ཕག་ཆགས་དང་གཏི་མུག་གི་རབ་རིབ་ཡུན་རིང ་དུ་གདོན་ནུས་པའོ། །དེ་ལྟ་བུའི་སློབ་དཔོན་ལ་གང་གི་ཚེ་སློབ་མས་དཀྱིལ་འཁོར་བྲི་བའི་ཕྱིར་ལན་གཉིས་ལན་གསུམ་དུ་གསོལ་བ་བཏབ་ན། དེའི་དེས་ཀྱང་དེ་ལ་དྲི་བ་སྟེ། ཕུན་སུམ་ཚོགས་པ་ཐམས་ཅད་ཁྱོད་ཀྱིས་རྫོགས་སམ་མ་རྫོགས། །གལ་ཏེ་ཅུང་ཟད ་རྫོགས་པ་དང་ཅུང་ཟད་མ་རྫོགས་སོ་ཞེས་ཟེར་ན་དེའི་ཚེ། ཡི་གེ་ཧཱུཾ་ལས་བྱུང་བའི་སྟེང་དུ་ཁྲོ་བོའི་གཟུགས་དང་འོག་ཏུ་རྩེ་གཅིག་པའི་རྣམ་པའི་ཁྲོ་བོས་དེའི་སེམས་ཀྱི་བགེགས་རྣམས་ཕུང་བུས་བཏབ་ལ། དེའི་འོད་ཟེར་གྱི་འཁོར་ལོས་ཀྱང་གདུག་པ་དེ་རྣམས ་བསྲེགས་ནས་སློབ་མའི་སེམས་བསྲུང་བར་བྱ་བའི་ཕྱིར་དབྱངས་ཐ་མ་ལས་བྱུང་བའི་དཀྱིལ་འཁོར་བསམས་ཏེ། དེའི་སྟེང་དུ་ལས་ཀྱི་རྡོ་རྗེ་ཡང་བསམ་པར་བྱའོ། །བདེན་པ་ཇི་བཞིན་དཀྱིལ་འཁོར་རྣམས། རབ་བརྟགས་གང་གིས་ནུས་པའོ། །རང་གི་ལྷའི ་རྣལ་འབྱོར་གྱིས། །དཀྱིལ་འཁོར་བརྟགས་པས་བསྒྲུབ་པའོ། །དེ་བས་ན་རང་གི་ལྷའི་རྣལ་འབྱོར་གྱིས་དང་པོ་སྦྱོར་བ་ལ་སོགས་པའི་ཏིང་འཛིན་གསུམ་གྱི་མཐར་ཕྲ་མོ་རྡོ་རྗེ་བསྒོམ་པ་དང། རྡོ་རྗེ་ཐིག་ལེ་བསྒོམ་པས་སེམས་བརྟན་པར་བྱས་ལ་དཀྱིལ ་འཁོར་རྣམས་ཀྱི་སྔགས་རེ་རེ་འབུམ་བཟླས་ཏེ། རང་གི་སྙིང་ཁའི་རྡོ་རྗེའི་ལྟེ་བར་གནས་པའི་དཀྱིལ་འཁོར་བསྒོམ་པས་ངེས་པར་བྱས་ལ། དེ་བཞིན་གཤེགས་པའི་བཀའ་སྔོན་དུ་འགྲོ་བ་རིམ་པ་འདིས་དཀྱིལ་འཁོར་བྲི་བར་བྱ་སྟེ། རེ་ཞིག་དང་པོ་ཨོཾ?་བྷུ ་ཁཾ་ཞེས་བྱ་བའི་སྔགས་ཀྱིས་ནམ་མཁར་གྱུར་པའི་ས་གཞི་ཧཱུཾ་ལཾ་ཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་ཟླ་བ་རྡོ་རྗེའི་རང་བཞིན་དུ་བསམས་ལ། ཨོཾ་མེ་དི་ནི་བཛྲི་བྷཱ་བ་བཛྲ་བནདྷ་ཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་བྱིན་གྱིས་བརླབས་ལ། སྔར་བཤད་པའི་བསམ་གཏན ་གྱིས་ཕུར་བུ་འདེབས་ཤིང་ཡི་གེ་ཧྲི:ལས་བྱུང་བའི་ནམ་མཁའ་ཨི་ཁམས་ཁྱབ་པར་བྱེད་པའི་ཆོས་འབྱུང་གི་ཕྱག་རྒྱའི་ནང་དུ་ཨཱ་ལི་དང་ཀཱ་ལི་ལས་སྐྱེས་པའི་སྔར་བཤད་པའི་གནས་ལ་རྫོགས་པའི་ས་གཞི་བསྒོམས་ལ། དེ་ཉིད་ལག་པ་གཡས་པས ་རེག་ཅིང་ཡི་གེ་གསུམ་གྱི་བྱིན་གྱིས་བརླབ་པར་བྱའོ། །ས་གཞི་ཇི་ལྟ་བུ་ཞེ་ན་གྲུ་བཞི་དང་སྒོ་བཞི་དང། རྡོ་རྗེའི་བཀའ་བས་རྣམ་པར་བརྒྱན་པ་དང། ཕྱོགས་བཞི་ལ་སྒོ་དང་རྟ་བབས་དང། རྒྱལ་མཚན་དང་མེ་ཏོག་གི་ཕྲེང་བ་ལ་སོགས་པས་བརྒྱན་པ ་དམིགས་ཏེ། ལྷ་ཐམས་ཅད་ཀྱི་གནས་རྣམས་ལ་འདབ་མ་སྣ་ཚོགས་པའི་འདབ་མ་རྣམས་ལ་གནས་པའི་ཟླ་བ་དང་ཉི་མའི་གདན་རྣམས་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པར་བསམས་ལ། དེའི་དབུས་ཀྱི་གཙོ་བོའི་ང་རྒྱལ་གྱིས་ཕྱི་རོལ ་གྱི་བུད་མེད་རིགས་ཀྱི་དབྱེ་བས་ལྷ་མོ་སྤྱན་ལ་སོགས་པའི་རང་བཞིན་དེ་རིགས་ཀྱི་ས་བོན་ལྔས་བྱིན་གྱིས་བརླབས་ཤིང་དེའི་པང་མར་ཡང་ཡི་གེ་ཨ་ལ་སོགས་པ་དགོད་ཅིང་སྔ་མ་བཞིན་དུ་དམ་ཚིག་གི་དཀྱིལ་འཁོར་གྱི་ལྷ་རྣམས་འབྱུང་བར ་བྱའོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་རེ་རེ་ལྷམ་ཨོ་བཞི་དང་ལྡན་པ་དང། ཁྲོ་བོ་རྣམས་ཀྱང་རང་རང་གི་ཡེ་ཤེས་ཀྱི་ཕྱག་རྒྱ་མ་དང་བཅས་པ་དང། བྱང་ཆུབ་སེམས་དཔའ་རྣམས་དང་གཟུགས་རྡོ་རྗེ་མ་ལ་སོགས་པ་དང། བཅས་པ་སྤྲོ?་བ ་དང་བསྡུ་དང་གནས་པ་དང། བརྟན་པར་བྱ་བ་དང། རྗེས་སུ་ཆགས་པས་ལས་ལ་གནས་པར་བྱས་ལ། ཨོཾ་བཛྲ་ཨཱཏྨ་ཀོཉ་ཧཾ་ཞེས་བྱ་བ་བརྗོད་ཅིང་རྡོ་རྗེའི་བདག་ཉིད་དང་རང་བཞིན་གྱིས་དག་པའི་ལྷ་ཐམས་ཅད་ཀྱི་ངོ་བོ་རང་བདག་ཉིད་བསྒོམ ་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པའི་ང་རྒྱལ་བྱས་པའི་སྔོན་དུ་འགྲོ་བའི་སློབ་མ་རྣམས་ཀྱིས་རྡོ་རྗེ་དང་དྲིལ་བུ་ལག་ན་ཐོགས་ཤིང་བླ་མ་ལ་གསོལ་བ་གདབ་པར་བྱ་སྟེ། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ ་ཀུན་གྱི་གནས། །ཆོས་མཆོག་ཀུན་གྱི་བདག་མེད་པ། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་གསོལ་བ་གདབ་པར་བྱའོ། །དེའི་འོག་ཏུ་སློབ་དཔོན་གྱིས་རྡོ་རྗེ་དང ་དྲིལ་བུ་བསྣམས་ལ། ཧཱུཾ་བཛྲ་ཨུཏྟི?ཥྛ་ཞེས་བྱ་བས་དཀྱིལ་འཁོར་གྱི་འཁོར་ལོ་བཏེག་ཅིང་རྡོ་རྗེ་སེམས་དཔའ་ཨི་ང་རྒྱལ་གྱིས་ཡི་གེ་ཊ་དང་མ་དག་ལས་བྱུང་བའི་མིག་གཉིས་ནི་ཟླ་བ་དང་ཉི་མར་བསམས་ཏེ། ཕྱོགས་ཐམས་ཅད་ལ་ཡང་དེ་ཉིད ་ལས་རྡོ་རྗེ་རབ་ལ་སོགས་པ་བསམས་ཏེ། རྐང་པའི་འོག་ཏུ་སྣ་ཚོགས་རྡོ་རྗེ་བཀོད་ལ། ང་རྒྱལ་དང་བཅས་པའི་གང་གྱིས་དཀྱིལ་འཁོར་གྱི་ས་གཞི་ལ་ཡི་གེ་གསུམ་བརྗོད་ཅིང་རྡོ་རྗེ་སེམས་དཔའ་ཨི་ང་རྒྱལ་གྱིས་བཅག་པར་བྱའོ། །རྡོར་སེམས ་ཡང་དག་སྟོང་བ་ཡིས། །མཆུ་གཉིས་ཡང་དག་གཟུང་བྱས་ཏེ། །དཔལ་ལྡན་གཡོན་ཕྱོགས་ང་རྒྱལ་འཛིན། །ཕྱོགས་ཀྱི་འཁོ་ལོ་བཅས་པར་བྱ། །ས་འོག་ས་བླ་ས་སྟེངས་རྣམས། །འོག་དང་སྟེང་ནི་བཅིངས་བྱས་ཏེ། །གདུག་པ་རྣམས ་ཀྱིས་མི་ཐུག་པས། །ཡི་གེ་ཧཱུཾ་ནི་བརྗོད་པར་བྱ། །དེ་ནས་རྡོ་རྗེ་རྒྱུའི་རང་བཞིན་གྱི་གསང་བའི་དཀྱིལ་འཁོར། ཨོཾ་བཛྲ་མཎྜ་ལ་ཧཱུཾ་ཛ:ཞེས་བྱ་བས་དགུག་ཅིང་ཨོཾ་མཧཱ་བཛྲ་ཨ་དྷི་ཏིཥྛ་སིདྡྷ་ཧཱུཾ་ཞེས་བྱ་བས་དབྱེར་མེད་པར་བྱས་ལ། ཨོཾ་བཛྲ་ཀཱི ་ལ?་ཡ?་ཀཱི་ལ་ཡ། ཧཱུཾ་ཕཊ་ཅེས་བྱ་བས་ཕུར་བུས་བཏབ་ལ་ས་གཞི་དེ་བདུད་རྩི་ལྔའི་ཆུས་བྱུགས་ཤིང་ལྷ་ཐམས་ཅད་ཀྱི་གནས་རྣམས་ལ་ཅིན་དན་དང་བདུད་རྩི་ལྔའི་ཆུས་ཐིག་ལེ་རྣམས་བྱས་ཤིང་མེ་ཏོག་གཏོར་ཏོ། ལྷའི་དཀྱིལ་འཁོར ་རང་རང?་གི་གནས་སུ་བཞུགས་པར་བྱས་ལ། གསང་བ་དང་དེ་ལས་གཞན་པའི་མཆོད་པས་མཆོད་ཅིང་གསེར་དང་དངུལ་དང་ཟངས་ལ་སོགས་པའི་ངོ་བོ་མཚན་ཉིད་ལྡན་པ་རྣམ་པར་རྒྱལ་བའི་བུམ་པ་ཧ་ས་དེ་བ་དང། བ་ཧུ་པུ་ཏྲི་ཀ་དང། ་འབྲི་ཧ་ཏི་དང། དཎྜོད་པ་ལ་དང། ཨ་པ་རཱ་ཛི་ཏ་ཞེས་བྱ་བ་སྨན་ཆེན་པོ་དང། ལྡན་པ་དང། ཤེལ་དང། དངུལ་དང། མུ་ཏིག་དང། དུང་དང། བྱུ་རུ་སྟེ་རིན་པོ་ཆེ་དང་བཅས་པ་དང། ཏིལ་དང། ནས་དང། མ་ཤ་དང། གྲོ་དང། འབྲས་དང་ལྡན་པ་དང། ཅུང ་ཟད་བདུད་རྩི་ལྔའི་ཆུ་དང་བཅས་པ་རིགས་ཀྱི་བདག་པོའི་སྔགས་ཀྱིས་བཟླས་ལ། འཁོར་ལོའི་རྩིབས་ཀྱི་དབུས་ན་བཞག་ནས་སྤོས་གཏུལ་ཞིང་མཆོད་པར་བྱའོ། །ལས་ཐམས་ཅད་པའི་བུམ་པ་ཡང་རང་གི་སྔགས་ཀྱིས་བྱིན་གྱིས་བརླབས་ལ་ཤར ་ཕྱོགས་ཀྱི་སྒོའི་ཕྱི་རོལ་ཏུ་བཞག་ལ། དེ་བཞིན་གཤེགས་པ་ཐམས་ཅད་ལ་སྤོས་གཏུལ་བས་ཞུ་བར་བྱའོ། །ཁྱེད་རྣམས་མཆོད་པར་བྱ་ཕྱིར་དང། །སློབ་མ་རྣམས་ཀྱང་རྗེས་བཟུང་ཕྱིར། །སྙིང་རྗེའི་བདག་ཉིད་བདག་དེ་ཡིས། །དཀྱིལ་འཁོར་བྲི་བར ་འདོད་པའོ། །དེ་ཕྱིར་དད་ལྡན་བདག་ལ་ནི། །བཅོམ་ལྡན་བཀའ་དྲིན་མཛད་དུ་གསོལ། །འཇིག་རྟེན་མགོན་པོ་ཐུགས་རྗེ་ཅན། །ཁྱེད་རྣམས་བདག་ལ་དགོངས་སུ་གསོལ། །དགྲ་བཅོམ་བྱང་ཆུབ་སེམས་དཔའ་དང། །སྔགས་ཀྱི་ལྷ་མོ་གཞན ་གང་རྣམས། །ལྷ་དང་འཇིག་རྟེན་སྐྱོང་བ་དང། །མཐུ་ཆེན་གང་ཞིག་འབྱུང་པོ་རྣམས། །གང་ཞིག་ལྷ་ཡི་སྤྱན་ལྡན་པ། །བསྟན་པ་ལ་དགའ་དེ་རྣམས་ཀུན། །བདག་མིང་འདི་ཞེས་བགི་བ་ཡིས། །དཀྱིལ་འཁོར་ཆེན་པོ་འདི་ཞེས་པ། །ཅི་ནུས་པ ་ཡིས་ཉེར་སྤྱོད་པས། །ནང་པར་བྲི་བར་བྱ་བའོ། །དེ་ཕྱིར་སློབ་མ་དང་བཅས་པ། །བདག་ནི་སྙིང་རྗེས་བཟུང་ནས་ནི། །ཐམས་ཅད་བཅས་པ་དཀྱིལ་འཁོར་ལ། །བྱིན་གྱིས་བརླབ་པ་མཛད་དུ་གསོལ་ཞེས་བྱ་བ་ལན་གསུམ་བརྗོད་པར་བྱའོ། །དེའི ་འོག་ཏུ་སློབ་མ་རྣམས་བཀུག་ཅིང་མེའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་རའི་མེས་དེ་རྣམས་རེ་རེ་ཐལ་བར་བྱས་ལ། ཡི་གེ་གསུམ་གྱི་རང་བཞིན་རང་གི་ཁ་ནས་ཞུགས་ཏེ། བདེ་བ་ཆེན་བོའི་ངོ་བོ་དེ་ཉིད་རྡོ་རྗེ་ནས་སྤྲོ་བར་བྱས་ལ། དེ་ཉིད ་སྐུ་ལ་སོགས་པས་བྱིན་གྱིས་བརླབས་ལ། ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེས་གནས་ཇི་ལྟ་བ་བཞིན་དུ་རེག་ཅིང་རིགས་ཀྱི་ས་བོན་ལྔ་ཡང་བྱིན་གྱིས་བརླབས་ལ། དཀྱིལ་འཁོར་གྱི་རྩེ་བའི་སྒོའི་ངོས་སུ་བཞག་ནས་འདི་ཡིས ་ལྷག་པར་གནས་པར་བྱའོ། །སྡིག་པ་བདག་གིས་གང་བྱས་དང། །བྱེད་དུ་བཅུག་དང་རྗེས་ཡི་རང། །སླར་ཡང་དེ་ཉིད་མི་བྱའི་ཕྱིར། །དེ་དག་ཐམས་ཅད་བཤགས་པར་བགྱི། །སངས་རྒྱས་མགོན་པོའི་བསོད་ནམས་གང། །རང་རྒྱས ་སློབ་མ་ལས་བྱུང་དང། །འགྲོ་བའི་བསམ་པ་ལས་སྐྱེས་གང། །ཐམས་ཅད་བདག་གིས་རྗེས་ཡི་རང། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །བླ་མེད་ཆོས་ནི་རིན་པོ་ཆེ། །སངས་རྒྱས་ཆོས་དང་དགེ་འདུན་དང། །རིན་ཆེན་མཆོག་གསུམ ་བླ་མེད་པ། །སྡོམ་པ་སངས་རྒྱས་སྦྱོ་སྐྱེས་པ། །དི་རིང་བདག་གི་མཆོག་ཏུ་གཟུང། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང། །བདག་གིས་ཡང་དག་གཟུང་བར་བགྱི། །སློབ་དཔོན་ཡང་ནི་གཟུང་བྱ་སྟེ། །རྡོ་རྗེ་རིགས་ཆེན་བསྡུས་པའོ། །ཉིན་དང་མཚན་དུ་ལན ་གསུམ་དུ། །སྦྱིན་པ་བཞི་དག་རབ་ཏུ་སྦྱིན། །རིན་ཆེན་པོ་ཡི་རིགས་མཆོག་ལ། །དེ་ནི་དམ་ཚིག་ཡིད་དུ་འོང། །ཕྱི་ནང་གསང་བ་ཐེག་གསུམ་གྱི། །དམ་པའི་ཆོས་ནི་བླང་པར་བགྱི། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨ་ཆེན་པོའི་རིགས་དག ་པའོ། །སྡོམ་པ་ཐམས་ཅད་ཡང་དག་ལྡན། །ཡང་དག་ཏུ་ནི་བླང་པར་བགྱི། །མཆོད་པའི་ལས་ནི་ཅི་ནུས་པས། །ལས་ཀྱི་རིགས་ཆེན་བསྡུ་བའོ། །ཚུལ་ཁྲིམས་གསུམ་པོའི་རྣམ་དག་དང། །ཏིང་འཛིན་དེ་བཞིན་སྡོམ་པ་རྣམས། །བྱང་ཆུབ ་སེམས་དཔའ་སློབ་དཔོན་ལ། །བདག་གིས་སྐྱབས་སུ་འགྲོ་བའོ། །སངས་རྒྱས་དེ་ཡི་སྲས་རྣམས་ཀྱིས། །ཤེས་རབ་ཆེན་པོས་ཇི་བཞིན་བསྐྱེད། །བྱང་ཆུབ་སེམས་ནི་ཆེ་མཆོག་གོ། །དེ་བཞིན་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་དང་ནི ་དེ?་སྲས་རྣམས། །མགོན་པོ་བདག་ལ་དགོངས་སུ་གསོལ། །དེང་ནས་བརྩམས་ཏེ་ཇི་སྲིད་དུ། །བླ་མེད་བྱང་ཆུབ་ཐོབ་ཀྱི་བར། །སངས་རྒྱས་ཆོས་དང་དགེ་འདུན་དང། །སྡོམ་པ་ཆོས་དག་བསྡུ་བ་དང། །སེམས་ཅན་དོན་བྱ་ཚུལ་ཁྲིམས་དང། །བདག་གི་བརྟན ་པོར་བླང་བར་བྱ། །དགེ་བ་འདི་ཡིས་བདག་གིས་ནི། །སང་རྒྱས་ཉིད་དུ་ཐོབ་པ་སྟེ། །གཏིང་མེད་སྲིད་པའི་རྒྱ་མཚོ་ལས། །འགྲོ་བ་ཐམས་ཅད་བདག་གིས་བསྒྲལ། །ཞེས་བྱ་བ་ལན་གསུམ་དུ་བརྗོད་དུ་བཅུག་ལ། དེ་ཉིད་ཀྱི་སྙིང་ཀ་དང་སྤྱི་བོ་དང ་ལྐོག་མ་རྣམས་ལ་རྡོ་རྗེ་དང་འཁོར་ལོ་དང་པདྨ་བསམས་ལ། ཡི་གེ་གསུམ་བརྗོད་ལ་རེག་ཅིང་དེའི་ལག་པ་ལ་དྲི་དང་མེ་ཏོག་སྦྱིན་ཏེ། ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ་སྤོས་ཀྱི་གཏུལ་བར་བྱ་བ་དང། མར་མེས་ཀྱང་སྣང་བར་བྱས་ཤིང ་དེ་ཉིད་ལྷ་བཤོས་བྱིན་ཏེ། བདུད་རྩི་འཁྱིལ་པས་བཟླས་པའི་སོ་ཤིང་དང། འཐོར་འཐུང་བྱིན་ལ་ཀུ་ཤ་ཡང་སྦྱིན་ཏེ། དཔུང་པ་གཡས་པ་ལ་མདུང་པ་གསུམ་བྱས་པའི་སྲུང་སྐུར་བཅིངས་ཤིང་ཨོཾ་བི་ཤུདྡྷ་དྷརྨ་མཱ:སརྦབ་པཱ་པཾ་ནི་ཙ་ཨ་སྱ་ཤོ་དྷ་ཡ། ་སརྦབ་བི་ཀལྦ་ན་ཨ་པ་ན་ཡ་ཧཱུཾ་ཞེས་བྱ་བས་དྲི་ཆུ་འཐུང་དུ་བཅུག་ལ། ཅི་ནུས་པས་ཟབ་པ་དང་རྒྱ་ཆེ་བའི་ཆོས་བསྟན་ཅིང། ཀྱེ་བཞིན་བཟངས་རྣམས་སོང་ཞིག་།ནང་པར་དཀྱིལ་འཁོར་ཆེན་པོ་རྡོ་རྗེ་སེམས་དཔའ་ཨི་དྲིན་གྱིས་མཐོད་བར་གྱིས ་ཤིག་ཅེས་སློབ་མ་རྣམས་ལ་སྨྲས་ཏེ། དཀྱིལ་འཁོར་གྱི་འཁོར་ལ་ཡང་དག་པར་མཆོད་ལན་མཁའ་ཨི་དབྱིངས་ལ་བཏེག་ཅིང་མཉམ་པར་བཞག་པས་དཀྱིལ་འཁོར་གྱི་ས་གཞི་ལ་ཉལ་བར་བྱའོ། །དེ་ནས་ཞལ་གཉིས་པ་ལ་ལྷའི་རྣལ ་འབྱོར་བྱས་ལ་ཨོཾ་སཾ་ཧཾ་ཨཾ་ཧཱུཾ་ཞེས་བྱ་བའི་ས་བོན་རྣམས་ལས་སྐྱེས་པའི་ཐིག་སྐུད་ནི་དཀར་པོ་དང། སེར་པོ་དང། མརྒང?་འདྲ་བ་དང། དམར་པོ་དང། ཨིནྡྲ་ནཱི་ལ་དང་འདྲ་བ་སྟེ། དཀྱིལ་འཁོར་ལས་ཉིས་འགྱུར་བ་བྱས་ལ། ས་བོན་དེ་རྣམས་ ་ཀྱིས་བྱིན་གྱིས་བརླབས་ལ། དམ་ཚིག་ལས་བྱུང་བའི་དེ་བཞིན་གཤེགས་པ་ལྔ་དེ་རྣམས་ལ་ཐིམ་ཞིང་ཡི་གེ་གསུམ་བརྗོད་ཅིང་བསྒྲིལ་བ་དག་སྤྱངས་ཏེ་བྱིན་གྱིས་བརླབ་པར་བྱའོ། །དེའི་འོག་ཏུ་ཡི་གེ་ཛ་ལས་བྱུང་བའི་ཟླ་བ་དང ་ཉི་མ་མིག་གཉིས་སུ་བཀོད་ཅིང། ཧཱུཾ་པྲ་ཡཙྪ་བཻ་རོ་ཙ་ན་ཙཀྲ་སཱུ་ཏྲ་ནཱ་ཡ་ཞེས་བྱ་བས་རང་གི་མདོག་དང་འདྲ་བའི་རྣམ་པར་སྣང་མཛད་ཀྱི་སྙིང་ཀར་ཟླ་བའི་འོད་ཟེར་ལྟ་བུའི་ལྕགས་ཀྱུ་རྣམས་ཀྱིས་འོད་ཟེར་གྱི་ཐིག་སྐུད་བཀུག་པ་ཐིག་སྐུད་དཀར་པོ ་ལ་ཐིམ་པར་བྱའོ། །དེ་བཞིན་དུ་སྣང་བ་མཛའ་ཡས་ལ་སོགས་པའི་སྙིང་ཀའི་ཟླ་བ་རྣམས་ལས་རང་རང་གི་མདོག་དང་འདྲ་བའི་ཐིག་སྐུད་རྣམས་ཇི་བཞིན་དུ་ཐིག་སྐུད་བཞི་ལ་ཐིམ་ཞིང་སྐུ་གསུང་ཐུགས་ཀྱི་བསྒོམ་པས་རང་གིས་སྐུ་རྡོ་རྗེར ་བསྒོམ་ཞིང། ཐིག་སྐུད་འཛིན་པ་གལ་ཏེ་ཤེས་རབ་མ་ཡིན་ན་དེའི་ཚེ་ལྷ་མོ་སྤྱན་དུ་བསྒོམ་པར་བྱའོ། །གལ་ཏེ་སློབ་མ་ཡིན་ན་དེའི་བདུད་རྩི་འཁྱིལ་པ་འམ། རྡོ་རྗེ་སེམས་དཔར?་བསྒོམ་པར་བྱའོ། །དེ་བཞིན་དུ་གསུང་དང་ཐུགས་ཀྱི་དཀྱིལ ་འཁོར་ལ་རང་གི་བདག་ཉིད་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེར་བསམས་ལ། ཐིག་སྐུད་འཛིན་པ་གལ་ཏེ་ཤེས་རབ་མ་ཡིན་ན་དེའི་ཚེ་གོས་དཀར་མོ་དང་མཱ་མ་ཀཱི་ར་བསམས་པར་བྱའོ། །གལ་ཏེ་སློབ་མ་ཡིན་ན་དེའི་ཚེ་རྣམ་པར་སྣང་མཛད་དམ ་བདུད་རྩི་འཁྱིལ་པ་འམ། རྡོ་རྗེ་སེམས་དཔར་བསམས་ལ་ཨོཾ་ཛཛ?་ཛཛཱ?་ཛཛཱ?་ཞེས་བྱ་བས་བསྐུལ་བར་བྱའོ། །ཉེ་བའི་སྒྲུབ་པས་ཀྱང་ཨོཾ་ཛཛ་ཛཛ་ཛཛ་ཞེས་བྱ་པས་གཟུང་ཞིང་གཡོན་པའི་ཁུ་ཚུར་གྱིས་གཟུང་བས་སྟེ་ཕའི་ཕྱོགས་སུ་ཐིག་སྐུད ་འཛིན་པར་བྱའོ། །དེའི་འོག་ཏུ་མཐོ་རིས་དང་གནོད་སྦྱིན་གྱི་བདག་པོའི་ཕྱོགས་ལ་ཁ་བལྟས་པས་རྡོ་རྗེ་ཅན་གྱིས་ནམ་མཁའ་ལ་ཐིག་སྐུད་གདབ་པར་བྱའོ། །དེའི་འོག་ཏུ་དེ་བཞིན་དུ་རང་རང་གི་ཕྱོགས་ལ་དམིགས་ཏེ། ཚངས་པའི་ཐིག་སྐུད ་གཉིས་ས་ལ་བཏབ་ཅིང་གནོད་སྦྱིན་དང། ཡི་དགས་དང། དབང་པོ་དང། ཀླུའི་ཕྱོགས་ལ་ཁ་བལྟས་ནས་ཕྱི་རོལ་ཏུ་ཐིག་གདབ་པར་བྱའོ། །དེའི་འོག་ཏུ་མེ་དང་བདེན་བྲལ་གྱི་མཚམས་སུ་ཁ་བལྟས་པས་ཐིག་གདབ་པར་བྱས་ཏེ། ཤར་ནུབ་བྱང ་དང་ལྷོ་ཕྱོགས་སུ། །ཐིག་སྐུད་བཞི་དང་དུམ་བུ་བརྒྱད། །ཞེས་བྱ་བའི་རིམ་པས་ཐིག་གདབ་པར་བྱའོ། །ཐིག་སྐུད་ཀྱི་སྤྲས་ཀྱང་ཁྱེད་ལ་སེམས་ཅན་དོན་དུས་ཡིན་ཞེས་བྱ་བས་དེ་བཞིན་གཤེགས་པ་རྣམས་བསྐུལ་བར་བྱའོ། །དེ་ལ་བླ་མ་དང་སློབ ་མདག་གཡས་ཕྱོགས་ནས་བསྐོར་བས་འགྲོ་བ་ཤེས་པར་བྱའོ། །གྲུ་བཞི་པ་དང་སྒོ་བཞི་པ། །རྟ་བབས་བཞི་ཡིས་བརྒྱན་པ་སྟེ། །ཐིག་སྐུད་བཞི་ནི་ལྡན་པ་སྟེ། །དར་དཔྱངས་མེ་ཏོག་ཕྲེང་བས་བརྒྱན། །གྲཝ་ཡི་ཆ་ནི་ཐམས་ཅད་དང། །སྒོ་དང་སྒོ ་ཁྱུད་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་གྱིས་སྦྲས་པ། །ཀུན་ཏུ་ཡང་ནི་ཟླུམ་པོའོ། །རྡོ་རྗེ་ཀ་བ་མཆོག་གིས་སྤྲས། །རྡོ་རྗེ་ཕྲེང་བས་རྣམ་པར་བརྒྱན། །ཧི་ཡིག་ཁྲོ་བོའི་ལྟ་བ་ཡིས། །དེ་ནས་སྒོ་ནི་དབྱེ་པར་བྱ། །སྒོ་ནི་འཁོར་ལོའི་བརྒྱད་ཀྱི་ཆ།། ་དེ་ཡི་ཕྱེད་ནི་ཁ་ཁྱེར་རོ། །སྒོ་ཁྱུད་སྒོ་ཡི་ཚད་ལྡན་པ། །རྟ་བབས་སུམ་འགྱུར་འདོད་པའོ། །འགྲམ་དང་ལོགས་ནི་སྒོ་ཕྱེད་དེ། །རྡུལ་ཚེན?་ས་ནི་དེ་ཡི་ཕྱེད། །འཁོར་ལོ་ཁྲུ་ནི་བཅུ་དྲུག་པའི། །ལྷའི་སྣམ་བུ་ཁྲུ་གཉིས་པའོ། །འཕེལ་དང་མི?་འཕེལ ་དབྱེ་བ་ཡིས། །ལྷག་མ་རྣམས་ན་བརྟག་པར་འདོད། །དེ་ལྟར་ཐིང། བཏབ་ནས་ཡི་གེ་ཛའི་འབར་བའི་ལྟབས་ཁ་དོག་དཀར་པོ་ལ་སོགས་པའི་རྡུལ་ཚོན་རྣམས་བྱིན་གྱིས་བརླབས་ལ། དེ་རྣམས་ལ་རེ་རེར་ལྷ་མོ་བཞིས་བསྐོར་བའི་དེ་བཞིན་གཤེགས? ་པ་ཐིམ་ཞིང་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ། ཨོཾ་བཛྲ་ཙིཏྟ་ས་མ་ཡ་ཧཱུཾ་ཞེས་བྱ་བ་བརྗོད་ཅིང་རང་གི་ལྷའི་རྣལ་འབྱོར་གྱིས་བླ་ན་མེད་པའི་ཤེས་རབ་ཀྱི་དྲིལ་བུའི་སྒྲས་མཚན་མ་ངན་པ་ལ་སོགས་བ་སེལ་ཅིང་ཆོས་ཀྱི་དབྱིངས་ཀྱི་རྣམས ་དག་ལ་དམིགས་ཏེ། དང་པོ་གཡོན་པའི་ཁུ་ཚུར་གྱིས་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ་མཉམ་པ་དང་མཚུངས་པ་དང་མ་ཆད་པས་དཀར་པོ་དང། སེར་པོ་དང། དམར་པོ་དང། ལྗང་ཁུ་དང། ནག་པོའི་རིམ་པས ་རྡུལ་ཚོན་རྣམས་དགྱེ་བར་བྱའོ། །རེ་རེའི་རྡུལ་ཚོན་གྱི་རི་མོ་ནི་སྒོའི་ཚེ་ཉི་ཤུའི་རགས་པ་བྱ་སྟེ། པཉྩ་རེ་ཁཱའོ། །འབྲི་བའི་དཀྱིལ་འཁོར་དེ་ལ་ཤར་ཕྱོགས་ཀྱིས་ནི་ནག་པོ་དང། གཤིན་རྗེའི་ས་སེར་པོ་དང། ཆུ་ལྷའི་ས་ནི་དམར་པོ་དང། རྣམ་ཐོས ་སྲས་ཀྱི་ས་ནི་ལྗང་ཁུ་དང། དབུས་ཀྱིས་དཀར་པོའོ།། དཀྱིལ་འཁོར་བྲི་བའི་དུས་སུ་གལ་ཏེ་བགེགས་བྱུང་ན་དེའི་ཚེ་སྔར་བཤད་པའི་བདུད་རྩི་འཁྱིལ་པའི་སྔགས་ཧཱུཾ་དང་ཕཊ་ཀྱི་མཛའ་ཅན་གྱིས་དེའི་རྣལ་འབྱོར་དང་ལྡན་ཞིང་དེ་རྣམས་སྐྲག་པར ་བྱའོ། །ཡང་ན་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱའོ། །དེ་ནས་ལྷ་བཞུགས་པའི་གནས་རྣམས་སུ་པདྨ་དང་ཉི་ཟླའི་གདན་རྣམས་ཇི་བཞིན་དུ་བཀོད་ལ་འཁོར་ལོ་ལ་སོགས་པའི་ཕྱག་མཆེན་རྣམས་དགོད་པར་བྱའོ། །ཡང་ན་སྔར ་བཤད་པའི་ལྷ་རྣམས་ཞལ་དང་ཕྱག་དང་ཕྱག་མཚན་དང་སྐུ་མདོག་གིས་མཚན་པ་དཀྱིལ་འཁོར་གྱི་འཁོར་ལོའི་རིམ་པ་གནས་ཇི་ལྟ་བ་བཞིན་དུ་དགོད་པར་བྱའོ། །དཀྱིལ་འཁོར་གྱི་འཁོར་ལོར་ཞུགས་པ་དང་ཕྱུང་བ་ལ་སོགས་པའི་དུས ་སྐུ་ཐམས་ཅད་དུ་ཡི་གེ་གསུམ་བརྗོད་པར་བྱའོ། །གལ་ཏེ་ལྷའི་གཟུགས་བྲི་བ་ཡིན་ན་དེའི་ཚེ་དབུས་སུ་རྣམ་པར་སྣང་མཛད་དང། ཤར་དུ་མི་བསྐྱོད་པ་དང། ལྷོ་རུ་རིན་ཆེན་འབྱུང་ལྡན་དང། ནུབ་ཏུ་སྣང་བ་མཛའ་ཡས་དང། བྱང་དུ་དོན་ཡོད ་གྲུབ་བའོ། །དབང་ལྡན་གྱི་མཚམས་ལ་སོགས་པའི་གྲཝ་བཞི་པོ་ལ་ལྷ་མོ་སྤྱན་དང། མཱ་མ་ཀཱི་དང། གོས་དཀར་མོ་དང། སྒྲོལ་མ་རྣམས་སོ། །དེ་ནས་ཕྱིའི་དཀྱིལ་འཁོར་ལ་ཤར་ལ་སོགས་པའི་སྒོ་རྣམས་སུ་གཤིན་རྗེ་གཤེད་པ ་སོགས་པ་དང། གྲཝ་རྣམས་ལ་མི་གཡོ་བ་ལ་སོགས་པའོ། །དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ་གཟུགས་རྡོ་རྗེ་མ་ལ་སོགས་པ་བཞིའོ། །ཤར་ཕྱོགས་ཀྱི་སྣམ་བུ་ནས་ལྷོ་བྱང་གི་བར་དུ་བྱམས་པ་དང་སའི་སྙིང་པོ་ལ་སོགས་པ་བྱང ་ཆུབ་སེམས་དཔའ་གཉིས་གཉིས་དགོད་པར་བྱའོ། །ཤར་དང་ནུབ་ཀྱི་སྒོ་དག་ལ་གཤིན་རྗེ་མཐར་བྱེད་དང་པདྨ་མཐར་བྱེད་ཀྱི་ཅུང་ཟད་རྒྱབ་ཏུ་གནོད་མཛེས་རྒྱལ་པོ་དང་གཙུག་ཏོར་འཁོར་ལོ་སྒྱུར་བའི་རྒྱལ་པོ་དག་དགོད་པར་བྱའོ། །རེག་བྱ ་རྡོ་རྗེ་མ་ནི་དབུས་ཀྱི་གཙོ་བོ་དང་སྙོམས་པར་ཞུགས་པར་དགོད་པར་བྱའོ། །དེ་རྣམས་ཀྱང་སྔར་བཤད་པའི་དཀྱིལ་འཁོར་ཕྱུང་བའི་སྙིང་པོ་རྣམས་ཀྱིས་བཀོད་ལ། ནམ་མཁའ་ལ་བཞུགས་པ་རྣམས་དང་དབྱེར་མེད་པར་བྱས་ཏེ། དཀྱིལ་འཁོར ་གྱི་བདག་པོ་བཟླས་པའི་རྣམ་པར་རྒྱལ་བའི་བུམ་པ་དེའི་མདུན་དུ་བཞག་ཅིང། ལྷག་མ་ལྷའི་བུམ་པ་གཞན་རྣམས་ཀྱང་རང་རང་གི་སྔགས་རྣམས་ཀྱིས་བྱིན་གྱིས་བརླབས་ལ་དཀྱིལ་འཁོར་ཕྱུང་ལ་སོགས་པར་བཞག་ཅིང་ཁྲོ་བོ་གནོད ་མཛེས་ཀྱི་ང་རྒྱལ་དང་ལྡན་པའི་རྣལ་འབྱོར་པས། ཨོཾ་སུམ་བྷ་ནི་སུམ་བྷ་ཧཱུཾ། གྲིཧྞ་གྲིཧྞ་ཧཱུཾ། གྲིཧྞཱ་པ་ཡ་གྲིཧཱུ་པ་ཡ་ཧཱུཾ། ཨཱ་ན་ལ་ཧོ་བྷ་ག་བཱན?་བི་དྱཱ?་རཱ་ཛ་ཧཱུཾ་ཕཊ་ཅེས་བྱ་བ་བརྗོད་ཅིང། མེ་ཏོག་གི་ཕྲེང་བ་བླངས་ཏེ་དཀྱིལ་འཁོར་དུ་ཞུགས ་ཤིང་སྐོར་བ་གསུམ་བྱས་ལ། བཅོམ་ལྡན་འདས་ལ་ཕུལ་ཏེ་དབུས་སུ་གནས་པར་བདག་ཉིད་བསྒོམས་ལ། མཉམ་པར་བཞག་པའི་རྡོ་རྗེ་སློབ་དཔོན་གྱིས་ཡིད་ཀྱིས་སྒོ་དབྱེ་བར་བྱའོ། །དེའི་དབུས་སུ་ཡི་གེ་གསུམ་བརྗོད་པར ་བྱའོ། །དེའི་འོག་ཏུ་ལོ་བཅུ་དྲུག་ལོན་པ་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ཁུས?་མཁན་གྱི་བུ་མོ་དམ་ཚིག་གི་རིགས་ཀྱི་བདག་པོའི་ང་རྒྱལ་དང་ལྡན་པས་བྱིན་གྱིས་བརླབས་ཏེ། དགའ་བའི་མཐར་ཞུ་བའི་བྱང་ཆུབ་ཀྱི་སེམས་ཀྱི་ནང ་དུ་གནས་པའི་དམ་ཚིག་གི་འཁོར་ལོ་ཕྲ་བ་བློས?་དམིགས་ཏེ། སྔར་བཤད་པའི་དཀྱིལ་འཁོར་ཕྱུང་བའི་སྙིང་པོ་རྣམས་བརྗོད་ཅིང་སྤྲོ་བ་དང། བསྡུ་བ་དང། གནས་པ་དང། བརྟན་པར་བྱ་བ་དང། རྗེས་སུ་ཆགས་པས ་ཐབས་དང་ཤེས་རབ་ཀྱི་བསྒོམ་པའི་ལྷའི་འཁོར་ལོ་བསམས་ཏེ། ཡི་གེ་ཧཱུཾ་བཞི་པའི་སྔགས་ཛ(རྒྱུད་འགྲེལ་བཞིན་དུ་རང?་རང་གི་གཟུགས་བརྙན་རྣམས་ལ་ཕཊ་ཀྱི་མཛའ་ཅན་དེའི་སྔགས་ཀྱིས་བཅིང་པར་བྱའོ། །དེའི་འོག་ཏུ་སྙོམས་པར་ཞུགས་པ་ལས་བྱུང་བའི་འདོད་པའི་ཡོན་ཏན་ལྔ་ཉེ་བར་སྤྱད་པ་མཛའ་ཡས་པ་བཟའ་བར་བྱ་བ་དང། བསྡག ་པར་བྱ་བ་དང་འཇིབ་པར་བྱ་བ་དང། མྱོས་པ་དང་མ་མྱོས་པའི་ཆད་དང་ལྡན་པའི་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པའི་མཆོད་པས་མཆོད་ལ། ཧ་སེ་དང། ལཱ་སྱ་མ་དང། དགའ་བ་དང་རྗེས་སུ་མཐུན་པའི་རོལ་མེ་ལ་སོགས་པ་སྣ ་ཚོགས་པའི་ཕྱི་ནང་གི་མཆོད་པའི་ཚོགས་དབུལ་བར་བྱའོ། །འདི་ནི་མཆོད་པ་དམ་པ་སྟེ། གང་ཞིག་ཡིད་ནི་དགའ་བར་བྱེད། །དེ་ཕྱིར་ཀུན་བདག་རྣལ་འབྱོར་པས། །རང་དང་གཞན་རྣམས་མཆོད་པར་བྱ། །དེའི་འོག་ཏུ་མི་བསྐྱོད་རྡོ་རྗེ་ཡེ ་ཤེས་ཆེ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ལྔ་པོ་འམ། བསྟོད་པ་གཞན་གྱིས་བསྟོད་ཅིང་བཟླས་པ་འམ། བསྒོམ་པ་བྱས་ལ། ཟླ་བ་དང་ཉི་མ་དང་ཆུ་དང། སྨན་དང་དྲི་རྣམས་དུང་ཆེན་པོའི་ནང་དུ་མན་ངག་ཇི་ལྟ་བ་བཞིན་དུ ་བསྒྲུབས་ཏེ། འཁོར་ལོའི་ནང་དུ་ཞུགས་ལ་དེ་ཉིད་མངོན་པར་འདུས་བྱས་ཏེ། དབང་ལྡན་གྱི་ཕྱོགས་ནས་ལྷ་དང་ལྷ་མིན་ལ་སོགས་པ་ལ་གཏོར་མ་སྦྱིན་ཞིང་ཆོ་ག་འདིས་སྦྱིན་བསྲེག་བྱའོ། །སོར་བཞི་པའི་ཁ་ཁྱེར་དང། ལྡན་ཞིང་ཁྲུ་ནི ་གཅིག་པ་སྟེ། །འོག་ཏུ་ཁྲུ་ཕྱེད་ཚད་ལྡན་པ། །མེ་ཐབས་ཡོངས་སུ་ཟླུམ་པོ་ཡིན། །ནང་གི་ཆ་ནི་རྒྱ་ཆེ་བ། །སོར་རེ་དཔངས་སུ་འཕེལ་པར་བྱ། །རིན་ཆེན་རྡོ་རྗེ་མཚོ་སྐྱེས་དང། །རལ་གྲི་ཡེས?་ནི་ཀུན་ཏུ་བསྐོར། །དབུས་སུ་འཁོར་ལོའི་ཕྱག་རྒྱ་སྟེ། ། ་རྡོ་རྗེ་ལ་སོགས་ཕྱོགས་རྣམས་ལའོ། །ལས་ཀུན་བྱེད་པས་བཟླས་པ་ནི། །མཁས་པས་བྱས་ཏེ་ཡོ་བྱད་རྣམས། །གཡོན་དུ་བཞག་སྟེ་སྲེག་རྫས་རྣམས། །ཡང་དག་བཟླས་ཏེ་གཡས་སུ་བཞག་།མངར་བ་ཤིང་དྲུང་བུད་ཤིང་སོགས། །ཡི་གེ་གསུམ ་གྱིས་བསལ་བའི་མེ། །རླུང་གཡབ་ཀྱིས་ནི་སྦར?་བྱས་ནས། །གཡས་སྐོར་བས་ནི་ཀུ་ཤ་དགྲམ། །དེ་ནས་སྙིང་བྱུང་གྲུ་གསུམ་གྱི། །པདྨ་ལ་གནས་རཾ་ལས་བྱུང། །ཞལ་བཞི་པ་ནི་སྐུ་མདོག་སེར། །རལ་པ་ཅོད་པ་ན་མཆོག་སྦྱིན་དང། །གུནདྷེ་མི ་འཇིགས་དབྱིག་པ་དང། །ཕྲེང་འཛིན་ཞལ་དཀར་མེ་ལྷ་བསྒོམ། །ཛ(རྒྱུད་འགྲེལ་ནི།། ཤིན་ཏུ་འབར་བའི་དགང་བླུགས་རྣམས། །དེ་ཁར་རེ་པ་བཀོད་ནས་ནི། །དེ་ནས་ཡམ་ཤིང་བསྲེག་པར་བྱ། །སྔགས་ཀྱིས་མངོན་པར་བཟླས་པའི་མར། །འབར་བའི་མེ་ལ་བསྲེག་པར་བྱ། །དེ་ནས་ཏིལ་དང་འབྲུ་ལ་སོགས། །ཆོག ་འདི་ནི་མདོར་སྡུས་པའོ། །དེ་བཞིན་ཡེ་ཤེས་མེ་ལྷ་ཡི། །སྙིང་ཀ་ཟླ་བར་རང་བདག་ཡིན། །བསམས་ཏེ་དེ་སྐྱེས་དེ་འདྲ་བ། །སྙོམས་པར་ཞུགས་པས་རྣམ་པར་གནས། །ཟླ་བ་ཉི་མ་ལ་སོགས་དང། །རྫས་གཞན་གྱིས་ནི་མེ་ལྷ་མཆོད། ། ་རིམ་བཞིན་འབར་བའི་ལྕེ་ལྡན་པ། །མཐར་ནི་དགང་བླུགས་བསྲེག་པར་བྱ། །ཞི་བའི་དོན་དུ་རྫས་རྣམས་ནི། །རང་ལྷའི་སྦྱོར་བས་བསྲེག་པར་བྱ། །ཡིག་གསུམ་བདུད་རྩི་སྔགས་ཀྱིས་ནི། །སྔགས་པས་བསམས་ཏེ་བསྲེག་པར་བྱ། ། ་རྫས་ནི་ཡམ་ཤིང་མར་དང་ནི། །ཏིལ་དང་འབྲས་དང་ནས་རྣམས་ནི། །གྲོ་དང་?་ཤ་འབྲས་སོ་བ། །སྤོས་དང་ལྟར་ཀ་བིལྦ་དང། །གླ་གོར་ཞོ་ཤ་ཞོ་དང་ནི། །འོ་མ་དུརྦ་ཀུ་ཤ་དང། །འབྲས་བུ་གསུམ་དང་སླེ་ཏྲེས་དང།། ་ཁ་ར་རྒྱལ་མོ་ཁར་ལོ་མ། །གེ་སར་དང་ནི་ཙན་དན་དང། །པྲི་ཡཾ་ཀུ་དང་གུར་ཀུམ་དང། །སྤོས་གཉིས་དང་ནི་སྨན་རྣམས་དང། །ཛཱ་ཏི་པ་ལ་ནོར་པུ་དང། །དར་དང་སོ་རྩི་མེ་ཏོག་ཕྲེང། །དེ་བཞིན་མཆོད་པ་རྣམ་པ་ལྔ། །རྣལ་འབྱོར་རྒྱུད ་ལ་དེ་ཙམ་ནི། །གོ་རིམ་གྱིས་ནི་རྫས་རྣམས་སོ། །རྫས་རྣམས་དེ་ཡི་རྣམ་དག་པ། །དཀྱིལ་འཁོར་རིམ་པས་བཤད་པར་བྱ། །ཇི་ལྟར་བླ་མས་སློབ་མ་ལ། །རྗེས་སུ་གཟུང་བས་ཡང་དག་བྱས། །ཡམ་ཤིང་ནས་ནི་གྲོ་ཡི་བར། །སྲེག ་པར་བྱེད་པ་དེ་མ་ཐག། མིག་ལ་སོགས་པ་དབང་པོ་དྲུག། ཐ་མལ་བ་ང་སྦྱོར་བར་གྱུར། །གང་ཟད་པས་ནི་ས་སྙིང་སོགས། །བྱང་ཆུབ་སེམས་དཔའ་ཨི་ཚོགས་རང་ཉིད། །སྔས་ཀྱི་སྐུ་ཡི་སྦྱོར་བ་ཡིས། །སློབ་མའི་ལུས་ལ་འཇུག་པར་བྱ། ། ་ཆ་ཤ་ནས་བརྩམས་བུ་གའི་བར། །བསྲེག་པ་དེ་མ་ཐག་ཏུ་ནི། །གཟུགས་ལ་སོགས་པ་དོན་དྲུག་པོ། །རྨོངས་པར་བྱེད་པ་དག་པར་འགྱུར། །གང་ཟག་གཟུགས་གཏོར་ལ་སོགས་པ། །ལྷ་ཡི་རྣམ་པའི་ངོ་བོ་ཉིད། །འོད་གསལ་བ་ཡི་རང་བཞིན ་གྱིས། ?་སློབ་མ་དེ་ནས་འཇུག་པར་བྱ། །ཞོ?་ནས་སླེ་ཏྲེས་གྱི་ནི་བར། །བསམ་གཏན་རྩོལ་བར་བསྲེག་པར་བྱ། །རྣམ་ཤེས་དྲུག་པོས་འཁོར་བ་ཡི། །མིག་འཕྲུལ་མཁན་ནི་དག་པར་འགྱུར། །གང་ཟད་པས་ནི་ཡེ་ཤེས་ལྔ། །ངོ་བོ་དེ ་བཞིན་གཤེགས་པ་རྣམས། །རྡོ་རྗེ་འཆང་ཆེན་དང་བཅས་པས། །སློབ་མ་དེ་ནི་རང་བཞིན་བྱེད། །ཁ་ར་ནས་བརྩམས་སྨན་གྱི་བར། །རྩེ་གཅིག་པ་ནི་བླ་མས་བསྲེག། འདོད་ཆགས་ལ་སོགས་སམ་གཉིས་པ། །ལྟ་བ་ལྔ་ནི་དག་བར་འགྱུར།། ་གང་ཟད་པས་ནི་ཡེ་ཤེས་བཅུ། །ཡང་ན་ས་ཡི་བཅུ་པོ་སྟེ། །སྐད་ཅིག་ཙམ་གྱིས་སློབ་མ་ཡི། །ཡང་དག་པར་ནི་མངོན་དུ་གྱུར། །ཛཱ་ཏི་པ་ལ་ནས་དྲིའི་བར། །རྫས་བརྒྱད་པོ་ནི་བསྲེག་པར་བྱ། །འཇིག་རྟེན་ཆོས་རྣམས་འཇིག་པའི་ཕྱིར། །བློ་ལྡན་སློབ་མ་ལ་ནི ་བྱ། །གང་ཟད་པས་ནི་མངོན་དུ་ནི། །ཕ་རོལ་ཕྱིན་པ་བརྒྱད་པ་སྟེ། །སློབ་དཔོན་དམ་པའི་བཀའ་དྲིན་གྱིས། །སློབ་མ་ཡིས་ནི་ཐོབ་པར་འགྱུར། །ལྷ་བཤོས་གཅིག་ཏུ་བསྲེགས་པ་ཡིས། །ང་རྒྱལ་རྣམ་པར་དག་པར་འགྱུར། །གང་ཞིག་ཟད་པའི་སློབ་མ ་ཡིས། །ཕ་རོལ་ཕྱིན་མཆོག་དགུ་པ་ཐོབ། །དེ་གང་བླུགས་ཀྱི་ནི་སྦྱོར་བ་དང། །བུམ་པའི་ཆུ་ཡི་བསང་གཏོར་གྱིས། །ཕ་རོལ་ཕྱིན་པ་བཅུ་ཐོབ་པ། །བློ་དང་ལྡན་པས་སློབ་མ་བྱས། །སྦྱིན་སྲེག་ལས་ཀྱི་རྣམ་དག་པ། །དེ་ནི་བདག་གིས་ཡང་དག་བཤད། །རྫས ་རྣམས་ཕྱི་རོལ་ཀུན་རྫོབ་ཀྱིས། །དོན་དམ་པ་ནི་རབ་སྟོན་པའོ། །དེ་ནས་ལས་ཀུན་གཏོར་མ་ནི། །མཆོག་ཏུ་གྲུབ་པ་རབ་སྟེར་བ། །ཁམས་གསུམ་པ་ནི་ཚིམ་པའི་ཕྱིར། །བློ་དག་པ་ནི་སྔགས་བརྗོད་བྱ། །ལྷག་མ་སྲེག་རྫས་བསྲེགས་ནས་ནི། །རྡོར་ཅན་རང་གི ་རྣལ་འབྱོར་ལྡན། །དཀྱིལ་འཁོར་པ་ནི་རིམ་པ་བཞིན། །ཆོ་ག་འདིས་ནི་ཚིམ་པར་བྱ། །སློབ་མ་གཞུག་པའི་ཆོ་ག་བཞིན། །རང་ཉིད་ཀྱང་ནི་འཇུག་བྱ་སྟེ། །དབང་བསྐུར་མཐར་ཐུག་རྫོགས་པ་དང། །རིགས་བདག་པོས་ནི་གནང་པ་ཐོབ། །གཞན་ཡང་སློབ་མ ་གཞུག་པའི་ཕྱིར། །ད་ལྟར་བདེན་བས་གསོལ་གདབ་བྱ། །ཆོས་རྣམས་གཟུགས་བརྙན་དང་མཚུངས་པ། །དང་ཞིང་དག་པ་དྲི་མ་མེད། །གཟུང་བ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང། །དེ་བཞིན་དེ་ཉིད་ལས་བྱུང་བ། །དེ་ལྟར་བདེན་པས ་དཀྱིལ་འཁོར་ནི། །དྲི་མ་མེད་པའི་སློབ་མ་ཀུན། །གཟུགས་བརྙན་ལྷར་སྣང་མཐོང་བར་ཤོག། ནམ་མཁའ་བསྐྱེད་པའི་མཚན་མ་ཅན། །ཐོག་མཛའ་མེད་པའི་གཙོ་བོ་སྟེ། །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །རྡོར་སེམས་དེང་བདག་གྲུབ་པར་ཤོག། ཐམས་ཅད་ ་མཆོག་ནི་དངོས་གྲུབ་ཆེ། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་ཀུན་འཛིན་རྒྱལ་པོ་ནི། །མི་འགྱུར་དམ་པ་བདག་གྲུབ་ཤོག། ཁྱོད་ནི་རྟག་པ་སྐྱོན་མེད་པ། །ཆགས་པ་ཀུན་གྱིས་རྗེས་ཆགས་ཏེ། བཅོམ་ལྡན་ཆགས་ཆེན་དགའ་ ་བ་ཆེ། །ཡང་དག་ཏུ་ནི་བདག་གྲུབ་ཤོག་།ཤིན་ཏུ་དག་པ་ཆོས་མཆོག་ནི། །ཐོག་མ་ནས་དག་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔའ་བདག་གྲུབ་ཤོག། ཐམས་ཅད་མཆོག་ནི་དངོས་གྲུབ་ཆེ། །ཕྱག་རྒྱ་མཆོག ་གིས་དབང་བསྐུར་ཆེ། །རྡོ་རྗེ་སྒེག་གདབ་རྡོ་རྗེ་ཆེ། །འགྱིང་བ་རྡོ་རྗེ་བདག་གྲུབ་ཤོག། སེམས་ཅན་ཀུན་ལ་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་ཡབ་གྱུར་ཅིང། །དམ་ཚིག་མཆོག་ལྡན་འདོད་པ་མཆོག། བདེན་པ་གང་གིས་དམ་ཚིག་ནི། །ཐབས་དང་ཤེས ་རབ་བདག་དཀྱིལ་འཁོར། །བདག་པ་འདིས་ནི་མགོན་པོ་བདག། འདོད་པ་ཁྱོད་ཀྱིས་རྫོགས་པར་མཛོད། །དེ་ལྟར་དམ་ཚིག་གི་གླུ་ཡིས་མཆོད་པར་བྱའོ། །དེ་ནས་སློབ་མ་འཇུག་པའི་ཆོག་འདི་ཡིན་ཏེ། །ཇི་ལྟར་བཤད་པའི་ཆོ་གས་སློབ་མ་མངོན་པར ་འདུས་བྱས་ལ། །སྡོམ་པ་བླངས་པ་དེའི་སྙིང་གར་སྙོམས་པར་ཞུགས་པས་བདེ་བ་ཆེན་པོ་བསམས་ཏེ། དེའི་སྦྱོར་བའི་བསྐྱོད་པ་ལས་བྱུང་བ་འོད་ཟེར་གྱི་ཕྲེང་བ་ཅན་ལུས་ཀུན་སྣང་བར་བྱེད་པའི་ཡི་གེ་ཨ་བསམས་ཏེ། གོས་དམར་པོ་ཐོགས ་པ་དང། རས་དམར་པོས་མིག་གཡོགས་པ། ཨ་ཁཾ་བཱི་ར་ཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་ཐལ་མོས་མེ་ཏོག་།ཕྲེང་བ་བླངས་པ་མགོ་རུ་བཞག་ཅིང་གསོལ་བ་གདབ་པ་ལ་འཇུག་གོ། བདེ་བ་ལ་དགའ་བ་ཁྱོད་གང་ཡིན་ཞེས་དྲིས་པ་དང། ཀྱེ་བདེ་བ་ཆེན ་པོ་ད་ནི་སྐལ་བ་དང་ལྡན་པ་ཡིན་ནོ་ཞེས་ཞུ་བ་བརྗོད་པར་བྱའོ། །དེ་ནས་ཡི་གེ་ལྔ་བས་ཞུགས་ཤིང་འདི་ལྟར་སྨྲ་བར་བྱ་སྟེ། ཁྱོད་ནི་དེ་རིང་དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ལ་ཞུགས་པ་དེ་བས་ན་བདག་གིས་ཁྱོད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར ་བྱ་སྟེ། ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་ན། དངོས་གྲུབ་གཞན་དག་སྨོས་ཅི་དགོས། དཀྱིལ་འཁོར་མ་མཐོང་བའི་མདུན་དུ་ཁྱོད་ཀྱིས་ཀྱང་སྨྲ་བར་མི་བྱ་སྟེ། དཀའ་བ་མ་སྤངས་པས་དུས་ཀྱང་བྱས་ནས་དམྱལ་པར་ལྟུང་ཏ ་རེ། །རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱིས། །སྙིང་ལ་ཡང་དག་གནས་པ་སྟེ། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་གས་ནས་འབྱུང་ཞེས་སྨྲ་བར་བྱའོ། །ག་པུར་དང་ནི་ཙན་དན་བཅས། །རྡོ་རྗེ་ཡང་ནི་མངོན་བཟླས་ཏེ། །དུང་ཕོར་ལས་ནི་བདུད་རྩི་ལྔ། །དེ ་ནས་དེ་ནི་འཐུང་དུ་གཞུག། གསུམ་དང་ཡི་གེ་ལྔ་སྔགས་ཀྱིས། །བློ་བརྟན་སློབ་མ་བྱས་ནས་ནི། །འདི་ནི་དམྱལ་པའི་ཆུ་ཡིན་ཏེ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་པས་དངོས་གྲུབ་སྟེར། །བདུད་རྩི་ལྔ་ཆུ་བཏུང་བར་གྱིས། །ོཾ་བཛྲ་ཨུ ་དག་ཐ། དི་རིང་ནས་བརྩམས་ཏེ། ཁྱོད་ཀྱི་ལག་ན་རྡོ་རྗེ་བདག་ཡིན་པས་བདག་གིས་འདི་གྱིས་ཤིག་ཅེས་ཇི་ལྟར་སྨྲས་པ་དེ་ཁྱོད་ཀྱིས་བྱའོ། །ཁྱོད་ཀྱིས་ཀྱང་བདག་ལ་སྨོད་པར་མི་བྱ་སྟེ། གཞན་དུ་ན་དཀའ་བ་མ་སྤངས་པས་དུས་བྱས་ལ་དམྱལ་བར་ལྷུང ་བར་གྱུར་ཏ་རེ། དེ་ནས་སློབ་མ་ལ་བསྟན་པར་བྱས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་རློབས་ཤིང་པ་དང། རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་མཛོད་ཅིག་།ཅེས་སྨྲ་བ་ལ་འཇུག་གོ། དེ་ནས་ལེའུ་བཅོ་ལྔ་ལས་གསུངས ་པའི་ཚོགས་དབབ་པ། དབབ་པ་དེ་ཡང་ཏིཥྛ་བཛྲ་དྲི་ཌཧོ?་མེ་བྷ་བ། ཤ་ཤུ་ཏོ?་མེ་བྷ་བ། ཧྲི་ད་ཡཾ་མེ་ཨ་དྷི་ཏིཥྛ་སརྦ་སིད་དྷཾ་མེ་པྲ་ཡཙྪ། ཧ་ཧ་ཧ་ཧ་ཧོ(རྒྱུད་འགྲེལ་ཉིད་ཀྱིས་ཀྱང་བླངས་ཏེ། དེ་ཉིད་ཀྱིས་སྤྱི་བོར་བཅིངས་ལ། སྙིང་ཀའི་ཟླ་བར་བདག་པོ་དང། མིག་གཉིས་ལ་ཨོཾ་དང། དཔྲལ་བར་རཾ་བསམས་ཏེ། ཡི་གེ་ལྔ་པས་མིག་ཕྱེ་ཞིང་མན་ངག་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་སྟོན་ཅིང། ཀྱེ་རྡོ་རྗེ་ལྟོས་ཤིག་ཅེས ་སྨྲ་བར་བྱའོ། །མི་མཉམ་མེད་པས་གྲུ་བཞི་པ། །དྲན་པའི་དང་པོ་སྒོ་བཞི་ཡིན། །བསམ་གཏན་བཞི་པོ་རྟ་བབས་ལྡན། །ཁ་ཁྱེར་དག་ནི་ཏིང་ངེ་འཛིན་བཤད། །ཁ་ཁྱེར་ལ་གནས་རྡོ་རྗེ་མཆོག། གཟུགས་ནི་ལྷ་མོ་དང་ལྡན་པ། ། ་རྒྱན?་ནི་སྣ་ཚོགས་ཐམས་ཅད་ལྡན། །བསམ་པ་ཐམས་ཅད་རྫོགས་བྱེད་པ། །ཀུན་གྱི་རྩེ་མོ་བ་དན་དང། །དྲིལ་བུ་སྒྲ་སྒྲོགས་གདུལ་བྱ་སྟོན། །ཡེ་ཤེས་མེ་ལོང་མེ་ཏོག་དང། །བྱང་ཆུབ་ཡན་ལག་མེ་ཏོག་ཕྲེང། །དྲ་བ་དྲ་ཕྱེད་རིན་ཆེན་མཆོག། ་ཟླས་ཉི་མ་ཀུན་ཏུ་བསྐོར། །ཀུན་གྱི་དངོས་གྲུབ་མི་འགྱུར་བདེ། །བདེ་བ་ཆེན་པོ་ཞེས་བསྟན་ཏོ། །དེ་ཡི་ནང་གི་འཁོར་ལོ་ནི། །དཀྱིལ་འཁོར་བརྒྱད་པ་དང་མཚུངས་པ། །དེ་ནི་རྣམ་པར་ཐར་པ་བརྒྱད། །དངོས་གྲུབ་ཐམས་ཅད་བདེ་སྟེར་བ། །རྡོ་རྗེ་ཚིག ་གིས་ཡོངས་བསྐོར་བ། །ཐམས་ཅད་དུ་ནི་ཡོངས་སུ་རྫོགས། །དེ་ལ་ཞུགས་པ་ཙམ་གྱིས་ནི། །ཟིལ་གྱིས་མི་གནོན་ཕྱིར་མི་ལྡོག། བདེ་བ་ཆེན་པོ་རབ་གྲུབ་ཕྱིར། །མཁས་པ་རྣམས་ནི་འབྱུང་བར་འགྱུར། །དེ་ནས་རྡོ་རྗེ་སློབ་དཔོན་ལ། །ཡོན་ནི ་ཤིན་ཏུ་མཆོག་ཕུལ་ནས། །རབ་ཏུ་བཏུད་དེ་ཚིགས་བཅད་འདིས། །དབང་བསྐུར་དོན་དུ་གསོལ་གདབ་བྱ། །འགྲོ་བ་སྐྱོབ་ཕྱིར་རྡོར་ཅན་གྱིས། །སངས་རྒྱས་རྣམས་ལ་དབང་བསྐུར་ནི། །ཡོན་ཏན་འབྱུང་གནས་ཇི་ལྟར་གསོལ། །དེ་བཞིན་དེང ་བདག་ལ་སྩོལ་མཛོད། །ཞུགས་པའི་སྒོ་ཡི་མངོན་ཕྱོགས་སུ། །པདྨ་འདབ་བརྒྱད་ལྟེ་བ་རུ། །རབ་བདག་སྦྱོར་ལྡན་སློབ་མ་ནི། །སྣ་ཚོགས་གདན་ཁྲི་ལ་བཞག་ནས། །ལུས་ལ་དཀྱིལ་འཁོར་བཀོད་ནས་ནི། །ཆོ་ག་འདིས་ནི་དབང་བསྐུར ་བྱ། །གདུགས་དང་རྒྱལ་མཚན་པ་དན་དང། །བུམ་པ་རོལ་མོ་གོས་བཟངས་དང། །ལྷ་ཡི་རྒྱན་ནི་ཐོགས་པ་སྟེ། །སྔ་མའི་ཐུགས་རྗེས་ཤུགས་ཀྱིས་ནི། །ཆགས་པ་དགུག་ཅིང་ཀུན་བྱུང་བ། །དབང་གིས་དུས་སུ་སློབ་དཔོན་གྱིས། །མཁའ་ ་དབྱིངས་སངས་རྒྱས་ཐམས་ཅད་ཀྱིས། །ཡོངས་སུ་གང་བར་བསྒོམ་པར་བྱ། །བུམ་པའི་ཆུ་ལ་ཐིམ་བྱས་ནས། །བདག་པོ་བདུད་རྩི་ལྔར་བཞུགས་པ། །མགྲིན་པར་གོས་བཟང་བཅིངས་པ་ན། །སྤྱན་ལ་སོགས་པས་དེ་གཟུང་ཞིང། །བུམ་པས་པ་སྤུ་བུ་གནས།། ་སངས་རྒྱས་ཐམས་ཅད་ཞུགས་པར་བྱ། །ཚིགས་བཅད་སྔགས་འདི་བརྗོད་བཞིན་པས། །སློབ་མའི་ལུས་ལ་དབང་བསྐུར་བྱ། །དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཁམས་གསུམ་པས་ནི་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་བ་གསུམ། །གནས་ལས་བྱུང ་བ་བདག་གིས་སྦྱིན་ཞེས་བྱ་བ་ནི་ཆུའོ། །དད་པའི་བློས་ནི་ཇི་བཞིན་དུ། །ཅོད་པན་གྱིས་ཀྱང་དབང་བསྐུར་བྱ། །སྦྱོར་བ་ཡིས་ནི་བརྟན་བྱས་ཏེ། །རིམ་པས་ཇི་ལྟར་ཕྱག་མཚན་བཞིན། །དེ་ནི་ཅོད་པན་ནོ། །སངས་རྒྱས་རྡོ་རྗེ་དབང་གིས་ནི། །དི་རིང་ཁྱོད་ནི་དབང ་བསྐུར་བ། །འདི་ད་སངས་རྒྱས་ཐམས་ཅད་ཀྱི། །དངོས་གྲུབ་ཕྱིར་ནི་རྡོ་རྗེ་ལོང། །ོཾ་བཛྲ་ཏྲེ?་བ་དེ་ཏྭ་མཱ་བྷི་ཥིཉྩ་མི་ཏིཥྛ་བཛྲ་ས་མ་ཡ་སྟཾ། ཐོག་མཛའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ ་འགྱིང་བ་བདག་པོའི་བདག་ཅེས་པ་ནི་རྡོ་རྗེའོ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །རྒྱལ་པས་བྱང་ཆུབ་མཆོག་འདོད་པ་།ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང། །སྲིད་པ་རང་བཞིན་གྱིས་དག་པ། །ངོ་བོ་ཉིད་ཀྱིས་སྲིད ་བྲལ་བྱས། །རང་བཞིན་དག་བའི་སེམས་དཔའ་ཡིས། །སྲིད་པ་རམ་པར་བྱང་པའོ་ཞེས་དཀྲོལ་བར་བྱའོ། །སྲིད་པའི་བདེ་བ་ཤིན་ཏུ་ཆུང། །སྡུག་བསྔལ་ཆེན་པོ་ཚོགས་ཡིན་ཏེ། །ཤིན་ཏུ་བདེ་བ་དམ་པའི་ཐབས། །དམ་ཚིག་འདི་ནི་བདེ་སྐྱིད་པའོ། །འདོད་པ ་ཐམས་ཅད་ལོངས་སྤྱོད་ནི། །ཅི་བདེ་པས་ནི་བསྟེན་པར་བྱ། །རང་གི་ལྷ་ཡི་སྦྱོར་པ་ཡིས། །རང་དང་གཞན་ལ་མཆེད་པར་བྱ། །བྱང་ཆུབ་སེམས་དཔའ་རབ་ཏུ་མཆོག་།ཇི་སྲིད་འཁོར་བ་ལ་གནས་པ། །དེ་སྲིད་མཚུངས་མེད་སེམས་ཅན་དོན། །བྱེད་དུ་ནུས་ཏེ ་འཚང་མི་རྒྱ། །ཤེས་རབ་ཕ་རོལ་ཕྱིན་ཐབས་དང། །བསོད་ནམས་བྱིན་རླབས་ལས་བྱུང་བ། །དངོས་གྲུབ་ཀུན་ནི་དབང་ཕྱུག་འགྲུབ། །སེམས་ཅན་དོན་ནི་བརྟན་པར་བྱེད། །སྔགས་ཀྱི་སྐུ་ནི་བརྟན་པའི་ཕྱིར། །སྐུ་ཀུན་རབ་ཏུ ་བརྟན་པ་ནི། །དེས་ན་ཕྱག་རྒྱ་རབ་ཏུ་གྲགས་ཞེས་བྱ་བ་ནི་དམ་ཚིག་གོ། དེ་ཉིད་ཀྱིས་ནི་རྡོ་རྗེ་བླང། །ཆོས་ཀྱིས་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གི་ནི་ཕྱག་རྒྱ་ཆེ། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླས་ཞེས་བྱ་བ་གང་གསུངས་པ་དེ་སོ་སོར་བསྟན ་ཏོ། །ོཾ་བཛྲ་དེ་བདེ་ཏྭ་མཱ་བྷི་ཥིཉྩ་མི་བཛྲ་ནཱ་མཱ་བྷི་ཥ་ཀ་ཏ། ཀྱེ་དཔལ་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བ་དཔལ་གྱི་སྒྲ་བརྗོད་པར་བྱའོ། །དེ་བཞིན་དུ་སྐུ་གསུམ་ལ་སོགས་དང། །སྟོབས་དང་ཕ་རོལ་ཕྱིན་པ་སོགས། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ལག ་ན་རྡོ་རྗེ་ཕྱག་ན་གནས། །ལག་ན་རྡོ་རྗེ་བརྟུལ་ཞུགས་བརྟུལ། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང། །ོཾ་སརྦབ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡེ་ཏིཥྛ་ཨ་ཥོ་ཏྭཾ་དྷ་ར་ཡཱ་མི་ཧི་ཧི་ཧི་ཧི་ཧཱུཾ་ཞེས་བྱ་བས་ནི་རྡོ་རྗེ་བརྟུལ་ཞུགས་སོ། །དེ་ནས་སྡིག་མེད་སློབ་མ་དམ ་པ་ནི། མེ་ཏོག་སོགས་ཀྱིས་མཆོད་པར་བྱ། །པདྨའི་དཀྱིལ་འཁོར་ལ་བཞག་ནས། །དེ་ནས་དེ་ལ་དབང་བསྐུར་བྱིན། །མཱ་མ་ཀཱི་སོགས་དང་སྦྱར་ནས། །བདག་ནི་སྐལ་ལྡན་ཞེས་བརྗོད་ནས། །རྡོ་རྗེ་པདྨ་བདག་བསྡུས་ཏེ། །དེ་བདེ་ལ་ནི་སྙོམས་ཞུགས ་ན། རྡོ་རྗེ་པདྨ་ལས་དགུག་ཅིང། །སློབ་མའི་ཁར་ནི་མཁས་པས་བཅུག། ཀྱེ་མ་བདེ་བ་ཞེས་བརྗོད་པས། །སེམས་བྱུང་བ་ནི་མྱང་བར་བྱ། །མི་མཁས་པ་ཡི་སློབ་མ་ལ། །དེ་ཉིད་འདི་ནི་བསྟན་མི་བྱ། །དབང་བསྐུར་བ་ཙམ་འདི་ཉིད་ཀྱིས། །སློབ་མའི ་ཡོན་ཏན་འཕེལ་བར་འགྱུར། །འགྲོ་དང་མི་འགྲོ་ཐམས་ཅད་དུ། །བདེ་བས་སློབ་དཔོན་ཉིད་དུ་འགྱུར། །དེ་ནི་གསང་བའོ། །ཤེས་པར་གྱི་དབང་བསྐུར་བའི་དང་པོར་དམ་ཚིག་རྣམས་སྦྱིན་པར་བྱ་སྟེ། རྡོ་རྗེ་སློབ་དཔོན་སྨོད་པ་དང་ཞེས་བྱ་བ་ལ་སོགས་པ་རྩ ་པའི་ལྟུང་བ་བཅུ་བཞི་དང། ཁ་ན་མ་ཐོབ་སྦོམ་པོ་བཅུ་སྟེ། དེ་རྣམས་སློབ་མ་ཉན་དུ་གཞུག་པ་དང། །ཁས་བླང་བྱས་ལ། གདོལ་པ་དང། ཁྲུས་མཁན་དང་གར་མཁན་མ་རྣམས་ལས་གང་ཡང་རུང་པའི་ཕྱག་རྒྱ་མ་རིགས་ལྔས་བྱིན་གྱིས་བརླབས་ཏེ། རྡོ་རྗེ་སློབ ་དཔོན་གྱིས་མཚན་ཕྱེད་ལ་སློབ་མ་དེ་ལ་སྦྱིན་པར་བྱའོ། །དེའི་ཚེ་ཕྱག་རྒྱ་མས་སློབ་མ་ལ་འདི་སྐད་སྨྲ་བ་སྟེ། བཤད་གཅི་དང་ནི་ཁྲག་དང་ནི། །ཤུཀྲ་དེ་བཞིན་ཤ་ཉིད་དང། །བྷ་གའི་པད་མ་ཙུམ་པ་ན། །བུད་མེད་རྣམས་ལ་དད་པའི་མཆོག། ཁྱོད་ཀྱིས་རྡོར་ཅན་མི་ནུས ་སམ། བདེ་ཆེན་བུ་ནི་སྨྲ་བར་གྱིས། །དེ་ནས་བཅོམ་ལྡན་རྡོ་རྗེ་ཅན། །གཞད་ཅིང་འདི་ལྟར་བཀའ་སྩལ་ཏེ། །ཤུཀྲ་ཁྲག་ལ་སོགས་ཟབ། །ལྷ་མོ་ཅི་ཕྱིར་བདག་མི་ནུས། །བྷ་གའི་ཙུམ་པ་ན་དང་ནི། །རྟག་ཏུ་བུད་མེད་ལ་དད་བྱ། །དེ་ཡི་འོག་ཏུ་ལྷ་མོ་དེས། ། ་ན་བཟའ་ཕུད་ཅིང་ཉིད་ཀྱི་པདྨ་ཡང་དག་པར་བསྟན་པ་སྟེ། ཨེ་མའོ་བདག་གི་པདྨ་འདི། །བདེ་བ་ཐམས་ཅད་དང་ལྡན་པ། །ཆོ་ག་གང་གིས་བསྟེན་བྱེད་ན། །དེའི་མདུན་དུ་བདག་གནས་པའོ། །སེམས་ཅན་ཁམས་ནི་རབ་གྲོལ་བ། །ཆོས་ཀྱི་དབྱིངས་ནི་དག་པ་འདི།། ་དངོས་པོ་ཀུན་གྱི་རང་བཞིན་ཉིད། །འདི་ལ་བདེ་ཆེན་རྒྱལ་པོ་གནས། །དེ་ནཱ་དའི་ནང་དུ་གནས་པའི། རྩའི་འཁོར་ལོ་བསྟན་པ་ཡིན་ཏེ། བྷ་གའི་དབུས་སུ་ནམ་མཁའ་གང། །ནམ་མཁའ་ལྔ་ཡིས་བརྒྱན་པ་སྟེ། །ཟེ་བ་གེ་སར་དང་ལྡན་པ། །འདབ་མ་བརྒྱད་ཀྱིས་རྣམ ་པར་བརྒྱན། །ཤུཀྲའི་རང་བཞིན་བདུད་རྩི་ནི། །དེ་ལ་གནས་པ་རྟག་ཏུ་འཛག་།དེ་ནས་སློབ་མ་ལ་བཀའ་སྩལ་པ་སྟེ། བྷཉྫ་མོཀྵ་ཧོ་ཞེས་བྱའོ། །དེ་ནས་སྔགས་བས། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། །བྷ་གའི་དབུས་སུ་རྩ་གང་གནས། །སུམ་ཅུ་རྩ་གཉིས་རྩ་གཞན ་རྣམས། །དེ་ཡི་ནང་ན་དེ་གཙོ་བོ། །གོམས་དང་བླ་མའི་ཞལ་ནས་ནི། །བཙལ་བས་དེ་ཉིད་རྙེད་ནས་ནི། །ཅུང་ཟད་སོར་མོས་བསྐུལ་བ་དང། སླར་ཡང་ལྕེའི་རྩེ་མོས་བསྐུལ། །དགའ་མཆོག་རབ་ཏུ་རྒྱུ་བ་ནི། །དེ་ནས་རྩ་དེ་ཁ་ཕྱེ་གྱུར། །ཕ་རོལ་ཕྱིན་པ་བཅུ་སྟོབས ་ནས། །དེ་བཞིན་སྟོབས་དང་དབང་ཉིད་བཅུ། །ས་ནི་བཅུ་ལ་འདས་ནས་ནི། །དེ་ནས་རྡོ་རྗེ་རེངས་པར་གྱུར། །དེ་ཉིད་ཀྱི་ཕྱིར་ལེའུ་བཅོ་བརྒྱད་པ་ལས་ཀྱང། བསྒྲུབ་བྱ་སྒྲུབ་བྱེད་སྦྱོར་བ་ནི། །གང་ཕྱིར་བསྙེད་པ་བཤད་པ་དང། །རྡོ་རྗེ་པདྨ ་སྦྱོར་བས་ནི། །ཉེ་བར་སྒྲུབ་པར་འདོད་པ་ཡིན། །ཧཱུཾ་དང་ཕཊ་གཉིས་ལྡན་པ་ནི། །བ་སྐྱོད་པ་སྒྲུབ་པ་རབ་བཤད་པའོ། །རང་ངོ་རང་བདེ་ཞི་བ་ནི། །སྒྲུབ་པ་ཆེན་པོར་བཤད་པ་ཡིན། །དཔལ་ལྡན་སངས་རྒྱས་ཀུན་གྱི་བདག། རྡོ་རྗེ་འཆང་ཆེན་གྱི་གོ་འཕང། ། ་སངས་རྒྱས་ཀུན་གྱི་ཐབས་བྱུང་ང། །དེ་ནི་ཆོས་རྣམས་ཆོས་ཉིད་དོ་ཞེས་གསུངས་ཏེ། དེ་ཁོ་ན་ཉིད་དོ། །དེ་ནས་ལྷ་མོ་དེས་རེངས་པ་རྡོ་རྗེའི་སྟེང་དུ་བཞུགས་ལ་བསྒྲུབ་པ་བྱའོ། །སློབ་མས་ཀྱང་ཨོཾ་སརྦབ་ཏ་ཐཱ་ག་ཏ་ཨཱ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉ ་ཧཾ་ཞེས་བྱ་བ་བརྗོད་པར་བྱའོ། །དེའི་ཚེ་སློབ་དཔོན་གྱིས་ཀྱང་རྡོ་རྗེ་དབང་ཕྱུག་མ་དང་སྙོམས་པར་ཞུགས་པའི་སློབ་མ་གཟིགས་ཏེ་རང་གི་ཐུགས་ཀ་ནས་མོ་ཧ་ར་ཏི་ལ་སོགས་པ་ལྷ་མོ་བཞི་པོ་སློབ་མའི་སྙིང་ཁར་ཞུགས་པར་བྱའོ། །མཁའ་ ་དབྱིངས་རྡོ་རྗེ་སྦྱོར་བ་ཡིས། །ཡང་དག་རིག་པས་རྨད་བྱུང་ཆེ། །མཆོག་ཏུ་དགའ་བ་སྐྱེད་བྱེད་པའི། །གང་ཞིག་བདེ་བ་དེ་སྐྱེ་འགྱུར། །དགའ་བྲལ་དགའ་བའི་དབུས་སུ་ནི། །མཚོན་ཆ་བལྟས་ནས་བརྟན་པར་གྱིས། །པདྨ་ཡི་ནི་ནམ་མཁའ་དང། །རྡོ་རྗེ་ནོར་བུའི ་ལྟེ་བ་དག་།བཙིར་བས་རྡོ་རྗེ་དཀྱིལ་ཀྲུང་གིས། །ནོར་བུའི་ནང་འགྲོའི་སེམས་བལྟ་བྱ། །གང་ཞིག་ཡེ་ཤེས་སྐྱེ་འགྱུར་ཏེ། །ཡེ་ཤེས་དེ་ངོ་སྨྲ་མི་ནུས། །ཆགས་བྲལ་མ་ཡིན་ཆགས་བྲལ་མིན། །བར་པ་ཡང་ནི་མི་དམིགས་སོ། །གང་ཚེ་ཡེ་ཤེས ་ལྟ་བ་ཡི། །རྣལ་འབྱོར་པ་ཡིས་སྐད་ཅིག་གམ།། ཡང་ན་ཐུན་ཅིག་ཞག་བདུན་ནམ། །ཟླ་ཕྱེད་ཟླ་གཅིག་ལོ་གཅིག་གམ། །བསྐལ་པ་བསྐལ་པ་སྟོང་གི་ཕྲག། ཡེ་ཤེས་སྦྱོར་བས་གནས་འགྱུར་རོ། །དེ་ནས་ཅི་ནུས་པས་སློབ་མས་ཕྱུང་ཞིང ་རིགས་མའི་པད་མར་གནས་པའི་བྱང་ཆུབ་ཀྱི་སེམས། དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་བདག་ཉིད་ཀྱི་བློས་ལྕེ་བསྐུལ་བས་བཏུང་བར་བྱའོ། །དེའི་དུས་སུ་ཡང་ལྷ་མོ་དེ་ལ་བྷཉྫ་མོཀྵ་ཧོ་ཞེས་བྱ་བའི་སྔགས་ཀྱིས་བཀའ་སྩལ་པ་ཡིན་ཏེ། ཤེས ་རབ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ། །དེ་ནས་དོན་དམ་པའི་ཡུམ་དང་ཆོས་ཀྱི་སྐུ་སྐྱེད་པར་བྱེད་པའི་རིག་མའི་བརྟུལ་ཞུགས་ཀྱི་ངོ་བོ་ཚིགས་སུ་བཅད་པ་རྣམས་ཀྱིས་བསྐུལ་ཞིང། སློབ་མའི་ལག་ཏུ་དེ་གཏད་ནས། །བླ་མ་རྡོ་རྗེ་ཅན་གྱིས་སྨྲ། ། ་ཐབས་གཞན་གྱིས་ནི་འཚང་མི་རྒྱ། །དེ་ཕྱིར་རིག་མའི་མཆོག་ཟུང་ཞིག། ཆོས་ཀུན་གཉིས་སུ་མེད་པ་སྟེ། །ཚུལ་ནི་གཉིས་ཀྱིས་བརྟན་པ་ཡིན། །དེ་ཕྱིར་འཁོར་བར་འདི་ཉིད་དང། །ཁྱོད་ཀྱིས་བྲལ་བར་མི་བྱའོ། །འདི་ནི་སངས་རྒྱས་ཐམས་ཅད་ཉིད།། ་རིག་མའི་བརྟུལ་ཞུགས་བླ་མེད་པ། །རྨོངས་པ་གང་གིས་འདའ་བྱེད་པ། །མཆོག་གི་དངོས་གྲུབ་དེས་མི་འཐོབ་ཅེས་བྱ་བས་ཕྱག་རྒྱ་མ་དེ་སློབ་མ་དེ་ལ་གཏན་དུ་སྦྱིན་པར་བྱ་སྟེ། རིག་མའི་བརྟུལ་ཞུགས་སོ། །སྙིང་དང་སྤྱི་བོར་སངས་རྒྱས་དགོད། །ཧཱུཾ ་ཡིག་མཆོག་གི་ཚུལ་བརྗོད་རྣམས། །སངས་རྒྱས་ཀུན་གྱིས་དེས་བརྟེན་པའི། །དམ་ཚིག་དེ་ནས་ཉན་འཇུག་བྱ། །ཐབས་དང་ཤེས་རབ་བསམས་པ་ཡིས། །ཅུང་ཟད་མི་བྱར་མེད་པ་སྟེ། །རྟག་ཏུ་རྟོག་པ་མེད་འགྱུར་ཞིང། །འདོད་པའི་ཡོན་ཏན ་ལྔ་སྤྱོད་ཅིང། །ཇི་བཞིན་རང་བཞིན་ཉིད་ཀྱིས་ནི། །སེམས་ཅན་འདུལ་བར་འགྱུར་བ་ཡིན། །འདོད་ཆགས་ལ་སོགས་རྣམ་དག་པས། །དེ་བཞིན་སེམས་ཅན་གྱི་དོན་བྱ། །ཆགས་པ་མཉམ་པ་མེད་པ་སྟེ། །རྒྱལ་བ་རྣམས་ལ་དེ་དབུལ་བྱ། །སེམས ་ཅན་དོན་ཕྱིར་གཞན་བུད་མེད། །བསྟེན་ན་བསོད་ནམས་ཐོབ་པར་འགྱུར། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སངས་རྒྱས་སྐུ་ཡི་སྦྱོར་བ་ཡིས། །གཞན་གྱི་ནོར་རྣམས་འཕྲོག་བྱེད་ན། །སྡིག་པས་གོས་པར་མི་འགྱུར་རོ། །གང་ཞིག་དམ་ ་ཚིག་ལ་སྣང་དང། །གང་ཞིག་སྐྱེ་བོ་དམ་ཚིག་ཉམས། །སངས་རྒྱས་བསྟན་པའི་རྒྱུ་ཡིས་ནི། །རྩོལ་བས་དེ་རྣམས་བསད་པར་བྱ། །གདོན་མི་ཟ་ཡི་ཏིང་འཛིན་གྱིས། །བརྫུན་ངག་རྡོ་རྗེའི་ཚིག་རྣམས་ནི། །རྒྱུད་ལས་གསུངས ་པའི་ཆོ་ག་ཡིས། །མཁས་པས་དམ་ཚིག་མཆོག་བསྟེན་བྱ། །དེ་ནས་དེ་བཞིན་གཤེགས་པ་ཉིད་དུ་གྱུར་ཅིང་གཟེངས་བསྟོད་ཀྱིས། །གཡོན་པའི་ཁུ་ཚུར་གྱིས་ཆོས་གོས་ཀྱི་དབུས་གནས་གཟུང་བ་དང། གཡས་པས་ཀྱང་མཆོག་སྦྱིན་གྱི ་ཕྱག་རྒྱ་བྱས་ལ་ལུང་བསྟན་པར་བྱ་སྟེ། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བདག་གིས་ཁྱོད་ལ་ལུང་བསྟན་བྱ། །སྲིད་པའི་ངན་འགྲོ་ལས་བཏོན་ཞིང། །ཡང་དག་སྲིད་པ་བསྒྲུབ་ཕྱིར་རོ། །ཀྱེ་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེཌ ་པར་གང་ལ་གཟེངས་བསྟོད་པ་འདི་ཡིས་ལུང་བསྟན་པར་བྱས་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སློབ་དཔོན་ཉིད་དུ་ལུང་བསྟན་པ་སྟེ། ལུང་དུ་བསྟན་པའོ། །དེ་ནས་དབུགས་དབྱུང ་བར་བྱས་ལ། སྔགས་དང་བསམ་གཏན་བྱིན་པར་བྱའོ། །དེ་ལ་སྔགས་ནི་ཡི་གེ་གསུམ་གྱིས་སྤེལ་བའི་ཛི་ན་ཛིཀ་ཅེས་བྱ་བ་ལ་སོགས་པ་སྟེ། སྭཱ་ཧཱའི་མཛའ་ཅན་གྱིས་བཟླས་པའི་སྔགས་རྣམས་སོ། །དེའི་མོས་པའི་དབྱེ་བས་སྔ་མ་བཞིན ་ལྷའི་དཀྱིལ་འཁོར་བསམ་གཏན་ནོ། །དེ་ནས་སློབ་མ་མཆོད་པ་རྣམ་པ་ལྔས་དཀྱིལ་འཁོར་མཆོད་དུ་བཅུག་ལ་རང་གིས་ཀྱང་མཆོད་ཅིང་གཏོར་མའི་ཆོ་གའི་རིམ་པས་རྒྱལ་པོ་བཞིའི་གཏོར་མ་དང། འབྱུང་པོ་ཐམས་ཅད་ཀྱི་གཏོར་མ་དང། ་ཁྲོ་བོའི་གཏེར་མ་བྱའོ། །དེ་ནས་ཞི་བའི་དོན་དུ་སྔ་མ་བཞིན་དུ་སྦྱིན་སྲེག་ཡང་བྱའོ། །དེ་ནས་སློབ་མ་གདུགས་དང་བཅས་པ་མཐེ་བོ་གཡས་པ་ལ་གཟུང་ཞིང་དཀྱིལ་འཁོར་ལ་བསྐོར་བ་གསུམ་བྱེད་དུ་བཅུག་ཅིང་གདུགས་དང་བཅས་པ ་དེ་ཉིད་དཀྱིལ་འཁོར་གྱི་ཤར་ཕྱོགས་ཀྱི་སྒོ་ལ་དབུལ་བར་བྱ་སྟེ། སློབ་མ་འདི་ནི་དད་པ་ཡིས། །དམ་ཚིག་དཀྱིལ་འཁོར་ལ་ཕུལ་ཏེ། །མགོན་པོ་དེ་ནི་རབ་བསྒྲུབ་ཕྱིར། །རྗེས་སུ་བརྩེ་བར་མཛད་དུ་གསོལ་ཞེས་བརྗོད་པར་བྱའོ། །དེ་ནས་ཡི་གེ་མུ:ཱི་མཛའ་ཅན ་གྱི་ཡི་གེ་བརྒྱ་པས་གཤེགས་སུ་གསོལ་ཞིང་དཀྱིལ་འཁོར་གྱི་རྡུལ་ཚོན་བསྡུས་ཏེ་གཙང་པོ་ལ་གཏོར་རོ། །ཕུར་བུ་རྣམས་ཀྱང་བཏོན་ཏེ་འོ་མས་བཀྲུ་ཞིང་སྤོས་ཀྱིས་བདུགས་ལ། མེ་ཏོག་སྦྱིན་ཞིང་བཞག་པར་བྱའོ། །དཀྱིལ་འཁོར་གྱིས་གཞི་ཡང་བདུད ་རྩི་དང་བཅས་པའི་བ་ཆུས་བྱུགས་ལ། མེ་ཏོག་གིས་དགྲམ་པར་བྱའོ། །འཕགས་པ་བརྒྱད་སྟོང་པ་ཀློག་ཅིང། བསོད་ནམས་བསྔོ་བ་དང། སྨོན་ལམ་དང། བསྟོད་པ་དང། སྐོར་བ་བྱས་ནས་བཟོད་པར་གསོལ་ཞིང་ལངས་ཏེ་རང་གི་གནས་སུ་ཕྱིན་ནས ་མཉམ་པར་བཞག་པར་བྱ་ཞིང་ཡིད་ལ་བྱེད་པ་དེ་ཉིད་ཀྱིས་སྤྱོད་ལམ་བཞི་པོས་ཅི་འདོད་པས་གནས་པར་བྱའོ། །དེས་ནི་ཆོ་གའི་སྒྲས་ནི་དེ་ལྟར་བསྟན་པ་ཡིན་ཏེ། དང་པོ་སྦྱོར་བ་ལ་སོགས་པའོ། །དེ་ཉིད་བསྟན་པའི་ཕྱིར་ཕྱག་རྒྱ་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། དཀྱིལ་འཁོར་དེ་ལ་ཕྱག་རྒྱ་ནི་འཁོར་ལོ་ལ་སོགས་པ་དང། རྡོ་རྗེ་ནི་དེ་བཞིན་གཤེགས་པའི་སྐུ་དང། གནས་ནི་ཡིག་འབྲུ་སྟེ། དེ་རྣམས་བསམ་པ་ཇི་བཞིན་བྱ་བ་ནི་བྲི་བར་བྱའོ། །སྔགས་ནི་སྒྲུབ་པ་པོ་རྣམས་ཀྱིས་གསང་བ་མཆོག་དེ་ནི ་བསྟན་པར་བྱ་བ་མ་ཡིན་པའོ། །དབུས་སུ་རྣམ་པར་སྣང་མཐར་གནས་ཞེས་བྱ་བ་ལ་དཀྱིལ་འཁོར་གྱི་དབུས་སུ་དེའི་ས་བོན་ནམ་ཕྱག་མཚན་ནམ་སྐུ་བྲི་བར་བྱའོ། །མི་བསྐྱོད་པ་ལ་སོགས་པ་ཡང་ཞེས་པ་ནི་ཤར་ལ་སོགས་པ་ཕྱོགས་གཞི་ལ་དེ ་རྣམས་བྲི་བར་བྱའོ། །སྐུ་གསུང་ཐུགས་རྡོ་རྗེ་མཆོག་ནི་ལྷ་མོ་སྤྱན་ལ་སོགས་པ་སྟེ། དེ་རྣམས་གྲཝ་རྣམས་སུ་ཟེ་བར་བྱའོ། །ཁྲོ་བོ་རྣམས་ནི་སྒོ་རྣམས་དང་དེའི་གྲཝ་རྣམས་དང། སྟེང་འོག་ཏུ་བྲི་བར་བྱའོ། །རྡོ་རྗེ་གསང་བ་ཞེས་བྱ་བ་ལ་སོགས་པ་ལ། ་སྔགས་ཞེས་པ་ནི་རྣལ་འབྱོར་བས་དེ་ནས་མཆོད་པར་བྱའོ། །ཇི་ལྟ་བུ་ཞེ་ན། གསང་བ་དང་རྡོ་རྗེ་ནི་གསང་བ་རྡོ་རྗེ་སྟེ། པདྨ་དང་རྡོ་རྗེའོ། །དེ་དག་གིས་རབ་བསྒོམས་པ་ནི། བྲས?་བསམ?་དང་སྡོམས་པར་ཞུགས་པར་བྱའོ་ཞེས ་སྟོན་ཏོ། །སྔགས་རྣམས་ཐམས་ཅད་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་བ་རྣམས་ཀྱི་དམ་ཚིག་ནི་མཆོད་པ་སྟེ། འདབ་དཀའ་བ་ནི་སྤང་པར་མི་བྱའོ། །ཞེས་སྟོན་ཏོ། །བཤང་དང་གཅི་བ་ཤེས་བྱ་བ་ལ་སོགས་པ་ལ། དཀྱིལ་འཁོར་དེ་ཉིད ་དུ་ཞལ?་གཅི་ལ་སོགས་པའི་བདུད་རྩི་རྣམས་རྣལ་འབྱོར་པ་ཉིད་ཀྱིས་སྤྱོད་པ་དང། སློབ་མ་རྣམས་ལ་ཡང་སྦྱིན་པར་བྱའོ། །སྔགས་རྣམས་ཐམས་ཅད་ནི་སྔ་མ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་རིགས་ཅན་གྱི་དམ་ཚིག་འདི་ཡིན་ཏེ་། ་བསྐྱེད་པའི་?་པ་དང་སྒྲུབ་པ་དག་གི། དེ་བཞིན་གཤེགས་པ་ཐམས་ཅད་ནི་ད་རྣམས་ཀྱི་རང་བཞིན་གྱི་སྐུ་ནི་རྣམ་པར་སྣང་མཛད་དེ། དེའི་དཀྱིལ་འཁོར་རོ་ཞེས་བྱ་བ་ནི་ཉེ་བར་བསྡུ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། གསུང་རྡོ་རྗེ ་ཐམས་ཅད་ཀྱི་དམ་ཚིག་ནི་པདྨའི་རིགས་ཅན་རྣམས་ཏེ། དེ་དག་གི་སྤྲིན་ནི་ཚོགས་ཏེ་།དེ་ཉིད་བཀོད་པ་ནི་གནས་ཇི་ལྟ་བ་བཞིན་དུ་བཞག་པ་སྟེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གསུང་རྡོ་རྗེའི་དཀྱིལ་འཁོར ་?་པ་མཛའ་ཡས་ཀྱི་དཀྱིལ་འཁོར་གསུངས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་སཱ?་མ་བཞིན་ནོ། །ཁྲུ་ནི་ཉི་ཤུའི་ཚད་དུ་བྱ་ཞེས་བྱ་བ་ལ་སོགས་པ་ལ། ཁྲུ་ཉི་ཤུའི་ཚད་ནི་ཕྱོགས་རེ་རེ་ཁྲུ་ལྔ་ལྔ་ཡིན་པའི་ཕྱིར་རོ། །འདིར ་?་སྒྱུ་རླུང་ལྔའི་བདག་ཉིད་ཡིན་པ་དང། དེ་ཉིད་གསང་བ་ལ་སོགས་པའི་དཀྱིལ་འཁོར་རྣམས་ལ་ཞུགས་པའི་ཕྱིར་རོ་ཞེས་རྣམ་པར་དག་པའོ། །དེ་བཞིན་དུ་སྔ་མ་བཞིན་དུ་གྲུ་བཞི་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དེ་ཉིད་རྡོ ་རྗེ་སྒོམ་པ་ནི་བརྟན་པའི་ཏིང་ངེ་འཛིན་དང་ལྡན་པའི་སྒྲུབ་པ་པོ་རྣམས་ཀྱིས་བྲི་བར་བྱའོ། །ཉིད་ཀྱི་སྐུའི་དཀྱིལ་འཁོར་མིན་མཁའ་ཨི་དཀྱིལ་འཁོར་ཏེ། དེའི་གནས་?་དང་དབྱེར་མེད་པར་བྱའོ། །སྐུའི་རྡོ་རྗེ་ནི་སྙིང་གའི་པདྨ་སྟེ། དེའི་ཡོན་ཏན་ནི་ཕྲེང་བ ་ཡིན་ལ་དེ་བསྐྱེད་པ་ནི་དེ་འཛིན་པ་སྟེ་པདྨའི་ཕྲེང་བས་རྣམ་པར་བརྒྱན་པའོ་ཞེས་སྟོན་ཏོ། །རྒྱལ་པོ་ཆེན་པོ་རྡོ་རྗེ་ཆོས་ཞེས་བྱ་བ་ལ་སོགས་པ་ལ། དཀྱིལ་འཁོར་དེ་ཉིད་དུ་རྡོ་རྗེ་ཆོས་ནི་སྣང་བ་མཛའ་ཡས་པ་དང། རྒྱལ་པོ་ཆེན་པོ་ནི་དེ་བཞིན་གཤེགས ་པ་རྣམས་དང། རིག་པ་ནི་ལྷ་མོ་རྣམས་དང། དབང་པོ་ནི་ཁྲོ་བོ་དང་བྱང་ཆུབ་སེམས་དཔའ་ཨི་རྣམས་ཏེ། དེ་དག་དབབ་པར་བྱ་བ་ནི་བྲི་བར་བྱའོ། །དེའི་དབུས་སུ་འཁོར་ལོ་ཆེན་པོ་ནི་འཁོར་ལོའི་ཚུལ་གྱིས་ཟླ་བ་དང་ཉི་མའི་གདན་རྣམས་དང། ཀུན་ཏུ ་ཟླུམ་པོ་ནི་སྣ་ཚོགས་པདྨ་རྣམས་ཀྱང་པྲི་བར་བྱའོ། །ཕྱག་རྒྱ་ཐམས་ཅད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ལ་སོགས་པ་བྲི་བར་བྱའོ། །ཇི་ལྟར་ཞེ་ན། ཆོ་ག་བཞིན་དུ་ཞེས་པ་ནི་དཀྱིལ་འཁོར་གྱི་ཆོ་ག་ལ་འབྱུང་བའི ་རིམ་པས་སོ། །ཚེ་དཔག་མེད་ཀྱི་ཕྱག་རྒྱ་ཆེ་ཞེས་བྱ་བ་ལ་དཀྱིལ་འཁོར་དེ་ཉིད་ཀྱི་དབུས་སུ་སྣང་བ་མཛའ་ཡས་ཀྱི་ཕྱག་མཚན་གྱི་ཕྱག་རྒྱ་ལས་གང་ཡང་རུང་བ་བྲི་བར་བྱའོ་།སྣང་བ་མཛའ་ཡས་དེ་ཉིད་ཀྱི་གང་ཞིག་རྡོ་རྗེའི་གནས་ནི་དཀྱིལ ་འཁོར་བ་རྣམས་ཏེ། དེ་རྣམས་ཐམས་ཅད་སྔ་མ་བཞིན་དུ་བྲ་བར་བྱའོ། །ཡོངས་སུ་གསལ་བ་དང་ཆོ་ག་བཞིན་དུ་རྫོགས་པའི་དཀྱིལ་འཁོར་བྲིས་ལ། དེའི་དབུས་སུ་གསང་པའི་མཆོད་པར་བྱ་བ་ནི་ཤིན་ཏུ་བསྣབས?་པ་དང་འདུས་བྱས་པའི ་གར་མཁན་གྱི་བུ་མོ་དང་སྙོམས་པར་ཞུགས་པར་བྱའོ། །དེ་ལྟར་བྱས་ན་རྡོ་རྗེ་ཅན་ནི་གསུང་རྡོ་རྗེའི་རིགས་ཅན་རྣམས་མཉེས་པར་འགྱུར་རོ། །དེ་བཞིན་དུ་བཤད་པ་ལ་སོགས་པའི་བདུད་རྩི་ལྔས་མཆོད་པར་བྱས་ན། དངོས་གྲུབ་ནི་གསུང་རྡོ? ་རྗེ་འཛིན་གྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །སངས་རྒྱས་ཐམས་ཅད་ནི་གསུང་རྡོ་རྗེའི་རྣལ་འབྱོར་པ་རྣམས་ཏེ། དེ་དག་གི་དམ་ཚིག་མཆོད་པ་སྟེ། འདའ་དཀའ་བ་ནི་སྤང་བར་མི་བྱའོ་ཞེས་སྟོན་ཏོ། །དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་རང་བཞིན་གྱི་གསུང་ནི་སྣང་བ་མཛའ་ཡས་ཏེ། དེའི་དཀྱིལ་འཁོར་ཡིན་ནོ་ཞེས་ཉེ་བར་བསྡུ་བ་སྟེ། བསྐྱེད་པའི་རིམ་པ་དང་སྒྲུབ་པ་དག་གོ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཀུན་ནས་སྤྲིན་ནི་རིན་ཆེན་དཔལ་ལ་སོགས་པ་སྟེ། དེ ་རྣམས་ཀྱི་ཚོགས་ནི་དཀྱིལ་འཁོར་བ་རྣམས་ཏེ། དེ་རྣམས་བཀོད་པ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་གནས་པ་སྟེ། དེ་ཉིད་རྡོ་རྗེ་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ལ་སྙོམས་པར་ཞུགས་ནས། རབ་ཏུ་གསང་བ་ནི་བྱ་བའི་ཚུལ་ལ་གནས་པ་རྣམས་ལ ་བསྟན་པར་མི་བྱ་བ་དང། གསང་བ་ནི་དེ་བཞིན་གཤེགས་པ་གཙོ་བོར་གྱུར་པས་དེའི་རང་བཞིན་ཏེ། དཀྱིལ་འཁོར་ནི་རིན་ཆེན་དཔལ་ལ་སོཌ་པའི་དཀྱིལ་འཁོར་དག་ཏེ་དེ་ཉིད་ཉིད་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །རྡོ་རྗེ་འཛིན ་མཆོག་གང་ཡིན་པ་ཞེས་བྱ་བ་ལ་སོགས་པ་ལ། རེ་ཞིག་ཐུགས་དང་གསུང་དང་སྐུའི་དཀྱིལ་འཁོར་གསུམ་བསྟན་པ་ཡིན་ལ། དེའི་ནང་ན་རྡོ་རྗེ་འཛིན་མཆོག་ནི་རིན་ཆེན་འབྱུང་ལྡན་དང་དོན་ཡོད་གྲུབ་པ་ལ་སོགས་པའི་སྒོམ་པ་ལ་སོགས ་པ་བྱེད་ན། དེའི་ཚེ་དེ་ཉིད་ཀྱི་གཟུགས་སམ་ཕྱག་མཚན་གྱི་ཕྱག་རྒྱ་ལ་སོགས་པ་བྲི་བར་བྱའོ། །དེ་བཞིན་གཤེགས་པ་དེ་ཉིད་ཀྱི་དཀྱིལ་འཁོར་དེ་ཤེས་པར་བྱའོ། །ཇི་ལྟ་བུ་ཞེ་ན། སྐུ་གསུང་ཐུགས་ནི་རིགས་གསུམ་སྟེ། དེ་རྣམས་ཀྱི ་གསང་བ་?་པ་སྟེ། དེ་ལས་བྱུང་བ་ནི་རིན་ཆེན་ལ་སོགས་པའི་རིགས་རྫོགས་པ་སྟེ། དེ་ཡང་སྔར་བཤད་ཟིན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རིགས་སུ་གྱི་སྙམ་?་གྱི་སྐུ་གསུང་ཐུགས་རྣམས་ཡིན་ལ། གསང་བ་ནི་བསྡུ་བའི་རང ་བཞིན་ཏེ། ཉིད་ཀྱི་སྐུ་ལ་སོགས་པའི་རྡོ་རྗེ་ནི་དཀྱིལ་འཁོར་པ་རྣམས་ཀྱི་གང་ཞིག་གནས་ནི་དཀྱིལ་འཁོར་ཏེ། དེ་ཉིད་ཀྱི་ཡེ་ཤེས་ནི་དེ་བཞིན་གཤེགས་པ་གཞན་དག་སྟེ། དེའི་གསང་བ་ནི་དེའི་བདག་པོ་ཉིད་དེ། དེའི་དངོས་གྲུབ་སྟེར་བའོ་ཞེས ་པ་བསྐྱེད་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དཀྱིལ་འཁོར་ཐམས་ཅད་ཅི་སྐུ་ལ་སོགས་པའི་དཀྱིལ་འཁོར་ཏེ། དེ་རྣམས་འབྱུང་བ་ནི་གང་ལས་བསྐྱེད་པ་དེ་ཞེས་བྱ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དཀྱིལ་འཁོར ་ཐམས་ཅད་ནི་སྔར་བཤད་པའི་སྐུ་ལ་སོགས་པའི་དཀྱིལ་འཁོར་རྣམས་ཏེ། དེ་དག་གི་གསང་བ་ནི་ས་བོན་རྣམས་ཉིད་ཀྱི་སྐུ་ལས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །རྡོ་རྗེ་དཀྱིལ་འཁོར་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་དཀྱིལ ་འཁོར་ཏེ། དེའི་སྔགས་ནི་གསང་བར་སྨྲ་བ་དང། སྙིང་པོ་ནི་དེ་དག་ཉིད་བསྐྱེད་པའི་ས་བོན་དང། མདོ་ནི་ཐིག་སྐུད་བྱིན་གྱིས་བརླབས་པའི་ཕྱིར་ཏེ། ཡི་གེའི་ཚིག་ནི་དཀྱིལ་འཁོར་བསྐྱེད་པ་བསྟན་པ་ཉིད་ཀྱི་ཕྱིར་རོ། །ོཾ་ཨཱ:ཧཱུཾ་ཞེས་བྱ་བ་ནི་ཡི ་གེ་རྣམས་ཀྱིས་རྡོ་རྗེ་ཐིག་ནི་དེ་བཞིན་གཤེགས་པའི་ཐིག་སྐུད་དང། ཚོན་རྩི་ནི་ཚེན་རྣམ་པ་ལྔ་སྟེ། དེ་དག་བྱིན་གྱིས་བརླབས་ལ་གདབ་པར་བྱའོ། །སྔགས་ཀྱི་སེམས་དཔའ་ནི་སྔགས་ཀྱིས་བྱིན་གྱིས་བརླབས་པའི་རྣལ་འབྱོར་པས་གལ་ཏེ ་དེ་ལྟར་བྱེད་ན། དེའི་ཚེ་བྱང་ཆུབ་རྙེད་མི་དགའ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་དངོས་གྲུབ་རྙེད་པར་སླ་བའོ་ཞེས་བསྟན་ཏོ། །དེའི་ཕྱིར་དམ་ཚིག་ནི་དཀྱིལ་འཁོར་ཏེ། དེ་ཉིད་ཀྱི་ཚུལ་ནི་ཐིག་བདག་པ་ལ་སོགས་པའི་ལས་གང་གིས་ཤེས ་པ་དེས?་བདག་ཉིད་སྔགས་ཀྱི་ལྷ་ནི་རང་གི་ཡི་དམ་གྱི་ལྷ་ནི་སྒོམ་པ་དང། སྒྲུབ་པ་པོ་ལ་ཡང་སྣམ་སྣང་ལ་སོགས་པས་བྱིན་གྱིས་བརླབས་ལ། དཀྱིལ་འཁོར་རྣམ་པར་བརྟག་པ་ནི་བྲི་བར་བྱའོ། །དེ་ཉིད་བཤད་པར་བྱ་བའི་ཕྱིར། རྒྱལ་ཆེན ་རྣམ་པར་སྣང་མཛད་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་བདག་ཉིད་རྣམ་པར་སྣང་མཛད་དུ་བསྒོམས་ལ། ཁྲུས་མཁན་མོ་ཡང་ལྷ་མོ་སྤྱན་གྱིས་རང་བཞིན་དུ་བསྒོམ་པར་བྱ་བ་གང་ཡིན་པ་དེ་ནི་སྐུའི་དཀྱིལ ་འཁོར་བསྐྱེད་པ་ཡིན་ལ། གནས་ནི་གནས་པར་གྱུར་བའི་བསམ་གཏན་ནོ། །གང་གི་ཕྱིར་སྐུ་རྡོ་རྗེ་ནི་རྣམ་པར་སྣང་མཛད་དང་ལྷ་མོ་སྤྱན་གྱིས་བདག་ཉིད་དེ། དེའི་ཡོན་ཏན་ནི་དེ་ཉིད་ཀྱི་ས་བོན་བྱིན་གྱིས་བརླབས་པ་ལ་སོགས་པ་སྟེ། ་དེ་རྣམས་ཐོབ་པར་བྱེད་པས་ན་དེ་བཞིན་དུ་ཤེས་པར་བྱའོ། །གསུང་གི་དཀྱིལ་འཁོར་བྲི་བར་འདོད་ན། དེའི་རང་གི་བདག་ཉིད་རྡོ་རྗེ་ཆོས་ནི་སྣང་བ་མཛའ་ཡས་བསམས་ལ། རང་གི་ཆོས་མ་ནི་གར་མཁན་གྱི་བུ་མོ་གོས་དཀར་མོའི་རང་བཞིན ་དུ་བསྒོམས་ལ། ཐིག་སྐུད་འཛིན་པ་དེ་ཉིད་ཀྱིས་བྱའོ། །སྔགས་རྣམས་ཐམས་ཅད་ནི་པདྨའི་རིགས་ཅན་ཏེ། དེ་དག་གི་གསང་བ་ནི་གསང་བའི་སྒོམ་པ་སྟེ། དེ་ཉིད་རབ་ཏུ་རྟག་པ་ནི་མེ་འགྱུར་པའི་འབྲས་བུ་སྟེར་བར་བྱེད་པའོ། །ཐུགས ་ཀྱི་དཀྱིལ་འཁོར་བྲི་བར་འདོད་ན་དེའི་ཚེ། རྡོ་རྗེ་སེམས་དཔའ་ནི་རང་གི་བདག་ཉིད་མི་བསྐྱོད་པར་བསམས་ལ། གདོལ་པའི་བུ་མོ་མཱ་མ་ཀཱིའི་རང་བཞིན་དུ་བསམས་ཏེ། དེ་ཉིད་ཐིག་སྐུད་འཛིན་པར་བྱའོ། །སྔགས་རྣམས་ཞེས་བྱ་བ་ལ ་སོགས་པ་སྔ་མ་བཞིན་ནོ། །དེ་ལྟར་བྱས་ནས་ཡིད་ལ་དབང་བ་ནི་དེ་བཞིན་གཤེགས་པ་རྣམས་ཏེ་། དེ་དག་ཉིད་གཤེགས་ནས་དཀྱིལ་འཁོར་བྲི་བ་ཡིན་ནོ། །ཇི་ལྟ་བུ་ཞེ་ན། རབ་ཏུ་དགྱེས་པར་གྱུར་པ་ནི་སྒྲུབ་པ་པོ་ལ་དགྱེས་པར ་གྱུར་པ་སྟེ། ཕུལ་དུ་བྱུང་བའི་ཚིག་གོ། སྔགས་ཀྱི་སེམས་དཔས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་ནི་དེའི་རྗེས་ལ་རང་ཀི་སྙིང་ཁ་ལས་གནོད་མཛེས་ཀྱི་རྒྱལ་པོ་སྤྲོས་ཏེ། ཁྲོ་བོའི་རྒྱལ་པོ་དེ་ཉིད་ཀྱིས་སངས་རྒྱས་ཐམས་ཅད་ནི་ནམ ་མཁའ་ལ་བཞུགས་པ་རྣམས་དགུག་ཅིང་དཀྱིལ་འཁོར་ལ་ཞུགས་ཏེ། དེ་རྣམས་ཀྱི་བཞུགས་ལ་ཙན་དན་ལ་སོགས་པས་ཐིག་ལེའི་ངོ་བོར་བྱས་ལ་དེ་རྣམས་མཆོད་པར་བྱའོ། །དེ་ལ་དུས་གསུམ་ནི་དུས་མཚམས་གསུམ་ལ་ཐིག་གདབ་བ་དང ་དམ་ཚིག་མཆོད་པ་ནི་བླ་ན་མེད་པའི་མཆོད་པ་བྱའོ། །གང་ལ་ཞེ་ན་རྡོ་རྗེ་གསུམ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་དག་གི་དྲི་མ་མེད་པའི་དཀྱིལ་འཁོར་ལའོ། །ཞེས་སྟོན་ཏོ། །གང་གིས་ཞེ་ན་རྡོ་རྗེ་གསུམ་གྱི་སྦྱོར་བ་ནི་སེམས་དཔའ་གསུམ ་གྱི་བདག་ཉིད་ཅན་གྱི་སྒྲུབ་པ་པོས་སོ། །དེ་ལྟར་བྱས་ན་སྔགས་ཐམས་ཅད་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་དག་དཀྱིལ་འཁོར་དེ་ལ་རབ་ཏུ་ཞུགས་པ་ནི་བྱིན་གྱིས་བརླབས་པར་འགྱུར་རོ། །སྔགས་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ ་ལ། མཆོད་པའི་འོག་ཏུ་དཀྱིལ་འཁོར་གྱི་འཁོར་ལོ་ཚིམ་པར་བྱ་བའི་ཕྱིར། གཏོར་མ་ནི་ལ་བྷ་ཤོས་དབུལ་བར་བྱའོ། །དེ་གང་ཡིན་ཞེ་ན། བཤད་གོ་ཅི་ཞེས་བྱ་བ་ལ་སོགས་པ་ལ། བཤད་གཅི་ལ་སོགས་པ་ནི་བདུད་རྩི་ལྔ་དབུལ་བར་བྱའོ། །དེ ་ལ་ཤུཀྲ?་ནི་ཐོ་རངས་ཀྱི་སྐར་མ་བཞིན་དུ་ཁ་དོག་དཀར་པོའི་ལྟ་བཤོས་དང། མེ་ཏོག་ལ་སོགས་པ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ལ་དབུལ་བར་བྱའོ། །སྔགས་རྣམས་ཀུན་ནི་མི་བསྐྱོད་པ་ལ་སོགས་པའི་དཀྱིལ་འཁོར་རྣམས་ལ་ཁ་དོག་ནག ་པོ་ལ་སོགས་པའི་ལྷ?་བཤོས་ལ་སོགས་པས་དབུལ་བ་ཡིན་ནོ་ཞེས་འདིར་བཤད་པར་བྱའོ། །རིམ་པར་གྱུར་པ་ནི་དེ་བཞིན་གཤེགས་པ་རྣམས་ཚིམ་པ་ཀུན་ཏུ་བཤད་པ་ནི་བཤད་པའི་རྒྱུད་ལས་གསུངས་ཏེ། མལླི་ཀ་དང་མ་ལ་སྟེ། ཀུནད་སངས ་རྒྱས་ལ་དབུལ་བྱ་ཞེས་བྱ་བ་ལ་སོགས་པར་གསུངས་སོ། །འདི་ནི་དམ་ཚིག་མཆོག་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ལ། གཏོར་མའི་ཆོ་གའི་དམ་ཚིག་འདི་ནི་མཆོད་པའི་བྱ་བ་སྟེ། མཆོག་ནི་ཕུལ་དུ་བྱུང་བ་དང། སངས་རྒྱས་བྱང་ཆུབ་ནི་དེ་བཞིན་ ་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་སྟེ། དེ་ཡང་རྫོགས་པར་བྱེད་པའོ། །ཐིག་གདབ་ཅེས་བྱ་བ་ལ་སོགས་པ་ལ། གལ་ཏེ་ཤིན་ཏུ་བསླབ་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་གདོལ་པ་མོ་དང་ཁྲུས་མཁན་མ་དང་གར་མཁན ་གྱི་བུ་མོ་རྣམས་མི་རྙེད་ན་དེའི་ཚེ། བདག་ཉིད་ནི་རྣལ་འབྱོར་པ་ཉིད་ཀྱིས་རང་གི་བདག་ཉིད་རྣམ་བར་སྣང་མཛད་དང། སློབ་མ་ཡང་རྡོ་རྗེ་སེམས་དཔའ་འམ། བདུད་རྩི་འཁྱིལ་པར་བསམས་ལ་ཐིག་གདབ་པར་བྱའོ། །དེ་བཞིན་དུ་བདག་ཉིད་མི་བསྐྱོད་པ་ལ ་སོགས་པ་བསྒོམ་པ་དང། སློབ་མ་ཡང་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོར་བསྒོམ་པར་བྱའོ། །ཞེས་དགོངས་པའོ། །དེ་བཞིན་དུ་རིན་ཆེན་འབྱུང་ལྡན་ལ་སོགས་པའི་དཀྱིལ་འཁོར་རྣམས་ལ། ལས་ནི་དོན་ཡོད་གྲུབ་བ་སྟེ་།དེའི་གོ ་འཕང་ནི་དེའི་ཚིགས་ཅན་གྱི་བདུད་རྩི་འཁྱིལ་པ་སྟེ་སློབ་མ་དེར་བསམ་པར་བྱའོ། །རང་གི་བདག་ཉིད་ཀྱང་སངས་རྒྱས་ཀུན་ནི་རྣམ་པར་སྣང་མཛད་ལ་སོགས་པ་ལས་གང་ཡང་རུང་བའི་རིགས་དང་མཐུན་པའི་སྐུས། ངེས་བསྟེན་པ་ནི་བྱིན་གྱིས ་བརླབས་པར་བསམ་པར་བྱའོ། །དེའི་རྗེས་ལ་སངས་རྒྱས་ལྔ་ནི་རྣམ་པར་སྣང་མཛད་ལ་སོགས་པ་དང། རྒྱལ་ཆེན་ནི་ལྷ་མོ་སྤྱན་ལ་སོགས་པ་སྟེ། དེ་རྣམས་རྡོ་རྗེ་ཐིག་སྐུད་ལ་དགོད་པར་བྱ་སྟེ། ལྷ་མོ་བཞིས་བསྐོར་བའི་དེ་བཞིན་གཤེགས་བ ་རེ་རེ་ཐིག་སྐུད་རེ་རེ་ལ་དགོད་པར་བྱའོ། །ཞེས་སྟོན་ཏོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ཐམས་ཅད་ནི་བྱ་བའི་རྒྱུད་ལ་ཞུགས་པ་རྣམས་ལ་འདི་གསང་བ་ནི་སྦས་པར་བྱའོ། །བགེགས་མེད ་པར་དཀྱིལ་འཁོར་བསྒྲུབ་པར་བྱ་པའི་ཕྱིར་རབ་ཏུ་རྨད་དུ་བྱུང་བའོ། །ཐིག་སྐུད་གཅིག་པུ་རྣམས་ཉི་ཤུ་རྩ་ལྔའི་དབྱེ་བས་བསྒོམ་པ་མ་ཡིན་ཏེ། འོན་ཀྱང་ཚོན?་རྩི་ཡང་དེ་བཞིན་དུ་བསམ་པར་བྱ་སྟེ། མདོག་གི་དབྱེ་བས་དེ་བཞིན་གཤེགས་པ ་རྣམས་ཞུགས་པའི་ཕྱིར་རོ། །སངས་རྒྱས་ཐམས་ཅད་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་གསང་བ་ནི་ཚོན་རྩི་ལ་དེ་རྣམས་དགོད་པ་སྟེ། དེ་ཉིད་བྱང་ཆུབ་བསྒྲུབ་པ་ནི་དཀྱིལ་འཁོར་ལ་བྱིན་གྱིས་བརླབས་པར་བྱའོ། །ཞེས་དགོངས་པ་སྟེ་བསྐྱེད་པའི་རིམ ་པའོ། །ཡང་ན་དཀྱིལ་འཁོར་བྲི་བའི་དུས་ལས་ནི་འཇུག་པ་ལ་སོགས་པ་སྟེ། དེ་ཉིད་ཀྱི་གོ་འཕང་ནི་གནས་སུ་གྱུར་པའི་ཡི་གེ་གསུམ་སྟེ། དེ་ཉིད་སངས་རྒྱས་ཀུན་ནི་རྣམ་པར་སྣང་མཛད་ལ་སོགས་པས། ངེས་བསྟེན་པ་ནི་དེའི་རང་བཞིན་ནོ། །སངས་རྒྱས ་ལྔ་ནི་དེ་བཞིན་གཤེགས་པ་ལྔའི་རྒྱལ་ཆེན་ནི་ལྷ་མོ་སྤྱན་ལ་སོགས་པ་སྟེ། དེ་རྡོ་རྗེའི་ཐིག་སྐུད་ནི་དཀྱིལ་འཁོར་བཞིན་ལ། དགོད་པ་ནི་བརྟག་པར་བྱའོ།། སངས་རྒྱས་ཐམས་ཅད་ནི་རྣལ་འབྱོར་པ་རྣམས་ཏེ། དེ་དག་གི་གསང་བ་ནི་སྤས་པར་བྱའོ། ་རབ་ཏུ་རྨད་དུ་བྱུང་བ་ནི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་གྲངས་ཀྱི་བཟླས་པའོ། །ཇི་ལྟར་ཞེ་ན། རྣམ་པ་ཉི་ཤུ་རྩ་ལྔ་ནི་དཀྱིལ་འཁོར་རེ་རེ་ལ་ཉིས་བརྒྱ་ཉི་ཤུ་རྩ་ལྔའི་དབྱེ་བས་དགུ་བརྒྱ་བརྟགས་པས་སོ། །སྔགས་ཐམས་ཅད་ནི་ཡི་གེ་གསུམ་གྱི་གསང་བ ་ནི་དེ་ཁོ་ན་ཉིད་དོ། །བྱང་ཆུབ་ནི་བྱང་ཆུབ་སྒྲུབ་པར་བྱེད་པ་སྟེ་།ཉིན་མོ་དང་མཚན་མོའི་དབྱེ་བས་བཟླས་ན་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱེད་པ་སྟེ། རྡོ་རྗེ་བཟླས་པའི་རིམ་པའོ། །རབ་ཏུ་བྱེད་པ་ལས་ཀྱང། ཉིས་བརྒྱ་ཉི་ཤུ་རྩ་ལྔ་ནི། གོས་དཀར་ལ ་སོགས་སླར་བཤད་པའི་ཞེས་འབྱུང་ངོ། །སྔགས་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། སྔགས་རྣམས་ཐམས་ཅད་ནི་དཀྱིལ་འཁོར་རྣམས་ཏེ། དེ་དག་བྲི་བའི་དུས་སུ་རྡོ་རྗེ་ཧཱུཾ་མཛད་ནི་གནོད་མཛེས་ཀྱི་རྒྱལ་པོ་སྟེ། དེ་ཉིད་བསྐུལ་ནས་སྐུ་གསུང ་ཐུགས་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་དག་གནས་ལྔ་ནི་ཐིག་སྐུད་དང་ཚོན་རྩི་རྣམས་ལ་བསྒོམ་པ་ནི་ཐིམ་པར་བྱའོ། །དེ་ལྟར་བྱས་ནས་རྡོ་རྗེ་མི་ཕྱེད་གསུམ་ནི་སངས་རྒྱས་དེ་རྣམས་ཀྱིས་བྱིན་གྱིས་བརླབས་པ་མཛད་པའོ། །གང་ལས་ཤེ་ན། ་རྡོ་རྗེ་སེམས་དཔའ་ནི་དེས་མཚོན་པའི་དཀྱིལ་འཁོར་དང། བློ་ལྡན་པ་ལ་ནི་རྣལ་འབྱོར་པའོ། །སངས་རྒྱས་ཇི་ལྟ་བུ་ཞེ་ན། འཇིགས་ཤིང་སྐྲག་པར་ནི་ཐུགས་རྗེས་འཁྲུགས་པ་སྟེ། བསྐྱེད་པའི་རིམ་པའོ། །རྡོ་རྗེ་བུམ་པ་ཞེས་བྱ་བ ་ལ་སོགས་པ་ལ་།ཐིག་གདབ་པ་དང་དཀྱིལ་འཁོར་བྲིས་མ་ཐག་ཏུ་དཀྱིལ་འཁོར་བའི་གྲངས་ཀྱིས་བུམ་པ་རྣམས་བཞག་པར་བྱའོ། །ཡང་ན་བཅུ་ལས་ཉུང་བར་མི་བྱའོ་ཞེས་བྱ་པའི་ཚིག་གིས་བུམ་པ་བཅུ་བཞག་པར་བྱའོ། །ཕྱོགས་དེ་ལ་རྡོ་རྗེ་ཅན ་ནི་དེ་བཞིན་གཤེགས་པ་རྣམས་དང། ལྷ་མོ་རྣམས་དང། བདུད་རྩི་འཁྱིལ་པ་སྟེ་།དེ་རྣམས་ཞགས་པ་དང་ལྕགས་ཀྱུ་བསྣམས་པའི་གནོད་མཛེས་ཀྱི་རྒྱལ་པོས་འགུགས་ཤིང་ལྷའི་སྐུའི་ངོ་བོས་བུམ་པའི་ནང་དུ་དགོད་པར་བྱའོ། །དེའི་རྗེས ་ལ་སྡུགས་ནི་སྐུ་ལ་སོགས་པའི་བྱིན་གྱིས་བརླབ་པ་དང། རྒྱུད་ནི་སོ་ཤིང་དང་དབབ་པ་དང་བསྲུང་བ་ལ་སོགས་པས། བདག་པོ་ནི་རྣམ་པར་སྣང་མཛད་ལ་སོགས་པ་ལས་གང་ཡང་རུང་བའི་སློབ་མ་བྱའོ། །རྡོ་རྗེ་སེམས་དཔའ་ནི་དཀྱིལ ་འཁོར་ལ་སོགས་པ་ལས་གང་ཡང་རུང་པའི་ལྷའི་སྐུ་སྟེ་།དེའི་ཏིང་ངེ་འཛིན་གྱིས་བྱ་བའོ། །གང་གིས་ཤེ་ན། བརྟན་པའི་བློ་ནི་རྡོ་རྗེ་སློབ་དཔོན་གྱིས་སོ། །སྦྱིན་སྲེག་ནི་རྨི་ལམ་མཐོང་བའི་འོག་ཏུ་ཞག་གཉིས་པ་ལ་སྔ་མ་བཞིན་དུ་ཞི་བའི ་དོན་དུ་སྦྱིན་སྲེག་བྱའོ། །བཤང་གཅི་ཞེས་བྱ་བ་ལ་སོགས་པ་ལ་དངོས་པོ་ཐམས་ཅད་འདོད་པའི་རྣལ་འབྱོར་པས་བདུད་རྩི་ལྔ་ཡང་བསྲེག་པར་བྱའོ། །ཞེས་སྟོན་ཏོ། །དེའི་རྗེས་ལ་རྫས་ཐམས་ཅད་ཉེ་བར་བསྡུས་ཏེ། དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་ངོ་བོ་རྡོ་རྗེ་འཆང་ཆེན་པོ་མེའི་སྙིང་གར་བསམས་ལ། དེའི་ཞལ་ལ་དག་བླུགས?་ཕུལ་ན་དེའི་ཆེ་ཞིབ་ལ་སོགས་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །འདི་སྐད་ཀྱང་གསུངས་སོ་ཞེས་པ་ནི་སྡུད་པ་པོའི་ཚིག་སྟེ། ལས་ཀྱི ་རྒྱལ་བ་མཆོག་གོ་།དབང་པོ་གཉིས་ཞེས་བྱ་བ་ལ་སོགས་པ་ལ། དབང་པོ་གཉིས་ཀྱི་སྦྱོར་བ་ནི་དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཏེ། དེ་ཉིད་ཀྱི་བའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་དུ་བཟླས་ཤིང་བསྲེག་པར་བྱའོ། །སངས་རྒྱས་ཐམས་ཅད་ནི་སྔགས་པ ་རྣམས་ཀྱི་དམ་ཚིག་ནི་ཤིན་ཏུ་འདའ་?་དཀའ་?་བ་སྟེ་སྒྲུབ་པའོ། །ཡང་ན་དབང་པོ་གཉིས་ཀྱི་སྦྱོར་བ་ནི་སྲོག་དང་རྩོལ་བ་སྦྱོར་བ་སྟེ། དེ་ཉིད་ཀྱིས་བརྒྱ་རྩ་བརྒྱད་ནི་བརྒྱད་བརྒྱ་དང་བཅས་པའི་བརྒྱ་རྩ་བརྒྱད་དེ་དགུ་བརྒྱའོ། །དེ་ཉིད་དཀྱིལ་འཁོར་རེ་རེ་ལ་སྦྱིན ་སྲེག་བྱ་བ་ནི་བཟླས་པར་བྱའོ། །སངས་རྒྱས་ཐམས་ཅད་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱི་དམ་ཚིག་ནི་བསྒོམ་པའི་རིམ་པ་སྟེ། འདའ་དཀའ་བ་ནི་རྟག་ཏུ་བྱའོ་ཞེས་སྟོན་ཏོ། །རྡོ་རྗེ་བཟླས་པའི་རིམ་པའོ། །རྣམ་པར་སྣང་མཛད་ཀྱི་སྦྱོར ་པ་ཡིས་ཞེས་བྱ་པ་ལ་སོགས་པ་ལ། སྐུའི་དཀྱིལ་འཁོར་ལ་རང་གི་བདག་ཉིད་རྣམ་པར་སྣང་མཛད་བསྒོམས་ཏེ། སློབ་མ་ཡང་རྡོ་རྗེ་གསུམ་ལས་བྱུང་བ་ནི་སེམས་དཔའ་གསུམ་གྱི་བདག་ཉིད་དང། ཡི་གེ་ཨཱ་ལས་བྱུང་བའི་སྣང་པ་མཛའ་ཡས ་བསྒོམས་ལ་།ལུས་ངག་སེམས་ནི་དེ་ཉིད་སྐུ་ལ་སོགས་པས་བྱིན་གྱིས་བརླབས་ཤིང། རྡོ་རྗེ་ནི་ལེའུ་བཅོ་ལྔ་པ་ལས་གསུངས་པའི་རྡོ་རྗེ་དབབ་པས། གཟུང་བར་བྱ་བ་ནི་སློབ་མ་དེ་ལ་དེ་ཉིད་བསྐྱེད་པར་བྱའོ། །ཇི་ལྟར་ཞེ་ན། རྡོ་རྗེ་སེམས་དཔའ་ ་ནི་ཡི་གེ་ཧཱུཾ་དང། རྣམ་པར་སྣང་མཛད་ནི་ཡི་གེ་ཧ་དང། གྲགས་ཆེན་ནི་ཡི་གེ་ཨཱ:སྟེ། དེ་རྣམས་སྐུ་གསུང་ཐུགས་ནི་སྙིང་ག་དང་སྤྱི་བོ་དང་ལྐོག་མར་དགོང་བར་བྱའོ། །དམ་ཚིག་ནི་དབབ་པར་བྱེད་པའི་ཡི་གེ་ཛཧཻ། དེ་ཉིད་ཀྱི་རྐང་པ་གཉིས་ཀྱི་འོག་ཏུ ་དགོད་པར་བྱའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ཞེས་པ་ནི་དབབ་བ་དེ་ལ། དཀྱིལ་འཁོར་ཆེན་པོ་ནི་སྐུ་ལ་སོགས་པ་འཇུག་པ་ལ་། དམ་ཚིག་ནི་རིམ་པ་འདི་ཡིན་ཏེ། རས་དམར་པོས་སློབ་མའི་མིག་བཀའ་ལ། ཨ་ཁཾ་པཱི་ར་ཧཱུཾ་ཞེས་བྱ ་བའི་སྔགས་ཀྱིས་དེ་ཉིད་ཞུགས་ཤིང། ཁྱོད་གང་ཡིན་ཞེས་བྱ་བ་ལ་སོགས་པས་དྲིས་ལ། རྡོ་རྗེ་སེམས་དཔའ་མངོན་དུ་ཉིད། ཅེས་བྱ་བ་ལ་སོགས་པས་མིག་ཕྱེ་ལ། དེའི་འོག་ཏུ་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབས་པར ་བྱའོ། དེའི་རྗེས་ལ་གསོལ་བ་བཏབ་པའི་སློབ་མ་ལ་དབང་བསྐུར་བའི་ཕྱིར་དང། རྡོ་རྗེ་སློབ་དཔོན་གྱི་བསྒོམ་པ་བཤད་པར་བྱ་བའི་ཕྱིར། སངས་རྒྱས་ཀུན་གྱིས་ནམ་མཁའ་ཨི་ཁམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རེ་ཞིག་དང་པོ་ནམ་མཁའ་ཨི ་ཁམས་སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་གང་བར་བསམས་ལ། རོལ་མོ་ལ་སོགས་པ་སྣ་ཚོགས་པའི་མཆོད་པ་རྣམས་ཀྱི་དེ་རྣམས་མཆོད་པར་བྱའོ། །དེའི་རྗེས་ལ་བགེགས་བསྐྲད་པའི་ཕྱིར། ཨོཾ་སརྦབ་པཱ་པཾ་ད་ཧ་ན་ཞེས་བྱ་བ་ལ་སོགས ་པའི་སྔགས་ཀྱིས་ཡུངས་ཀར་བྱིན་གྱིས་བརླབས་ལ། ཨོཾ་རེ་རེ་ཊི་ཊི་ཕཊ་ཅེས་བྱ་བའི་སྔགས་ཀྱིས་སློབ་མ་ལ་བརྡེགས་ཏེ་རྡུལ་སྤོ་བའི་ཆོ་ག་བྱའོ། །དེའི་ཚེ་བདག་ཉིད་ནི་སངས་རྒྱས་ཉིད་ཀྱིས་སློབ་མ་ལ་དབང་བསྐུར་བ་སྟེ། བྱིན་གྱིས་བརླབ་པའི ་བདག་ཉིད་ཆེ་བ་བསྟན་ཏོ། །རྡོ་རྗེ་སེམས་དཔའ་ཏིང་ངེ་འཛིན་གྱིས་ཞེས་བྱ་བ་ལ་སོགས་པ་ལ། དེའི་རྗེས་ལ་རྡོ་རྗེ་འཆང་ཆེན་པའི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་བས་བུམ་པ་རྣམས་སངས་རྒྱས་ཀྱི་ངོ་བོར་བསྒོམས་ལ། དམ་ཚིག་ནི་ཉེ་བར ་སྒྲུབ་པ་པོ་བརྒྱད་པོ་དེ་བཞིན་གཤེགས་པའི་རང་བཞིན་ཅན་རྣམས་ཀྱིས་བུམ་པ་དེ་རྣམས་གཟུང་བར་བསམས་ལ། རྣམ་པར་སྣང་མཛད་ཀྱི་ངོ་བོ་སློབ་མ་ལ་སྐུ་ལ་སོགས་པའི་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བས་སའི་སྙིང་པོ་ལ་སོགས་པའི ་ས་བོན་རྣམས་མིག་ལ་སོགས་པ་ལ་དགོད་པར་བྱའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་ཞེས་བྱ་བ་ནི་བཀོད་མ་ཐག་ཏུའོ། །དབང་བསྐུར་བ་ཐམས་ཅད་ཀྱི་གསང་བ་ནི་སྦས་པར་བྱ་བའོ། །སློབ་དཔོན་ཐམས་ཅད་ནི་སྐུ་རྡོ་རྗེ་འཛིན་ལ་སོགས ་པའི་ངོ་བོའི་སློབ་དཔོན་རྣམས་ཀྱི་ཚིག་ཏུ་སྨྲ་བ་ནི་ཚིགས་སུ་བཅད་པའོ། །སངས་རྒྱས་རྣམས་ཞེས་བྱ་བ་ལ་སོགས་པ་ལ། དབང་བསྐུར་ཁྱོད་ལ་སྦྱིན་པར་བྱའོ། །ཇི་ལྟ་བུ་ཞེ་ན། རྡོ་རྗེ་ཆེན་པོ་ནི་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ནོ། །ཡང་ཇི་ལྟ་བུ་ཞེ་ན། ཁམས ་གསུམ་དག་ནི་ཁམས་གསུམ་ན་བཞུགས་པའི་དེ་བཞིན་གཤེགས་པའི་ཚོཌ་ཀྱིས་ཕྱག་བྱས་པ་ནི་མངོན་དུ་འདུད་པའོ། །སངས་རྒྱས་རྣམས་ཀྱི་རྡོ་རྗེ་གསང་བ་གསུམ་ནི་སྐུ་ལ་སོགས་པ་ལས་འབྱུང་བ་ནི་བསྐྱེད་པའོ། །ཞེས་སྟོན་ཏོ། །དེ་ལ་ཞེས་བྱ་བ་ལ ་སོགས་པ་ལ། དེ་ལ་ཞེས་པ་ནི་བླ་མས་གསུངས་མ་ཐག་ཏུའོ། །སློབ་མ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་ལ་ཞུགས་པའི་བསྒྲུབ་བྱ་རྣམས་ཀྱིས་རྡོ་རྗེ་ཆེན་པོ་ནི་བླ་མ་ལ། གསོལ་བ་ནི་དབང་བསྐུར་བའི་ཕྱིར་གསོལ་བ ་གདབ་པ་སྟེ། དེ་ཉིད་ཀྱི་ཆོ་ག་ནི་ཚིག་སྟེ། དེ་ཉིད་སྦས་པའི་ཕྱིར་གསང་བའོ། །བྱང་ཆུབ་རྡོ་རྗེས་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོས། སངས་རྒྱས་ནི་མི་བསྐྱོད་པ་ལ་སོགས་པ་ལ། མཆོད་ཆེན་ནི་དབང་བསྐུར་པ་ཇི ་ལྟར་སྩལ་བ་དེ་བཞིན་དུ། ནམ་མཁའ་ནི་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་གྱི་སློབ་མ་ལ། བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར་ཞེས་པ་ནི་འཁོར་པའི་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པའི་ཕྱིར་དེ་ཉིད་བདག་ལ་སྩོལ་ཅིག་པའོ། །དེའི་ཚེ་ཞེས་བྱ་བ་ལ་སོཌ ་པ་ལ་སློབ་མ་དེས་གསོལ་བ་བཏབ་པས། རབ་ཏུ་དགྱེས་པ་ནི་བླ་མ་ངེས་རབ་ཏུ་དགྱེས་ཤིང་སློབ་མ་དེ་ལ་དབང་བསྐུར་བ་སྩོལ་བའོ། །དབང་བསྐུར་མ་ཐག་ཏུ་ཚངས་པའི་བུ་ག་ལས་ཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚོགས་ཞུ ་ཞིང། ལྷའི་གཟུགས་ནི་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་གྱི་རྡོ་རྗེ་སེམས་དཔའ་སྟེ། དེའི་སྙིང་གར་བསྒོམ་པར་བྱའོ། །དེའི་རྗེས་ལ་གཞི་དང་གཞི་ཅན་གྱི་བདག་ཉིད་ཀྱི་དཀྱིལ་འཁོར་མཉམ་པ་ཉིད་ཀྱིས་གྲུ་བཞི་པ་ཞེས་བྱ་བ་ལ་སོགས་པས ་བསྟན་པར་བྱའོ། །གང་ལས་རྡོ་རྗེའི་སློབ་མ་བློ་ལྡན་ལ་ཞེས་པ་ནི་ཏིང་ངེ་འཛིན་དང་ལྡན་པའི་སློབ་མ་ལའོ། །དེའི་རྗེས་ལ་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པའི་དེའི་རང་བཞིན་གྱི་དམ་ཚིག་རྣམས་ནི་སྔར་བཤད་པའི་འཁྱེད་ཀྱིས ་སྲོག་ཆགས་གསད་པར་བྱ་ཞེས་བྱ་བ་ལ་སོགས་པས། དམ་ཚིག་བཞི་པོ་བསྒྲག་པར་བྱ་བ་ནི་ཉན་དུ་གཞུག་པར་བྱའོ། །རྡོ་རྗེ་ལམ་ནི་འདི་དག་གིས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ལམ་ནི་རྡོ་རྗེ་ཚུལ་ལས་གསུངས་པའི་དམ་ཚིག་གི་ཚོགས་ཀྱིས། ་སེམས་ཅན་ཐམས་ཅད་ནི་སློབ་མ་རྣམས་བསྐུལ་བ་ནི་ཉན་དུ་གཞུག་པར་བྱའོ། །དེའི་ཚེ་སངས་རྒྱས་ཐམས་ཅད་ནི་དེ་དག་གི་ངོ་བོ་དང། མཆོག་ཏུ་རྟག་པ་ནི་ཕྱིར་མི་ལྡོག་པར་འགྱུར་རོ། །སྔགས་ཀྱི་བསྐུལ་བ་ཞེས་བྱ་བ་ལ་སོགས་པ། ཕྱིར་མི་ལྡོག ་པའི་འོག་ཏུ་སློབ་མ་དེ་ལ་སྔགས་ཀྱང་སྦྱིན་པར་བྱའོ། །ཇི་ལྟར་ཞེ་ན། སྔགས་ཀྱི་བསྐུལ་བ་སྨྲ་བ་ཡིས་ཞེས་པ་ལ་སྔགས་ནི་སྙིང་པོ་དང། བསྐུལ་བ་ནི་ཉེ་བའི་སྙིང་པོ་དང། སྨྲས་པ་ནི་ཕྲེང་བའི་སྔགས་ཏེ། དེ་རྣམས་ཀྱང་སྦྱིན་པར་བྱའོ། །སྔགས ་ཀྱིས་རྒྱལ་པོའི་ཏིང་ངེ་འཛིན་དང་ཞེས་བྱ་བ་ལ་སོགས་པ་ལ། སྔགས་དང་མཐུན་པའི་ཏིང་ངེ་འཛིན་ནི་ལྷའི་སྐུ་སྒོམ་པ་སྦྱིན་ལ། གསང་བའི་དབང་སྦྱིན་པའི་ཕྱིར་བརྩམ་པར་བྱའོ། །ཁུ་བ་བཤང་གཅི་ལ་སོགས་ནི་བདུད་རྩི་རྣམས་ཀྱང་སྔ་མ ་བཞིན་དུ་བྱིན་གྱིས་བརླབས་ལ་སློབ་མ་ཟ་རུ་གཞུག་པར་བྱའོ། །དེ་ལྟར་བྱས་ན་དངོས་གྲུབ་རྙེད་མི་དཀའ་ནི་དེའི་དུས་བརྩམས་ཏེ་དེ་ནི་རྟོགས་པ་མེད་པས། ཤེས་བྱ་བ་ལ་སོགས་པ་བཞིན་དུའོ། །རྣམ་པ་འདི་བཞི་ཞེས་བྱ་བ་ལ་སོགས་པ་ལ། དེའི ་རྗེས་ལ་གསང་བའི་དབང་ཐོབ་པས་ཤེས་རབ་དང་ཤེས་རབ་ཡེ་ཤེས་སྟེར་བར་བྱའོ། །གསང་ཆེན་ནི་ཤིན་ཏུ་བརླབས་པ། དང་འདུས་བྱས་པའི་ཕྱག་རྒྱ་མ་དེ་ཉིད་དོ། །དེའི་རྗེས་ལ་དེ་དང་སྙོམས་པར་ཞུགས་པ་ལས་བྱུང་བའི་བདེ་བ་ཆེན་པོ་ཉེ་བར ་མཚོན་པའི་ཕྱིར། རྡོ་རྗེ་ཅན་ཀུན་ནི་འདོད་ཆགས་དང་འདོད་ཆགས་བྲལ་བ་དང། འདོད་ཆགས་བར་པ་རྣམས་ཀྱི། གསང་བ་ནི་རོ་གཅིག་པར་གྱུར་པའི་དེ་ཁོ་ན་ཉིད་བསྟན་པར་བྱའོ། །དེ་ནས་རིག་པའི་བརྟུལ་ཞུགས་སྦྱིན་པར་བྱ་བའི་དོན་དུ། བུད་མེད་ཀྱི་གཟུགས ་ནི་རིག་མ་སྟེ། བླ་མའི་གཡོན་ཕྱོགས་སུ་བཞག་ཅིང། སློབ་མ་གཡས་ཕྱོགས་སུ་བཞག་ལ། དེ་དག་གི་དབུས་གནས་པས་སྔགས་ཀྱི་འཁོར་ལོ་ནི་སྔགས་ཀྱིས་སྐུ་དང་ལྡན་པ་དེས་གཉིས་ཀའི་ལག་པ་གཟུང་ཞིང་སེམས་ཅན་གྱི་དོན་གྱིས་སྤྱོད་པ་བྱ ་བའི་ཕྱིར་གནང་བ་ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་ལྷ་མོ་འདི་དང་ལྷན་ཅིག་གནས་པར་གྱིས་ཤིག་ཅེས་བསྟན་པར་བྱའོ། །དེ་ནས་དམ་ཚིག་ཆེན་པོ་རྟག་ཏུ་སྤྱོད་པའི་ཕྱིར་སྦྱིན་པར་བྱ་སྟེ། གླང་པོའི་ལྕགས་ཀྱུ་ལ་སོགས་པ་ལྔ་དཀྱིལ་འཁོར་ལ་ཕུལ་ཞིང ་བཟའ་བར་བྱའོ། །དེ་ལྟར་ན་སྔ་མ་བཞིན་དུ་དངོས་གྲུབ་འཐོབ་པོ། །དེ་ནས་སློབ་མ་ལ་ཡིད་ཆེས་པ་བསྟན་པར་བྱ་སྟེ། ཨོཾ་ལ་སོགས་པ་ཡི་གེ་གསུམ་གྱིས་བཤང་གཅི་ལ་སོགས་པ་དཀྱིལ་འཁོར་ལ་བཞག་ཅིང་སྦྱང་བ་ལ་སོགས་པའི་རིམ་གྱིས ་འབར་བ་བསྟན་ལ། དེའི་ཚེ་སློང་མ་ཡིད་ཆེས་པར་གྱུར་པས་དེ་བཞིན་དུ་སྤྱད་དོ། །སྔགས་ཀྱི་རིགས་ཆེན་པོ་ནི་དེ་བཞིན་གཤེགས་པ་དང་ལྷ་མོ་རྣམས་ཏེ། དེ་རྣམས་ཀྱི་སྐྱེས་བུ་ནི་བདག་པོ་སྟེ་རྡོ་རྗེ་འཆང་ཆེན་པོས་དེ་སྐད་གསུངས་སོ། །དེ་བཞིན་དུ་ཀྱེ ་བུ་དེ་རིང་ནས་བརྩམས་ཏེ་སྔར་བཤད་པའི་རིགས་པ་འཛིན་པ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་དང། དེ་རྣམས་ཀྱི་རྒྱུར་གྱུར་པའི་དམ་ཚིག་ཆེན་པོ་ནི་བདུད་རྩི་བཟའ་པ་ལ་སོགས་པ་སྟེ། དེ་རྣམས་ཐམས་ཅད་ནན་ཏན་གྱིས་ཁྱོད་ཀྱིས་བསྒྲུབ་པར ་བྱའོ། །དེ་ལྟར་བྱས་ན་ཉིད་ཅེས་པ་ནི་མངོན་སུམ་དུ་ཚེ་འདི་ཉིད་ལ། སངས་རྒྱས་བྱང་ཆུབ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་ཐོབ་ཅཔར་འགྱུར་རོ། །གཅིག་པུ་དེ་རྣམས་སྒྲུབ་པ་མ་ཡིན་གྱི། འོན་ཀྱང་འཇིག་རྟེན་གྱི་དངོས་གྲུབ་རྣམས་ཀྱན་འགྲུབ་པར་འགྱུར་ཏེ། ་དཔེར་ན་མི་སྣང་བར་མི་འགྱུར་བ་དང། སྟོབས་ནི་གླང་པོ་ཆེ་དགུ་སྟོང་གི་སྟོབས་དང། བརྩོན་འགྲུས་ནི་ས་འགུལ་བ་ལ་སོགས་པ་དང། རྡོ་རྗེ་དགུག་པ་ནི་ལྷའི་བུ་མོ་ལ་སོགས་པར་གུག་པ་སྟེ། དེའི་ལ་སོགས་པའི་དངོས་གྲུབ་རྣམས ་དཀྱིལ་འཁོར་ནི་སེམས་ཅན་གྱི་ཁམས་ལ་ཁྱེད་ཀྱིས་འགྱུར་རོ། །རྡོ་རྗེ་སྐུའི་བཀའ་བཞིན་དུ་ཞེས་པ་ནི་བདེ་བའི་ཚིག་གོ། བཤད་གཅི་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་དུ་རིལ་བུའི་དངོས་གྲུབ་ཀྱང་ཁྱེད་ཀྱིས་བསྒྲུབ་པར་བྱ་སྟེ། ཚས་བརྒྱད ་པ་འམ་བཅུ་བཞི་ལ་བཤད་པ་ལ་སོགས་པའི་བདུད་རྩི་ལྔའི་རིལ་བུ་ཁཾ་ཕོར་ཁ་སྦྱོར་གི་ནང་དུ་བསྒྲུབ་ལ། རྒྱ་ཤུག་གི་འབྲས་བུའི་ཚད་ཙམ་དེ་ཉིད་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ། ཡི་གེ་དགུ་པས་བཟླས་ཤིང་ཉིན་རེ་འམ་ཟླ་བ་རེ ་རེའམ་ལོ་རེ་རེ་ཟོས་ན་དེའི་ཚེ། སངས་རྒྱས་ཀུན་དང་ལྷན་ཅིག་ཏུ་འཁོད?་པར་འགྱུར་བ་ནི་ནམ་མཁའ་སྤྱོད་ལ་སོགས་པའི་དངོས་གྲུབ་ཐོབ་པར་འགྱུར་ཏེ། བསྐྱེད་པའི་རིམ་པ་དང་སྒྲུབ་པ་དག་གོ། ཏིང་ངེ་འཛིན་གཞན་གྱིས་ཀྱང་དངོས་གྲུབ་བསྒྲུབ་པའི ་ཐབས་བཤད་པར་བྱ་བའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཞེས་པ་ནི་དཀྱིལ་འཁོར་གྱི་ལས་རྫོགས་པ་དང། དབང་བསྐྲ་གྱི་བྱ་བ་རྫོགས་པས། །གསང་བ་ཐམས་ཅད་ཀྱི་རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་གང ་ཞིག་མངག་གཞུག་པ་ནི་གཤིན་རྗེ་གཤེད་ལ་སོགས་པ་སྟེ། དེ་རྣམས་ཀྱི་སྒྲུབ་པ་ཆེན་པོ་བསྒོམ་པ་སྔོན་དུ་འགྲོ་བའི་བསྐུལ་བ་སྟེ། དེའི་ཚིག་ནི་ས་བོན་གྱི་ཡི་གེ་རྣམས་ཏེ། དེ་ལ་བསྒྲུབ་པའི་མཆོག་པའི་མཆོག་ནི་མངག་གཞུག་པའི་གཟུགས་སོ། ། ་དེ་ཉིད་བཤད་པར་བྱ་སྟེ། ཧྲཱི(རྒྱུད་འགྲེལ་ཐུགས་ཀྱི་ངོ་བོ་སངས་རྒྱས་དེ་རྣམས་ཡི་གེ་ཧྲཱི(རྒྱུད་འགྲེལ་ཐུགས་ཀྱི་སྔགས་བྱིན་གྱིས་བརླབས་པ་ལ། གནས་ནི་གཡོ་བར་མི་འགྱུར་བ་དེ་རྣམས་འཇུག་པར་བྱ་སྟེ། ཨ་ཁཱཾ་དྷི་དེ་རྣམས་ཞུགས་ཤིང་ས་བོན་དེ་ཡོངས་སུ་གྱུར་པས། ཕྱག་ན་རྡོ་རྗེ་ལ་སོགས་པ་ནི་བདུད་རྩི་འཁྱིལ་པ་ལ་སོགས་པའི་མདག ་གཞུག་རྣམས་རིགས་དང་མཐུན་པར་བསྒོམ་པར་བྱའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ཞེས་པ་ནི་མདག་གཞུག་པ་དེ་རྣམས་བསྐྱེད་པས། གསང་བའི་རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་རྣམ་ཀྱི་གནས་སུ་ཨོཾ་ཨཱ(རྒྱུད་འགྲེལ་སྭཱཧཱ། །ཞེས་བྱ་བའི་ས་བོན་རྣམས་ཏེ། དེ་དག་ཡོངས་སུ་གྱུར་པ་ལས་བྱུང་པའི་ཉི་མའི་དཀྱིལ་འཁོར་ལ་སོགས་པ་ལ་བཞུགས་པའི་རྡོ་ཇེ་ལ་སོགས་པའི་སྐུའི་རང་བཞིན་གྱི་རང་གི་བདག་ཉིད་བསྒོམ་པར་བྱའོ། །དེའི་རྗེས་ལ་སྡུག་བསྔལ ་ཆེན་པོ་ནི་སྙིང་རྗེ་དང་ལྡན་པའི་རང་གི་སེམས་ཀྱི་མདག་གཞུག་པ་དེ་རྣམས་བསྐུལ་བར་བྱའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ཞེས་པ་ནི་ལྷའི་སྐུ་དེ་རྣམས་རྫོགས་པས། རྡོ་རྗེ་སེམས་ནི་མདག་གཞུག་པ་དེ་རྣམ་བསྐུལ་བ་ནི ་དགུག་པའི་ཕྱིར། སྙིང་པོའི་ས་བོན་ཏེ་ཡི་གེ་ཨཱའོ། །གསུང་གི་དབང་ཕྱུག་གི་ས་བོན་དེས་བཀའ་འཇུག་པ་རྣམས་བསུལ་པར་བྱའོ། །དེའི་ཚེ་དེ་རྣམས་རྩེ་གསུམ་ལ་སོགས་པའི་སྣ་ཚོགས་པའི་མཚོན་ཆ་འཛིན་ཅིང་འགྲོ་བས་ལྷའི་བུ་མོ་ལ ་སོགས་པ་དང་རྫུན་འཕྲུལ་བརྒྱད་སྒྲུབ་པ་པོ་ལ་སྒྲུབ་པར་བྱེད་དོ། །བཞན་ཡང་ཇི་སྲིད་སངས་རྒྱས་ཀྱི་བྱང་ཆུབ་ཀྱང་འགྲུབ་པར་བྱེད་པ་སྟེ། ཕུལ་དུ་བྱུང་བའི་ཚིག་གོ། དེ་སྐད་ཅེས་ཀྱང་གསུངས་སོ་ཞེས་ཉེ་བར་བསྡུ་བས་ཏེ། བསྐྱེད་པའི་རིམ་པའོ།། ་ད་ནི་ཡུལ་དང་དུས་ཀྱི་བྱེ་བྲག་བཤད་པར་བྱ་བའི་ཕྱིར། ཉམས་དགའ་བའི་རི་དགེ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རི་བོ་ལ་སོགས་པའི་གནས་དེ་རྣམས་རྣམ་པར་དབེན་པའི་ཕྱིར་དངོས་གྲུབ་ཀྱི་གནས་ཡིན་ཏེ། ་དེ་རྣམས་དངོས་གྲུབ་བསྒྲུབ་པར་བྱའོ། །མང་ག་གཞུག་པའི་དངོས་གྲུབ་འདི་ཟླ་བ་ཕྱེད་ཀྱི་བར་རམ། ཟླ་བ་ཕྱེད་པོ་རྫོགས་པས་འགྲུབ་པ་སྟེ། སངས་རྒྱས་ཀྱང་ཐོབ་པར་འགྱུར་རོ། །འདིས་ནི་འདི་བཤད་པ་ཡིན་ཏེ། མངག་གཞུག་པའི་སྒྲུབ་ཡོས ་རེ་ཞིག་འཇིག་རྟེན་པའི་དངོས་གྲུབ་མངོན་དུ་འགྱུར་ཏེ། གང་གི་ཚེ་ལེའུ་བཅུ་པ་ལས་གསུངས་པའི་རིགས་པས་དྲག་ཤུལ་གྱི་རྣལ་འབྱོར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ནུས་པས་དགུག་ཅིང་རང་གི་བདག་ཉིད་ལ་ཞུགས་པར ་གྱུར་པ་དེའི་ཆེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་རྫོགས་པའི་རྡུལ་ཕྲ་རབ་ཀྱིས་ཡོངས་སུ་རྫོགས་པའི་རྡོ་རྗེ་འཆང་ཆེན་པོའི་སྐུ་ཐོབ་པར་འགྱུར་རོ་ཞེས་སྟོན་ཏོ། །དེ་ཉིད་ཀྱི་ཕན་ཡོན་བཤད་པར་བྱ་སྟེ། རི་རབ་སུམ་ཅུ་རྩ་དྲུག་གི ་ཞེས་བྱ་བ་ལ་སོགས་པ་ལ། རི་རཝ་སུམ་ཅུ་རྩ་དྲུག་གི་རྡུལ་ཕྲ་རབ་དང་མཉམ་པའི་འཁོར་གྱི་ཚོགས་ནི་ལྷ་དང་ལྷ་མ་ཡིན་ལ་སོགས་པའི་བུ་མོ་རྣམས་རྣལ་འབྱོར་པ་དེའི་བཀའ་བཞིན་བྱེད་ཅིང་ཡོངས་སུ་བསྐོར་ནས་གནས་པར་འགྱུར་རོ། །དེ་བཞིན ་དུ་འདོད་པ་ཇི་ལྟ་བ་བཞིན་དུ་མངོན་པར་དགའ་བ་ལ་སོགས་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་འགྲོ་ཞིང་དེ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ལས། ཟབ་མོའི་ཆོས་ནི་སྔགས་ཀྱི་ཚུལ་གྱིས་ཆོས་ཐོས་ནས་སངས་རྒྱས་ཀྱིས་ཐོབ ་པར་འགྱུར་རོ། །དམ་ཚིག་ཆེན་པོ་ནི་མདག་གཞུག་པའི་སྒྲུབ་པ་སྟེ། དེ་ཉིད་རྡོ་རྗེ་ནི་བརྟན་པ་སྟེ། དེ་ཉིད་བཞད་པ་ནི་ངོ་མཚར་བར་བྱེད་པའི་ལས་གང་ལས་བྱུང་བ་དེ་ནི་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏེ་ཞེས་པ་དང་སྦྱར་ཏེ། བསྐྱེད་པའི་རིམ ་བའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ཞེས་མདག་གཞུག་པའི་སྒྲུབ་པ་ལ། །མདག་གཞུག་པ་ཐམས་ཅད་ཀྱི་གསང་བའི་རྡོ་རྗེ་ནི་རིགས་ཀྱི་དབྱེ་བས་གནས་དེ་རྣམས་ཀྱི་རང་རང་གི་བདག་པོ་དེ་རྣམས་ལས་འབྱུང་བའི། གསང་བ་ནི་བཀའ་སྩལ་བའི་རྣམ ་པའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་དེ་བཞིན་གཤེགས་པའི་རིགས་དང་རྗེས་སུ་འགྲོ་བས་རང་གི་བདག་ཉིད་བསམས་ཏ། དེ་རྣམས་ཀྱི་རིགས་དང་མཐུན་པའི་མདག་གཞུག་པ་རྣམས་བསྐུལ་བར་བྱའོ། །དེ ་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ཞེས་པ་ནི་སྐུ་དེ་རྣམས་རྫོགས་པས། རྡོ་རྗེ་ནི་མི་བསྐྱོད་པ་དང། ཡེ་ཤེས་ནི་སྣང་བ་མཛའ་ཡས་དང། འཁོར་ལོ་ནི་རྣམ་པར་སྣང་མཛད་དང། སྔགས་ནི་རིན་ཆེན་འབྱུང་ལྡན་དང། དམ་ཚིག་ནི་དོན་ཡོད་གྲུབ་པ་སྟེ། བདག ་པོ་ཉིད་དུ་གྱུར་པ་དེ་རྣམས་ཀྱི་གནས་ནི་བཀའ་སྩལ་བའི་རང་བཞིན་གྱིས་གསུང་ངོ། །དམ་ཚིག་མདག་གཞུག་པ་སྐྱེད་པར་བྱེད་པའི་ས་བོན་ཏེ་ཡི་གེ་ཧྲཱི(རྒྱུད་འགྲེལ་མེད་པར་བྱས་ལ། མདག་གཞུག་པའི་རྣམ་པ་མཐོང་བའོ། །མདག་གཞུག་པའི་རྣམ་པ་མཐོང་བས་དམ་ཚིག་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་ངོ་བོ་དགུག་པ་བརྩམ་པར་བྱ་བའི་ཕྱིར་གཏོང་བ་ནི་དེ་རྣམས་ལ ་བཀའ་སྩལ་བ་སྟེ། སྒྲུབ་པ་བོའི་ལས་གཉིས་སོ། །དཱི་རྗེས་ལ་མདག་གི་གཞུག་པ་དེ་རྣམས་ཀྱིས་སྒྲུབ་པ་པོའི་བཀའ་ཉན་བྱེད་ཅིང། སྒྲུབ་བྱ་དེ་རྣམས་ལ་དམ་ཚིག་འབོད་པ་ནི་འདུས་པས་དངོས་གྲུབ་གཉེར་བ་སྟེ། བདག་ཅག་ལ་འདོད་པ ་གསོལ་ཅིག་ཅེས་ཚིག་གིས་སོ། །གལ་ཏེ་དེ་རྣམས་ཀྱིས་མདག་གཞུག་པའི་ཚིག་མི་ཉན་ན་དེའི་ཚེ། དྲག་ཤུལ་གྱིས་ཚིག་ནི་བསྒྲུབ་པ་དེ་རྣམས། བཅིང་བ་ནི་དགུག་པ་སྔོན་དུ་འགྲོ་བར་བཅིངས་ཤིང་བདག་པོའི་མདུན་དུ་ཕྱིན་པར་བྱེད་པ་སྟེ ་མདག་གཞུག་པའི་ལས་གཉིས་སོ། །མཁའ་དབྱིངས་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་བྱས་ནས་མཁའ་དབྱིངས་ནི་ནམ་མཁའ་ཨི་དབྱིངས་ཏེ། རྒྱ་ཆེན་ནི་ས་ལ་སོགས་པའི་བྱེ་བྲག་དང་བྲལ་དང། དག་པ་ནི་གཟུགས་མེད་པ་དང། ་ཆོས་རྣམས་ཐམས་ཅད་ནི་ཐོགས་པ་དང་བཅས་པ་ལ་སོགས་པའི་ཆོས་དང་སྤངས་པ་སྟེ། དེ་ཡང་མདག་གཞུག་པ་དེ་རྣམས་ཀྱིས་གོང་བུའི་ཚུལ་དུ་བྱེད་པ་ནི་རི་བོང་བཞིན་དུ་བྱེད་པ་སྟེ། དངོས་གྲུབ་གཞིན་རྣམས་སྨོས་ཅི་དགོས་ཤེས་ངོ་མཚར་བ་གསུམ ་པས་བདག་ཆེ་བ་བསྟན་ཏོ། །སངས་རྒྱས་ཐམས་ཅད་ན་དེ་བཞིན་གཤེགས་པ་རྣམས་དང་བུ་ནི་བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་རྣམས་ངོ་བོ་གཅིག་པའི་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏོ། །ཞེས་སྡུད་པ་པོའི་ཚིག་སྟེ། བསྐྱེད་པའི ་རིམ་པའོ། །དེ་ནི་དབང་དུ་བྱེད་པ་བཤད་པར་བྱ་བའི་ཕྱིར། སངས་རྒྱས་རྡོ་རྗེ་སེམས་དཔའ་རུང་ཞེས་བྱ་བ་སོགས་པ་ནི་གསུངས་ཏེ། སངས་རྒྱས་ནི་རྣམ་པར་སྣང་མཛད་ཀྱི་རྣམ་འབྱོར་པ་དང། རྡོ་རྗེ་ནི་མི་བསྐྱོད་པའི་རྣལ་འབྱོར་པ་དང། སེམས ་དཔའ་ནི་སྣང་བ་མཛའ་ཡས་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་གལ་ཏེ་བསྒྲུབ་བྱ་དབང་དུ་གྱུར་པར་འདོད་ན་དེའི་ཚེ། རྡོ་རྗེ་གསུམ་ནི་སངས་རྒྱས་གསུམ་སྟེ། དེ་དག་གི་མཆོག་འཛིན་ནི་མི་བསྐྱོད་པའི་རིགས་ཏེ། དབང་དུ་བྱེད་པ་ལ་ནུས་པ་དང ་ལྡན་པའི་ཕྱིར་ཆེ་བ་དང། བསྟན་པར་མི་བྱ་བའི་ཕྱིར་གསར་བ་ཆེན་པོ་སྟེ། རྡོ་རྗེ་འཇམ་པ་ནི་དེ་ཉིད་རྡོ་རྗེ་ལུས་མེད་པ་ཞེས་བྱ་བའི་རྣམ་གྲངས་གཞན་ཡོད་པ་བསམ་པར་བྱའོ། །དེ་ལ་ན་མཁའ་ཨི་རྡོ་རྗེ་ནི་རང་གི་རིག་མའི་པདྨའི་ལྟེ་བ་སྟེ། དེའི་དབུས་སུ ་ཡི་གེ་མམ་ལས་བྱུང་བའི་རང་གི་བདག་ཉིད་འཇམ་པའི་རྡོ་རྗེ་བསམ་པར་བྱ་སྟྟེ། སྐུ་མདོག་དམར་པོ་ཞལ་གསུམ་ཕྱག་དྲུག་པ། ཞལ་གཡས་པ་དང་གཡོན་པ་ནི་ནག་པོ་དམར་པོ་སྟེ། ཕྱག་ལྔ་ལ་སྨྱོ་བྱེད་དང། མྱོས་བྱེད་དང། གདུད་བྱེད་དང། ་སྐེམ་བྱེད་དེ་མདའ་ལྔ་འཛིན་པ་དང། མདའ་དེ་རྣམས་ཀྱང་སྒོ་ནི་ཡི་གེ་ཨོཾ་གྱིས་བསྐྱེད་པ་དང། བར་གྱི་སྨྱུག་མ་ན་ཡི་གེ་ཨཱ(རྒྱུད་འགྲེལ་པ་དེ་རྣམས་འཛིན་པ་དང། ཕྱག་གཡོན་པའི་གཙོ་བོ་ས་དེ་བཞིན་དུ་བསྐྱེད་པའི་གཞུ་འཛིན་པ་དང། སྤྱི་བོར་མི་བསྐྱོད་པས་བྱིན་གྱིས་བརླབས་པ་སྟེ། དེ་ལྟ་བུའི་རང་གི་བདག་ཉིད་བསམས་ལ། གཞུའི་མཛའ་གཉིས་བར་གྱིས་ཆ་རྣམས་བདའ ་ལྔ་པོ་དེ་རྣམས་འདྲེན་ཅིང། རྒྱལ་པོ་ལ་སོགས་པའི་བསྒྲུབ་བྱའི་སྤྱི་བོ་དང་ལྗོག་མ་དང་སྙིང་ཁ་དང། ལརེ་བ་དང་གསང་བའི་གནས་རྣམས་ལ་ཨོཾ་ཨཱ(རྒྱུད་འགྲེལ་ཅིང་མདའ་དེ་རྣམས་ཀྱིས་བསྒྲུབ་བྱའི་ཕུང་པོ་ལྔ་དབང་དུ་གྱུར་པར་བསམ་པར་བྱའོ། །མངའ་ལྔ་པོ་དེ་ཉྡ་ཡང་དག་ཡང་དུ་བསྒྲུབ་བྱ་ལ་ཕོག་པ་དེ་སྲིད་སུ་བསྒོམ་པར་བྱ་བ་དེ་སྲིད་བསྒྲུབ་བྱ་དེ་བདག་ཉིད་དང་ནོར་གྱིས་དབང་དུ་འགྱུར་རོ། །དེ་བཞད ་པར་བྱ་སྟེ། བརྒྱལ་བ་ནི་དབང་དུ་གྱུར་པ་དང། སྐྲག་པ་ཇི་སྐྱབས་གཞན་མེད་དང་བྱིས་པའི་བློ་ནི་མཁས་པ་ཡིན་རྣ་ཡང་བྱས་པ་ཉིད་དུ་གྱུར་པའོ། །དེ་གང་ཞེ་ན། གྲགས་ཆེན་ནི་རྒྱལ་པོ་ལ་སོགས་པ་སྟེ། དེ་ལྟ་བུའི་བསྒྲུབ་བྱ་བསྒོམ ་པ་ནི་བསྒྲུབ་པར་བྱའོ། །བསམ་གཏན་འདི་གསང་བའི་བསྐུལ་བ་དག་ནི་བདག་གིས་ཆེ་གེ་མོ་འདི་ཞེས་བྱ་བ་དབང་དུ་བྱེད་པའོ་ཞེས་བྱ་བ་སྔོན་དུ་དེ་བཞིན་གཤེགས་པ་རྣམས་ལ་ཞུགས་ཏེ། ཟླ་བ་ཕྱེད་ཀྱིས་འགྲུབ་པར་འགྱུར་རོ། །སྡབ ་རྣམས་ཀུན་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་དོན་གྱི་བློ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེས་སྔགས་རྣམས་ཀུན་ནི་རྒྱལ་པོ་ལ་སོགས་པ་དབང་དུ་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་དེ་གསུངས་ཏེ། བསྐྱེད་པའི་རིམ་པའོ། །ཏིང་ངེ་འཛིན ་གཞན་བཤད་པར་བྱ་སྟེ། སངས་རྒྱས་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་རྡོ་རྗེ་ནི་ཕྱི་རོལ་གྱི་ནམ་མཁའ་ལ་ཡི་གེ་ཧཱུཾ་ལ་སོགས་པ་ལྔ་པོ་ལས། སངས་རྒྱས་དཀྱིལ་འཁོར་ནི་ཐུགས་རྡོ་རྗེ་ལ་སོགས་པའི་དེ་བཞིན་གཤེགས ་པའི་རིགས་ཀྱི་འཁོར་ལོ་འཁོར་དང་བཅས་པས་བསྒོམས་ལ། གདུག་པ་རྣམས་ཀྱང་དེ་བཞིན་དུ་ཡོངས་སུ་གྱུར་པས་སངས་རྒྱས་ཉིད་དུ་བསམས་ཏེ། དེ་རྣམས་ཀྱི་མིག་གི་དབང་པོ་ལ་ཡི་གེ་ཨོཾ་བཀོད་ལ། ཁྱེད་རྣམས་ཀྱིས་ནམ་མཁའ་ལ་ལྟོས ་ཤིག་ཅེས་བྱ་བས་དེ་རྣམས་ལ་རྣལ་འབྱོར་བས་ནམ་མཁའ་ཨི་དབྱིངས་བསྟན་པར་བྱའོ། །དེའིའོག་ཏུ་དེ་རྣམས་ཀྱང་སྔགས་རྣམས་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་དག་གི་སྐུ་གསུམ་གྱི་རང་བཞིན་གྱི་སྐུ་མཐོང་བར་འགྱུར་ཏེ། བསྒྲུབ་བྱ་དེ ་རྣམས་འདུལ་བར་འགྱུར་ཏེ། དང་པོ་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་བ་མཆོག་དང་ལས་ཀྱི་རྒྱལ་བ་མཆོག་གིས་ཏིང་ངེ་འཛིན་རྣམས་སོ། །བཀྲ་ཤེས་སྐོམ་ལ་སོགས་ཞེས་བྱ་བ་ལ་སོགས་པ་ལ། བཀྲ་ཤེས་པ་དང་སྐོམ་པ་སྒོམ་པ་ལ་སོགས་པའི ་སྡུག་བསྔལ་བྱུང་བའི་དུས་སུ་གལ་ཏེ་བསམ་གཏན་འདི་བསྒོམས་ན་དེའི་ཚེ། སྡུག་བསྔལ་ཐམས་ཅད་ནི་དེ་རྣམས་ཉིད་འཇིག་པར་འགྱུར་རོ། །རྡོ་རྗེ་ཐུགས་ཀྱི་བཀའ་བཞིན་དུ་ཞེས་པ་ནི་བདེན་པའི་དོན་དུའོ། །རྣམ་པར་སྣང་མཛད་ཅེས་བྱ་བ་ལ ་སོགས་པ་ལ། རེ་ཞིག་དང་པོ་ཅིག་ཅར་དུ་དོན་རྣམས་ཐམས་ཅད་ནི་དཀྱིལ་འཁོར་བ་རྣམས་ཐམས་ཅད་ནི་དཀྱིལ་འཁོར་བ་རྣམས་ཀྱི་ཕུན་སུམ་ཚོགས་པ་གང་ལ་ཡོད་པ་དེ་ལྟ་བུའི་སྐུ་རྣམ་པར་སྣང་མཛད་ཀྱི་སྐུ་བསྒོམས་ལ། རྐན་གྱི་བུ་ལ་བདུད ་རྩིའི་ས་བོན་ཡི་གེ་ཝ་བཀོད་ཅིང་ལྕེའི་རྩེ་མོར་ཡང་ཡི་གེ་ཨོཾ་བཀོད་པ་ལྕེ་དེ་ཉིད་བཟློག་པས་བཟའ་བར་བྱ་བ་ཐམས་ཅད་ཀྱི་གནས་དང། བདུད་རྩིའི་རང་བཞིན་གྱི་ཡི་གེ་ཝ་འཛིན་ལ། དེའི་ཚེ་ཡིད་བཞིན་ནོར་བུ་བཞིན་དུ་རྩོལ་བ་མེད་པས། ་བརྒྱན་པ་ནི་ཚིམ་པར་འགྱུར་རོ། །སྡུག་སྔལ་ཐམས་ཅད་ནི་བཀྲ་ཤེས་པ་དང་སྐོམ་པ་ལ་སོགས་པའི་སྡུག་བསྔལ་རྣམས་སེལ་བར་འགྱུར་རོ། །དེའི་ཚེ་ཞི་བ་ནི་ཡོངས་སུ་ཚེ་པའི་ལུས་སུ་འགྱུར་རོ། །ཡེ་ཤེས་རྡོ་རྗེ་ནི་རྣམ་པར་སྣང་མཛད་ཀྱི་སྐུ་སྟེ། ་དེའི་ཚེ་ནས་དེ་བསྒོམ་པར་བྱའོ། །ཡིད་བཞིན་ནོར་བུ་རྩོལ་བ་མེད་པས་རྒྱས་པར་མཛད་པས་ནི་ཡིད་བཞིན་ནོར་བུ་སྟེ། དེ་ཉིད་བསྟན་པའི་ཕྱིར་རྡོ་རྗེ་གང་ལ་ཡོད་པ་དེ་ནི་ཡིད་བཞིན་ནོར་བུ་རྡོ་རྗེ། རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏོ། །ཞེས་དང ་སྦྱར་ཏེ། ལས་ཀྱི་རྒྱལ་བ་མཆོག་དང་སྦྱར་རོ། །ཡང་ན་རྣམ་པར་སྣང་མཛད་ནི་ཁྱད་པར་དུ་མཛེས་པའི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་ཏེ། དེ་ཉིད་ཀྱི་གཟུགས་ཆེན་པོ་ནི་གཞིར་གྱུར་པའི་རྡོ་རྗེ་སྟེ། དོན་རྣམས་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས ་ཀྱི་རྒྱུན་རྣམས་ཏེ། དང་དེ་དག་འགྲོ་བ་དང་འོང་བའི་སྦྱོར་བས་སྲོག་དང་རྩོལ་བ་དག་གིས་འགགས་ཤིང་རྡོ་རྗེ་དེ་ཉིད་ཀྱི་ནང་གི་ཆ་རུ་ཆུའི་ཁམས་ཀྱི་ས་བོན་ཡི་གེ་ཝ་དགོད་ལ། ཕྱི་རོལ་གྱི་ལྕེ་ལ་ཆར་རེངས་པའི་ཕྱིར་ཡི་གེ་ཨོཾ་བཀོད་ཅིང་དེའི ་རྗེས་ལ་ཀུན་ནི་རླུང་བཅུ་སྟེ། དེ་རྣམས་བཟའ་བར་བྱེད་པ་དང། བཟའ་བར་བྱ་བ་ཀུན་ནི་སྲོག་དང་རྩོལ་བ་སྟེ། དེ་དག་གིས་གནས་ནི་གཡོན་དང་གཡས་པའི་རྡོ་རྗེ་རྩ་གཉིས་ཏེ། དེ་དག་གིས་ཡིད་བཞིན་ནོར་བུ་དང་འདྲ་བའི་བྱང་ཆུབ་ཀྱི ་སེམས་ཀྱི་ཐིག་ལེའི་ཕྲེང་བ་བརྒྱན་པར་འགྱུར་བའོ། །དེ་ནས་འགྲོ་བ་དང་འོད་བས་ཡོངས་སུ་བསྐོར་ཏེ། དེ་སྲིད་དུ་འཛིན་པར་འཛིན་པར་བྱ་བ་ཇི་སྲིད་དུ་བསྟན་པར་འགྱུར་རོ། །དེ་ལྟར་བྱས་ན་སྡུག་བསྔལ་ཐམས་ཅད་ནི་འདོད་ཆགས་ལ་སོགས ་པ་སྟེ། དེ་རྣམས་སེལ་བ་ནི་འཇིག་པར་བྱེད་པས་ན་སྡུགུ་བསྔལ་ཐམས་ཅད་སེལ་བ་སྟེ། བསམ་གཏན་ནོ། །དེ་བས་ན་འཛིན་པའི་རང་བཞིན་ཡིན་པའི་ཕྱིར་ཞེ་བའོ། །ཡེ་ཤེས་ནི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་རྡོ་རྗེ་ནི་གསང་བའི་རྡོ་རྗེ་སྟེ། ་གནས་དེ་ལ་བསྒོམ་པར་བྱའོ། །འདིར་དོན་འདི་ཡིན་ཏེ། ཨཱ་ལིའི་བདག་ཉིད་ཀྱི་ཡི་གེ་ལྔ་བཅུའི་རང་བཞིན་གྱི་ཡི་གེའི་ཕྱི་མོའི་ཕྲེང་བ་ལས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་གེ་ཕྲེང་བ་རླུང་གཉིས་པོས་ཡོངས་སུ་བསྐོར་བ ་དང། རྡོ་རྗེའི་རྩེ་མོར་གནས་པའི་ཡི་གེ་ཨོཾ་གྱིས་ར་རིབ་ཀྱིས་རྣམ་པར་བརྒྱན་པ་སྟེ། དེ་མི་ལྟུང་བའི་ཏིང་ངེ་འཛིན་བརྟན་པར་བྱེད་པས་མ་ནིང་གི་བཟླས་པའི་རང་བཞིན་གྱིས་རྡོ་རྗེ་བཟླས་པ་བྱེད་པ་ཡིན་ནོ་ཞེས་སྟོན་ཏོ། །དེ་ཉིད་ཀྱི་ཕྱིར་རྡོ་རྗེས ་འོག་གི་རྒྱུད་ལས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་ལིང་ག་ལ་ཕྲེང་བ་འཕྱང་པ་མཐོར་བ་སྟེ། རྡོ་རྗེ་བཟླས་པའི་རིམ་པ་དང་ལས་དང་རྣལ་འབྱོར་རྣམས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དཔའ་བོ་ཆེན་པོ་ནི་ཐམས་ཅད་ཀྱི ་བདག་པོ་ཡིན་པའི་ཕྱིར་རྡོ་རྗེ་འཆང་ངོ། །རྡོ་རྗེ་ནི་ནོར་རྒྱུན་མ་སྟེ། དེ་བསྒོམ་པར་བྱ་བའི་ཕྱིར་ཚིག་གི་མཆོག་ནི་ས་བོན་ཏེ། དེ་ཉིད་རྡོ་རྗེ་གསུམ་ནི་གསུང་གི་སྒོ་ནས་ཕྱུང་ངོ། །རི་དྷ་ཞེས་པ་ནི་ནོར་དང་འབྲུ་སྟེར་བའི་ཕྱིར་ཡི་གེ་དྷའོ། །ཡི ་གེ་ཨི་ནི་དཔལ་མོའི་ས་བོན་ནོ། །ཚེག་དྲག་ནི་རྒྱས་པའི་དོན་དུའོ། །སངས་རྒྱས་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་ཨི་རྡོ་རྗེ་ནི་རང་གི་རིག་མའི་པདྨར་ཡི་གེ་དྷི(རྒྱུད་འགྲེལ་འཁོར་བསྒོམས་ཏེ། དེ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་རྡོ་རྗེ་སྐུ་གསུམ་སྦྱོར་པ་ཡིས་ཤེས་པ་ནི་སེམས་དཔའ་གསུམ་གྱི་བདག་ཉིད་དང། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་དང། རལ་པའི་ཅོད་པན་གྱིས་དབུལ་བརྒྱན་པ་དག ་ཞི་བའི་བདག་ཉིད་དང། སྐུ་མདོག་སེར་པོ་དང། ཞལ་གསུམ་ཕྱག་དྲུག་པ་དང། ཞལ་གཡས་པ་དང་གཡོན་པ་ནི་ནག་པོ་དང་དམར་པོ་སྟེ། རྡོ་རྗེ་དང་འཁོར་ལོ་དང་རིན་ཆེན་གྱི་མཆོག་སྦྱིན་ཕྱག་གཡས་པ་རྣམས་ལ་བསྣམས་པ་དང། ཕྱག ་གཡོན་པ་རྣམས་ལ་པདྨ་དང་རལ་གྲི་དང་འབྲས་ཀྱི་ཡལ་ག་བསྣམས་པ་སྟེ། པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་ལྷ་མོ་ནོར་རྒྱུན་མ་བསམས་ཏེ། དེའི་རྗེས་ལ་ཐམས་ཅད་བརྩམ་པར་བྱ་བ་ནི་དེ་ཉིད་ཀྱིས་དབུལ་པོ ་རྣམས་ལ་རིན་ཆེན་གྱི་ཆར་པ་བྱས་ཏེ། སླར་ཡང་བྱོན་ཏེ། རང་གི་བདག་ཉིད་དེ་དང་དབྱེར་མེད་པར་བསྒོམ་པར་བྱའོ། །རྡོ་རྗེ་དཔའ་བོ་ནི་ལྷ་མོ་ནོར་རྒྱུན་མ་སྟེ། དེ་ཉིད་ཀྱི་དཔའ་རླབས་ཀྱི་ཕྲེང་བ་ནི་འོད་ཟེར་གྱི་སྦྱོར་བས་རྒྱས་པའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ ་ནི་དེ་བཞིན་དུ་བཤད་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཀུན་ནས་དབྱངས་ནི་གྲགས་པ་མ་ཉམས་པའི་ལྷ་མོ་སྐུལ་བྱེད་མའི་སྐུ་སྟེ། དེ་ཉིད་ཞི་བ་ལ་སོགས་པ་བསྒྲུབ་པ་ལ་ནུས་པ་ལྡན་པའི་ཕྱིར་རྡོ་རྗེ་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ལ་སྙོམས ་པར་ཞུགས་ནས། རྡོ་རྗེ་ཆེན་པོ་ནི་མི་བསྐྱོད་པ་སྟེ། དེ་ཉིད་བསྒོམ་པ་ནི་ཅོད་པན་ལ་ཞུགས་པ་གནས་གང་ཡང་ཡོད་པ་དེ་ནི་ལྷ་མོ་སྐུལ་བྱེད་མའི་སྐུ་སྟེ། དེ་ཉིད་དབྱེར་མེད་པས་དེའི་ས་བོན་ཡང་དེ་བཞིན་དུ་བཤད་པ་སྟེ། ཉིད་ཀྱི་སྐུ་ཞེས་བྱ་བ་ལ་སོགས ་པ་སྔ་མ་བཞིན་ནོ། །ཙུམ་ཞེས་པ་ནི་གདུག་པ་ཐམས་ཅད་ཕྱེ་མར་བརླག་པར་མཛད་པའི་ཕྱིར་རོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། རང་གི་རིག་མའི་ཆོས་འབྱུང་གི་ནམ་མཁར་ཡི་གེ་རཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་ལ ་ཡི་གེ་ཙུཾ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་སངས་རྒྱས་ཐམས་ཅད་རྗེས་སུ་ཞུགས་པ་ལས་བྱུང་བའི་སེམས་དཔའ་གསུམ་གྱི་བདག་ཉིད་སྐུ་མདོག་དཀར་པོ་དབུལ་རྡོ་རྗེ་སེམས་དཔས་བརྒྱན་པ། ཞལ་གསུམ་ཕྱག་དྲུག་པ། ཞལ་གཡས་དང ་གཡོན་ནི་ནག་པོ་སྟེ། ཕྱག་གཡས་པ་རྣམས་ལ་རྡོ་རྗེ་དང་འཁོར་ལོ་དང་རིན་ཆེན་བསྣམས་པ། ཕྱག་གཡོན་པ་རྣམས་ན་པདྨ་དང་རལ་གྲི་དང་དྲིལ་བུ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་བའི་ལྷ་མོ་སྐུལ་བྱེད་མ་བསྒོམས་ལ། དེའི ་འོག་རུ་ཕྱི་རོལ་ཏུ་སྤྲོས་ཏེ་ལས་ཐམས་ཅད་མཛད་ནས་སླར་ཡང་བྱོན་ཏེ། བདག་ཉིད་དེ་དང་དབྱེར་མེད་པར་བསྒོམ་པར་བྱའོ། །རྡོ་རྗེ་དམ་ཚིག་ནི་མི་བསྐྱོད་པ་སྟེ། དེ་ལས་བྱུང་བའི་ཡེ་ཤེས་ཀྱིའོད་ཟེར་ནི་ལྷ་མོ་སྐུལ་བྱེད་མའི་སྐུ་ཏིང ་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བསམ་པ་ཐམས་ཅད་ནི་འབྲུ་དང་ནོར་ལ་སོགས་པའི་འདོད་པ་སྟེ། དེ་རྣམས་ཉིད་མི་ཟད་པའི་ཕྱིར་རྡོ་རྗེ་སྟེ། དེ་རྣམས་ཀྱི་ལོངས་སྤྱོད་ནི་ཉེ་བར་སྤྱོད་པའི ་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ལ་སྙོམས་པར་ཞུགས་ནས་ཏིང་ངེ་འཛིན་ནི་གང་བ་བཟང་པོ་ལ་སོགས་པའི་གནོད་སྦྱིན་ཆེན་པོ་བརྒྱད་དེ། དེ་རྣམས་ཀྱི་འཁོར་ལོ་ནི་དཀྱིལ་འཁོར་ཏེ། དེ་ཉིད་འདུལ་བས་བདག་པོ་ཉིད་དུ་དབང་དུ་བྱེད་པས་ན། ཏིང ་ངེ་འཛིན་འཁོར་ལོའི་ཚུལ་ནི་ལྷ་ཛ་བྷ་ལ་སྟེ། དེ་དང་དབྱེར་མེད་པས་དེའི་ས་བོན་ཡང་དེ་བཞིན་དུ་བཤད་པ་སྟེ། ཉིད་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ཛཾ་ཞེས་པ་ནི་ཛཾ་ནི་འབྱུང་བ་ལའོ། །ན་ནི་རྗེས་སུ་འཇུག་པའི་དབྱངས་སུ་འགྱུར ་རོ། དེ་བས་ན་འབྲུ་དང་ནོར་རིན་པོ་ཆེ་ལ་སོགས་པ་འབྱུང་བར་བྱེད་པས་ན་ཛཾ་ཞེས་བྱའོ། །སངས་རྒྱས་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། སྔ་མ་བཞིན་དུ་རང་གི་རིག་མའི་པདྨར་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུཡི་གེ་ཛཾ ་ཡོངས་སུ་གྱུར་པ་ལས་བྱུང་པའི་སངས་རྒྱས་ཐམས་ཅད་རྗེས་སུ་ཞུགས་པ་ལས་སྐྱེས་པ། རལ་པའི་ཅོད་པན་ཅན་ཞལ་གསུམ་ཕྱག་དྲུག་པ། སྐུ་མདོག་སེར་པོ་ཞལ་གཡས་པ་དང་གཡོན་པ་ནི་ནག་པོ་དང་དམར་པོ་སྟེ། ཕྱག་གཡས ་པ་རྣམས་ལ་མདའོ་དང་ཀྱོ་བ་དང་བི་ཛ་པུ་ར་ཀ་བསྣམས་པ། ཕྱག་གཡོན་པ་རྣམས་ལ་གཞུ་དང་ཞགས་པ་དང། ནེའུ་ལེའི་གཏེར་བསྣམས་པ། སྔར་བཤད་པའིལྷ་མོ་ནོར་རྒྱུན་མས་འཁྱུད་པ་དང་ཨོཾ་ལ་སོགས་པའི་ས་བོན་ལྔ་ཡོངས ་སུ་གྱུར་པ་ལས་སྐྱེས་པའི་རྣམ་པར་སྣང་མཛད་ལ་སོགས་པས་སྤྱི་བོ་ལ་སོགས་པར་བྱིན་གྱིས་བརླབས་ལ། རྡོ་རྗེ་སེམས་དཔའ་ཨི་ཅོད་པན་དང་ལྡན་པའི་གནོད་སྦྱིན་ཆེན་པོ་ནི་འཕགས་པ་ཛཾ་བྷ་ལ་བསྒོམས་ཏེ། དེའི་འོག་ཏུ་སྤྲོས་ནས་སེམས་ཅན ་ཐམས་ཅད་ཀྱི་རེ་བ་ཐམས་ཅད་རྫོགས་པར་མཛད་ལ་སླར་ཡང་བྱོན་ཏེ། བདག་ཉིད་དེ་དང་དབྱེར་མེད་པར་བསམས་ལ། དེ་དང་འདྲ་བའི་ཡེ་ཤེས་ཀྱི་ཛཾ་བྷ་ལ་སྙིང་ཁ་ལས་སྤྲོས་ཏེ། དེའི་སྤྱི་བོར་བཞུགས་པའི་རྡོ་རྗེ་སེམས་དཔའ་དང་མཱ་མ་ཀཱི་སྙོམས ་པར་ཞུགས་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱིས། ཨོཾ་ཛཾ་བྷ་ལ་ཛ་ལེན་དྲཱ་ཡཱ་སྭཧཱ། ཞེས་བྱ་བའི་སྔགས་ཀྱིས་དེའི་སྤྱི་བོ་ལ་དབང་བསྐུར་གསོལ་བར་བྱའོ། །དེ་ལྟར་བྱས་ན་གནོད་སྦྱིན་དབང་ནི་འཕགས་པ་ཛཾ་བྷ་ལ་མཉེས་པར་འགྱུར་རོ།། ་འོད་ཆེན་ནི་རྣལ་འབྱོར་པ་ཡང་དེ་དང་འདྲ་བར་འགྱུར་རོ། །རྡོ་རྗེ་དམ་ཚིག་ནི་རྡོ་རྗེ་སེམས་དཔའ་སྟེ། དེ་ཉྡ་ཀྱི་ཕྱག་རྒྱ་ནི་མཱ་མ་ཀཱི་སྟེ། དེ་དག་དཔལ་ནི་སྤྱི་བོར་མཚན་པ་སྟེ། དེ་ཉིད་དཔལ་ནི་མཛེས་པ་ཉིད་གང་ལ་ཡོད་པ་དེ་ནི་ལྷ་ཛཾ་བྷ་ལ་སྟེ། དེའི ་ཏིང་ངེ་འཛིན་ཡང་དེ་བཞིན་དུ་བཤད་པ་སྟེ། ལས་ཀྱི་རྒྱལ་བ་མཆོག་གོ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་བཞིན་དུ་མི་ཕྱེད་པའི་འདོད་བའི་ལྷ་དང་འདྲ་བའི་གཟུགས་དང་ལྡན་པའི་གནོད་སྦྱིན་མོ་རྣམས་ཏེ། དེ་དག་ཉེ་བར་སྤྱོད་པ་ནི་བསྟེན ་པ་དང། དཔལ་ནི་འབྲུ་དང་གསེར་ལ་སོགས་པའི་མཚན་ཉིད་ཅན་ཉིད་ངེ་འཛིན་གང་ལ་ཡོད་པ་དེ་ལ་སྙོམས་པར་ཞུགས་ནས། གནོད་སྦྱིན་མོ་ནི་ཟླ་བའི་འོད་མ་པ་སོགས་པ་སྟེ། དེ་རྣམས་ཀྱི་དམ་ཚིག་ནི་སྙོམས་པར་ཞུགས་པ་འམ་སྐྱེད་པར ་བྱེད་པའི་ཕྱིར། རྡོ་རྗེ་ཚིག་ནི་ས་བོན་ཏེ་དེ་ཉིད་ཉིད་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ཀྵཾ་ཞེས་པ་ནི་གནོད་སྦྱིན་མོའི་སྒྲིའི་ཐ་མའི་ཡི་གེ་ཏེ། ཚོགས་པ་ལ་འཇུག་པའི་སྒྲ་རྣམས་ཆ་ཤས་ལ་ཡང་འཇུག་པ་སྟེ། དཔེར་ན་ཡུལ ་ཚིག་པ་དང། སྣམ་བུ་ཚིག་པ་བཞིན་ནོ། །ཚིག་རྣམས་ལ་ཚིག་གི་ཕྱོགས་ཅིག་ཀྱང་ཡོད་པ་སྟེ། དཔེར་ན་འཇིགས་སྡེ་ནི་འཇིགས་པ་དང། བདེན་པར་ཁྲོས་མ་ནི་ཁྲོས་མ་བཞིན་ནོ་མཁའ་དབྱིངས་དབུས་ཞེས་བྱ ་བ་ལ་སོགས་པ་ལ་ནམ་མཁའ་ཨི་ཁམས་ཀྱི་དབུས་སུཡི་གེ་བྷྲུཾ་ལས་སྐྱེས་པའི་གཞལ་ཡས་ཁང་པ་གྲུ་བཞི་པ། དྲ་བ་དང་དྲ་བ་ཕྱེད་པས་རྣམ་པར་སྤྲས་པ། འོད་ཟེར་ཐམས་ཅད་ཀྱིས་ཕྱོགས་བཅུ་རྣམ་པར་བརྒྱན་པ། དྲི་དང་མེ་ཏོག་ལ་སོགས ་པ་འདོད་པའི་ཡོན་ཏན་སྣ་ཚོགས་པས་བྱིན་གྱིས་བརླབས་ནས་དེའི་དབུས་སུ་རིན་པོ་ཆེའི་ཁྲིའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ་ཡོངས་སུ་བསྡུས་པའི་ཤིང་གི་ཡལ་ག་ལག་པ་གཡོན་པས་འཛིན་ཅིང་ལག་པ་གཡས་པས་ནི་རོལ་པའི་པདྨ ་གཅོད་པར་བྱེད་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྨད་ཡངས་པ་གསེར་གྱིས་མདོག་ལྟ་བུའི་སྨད་གཡོགས་ཀྱིས་མཛེས་པ། རྒྱས་པ་དང་མཐོ་བ་གསེར་ལྟ་བུའི་ནུ་མ་གཉིས་དང་ལྡན་པ། བུད་བ་དང་མིག་སྨན་དང་འང་བའི་སྐྲའི ་ཚོགས་ཀྱི་ནང་ན་ཡོངས་སུ་བསྡུས་པའི་མེ་ཏོག་བཏགས་པ། དྲི་མ་ཆགས་པས་འོད་བའི་བུད་བའི་སྐད་ཀྱིས་ཡིད་འཕྲོག་པ། རྐང་གདུབ་དང་སྐ་རགས་ཀྱི་སྤྲ་སྙན་པས་དང་པའི་རྒྱལ་པོ་ལས་རྒྱལ་བར་འདོད་པའི་ལྷའི་མདེའི་ཚོགས ་ཀྱིས་སྙིང་མནན་མ། ཟུང་དང་བཅས་པའི་གཡོན་པས་བལྟ་བ། ལོ་བཅུ་དྲུག་ལོན་པ། ཡི་གེ་ཀྵིཾ་ལས་སྐྱེས་པའི་གནོད་སྦྱིན་མོ་བསམས་ཏེ། དེ་དང་འདྲ་བའི་གདོད་སྦྱིན་མོའི་རིགས་སྣ་ཚོགས་པས་ནམ་མཁའ་ཨི་ཁམས་གང་བརྦསམ ་ལ། དེའི་བདག་ཉིད་གཅིག་བུ་བསྒོམ་པར་བྱའོ། །ལས་གསུམ་རྡོ་རྗེ་ནི་དེ་བཞིན་གཤེགས་པ་གསུམ་སྟེ། དེ་རྣམས་ཀྱི་བྱེ་བྲག་ནི་དེ་བཞིན་གཤེགས་པ་གསུམ་གྱི་ཏིང་ངེ་འཛིན་གྱིས་དེ་ཉིད་བསྒོམ་པར་བྱ་སྟེ། དེ་བཞིན་གཤེགས ་པའི་ས་བོན་རྣམས་དེའི་ལུས་ལ་སོགས་པ་ལ་དགོད་པར་བྱའོ། །དེའི་འོག་ཏུ་རང་གི་བདག་ཉིད་གསང་བའི་བདག་པོ་ནི་ཕྱག་ན་རྡོ་རྗེ་བསྒོམས་ཏེ། གནོད་སྦྱིན་མོ་དེའི་སྤྱི་བོད་རེངས་པའི་ཕྱིར། ཁྲོ་བོ་ནི་གནོད་མཛེས་ཀྱི་རྒྱལ་པོ་འམ། བདུད་རྩི་འཁྱིལ ་པ་དགོད་པར་བྱའོ། །དེ་ནས་སྙིང་ཀ་ནི་རང་གི་སྙིང་ཀར་སྔགས་ཀྱི་ཚོགས་ནི་ཡི་གེ་ཥཱུཾ་བསྒོམས་ལ། སྦྱོར་བ་ནི་གནོད་སྦྱིན་མོ་དེ་དང་ལྷན་ཅིག་ཏུ་སྙོམས་པར་ཞུགས་པར་བྱ་སྟེ། དེ་ལྟར་བྱས་ན་གནོད་སྦྱིན་མོ་གཅིག་ལ་ཐིམ་པ་སྟེ། དེ་ཉིད་བསྒོམ་པ་ནི་བསམ་གཏན་ཏེ། དེ་ཡང ་སྦྱིན་མོ་སྒྲུབ་པའི་སྤྲོས་པ་ནི་འབྱུང་པོ་འདུལ་བའི་རྒྱུད་དང་རིག་པ་འཛིན་པའི་སྡེ་སྣད་ལས་ཤེས་པར་བྱའོ། །གནོད་སྦྱིན་མོ་ཐམས་ཅད་དང་མཉམ་པ་ནི་གནོད་སྦྱིན་མོ་གཅིག་ལ་ཐིམ་པ་སྟེ། དེ་ཉིད་བསྒོམ་པ་ནི་བསམ་གཏན་ཏེ། དེ་ཡང ་ངེས་པར་འགྲུབ་པའི་ཕྱིར་རྡོ་རྗེ་སྡེ། ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སྔགས་ཐམས་ཅད་ནི་དེ་བཞིན་གཤེགས་པ་ལྔ་སྟེ། དེ་རྣམས་ཀྱི་དངོས་གྲུབ་ནི་དེའི་རྣམ་པས་གནོད་སྦྱིན་མོ ་ལ་སོགས་བསྒྲུབ་པ་སྟེ། དེའི་རྣམ་པར་འཕྲུལ་པ་ནི་འདོད་པ་རྣམ་པ་ལྔ་ཉེ་བར་སྤྱོད་པ་སྟེ། དེ་ཉིད་བརྟན་པའི་ཕྱིར་རྡོ་རྗེ་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ལ་སྙོམས་པར་ཞུགས་ནས། དངོས་གྲུབ་ཕྲ་མོ་ནི་འདོད་པ་རྣམ་པ་ལྔ་ཉེ་བར་སྤྱོད་པའི་དངོས ་གྲུབ་ཉིད་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སྐུ་དང་གསུང་ཐུགས་ཞེས་བྱ་བ་ལ་སོགས་པ་ལ། སྐུ་གསུང་ཐུགས་ནི་རྣམ་པར་སྣང་མཛད་དང་སྣང་བ་མཛའ་ཡས་དང་མི་བསྐྱོད་པ་གསུམ་སྟེ། དེ་དག་གིས་གཟུགས ་ཀྱིས་དག་པ་ནི་གནོད་སྤྱིན་མོ་རྣམས་ཡང་དག་པར་སྦྱང་ཞིང་བྱིན་གྱིས་བརླབས་ཏེ། བསྒྲུབ་པར་བྱའོ། །དེ་བཞིན་དུ་སངས་རྒྱས་གཟུགས་ནི་དོན་ཡོད་གྲུབ་པའི་བླངས་ཏེ། འོད་བཟང་པོ་ནི་འོད་དང་ལྡན་པ་དེ་རྣམས་ཉིད་བསྒྲུབ་པར ་བྱའོ། །དེ་བཞིན་དུ་ཛམྦུ་ཆུའི་གསེར་འོད་འདྲ་ནིརིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་གནོད་སྦྱིན་མོ་དེ་རྣམས་བསྒྲུབ་པར་བྱའོ། །དེ་རྣམས་ཇི་ལྟ་བུ་ཞེ་ན། དངོས་གྲུབ་ཕྲ་མ་ནི་ནམ་མཁའ་སྦྱོད་དང་ས་སྦྱོད ་ལ་སོགས་པའི་དངོས་གྲུབ་རྣམས་ལ་གནས་པ་དེ་དག་གལ་ཏེ་སྒྲུབ་ན། དེའི་ཚེ་རྣལ་འབྱོར་བ་མི་སྣང་བ་ལ་བདག་པོ་ཉིད་དུ་འགྱུར་བ་དང། དེ་ཉིད་ཀྱི་མཐུས་འཛམ་པའི་ཕྱིར་ཟླ་བ་སྟེ། དེའི་འོད་དང་འདྲ་བར་གྱུར་ཏེ། གནོད་སྦྱིན་སོས ་སྦྱར་བའི་ལོངས་སྤྱོད་ཉེ་བར་སྤྱོད་པའི་ཕྱིར་རོ། །གནོད་སྦྱིན་མོའི་རྒྱལ་མོ་རྣམས་གྲུབ་པས་རིག་པ་འཛིན་པ་ནི་འཁོར་ལོའི་རིག་པ་འཛིན་པ་ལ་སོགས་པའི་དབང་པོ་སྟེ་བདག་པ་ཉིད་དུ་འགྱུར་རོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ ་ལ་ཞེས་པ་ནི་གནོད་སྦྱིན་མོ་དེ་རྣམས་ཏེ། འཁོར་ལོ་ཐམས་ཅད་ནི་རྣམ་པར་སྣང་མཛད་དང། དངོས་གྲུབ་ནི་མི་སྐྱོད་པ་དང། གཟུགས་ནི་རིན་ཆེན་འབྱུང་ལྡན་དང། གསང་བ་ནི་སྣང་བ་མཛའ་ཡས་དང། སྔགས་ཀྱི་དངོས་གྲུབ་ནི་དོན་ཡོད ་འགྲུབ་པ་སྟེ། དེ་རྣམས་ཀྱི་གཟུགས་ཀྱིས་གནོད་སྦྱིན་མོ་དེ་རྣམས་ཐམས་ཅད། མཛེས་པའི་གཟུགས་ནི་ཤིན་ཏུ་མཛེས་པའི་གཟུགས་དང་ལྡན་པ་དང། སྔགས་ཀྱི་དངོས་གྲུབ་ནི་སྔགས་ཀྱིས་འགྲུབ་པ་དེ་རྣམས་ཐམས་ཅད་དུ ་འདོད་པའི་ཡོན་ཏན་ལྔས་སྒྲུབ་པ་པོ་དགའ་པར་བྱེད་པའོ། །འོན་ཀྱང་དེ་རྣམས་དེ་བཞིན་གཤེགས་པ་ལྔའི་གཟུགས་ཀྱིས་འགྲུབ་པར་འགྱུར་པ་དང། ཡང་ན་གཙུག་ཏོར་འཁོར་ལོ་སྒྱུར་བའི་གཟུགས་ཀྱི་མདག་གཞུག་པས། ་ཐམས་ཅད་འགྲུབ་པ་ནི་གནོད་སྦྱིན་མོ་དེ་རྣམས་ཏེ། ཡིད་བཞིན་ནོར་བུ་བཞིན་དུ་མངོན་པར་འདོད་པ་སྟེར་བར་འགྱུར་རོ། །བདག་པོ་ནི་སྒྲུབ་པ་པོ་དེ་ཡང་དེ་རྣམས་ཀྱི་བདག་པོར་འགྱུར་ཏེ། གཙུག་ཏོར་མ་ནི་མཁའ་སྤྱོད་ཡིན་པས་ཐམས ་ཅད་ལ་དབང་བྱེད་པའི་ཕྱིར་རོ། །ཞེས་དགོངས་པའོ། །སངས་རྒྱས་བྱང་ཆུབ་ཞེས་བྱ་བ་ལ་སོགས་པ་ལ། ཇི་སྲིད་འགྲུབ་པས་འགྲུབ་པའི་གནོད་སྦྱིན་མོ་དེ་རྣམས་དང་ལྷན་ཅིག་ཏུ་རོལ་པ་དང། འདོད་ཆགས་ལ་སོགས་པའི་རྒྱ་ཆེ་བས་སྤྲོས་པ་དང ་བཅས་པའི་སྤྱོད་པས་རྣལ་འབྱོར་པ་སྤྱོད་ན། དེའི་ཚེ་སངས་རྒྱས་བྱང་ཆུབ་ནི་ཆོས་འབྱུང་གི་མངོན་པར་བྱང་ཆུབ་བྱེད་པ་ནི་མངོན་དུ་བྱེད་པའོ། །བསམ་པ་ཐམས་ཅད་ནི་འདོད་པའི་ཡོན་ཏན་ལྔ་ཉེ་བར་སྤྱོད་པ་སྟེ། དེ་ཉིད་གནོད་སྦྱིན་མོ་སྒྲུབ་པའི ་སྒོ་ནས། ཡོངས་སུ་རྫོགས་པར་མཛད་པའི་རྡོ་རྗེ་ནི་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏོ་ཞེས་པ་དང་སྦྱར་ཏེ། བསྐྱེད་པའི་རིམ་པ་དང་སྒྲུབ་པའོ། །ད་ནི་སྤྲོས་པ་དང་བཅས་པའི་སྤྱོད་པའོ། །ད་ནི་བརྟུལ་ཞུགས་ཀྱི་སྒོ་ནས་སྤྲེས་པ ་མེད་པའི་སྤྱོད་པ་བཤད་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ནི་རྣལ་འབྱོར་པ་གསུམ་སྟེ། དེ་རྣམས་ཀྱི་རིགས་པའི་བརྟུལ་ཞུགས་ཉིད་སྤྱོད་པ་སྟེ། སྤྲོས ་པ་མེད་པའི་སྤྱོད་པའོ། །ཡང་དག་པར་ལེན་པ་ནི་དེ་ཉིད་བླང་བ་སྟེ། དེ་ཉིད་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སྐུ་གསུང་ཐུགས་ཤེས་བྱ་བ་ལ་སོགས་པ་ལ། སྐུ་ལ་སོགས་པ་ནི་དེ་བཞིན་གཤེགས་པ་གསུམ་སྟེ། དེ་རྣམས ་སྒོམ་པ་ནི་དེ་དག་གི་རྣམ་པ། དང་ཚུལ་ནི་ཤིང་ལ་སོགས་པ་སྦྱར་བ་དང་བརྡུངས་པ་དང། བྲིས་པ་ལ་སོགས་པའི་གཟུགས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། དེ་ཞེས་པ་ནི་ཞེས་བྱ་བ་ལ་སོགས་པ་ལ། དེ་ཞེས་པ་ནི ་གཟུགས་བྱ་བ་ལ། སྐུ་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱི་རིག་པའི་བརྟུལ་ཞུགས་འདི་ཡིན་ཏེ། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་རང་གི་བདག་ཉིད་རལ་པའི་ཅོད་པན་འཛིན་པ་དང། ཐལ་བ་ལ་སོགས་པས་ཁ་དོག་དཀར ་པོ་སྔགས་ཀྱི་སྤྱོད་པ་ལ་གནས་པས་བྱའོ། །རིག་མ་ཡང་ལོ་གྲངས་བཅུ་དྲུག་ལོན་པའི་ཁྲུས་མཁན་གྱི་བུ་མོ་སྟེ། བཞིན་སྡུག་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དང། སྔགས་དང་རྒྱུད་ལ་སོགས་པ་ལ་མཁས ་པ་རྙེད་ནས་རིག་པའི་བརྟུལ་ཞུགས་བྱའོ། །དེ་ཡང་སྤྱན་གྱི་གོ་འཕང་ལོངས་སྤྱོད་ནི་ལྷ་མོ་སྤྱན་གྱི་ཞལ་དང་ཕྱག་དང་སྐུ་མདོག་ལ་སོགས་པ་དང། མཚན་མ་ནི་དེའི་ཕྱག་མཚན་འཁོར་ལོ་ལ་སོགས་པ་བསྒོམ་པར་བྱ་བ་ནི་ངོ་བོ་ཉིད ་དུ་བྱ་བའོ། །དེ་ཡང་སྔགས་དང་ཕྱག་རྒྱའི་ཆོ་ག་ཡ་མཁས་པར་བྱའོ། །སྔགས་དང་རྒྱུད་ལེགས་པར་བསླབས་པ་ལ་རང་བཞིན་གང་ལ་ཡོད་པ་དེ་ནི་དེ་བཞིན་ནོ། །དེ་བཞིན་གཤེགས་པའི་བཙུན་མོ་སྐུ་རྡོ་རྗེ་འཛིན་གྱི་ལྷ་མོའོ། །སངས ་རྒྱས་བྱང་ཆུབ་ནི་རྣམ་པར་སྣང་མཛད་ཀྱི་བྱང་ཆུབ་སྟེ། དེའི་གནས་ནི་དེ་ཉིད་ཐོབ་པའི་རྒྱུར་གྱུར་པ་སྟེ། དེ་དང་ལྷན་ཅིག་ཏུ་གསང་བའི་མཆོད་པ་བྱའོ། །ནམ་ཞེས་དུས་བཞིན་ཉིན་མོ་དང་མཚན་མོ་འོ། །གང་གིས་ཞེ་ན། བརྟུལ་ཞུགས ་ཆེན་པོ་ནི་རྣམ་པར་སྣང་མཛད་ཀྱི་བརྟུལ་ཞུགས་འཛིན་པའི་རྣལ་འབྱོར་པས་སོ། །སྡོང?་བུ་དང་རྩ་བ་དང་འབྲས་བུ་རྣམས་ཤིང་ལས་བླངས་ཏེ་བཟའ་བའོ། །ཡང་ན་དགོངས་པའི་བཤད་པས། སྡོང་བུ་ལ་སོགས་པ་ནི་བདུད་རྩི་ལྔ་སྟེ། ་དེ་རྣམས་བཟའ་?་བར་བྱའོ། །དེ་ལྟར་བྱས་ནས་སངས་རྒྱས་ནི་རྣམ་པར་སྣང་མཛད་དུ་འགྱུར་རོ། །ཡེ་ཤེས་ཆེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། དེ་ཉིད་ཟབ་ཕྱིར་རྒྱ་མཚོ་སྟེ་དེ་ཡོད་པས་བདག་པོ་ནི་གཙོ་བོར་གྱུར་པའོ། །དེ་བཞིན་དུ་ཟླ་བ་དྲུག ་གི་བར་དུ་རིག་པའི་བརྟུལ་ཞུགས་སྤྱད་ན་མངོན་པར་འདོད་པའི་དངོས་གྲུབ་ཐོབ་པར་འགྱུར་ཏེ། འདིར་ནི་ཐེ་ཚོམ་མི་བྱའོ། །རྟག་ཏུ་གཞན་གྱི་ནོར་བུ་རྐུ་ཞིང་ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་དེའི་སྒྲུབ་པ་ཡང་ལེའུ་ལྔ་པ་ལས ་གསུངས་པའི་རིག་པས་གཞན་གྱི་ནོར་འཕྲོག་པ་ལ་སོགས་དམ་ཚིག་རྣམས་ཤེས་པར་བྱའོ། །འདོད་ཆགས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་རྡོ་རྗེ་ནི་སྣང་བ་མཛའ་ཡས་ཏེ། དེ་ཉིད་ཀྱི་ལྕགས་ཀྱུ་མེ་དང་འད་བས་ལྕགས་ཀྱུ ་མོ་ནི་གོས་དཀར་མའི་རང་བཞིན་གྱི་གར་མཁན་མའི་བུ་མོ་སྔ་མ་བཞིན་དུ་གསུང་རྡོ་རྗེའི་རྣལ་འབྱོར་པས་བརྒྱན་ལ་སོགས་པ་དང་ལྡན་པར་བྱའོ། །དེ་བཞིན་དུ་མཱ་མ་ཀཱིའི་རང་བཞིན་གྱི་གདོལ་པའི་བུ་མོ་ཡང། ཡོན་ཏན་སྐྱེ་རགས་ནི་སྔགས ་དང་རྒྱུད་ལ་སོགས་རྟོགས་པའི་ཡོན་ཏན་དང་ལྡན་པ་ཐུགས་རྡོ་རྗེའི་རྣལ་འབྱོར་པས་བྱའོ། །སྤྱོད་པ་ཡང་སྔ་མ་བཞིན་དུ་སྤྱད་པར་བྱ་སྟེ། བསྐྱེད་པའི་རིམ་པ་དང་སྒྲུབ་པ་དག་གོ། དེ་ནི་སྤྲོས་པ་མེད་པའི་སྤྱོད་པའོ། །ཤིན་ཏུ་སྤྲོས་པ་མེད ་པའི་སྤྱོད་པ་བཤད་པར་བྱ་བའི་ཕྱིར། བསམ་གཏན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་ན་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པའི་རྣལ་འབྱོར་པ་རྣམས་། ཡི་གེ་གསུམ་བསྒོམས་པས་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ ་འབྱོར་པས། རང་གི་ཕྱག་རྒྱ་ནི་ལྷ་མོ་སྤྱན་ལ་སོགས་པ་སྟེ། དེ་རྣམས་བསམ་པ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་མའི་རྣམ་པས་བསྒོམ་པར་བྱའོ། །དེ་ལྟར་བྱས་ནས་དེ་རྣམས་སངས་རྒྱས་ཀུན་མཁྱེན་ནི་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་ཏེ། འདིང ་ནི་ཐེ་ཚོམ་མི་བྱའོ། །རྣལ་འབྱོར་དེ་རྣམས་ཀྱང། བློ་བརྟན་པ་ནི་བརྟན་པའི་ཏིང་ངེ་འཛིན་དང་ལྡན་པས་ནགས་ཚལ་ལ་བསོད་སྙོམས་བླང་བར་བྱའོ། །དེ་རྣམས་ལ་ནགས་ཚལ་གྱི་ལྷ་མོ་རྣམས། ཁ་ཟས་ནི་བཟའ་བ་སྟེར་བར་བྱེད་པའོ།། ་ལྷ་མོ་ཇི་ལྟ་བུ་ཞེ་ན། སྐྲག་པ་ནི་རྡོ་རྗེ་འཆང་ཆེན་པོའི་བཀས་འཇིགས་པར་འགྱུར་བའོ།། གལ་ཏེ་འདས་པ་ནི་བསོད་སྙོམས་རྣལ་འབྱོར་པ་རྣམས་ལ་མི་སྟེར་ན། དེའི་ཚེ་འཇིགས་པར་འགྱུར་བ་ནི་དེ་རྣམས་ཀྱི་རང་གི་དངོས་གྲུབ་ཉམས ་པར་འགྱུར་ཏེ། རྣལ་འབྱོར་པའི་མཐུས་སོ། །རྡོ་རྗེ་ཡི་གེ་ནི་རྡོ་རྗེ་བཞིན་དུ་མི་ཕྱེད་པའི་གསུང་འདི་ཡིན་ནོ་ཞེས་སྟོན་ཏེ། རྫོགས་པའི་རིམ་པ་དང་སྒྲུབ་པ་དག་གོ། དེ་ནི་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པའོ། །སྤྲོས་པ་དང་བཅས ་པ་དང་སྤྲོས་པ་མེད་པའི་རྣལ་འབྱོར་པ་དག་གི་ཁྱད་པར་བཤད་པར་བྱ་སྟེ། ལྷ་མོ་ཀླུ་མོ་ཞེས་བྱ་བ་ལ་སོགས་པ་ལ། ལྷ་མོ་ལ་སོགས་པའི་རྣམས་སྔར་བཤད་པའི་རིམ་པས་དགུག་སྟེ། རིག་པའི་བརྟུལ་ཞུགས་བྱའོ། །གང་ཞེ་ན་རྡོ་རྗེ་གསུམ་གྱི ་ཡེ་ཤེས་བསྟེན་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་སོ།། འདི་ཡང་སྔགས་རྣམས་ཐམས་ཅད་ནི་སྤྲོས་པ་དང་བཅས་པ་དང་སྤྲོས་པ་མེད་པའི་སྤྱོད་པ་དག་གིས་གསང་བའི་ཚུལ་ནི་སྤས་བར་བྱ་བའི་སྙོམས ་པར་ཞུགས་པའོ། །ཐེག་པ་ཆེན་པོ་ལ་གསུངས་པའི་ཕྱིར་ཚུལ་ཆེན་ནོ། །རྡོ་རྗེ་གསུང་གི་འཁོར་ལོ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པའི་ཚོགས་ལ། སངས་རྒྱས་བྱང་ཆུབ་ནི་ཆོས་འབྱུང་དང། ཆོས་ཀྱི་དབྱིངས་དང། བླ་ན་མེད་པའི ་མངོན་པར་བྱང་ཆུབ་པ་རྣམས་ཏེ། དེ་རྣམས་འཇུག་པ་ནི་ཐོབ་པར་བྱེད་པ་སྟེ། སྤྱོད་པའི་བརྟུལ་ཞུགས་སོ། །ཞེས་པ་ཚིག་གི་ལྷག་མའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཏེ། ་དེ་དག་གི་གང་ཞིག་རིག་པའི་བརྟུལ་ཞུགས་ནི་རྣམ་པ་གསུམ་གྱིས་རིག་པའི་བརྟུལ་ཞུགས་ཏེ། དེའི་དམ་ཚིག་ནི་སྤྱོད་པ་སྟེ། དེའི་དེ་ཁོ་ན་ཏིང་ནི་བྱང་ཆུབ་རྣམ་པ་གསུམ་སྟེ། དེ་ཉིད་རྡོ་རྗེ་ནི་མི་གཡོ་བ་གང་ལས་བྱུང་བ་དེ་ནི་རྡོ་རྗེ་འཆང་ཆེན ་པོས། དེ་སྐད་བཀའ་སྩལ་ཏོ་ཞེས་དང་སྦྱར་ཏེ་སྒྲུབ་པའོ། །ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། དེ་རྣམས་ཀྱི་དཀྱིལ་འཁོར་ནི་སྐུ་ལ་སོགས་པའི་དཀྱིལ་འཁོར་གསུམ་པོ་དེ་བཞིན་དུ་རྡོ་རྗེ་ནི་དཀྱིལ་འཁོར་དེ་རྣམས་ལ ་ཞུགས་པའི་སློབ་མ་སྟེ། དེའི་མངོན་པར་བྱང་ཆུབ་པ་ནི་རིག་པའི་རྟུལ་ཞུགས་མཐར་ཡོད་པའི་དབང་བསྐུར་བས་བྱང་ཆུབ་ཐོབ་པ་ལེའུ་གང་ལ་ཡོད་པ་དེ་སྟོན་པར་བྱེད་པའི་གཞུང་གིས་ཚོགས་ཀྱང་དེ་བཞིན་དུ་བཤད་པའོ། །རྒྱུད་འགྲེལ་ལས་ལེའུ ་བཅུ་དྲུག་པའི་ཚིག་གི་དོན་བཅུ་དྲུག་གི་བཤད་པའོ། །ལེའུ་བཅུ་དྲུག་པའི་ཚིགས་སུ་བཅད་བའི་གྲངས་ནི་དྲུག་བརྒྱ་བཅུའོ།། །།རིག་པའི་བརྟུལ་ཞུགས་ཐོབ་པའི་རྣལ་འབྱོར་པ་རྣམས་ཀྱིས་དམ་ཚིག་དང་སྡོམ་པ་མེད་པས་རྡོ ་རྗེ་འཆང་ཆེན་པོའི་གོ་འཕང་མི་འཐོབ་སྟེ། དེའི་དོན་དུ་ལེའུ་བཅུ་བདུན་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་སྟེ། དེ་རྣམས་ཡང་འདུས་ནས ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་འཆང་ཆེན་པོ་ལ་འདི་སྐད་གསོལ་བ་བཏབ་པ་ནི་བསྟོད་པ་མཛད་པ་སྟེ། ལས་ཀྱི་རྒྱལ་བ་མཆོག་གོ། ཡང་ན་དེ་བཞིན་གཤེགས་པ་ཐམས་ཅད་ནི་བདུད་རྩི་ལྡ་འམ་ལྕགས་གྱུ ་རྣམས་ཏེ། དེ་དག་འདུས་པ་ནི་གཅིག་ཏུ་གྱུར་པ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་གྱུར་ཅིང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ནི་ཡི་གེ་གསུམ་སྟེ། དེ་ཉིད་ཀྱིས་དེ་བཞིན་གཤེགས་པ་ནི་སྦྱང་བ་ལ་སོགས་པས་རིམ ་པས་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་དུ་གྱུར་ནས། གསོལ་པ་གདབ་པ་ནི་སྤྱོད་པར་བྱ་སྟེ་སྒྲུབ་པའོ། །གསོལ་བ་གདབ་པ་དེ་ཉིད་བཤད་པར་བྱ་པའི་ཕྱིར། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཀྱི་དབྱིངས་ཀྱི་ཡེ ་ཤེས་རྣམ་པར་ངག་པས་མི་གཡོ་བའི་རང་བཞིན་ཡིན་པའི་ཕྱིར། མི་བསྐྱོད་རྡོ་རྗེའོ། །ཡེ་ཤེས་ཀྱི་མཆོག་ཡིན་པའི་ཕྱིར་ཡེ་ཤེས་ཆེའོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་དག་འཛིན་པས་ནི་རྡོ་རྗེ་དབྱིངས་སོ། །རྣམ་པར་ཤེས་པའི ་ཕུང་པོ་རྣམ་པར་དག་པས་ནམ་མཁའ་ཆེའོ། །དཀྱིལ་འཁོར་གསུམ་ནི་སྐུ་ལ་སོགས་པའི་དཀྱིལ་འཁོར་རྣམས་ཏེ། དེ་དག་གི་རྡོ་རྗེ་གསུམ་ནི་བདག་པོ་རྣམས་ཏེ་དེ་དག་གི་མཆོག་གོ། དེ་ལྟ་བུའི་བཅོམ་ལྡན་འདས ་དབྱངས་ནི་གསུངས་ཤིག་པའོ། །ཕྱག་བཙལ?་བ་ནི་ཁྱོད་ལ་ཕྱག་འཚལ་ལོ། །ཁྱད་པར་དུ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་སྣང་བས་ན་རྣམ་པར་སྣང་མཛད་དོ། །ཆེ་བ་ནི་ནད་ཀྱིས་གཟུང་བ་རྣམས་ལ་ཞི་བར་མཛད་པས་ན་དག་པ་ཆེའོ། །རྡོ་རྗེའི ་ནང་དུ་ཞི་བ་ནི་ཞི་བའི་རང་བཞིན་ནོ། །ཆེ་བ་ནི་སའི་ཁམས་རྣམ་པར་སྦྱད་པའི་ཕྱིར་དག་པ་ཆེའོ། །རང་བཞིན་འོད་གསལ་བ་ནི་རང་བཞིན་གྱིས་དག་པའི་ཆོས་སྟོན་པ་ནི་གསུངས་ཤིག་པའོ། །ནམ་མཁའ་ཨི་མཛོད་ཀྱིས་བསམ་པ་ཐམས་ཅད ་རྫོགས་པར་མཛད་པའི་ཕྱིར་ཡིད་བཞིན་ནོར་བུ་དང་འདྲ་བས་ན་རིན་ཆེན་རྒྱལ་པོའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་རབ་ཏུ་ཟབ་པའོ། །རྡོ་རྗེ་ནམ་མཁའ་ཨི་ཁམས་རྣམ་པར་དག་པས་ནམ་མཁའ་བཞིན་དུ་དྲི་མེད་ནི ་དག་པའོ། །རྒྱས་པ་ནི་མཛོད་པའི་ཕྱིར་རང་བཞིན་དག་པའོ། །ང་རྒྱལ་གྱི་འདམ་གྱིས་མི་གོས་པའི་ཕྱིར་གོས་པ་མེད་པའོ། །གསང་བ་ནི་གསུངས་ཤིག་པའོ། །རྡོ་རྗེ་བདུད་རྩི་ནི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ནོ། །ཆེ་བ་ནི་མེའི་ཁམས ་ཏེ་དེའི་རྣམ་པར་དག་པས་མཛེས་པས་ན་རྒྱལ་པོ་ཆེའོ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་རྣམ་པར་མི་རྟོག་པའོ། །ནམ་མཁའ་ཨི་རྡོ་རྗེ་ནི་རྩ་ཟླ་བ་མ་སྟེ། དེ་འཛིན་པ་ནི་ཚིམ་པར་བྱེད་པས་ན་ནམ་མཁའ་ཨི་རྡོ་རྗེ་འཛིན་ནོ།། འདོད ་ཆགས་ནི་འདོད་ཆགས་སྤང་པས་འཁོར་པ་རྣམས་འཁོར་བ་ལས་ཕ་རོལ་ཏུ་ཕྱིན་པར་མཛད་པས་ན་འདོད་ཆགས་ཕ་རོལ་ཏུ་ཕྱིན་པ་བརྙེས་སོ། །རྡོ་རྗེ་ནི་དམ་ཚིག་གསུང་བ་ནི་བཤད་དུ་གསོལ་ཅིག་པའོ། །དོན་ཐམས་ཅད་སྒྲུབ་པའི ་འབྲས་བུ་དང་ལྡན་པའི་ཕྱིར་དོན་ཡོད་རྡོ་རྗེའོ། །ཕྲག་དོག་རྣམ་པར་དག་པའི་ཕྱིར་དག་པའོ། །བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་ཀྱིས་འགྲོ་བ་ཐམས་ཅད་ཀྱི་བསམ་པ་ཐམས་ཅད་རྫོགས་པར་བཛད་པས་ན་བསམ་པ་ཐམས་ཅད་རྫོགས་པར་མཛད ་པའོ། །དག་པའི་ངོ་བོ་ཉིད་ནི་དམ་ཚིག་རྣམ་པར་སྦྱང་བའི་སླར་ཡང་རང་གི་དམ་ཚིག་ལ། བཞག་པའི་ཕྱིར་དག་པའི་ངོ་བོ་ཉིད་ལས་བྱུང་བའོ། །ཀུན་གྱི་བདག་ཉིད་ཡིན་པའི་ཕྱིར་རྡོ་རྗེ་སེམས་དཔའ་ཨོ། །ཕྱག་འཚལ་བ་ནི་ཁྱོད་ལ་ཕྱག་འཚལ་ལོ་ཞེས་དང ་སྦྱར་རོ། །སངས་རྒྱས་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་ལ། བསྟོད་པའི་ཚིག་ལྔ་པོ་འདི་རྣམས་ཀྱིས་གང་ཡང་རུང་བའི་སྒྲུབ་པ་པོས་རྡོ་རྗེ་ལོངས་སྤྱོད་ནི་དེ་བཞིན་གཤེགས་པ་རྣམས་བསྟོད་ན། སྒྲུབ་པ་པོས་ཡང་སངས་རྒྱས་འདྲ་བར་འགྱུར་བ་ནི་རྡོ་རྗེ ་འཆང་ཆེན་པོ་དང་འདྲ་བར་འགྱུར་རོ། །བསྟོད་པའི་ཚིག་ཇི་ལྟ་བུ་ཞེ་ན། ཞི་བ་ནི་བླ་ན་མེད་པའི་གོ་འཕང་ཐོབ་པར་བྱེད་པ་དང། སངས་རྒྱས་ཀུན་གྱིས་བསྐུལ་བ་ནི་མི་བསྐྱོད་པ་ལ་སོགས་པ་གསུངས་པའོ། །འདིས་ནི་འདི་བཤད་པ་ཡིན་ཏེ། བསྟོད ་པ་ཙམ་གྱིས་རྡོ་རྗེ་འཆང་དང་འདྲ་བར་གྱུར་པ་སྟེ། དོན་དཔྱད་པ་དང་བསྒོམ་པའི་སྒོ་ནས་སྨོས་ཅི་དགོས་ཞེས་བསྟོད་པའི་ཕན་ཡོན་བསྟན་པ་སྟེ། བསྐྱེད་པ་དང་རྫོགས་པའི་རིམ་པ་དག་གོ། ཡང་མི་བསྐྱོད་རྡོ་རྗེ་ནི་ཡི་གེ་ཧཱུཾ་དང། ཡེ་ཤེས་ཆེ་ནི་ཡི ་གེ་ཨཱ:དང། རྡོ་རྗེ་དབྱིངས་ནི་ཡི་གེ་ཨོཾ་དང་དེ་རྣམས་ཀྱི་འཇུག་པ་ལ་སོགས་པའི་རིམ་པས། ཆེ་བ་ནི་འོད་གསལ་བ་རྟོགས་པས་མངོན་དུ་བྱེད་པས་ན་མཁས་པ་ཆེའོ། །དཀྱིལ་འཁོར་གསུམ་ནི་སྲོག་དང་རྩོལ་བ་དང་མེ་དང་མཉམ་པ་རྣམས་སོ།། ་དེ་དག་གི་རྡོ་རྗེ་གསུམ་ནི་དེ་བཞིན་གཤེགས་པ་གསུམ་དམིགས་པ་སྟེ། དེས་མཆོག་ནི་བྱང་ཆུབ་ཐོབ་པ་སྟེ། དེ་ལྟ་བུའི་རྡོ་རྗེ་ནི་རྡོ་རྗེ་བཟླས་པ་གསུངས་པ་སྟེ། བཟླས་པའི་རིམ་པའོ། །རྣམ་པར་སྣང་མཛད་ནི་སྣང་བའི་ཡེ་ཤེས་དང། དག་བ་ཆེ ་ནི་སྣང་བ་མཆེད་པའི་ཡེ་ཤེས་དང། རྡོ་རྗེ་ཞི་བ་ནི་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་ཏེ། ཆེ་བ་དེ་རྣམས་དགའ་བ་ནི་མི་སྣང་བར་བྱེད་པའོ། །དེ་བཞིན་དུ་རང་བཞིན་ནི་འདོད་ཆགས་ལ་སོགས་པའི་བརྒྱ་དྲུག་ཅུའི་རང་བཞིན་རྣམ ་པར་དག་པའི་ཕྱིར་འོད་གསལ་བའོ། །ཆོས་ནི་ཆོས་ཉིད་སྟོན་པ་ནི་གསུངས་ཤིག་པའོ། །ཇི་ལྟ་བུ་ཞེ་ན། རྡོ་རྗེ་ནི་རྡོ་རྗེ་བཞིན་དུ་མི་ཕྱེད་པ་སྟེ། སེམས་རྣམ་པར་དག་པའི་རིམ་པའོ། །བསམ་པ་ཐམས་ཅད་རྫོགས་པར་མཛད་པའི་ཕྱིར་རིན ་ཆེན་དང། མཚན་དང་དཔེ་བྱང་རྣམས་ཀྱིས་མཛེས?་པའི་ཕྱིར་རྒྱལ་པོ་དང། ཤིན་ཏུ་ཟབ་པའི་འོད་གསལ་བ་ལས་གཞེས་པའི་ཕྱིར་རབ་ཏུ་ཟབ་པའོ། །རྡོ་རྗེ་ནམ་མཁའ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཏེ། དེ་དང་ལྡན་པའི་ཕྱིར་རྡོ་རྗེ་ནམ་མཁའ་དང ་ནམ་མཁའ་ཨི་འཇའ་ཚོན་དང་འདྲ་བས་རྡོ་རྗེ་ནམ་མཁའ་ཨོ།། ནམ་མཁའ་བཞིན་དུ་རུས་པ་དང་ཤ་ལ་སོགས་པ་དང་བྲལ་བའི་ཕྱིར་དྲི་མ་མེད་པ་སྟེ། ཡེ་ཤེས་ཀྱི་སྐུའི་རང་བཞིན་ནོ། །དེའི་ཕྱིར་སྒྱུ་མའི་དཔེ་བཅུ་གཉིས་ཀྱི་རང་བཞིན་དུ་ཁམས་གསུམ ་བ་གཟིགས་པའི་ཕྱིར་རང་བཞིན་དག་པ་དང། དེའི་བག་ཆགས་ཀྱིས་འགྲོ་བའི་དོན་མཛད་པས་ན་གོས་པ་མེད་པའོ། །དེ་ལྟ་བུའི་གསང་བ་བཤད་དུ་གསོལ་གཅིག་པ་སྟེ། བདག་ལ་བྱིན་གྱིས་བརླབས་པའི་རིམ་པའོ། །རྡོ་རྗེ་ནི་འདོད ་ཆགས་དང། བདུད་རྩི་ནི་འདོད་ཆགས་པར་པ་དང། རྒྱལ་པོ་ཆེ་ནི་འདོད་ཆགས་དང་བྲལ་བ་སྟེ། དེ་རྣམས་ཀྱིས་རྣམ་པར་རྟོག་པ་ནི་འདོད་ཆགས་ལ་སོགས་པ་དེ་རྣམས་དང་བྲལ་བའི་དེ་ཁོ་ན་ཉིད་དོ། །དེ་ཉིད་ནམ་མཁའ་དང་འདྲ་བས ་ནམ་མཁའ་དང། རྡོ་རྗེ་བཞིན་དུ་མི་ཕྱེད་པ་འཛིན་པ་?་ནམ་མཁའ་རྡོ་རྗེ་འཛིན་ནོ། །འདོད་ཆགས་ནི་དུས་མཚམས་དད་མཚན་མོ་དང་ཉིན་མོ་རྣམས་ཏེ། དེ་རྣམས་ཕྱི་དང་ནང་གི་མངོན་པར་བྱང་ཆུབ་པའི་རིམ་པས་མཚན་མ་ཉེ་བར་མཚོན ་པའི་ཕྱིར། ཕ་རོལ་ཕྱིན་པ་ནི་བཞི་པའི་སྐད་ཅིག་མ་མངོན་དུ་མཛད་པ་སྟེ། འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས་པའོ། །དེ་ལྟ་བུའི་རྡོ་རྗེ་ནི་མངོན་པར་བྱང་ཆུབ་པ་གསུམ་པ་ནི་བཀའ་སྩོལ་ཅིག་པ་སྟེ། མངོན་པར་བྱང་ཆུབ་པའི་རིམ་པའོ། །མི་གནས་པའི ་མྱ་ངན་ལས་འདས་པ་ལ་ཞུགས་པའི་ཕྱིར་དོན་ཡོད་རྡོ་རྗེ་དང། ཀུན་རྫོབ་དང་དོན་དམ་པ་དག་གཅིག་ཏུ་མཛད་པའི་ཕྱིར་དག་པའོ། །བསམ་པ་ཐམས་ཅད་ནི་འཇིག་རྟེན་གྱི་ཆོས་རྣམས་ཏེ། དེ་དག་བྱེ་བྲག་མེད་པས་རྫོགས་མཛད་པ་ནི་མཁྱེན ་པས་ན་བསམ་པ་ཐམས་ཅད་རྫོགས་མཛད་པའོ། །དེ་བཞིན་དུ་དག་པ་ངོ་བོ་ཉིད་ནི་གཙང་བ་ལ་སོགས་པའི་དངོས་པོ་རྣམས་ཏེ། དེ་དག་བྱུང་བ་ནི་བྱེ་བྲག་མེད་པས་མཁྱེན་པས་ན་དག་པ་ངོ་བོ་ཉིད་ལས་འབྱུང་པའོ། །དེ་ཉིད་ཀྱི་ཕྱིར་དྲུག་པ་ཡིན་པས ་རྡོ་རྗེ་སེམས་དཔའ་སྟེ། དེ་ལ་ཕྱག་འཚལ་བ་ནི་དེའི་བདག་ཉིད་དུ་རྗེས་སུ་ཞུགས་པར་བྱ་བ་སྟེ། ཟུང་འཇུག་གི་རིམ་པའོ། །དེ་ལྟ་བུའི་བསྟོད་པའི་ཚིག་རྣམས་ཀྱིས་གང་གིས་བསྟོད་པ་དེ་ཡང་རྡོ་རྗེ་འཆང་དང་འདྲ་བར་འགྱུར་རོ། །རབ་ཏུ་བྱེད ་པ་ལས་ཀྱང་ཁྱོད་ལ་ཕྱག་འཚལ་འདུད་ཞེས་པ་ལ་སོགས་པ་འབྱུང་ངོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་བ་བཏབ་མ་ཐག་ཏུ་རྡོ་རྗེ་འཆང་གིས་བཀའ་སྩལ་པ་སྟེ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ནི་དེའི་འོག་ཏུའོ།། ་རྡོ་རྗེ་ནི་མི?་བྱེད་པའི་དམ་ཚིག་སྟེ་།དེ་འཛིན་པས་རྡོ་རྗེ་འཛིན་ནོ། །ལམ་དེ་ཉིད་ཀྱིས་གདུལ་བྱ་རྣམས་འདུལ་བར་མཛད་པས་ན་སྟོན་པའོ། །སངས་རྒྱས་ཀུན་ནི་སྣ་ཚོགས་པའི་མོས་པ་དང་ལྡན་པའི་བསྒྲུབ་བྱ་རྣམས་ཏེ། དེ་དག་རྗེས་མཐུན ་པའི་ལམ་རྣམས་ཀྱིས་རྗེས་སུ་བརྩེ་བ་ནི་རྗེས་སུ་གཟུང་བར་མཛད་ནས་སངས་རྒྱས་ཀུན་ལ་རྗེས་བརྩེ་བའོ། །རྡོ་རྗེ་གསང་བ་ནི་བསྲུང་བར་བྱ་བ་དང། བཟའ་བར་བྱ་བའི་དམ་ཚིག་རྣམས་ཏེ། དེ་དག་གི་གསུང་ནི་དེ་སྟོན་པར་བྱེད་པའི་ཚིག་གོ། ཇི་ལྟ་བུ ་ཞེ་ན། ངག་པ་ནི་རྣམ་པར་དག་པ་ཐོབ་པར་བྱེད་པའི་ཕྱིར་རོ། །དེ་ལྟ་བུའི་རྡོ་རྗེ་གསུང་ནི་བསྟན་པའི་གསུང་རྡོ་རྗེ་འཛིན་གྱིས་བཀའ་སྩལ་པ་སྟེ། སྡུད་པ་པོའི་ཚིགས་སུ་བཅད་པ་འདི་ནི་བསྒྲུབ་པའོ། །ེ་མའོ་ཞེས་བྱ་བ་ལ་སོགས ་པས་དམ་ཚིག་གསུང་གི་གོང་དུ་ཆོས་ཉིད་བཀའ་སྩལ་པ་སྟེ་།ཀྱེ་དེ་བཞིན་གཤེགས་པ་རྣམས་སངས་རྒྱས་ཐམས་ཅད་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དེ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན། དེ་རྣམས་ཀྱི་མི་འགྱུར་ཆེ་ནི་མི་གཡོ་བའི་ཆོས་ཉིད ་དོ། །གང་གི་ཕྱིར་འཇིག་རྟེན་དང་འགལ་བའི་དམ་ཚིག་གི་སྒོ་ནས་རང་བཞིན་འོད་གསལ་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་སྟེ། དེ་ཉིད་ཡོངས་སུ་དག་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བྲལ་པ་དང། ནམ་མཁའ་ཨི་དབྱིངས་བཞིན་དུ་དྲི་མ་མེད་པ་ནི་ཡེ ་ཤེས་ཀྱི་སྐུ་ཐོབ་པར་འགྱུར་བ་སྟེ་།དེ་ནི་ངོ་མཚར་བ་སྟེ། སྒྲུབ་པ་དང་རྫོགས་པའི་རིམ་པ་དང། བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་རྣམས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཕྱག་ན་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོས་སངས་རྒྱས་ཐམས་ཅད ་ཀྱི་སྐུ་རྡོ་རྗེ་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཏེ། དེ་དག་གི་དམ་ཚིག་ནི་བསྲུང་བར་བྱ་བ་དང། བཟའ་བར་བྱ་བའི་མཚན་ཉིད་ཅན་ཏེ། དེ་ཉིད་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་ལ། ཕྱུང་བ་ནི་གསུངས་སོ། །སངས་རྒྱས་ཞེས ་བྱ་བ་ལ་སོགས་པ་ལ། དམ་ཚིག་བཞི་ནི། ལེའུ་ལྔ་པ་ལས་གསུངས་པ་སྟེ། རིགས་ཐམས་ཅད་ཀྱི་ཐུན་མོང་ཡིན་ནོ། །ཁྱད་པར་ནི་ཤ་ཆེན་གྱིས་ཉེ་བར་མཚོན་པ་སྟེ། དོན་ཡོད་གྲུབ་པའི་དམ་ཚིག་ནང་དུ་འགྲོ་བས་བསྲུང་པར་བྱ་བ་དང་བཟའ་ ་བར་བྱ་བའོ། །གང་གིས་ཞེ་ན། སངས་རྒྱས་ནི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་སོ། །ཇི་ལྟ་བུ་ཞེ་ན། ཡེ་ཤེས་རྒྱ་མཚོ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ?་མོས་པ་དང་ལྡན་པ་དེ་རྣམས་ཀྱིས། འདི་མཆོག་ནི་དམ་ཚིག་གི་ནན་ཏན ་བྱའོ་ཞེས་སྟོན་ཏོ། །དེ་ནS་ཞེས་བྱ་བ་ལ་སོགས་པ་ལ། ཕྱག་ན་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོས་གསུངས་གི་རྡོ་རྗེའི་དམ་ཚིག་ནི་གསུང་གི་རིགས་ཀྱི་དམ་ཚིག་ཉིད་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །དམ་ཚིག་བཞི་པོས་ཞེས་བྱ་བ་ལ་སོགས་པ་ལ། དམ ་ཚིག་བཞི་པོ་ནི་སྲོག་གཅོད་པ་ལ་སོགས་པ་དང། ཁྱད་པར་ནི་བཤད་གཅི་སྟེ། རྣམ་པར་སྣང་མཛད་དེ་མི་བསྐྱོད་པའི་དམ་ཚིག་གོ། དེ་དག་གསུང་གི་རྡོ་རྗེ་ཡི་གེ་ཆེ་ནི་སྣང་བ་མཛའ་ཡས་ཀྱི་རྣལ་འབྱོར་པས་ནན་ཏན་དུ་བྱའོ།། འདི་ནི་གསང་བ་ཞེས་པ་ནི ་བྱ་བ་ལ་སོགས་པའི་ཚུལ་ལ་གསོས་པ་རྣམས་ལ་བསྟན་པར་མི་བྱའོ། །རྨད་བྱུང་ཆེ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཐོབ་པར་བྱེད་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཕྱག་ན་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོས་རྡོ་རྗེ་འཛིན་ཐམས་ཅད་ནི་མི ་བསྐྱོད་པའི་རྣལ་འབྱོར་པ་རྣམས་ཀྱི་དམ་ཚིག་ཉིད་ཀྱི་སྐུ་ལ་སོགས་པ་ལས་བྱུང་སྟེ་གསུངས་སོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ། དམ་ཚིག་བཞི་པོས་བཤད་ཟིན་ཏོ། །ཁྲག་དང་ཤུཀྲ་ནི་རིན་ཆེན་འབྱུང་ལྡན་དང་སྣང་བ་མཛའ་ ་ཡས་ཀྱི་དམ་ཚིག་གོ། དེ་དག་རྡོ་རྗེ་སེམས་དཔའ་རྫུ་འཕྲུལ་ཆེ་ནི་མི་བསྐྱོད་པའི་རྣལ་འབྱོར་པ་རྣམས་ཀྱིས་བསྲུང་བར་བྱ་བ་དང་བཟའ་བར་བྱའོ། །བརྟུལ་ཞུགས་བརྟན་པ་ནི་བརྟུལ་ཞུགས་སྤྱོད་པས་སོ། །ཉེ་བར་བསྡུ་བ་བཤད་པར་བྱ་སྟེ། སྐུ་གསུང ་ཐུགས་ཞེས་བྱ་བ་ལ་སོགས་པ་ལ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་དེ་བཞིན་གཤེགས་པ་གཉིས་ནང་དུ་བསྡུས་པས་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་གསུམ་གྱི་དམ་ཚིག་འདི་ནི་བསྲུང་བར་བྱ་བ་དང་བཟའ་བར་བྱ་བའི་དམ་ཚིག ་ཡིན་ནོ། །ཇི་ལྟ་བུ་ཞེ་ན། རྨད་པ་ཆེ་ནི་ཡེ་ཤེས་ཐོབ་པའི་རྒྱུར་གྱུར་པའོ། །དེ་བཞིན་དུ་སངས་རྒྱས་ཀུན་ནི་ཕུང་པོ་ལ་སོགས་པ་སྟེ། དེ་དག་གི་རྒས་པ་ལ་སོགས་པའི་སྐྱོན་ཟད་པར་བྱེད་པའི་ཕྱིར་རྟག་པའོ། །དེ་ལྟ་བུའི་དམ་ཚིག་རྡོ་རྗེ་ནི་རྣམ་པར ་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཡང་དག་པར་བླངས་ཤིང་བསྲུང་པར་བྱ་བ་ནི་བརྟེན་པར་བྱའོ། །ཕན་ཡོན་བཤད་པར་བྱ་སྟེ། གང་ཞིག་ཅེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་པ་གང་གིས་དམ་ཚིག ་འདི་བསྲུངས་ན་དེ་ནི་རྣམ་པར་མི་རྟོག་པའི་གོ་འཕང་ཐོབ་ཅིང་ལུས་ངག་ཡིད་རིམ་གྱིས་སྦྱངས་ཏེ་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་ཉིད་ཐོབ་པར་འགྱུར་ཏེ། དབུགས་དབྱུང་བ་གཉིས་རྙེད་པར་འགྱུར་རོ་ཞེས་སྟོན་ཏེ། ཟབ་པ་དང་རྒྱ་ཆེ་བའི་ཚུལ་ལ་མེས ་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམ་ཚིག་དེ་ཡིན་ཏེ་སྒྲུབ་པའོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་རང་སངས་རྒྱས་ཀྱི་དམ་ཚིག་བཤད་པར་བྱ་སྟེ། གཟུང་བ་དང་འཛིན་པ་དག་ཕན་ཚུན་གཅིག་དང་དུ་མ་དང་བྲལ་བའི་ཕྱིར། བྱང ་ཆུབ་སེམས་དཔའ་རྣམས་ཀྱིས་མེད་པ་ཁས་བླངས་པ་བཞིན་དུ་དེའི་ཆོས་དང་ལྡན་པའི་ཆོས་ཐམས་ཅད་སེམས་ཅན་རྣམས་ལ་སྟོན་པ་བྱེད་དེ། རང་སངས་རྒྱས་རྣམས་ནི་ཕྱི་རོལ་གྱི་དོན་འདོད་པ་མ་ཡིན་ཏེ། ཤེས་པ་ཉིད་ནི་རྣམ་པ་དང ་བཅས་པ་དོན་གྱི་ཚུལ་དུ་སྣང་བ་སྟེ། དེ་པས་ན་དེ་དག་རྣམ་པ་དང་བཅས་པའི་རྣམ་པར་ཤེས་པ་སྣང་བ་ཡིན་ནོ། །དེ་བཙམ་ལ་གནས་པ་དེ་རྣམས་ཆོས་ཀྱི་སྐུ་མངོན་དུ་བྱེད་པས་ངག་གིས་སྟོན་པ་མི་བྱེད་ཀྱི། འོན་ཀྱང་འབར་བ་དང་སྣང་བ་ལ་སོགས ་པས་རྫུ་འཕྲུལ་བསྟན་པས་སེམས་ཅན་འདུལ་བར་བྱེད་དེ། གང་གི་ཕྱིར་བསྟན་པ་ནི་བཅོམ་ལྡན་འདས་ཀྱིས་བསྟན་པ་གསུམ་གསུམ་གསུངས་པ་སྐུ་དང་གསུང་དང་ཐུགས་ཀྱིའོ། །ཉན་ཐོས་པ་རྣམས་ཀྱིས་རང་གི་དོན་ལ་ཞེས་པས་གསུམ་མེད ་དེ། གང་གི་ཕྱིར་དེ་རྣམས་ནི་བརྟུལ་ཞུགས་དང་སྦྱངས་པ་ཡོན་ཏན་དང་ལྡན་པ་བདག་ངལ་བ་ཉིད་དུ་གོམས་ཤིང། འགོག་པ་དང་འདུ་ཤེས་མེད་པའི་སྙོམས་པར་ཞུགས་པ་ཐོབ་པོ། །ལུས་ཀྱིས་སྟོན་པ་ནི་རང་སངས་རྒྱས་ཀྱིའོ། །ངག་གིས་སྟོན་པ ་ནི་བྱང་ཆུབ་སེམས་དཔའ་ཨིའོ། །སྐུ་དང་གསུང་དང་ཐུགས་ཀྱིས་སྟོན་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིའོ། །དཔེར་ན་དེ་རྣམས་ཀྱི་སྐུའི་སྟོན་པ་ནི་སྤྲུལ་པའི་སྐུ་སྤྲོས་ཏེ་འགྲོ་བའི་དོན་མཛད་པ་དང། གསུང་གི་སྟོན་པ་ནི་ཡན་ལག་དྲུག་ཅུ་དང་ལྡན ་པའི་གསུང་གིས་ཆོས་སྟོན་པར་མཛད་པ་དང། ཐུགས་ཀྱི་སྟོན་པ་ནི་ཞགས་པ་དང། ལྕགས་ཀྱུ་ལ་སོགས་པ་འཛིན་པའི་ཁྲོ་བོ་ལ་བཀའ་སྩལ་པས་ལྷ་ལ་སོགས་པའི་སྙིང་པོ་རྗེས་སུ་ཞུགས་པས་དྲག་ཤུལ་གྱིས་དགུག་པར་མཛད་ཅིང་དེ་རྣམས ་འདུལ་བར་མཛད་པའོ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་གྱི་རྒྱུད་ལས་ཀྱང། འདོད་པ་ཅན་ལ་འདོད་ལྷ་དང། དྲག་པོ་རྣམས་ལ་དྲག་པོའི་མཆོག། ཞི་བ་རྣམས་ལ་ཞི་མཆོག་དང། །དྲག་ཤུལ་རྣམས་ལ་དྲག་ཤུལ་ཚུལ། །དབང་ཕྱུག་ཆེན་པོ ་མནན་ནས་ནི། །སྐྱོན་མེད་སྟོབས་ཀྱིས་ཅིག་ཆར་དུ། །ལྷ་མོ་ཨུ་མ་བཀུག་ནས་ནི། །རང་ལོངས་སྤྱོད་ཀྱིས་དེ་ཉིད་སྤྱོད། །ཁྱབ་འཇུག་ཡང་དག་མནན་ནས་ནི། །སྐྱོན་མེད་སྟོབས་ཀྱིས་ཅིག་ཅར་དུ། །ལྷ་མོ་དྲག་མིན་བཀུག་ནས་ནི། །དེ་ཉིད་རང ་ལོངས་སྤྱོད་ཀྱིས་སྤྱོད། །སྐྱེ་དགུའི་བདག་པོ་མནན་ནས་ནི། །སྐྱོན་མེད་སྟོབས་ཀྱིས་ཅིག་ཅར་དུ། །ཞི་བའི་ལྷ་མོས་བཀུག་ནས་ནི། །དེ་ཉིད་རང་ལོངས་སྤྱོད་ཀྱིས་སྤྱོད། །འདོད་པའི་ལྷ་ཉིད་མནན་ནས་ནི། །སྐྱོན་མེད་སྟོབས་ཀྱིས་ཅིག་ཆར་དུ། །དགའ་ ་དང་བདེ་མ་བཀུག་ནས་ནི། །དེ་ཉིད་རང་ལོངས་སྤྱོད་ཀྱིས་སྤྱོད?། །དེ་ལ་སོགས་པ་མཛའ་ཡས་མཆོག། ཆོས་ཀྱི་དབྱིངས་དང་མཉམ་མ་མི་མཉམ། །ནམ་མཁའ་ཨི་དབྱིངས་ཀྱིས་མཛའ་ཅན་ཏེ། །རྡོ་རྗེ་ལས་ཀྱི་མཆོག་གིས་གནོན་ཞེས་བྱ་བ་ལ་སོགས་པ ་གསུངས་སོ།། སྤྱོད་ལམ་གྱིས་བཞུགས་པ་ནི་སྐུའི་སྟོན་པ་དང། བསྟན་པའི་བཞུགས་པ་ནི་གསུང་གི་སྟོན་པ་དང། ཏིང་ངེ་འཛིན་གྱིས་བཞུགས་པ་དང་སོ་སོ་ཡང་དག་པར་བཞུགས་པའི་བཞུགས་པ་ནི་ཐུགས་ཀྱི་སྟོན་པ་སྟེ། ཡང་དག་པར་རྫོགས་པའི ་སངས་རྒྱས་ཀྱི་རིམ་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རང་སངས་རྒྱས་ཀྱི་རིགས་ཅན་གྱི་རྣལ་འབྱོར་པ་དེ་རྣམས་ཀྱིས་ལུས་སྟོན་པའོ། །དེ་ཇི་ལྟ་བུ་ཞེ་ན། རྡོ་རྗེ་སྐུ་ནི་ལྷ་ཡི་སྟེ། དེ་ལ་རབ་ཏུ་གནས་པའོ། །དཔེར་ན་སྙིང་གར་ཟླ་བའི ་རྡོ་རྗེ་ལས་འོད་ཟེར་འཁོར་ལོ་སྤྲོས་ཏེ། དེ་ཉིད་ཀྱིས་རང་གི་ལུས་གསལ་བར་བྱས་ལ། ནམ་མཁའ་ཨི་ཁམས་ཀྱང་གསལ་བར་བྱའོ། །དེ་ཉིད་ཀྱི་སེམས་ཅན་གཟུང་བ་ནི་འོད་ཟེར་སྤྲོ་བས་སེམས་རྣམས་སྦྱར་བར་བྱས་ལ། དེའི་མཐུས་དེ་རྣམས་ལམ ་ལ་གནས་པར་འགྱུར་རོ། །དམ་ཚིག་མཆོག་ཏུ་བརྟག་པ་ནི་འབྲས་བུ་སྟེར་བར་བྱེད་པའོ་ཞེས་སྟོན་ཏེ། བསྐྱེད་པའི་རིམ་པ་དང་སྒྲུབ་པ་དག་གོ། དེ་ནས་ཞེས་བྱ་བ་ལ་སོགས་པས་ཉན་ཐོས་པའི་དམ་ཚིག་བཤད་པར་བྱ་སྟེ། ཕྱག་ན་རྡོ་རྗེ ་ནི་རྡོ་རྗེ་འཆང་ཆེན་པོའོ། །དགེ་བ་བཅུའི་ལས་ནི་སྲོག་གཅོད་པ་ལ་སོགས་པ་ལས་ལྡོག་པ་སྟེ། དེ་རྣམས་ཡེ་ཤེས་སྤངས་པ་རྣམས་ནི་དེ་ཁོ་ན་ཉིད་ལ་མ་ཞུགས་པ་རྣམས་ཏེ། ལས་དང་པོ་པ་དག་གིས་བྱེད་པ་ཡིན་ནོ། །དེ་ཉིད་ཀྱི་དམན་པར ་མོས་པ་ཐམས་ཅད་ནི་ཉན་ཐོས་པ་རྣམས་འཇུག་པའི་ཕྱིར། དམ་ཚིག་འདི་ནི་རྨད་པོ་ཆེ་ནི་དེའི་ལམ་གྱིས་དབང་བསྐུར་ཐོབ་ནས་རྡོ་རྗེ་འཆང་ཉིད་མངོན་དུ་བྱེད་པའོ། །དཔེར་ན་དཀྱིལ་འཁོར་ལ་སློབ་མ་ཞུགས་པར་བྱས་ལ་རིགས་ལྔའི་དམ ་ཚིག་གི་འོག་ཏུ་།ཁྱོད་ཀྱིས་སྲོག་ཆགས་བསད་མི་བྱ་ཞེས་བྱ་བ་ལ་སོགས་པས་སོ་སོར་ཐར་པའི་སྡོམ་པ་དང་འདྲ་བའི་བསླབ་པའི་གནས་ཉན་དུ་བཅུག་ན་སྔགས་ཀྱི་ཐེག་པ་ཆེན་པོ་ལ་དེ་རྣམས་ཀྱི་དད་པ་བསྐྱེད་ཅིང་དེ་ལ་ཞུགས་ཤིང་སྡོམ? ་པ་དང་བསམ་པ་དང་སྒོམ་པའི་རིམ་པས་ཉན་ཐོས་པའི་རིགས་ཅན་དེ་རྣམས་ཀྱིས་རྡོ་རྗེ་འཆང་ཆེན་པོ་ཉིད་ཐོབ་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པས། ཚངས་པ་ནི་སྐྱེ་དགུའི་བདག་པོའི་དམ་ཚིག་ཉིད་ཀྱི་སྐུ་ལ་སོགས་པ་ལས ་བྱུང་སྟེ། གསུངས་པའོ། །གཏི་མུག་ལམ་ནི་ཡི་གེ་ཨོཾ་གྱི་སྒོ་ནས་དེ་ནས་བྱིན་གྱིས་བརླབས་པའི་རྡོ་རྗེས། ལས་ནི་སྙོམས་པར་ཞུགས་པའི་མཚན་ཉིད་ཅན་བྱེད་པའོ། །ཇི་ལྟ་བུ་ཞེ་ན། འཇིགས་ཤིང་མི་སྡུག་པ་ནི་ཉན་ཐོས་པ་རྣམས་ལ་སྡོམ་པ་ཉམས ་པའི་འཇིགས་པར?་སྐྲག་པར་བྱེད་པ་ཡིན་ན་ཡང་སྔགས་པ་ལ་སངས་རྒྱས་བྱང་ཆུབ་ནི་རྣམ་པར་སྣང་མཛད་ཉིད་དེ་སྟོན་པ་ནི་སྟེར་བྱེད་པ་སྟེ། འགྲོ་བ་རྣམས་རྣམ་པར་སྣང་མཛད་ཀྱི་ཞིང་ལ་བཞག་ཅིང་སྐུ་རྡོ་རྗེ་འཛིན་ཉིད་ཐོབ་པར་འགྱུར་རོ། །འདིར་ནི ་མན་ངག་འདི་ཡིན་ཏེ། རང་གི་བདག་ཉིད་ཅིག་ཅར་དུ་རྣམ་པར་སྣང་མཛད་བསྒོམས་ལ། རང་གི་རིག་མའི་པདྨའི་ནང་དུ་ཡི་གེ་ཨོཾ་ལས་བྱུང་བ་མདོག་དཀར་པོ། །གདོང་བཞི་པ་དང་ལག་པ་བཞི་པ། ཞི་བའི་རང་བཞིན་རལ་པའི་ཅོད་པན་གྱིས་བརྒྱན ་པ། ལག་པ་བཞི་ལ་དབྱིག?་པ་དང་སྤྱི་གླུགས་དང། ཕྲེང་བ་དང་པདྨ་འཛིན་པ་དང་པའི་བསྟན་ལ་འདུག་པ་དང། ཞི་བའི་ལྷ་མོ་ཕར་པར་འཛིན་ཅིང་དེའི་ནུ་མ་རེག་པར་བྱེད་པའི་ཚངས་པ་བསྒོམས་ཏེ། དེ་ལ་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་གྱིས ་དབང་བསྐུར་གསོལ་ཞིང་ཡེ་ཤེས་ཀྱི་ལྷ་མོའི་ཞལ་ནས་སྤྲོས་ཏེ། དེའི་འོད་ཟེར་རྣམས་ཀྱིས་ཚངས་པས་གདུལ་བྱའི་གཏི་མུག་གི་རིགས་འཇིག་རྟེན་གྱི་ཁམས་ཆོས་བསྟན་པས་རྣམ་པར་སྣང་མཛད་ཀྱི་ཞིང་ལ་བཞག་ཅིང་སླར་ཡང་བསྡུས ་ཏེ། དེ་དབྱེར་མེད་པའི་བདག་ཉིད་བསྒོམ་པར་བྱ་སྟེ་།འདི་ཉིད་སྐུའི་རྡོ་རྗེ་ཉིད་དུ་གྱུར་པ་ནི་རང་དང་གཞན་རྣམས་རྣམ་པར་སྣང་མཛད་ཉིད་དུ་བྱེད་པའོ་ཞེས་སྟོན་ཏེ། བསྐྱེད་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས། དྲག་པོས་གདུལ ་བྱ་རྣམས་ལ་དྲག་པོའི་དམ་ཚིག་གསུངས་པའོ། །དེ་ལ་ཁམས་གསུམ་ལ་གནས་པའི་བུད་མེད་ཇི་སྲིད་ཡོད་པ་དེ་རྣམས་རྡོ་རྗེ་གསུམ་ལས་འབྱུང་བ་ནི་རི་དགས་མོ་དང། རྒོད་མ་དང། གླང་མོ་སྟེ་དབྱེ་བ་གསུམ་གྱིས་གནས་པ་གང་ཡིན ་པ་དེ་དག་རྣམ་པ་གསུམ་གྱི་ལོངས་སྤྱོད་ནི་ལུས་ངག་ཡིད་ཀྱི་ལོངས་སྤྱོད་ཀྱིས་མཉེས་པར་བྱའོ། །དམ་ཚིག་ནི་དྲག་པོ་ལ་མོས་པ་དང་ལྡན་པ་དང་འདོད་ཆགས་ཀྱི་རིགས་ཀྱི་སེམས་ཅན་རྣམས་ཀྱི་དམ་ཚིག་འདི་ཡིན་ནོ། །ཇི་ལྟ ་བུ་ཞེ་ན། རྨད་དུ་བྱུང་བ་ནི་སྣང་བ་མཛའ་ཡས་ཀྱི་གོ་འཕང་ཐོབ་པར་བྱེད་པའོ། །འདི་ཡང་མན་ངག་འདི་ཡིན་ཏེ། རེ་ཞིག་དང་པོ་རང་གི་བདག་ཉིད་ཅིག་ཅར་དུ་ངག་གི་དབང་ཕྱུག་བསམས་ལ། རང་གི་རིག་མའི་པདྨའི་ནང་དུ་ཡི་གེ་ཨ་ལས ་བྱུང་བའི་ཁ་དོག་དམར་པོ། །གདོང་གསུམ་ལག་པ་དྲུག་པ། ཁྱུ་མཆོག་ལ་གནས་པ། ལག་པ་གཡས་པ་དང་གཡོན་པ་ན་རྩེ་གསུམ་པ་དང་ཐོད་པ་འཛིན་པ་ལག་པ་ལྷག་མ་རྣམས་རྡོ་རྗེ་དང། འཁོར་ལོ་དང་རིན་པོ་ཆེ་དང་པདྨ་འཛིན ་པ། མགོ་བོ་ལ་ཟླ་བ་ཕྱེད་ཀྱིས་བརྒྱན་པ་དང། རལ་པའི་ཅོད་པན་དང་ལྡན་པ་སྒེག་པའི་རོ་དང་བཅས་པས་ཕང་པ་རུ་ལྷ་མོ་ཨུ་མ་འཛིན་ཅིང་དེའི་ནུ་མ་རེག་པར་བྱེད་པའི་དྲག་པོ་བསམས་ལ། དེ་ལ་སྔ་མ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཀྱི ་རྒྱུན་གྱི་དབང་བསྐུར་བ་གསོལ་ཞིང་སྤྲོས་ཏེ། དེས་གདུལ་བྱའི་འདོད་ཆགས་ཀྱི་རིགས་ཀྱི་སེམས་ཅན་གྱི་ཁམས་བསྟན་པ་དང། སྨིན་པ་ལ་སོགས་པས་རྣམ་པས་སྦྱངས་ལ་སྣང་བ་མཛའ་ཡས་ཀྱི་ཞིང་ལ་བཞག་ཅིང་ཁམས་གསུམ་ན་གནས ་པའི་བུད་མེད་ཐམས་ཅད་ལྷ་མོ་ཨུ་མ་ལ་ཐིམ་ཞིང་དེ་ཉེ་བར་སྤྱོད་ཅིང་དེ་རྣམས་སླར་ཡང་བསྡུས་ཏེ། རང་གི་བདག་ཉིད་དེ་རྣམས་དང་དབྱེར་མེད་པར་བསམས་ན། དེའི་ཚེ་གསུང་རྡོ་རྗེའི་དངོས་གྲུབ་རྙེད་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས ་པས་ཁྱབ་འཇུག་གི་དམ་ཚིག་གསུངས་པར་སྟེ། ཞེ་སྡང་གི་རིགས་ཀྱི་རྣལ་འབྱོར་པ་རྣམས་ཀྱི་དམ་ཚིག་འདི་ཡིན་ཏེ། ཁམས་གསུམ་ན་གནས་པའི་ཇི་སྙེད་སེམས་ཅན་གྱི་རིགས་ཡོད་པ་དེ་རྣམས་བསམ་གཏན་རྡོ་རྗེ་ནི་ཏིང་ངེ་འཛིན་གྱིས་བསང ་པར་བྱ་བ་ནི་ཉེ་བར་བསྡུ་བར་བྱའོ། །?་ན་ཁམས་གསུམ་ཡང་ཅིག་ཅར་དུའོ་ཞེས་ཁྱབ་འཇུག་གི་དམ་ཚིག་གོ། འདིར་ཡང་མན་ངག་འདི་ཡིན་ཏེ། རེ་ཞིག་དང་པོ་རང་གི་བདག་ཉིད་མི་བསྐྱོད་པར་བསམས་ལ། མཱ་མ་ཀཱིའི་པདྨའི་ནང་དུ་ཡི་གེ་ཧཱུཾ་ལས་བྱུང ་བ་ཁ་དོག་ལྗང་ཁུ། གདོང་གསུམ་པ་ལག་པ་བཞི་པ། གདོང་གཡས་པ་དང་གཡོན་པ་ནི་ཕན་དང་མི་དང་སེང་གེ་སྟེ། ལག་པ་བཞི་ལ་འཁོར་ལོ་དང་བེ་ཅོན་དང། དུད་དང་པདྨ་འཛིན་པ་ནམ་མཁའ་ལྡིང་ལ་གནས་པ། རལ་པའི་ཅོད་པན་གྱི་སྟེང་དུ་སྣ་ཚོཌ ་པའི་རིན་པོ་ཆེས་བྱས་པའི་རྒྱན་འཛིན་པ། ཕང་པ་གཡོན་པ་ལ་ལྷ་མོ་དཔལ་མོ་འཛིན་ཅིང་དེའི་ནུ་མ་རེག་པའི་སྦྱོར་བས་གནས་པའི་ཁྱབ་འཇུག་བསམས་ཏེ། སྔ་མ་བཞིན་དུ་དབང་བཀུར་ཞིང་ཕྱི་རོལ་ཏུ་སྤྲོས་ཏེ། ཞེ་སྡང་གི་རིགས་ཀྱི་སེམས ་ཅན་རྣམས་བསྟན་པ་དང། སྨིན་ལ་ལ་སོགས་པས་རྣམ་པར་སྦྱང་ཞིང་མངོན་པར་དགའ་བའི་སངས་རྒྱས་ཀྱི་ཞིང་ལ་བཞག་ཅིང་ཁམས་གསུམ་སྐྱེ་བོ་རྣམས་དང་བྲལ་ཞིང་སྟོན་པར་བལྟས་ལ་སླར་ཡང་བསྡུས་ཏེ། དེ་དང་དབྱེར་མེད་པའི་རང་གི ་བདག་ཉིད་བསྒོམ་པར་བྱའོ། །དེ་ཉིད་ཀྱི་ཕྱིར་སྐུའི་རྡོ་རྗེ་ཚངས་པར་གྱུར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྐྱེད་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་གནོད་སྦྱིན་མོའི་དམ་ཚིག་བཤད་པར་བྱའོ། །ཁྲག་དང་ཤ་ཞེས་བྱ ་པ་ལ་སོགས་པ་ལ། གནོད་སྦྱིན་མོའི་རྣམས་ནི་ཁྲག་དང་ཤ་ཟ་བ་དང། འདོད་ཆགས་ལ་དགའ་བ་སྟེ། དེ་རྣམས་རྡོ་རྗེ་ཆེན་པོ་ནི་རྣལ་འབྱོར་པས་དམ་ཚིག་དེ་རྣམས་ཉིད་ཀྱིས་མཉེས་པར་བྱ་སྟེ། དེ་ཡང་ལེའུ་བཅུ་དྲུག་པ་ལས་བཤད་ཟིན་ཏོ།། ་དེ་ནས་ཞེས་བ་བ་ལ་སོགས་པས་ཀླུ?་མོའི་དམ་ཚིག་བཤད་པར་བྱ་སྟེ། འོ་མ་འཐུང་བ་ཞེས་བྱ་བ་ལ་སོགས་པ་ལ། ཀླུ་མོ་དེ་རྣམས་ནི་ཕྲ་མའི་ཚིག་གི་གཙོ་བོར་གྱུར་པ་དང། འོ་མ་འཐུང་བ་དང་མེ་ཏོག་དང་དྲིལ་སོགས་པ་ལ་དགའ་བ་ ་སྟེ། དེ་རྣམས་འོ་མ་འཐུང་བ་ལ་སོགས་བའི་དམ་ཚིག་དེ་རྣམས་ཉིད་ཀྱིས་བསྒྲུབ་པར་བྱའོ། །གལ་ཏེ་དེ་ལྟར་མི་བྱེད་ན་དེའི་ཚེ་ཉོན་མོངས་འགྱུར་བ་ནི་རྣལ་འབྱོར་པ་དེས་ཀླུ་མོའི་དངོས་གྲུབ་ཐོབ་པར་མི་འགྱུར་རོ། །དེ་ནས་ཞེས་བྱ་བ ་ལ་སོགས་པས་ལྷ་མ་ཡིན་གྱི་བུ་མོའི་དམ་ཚིག་བཤད་པར་བྱ་སྟེ། ཁྲོ་ཞིང་ང་རྒྱལ་ཞེས་བྱ་བ་ལ་སོགས་པ་ལ། ལྷ་མ་ཡིན་གྱི་བུ་མོ་རྣམས་ཁྲོ་བོ་རང་བཞིན་དང། བུད་མེད་གཞན་ལ་ཆགས་པ་ལ་ཕྲག་དོག་བྱེད་པ་དང། མེ་ཏོག་དང་དྲིལ་སོགས ་པ་ལ་དགའ་བ་སྟེ། དེ་རྣམས་རྡོ་རྗེ་འཇིགS་བྱེད་དང། རྡོ་རྗེ་ས་འོག་གི་སྦྱོར་བས་ས་འོག་ཏུ་ཞུགས་པས་བསྒྲུབ་པར་བྱའོ། །དཔལ་རྡོ་རྗེས་འོག་གི་རྒྱུད་ཀྱིས་རྒྱལ་པོ་ལས་ཀྱང། ཕག་དང་འབིགས་བྱེད་རི་བོ་ལ། །འོག་དང་སྟེང་དུ་སྒོ་ཆེན་ཏེ། །འཁྲུལ་འཁོར ་ཐམས་ཅད་དང་བྲལ་བ། །མདོར་བསྡུས་པས་ནི་རབ་བཤད་བྱ?། སྲི་མཐོང་བར་འདོད་པ་ཡིས། །གང་དུ་སྤྲེའུ་རྣམས་ཞུགས་པ་སྟེ། །གང་དུ་སྤྲེའུའི་བདག་པོ་རྣམས། །མུན་པར་ཟླ་གཅིག་བསྐོར་བའོ། །ལྷ་ཡི་གཟུགས་ཅན་འོད?་མོ་ཚེ། །རི་རབ ་མདོག་མཚུངས་ཀྱི་བུ་མོ། །རང་སྣང་ཞེས་བྱའི་བུ་མོ་དེ། །དེ་?་རྣམས་ཀྱིས་འཐོབ་པོ། །འབྲས་བུ་ཟ་བར་འཇུག་ནས་ནི། །བུ་མོས་དེ་རྣམས་དེ་ལས་ཕྱུང། །སྒོ་ནི་གཞན་གྱིས་སྐད་ཅིག་མས། །རྒྱ་མཚོར་ཕྱིན་པར་གྱུར་པ་དང། །ལྷ་མིན་རྒྱལ ་པོ་མ་ལ་ཡའི། །གསེར་ཞེས་བྱ་བའི་གྲོར་ཁྱེར་ཡོད། །གསེར་གྱི་ཁང་བཟངས་ཕྲེང་བ་རྣམས། །གྲོང་ཁྱེར་དེ་ལ་ཡོད་པ་དེར། །འདོད་པ་ཐམས་ཅད་འབྲས་བུ་འབྱུང། །ལྷ་ཡི་བཅུད་ལེན་དེ་བཞིན་དུ། །སྣ་ཚོགས་འགྲུབ་པའི་རྫས་རྣམས་ཏེ།། ་སྔོན་ནི་མ་ཡིས་བྱས་པའོ། །ཉི་ཁྲི་ཆིག་སྟོང་གྲངས་ལྡན་པའི།། མཆོག་གི་བུད་མེད་ངེས་གནས་ཏེ། །གསེར་གྱི་མདོག་འདྲའི་མཆོག་དེ་རྣམས། །སྒྲུབ་པོ་མཆོག་གིས་ཐོབ་པར་བྱ། །དེར་ནི་སྒྲུབ་པ་པས་ཞུགས་བྱ། །རང་སྣང་དུ་མོ་ཐབ་པའི ་ཕྱིར། བཞིན་བཟང་དེ་ནི་ལྷ་ཡི་ནི། །གནས་ཀྱི་མཆོག་ལ་གནས་པ་སྟེ། །སྒྲུབ་པ་པོས་ནི་དེར་ཕྱིན་ནས། །ལེགས་འོངས་དང་ནི་ཕྱག་འཚལ་བྱ། །བསྐྱེད་བཟང་ངེས་ཀྱང་དེ་མཆོད་ནས། །གྲོང་ཁྱེར་དེ་ནི་བསྟན་བྱེད་པའོ། །ཇི་སྲིད་བླ་བ་སྐར་མའི་བར། །དེ་རང ་ལྷན་ཅིག་དེར་གནས་བྱ། །མར་མེ་དང་ནི་རྐང་མགྱོགས་དང། །བཟའ་བ་མིག་སྨན་གྱིས་ཞུགས་བྱ། ལྷ་མིན་གསོད་བའི་འདོད་པ་ཡིས། །གྲོང་ཁྱེར་དབང་པོས་སྔོན་འཇིག་སྟེ། །དེ་ནས་བརྩམས་ཏེ་གྲོང་ཁྱེར་དེ། །འཇིག་རྟེན་ལ་གྲགས་འཁྲུལ་འཁོར ་མེད། །སྟར་ག་ཡི་ནི་པགས་པ་དང། །བུ་མོའི་ས་བོན་དང་བཅས་ཏེ། །ཟན་དུ་གུ་གུལ་རྒྱ་སྐྱགས་བཅས། །དེས་ནི་དབྱིག་པ་གོས་པར་བྱ། །བད་རྩའི་སྐུད་བས་བསྒྲིལ་ནས་ནི། །ཉི་འོང་རང་འདྲའི་སྔར་བུ་དེ། །སྔགས་ཀྱིས་འབར་བར་བྱས་ནས་ནི། །ཞག ་ནི་མང་པོ་ཡོངས་བསྐོར་བྱ། །ཤིང་ནི་མེད?་ན་འབྲས་དང། །ག་ག་ཇཱ་ང་གྷ་དཀར་པོ་དང། །བ་ནི་དཀར་མོའི་མང་དང་ནི། །ཡང་ན་ཀྱེ་བུ་སེར་མོ་ཡིན། །ཀ་བནད་ཡི་ཁུ་བ་བཅས། །དེ་ནི་རྐང་མགྱོགས་ཡང་དག་ཡིན། །རྡོ་རྗེ་སྤྲིན་ནི་ཐམས་ཅད་དང། །ས་ཡི་། ་འདམ་པ་ཆུ་རྣམས་དང། །མེ་འོབས?་ཐམས་ཅད་ཀུན་རྣམས་སུ། །འདོད་བ་བཞིན་དུ་འགྲོ་བར་འགྱུར། །རྡོ་རྗེའི་འབྲས་ངག་བླངས་ནས་ནི། །ནཱ་གེ་ཡི་ནི་ས་བོན་བཅས། །ཀ་དེའི་ས་བོན་དང་བཅས་པའི། །མཁས་པས་ཐུག་པ་བསྒྲུབ་བར་བྱ། །མང་བཅས ་འདྲངས་བ་དེ་ཟོས་ནས། །བཀྲེས་བྲལ་ཟླ་བ་གཉིས་ཀྱི་བར། །ས་བོན་དང་ནི་ཕུག་རྣམས་སུ། །བློ་ལྡན་སྒྲུབ་པ་པོས་འགྲོར་འགྱུར། །མིག་སྨན་རྣམས་ནི་གང་བཤད་པ། །དེ་ཡིས་དངོས་པོ་ཇི་བཞིན་གསུངས། །ཁོང་སེང་གཙོ་བོ་རྣམས་ཞུགས་ལ། ། ་དེ་ནི་ཆོ་ག་ཡང་དག་བཤད། །འཁྲུལ་འཁོར་ཐམས་ཅད་དང་བྲལ་བ་ཡི། །གྲོང་ཁྱེར་དེ་ནི་བཤད་པ་སྟེ། །ས་ཡི་བྱེ་བྲག་སོ་སོ་རུ། །དེར་ནི་སྒྲུབ་པ་པོས་མཐོང་འགྱུར་ཞེས་བྱ་བ་ལ་སོགས་པའི་རིམ་པ་འམ་རིམ་པ་གཞན་གྱིས་ལྷ་མ་ཡིན་གྱི་བུ་མོ་རྣམས ་སྒྲུབ་པར་བྱའོ། །དེ་ནས་བྱ་བ་ལ་སོགས་པས་སྲིན་མོ་རྣམས་ཀྱི་དམ་ཚིག་བཤད་པར་བྱ་སྟེ། །ཐོང་རུས་ཞེས་བྱ་བ་ལ། །སྲིན་མོ་དེ་རྣམས་ལ་ཐོད་པའི་ནང་དུ་སིའི་ནང་དུ་མའི་རུས་པའི་ཕྱེ་མའི་སྤོས་ནི་འགུགས་པར་བྱ་བའི་ཕྱིར ་བྱིན་ཏེ་མིའི་མར་ཁུས་མར་མེ་དང། རྐང་གིས་ལྷ་བཤོས་དང། རང་བྱུང་བའི་མེ་ཏོག་གིས་ཨརྒྷ་བྱིན་ཏེ་དགའ་བར་བྱའོ། །དེ་ཉིད་ཀྱི་ཕྱིར་འབྱུང་པོ་ཀུན་ནི་སྲིན་པོ་རྣམས་ཀྱི་དམ་ཚིག་དག་བྱེད་པ་ནི་དགའ་བར་བྱེད་པ་དང། དོན་ཆེན་བྱེད་པ་ནི་མངོན ་པར་འདོད་པའི་དངོས་གྲུབ་སྟེར་བར་བྱེད་པའོ་ཞེས་སྟོན་ཏོ། །མཁའ་འགྲོ་མ་བསྒྲུབ་པ་ནི་འབྱུང་པ་འདུལ་བའི་རྒྱུད་ལས་ཞེས་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་མཁའ་འགྲོ་མའི་དམ་ཚིག་བཤད་བར་བྱ་སྟེ་བཤད་གཅི་ཞེས་བྱ་བ་ལ་སོགས་པ་ལ་བཤད་གི? ་ཞེས་བྱ་བ་ལ་སོགས་པའི་བདུད་རྩི་རྣམས་དེ་རྣམས་ལ་གཏོར་མར་ཕུལ་ཏེ་རང་གིས་ཀྱང་སྤྱད་པར་བྱའོ། །ཤ་ཆང་དེ་ལ་སོགས་པ་ལ་ཡང་དེ་རྣམས་ལ་ཕུལ་ཏེ་རང་གིས་ཀྱང་བཏུང་བར་བྱའོ། །རྡོ་རྗེ་མཁའ་འགྲོ་མའི་སྦྱོར་བ་ངེས་གསང་བྱིན་བླ་མ ་སྨོད?་བོ?་ལ་སོགས་པ་རྣམས་ལ་མངོན་སྦྱོང་བྱའོ། །གང་གིས་ཤེ་ན་གནས་ཀྱི་མཚན་ཉིད་ནི་སྔགས་ལ་སོགས་པའི་སྒྲུབ་པ་པོ་རྣམས་ཀྱིས་སོ། །རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་འདི་རྣམས་ངོ་བོ་ཉིད་ཀྱིས་སྐུ་འབྱུང་བ་ནི། རྡོ་རྗེ་འཆང་བྲི་བཀས ་འཇིག་རྟེན་རྗེས་སུ་གཟུང་བར་བྱ་བའི་ཕྱིར་རྒྱ་ཆེ་བའི་སྤྱོད་པ་ལ་དམིགས་ཏེ་ཁམས་གསུམ་ན་སྤྱོད་པ་ཡིན་ཏེ། དེའི་ཕྱིར་རྒྱ་ཆེ་བ་ཁོ་ནའི་སྤྱོད་པ་ལ་བརྟེན་ཏེ་།དེ་རྣམས་ཀྱི་དམ་ཚིག་རང་དང་གཞན་ལ་དངོས་གྲུབ་ཐམས་ཅད་འདོད་པའི་ཕྱིར ་སྤྱོད་ན་དེས་ནི་དེ་?་དངོས་གྲུབ་ཐོབ་པར་འགྱུར་རོ། །རྡོ་རྗེ་མཁའ་འགྲོ་མ་སྒྲུབ་པ་ནི་སངས་རྒྱས་ཐམས་ཅད་མཉམ་སྦྱོར་གྱི་རྒྱུད་ལས་ཤེས་པར་བྱའོ། །ཁམས་གསུམ་པ་ཐམས་ཅད་ཀྱི་དམ་ཚིག་ནི་ཚངས་བ་ལ་སོགས་པའི་དམ་ཚིག་རྣམས ་ཏེ། དེ་རྣམས་ཀྱི་རྗེས་སུ་འབྲང་བ་ནི་ཁྱབ་པར་བྱེད་པ་ཉིད་གང་ལ་ཡོད་པ་དེ་ནི་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏོ་ཞེས་དང་སྦྱར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ལུས་གྱི་དངོས་གྲུབ་འགྲུབ་པར་བྱ་བའི་ཕྱིར་།དམ་ཚིག་རྡོ་རྗེ་ནི་རྡོ་རྗེ་བཞིན་དུ་བསྟན ་པའི་དམ་ཚིག་བཀའ་སྩལ་པ་སྟེ། ལུས་ཀྱི་རྣམ་གསུམ་ཞེས་བྱ་བ་ལ་སོགས་པ་ལ། ལུས་ཀྱི་རྣམ་གསུམ་ནི་སྲོག་གཅོད་པ་ལ་སོགས་པ་ལས་ལྡོག་བའི་མཚན་ཉིད་དེ། དེ་ཉིད་རྡོ་རྗེ་ལས་བྱུང་ནི་རྣམ་པར་སྣང་མཛད་ཀྱི་ངོ་བོ་གལ་ཏེ་བྱེད་ན་དེའི་ཚེ ་སེམས་ཅན་གྱི་ཁམས་དང་རང་གི་བདག་ཉིད་སངས་རྒྱས་ཀྱི་སྐུ་ཉིད་དུ་ཐོས་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ངག་གི་དངོས་གྲུབ་ནི་ཐ་མལ་པའི་ངག་ལོག་པས་དམ་ཚིག་ནི་འཇིག་རྟེན་ལས་འདས་པའི་རང་བཞིན་ཏེ། དེ་གསུངས ་ཏེ་ཚིག་གི་ལས་གནས་ཞེས་བྱ་བ་ལ་སོགས་པ་ལ། ཚིག་གི་ལས་གནས་ནི་ངག་གིས་བྱ་བ་སྟེ། མ་ལུས་པ་ནི་རྣམ་པ་བཞིའི་དགེ་བའི་རང་བཞིན་ཏེ། དེ་ཉིད་ཁམས་གསུམ་དྲི་མེད་ནི་སྣང་བ་མཛའ་ཡས་ཏེ། དེ་ཉིད་ཀྱི་དཀྱིལ་འཁོར་ནི་དེ་ཉིད ་དུ་གཟུང་པར་བྱས་ན། དེ་ནི་ཚིག་གི་དངོས་གྲུབ་ནི་འཇིག་རྟེན་ལས་འདས་པའི་ངག་ཐོབ་པར་བྱེད་པ་སྟེ། དམ་ཚིག་ཤིན་ཏུ་འདའ་དཀའ་བ་ནི་སྣང་བ་མཛའ་ཡས་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་སེམས་རྡོ་རྗེ ་ནི་སེམས་ཉིད་དེ། དེའི་དངོས་གྲུབ་ནི་རྣམ་པར་མི་རྟོག་པའི་གོ་འཕང་ཐོབ་པ་སྟེ། དེའི་དོན་དུ་དམ་ཚིག་ནི་རྣམ་པ་གསུམ་གྱི་སེམས་འདུལ་པ་སྟེ། དེ་གསུངས་པ་ཡིད་ཀྱི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་།ཡིད་ཀྱི་རྡོ་རྗེའི་དམ་ཚིག་ནི་རྡོ་རྗེ ་བཞིན་དུ་མི་ཕྱེད་པའི་མནར་སེམས་ལ་སོགས་པ་ལས་ལྡོག་བ་སྟེ། དེ་དག་ཐམས་ཅད་བརྟན་པར་རྡོ་རྗེ་འཛིན་ནི་མི་བསྐྱེད་པས་རྣམ་པར་དག་པར་བསྒོམ་པར་བྱའོ། །རྡོ་རྗེ་གསུམ་གྱིས་མ་ཕྱེད་པའི་གཟུགས་གང་ལ་ཡོད་པ་དེ་ནི་མི ་བསྐྱོད་པ་སྟེ་།དེའི་དམ་ཚིག་ཡིན་ནོ། །དམ་ཚིག་ནི་ལུས་ལ་སོགས་པ་བཅུ་སྟེ་།དེ་རྣམས་ཀྱི་རྡོ་རྗེ་སེམས་དཔའ་ནི་དེ་བཞིན་གཤེགས་པ་གསུམ་གང་ལས་བྱུང་བ་དེ་ནི་རྡོ་རྗེ་འཆང་ཆེན་པོས་དེ་ནང?་བཀའ་སྩལ་ཏོ་ཞེས་དང་སྦྱར ་ཏེ་སྒྲུབ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་སྔགས་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཏེ། དེ་དག་གི་རྡོ་རྗེ་དམ་ཚིག་ནི་ཕྱག་བཙལ་བ་སྟེ་།དེ་ཉིད་གསུངས་པ་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ། ་བསྐྱེད་པའི་རིམ་པའི་རྣལ་འབྱོར་པས། སངས་རྒྱས་ལ་སོགས་པ་ལ་སྐུ་གསུང་ཐུགས་ནི་ཐ་མལ་བའི་ལུས་ལ་སོགས་པས་ཕྱག་མི་བྱའོ། །གལ་ཏེ་བྱེད་ན་དེའི་ཚེ་མ་རུང་བ་ནི་ཐ་མལ་པའི་སོ་སོའི་སྐྱེ་བོ་ཉིད་དུ་འགྱུར་རོ། །དེ་བས་ན་རང་གི་ལྷའི ་ང་རྒྱལ་ལ་དམིགས་ཏེ། རང་དང་འདྲ་བའི་སངས་རྒྱས་ལ་སོགས་པ་དེ་རྣམས་ལ་ཕྱག་འཚལ་བར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་རྫོགས་པའི་རིམ་པའི་རྣལ་འབྱོར་པའི་བསམ་གཏན་གྱི་དམ་ཚིག་བཤད་པར་བྱ་བའི་ཕྱིར་ཀུན་ཏུ ་རྡོ་རྗེ་སེམས་དཔའ་ཨི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་གསུང་ཐུགས་ནི་དཀྱིལ་འཁོར་གསུམ་དང། དཀྱིལ་འཁོར་ནི་བཞི་པ་སྟེ། དེ་ལྟར་ན་དཀྱིལ་འཁོར་བཞི་དེ་རྣམས་རྡོ་རྗེ་སེམས་དཔའ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས ་བརླབས་པར་བསྒོམས་ལ། རྡོ་རྗེ་གསུམ་སྦྱོར་བ་ནི་འཇུག་པ་ལ་སོགས་པ། བསམ་གཏན་ནི་སྣའི་རྩེ་མོར་སྤྲོས་སྟེ་།སྔགས་ཀྱི་འཁོར་ལོ་ནི་ཡི་གེ་གསུམ་གྱིས་བསྐོར་བར་བྱ་བ་སྟེ་།གཡས་པ་ལ་སོགས་པའི་དབྱེ་བས་ཁ་དོག་དམར་པོ ་ལ་སོགས་པས་བྱ་བ་སྟེ། རྡོ་རྗེ་བཟླས་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། སྔགས་ཐམས་ཅད་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱིས་བསྒྲུབ་པའི་དམ་ཚིག་ནི་སངས་རྒྱས་ལ་སོགས་པ་ལ། སྡོམ་པ ་ནི་ཕྱག་འཚལ་བ་སྟེ། དེ་གསུངས་པ་མདོར་ན་སེམས་ཅན་ཞེས་བྱ་བ་ལ་སོགས་པ་ལ། སེམས་ཅན་ཁམས་རྣམས་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཏེ། དེ་རྣམས་མདོར་བསྡུས་པས་གཅིག་ཏུ་བྱས་ན་ཡེ་ཤེས་གསུམ་འབྱུང་བ་སྟེ་།དེ ་རྣམས་རྡོ་རྗེ་ནི་འོད་གསལ་པས་བསྐུལ་བ་ནི་བསྡུ་བར་བྱའོ། །རྡོ་རྗེ་གསུམ་གྱི་ཕྱག་འཚལ་བ་དེ། མཆོག་ནི་ཤིན་ཏུ་ཕུལ་དུ་བྱུང་བ་སྟེ། རྫོགས་བའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱིས་སྤང་བར་མི་བྱ་སྟེ། སེམས་རྣམ་པར་དག་པའི་རིམ་པའོ།། ་དེ་ནས་ཞེས་བྱ་བ་ལ་སོགས་པས་བསྙེན་པ་ལ་སོགས་པ་ལ་འཇུག་པའི་དམ་ཚིག་བཤད་པར་བྱ་སྟེ། རྡོ་རྗེ་བཤང་གཅི་ཞེས་བྱ་བ་ལ་སོགས་པ་ལ། མཁའ་ནི་ཤེས་རབ་དང་དབྱིངས་ནི་ཐབས་ཏེ། དེ་དག་གི་སྦྱོར་བས་བཤད་གཅི་ནི་པདྨ་དང་རྡོ ་རྗེ་ལྟ་དེ་དག་གཅིག་ཏུ་བྱའོ། །དེའི་རྗེས་ལ་རྡོ་རྗེ་ནི་ཧཱུཾ་དང་ཕཊ་ལ་སོགས་པའི་ས་བོན་གྱིས་ཡོངས་སུ་གང་བ་ནི་བྱིན་གྱིས་བརླབས་ལ། རྣམ་པར་བསམ་པ་ནི་བསྐྱོད་པར་བྱའོ། །དེའི་རྗེས་ལ་དུས་གསུམ་རྡོ་རྗེ་ནི་འདོད་ཆགས་ལ་སོགས་པ་གསུམ་པོ ་སྟེ། དེ་རྣམས་དབུལ་བ་ནི་བཞི་པ་ལ་ཐིམ་པར་བྱའོ། །དམ་ཚིག་ནི་བསྒོམ་པའི་ཁྱད་པར་འདི། རབ་ནི་རང་རིག་པ་དང་།རྟག་པ་ནི་མི་གཡོ་བའི་བདེ་བ་ཆེན་པོའི་རང་བཞིན་ནོ་ཞེས་སྟོན་ཏེ། རང་བཞིན་དང་རྒྱ་དང་ལས་འབྲས་བུ་རྣམས་སོ། །དེ་ནས་ཞེས ་བྱ་བ་ལ་སོགས་བས་རྡོ་རྗེ་མི་སྣང་བ་ནི་རྣམ་པར་རྟོག་པ་མ་ལུས་པ་དང་བྲལ་བའི་དམ་ཚིག་ནི་བསྒོམ་པའི་རིམ་གསུངས་པ་སྟེ། དུས་བཞི་ཞེས་བྱ་བ་ལ་སོགས་པ་ལ། དུས་བཞི་ནི་བཅོམ་ལྡན་འདས་ཡི་གེ་ཧཱུཾ་ཆ་བཞི་དང་ལྡན་བསྒོམ་པར་བྱེད་བ་ནི ་སྙིང་ཀ་ལ་སོགས་པའི་གནས་བཞི་བོ་ལ་དགོད་ཅིང་བཟླས་པར་བྱའོ། །ཇི་ལྟར་ཞེ་ན། ཉིན་རེ་ནི་ཉིན་མོ་དང་མཚན་མོའོ། །དེ་ལ་སྙིང་ཀར་ནི་མགོ་མེད་ཧ་དང། ལྐོག་མར་མགོ་བོ་དང། གསང་བ་ནི་ཞབས་ཀྱུ་དང། ལྟེ་བར་སྒྲ་མཛའ་སྟེ། དེ་ལྟ་བུའི་བསྒོམ ་པ་བྱས་ནས། རྫས་ནི་རྣམ་པར་ཤེས་པ་བརྒྱད་ཀྱི་མཚན་ཉིད་ཅན་གྱི་སེམས་འཕྲོག་པ་ནི་འཇིག་པར་བྱའོ། །དམ་ཚིག་འདི་རྡོ་རྗེ་ནི་སྒྲུབ་པ་པོའི་རྫོགས་བྱེད་ན་བསམ་པ་ཐམས་ཅད་རྫོགས་པར་བྱེད་པ་སྟེ། རྡོ་རྗེ་བཟླས་པའི་རིམ ་པའོ། །ཡང་དུས་བཞི་ནི་སྟོང་པ་བཞི་སྟེ། ཉིན་རེ་ནི་སྐད་ཅིག་མ་ལ་སོགས་པ་ལ་སྤྱོད་པ་ནི་བསྒོམ་པར་བྱ་སྟེ། དེའི་ཚེ་རྫས་ནི་རང་བཞིན་གྱི་ཚོགས། འཕྲོག་པ་ནི་ཉེ་བར་བསྡུ་བར་བྱའོ། །དམ་ཚིག་རྡོ་རྗེ་རྫོགས་བྱེད་པ་ནི་འོད་གསལ་བའི་གོ་འཕང ་ཐོབ་པར་བྱེད་པའི་དམ་ཚིག་འདི་ཡིན་ཞེས་སྟོན་ཏེ། སེམས་རྣམ་པར་དག་པའི་རིག་པའོ། །ཡང་ན་དུས་བཞི་ནི་གོ་བཟློག་པ་སྟེ། ཐམས་ཅད་སྟོང་པ་ནས་བརྩམས་ཏེ་།སྟོང་པའི་བར་དུའོ། །མཆོག་བཞིན་ནི་སྒྱུ་མ་ལྟ་བུ་སྟེ། རྫས་ནི་ལྷའི་སྤྱོད་པ་ནི ་ལྡང་བར་བྱ་བ་དང། འཕྲོག་པ་ནི་བསྐྱེད་པའི་རིམ་པའི་རྣམ་པར་རྟོག་པ་སྤང་བར་བྱའོ། །དམ་ཚིག་འདི་རྡོ་རྗེ་ནི་ཁམས་གསུམ་པའི་རྫོགས་བྱེད་ནི་བསམ་པ་ཐམས་ཅད་རྫོགས་པར་བྱེད་པ་སྟེ། བདག་ལ་བྱིན་བརླབས་པའི་རིམ་པའོ། །ཡང་ན་དུས ་བཞི་ནི་འདོད་ཆགས་ལ་སོགས་པ་གསུམ་པོ་དང་འོད་གསལ་བ་སྟེ། དེ་དག་སྤྱོད་པ་ནི་འདོད་ཆགས་ལ་སོགས་པ་གསུམ་པོ་རྣམ་པར་སྦྱར་བར་བྱ་བ་འམ་རོ་གཅིག་པར་བྱའོ། །གལ་ཏེ་བརྟན་པར་མ་གྱུར་ན་དེའི་ཚེ་རྫས་ནི་རིལ་པོར་འཛིན་པ་དང། ་རྗེས་སུ་གཞིག་བའི་ཏིང་ངེ་འཛིན་གཉིས་པོ་ལ་འཕྲོག་པ་ནི་དམིགས་པར་བྱའོ། །དམ་ཚིག་འདི་རྡོ་རྗེ་ནི་མངོན་ཕར་བྱང་ཆུབ་པའི་རིམ་པ་རྫོགས་པའི་བྱེད་པའོ་ཞེས་སྟོན་ཏེ། མངོན་པར་བྱང་ཆུབ་པའི་རིམ་པའོ། །ཡང་ན་དུས་བཞི་ནི་རིམ་པ ་བཞི་བསྒོམ་པར་བྱའོ། །དེ་ལྟར་བྱས་ནས་མི་གནས་པའི་མྱ་ངན་ལས་འདས་པའི་རྡོ་རྗེའི་སྐུ་བསྒོམ་པར་བྱའོ། །རྫས་ནི་ཀུན་རྫོབ་དང་དོན་དམ་པ་སྟེ་།དེ་འཕྲོག་པ་ནི་གཉིས་སུ་མེད་པར་བྱའོ། །དམ་ཚིག་རྡོ་རྗེ་ནི་རྫོགས་པའི་རིམ་པའི་རྣལ་འབྱོར ་བའི་རྫོགས་བྱེད་ནི་མཐར་ཐོབ་པར་བྱེད་བ་སྟེ་།དེའི་འོག་ཏུ་སློབ་བཞིན་པ་མ་ཡིན་པའི་ཕྱིར་རོ། །རབ་ཏུ་བྱེད་བ་ལས་ཀྱང་རླུང་གི་དེ་ཉིད་གོ་རིམ་གྱིས། སྔགས་ཀྱི་དེ་ཉིད་ལ་འཇུག་བྱ་ཞེས་བྱ་བ་དང། ཟུང་འཇུག་ཏིང་འཛིན་ལ་གནས་པས། སླར་ཞིང་ཅུང་ཟད ་མི་སློབ་པོ་ཞེས་འབྱུང་སྟེ། ཟུང་འཇུག་གི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་ཨི་རིག་འཛིན་ནི་གཙུག་ཏོར་འཁོར་ལོ་སྒྱུར་བ་སྟེ། དེའི་དམ་ཚིག་ནི་བསྒོམ་པ་གསུངས་ཏེ་།སྐུ་གསུང་ཐུགས་ཤེས་བྱ་བ་ལ་སོགས་པ་ལ། སྐུ་གསུང་ཐུགས ་ཀྱི་རྡོ་རྗེ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཏེ། དེ་ངག་གིས་རང་གི་བདག་ཉིད་གཙུག་ཏོར་འཁོར་ལོ་སྒྱུར་བའི་བསམས་ཏེ། དབུ་རྒྱན་ནི་ཅོད་པན་དུ་དེ་རྣམས་བསྒོམ་པར་བྱའོ། །དེ་ལྟར་བྱེད་ན་རྡོ་རྗེ་གསུམ་གྱི་དམ་ཚིག་ནི ་ཁམས་གསུམ་ནི་གནས་པའི་དྲག་པོ་ལ་སོགས་པ་སྟེ་།ཁྲོས་པ་དེ་རྣམས་ཀྱིས་ཀྱང་སྒྲུབ་པ་པོ་རྣམས་ཐུབ་པར་འགྱུར་ཏེ། གཙུག་ཏོར་འཁོར་ལོ་སྒྱུར་བ་ནི་ཐམས་ཅད་ཀྱི་བདག་པོ་ཡིན་པའི་ཕྱིར་རོ་ཞེས་དགོངས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས ་པ་ལ། སྔཌ་པ་ཐམས་ཅད་འཛིན་པ་ནི་སྒྲུབ་པ་པོ་རྣམས་ཏེ། དེ་རྣམས་ཀྱི་ལས་དང་པོ་པོའི་དམ་ཚིག་ནི་སློ་བཞིན་པའི་བསླབ་པ་གསུངས་པ་སྟེ། སྐུའི་རྡོ་རྗེ་ཁ་ཟས་ལ་ཞེས་བྱ་བ་ལ་སོགས་པ་ལ། ཟན་ཟ་བའི་དུས་སུ་ལུས་ཆིམ་བྱ་བའི་ཕྱིར ་རང་གི་བདག་ཉིད་རྣམ་པར་སྣང་མཛད་བསྒོམ་པར་བྱའོ། །དེ་བཞིན་དུ་ཕྱི་རོལ་ནི་སྣ་ཚོགས་པའི་བསམ་པ་རྣམས་ལ་རྡོ་རྗེ་འཛིན་པ་ནི་རང་གིས་བདག་ཉིད་མི་བསྐྱོད་པར་བསྒོམ་པར་བྱའོ། །དེ་བཞིན་དུ་མདོ་ལ་སོགས་པའི་དམ་པའི་ཆོས་ཀློག ་པའི་དུས་སུ། རྡོ་རྗེ་ཆོས་ནི་རང་གི་བདག་ཉིད་སྣང་བ་མཛའ་ཡས་བསྒོམ་པར་བྱའོ། །སྙོམས་པར་ཞུགས་པ་དང་མཆོད་པའི་དུས་སུ་རང་གི་བདག་ཉིད་རིན་ཆེན་འབྱུང་ལྡན་དང་དོན་ཡོད་གྲུབ་པར་བྱ་སྟེ། ལེའུ་དྲུག་པ་ལས་གསུངས་པའི་ཕྱིར་རོ། །དོ? ་བོ་ཉིད་དག་བ་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏོ་ཞེས་དང་སྦྱར་ཏེ། བསྐྱེད་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས། རྡོ་རྗེ་འཛིན་པ་ཐམས་ཅད་ནི་དེ་བཞིན ་གཤེགས་བ་རྣམས་གྱི། སྐུ་གསུང་ཐུགས་མཉམ་པ་ཉིད་ནི་སྐུ་ལ་སོགས་པའི་རོ་མཉམ་པར་གྱུར་པ་ཉིད་བསྟན་པའི་ནུས་པ་ཐོབ་པ་གཞན་གྱི་སེམས་མཁྱེན་པའི་བདག་ཉིད་ཆེ་བས་ཐོབ་པར་དགོངས་ཏེ། ད་ནི་བསྟན་པ་གཞན་གྱིས ་ཅི་བགྱིའོ་ཞེས་དགོངས་ཏེ་ཅད་མི་གསུང་བར་གྱུར་ཏེ། འོད་གསལ་བའི་ཏིང་ངེ་འཛིན་ལ་ཅིག་ཅར་དུ་ཞུགས་སོ་ཞེས་བྱ་བ་ནི་ཚིག་གི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བ་ཉིད་རྟོགས་ནས་བྱམས་པ་ལ་སོགས་པའི་བྱང ་ཆུབ་སེམས་དཔའ་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་འཚལ་ནས་འདི་སྐད་གསོལ་ཏེ། བརྗོད་དུ་མེད་པ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། ཀྱེ་བཅོམ་ལྡན ་འདས་མི་བསྐྱོད་པ་ལ་སོགས་པ་རྣམས་གཞལ་བྱ་མ་རྫོགས་པས་འདི་ལྟ་བའི་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་དང་ལྡན་པའི་འཁོར་གྱི་ནང་ན་དེ་ཉིད་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་རྡོ་རྗེ་འཆང་ཆེན ་པོ་སྟེ། དེ་ཅིའི་སྲང་དུ་ཅང་མི་གསུང་བར་བཞུགས་ཏེ། གང་གི་ཕྱིར་སྟོན་པ་རྣམས་ནི་གཞལ་བྱ་བྱེད་གསུངས་པས་དེ་འཇོམས་པར་མཛད་པའོ་ཞེས་དགོངས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ ་མི་བསྐྱོད་པ་ལ་སོགས་པས་འདི་སྐད་བཀའ་སྩལ་པ་སྟེ། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་ལ། ཀྱེ་བྱང་ཆུབ་སེམས་དཔའ་རྣམས་བཅོམ་ལྡན་འདས་འདི་གློ་བུར་པའི་ངལ་བ་ལ་སོགས་པའི་མི་སྤྱོད་བ་འམ། ཕྲག་དོག་གི་དབང་གིས ་ཅང་མི་གསུང་བར་གྱུར་པ་མ་ཡིན་ཏེ། འོན་ཀྱང་ལེའུ་བཅུ་གསུམ་པ་ལས་གསུངས་པས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་མི་དམིགས་པའི་ངོ་བོ་ནི་འོད་གསལ་བའི་དེ་ཁོ་ན་ཉིད་དེ། དེ་ཉིད་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་རང་བཞིན་ཡིན་བའི་ཕྱིར་།ཡི་གེ་ནི ་མི་འགྱུར་བ་དང་འགྲོ་བ་དང་མི་འགྲོ་བའི་རང་བཞིན་གྱི་ཁམས་གསུམ་པའི་གནས་ཡིན་པའི་ཕྱིར་གནས་ཏེ། དེ་ལྟ་བུའི་ངོ་བོ་ཉིད་མེད་པ་ནི་གཟུང་བ་དང་འཛིན་བ་དང་བྲལ་བའི་མཚན་ཉིད་ཅན། ཡི་གེ་ནི་མི་འགྱུར་བའི་དེ་ཁོ་ན་ཉིད་ལ་དགོངས་ནས་ཅང ་མི་གསུང་བར་བཞུགས་ཏེ། དེ་ཁོ་ན་ཉིད་མངོན་དུ་མཛད་པའོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་དེ་ཉིད་བཀའ་སྩལ་བ་སྟེ། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་བ་ལ། རིགས་ཀྱི་བུ་ནི་རྡོ་རྗེའི་རིགས་ལ་སོགས་པའི་བྱམས་པ་ལ་སོགས་པ་རྣམས། ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་པོ་ནི་རྡོ་རྗེ་འཆང་ཆེན་པོས་ཏིང་ངེ་འཛིན་འདི་དགོངས་ནས་འདི་སྙམ་དུ་གྱུར་པ་ནི་འདི་ལྟ་བུའི་འཇིག་རྟེན་ལས་འདས་པའི་རྣམ་པར་རྟོག་པ་ཞི་བ་འབྱུང་བར་འགྱུར་ཏེ། རྫོགས་པའི་རིམ་པའོ། །སྐུ་མི ་འགྱུར་བ་མ་སྐྱེས་པ་ཞེས་བྱ་བ་ལ་སོགས་པ་ལ། སྐུ་ནི་ལུས་ཉིད་མི་འགྱུར་བ་ནི་ཡི་གེ་བཞིན་དུ་བརྗོད་པ་ཙམ་གྱིས་འཇིག་པ་སྟེ།། མ་སྐྱེས་པ་ནི་འོད་གསལ་བའི་ཕྱིར་དང་པོ་ནས་མ་སྐྱེས་པའོ། །དེ་བཞིན་དུ་གསུང་དང་ཐུགས་ནི་ངག་དང་སེམས ་ཀྱང་མཚན་ཉིད་དང་བྲལ་བའོ། །དེ་ལ་ངག་ནི་གཞན་རྟོགས་པར་བྱེད་པ་ཉིད་དེ། བརྗོད་བྱ་དང་རྗོད་བྱེད་ཀྱི་ངོ་བོས་བསྟན་པར་བྱེད་པ་ཉིད་དང། སེམས་ནི་ཆོས་ཐམས་ཅད་རྟོགས་པར་བྱེད་པའི་མཚན་ཉིད་ཅན་ཏེ། དེ་དག་ཐམས་ཅད་དོན་དམ ་པས་དཔྱད་ན་མི་རིགས་སོ། །དཔེར་ན་རེ་ཞིག་ལུས་ནི་གཅིག་དང་དུམ་དང་བྲལ་བའི་ཕྱིར་སྟོང་པ་ཁོ་ན་ཡིན་ནོ། །ངག་ཀྱང་སྒྲའི་བདག་ཉིད་དེ། སྒྲ་ནི་བརྗོད་པ་ཙམ་གྱིས་འཇིག་པའི་ཕྱིར་དོན་དང་དེ་ལ་འབྲེལ་པ་མེད་དོ། །གང་གི་ཕྱིར་སྒྲ་དང ་དོན་ལ་དེའི་བདག་ཉིད་འབྲེལ་པ་འམ། དེ་ལས་བྱུང་བའི་འབྲེལ་བ་ཡོད་ཅེ་ན། རེ་ཞིག་དང་པོ་ནི་མི་རིགས་ཏེ། སྒྲ་དང་དོན་ནི་ཐ་དད་པའི་ཕྱིར་ཏེ། སྒྲ་ནི་ཁ་ལ་དམིགས་པ་དང། དོན་ཀྱང་ཕྱི་རོལ་ཏུ་སྟེ། གང་གིས་ཕྱིར་ཐ་མི ་དད་པས་དེའི་ཕྱིར་བདག་ཉིད་རིགས་པ་ཡིན་ཏེ། ཤིང་དང་ཤ་པ་བཞིན་དུའོ། །བསྒྲུབ་བྱ་དང་སྒྲུབ་པའི་དངོས་པོ་ནི་རྣམ་པར་རྟོག་པའི་གཞན་སེལ་གྱི་བློས་ཐ་སྙད་བྱ་བ་ཡིན་ནོ། །དེ་ལས་བྱུང་བའི་འབྲེལ་པ་ཡང་མེད་པ་སྟེ། གང་གི་ཕྱིར་དེ་ནི ་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་འབྲང་བས་འབྱུང་བ་ནི་མེ་དང་དུ་བ་བཞིན་དུ་སྟེ་།མེ་ཡོད་ན་དུ་བ་འབྱུང་བ་དང་མེ་མེད་ན་དུ་བ་ཤིང་ལ་སོགས་པ་།གཞན་རྣམས་ནུས་བ་སོ་སོར་འགགས་པས་དུ་བ་མི་འབྱུང་ངོ། །དེ་བས་ནི་རྗེས་སུ་འགྲོ་བ ་དང་ལྡོག་པར་གྱུར་པ་རྒྱུ་དང་འབྲས་བུའི་དངོས་པོའི་གནས་སྐབས་བསྟན་པ་ཡིན་ནོ། །འདིར་ནི་རྣམ་པ་དེད་དང་འདྲ་བ་ཡོད་པ་མ་ཡིན་ཏེ། དོན་ཡོད་ན་ཡང་གཞན་དང་འབྲེལ་པའི་སེམས་ལ་སྒྲ་མི་འབྱུང་བའི་ཕྱིར་དང་།དོན་མེད་ན་ཡིད་རྒྱ ་མཚོ་ལ་སོགས་པའི་སྒྲ་རྣམས་འབྱུང་བའི་ཕྱིར་རོ། །དེ་བས་ན་དོན་དང་ལྷན་ཅིག་ཏུ་སྒྲ་རྣམས་ལ་རྒྱུ་དང་འབྲས་བུའི་འབྲེལ་པ་མེད་པ་སྟེ་།སྒྲའི་ཐ་སྙད་འདི་འཁྲུལ་པ་ཡིན་ནོ། །འོ་ན་རྣམ་པར་རྟོག་པ་དང་ལྷན་ཅིག་ཏུ་སྒྲ་རྣམས་ལ་དེ ་ལས་བྱུང་བའི་འབྲེལ་པ་ཡོད་པ་ཁོ་ན་ཡིན་ཏེ་།ཇི་སྐད་དུ་སྒྲ་ནི་རྣམ་པར་རྟོག་རྒྱུ་དང་།རྣམ་རྟོག་སྒྲ་ཡི་རྒྱུ་ཡིན་ནོ། །ཞེས་འབྱུང་བའི་ཕྱིར་རོ། །དེ་བས་ན་རྣམ་པར་རྟོག་པ་ནི་དོན་མཐོང་བ་མེད་པ་མ་ཡིན་པས་འབྱུང་བ་སྟེ། འབྲལ་པ ་ཡོད་པ་ཁོ་ན་ཡིན་ཏེ། འབྲེལ་བ་ཅན་གྱིས་འབྲེལ་པས་སྒྲ་དང་དོན་ལ་འབྲེལ་པ་ཡོད་པ་ཁོ་ན་ཡིན་ནོ་ཞེ་ན། དེ་སྐད་མ་ཟེར་ཅིག། གང་གི་ཕྱིར་རྣམ་པར་རྟོགས་པ་ཡང་དོན་མཐོང་བས་འབྱུང་བར་མི་འགྱུར་རོ། རྒྱུན་ཏུ་རྒྱུ་བའི་རྣམ ་པར་ཤེས་པ་རྣམས་དོན་ལ་མི་བལྟོས་པས་འབྱུང་བའི་ཕྱིར་ཏེ། དྲན་པ་དང་ངོ་ཤེས་པའི་རྣམ་པར་ཤེས་པ་རྣམས་དོན་ལ་མི་བལྟོས་པས་འབྱུང་བའི་ཕྱིར་ཏེ་།དྲན་པ་དང་ངོ་ཤེས་པའི་རྣམ་པར་རྟོག་པ་བཞིན་ནོ། །རྣམ་པར་རྟོག་པ་རྣམས་ནི་ཐོག་མ་མེད ་པའི་མ་རིག་པའི་བག་ཆགས་གྱི་སྟོབས་ཀྱིས་འབྱུང་བར་གྲུབ་སྟེ། དོན་གྱི་རྣམ་པར་རྟོག་པ་དེ་རྣམས་ལ་ཅུང་ཟད་ཀྱང་ཕན་པར་གྱུར་པ་མ་ཡིན་ནོ། །གཞན་ཡང་ན་ལེ་ཀེ་རའི་གླིང་ན་གནས་པ་རྣམས་ལ་དངོས་པོའི་དོན་མཐོབ་ན་ཡང་རྣམ་པར་རྟོག་པ ་གང་ཡང་མི་འབྱུང་ཞེ་ན་།དེ་ཡང་མི་རིགས་ཏེ་ངེས་པར་དངོས་པོར་དངོས་པོ་མ་ཡིན་པའི་ཡུལ་ཅན་ཡུལ་དང་དུས་ཀྱི་བྱེ་བྲག་མ་ངེས་པའི་དངོས་པོ་དང་འདྲ་བའི་རྣམ་པར་རྟོག་པ་འབྱུང་བ་སྟེ། སྔར་ཉམས་སུ་མྱོང་བའི་ན་ལེ་ཀེ་ངའི་ཤིང་མཐོང ་བའི་ཁྱད་པར་བཞིན་དུའོ། །ཅིའི་ཕྱིར་སྔར་ཉམས་སུ་མྱོང་བའི་རྣམ་པར་རྟོག་པའི་དོན་མེད་པས་དོན་མ་ཡིན་པའི་ཡུལ་ཉིད་ཡིན་ཏེ། དག་རྣམས་ནི་ཡུལ་མེད་པ་ཡིན་ཏེ། ཧ་ཅང་ཐལ་བར་གྱུར་པས་ཆོག་གོ་།སེམས་ཀྱང་དངོས་པོ་གཟུང་བར ་བྱེད་པ་མ་ཡིན་ཏེ། གང་གི་ཕྱིར་ཕྱིའི་དངོས་པོ་ནི་རེ་ཞིག་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་ཡོད་པ་མ་ཡིན་ནོ། །དེ་བས་ན་གཟུང་བ་མེད་ན་འཛིན་པ་ཡང་མེད་པ་སྟེ། སེམས་ནི་རིག་པར་བྱེད་པ་མ་ཡིན་ནོ། །གཞན་ཡང་གལ་ཏེ་གྱི་རོལ་གྱི ་དངོས་པོས་སེམས་སྐྱེད་པར་བྱེད་པ་ཡིན་ན་།འདས་པ་འམ་མ་འོངས་པ་འམ་ད་ལྟར་བྱུང་བ་ངེས་བསྐྱེད་པ་ཡིན་ཞེ་ན། འདས་པ་དང་མ་འོངས་པ་དག་ནི་མེད་བའི་ཕྱིར་དེ་དག་ལ་བསྐྱེད་པར་བྱེད་པའི་ནུས་བ་མེད་དོ། །དེ་ལྟར་བྱུང་བ་ཡང་སྐད་ཅིག་མ ་གཉིས་ཀྱིས་གནོན་པའི་ཕྱིར་ཡོད་པ་མ་ཡིན་ཏེ་།དེ་ཀྱང་སེམས་བསྐྱེད་པར་མི་ནུས་སོ། །འོ་ན་གོལ་ཏེ་དུས་ཅིག་ཏུ་དོན་གྱི་སྐད་ཅིག་མས་སེམས་ཀྱི་སྐད་ཅིག་མ་བསྐྱེད་པར་བྱེད་ན་དེའི་ཚེ་སེམས་དོན་གྱི་ཡུལ་ཅིའི་ཕྱིར་མ་ཡིན་ཏེ་།དེ་བས་ན ་སེམས་གཟུང་བ་དང་དོན་འཛིན་པར་ཐལ་བར་འགྱུར་རོ། །གལ་ཏེ་དོན་བེམས་པོ་ཡིན་པའི་ཕྱིར་འཛིན་པ་མ་ཡིན་ནའོ་ན་དེ་རྣམས་ཐ་དད་པ་ཡིན་ནོ། །དེ་བས་ན་བའི་ར་གཉིས་བཞིན་དུ་གང་ཡང་སྐྱེད་པར་བྱེད་བ་མ་ཡིན་ནོ། །དེའི་ཕྱིར ་འཛིན་པ་ཉིད་མེད་བས་སེམས་ཀྱི་མཚན་ཉིད་མེད་པ་ཡིན་ནོ། །དེ་བས་ན་ལུས་ངག་སེམས་ཀྱིས་མཚན་ཉིད་ནི་རང་བཞིན་མེད་པའོ། །ནམ་མཁའ་རྡོ་རྗེ་ནི་འོད་གསལ་བ་སྟེ། དེ་ཉིད་རྟོག་པ་ནི་དེ་ལས་འབྱུང་བའི་ལྷའི་གཟུགས་ཏེ་།ལོག་པར་བཟུང ་བ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་བསྡུས་པའི་ཕྱིར་འཇའ་ཚོན་བཞིན་སྣང་བར་འགྱུར་རོ་ཞེས་སྟོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་།དེ་བཞིན་གཤེགས་པའི་གསུང་གསན་མ་ཐག་ཏུ་འཇམ་དཔལ་ལ་སོགས་པས་འདི་སད ་གསོལ་ཏེ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ་གསོལ་བ་གདབ་པ་འཇམ་དཔལ་ཉེ་བར་གཟུང་བ་ནི་ཤེས་རབ་ཀྱི་རང་བཞིན་ཡིན་པས་རྣོ་བ་ཉིད་བསྟན་པ་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ནི་མི་བསྐྱོད་པ་ལ་སོགས ་པའོ། །མིའི་སྒྲ་ནི་དགག་པ་ལའོ། །གསུང་རྡོ་རྗེའི་ཚིག་ནི་རྡོ་རྗེ་འཆང་ཆེན་པོའི་བསྟན་པའི་གསུང་དེ་ལྟར་ཕྱིན་ཅི་ལོག་པ་ནི་བདེན་པ་མ་ཡིན་པར། མི་རྟག་ཏུ་གསོལ་བ་ནི་རྟག་པར་མ་མཛད་ཅིག་ཅེས་པ་སྟེ། གང་ཞིག་ལུས་ལ་སོགས ་པའི་མཚན་ཉིད་མེད་པ་ཞེས་བྱའོ། །དེ་ཅིའི་སླད་དུ་ཞེ་ན། ཞེས་པ་ནི་གང་གི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ནི་སྔར་བཤད་པའི་དེ་བཞིན་གཤེགས་པའི་ཚོགས་ཏེ། དེ་ཉིད་ཀྱི་གང་ཞིག་རྡོ་རྗེ་དབྱིངས་ཀྱི་ངོ་བོ་ཉིད་ནི་ཡེ་ཤེས ་ལྔ་སྟེ། དེ་རྣམས་ཀྱི་སྤྱོད་པ་ནི་མངོན་དུ་བྱེད་པ་སྟེ་།དེ་ལ་རྗེས་སུ་འགྲོ་བ་ནི་ཞུགས་པ་དང། འོང་བ་ན་དེ་ལས་གཞེངས་ཤིང་སེམས་ཅན་གྱི་དོན་མཛད་པ་གང་ཡིན་པ་དེ་ནི་དེ་བཞིན་ཏེ། རྡོ་རྗེ་འཆང་ཆེན་པོ་རེ་ཞིག་ཁམས་གསུམ་པ་ལ ་ཕན་པ་མཛད་པར་རབ་ཏུ་གྲགས་པའོ། །དེ་ཉིད་ཀྱི་ཟབ་པའི་གསུང་ཅིའི་སླང?་དུ་བརྫུན་དུ་གསུང་པའོ། །དེ་ཅིའི་སླད་དུ་ཞེས་པ་ནི་ཚངས་པ་ལ་སོགས་པའི་ནི་ལྷ་རྣམས་དང། བྱང་ཆུབ་སེམས་དཔའ་ཆེན་པོ་ནི་ས་བཅུའི་དབང་ཕྱུག་རྣམས་དང། མངོན་པར་ཤེས ་པ་ཐོབ་པ་ནི་ལྷའི་མིག་ལ་སོགས་པའི་ཡོན་ཏན་དང་ལྡན་པ་རྣམས་ཏེ། དེ་དག་ཀྱང་རྡོ་རྗེ་འཆང་ཆེན་པོས་གསུངས་པའི་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཀྱི་ངོ་བོ་ཉིད་ནི་དངོས་པོའི་རང་བཞིན་མི་ཤེས་པ་སྟེ། ཟབ་པའི་ཕྱིར་མི་རྟོགས་ན་།བདག་ཅག་སྨོས་ཅི ་དགོས་ཞེས་དེ་བཞིན་གཤེགས་པ་ལ་ཚུལ་གྱིས་བསྟན་པར་བྱེད་པའོ། །དེ་རྣམས་ཀྱང་རང་གི་སེམས་ལ་རྣམ་པར་རྟོག་པ་འདི་ལྟར་བྱེད་པ་སྟེ་།རྡོ་རྗེ་འཆང་ཆེན་པོ་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ནི་ལུས་ལ་སོགས་པ་དང་ཡེ་ཤེས་རྣམས ་ཏེ། དེ་དག་གི་དེ་ཁོ་ན་ཉིད་ནི་དོན་དམ་པ་སྟེ། དེ་ཉིད་ཡོངས་སུ་ཞེས་པ་ནི་ཡང་དག་པར་རྟོགས་ནས་གསང་བའི་ཡི་གེ་ནི་རྡོ་རྗེ་ཚུལ་གྱི་ཆོས་བསྟན་པ་མཛད་པ་འམ། ཡང་ན་མ་རྟོགས་ནས་མཛད་པ་སྟེ། དེ་ལྟ་བུའི་རྣམ་པར་རྟོག་པར་བྱེད་པའི་ཚངས་པ་ལ་སོགས ་མཁྱེན་ནས་དེ་རྣམས་རྗེས་སུ་གཟུང་བའི་ཕྱིར་རྡོ་རྗེ་འཆང་གིས་འོད་གསལ་བའི་ཏིང་ངེ་འཛིན་ལས་ཅིག་ཆར་དུ་བཞེངས་ཏེ། སྒྱུ་མ་ལྟ་བུའི་སྐུ་བླང་བར་མཛད་པར་འགྱུར་རོ། །ཟབ་པའི་དོན་མ་རྟོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ། མི་བསྐྱོད་བ་ལ ་སོགས་པས་འདི་སྐད་གསུངས་ཏེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་ནི་བོང་པའི་ཚིག་གོ། དེ་ཉིད་རྒྱུད་ཀྱི་རིགས་པས་བསྐོར་ཏེ། བྱང་ཆུབ་སེམས་དཔའ་ནི་ཚངས་པ་ལ་སོགས་པ་སྟེ། མངོན་པར་ཤེས་པ་ལྔ་དང་ལྡན་པའོ། །དེ་རྣམས་སྨོས་ཅི་དགོས ་ཏེ། ངེད?་ནི་མངོན་པར་ཤེས་པ་དྲུག་དང་ལྡན་པ་ཡང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་གྱི་རྡོ་རྗེ་འཆང་ཆེན་པོའི་གསང་བའི་མི་འགྱུར་ནི་འོད་གསལ་བའི་དེ་ཁོ་ན་ཉིད་དེ། དེ་རྙེད་པ་ནི་ཐོས་ནས་སྐུ་གསུང་ཐུགས་ཀྱི ་བྱང་ཆུབ་ནི་སྒྱུ་མ་ལྟ་བུའི་སྐུ་ཡོངས་སུ་གཟུང་བ་དང་།འོད་གསལ་བའི་ཁོ་ན་ཉིད་མི་ཤེས་ནི་མངོན་དུ་བྱེད་པར་མ་གྱུར་ཏོ། །དེ་ཅིའི་ཕྱིར་ཞེ་ན་།ཞེས་པ་ནི་སྐྱེ་བ་མེད་པའི་རྡོ་རྗེ་ནི་རྣམ་པར་ཤེས་བ་ཐམས་ཅད་རང་བཞིན་གྱི་ཚོགས ་འགགས་པའི་མཚན་ཉིད་ཅན་གྱི་ཐམས་ཅད་སྟོང་པ་སྟེ། དེ་ཉིད་མངོན་པར་བྱང་ཆུབ་ནི་རིམ་པ་གཞན་གྱིས་ཕྱག་རྒྱ་དང་།རིལ་པོར་འཛིན་པ་དང་རྗེས་སུ་འཇིག་པའི་ཏིང་ངེ་འཛིན་གྱིས་ཐོབ་པར་འགྱུར་བ་སྟེ། ངོ་བོ་ཉིད་མེད་བ་ནི་རྣམ ་པར་རྟོག་པའི་བག་ཆགས་ཀྱི་དྲི་མ་དང་བྲལ་བར་མི་འགྱུར་ལས་འབྱུང་བ་ནི་ཆོས་ཉིད་ཀྱིས་ངོ་བོར་གྲགས་པའོ། །དེ་ལྟ་བུའི་ཆོས་ཉིད་ངེད་ཀྱིས་ཀྱང་མངོན་དུ་བྱེད་པར་དཀའ་བ་ཡིན་ན་།ཚངས་པ་ལ་སོགས་པ་གཞན་རྣམས་ལྟ་སྤོས་ཅི་དགོས ་ཞེས་དགོངས་པའོ། །ཇི་སྐད་དུ་དབུ་མའི་ལམ་ནི་དེ་ཉིད་དང། ཆོས་རྣམས་བདག་མེད་དེ་ཉིད་དང། །ཡང་དག་མཛའ་དང་དེ་བཞིན་ཉིད། །སྟོང་པ་ཉིད་ཀྱང་དེ་ཉིད་དོ། །མཉམ་པ་ཉིད་དང་གྲོལ་བ་ཉིད། །རྣམ་པར་རིག་ཙམ་དེ་ཉིད་དོ། །ཆོས ་ཀུན་ནང་དུ་འགྲོ་བའི་ཕྱིར། །ཡུན་རིང་མ་ཡིན་ཉེ་བ་མིན། །དེ་བཞིན་ཉིད་དེ་རྟོགས་དཀའ་ཨི་ཕྱིར། །དེ་ཡི་ངོ་བོ་མཐོང་མི་འགྱུར། །ཕྲ་བར་གཟིགས་པའི་སངས་རྒྱས་ཀྱི། །ཕྲ་ཕྱིར་རང་གིས་རིག་འགྱུར་ཏེ། །རགས་པའི་བློ་ཅན་ངེད་རྣམས་ཀྱིས།། ་རང་གནས་ནས་ཡང་མཐོང་མི་འགྱུར་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ། །ཆད་པའི་ལྟ་བ་སེལ་བའི་ཕྱིར་བཤད་པར་བྱ་སྟེ་། བྱང་ཆུབ་དེ་ཡང་རྙེད་པར་མི་དཀའ་སྟེ། །ཅིའི་ཕྱིར་རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་ལ། ཇི་སྲིད་སེམས ་ཅན་ནི་འགྲོ་རྣམས་ཏེ། དེ་དག་སེམས་ཅན་ཡོངས་སུ་གཏོགས་པ་ནི་རྣམ་པ་བཞིས་བསྡུ་བ་སྟེ་།དེ་དག་ཐམས་ཅད་བྱང་ཆུབ་ནི་འོད་གསལ་བའི་དེ་ཁོ་ན་ཉིད་དང་པོ་ནས་ཐོབ་ཅིང་གནས་པར་གྱུར་ཏེ། ཆོས་ཉིད་ནི་རང་བཞིན་གྱིས་གྲུབ ་པས་བསྐྱེད་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །བསྐྱེད་པར་བྱ་བ་ཡིན་ན་འདུས་བྱས་པ་མི་རྟག་པ་ཉིད་ཀྱི་ཕྱིར་རོ། །འོ་ན་ཅིའི་ཕྱིར་སེམས་ཅན་རྣམས་གྲོལ་བར་མ་གྱུར་ཞེ་ན་།དེ་ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ་།སྐུ་གསུང་ཐུགས་ནི་དེ་རྣམས་ཉེ ་བར་བསྡུ་བར་བྱེད་པའི་རྡོ་རྗེ་ཡེ་ཤེས་ནི་འོད་གསལ་བའི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ལམ་དང་བླ་མའི་ཞལ་ལས་ཐོབ་ནས་སེམས་དེ་དག་སྐུ་གསུང་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་།དེའི་ཆོས་ཉིད་ནི་དོན་དམ་པའི་འོད་གསལ་བ་ཉིད་ཐོབ ་པར་འགྱུར་རོ།། དེ་བས་ན་བློ་བུར་པའི་དྲི་མ་སེལ་བར་བྱ་བའི་ཕྱིར་ལམ་དང་བླ་མ་རྣམས་ལ་བསྙེན་བཀུར་བྱ་བ་ཡིན་ཏེ། དེ་ཁོ་ན་ཉིད་ཐོབ་པར་བྱ་བའི་ཕྱིར་མ་ཡིན་ནོ། །དེ་བས་ན་དེ་ཁོ་ན་ཉིད་ནི་རྙེད་པར་སླ་བ་ཡིན་པ་དང་།རྙེད་པར་དཀའ་བ་ཡང་ངོ། །དེའི ་ཕྱིར་བཅོམ་ལྡན་འདས་ཀྱིས་དེ་ཁོ་ན་ཉིད་མངོན་དུ་མཛད་པའི་ཕྱིར་ཅང་མི་གསུང་བར་གྱུར་ཏེ། མི་མཁྱེན་པ་ལ་སོགས་པ་གཞན་གྱིས་ཡིན་ནོ་ཞེས་ཁྱེད་རྣམས་ལ་ཐེ་ཚོམ་མ་བསྐྱེད་ཅིག་པའོ། །ཇི་སྐད་དུ་རྣལ་འབྱོར་རིག་པས་རྣམས་ཀྱང་ནི། ་ཐར་པར་ཡུན་རིང་སེམས་མི་བྱ། །ཀུན་བརྟག་ངོ་བོས་སྟོང་པ་ཡི། །བདག་ཉིད་མཐོང་བ་ཐར་པ་ཡིན་ཞེས་འབྱུང་ངོ། །དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲིས་ལན་གསན་ནས་དོན་དེ་ཉིད་བསྟན་པར་བྱ་བའི་ཕྱིར་བཅོམ་ལྡན ་འདས་རྡོ་རྗེ་འཆང་ཆེན་པོས། །དེ་ནས་ཞེས་བྱ་བ་ལ་སོགས་པ་བཀའ་སྩལ་པ་སྟེ། རང་བཞིན་དག་ཅིང་བདག་མེད་ལ་ཞེས་བྱ་བ་ལ་སོགས་པ་ལ། རང་བཞིན་དག་པ་ནི་ཕུང་པོ་ལ་སོགས་པའི་ཆོས་འདི་རྣམས་ཐམས་ཅད་སྟོང་པའི་རང་བཞིན་དང། ་གནས་མེད་པ་ནི་ལོངས་སུ་བརྟགས་པའི་སོ་སོར་ངེས་པ་དང་ལྡན་པའི་མཚན་མ་དང་བྲལ་བའོ། །དེ་བཞིན་དུ་གང་ཞིག་སངས་རྒྱས་ཀྱི་ཆོས་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་སྟེ། དེ་རྣམས་དེ་དང་འདྲ་བའོ། །འོ་ན་བྱང་ཆུབ་སེམས་དཔས་ནི་འགྲོ ་པའི་དོན་ཇི་ལྟར་མཛད་ཅེ་ན། རྟོག་པ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཏེ། ངེས་རྡོ་རྗེ་འཇའ་ཚོན་དང་འདྲ་བའི་སྐུ་བླང་པ་སྟེ། དེ་ལས་བྱུང་བ་ནི་བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་གྱི་བྱ་བ་འདི་རྣམས་སོ། །དེ་བས་ན་སྒྱུ་མའི་སྐུ་ལ ་བརྟེན་ཏེ་བྱ་བ་ཐམས་ཅད་དང་ཆོས་ཐམས་ཅད་དང། སངས་རྒྱས་ཀྱི་ཆོས་རྣམས་སྨྲ?་བར་བྱེད་པ་ནི་བརྗོད་པ་ཀུན་རྫོབ་ཀྱིས་བསྟན་པར་བྱའོ། །འོད་གསལ་བ་ལ་དམིགས་ཏེ་རང་རིག་པའི་ཕྱིར། སྨྲ་བ་ཡིན་ན་དེ་རྣམས་བརྗོད་དུ་མི་ནུས་པ་སྟེ། ་ལྷ་དང་དམྱལ་?་པ་རྣམས་ཀྱི་བདེ་དང་སྡུག་བསྔལ་ཉམས་སུ་མོང་བའི་ཆེར་བ་སྟོན་པར་བཞིན་དང། བུ་མོའི་དགའ་བ་བཞིན་དུ་སྟེ་རྫོགས་པའི་རིམ་པ་དང། སེམས་རྣམ་པར་དག་པ་དང་མངོན་པར་བྱང་ཆུབ་པ་དང། བདག་ལ་བྱིན་གྱིས་བརླབས་པའི ་རིམ་པ་རྣམས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་བཏབ་པ་སྟེ། ཀྱེ་བཅོམ་ལྡན་འདས་གང་ཞིག་སྔར་ཞི་བ་ལ་སོགས་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྣམས་གསུངས ་པ་དེ་རྣམས་གང་ལས་བྱུང་བ་དང་གང་དུ་གནས་པ་ལགས་ཞེས་དྲིས་པའོ། །དེའི་དགོངས་པ་འདི་ཡིན་ཏེ། རེ་ཞིག་འོད་གསལ་བ་དང་སྒྱུ་མའི་སྐུ་ངག་ཐ་མི་དད་པའི་ཕྱིར་རྣམ་པར་མི་རྟོག་པ་ཉིད་ཡིན་ཏེ། གང་ཞིག་དངོས་གྲུབ་འདི་རྣམས་དེ ་ལྟར་སྤྲོས་པ་མང་པོས་བསྒྲུབ་པར་བྱ་བ་ཡིན་ཏེ། དེ་རྣམས་ད་ལས་བྱུང་བ་འམ་དེར་གནས་པ་ཞེས་བྱ་བ་ནི་རིགས་པ་མ་ཡིན་ནོ་ཞེས་ཐེ་ཚོམ་ས་བོན་ནོ། །རྡོ་རྗེ་འཛིན་པས་བཀའ་སྩལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས ་པ་ལ། རང་གི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་རང་གི་འོད་གསལ་བ་དང། དེ་ལས་བྱུང་བའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་སྒྱུ་མའི་སྐུ་སྟེ། དངོས་གྲུབ་དེ་རྣམས་དེ་ལ་གནས་པ་དང། དེ་ཉིད་ལ་བརྟེན་ཏེ་འབྱུང་བར་འགྱུར་ཏེ། གཟུགས?་བརྙན ་བཞིན་དུའོ། །འདི་ནི་ཤིན་ཏུ་ཉུང་བ་བཤད་པ་སྟེ། ཁམས་གསུམ་པ་འདི་དག་ཀྱང་དེ་ཉིད་དུ་གནས་པ་དང་དེ་ཉིད་ལས་འབྱུང་བའོ། །རབ་ཏུ་བྱེད་པ་ལས་ཀྱང་རླུང་གི་སྦྱོར་བ་མེད་པ་ཡིས། །སེམས་ཀྱི་རང་བཞིན་གཟུང་མི་འགྱུར། །རང་བཞིན ་རྒྱུར་གྱུར་སེམས་ལས་ནི། །ལས་དང་སྐྱེ་བ་ཡང་དག་བྱུང། །རླུང་དང་བཅས་པ་དེ་ཉིད་ནི། །རྣམ་པར་ཤེས་པ་གསུམ་པོ་ལས། །རྣལ་འབྱོར་པ་ཡི་སྐུ་སྐྱེས་ཏེ། །སྒྱུ་མའི་སྐུ་ནི་དེ་བཤད་པའི། །སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །ཐམས་ཅད ་དེ་དང་འདྲ་བར་མཐོང་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ་གང་ཞིག་དེ་བཞིན་གཤེགས་པ་ཐམས་ཅད་གྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཐོབ་པ་དང། ཁམས་གསུམ་ནི་སྐུ་གསུམ་སྟེ། དེ་དག་གང་ནས་བྱུང་བ་དང་གང་དུ་གནས་ཤེས་འདྲི་བའོ། །གསུངས་པ་ནམ་མཁའ་ནི་འོད་གསལ་བ་ལ་གནས་པ་དང། དེ་ཉིད་ལས་བྱུང་བ་དང། ཐམས ་ཅད་ནི་དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་རྣམས་ཀྱིས་གསོལ་བ་ནམ་མཁའ་གང་ན་གནས་ཤེས་པ་ནི་དྲི་བའོ། །གང་ན་ཡང་མ་ཡིན་ནོ་ཞེས་པ་ནི་ཁྱབ་པར་བྱེད་པའི་ཕྱིར་སོ་སོར་ངེས་པ་དང་ལྡན་པ་མེད་པས་ནམ་མཁའ་དང་འདྲ་བ་ཡིན་ནོ་ཞེས ་དགོངས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་དང། བྱང་ཆུབ་སེམས་དཔའ་ནི་འཇམ་དཔལ་ལ་སོགས་པ་སྟེ། དེ་རྣམས་ངོ་མཚར་དུ་གྱུར་པ་ནི་ཐོས་པས་དང་རྨད་དུ་གྱུར་པ་ནི་བསམས་པས ་དང། དེའི་འོག་ཏུ་དོན་འདི་ཉིད་བསྒོམས་པས་འདི་ལྟར་གསུངས་པ་སྟེ། ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ལ། ཨེ་མའོ་རྡོ་རྗེ་ཞེས་པ་ནི་འོད་གསལ་བ་དང། ཡང་ཨེ་མའོ་རྡོ་རྗེ་ནི་དེ་ལས་བྱུང་བའི་འཇིག་རྟེན་པ་དང། འཇིག་རྟེན་ལས་འདས ་པའི་དངོས་གྲུབ་རྣམས་དང། རྡོ་རྗེ་ནི་དེ་ལས་བྱུང་བའི་སྒྱུ་མ་ལྟ་བུའི་སྐུ་སྟེ། དེ་ཉིད་བསྟན་པ་ནི་རབ་ཏུ་བསྟན་པ་སྟེ་དེ་ནི་ངོ་མཚར་བའོ། །དེ་ཅིའི་ཕྱིར་ཞེ་ན། གང་དུ་ཞེས་བྱ་བ་ལ་སོགས་པ་ལ། འོད་གསལ་བ་གང་དུ་ལུས་ནི ་སྣང་བའི་ཡེ་ཤེས་དང། ངག་ནི་སྣང་བ་མཆེད་པའི་ཡེ་ཤེས་དང་སེམས་ནི་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་ཡོད་པ་མ་ཡིན་ཏེ། དེ་རུ་ཞེས་པ་ནི་དེ་ཉིད་ལས་གཟུགས་ནི་སྒྱུ་མ་ལྟ་བུའི་སྐུའི་རྣམ་པ་རྣམ་པར་སྒོམ་པ་ནི་ཁྱད་པར་དུ་འགྲོ་བའི ་དོན་དུ་སྤྲོ་བར་བྱ་བ་ཡིན་ཏེ། དེ་ནི་ཤིན་ཏུ་ངོ་མཚར་བ་སྟེ། སེམས་ཅན་རྣམ་པར་དག་པ་དང། བདག་ལ་བྱིན་གྱིས་བརླབས་པ་ངག་གོ་།དེ་ནས་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་གཞན་གསུངས་པ་སྟེ། ་རྡོ་རྗེ་ནི་འོད་གསལ་བ་སྟེ། དེ་འཛིན་པས་ན་རྡོ་རྗེ་འཛིན་ནོ། །རྣམ་པར་ཤེས་པ་གསུམ་མི་སྣང་བར་མཛད་པས་ན་སྟོན་པའོ། །སངས་རྒྱས་ཀུན་ནི་རང་བཞིན་གྱི་ཚོགས་ཏེ། དེ་དག་གིས་ཕྱག་བྱས་པ་ནི་བྲལ་བའོ། །རྡོ་རྗེ་གསུམ་ཡང ་ཡིན་ལ་བླང་པར་བྱ་བའི་ཕྱིར་མཆོག་ཀྱང་ཡིན་པས་རྡོ་རྗེ་གསུམ་མཆོག་སྟེ་སྟོང་པ་དང། ཤིན་ཏུ་སྟོང་པ་དང་སྟོང་པ་ཆེན་པོ་སྟེ། དེ་རྣམས་ཀྱི་མཆོག་ནི་ཐམས་ཅད་སྟོང་པ་སྟེ། ངེས་མཆོག་ནི་དེའི་གོ་འཕང་ཐོབ་པས་དམ་པའོ།། ་རྡོ་རྗེ་གསུམ་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་སྟེ། དེ་རྣམས་ཀྱི་མཆོག་ནི་ངོ་བོ་ཉིད་ཀྱི་སྐུའི་རང་བཞིན་ནོ། །དངོས་གྲུབ་ཐམས་ཅད་ནི་སྟོབས་བཅུ་དང་མི་འཇིགས་ལ་སོགས་པའི་བསྡུ་བ་ནི་བསྡུ་བར་གྱུར་པ། ་རིགས་པ་ནི་འོད་གསལ་བ། དེ་ལས་བྱུང་བའི་སྐྱེས་བུ་ནི་ཡེ་ཤེས་ཀྱི་སྐུའི་རང་བཞིན་གྱི་ལྷའི་སྐུའི་རྣམ་པ་བཤད་པར་མཛད་པ་ནི་གསུངས་ཏེ་སྡུད་པ་པོའི་ཚིག་གོ་།དེ་ནི་སེམས་རྣམ་པར་དག་པ་དང་བདག་བྱིན་གྱིས་བརླབ་པའི ་རིམ་པ་ངག་གོ་།དང་པོ་རེ་ཞིག་རྣལ་འབྱོར་པས་མཁའ་དབྱིངས་ནི་འོད་གསལ་བ་སྟེ་ཐམས་ཅད་སྟོང་པའི་མཆོན་ཉིད་།དེ་ཉིད་ཆོས་ཐམས་ཅད་ཀྱི་ནང་དུ་ཆུད་པས་ན་རྡོ་རྗེ། དེའི་དབུས་གནས་པ་ནི་དེའི་ནང་དུ་ཉེ་བར་བསྡུས་པ། སངས་རྒྱས་དཀྱིལ ་འཁོར་ནི་ཡེ་ཤེས་གསུམ་བསྒྲོམ་པ་ནི་བསམ་པར་བྱའོ། །དེ་བཞིན་དུ་སྐུ་དང་རྡོ་རྗེ་ནི་སྐུ་རྡོ་རྗེ་སྟེ་ལུས་དང་ངག་གོ་།དེ་དག་གི་སྤྱི་བོར་ནི་དེའི་རྗེས་ལ་རྡོ་རྗེ་སྟེ་སེམས་སོ། །རབ་ཏུ་བསྒོམ་པ་ནི་ལུས་དང་ངག་དང་སེམས་ཁྱད་པར་བྱེད་པ་རང་བཞིན་གྱི་ཚུལ ་ཏུ་དེ་ཉིད་དུ་ཞུགས་པར་བྱའོ། །ཞལ་གསུམ་ནི་ཤེས་རབ་དང་ཐབས་དང་ཉེ་བར་ཐོབ་པའི་ངོ་བོ་སྐུ་གསུམ་ལས་བྱུང་བ་ནི་ཁམས་གསུམ་བསྐྱེད་པའི་མཚན་ཉིད་ཅན་གྱི་རང་བཞིན་རྣམས་ཏེ་དེ་རྣམས་ཀྱང། རྣམ་པར་འཕྲོ་བ་ནི་དེ་ཉིད་དུ ་གསལ་བའི་ངོ་བོར་གྱུར་པ་དྲི་མ་མེད་པར་བསམ་པར་བྱའོ། །དེ་ལྟར་འོད་གསལ་བ་ཐོབ་ཅིང་རྡོ་རྗེ་ལ་སོགས་པས་ཉིད་པར་ཐོབ་པའི་སྒྱུ་མའི་སྐུ་བསམ་པ་ནི་སྤྲོ་ཞིང་མྱུར་དུ་ནི་ཅིག་ཅར། བྱང་ཆུབ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་མཚན་ཉིད ་རྡོ་རྗེ་འཆང་ཆེན་པོ་ཉིད་ཐོབ་པར་འགྱུར་རོ། །རིགས་ཀྱི་བྱེ་བྲག་ནི་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་ཐ་སྙད་ནི་གཟུགས་ལ་སོགས་པ་དང་སྤྱོད་ལམ་བཞིན་བསམ་པར་བྱའོ། །གསང་བ་ནི་རྟོག་པའི་རྣལ་འབྱོར་པ་རྣམས་ལ་བསྟན་པར་བྱ་བ་མ་ཡིན་པའོ། ་གཞན་དུ་ནི་ཏིང་ངེ་འཛིན་སྤོང་ཞིང་རྟོག་པའི་རྣལ་འབྱོར་གྱི་རིམ་གྱིས་།མཆོག་ནི་རྡོ་རྗེ་འཆང་ཆེན་པོའི་དངོས་གྲུབ་མི་འགྱུར་ནི་དགའ་བས་འགྱུར་རོ་ཞེས་སྟོན་ཏོ། །རིག་པའི་སྐྱེས་བུ་རྡོ་རྗེ་འཆང་ཆེན་པོས་འདི་སྐད་བཀའ་སྩལ་ཏོ་ཞེས་བྱ་བ་དང ་སྦྱར་རོ། །དེ་ནི་སེམས་རྣམ་པར་དག་པ་དང་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་དག་གོ་།དེ་བཞིན་དུ་རྒྱལ་མོ་ཆེ་ནི་ཡི་གེ་དང་ཚིག་དང་དག་དང་ངག་ཆེན་པོ་ལ་སོགས་པ་ཐམས་ཅད་ཀྱི་རྒྱུར་གྱུར་བ་ཡི་གེ་ཕྱི་མོ་བཞི་བཅུ་རྩ་དགུ་པའོ།། ་ཇི་ལྟ་བུའི་ཞེ་ན། དབྱིངས་གྱུར་པ་ནི་ཁྲག་དང་ཤ་དག་གི་རང་བཞིན་གྱི་སྲོག་དང་རྩོལ་བ་དག་གི་རྒྱུར་གྱུར་པའོ། །དེ་ཉིད་ཡི་གེ་གསུམ་གྱི་བདག་ཉིད་དུ་མཉེས་པར་བྱེད་པ ་ནི་འཇུག་པ་ལ་སོགས་པའི་རིམ་པས་རྒྱུ་བ་བསམས་པ་ནི་བཟླས་པར་བྱའོ། །དེ་ལྟར་བྱས་ན། ཁྱུ་མཆོག་ནི་རྫོགས་པའི་རྣལ་འབྱོར་པ་རྣམས་མཉེས་པར་གྱུར་པ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་འཐོབ་པར་འགྱུར་རོ། །རྡོ་རྗེ་སྐུ་གསུམ་ནི་ཆོས ་ཀྱི་སྐུ་ལ་སོགས་པ་གསུམ་སྟེ། དེས་མཚན་པ་ནི་དེ་རྣམས་ཐོབ་པར་འགྱུར་རོ། །གང་ཞིག་ཅེས་བྱ་བ་ལ་སོགས་པ་ལ། གང་ཞིག་ཅེས་པ་རྟག་པའི་རྣལ་འབྱོར་པ་འམ་རྫོགས་པའི་རྣལ་འབྱོར་པ་སྟེ། བྱང་ཆུབ་སེམས་དཔའ་ནི་རྡོ་རྗེ ་འཆང་ཆེན་པོའི་གོ་འཕང་ཐོབ་པའི་བསམ་པ་དང་ལྡན་པ་དང། གྲགས་ཆེན་ནི་མཆོག་གི་སྤྱོད་པ་རྟོགས་པས་གྲགས་པ་ཐོབ་པས་བསྒོམ་པའི་རིམ་པ་འདི་བསྒོམས་ན། དེ་ནི་ཞག་བདུན་ནི་དཀྱིལ་འཁོར་བཞི་ལ་འཇུག་པ་ལ ་སོགས་པའི་རིམ་པ་གསུམ་པོས་སྐུ་གསུམ་དངོས་གྲུབ་ནི་སྔར་བཤད་པ་སྟེ། དེ་ཐོབ་པར་འགྱུར་རོ། །གཟི་ཚེ་བ་ནི་སྤྲུལ་པའི་སྐུ་རྣམས་ཀྱིས་འགྲོ་བའི་དོན་བྱེདཔ་ཡིན་ནོ་ཞེས་སྟན་ཏེ། རྡོ་རྗེ་བཟླས་པའི་རིམ་པའོ། །དེ་ནས་ཞེས ་བྱ་བ་ལ་སོགས་པས་།སྐུ་གསུང་ཐུགས་ནི་འདོད་ཆགས་བྲལ་བ་དང་འདོད་ཆགས་བར་པ་སྟེ་དེ་རྣམས་སྦྱང་བའི་ཐབས་རྡོ་རྗེ་སྟེ་མངོན་པར་བྱང་ཆུབ་པའོ། །དེ་ཉིད་བསྡུས་པ་ནི་འདོད་ཆགས་ལ་སོགས་པ་དང་འདྲེས་པ་སྟེ། དེ་ཉིད ་གསང་བ་ནི་རྟོགས་པའི་རྣལ་འབྱོར་པ་རྣམས་ཀྱི་ཡུལ་མ་ཡིན་པ་སྟེ། དེ་ཉིད་འབྲས་བུར་འགྱུར་བ་གསུངས་པ་སྟེ། སྐུ་གསུང་ཐུགས་ཞེས་བྱ་བ་ལ་སོགས་པ་ལ། སྐུ་གསུང་ཐུགས་ནི་དུས་མཚམས་དང་མཚན་མོ་དང་ཉིན་མོའི ་བདག་ཉིད་ཀྱི་ཡེ་ཤེས་རྣམས་ཏེ། དེ་དག་ཕྱིའི་མངོན་པར་བྱང་ཆུབ་པའི་རིམ་པས་གང་དུ་གཅིག་ཏུ་གྱུར་པ་དེ་ནི་སྐུ་གསུང་ཐུགས་ཀྱི་དམ་ཚིག་སྟེ། བཞི་བའི་དེ་ཁོ་ན་ཉིད་དོ། །དེ་ཉིད་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱེད་པའི་རྒྱུ་ཡིན་པའི ་ཕྱིར་རྒྱུ་རྒྱ་ཆེན་པོ་སྟེ། དེ་ཉིད་ཀྱི་དོན་ནི་གསུམ་པ་དང་བྲལ་བའི་ཁྱད་པར་ནི་སྐད་ཅིག་མ་སྟེ། དེ་བསྟན་པ་ནི་བསྒོམ་པར་བྱའོ། །ཀུན་ནི་དེ་དག་ཐམས་ཅད་ཆོ་ག་བཞིན་ནི་སྨིག་རྒྱུ་ལ་སོགས་པའི་མཚན་མ་ལྔ་ཉེ་བར་མཚོན་པ་སྔོན་དུ་འགྲོ ་བར་བསྒོམ་པ་ནི་ནང་གི་བདག་ཉིད་ཀྱི་མངོན་པར་བྱང་ཆུབ་ལ་ཞུགས་པར་བྱའོ། །དེའི་ཚེ་སྐད་ཅིག་ནི་སྐད་ཅིག་མ་བཞི་པ་དེ་ཉིད་ཀྱིས་སངས་རྒྱས་ནི་རྡོ་རྗེ་སེམས་དཔའ་ཉིད་ཐོབ་པར་འགྱུར་ཏེ། མངོན་པར་བྱང་ཆུབ་པའི་རིམ་པའོ། །དེ་ནས ་ཞེས་བྱ་བ་ལ་སོགས་པས་སྒྲུབ་པ་པོ་ཐམས་ཅད་ནི་རྟོགས་པའི་རིམ་པ་སྤྱོད་པའི་རྣལ་འབྱོར་པ་རྣམས་ཀྱི་ལུས་ངག་སེམས་གསང་བ་ནི་ཕྱི་རོལ་གྱི་ཕྱག་རྒྱ་མ་ལ་སོགས་པའི་སྤྲོས་པ་དང་བྲལ་བ་ཉིད་གསུངས་པ་སྟ། གལ་ཏེ་བྱང་ཆུབ་ཅེས་བྱ ་བ་ལ་སོགས་པ་ལ། ལག་པའི་ཕྱག་རྒྱ་ནི་དེ་ཁོ་ན་ཉིད་བསྡུ་པ་ལས་གསུངས་པ་འགུགས་པ་ལ་སོགས་པའི་ཕྱག་རྒྱ་སྟེ། དེ་བཅིང་བར་མི་བྱ་སྟེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་སྒྲུབ་པའི་རྣལ་འབྱོར་པ་ཉིད་ཀྱི་སྐུ་ནི་རྡོ་རྗེ ་འཆང་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་བྱང་ཆུབ་མཆོག་ནི་རྡོ་རྗེ་འཆང་ཉིད་འདོད་ན་དེའི་ཚེ་དམ་ཚིག་འདི་ནི་རྒྱལ་བའི་སྲས་ནི་དཔལ་གསང་བ་འདུས་པ་ལ་དབང་བསྐུར་བ་རྣམས་ཀྱིས་སྤང་བར་མི་བྱའོ། །རབ་ཏུ་བྱེད་པ་ལས་ཀྱང། བླང་པོ ་རྙེད་ནས་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། རྫོགས་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་སངས་རྒྱས་ཀྱི་དམ་ཚིག་ནི་སྐུ?་རྡོ་རྗེའི་དམ་ཚིག་གསུངས་པ་སྟེ། བཤད་གཅི་ཞེས་བྱ་བ་ལ་སོགས་པ་དེ་རྣམས་སྨད་པར་མི་བྱ་སྟེ། འོན་ཀྱང ་ཆོ་ག་བཞིན་ནི་སྔགས་དང་ཕྱག་རྒྱའི་རིམ་པས་བཟང་བར་བྱའོ། །རྡོ་རྗེ་གསུམ་འབྱུང་ནི་ལུས་ལ་སོགས་པ་དག་པར་བྱེད་པའི་དེ་ཁོ་ན་ཉིད་དེ་སྒྲུབ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པའི་གསུང་རྡོ་རྗེའི་དམ་ཚིག་ནི་སྣང ་བ་མཛའ་ཡས་ཀྱི་དམ་ཚིག་གསུངས་པ་སྟེ། ཁམས་གསུམ་ཞེས་བྱ་བ་ལ་སོགས་པ་ལ། ཁམས་གསུམ་ཞེས་པ་བུད་མེད་རྣམས་ཡེ་ཤེས་ཀྱི་ཕྱག་རྒྱ་མ་དང་གཅིག་ཏུ་བྱས་ལ་ཆོ་ག་བཞིན་ནི་སྔགས་ཀྱིས་འདུས་བྱས་པ ་སྔོན་དུ་འགྲོ་བར་སྤྱད་པའི་ཉེ་བར་སྤྱོད་པར་བྱའོ། །གསུང་གི་རྡོ་རྗེ་ནི་དེ་ལས་བྱུང་བའི་སྣང་བ་མཛའ་ཡས་མི་རྨད་པ་ནི་ལྕེས་བལྡག?་པར་བྱའོ་ཞེས་སྟོན་ཏེ་སྒྲུབ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ཐུགས་རྗེའི་དམ་ཚིག་གསུངས ་པ་སྟེ། རྡོ་རྗེ་གསུམ་ཞེས་བྱ་བ་ལ་སོགས་པ་ལ། ཇི་སྲིད་སེམས་ཅན་ནི་སྒོ་ང་ལས་སྐྱེས་པ་ལ་སོགས་པའི་དབྱེ་བས་རྣམ་པ་བཞིའི་སེམས་ཅན་གྱི་རིགས་ཏེ། དེ་རྣམས་རྡོ་རྗེ་གསུམ་ལས་འབྱུང་བ་ནི་རྡོ་རྗེ་འཆང་ཆེན་པོའི་སྤྲུལ ་པ་ལས་འབྱུང་བའོ། །དེ་རྣམས་རྡོ་རྗེ་གསུམ་གྱི་དམ་ཚིག་ནི་ཕྱི་དང་གསང་བ་དང་ནང་གི་བདག་ཉིད་ཀྱི་མཆོད་རྣམས་ཀྱི་མགུ་ཞིང་ཚིམ་པར་བྱའོ། །དེ་རྣམས་ཀྱི་ཐུགས་ནི་སེམས་ཏེ་དང་རང་གི་སེམས་ཀྱང་མི་སྨད་པ་ནི་སྨོད་པར་མི ་བྱ་སྟེ། འོན་ཀྱང་དེའི་བདག་ཉིད་ཀྱིས་རྡོ་རྗེ་འཆང་བཞིན་དུ་མཐོང་བར་བྱའོ། །ཇི་སྐད་དུ་ཕ་རོལ་སྨྲ་བ་ཡང་དག་རུང་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ། །རྡོ་རྗེ་གསུམ་པོ་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། དེ་རྣམས་ཀྱི་དམ་ཚིག ་གང?་ལས་བྱུང་བ་དེ་ནི་རྡོ་རྗེ་འཆང་ཆེན་པོས་བཀའ་སྩལ་ཏེ་སྒྲུབ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་གསང་བ་རྡོ་རྗེ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམ་པར་དག་པ་སྟེ། དེ་གསུངས་པ་མདོར་ན་ཞེས་བྱ་བ་ལ་སོགས་པ་ལ། ་གང་ཞིག་ཐ་མལ་པའི་ཕུང་པོ་ནི་གཟུགས་ལ་སོགས་པ་འདི་རྣམས་སྣང་བར་གྱུར་པ་དེ་ཉིད་རྣམ་པར་དག་ན། སངས་རྒྱས་ལྔ་ནི་སངས་རྒྱས་ལྔའི་རང་བཞིན་ཏེ། རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་དུ་ཤེས་པར་བྱའོ། །དེ་བཞིན ་དུ་གང་ཞིག་རྡོ་རྗེ་སྐྱེ་མཆེད་ནི་མིག་ལ་སོགས་པའི་དབང་པོ་འདི་རྣམས་དྲུག་སྟེ། དེ་ངག་ཀྱང་བྱང་ཆུབ་སེམས་དཔའ་ནི་སྙིང་པོ་ལ་སོགས་པའི་དཀྱིལ་འཁོར་མཆོག་ནི་ཕུལ་དུ་བྱུང་བའི་ཚོགས་སུ་ཤེས་པར་བྱ་སྟེ། བསྐྱེད་པའི་རིམ་པའི་རྣལ ་འབྱོར་པ་རྣམས་ཀྱི་རིགས་བརྒྱའི་དབྱེ་བས་རྣམ་པར་དབྱེ་བས་རྣམ་པར་དཔེན?་པ་འདི་ཡིན་ནོ། །རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱི་སེམས་ཀྱི་མོས་པ་ནི་ཁམས་གསུམ་པ་འདི་དག་ཐམས་ཅད་སངས་རྒྱས་ཀུན་གྱི་རང་བཞིན ་ཡིན་ནོ་ཞེས་བྱ་བའོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་དག་པ་ནི་རྣམ་པ་གཉིས་ཏེ། ཁྱབ་པར་བྱེད་པ་དང་ཉི་ཚེ་བའོ། །དེ་ལ་ཁྱབ་པར་བྱེད་པ་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱི་དང། ཉི་ཚེ་བ་ནི་ཕྱོགས་ཅིག་པ་སྟེ་བསྐྱེད་པའི ་རིམ་པའི་རྣལ་འབྱོར་པ་རྣམས་ཀྱིའོ?། །དེ་ནས་ཞེས་བྱ་བ་ལ་སོགས་པས། ཁམས་གསུམ་གྱི་དམ་ཚིག་ནི་ས་ལ་སོགས་པའི་ཁམས་རྣམས་ཏེ། དེ་རྣམས་ཀྱི་འཁོར་ལོ་ནི་རྣམ་པར་དག་པ་གསུངས་པ་སྟེ། ས་ནི་སྤྱན་ཞེས་བྱ་བ་ལ་སོགས ་པ་ལ། ས་ལ་སོགས་པ་ཁམས་བཞི་པོ་འདི་རྣམས་ལྷ་མོའི་སྤྱན་ལ་སོགས་པའི་རང་བཞིན་ཏེ། གང་ཞིག་ནམ་མཁའ་ཨི་ཁམས་འདི་དེ་ཉིད་རྡོ་རྗེ་འཆང་ཆེན་པོར་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ཕུང་པོ་དང་ཁམས་དང ་སྐྱེ་མཆེད་དེ། དེ་རྣམས་ཀྱི་ཡང་དག་པ་ནི་དེ་ཁོ་ན་ཉིད་དེ། སངས་རྒྱས་ལ་སོགས་པའི་རང་བཞིན་དུ་ཤེས་པའོ། །དེའི་དབང་ཕྱུག་ནི་བདག་པོ་སྟེ་མངོན་དུ་བྱེད་པ་རྡོ་རྗེ་སེམས་དཔས་དེ་སྐད་བཀའ་སྩལ་ཏོ་ཞེས་པ་དང་སྦྱར་ཏེ་རྫོགས་པའི ་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་བཅོམ་ལྡན་འདས་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ཕུང་པོ་ལ་སོགས་པ་སྟེ་།དེ་རྣམས་ཀྱི་རྣམ་པར་དག་པ་གསུང་བ་དང་དེའི་རང་བཞིན ་བསྒོམས་པས་མཉམ་པ་ཉིད་ནི་འོད་གསལ་བ་ཆེན་པོའི་ཆོས་ཉིད་རྟོགས་པ་སྟེ། དེ་ཉིད་སྤྱོད་པ་ནི་ཇི་ལྟ་བ་བཞིན་དུ་ཐུགས་ལ་རྟོགས་པ་སྟེ་།དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སླར་འདྲི་བའི་སྐབས་གསོལ་བའི་ཕྱིར་ཅང་མི ་གསུང་བར་གྱུར་པ་རྩེ་གཅིག་པ་ཉིད་ལ་ཞུགས་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་ཀྱི་ཅང་མི་གསུང་བས་རྒྱུད་མ་རྫོགས་པར་རྟོགས་ཤིང། བྱང་ཆུབ་སེམས་དཔའ་བྱམས་པས་དེ་བཞིན་གཤེགས་པ ་ནི་མི་བསྐྱོད་པ་ལ་སོགས་པ་ལ་འདི་སྐད་གསོལ་ཏེ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ་།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ནི་སློབ་དཔོན་དང་གསང་བ་དང་ཤེས་རབ་ཀྱི་དབང་བསྐུར་བ་གསུམ་པོ་དང། ་རྡོ་རྗེ་གསང་བ་ནི་དེ་ཡང་དེ་བཞིན་བཞི་པའོ། །ཞེས་བྱ་བས་གང་ཞིག་དཔལ་གསང་བ་འདུས་པའི་རྒྱུད་འདི་ལ་དབང་བསྐུར་བ་ནི་དབང་ཐོབ་པའི་སློབ་དཔོན་ནི་རྡོ་རྗེ་སློབ་དཔོན་ཏེ། དེ་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་རྣམས ་ཀྱིས་ཇི་ལྟར་བལྟ་བ་ནི་ཇི་ལྟར་ཤེས་པར་བགྱི་ཞེས་འདྲི་བའོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་པ། རིགས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་བྱང་ཆུབ་སེམས་དཔའ་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོ་བཞིན་དུ་བལྟ་བར་བྱའོ། །ཅིའི ་ཕྱིར་ཞེ་ན་།བྱང་ཆུབ་ཀྱི་སེམས་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱི་རྡོ་རྗེ་འཆང་སྟེ། དེ་དང་སློབ་དཔོན་ནི་རྡོ་རྗེའི་བླ་མ་སྟེ། དེ་དག་གཉིས་པོ་གཅིག་ཡིན་ནོ་ཞེས་ཤེས་པར་གྱིས་ཤིག་པའོ། །རིགས་ཀྱི་བུ་ཞེས ་བྱ་བ་ལ་སོགས་པ་ལ། མདོར་བསྟན་པ་འདི་ཡིན་ཏེ། ཕྱོགས་བཅུ་ལ་གང་ཞིག་འཇིག་རྟེན་གྱི་ཁམས་ནི་སྐྱེ་བོའི་གནས་རྣམས་ཏེ། དེ་རུང་ཇི་སྲིད་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་འཁོད་པ་ནི་ཐོབ་པ་ནི་བསམ་པ་དང། སྐྱོང་བ་ནི ་བསྒོམ་པ་སྟེ་།དེ་རྣམས་ཐམས་ཅད་དུས་གསུམ་གྱིས་མཚན་མོ་དང་ཉིན་མོ་ལ་མཆོད་པ་རྣམས་པ་ལྔས་སྣང་བར་མི་འགྱུར་བས་སློབ་དཔོན་དེ་ལ་མཆོད་ལ། བདག་ཅག་ཐམས་ཅད་ཀྱི་འདི་ཕ་དང་མ་སྟེ། ཇི་སྲིད་འདི་ཉིད་སྟོན་པ་ནི་དེ་བཞིན་གཤེཌ ་པའོ་ཞེས་ངག་བརྗོད་ཅིང་འགྲོ་བར་འགྱུར་རོ། །འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ལ་།ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་གསན་པ་ལ་སོགས་པའི་རིམ་པས་རང་དང་གཞན་གྱི་དོན་མཛད་པ། ཇི་སྙེད་པའི་བསོད་ནམས་ཀྱི་ཕུང་པོ་ནི་བསོད ་ནམས་ཀྱི་ཚོགས། དེ་ཡང་སློབ་དཔོན་གྱི་བ་སྤུའི་བུ་ག་གཅིག་ཙམ་དང་མཉམ་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེའི་དྲིན་གྱིས་བྱང་ཆུབ་ཀྱི་སེམས་ནི་དོན་དམ་པའི་འོད་གསལ་བ་སྟེ་།སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ནི་མེ་ལོང་ལྟ་བུ་ལ་སོགས་པ་སྟེ་།དེ་རྣམས་ཀྱི་སྙིང་པོར་གྱུར་པ་ནི་འབྲས་བུར་གྱུར་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རང་བཞིན་ཏེ། སློབ་དཔོན་དེ་ཉིད་ལས་འབྱུང་བ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པའི་གསུང་ཐོབ ་ནས་འཇིགས་ཤིང་སྐྲག་པ་ནི་ངོ་ཚ་བའི་དབང་གིས་སོ། །རྡོ་རྗེ་འཆང་དང་སློབ་དཔོན་གཅིག་ཡིན་པས་དེ་ལ་ཐེ་ཚོམ་མེད་པ་ཡིན་ན། འདྲི་བའི་རྒྱུ་གང་ཡང་མེད་པ་སྟེ་ངོ་ཚ་བའི་རྒྱུའོ། །དེ་བས་ན་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་ཞེས་བྱ་བ་ལ ་སོགས་པ་ལ་བྱམས་པ་ཅང་མི་སྨ་བར་གྱུར་པས་ཐེ་ཚོམ་མ་སེལ་བར་མཁྱེན་ནས། མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་རྡོ་རྗེ་འཛིན་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། དེ་རྣམས་ཀྱི་དངོས་གྲུབ་ནི ་ཞིབ་ལ་སོགས་པའི་འཇིག་རྟེན་པ་དང། འཁོར་ལོ་འཛིན་པ་ལ་སོགས་པའི་འཇིག་རྟེན་ལས་འདས་པ་སྟེ། དེ་རྣམས་ཀྱི་དམ་ཚིག་ལ་དམིགས་པ་མིང་དབང་བསྐུར་བའི་རིམ་པ་སྟེ་།དེ་ལ་རྡོ་རྗེ་ནི་རྡོ་རྗེ་སློབ་དཔོན ་ཏེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱམས་པ་ལ་སོགས་པ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ཁྱེད་རྣམས་ནི་བྱམས་པ་ལ་སོགས་པ་བྱང་ཆུབ ་སེམས་དཔའ་རྣམས་ཉོན་ཅིག་།གང་ཞིག་ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ལ་སོགས་པ་སྟེ། དེ་རྣམས་ཀྱང་རྡོ་རྗེ་སློབ་དཔོན་དེ་ལ་མཆོད་ཅིང་ཕྱག་མཛད་པའོ། །གང་གི་ཕྱིར་དེ་དང་རྡོ་རྗེ་འཆང་མཉམ་པ་ཡིན་པ་སྟེ། ་སྤྲོས་པ་སྨྲ་བ་སྟེ་གཉིས་སུ་བཅིང་པ་ནི་ལེགས་པར་བཅིང་བར་འགྱུར་བའོ་ཞེས་བྱ་བའི་རིགས་པས་སོ། །གདན་བཞིའི་རྒྱུད་ལས་ཀྱང། །ལམ་བཞིན་རྡོ་རྗེ་ཁྱོད་ཉོན་ཅིག་།འཁོར་ལས་རྒལ་བའི་མཚན་ཉིད་དོ། །སྔགས་དང་ཕྱག ་རྒྱལ?་སོགས་མཁས། །སློབ་དཔོན་དག་ནི་གཟུང་བར་གྱིས། །བཅོམ་ལྡན་ཇི་ལྟར་བལྟ་བྱ་སྟེ། །སློབ་དཔོན་ཡོན་ཏན་ཇི་ལྟར་ལགས། །སློབ་དཔོན་སྦྱོར་བ་ཇི་ལྟར་དང། །བླ་མ་ཞེས་བྱ་ཇི་ལྟར་ལགས། །ཡང་དག་བྱང་ཆུབ་ཀུན་མཚན་ཉིད། །དེ ་ཉིད་ཕྱག་ན་རྡོ་རྗེ་ཉོན། །སངས་རྒྱས་ཐམས་ཅད་འདི་ཡི་སྐུ། །བྱང་ཆུབ་ཡན་ལག་ཡན་ལག་གནས། །བ་སྤུ་བུ་ག་དགྲ་བཅོམ་སྟེ། །རིགས་ནི་ལྔ་པོ་དབུ་ཡིན་ནོ། །འཇིག་རྟེན་རྣམས་ནི་ཞབས་འདི་ཡི། །གཟི་བརྗིད་གནོད་སྦྱིན་བདག་པོ ་ཉིད། དེ་ལྟར་ཡོན་ཏན་དང་བཞིན་སྐུ། །རྟག་ཏུ་རྣལ་འབྱོར་པས་བལྟ་བྱ། །ཡེ་ཤེས་ཞེས་བྱ་ཡི་མཚན་ཉིད། །གང་གི་མཚན་ཉིད་རབ་བཤད་པའོ། །དུལ་བ་དང་ནི་ཞི་བའི་ཚུལ། །སེམས་ཅན་ཀུན་ལ་མི་འཇིགས་སྩོལ། །སྔཌ་དང་རྒྱུད ་ཀྱི་སྦྱོར་མཁས་པས། །རྣལ་འབྱོར་རྒྱུ་སྩལ་ལ་སོགས་མཁས། །ངག་ཀུན་འཇམ་པ་ཉིད་སྨྲ་དང། །སེམས་ཅན་ཀུན་ལ་བུ་བཞིན་བྱེད། །སྦྱིན་པ་ལ་སོགས་པ་དགའ་བ། །རྣལ་འབྱོར་བསམ་གཏན་ལ་སོགས་སྩོལ། །བདེན་པར་སྨྲ་དང་འཚེ་མེད་པ། ། ་སྙིང་རྗེ་འཁྲུགས་པའི་ཐུགས་དང་ལྡན། །ཐུགས་ནི་མཉམ་པ་ཉིད་བྱུང་བ། །སེམས་ཅན་རྣམས་ཀྱི་མགོན་པོར་གྱུར། །དེ་ཉིད་བཅུ་ལ་གང་མཁས་པ། །དེ་ནི་སློབ་དཔོན་ཞེས་བཤད་པའོ། །ཞེས་གསུངས་སོ། །དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་སློབ ་དཔོན་ལ་སངས་རྒྱས་ལ་སོགས་པས་མཆོད་པ་མཛད་པ་ཡིན་གྱི་།གཞན་ལ་མ་ཡིན་ཏེ། བསྐྱེད་པའི་རིམ་པའོ། །དེ་བཞིན་གཤེགས་པའི་གསུང་ཐོས་མ་ཐག་ཏུ། དེ་ནས་ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡང ་ཞུ་བ་སྟེ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ་།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱིས་དངོས་གྲུབ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་སྟེ། དེ་རྣམས་ཅི་ལ་གནས་ཤེས་འདྲི་བའོ། །དེ་རྣམས་ཀྱིས་གསུངས ་པ། རྡོ་རྗེ་སློབ་དཔོན་གྱིས་ལུས་ལ་སོགས་པ་ལ་གནས་པ་སྟེ། དེ་ཉིད་ལས་དེ་རྣམས་ཐོབ་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསོལ་པ། གལ་ཏེ་དེ་ལྟར་ལག་ན་ལུས་ངག་སེམས་རྡོ་རྗེ་དེ་རྣམས་གནས་ཞེས་བྱ་བ་འདྲི་བ་སྟེ། གང་ལ ་ཡང་མི་གནས་སོ་ཞེས་པ་ནི་སྔ་མ་བཞིན་དུ་ལེན་ཡིན་ཏེ། རྫོགས་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་རྡོ་རྗེ་སློབ་དཔོན་དང་རྡོ་རྗེ་འཆང་གཉིས་སུ་མེད་པར་བསྟན་ནས་དེ་བཞིན་གཤེགས་པ་རྣམས་ཅད་མི་གསུང་བར་གྱུར ་ཏེ། དེའི་འོག་ཏུ་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ངོ་མཚར་དུ་གྱུར་པ་ནི་རྡོ་རྗེ་འཆང་དང་སློབ་དཔོན་དབྱེར་མེད་པའི་ཕྱིར་རོ། རྨད་དུ་གྱུར་པ་ནི་དེ་ཁོ་ན་ཉིད་ཀྱི་རང་བཞིན་རྟོགས་པའི་ཕྱིར་རོ། །ཅང་མི་སྨྲ་བར་འཁོད་པ་ནི་ཐེ་ཚོམ་སེལ་བའི ་ཕྱིར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་འཆང་ཆེན་པོས་ཏིང་ངེ་འཛིན་གཞན་གསུངས་པ་སྟེ། གསང་བ་རྡོ་རྗེའི་ཏིང་ངེ་འཛིན་ནི་འོད་གསལ་བ་སྟེ། དེ་ཉིད་ལས་གཞེངས་པ་ནི་ཅིག་ཅར་དུས་སད་ནས་དེ་རྣམས ་ལ་བཀའ་སྩལ་པ་སྟེ། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལ། དཀྱིལ་འཁོར་ཆེན་པོ་ནི་ནང་གི་བདག་ཉིད་ཀྱི་དཀྱིལ་འཁོར་རོ། །ཇི་ལྟ་བུ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྩ་ལྔ་དང། བྱང་ཆུབ་སེམས་དཔའ་ ་ནི་བྱང་ཆུབ་ཀྱི་སེམས་ཏེ། དེ་ལས་ཀུན་འབྱུང་བ་ལང་ལ་ཡོད་པ་དེ་བཞིན་གཤེགས་པའོ། །རྡོ་རྗེ་ནི་མི་འཇིགས་པ་སྟེ། རྡུལ་ཚོན་ལ་སོགས་པ་ལ་མི་བལྟོས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་ལ་སོགས ་པས་གསོལ་བ་བཏབ་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་སྟེ། ནམ་མཁའ་ཨི་དབྱིངས་ཞེས་པ་ལ་སོགས་པ་ལ། ནམ་མཁའ་ཨི་དབྱིངས་ནི་རང་གི་རིག་མའི་པདྨ་སྟེ། དེའི་དབུས་སུ་གནས་པ་གྲུབ་ཞི་བ་ནི་རྩ་བཞི་དང་ལྡན་པ་སྟེ། རབ ་ཏུ་མཛེས་པ་ནི་འདོད་པའི་གདུགས་ཞེས་བྱ་བའི་དཀྱིལ་འཁོར་བསམ་པར་བྱའོ། །དེའི་རྗེས་ལ་སངས་རྒྱས་ནི་ཤུཀྲ་ལ་སོགས་པའི་བདུད་རྩི་ལྔ་སྟེ། དེ་རྣམས་ཀྱི་དཀྱིལ་འཁོར་ནི་ཚོགས་ཏེ། དེ་དང་སྦྱོར་བ་ནི་གང་བ་སྟེ་།བསམ ་གཏན་རྡོ་རྗེ་ནི་དེ་ཉིད་དེ་བཞིན་གཤེགས་པའི་རྣམས་པའི་རབ་བསྐུལ་བ་ནི་རྡོ་རྗེས་བསྐྱོད་པར་བྱའོ། །དེ་ཉིད་ཀྱི་ཕྱིར་རྡོ་རྗེ་དཀྱིལ་འཁོར་ནི་རང་གི་རྡོ་རྗེའི་རྩ་ལྔའི་དཀྱིལ་འཁོར་ཡང་འཁོར་ལོ་ཅན་ཀུན་ནི་ཤུཀྲ་ལ་སོགས་པའི་རང ་བཞིན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་སྟེན་ནི་བཞི་བསམ་པར་བྱའོ། །དེ་ལྟར་ན་དཀྱིལ་འཁོར་གཉིས་ཀྱི་ཏིང་ངེ་འཛིན་ཡིན་ནོ། །ཁ་སྦྱོར་བཤད་པར་བྱ་སྟེ། མཆོད་པ་ཞེས་བྱ་བ་ལ་སོགས་པ་ལ། ཆོ་ག་དེ་ཉིད་ནི་འདས་མ ་ཐག་ཏུ་བཤད་པའི་ཏིང་ངེ་འཛིན་དེ་ལྟ་བུ་མཆོད་པ་ནི་སྙོམས་པར་ཞུགས་པར་བྱའོ། །གང་གིས་ཞེ་ན་བློ་དང་ལྡན་པ་ནི་ཕྱག་རྒྱ་མ་དང་བཅས་པའི་རྣལ་འབྱོར་པས་སོ། །སློབ་དཔོན་ཞེས་བྱ་བ་ལ་སོགས་པ་ལ། རེ་ཞིག་སློབ་དཔོན་གྱི་དབང་བསྐུར ་པར་འདོད་པ་འོད་ཟེར་གྱི་ལྕགས་ཀྱུ་རྣམས་ཀྱིས་འགུགས་ཤིང་སྙིང་ཁ་ནི་རྡོ་རྗེ་དང་པདྨའི་ནང་དུ་བསྒོམས་ལ་དབང་བསྐུར་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་རྣམས་ཀྱིས་སྤྱི་བོ་དང་ཁ་ལ་དབང་བསྐུར་བ་བྱའོ?། །སངས་རྒྱས་ཀུན་ནི་བཤད་པ་ལ་སོགས ་པ་བདུད་རྩི་རྣམས་ཀྱིས་ནམ་མཁའ་ཨི་དབྱིངས་རྡོ་རྗེ་དང་པདྨ་ཡོངས་སུ་གང་པར་བསམས་ལ་།སློབ་མ་དེའི་ཁར་དབབ་པར་བྱའོ། །དབང་བསྐུར་བའི་གནས་གསུམ་ནི་འདོད་ཆགས་དང་འདོད་ཆགས་བྲལ་བ་དང་འདོད་ཆགས་བར་པ་གསུམ་སྟེ། ་དེ་རྣམས་ཀྱང་ཡེ་ཤེས་ཀྱི་ཕྱག་རྒྱ་མ?་དང་སྙོམས་པར་ཞུགས་པས་བསྒོམས་པ་ལ་འཇུག་པར་བྱའོ། །འདི་ནི་ནང་གི་བདག་ཉིད་ཀྱི་དཀྱིལ་འཁོར་ལ་དབང་བསྐུར་བས་བྱང་ཆུབ་ནི་རྡོ་རྗེ་འཆང་ཉིད་སློབ་མས་ཐོབ་པར་འགྱུར་ཏེ་རང་གི་དོན་ཏོ། ། ་སེམས་ཅན་ཀུན་ལ་ཕན་འདོད་པ་ནི་འགྲོ་བའི་དོན་ཡང་བྱེད་པ་སྟེ་གཞན་གྱི་དོན་ཏོ། །དེ་བཞིན་དུ་དངོས་གྲུབ་ཀུན་གྱིས་ངོ་མཚར་བ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་ངོ་མཚར་བར་གྱུར་པའི་སྐུ་གསུང་ཐུགས་འགྲུབ ་པར་འགྱུར་བ་ནི་ཐོབ་པར་འགྱུར་ཏེ། རང་བཞིན་དང་རྒྱུ་དང་ལས་དང་འབྲས་བུ་རྣམས་སོ། །བྱང་ཆུབ་ཐམས་ཅད་ཀྱི་དམ་ཚིག་ནི་ལྔ་སྟེ། དེ་རྣམས་ཀྱི་འཁོར་ལོ་ནི་རྡོ་རྗེ་དང་པདྨ་སྟེ། དེ་ལ་བསམ་གཏན་གྱི་འཁོར་ལོ་ནི་སློབ་མ་ལ་དབང་བསྐུར་བར ་བྱ་བའི་ཕྱིར་ནང་གི་བདག་ཉིད་ཀྱི་དཀྱིལ་འཁོར་འདི་ཡིན་ཏེ། ལས་ཀྱི་རྒྱལ་བ་མཆོག་གོ་།ལྷ་མོ་བཞིས་ཡོངས་སུ་ཞུས་པའི་རྒྱུད་ལས་ཀྱང། དཀྱིལ་འཁོར་རྣམས་ཀྱི་བཤད་བྱ་བ། །ཡིད་འོང་རྩེ་གཅིག་མཉན་བར་བགྱིས། །དཀྱིལ ་འཁོར་ལུས་ཤེས་བཤད་པ་དང། །བྷ་གའི་དཀྱིལ་འཁོར་བཤད་པ་དང། །བྱང་ཆུབ་ཀྱི་སེམས་དཀྱིལ་འཁོར་ཏེ་།དཀྱིལ་འཁོར་གསུམ་ནི་རབ་ཏུ་བརྟག་།རྟག་ཏུ་ཆོགས་ཀྱི་སྦྱོར་བ་ཡིས། །གང་དུ་གཙོ་བོ ་ཡང་དག་སྤྱོད། །ཕུང་པོ་རྣམས་ནི་སངས་རྒྱས་བཤད། །འབྱུང་བ་རིག་མ་རྣམས་བསྟན་པ། །འདོད་པ་ལྕགས་ཀྱུ་ཡིན་པ་དང། །ཞགས་པ་པདྨ་ལ་ཞུགས་པ། །ཁ་ལ་འོ་བྱེད་ལྕགས་སྒྲོགས་ཏེ། །འཛག་པ་དྲིལ་བུར་བཤད་པའོ། །སྤོས ་ནི་བཤད་པར་བཤད་པ་སྟེ། །ཆང་ནི་ཁྲག་ཅེས་བཤད་པ་ཡིན། །རྐང་དང་ཚིལ་ནི་མར་མེ་སྟེ། །དྲི་ནི་ཤུཀྲ་ཡིན་པར་བཤད། །སྒོག་པ་མཚན་མ་བསྟན་པ་དང། །མེ་ཏོག་བྷ་ག་ཡིན་པར་བཤད། སྐད་ཅེས་བྱའོ། །རེ་ཞིག་དང་པོ་རུས་པ་དང་ཤ་ལ་སོགས་པའི ་དབུགས་དབྱུང་པ་ནི་ལུང་བསྟན་ཏོ། །དེ་ཉིད་ཀུན་ཏུ་བརྟག་པ་ནི། །བྷ་ག་ཀུན་ཏུ་བཟང་པོ་ཡིན། །བྱམས་པ་ལ་སོགས་བཅུ་དྲུག་ནི། །ཆ་ནི་བཅུ་དྲུག་རབ་ཏུ་བརྟགས། །སྔར་བཤད་པ་ཡི་དཀྱིལ་འཁོར་ནི། །རང་གི་བདག་ཉིད་ཡིན ་པར་བཤད་ཅེས་འབྱུང་ངོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྦྱོང་བ་ནི་འདུས་པ་ལས་སྐྱེས་པ་རྡོ་རྗེ་ཧཱུཾ་མཛད་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རེ་ཞིག་དང་པོ་རུས་པ་དང ་ཤ་ལ་སོགས་པའི་དཀྱིལ་འཁོར་ནི་རང་གི་ལུས་ཏེ། ནམ་མཁའ་ཨི་དབྱིངས་ཀྱི་དབུས་གནས་པ་རྣམ་པར་ཐར་པའི་སྒོ་ནས། ཨོཾ་ཤུ་ནྱ་ཏཱ་ཛྙཱ?་ན་བཛྲ་སྭ་བྷཱ་བ་ཨཱཏྭ?་ཀོཉཧོཾ?་ཞེས་པའི་སྔགས་ཀྱིས་སྟོང་པར་བསྒོམས་ལ། ཧཱུཾ་ཧྲཱི:ཁཾ་ཞེས་བྱ་བ ་སྐུ་རྡོ་རྗེ་ལ་སོགས་པའི་ཁ་དོག་ནག་པོ་ཡི་གེ་གསུམ་ལས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རྡོ་རྗེ་འཆང་བསམས་ཏེ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཧཱུཾ་མཛད། དྲུག་པོ་ནི་ཐུགས་ཀྱིས་ཁྲོས་པ་།མི་སྡུག་ནི་སྐུ་ཡིས་འཇིགས་པ། ་ཁྲོས་པ་ནི་གསུང་གིས་ཧ་ཧ་དང་ཧི་ཧིའི་སྒྲ་སྒྲོགས་པ། ཨུཏཔལ་སྔོན་པོ་ནི་སྐུ་གནག་པ། ཞལ་གཅིག་པ་ཕྱག་བཞི་པ། གཡས་པ་ན་རྩེ་གསུམ་དང། རྡོ་རྗེ་འཛིན?་པ། གཡོན་པས་ནི་རྡོ་རྗེ་ཕུང་བུ་དང་ཐོད་པ་སྣམས་པ། ལྕེ་སྐྱོད་པ། རྐང་པ་མཉམ་པར་གནས ་པ། རི་རཱི་ལི་ལཱི་ར་ཞེས་བྱ་པ་ཡི་གེ་ལྔ་ཡོངས་སུ་གྱུར་པ་ལས་འོད་ཟེར་ལྔའི་རང་བཞིན་གྱི་ལྕེ་དང་ལྡན་པ་བསམས་ཏེ། དེ་ནས་འོད་ཟེར་གྱི་གཟུགས་ཅན་ཡི་གེ་ལྔ་སྤྲོ་ཞིང། བསྒྲུབ་བྱའི་ལུས་ཀྱི་མགོ་བོ་ལ་སོགས་པ་ལ་དགོང?་དེ། སྤྲུལ་གྱི་ཁ་དང་འདྲ་བ ་ལྕགས་ཀྱུའི་རྣམ་པ་དེས་ཡན་ལག་ཐམས་ཅད་ཀྱི་ཚིག་རྣམས་ཀྱི་ཁྲག་འགུག་ཅིང་ཐོད་པ་དེ་ཉིད་ལ་བཞག་སྟེ། བདག་ཉིད་བཏུང་བར་བྱེད་པར་བསམས་ན་དེའི་ཚེ་གདུག་པའི་ལུས་ཀྱི་ཁྲག་མེད་པར་འགྱུར་རོ་ཞེས་དང་པོ་སྦྱོར་བ་དང་དཀྱིལ་འཁོར ་རྒྱལ་པ་མཆོག་དང་ལས་ཀྱི་རྒྱལ་བ་མཆོག་རྣམས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ཟ་བའི་རྣམ་པར་དག་པ་བཤད་པར་བྱ་སྟེ། བཟའ་བ་དང་བཏུང་བ་ལ་སོགས་པ་སྤྲོས་པ་དང་བཅས་པའི་སྤྱོད་པས་འགྲུབ་པ་དང། སྤྲོས་པ་མེད ་པའི་སྤྱོད་པའི་ཅི་རྙེད་པ་དང། ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པས་ནགས་ཚལ་གྱི་ལྷ་མོ་རྣམས་ཀྱིས་བྱིན་པ་དེ་ཐམས་ཅད་སྦྱང་བ་ལ་སོགས་པའི་རིམ་གྱིས་བདུད་རྩི་རུ་བྱས་ནས་སྤྱད་པར་བྱ་སྟེ་ལས་ཀྱི་རྒྱལ་བ་མཆོག་གོ་།དེ་ཉིད་ནང་གི ་སྦྱིན་བསྲེག་གི་ཆོ་ག་ཡིན་ཏེ། ལྷ་མོ་བཞིས་ཡོངས་སུ་ཞུགས་ལས་ཇི་སྐད་དུ། དཀྱིལ་འཁོར་རྣམས་ནི་བཤད་ཟིན་པས། །སྦྱིན་སྲེག་ལས་ནི་མཉན་པར་གྱིས། །ཕྱི་དང་ནང་གིས་དབྱེ་པ་ཡིས། །སྦྱིན་སྲེག་རྣམ་པ་གཉིས་སུ་བཤད།། ་ཕྱི་རོལ་གྱི་ནི་སྔར་བཤད་ཅིང?། །ནང་གི་བདག་ཉིད་མཉན་པར་གྱིས། །པདྨ་བཞི་པོའི་ཁ་སྦྱོར?་ནི། །ལུས་ཀྱི་ནང་དུ་རྣམ་པར་གནས། །མེ་ཉིད་དང་ནི་རླུང་ཉིད་དང། །དབང་ཆེན་དང་ནི་དེ་ཉིད་ཆུ། །རླུང་གིས་མེས་ནི་སྤར་བ་དང། །ཆུས་ནི་ཡོངས་སུ་སྨིན ་པར་བྱེད། །དབང་ཆེན་དཀྱིལ་འཁོར་གནས་སུ་ནི། །གང་དུ་ཁྱབ་བདག་རབ་ཏུ་སྤྱོད། །བཟའ་བ་བཏུང་བ་གང་ཡང་རུང། །དེ་ཀུན་དེས་ནི་འཛིན་པར་བྱེད། །ཁ་ཡི་པདྨས་བཟའ་བ་དང། །སྙིང་གི་པདྨས་ཞུགས་པར ་འགྱུར། །ལྟེ་བའི་པདྨར་གནས་པ་ནི། །ཁ་སྦྱོར་རྣམ་པའི་སྦྱོར་བ་ཡིས། །གསང་བའི་པདྨ་ལས་བྱུང་བའི། །མཐར་ན་ཐལ་བ་བརྟན་པར་བྱ། །རྟག་ཏུ་ཉིན་རེ་བྱ་པ་ནི། །དེ་ཉིད་བདག་གིས་རབ་ཏུ་བཤད། །ཐམས་ཅད་ཟ་ཞིང་སྤྱོད་བྱེད ་ནི། །ཆོ་འདི་ཉིད་དུ་གྲུབ་པར་འགྱུར། །རྒས་པ་མ་ཡིན་སྒྲ་དཀར་མིན། །འཆི་བ་མ་ཡིན་ནང་རྣམས་མིན། །དུས་མིན་འཆི་བ་མ་ཡིན་དང། །འཚེ་བ་ཐམས་ཅད་འཇིགས་པར་འགྱུར་ཞེས་འབྱུང་ངོ། །དེ་ནས་ཞེས་བྱ་བ་ལ་སོགས ་པས་སྤྲོས་པ་དང་བཅས་པའི་རྣལ་འབྱོར་པས་མཆོད་པ་བསྟན་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ནི་སྔགས་ཀྱིས་བྱིན་གྱིས་བརླབས་པའི་མཆོད་པ་དེ་གསུངས་སོ། །མཆོད་པ་ཐམས་ཅད ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པའི་རང་བཞིན་རྣམ་པ་ཐམས་ཅད་ཀྱིས་བརྒྱན་པ་ལས་དང་དམ་ཚིག་གི་ཕྱག་རྒྱ་རྣམས་ཏེ་། དེ་དག་བསྡུ་ཞིང་ལྷ་ཁང་སུམ་བརྩེགས་ལ་མཆོད་པ་མཆོག་ནི་གླུ་དང་རོལ་མོ་ལ་སོགས་པ་དང། ་ལག་པ་དང། རྐང་པ་ལ་སོགས་པའི་བྱ་བས་རང་གི་ལྷའི་རྣལ་འབྱོར་གྱིས་བདག་ཉིད་མཆོད་པར་བྱའོ། །དེ་ནི་སྔགས་ཐམས་ཅད་དེ་སྤྲོས་པ་དང་བཅས་པའི་སྤྱོད་པ་དང་ལྡན་པའི་དམ་ཚིག་ཤིན་ཏུ་འདའ་དཀའ་བ་སྟེ། འདའ་བར་བྱ ་བ་མ་ཡིན་པའི་སྤྱོད་པ་སྟེ་སྒྲུབ་པའོ། །དེ་ཉིད་ལས་གསུངས་པ། སྦྱིན་སྲེག་ལས་ནི་བཤད་ཟིན་དང། །མཆོད་པའི་ལས་ནི་མཉན་པར་གྱིས། །དྲི་དང་མེ་ཏོག་གོས་དང་ནི། །སྤོས་དང་དྲི་དང་ལྷ་བཤོས་དང། །དབང་པོ་གཉིས་ཀྱི་སྦྱོར་པ ་ཡིས། །རང་གི་བདག་ཉིད་མཆོད་པར་བྱ། །བདག་ཉིད་སངས་རྒྱས་ཐམས་ཅད་ཉིད། །དེ་ཡི་སྲས་ཀྱང་ཐམས་ཅད་དེ། །དེ་ཕྱིར་པདྨ་ཐམས་ཅད་ཀྱིས། །རང་གི་བདག་ཉིད་མཆེད་པར་བྱ། །བསྒོམ་པ་ལ་སོགས་རྣལ་འབྱོར་པས། །གང་ཞིག་ལས་ནི་བྱེད་པ་སྟེ།། ་བཟའ་བ་བཏུང་བ་གོས་རྣམས་དང། །དྲི་དང་ཕྲེང་བ་དེ་བཞིན་ནོ།། རིག་པའི་གནས་ཀྱིས་རྣམ་བརྒྱན་པ།། ངོ་བོ་དམ་པ་བསྒོམ་པར་བྱ་ཞེས་འབྱུང་ངོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་སྤྲོས་པ་མེད་པའི་སྤྱོད་པ་དང་ལྡན་པའི་མཆོད་པ་བཤད་པར ་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་སྤྲོས་པ་མེད་པའི་རྣལ་འབྱོར་པ་རྣམས་སོ། །དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ནི་རང་དང་གཞན་གྱི་འབྲེལ་པ་དང་ལྡན་པའི་མཆོད་པའི་གསང་བ་ནི་བདག་གིས་མཆོད་པ་གསུངས་སོ། །མི་བསྐྱོད་པ ་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་སྨྲེ་ཤ་ཅན་དང་ཁྲུས་མཁན་དང་གར་མཁན་ཀྱི་བུ་མོ་རྣམས་འདུས་བྱས་པའི་རྙེད་པའི་ཟས་ཀྱིས་ཚིམ་ཞིང་སྦྱོར་བ་ལས་བྱུང་བའི་ཤུཀྲའི་ཐིག་ལེས་མཆོད་པར་བྱ་བ་དང། སོགས་པའི་སྒྲས་ནི་བདུད ་རྩི་ལྔ་བཏུད་པ་དང། གཞན་ནི་སངས་རྒྱས་རྣམས་ཀྱང་དེ་བཞིན་དུ་མཆོད་པར་བྱས་ན་མཆོད་པར་པོས་བྱང་ཆུབ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་འགྱུར་ཏེ་སྒྲུབ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད ་པ་དང་ལྡན་པའི་མཆོད་པ་བཤད་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་བསམ་གཏན་གྱི་བཟའ་བ་ཅན་གྱི་རྣལ་འབྱོར་པ་རྣམས་སོ། །དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་སྡོམ་པ་ནི་སྐུ་ལ་སོགས་པའི་དམ་ཚིག་སྟེ། སྐུ་ལ ་སོགས་པ་ལས་འབྱུང་ངོ། །སེམས་ཅན་གྱི་ཁམས་ནི་མཛའ་ཡས་པའི་ཁམས་གསུམ་གྱི་མ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡེ་ཤེས་ཀྱི་ཕྱག་རྒྱའི་རང་བཞིན་གྱི་ལྷ་མོ་དེ་ཉིད་དམ་ཚིག་འཛིན་པ་སྟེ། བླ་ན་མེད་པའི་མངོན་པར་བྱང་ཆུབ ་པ་སྟེང་བ་ཕྱི་རོལ་གྱི་ཟས་ལ་མ་བལྟོས་པའི་རྣལ་འབྱོར་པས་རྡོ་རྗེ་གསུམ་གྱི་དམ་ཚིག་ནི་སྐུ་གསུམ་གྱིས་སྤྱད་པར་བྱ་བ་བསྟེན་པར་བྱ་བདེ་ནི་དམ་ཚིག་སྟེ། མཆོད་པའི་རིམ་པ་རྨད་བྱུང་ཆེ་སྟེ། ངོ་མཚར་དུ་གྱུར་ཅིང ་དངོས་གྲུབ་སྟེར་བ་ཡིན་ཞེས་བསྒྲུབ་པའོ། །རྫོགས་པའི་རིམ་པའི་རྣལ་འབྱོར་པའི་རིམ་པའི་རྣལ་འབྱོར་པའི་མཆོད་པའི་རིམ་པོ་བཤད་པར་བྱ་སྟེ། ལུས་ལ་སོགས་པའི་ལོངས་སྤྱོད་ཡུལ་དང་དབང་པོ་བསྡུས་པ་ལས་བྱུང་བ་སེམས་ཀྱི ་དགའ་བ་གང་ཡིན་པ་དེ་དག་གསང་བ་གསུམ་གནས་ནི་དེ་བཞིན་གཤེགས་པ་ལྔ་གཅིག་ཏུ་བྱས་པ་ལས་འབྱུང་བ་བསམ་པར་བྱའོ། །བདག་རྣལ་འབྱོར་པ་བཟང་པོ་སྟེ་ཡུལ་དང་དབང་པོ་ཉེ་བར་སྤྱོད་པའི་སྒོ་ནས་རྡོ་རྗེ་འཚང་ཉིད། བསྒྲུབ ་པར་བྱ་བ་ནི་ཐོབ་པར་བྱའོ་ཞེས་སེམས་ལ་བཞག་ཅིང་གང་གི་ཚེ་སྤྱོད་ན་དེའི་ཚེ་འཇིག་པ་ནི་ཐ་མལ་པའི་རྣམ་པར་རྟོག་པ་ཟད་པར་འགྱུར་རོ་ཞེས་རྣལ་འབྱོར་རོ། །རྣལ་འབྱོར་པ་ཐམས་ཅད་ཀྱི་ཐུན་མོང་ཚིམ་པའི་ཆོ་ག་བཤད་པར་བྱ་སྟེ། ་སྤྱི་འོ་ནས་མཐོ་གང་ཙམ་གྱི་སྟེང་དུ་ཆ་བཅུ་དྲུག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་ཡི་གེ་ཨོཾ་བཀོད་ཅིང་ཕུང་པོ་ལྔ་ལ་བདུད་རྩི་ཕབ་ན་དེའི་ཚེ་གཟི་བརྗིད་དང་ཁ་དོག་དང་ལུས་ལ་སོགས་པའི་བདེ་བ་དང་ལྡན་པར་གྱུར་ཏེ། ལས་ཀྱི ་རྒྱལ་བ་མཆོག་གོ། ཡང་ན་རང་གི་རིག་མའི་པདྨའི་ནང་དུ་ལྟེ་བ་ནས་བརྩམས་ཏེ། མཐོ་གང་ཙམ་གྱིས་སྔགས་ཏེ་ལྟེ་བ་གང་ཡང་ཡིན་པ་དེའི་སྤྱི་བོར་ནི་སྟེང་དུ་ཟླ་བའི་དཀྱིལ་འཁོར་བྱང་ཆུབ་ཀྱི་སེམས་བརྟག་པ་ནི་གནས་སོ།། ཟླ་པའི་དཀྱིལ ་འཁོར་དེ་ཨོཾ་གྱི་ངོ་བོར་མོས་ཏེ། རྩ་ལྔ་དབབ་པ་ནི་འཇིག་པར་བྱའོ། །དེ་ལྟར་ན་གཟི་བརྗིད་ཅེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ཏེ་སྒྲུབ་པའོ། །རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱི་སྤྱོད་པ་བཤད་པར་བྱ་སྟེ། སྔགས་འཛིན་པ་ཐམས ་ཅད་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པའི་ལུས་ལ་སོགས་པའི་གསང་བ་ནི་ལུས་ལ་སོགས་པའི་སྤྱོད་པ་དེ་གསུངས་སོ། །མཆོད་རྟེན་གྱི་ལས་ནི་ས་ལ་སོགས་པ་ལས་བྱས་པའི་སཱཙྪ་སྟེ། དེ་མི་བྱ་སྟེ་བདག་བྱིན་གྱིས་བརླབ་པའི་རིམ་གྱིས ་དཀྱིལ་འཁོར་ཡང་དང་ཡང་སྤྲོ་ཞིང་སངས་རྒྱས་ཀྱི་ཞིང་ཐམས་ཅད་སྐད་ཅིག་མ་གཅིག་གིས་བྱས་པའི་ཕྱིར་རོ། །འབའ་ཞིག་ཏུ་ངག་ངལ་བྱེད་པ་གླེགས་བམ་ཀླག་པར་མི་བྱ་སྟེ། མ་ནིང་གི་བཟླས་པ་ཉིད་ཀྱིས་སྔགས་ཀྱི་དབྱེ་བ་བདུན་ཁྲི་ཉིས ་སྟོང་གི་དེ་ཁོ་ན་ཉིད་རྟོགས་པས་སོ། །བ་བྱུང་ལ་སོགས་པས་ཀྱང་དཀྱིལ་འཁོར་མི་བྱ་སྟེ། དཀྱིལ་འཁོར་བཞི་ལ་གནས་པ་དེ་བཞིན་གཤེགས་པ་ཀུན་གྱིས་བྱིན་གྱིས་བརླབ་པའི་ཕྱིར་རོ། །རྡོ་རྗེ་གསུམ་ལ་ཕྱག་མ་བྱིན་ནི་སེམས་རྣམ་པར་དག ་པའི་རིམ་པས་མར་ལ་མར་ཞུགས་པ་བཞིན་དུ་རྡོ་རྗེ་འཆང་གི་དེའི་བདག་ཉིད་ལ་ཞུགས་པའི་ཕྱོགས་ཡོད་པའི་ཕྱིར་རོ། །སེམས་ཅན་གྱི་དོན་དུ་དེ་བྱེད་ན་སྐྱོན་མེད་པ་དང་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ལ་གནང་ངོ་ཞེས་ཁྱད་པར ་རོ། །དེ་ནི་བདག་བྱིན་གྱིས་བརླབ་པ་དང། སེམས་རྣམ་པར་དག་པ་དང། རྡོ་རྗེ་བཟླས་པའི་རིམ་པ་རྣམས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དུག་ཐམས་ཅད་ནི་བརྟན་པ་དང་གཡོ་བའི་དུག་རྣམས་ཏེ། དེ་རྣམས་འབྱིན་པ་ནི་སེལ་བ་དང ་གནོན་པ་ནི་དེ་ཉིད་དུ་བཞག་པ་དང། འདྲེན་པ་ནི་གནས་གཞན་ལས་གཞན་དུ་སྤོང་བ་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ། །བསྒྲུབ་བྱའི་སྙིང་ཀའི་དབུས་སུ་འཁོར་ལོ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དགོད་པ་འོད་ཟེར་དཀར་པོ་འབར ་བའི་ཕྲེང་བ་ཅན་ཡི་གེ་ཧཱུཾ་བསམས་ཏེ། དེ་གྱེན་དུ་འགྲེང་བའི་ཚེ་དུག་དགུག་པ་ནི་བསྒོམས་ན་ནད་བ་དེ་དུག་སྐྱུག་པར་འགྱུར་རོ། །དེ་བཞིན་དུ་རྐང་གི་བུ་དབང་ཆེན་གྱི་དཀྱིལ་འཁོར་རྡོ་རྗེ་རབས་བསྐོར་ཞིང་འོད་ཟེར་སེར་པོས་ཁྲིགས་པ་ནི ་ཁྱབ་པར་བསམས་ན་དེའི་ཚེ་དུག་རེངས་པར་འགྱུར་རོ། །དེ་བཞིན་དུ་ལེའུ་བཅོ་ལྔ་པ་ལས་གསུངས་པའི་རིམ་གྱིས་དུ་བ་དང་འདྲ་བའི་འོད་ཟེར་གྱི་དུག་བཀུག་ལ་བདུག་པའི་ལུས་ལ་ཞུགས་པར་བྱའོ། །ཡི་གེ་ཨ་ལས་སྙིང ་གར་དགོད་པར་བྱ་སྟེ། སེར་པོ་ལྟ་བུ་ནི་སེར་ནག་བསྐོམ་པར་བྱ་སྟེ་དུག་སྤོང་བའོ། །དེ་ཉིད་བཤད་པར་བྱ་སྟེ། རྡོར་གསུམ་འོད་ཟེར་དམ་ཚིག་གིས་ཞེས་བྱ་བ་ལ་སོགས་པ་ལ། ཁ་དོག་གསུམ་དང་ཡི་གེ་གསུམ་གྱིས་གསང་བ་ནི་དུག་སེལ་བ ་ལ་སོགས་པ་འབྱུང་བ་ཤེས་པར་བྱ་སྟེ་བསྐྱེད་པའི་རིམ་པའོ། །ད་ནི་བསྲུང་བའི་འཁོར་ལོ་བཤད་པར་བྱ་སྟེ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ལུས་ངག་སེམས་ནི་བསྒྲུབ་བྱ་རྣམས་ཀྱི་ལུས་ལ་སོག་པ་བསྲུང་བར་བྱ་བའི་ཕྱིར་འཁོར་ལོའི ་ནང་དུ་བྲིས་པའི་སྔགས་གསུངས་པ་སྟེ། ཨོཾ་ཧུ་ལུ་ཧུ་ལུ་ཞེས་བྱ་བ་ལ་སོགས་པ་ལ། སྔགས་འདི་ཉིད་སྣ་ཚོགས་རྡོ་རྗེའི་ནང་དུ་གུར་ཀུམ་དང་གེའུ་བང་གིས་བྲིས་པའི་རྩིབས་བརྒྱད་པའི་འཁོར་ལོ་ལ་བཀྲ་ཤིས་པའི་ཞག་ལ་དབུས ་སུ་ཡི་གེ་ཧྲཱི(རྒྱུད་འགྲེལ་རྣམས་ཏེ། དེ་དག་གི་གསང་བ་གསུམ་ནི་ལུས་ཏེ། དེའི་སྐྱོན་སེལ་བས་ཞི་བ་ལ་སོགས་པ་བསྡུས་པའི་ཕྱིར་བསྡུས་པ་ཡིན་ནོ། །འདིར་ནི་དགོངས་པ་འདི་ཡིན་ཏེ། རྩིབས་བཅུ་གཉིས་པའི་སྣ་ཚོགས་པའི་རྡོ་རྗེའི་ལྟེ་བའི་དབུས་སུ ་རྩིབས་བརྒྱད་པའི་འཁོར་ལོ་བྲིས་ཏེ། འཁོར་ལོ་དབུས་མའི་རྩིབས་ལ་ཡི་གེ་ཧཾ་དགོད་ཅིང་དེའི་རྗེས་ལ་ཛི་ན་ཛི་ཀ་ཅེས་བྱ་བའི་སྔགས་ཀྱིས་བསྒྲུབ་བྱའི་མིང་སྤེལ་ལ། འཁོར་ལོའི་ཤར་པ་སོགས་པའི་རྩིབས་རྣམས་ལ་མི་བསྐྱོད་པ་ལ ་སོགས་པའི་སྔགས་རྣམས་དགོང་ཅིང། གྲཝ་རྣམས་ལ་ལྷ་མོ་སྤྱན་ལ་སོགས་པའི་སྔགས་རྣམས་བཀོད་དེ། ཤར་ལ་སོགས་པའི་རྩིབས་ཀྱི་གནས་རྣམས་ལ་ཅུང་ཟད་རྒྱབ་ཏུ་གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོ་བཞི་པོའི་ཕྱུང?་པའི་སྔགས་རྣམས་དགོད ་ཅིང། ཕྱི་རོལ་ཏུ་ཧུ་ལུ་ཧུ་ལུ་ལ་སོགས་པའི་བསྐོར་བར་བྱའོ། །ལ་ལ་ན་རེ་དབུས་སུ་བསྒྲུབ་བྱའི་མེད་དང། སྤེལ་པའི་ཡི་གེ་ཧཾ་དང། རྩིབས་རྣམས་ལ་ཧུ་ལུ་ཧུ་ལུ་ལ་སོགས་པ་བྲི་བར་བྱའོ་ཞེས་ཟེར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་མིག ་སྨན་གྱི་ཆོ་ག་བཤད་པར་བྱ་སྟེ། ལམ་གྱི་བཞི་མདོ་ཞེས་བྱ་བ་ལ་སོགས་པའི་གནས་རྣམས་རབ་ཏུ་གྲགས་པའོ། །ཚིལ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། པདྨ་དང་ཨརྒྷའི་སྐུད་པ་བུ་མོས་བཀལ་པའི་སྡོང་བུ་བྱས་ལ། དེ་ཉིད་བདུད་རྩི་ལྔས་གཤེད ་ཞིང་མང་ངོའི་ཚོས་བརྒྱད་པའམ་བཅུ་བཞི་པ་ལ་གཤིན་རྗེ་གཤེད་ལ་སོགས་པ་ལས་གང་ཡང་རུང་བའི་ཁྲོ་བོའི་སྐུ་འཛིན་ཅིང་ཚིལ་ཆེན་པོ་མེའི་སྦར་ཞིང་ཁྲོ་བོའི་སྔགས་ཀྱི་ཐོད་པར་བརྒྱ་རྩ་བརྒྱད་དུ་བཟླས་ཏེ། གཅེར་བུ་དང་སྐྲ་གྲོལ་བས་ཕྱོགས ་བཅིང་ཞིང་རྒུན་ཆང་གཡེར?་རོ་བའི་རྣལ་འབྱོར་པས་ཐོད་པའི་སྐྱེས་བུའི་གསུམ་ལ་མིག་སྨན་དེ་འབབ་པར་བྱའོ། །དེ་ནས་དེ་བླངས་ཏེ་དྲོད་འབབ་པ་དང། དུ་བ་འབྱུང་བ་དང་འབབ་པར་གྱུར་པ་སྟེ། མཚན་མ་མཚོན་པར་བྱའོ། །དེའི་འོག་ཏུ་ཟ་མ ་ཏོག་ལ་སོགས་པའི་ནང་དུ་ཁྲོ་བའི་སྔགས་ཀྱི་མཆོད་ཅིང་བླངས་ཏེ། མིག་གཉིས་ལ་བསྐུས་ན་དངོས་གྲུབ་རྣམ་པ་གསུམ་ནི་མཁའ་ལ་སྤྱོད་པའི་དངོས་གྲུབ་ནི་འཁོར་ལོའི་རིག་པ་ལ་སོགས་པ་དང། ས་སྤྱོད་ཀྱི་དངོས་གྲུབ་ནི་དབང་དང ་དགུག་པ་ལ་སོགས་པ་དང། །ས་འོག་སྤྱོད་པ་ལ་སོགས་པའི་དངོས་གྲུབ་ནི་ས་འོག་ཏུ་ཞུགས་པས་ལྷ་མ་ཡིན་གྱི་བུ་མོ་ལ་སོགས་པ་ཉེ་བར་སྤྱོད་པ་སྟེ། དེ་རྣམས་འགྲུབ་པར་འགྱུར་རོ། །ཀུན་ཏུ་བཟང་པོ་ནི་དངོས་གྲུབ་ཐམས་ཅད ་ཀྱི་བདེ་བ་སྩོལ་བའི་རྡོ་རྗེ་འཆང་ཆེན་པོས་དེ་སྐྱེད་གསུངས་སོ། ཞེས་དང་སྦྱར་ཏེ་བསྐྲེད་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་དཔལ་གསང་བ་འདུས་པའི་རྒྱུད་ལ་ཞུགས་པའི་བྱིན་གྱིས་བརླབ་པ་སངས་རྒྱས ་རྣམས་ཀྱིས་ཞུས་པ་སྟེ། ཀྱེ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་གསང་བའི་ཡི་གེ་དུ་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསང་བ་འདུས་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་དེ་རྣམས་བྱིན་གྱིས་བརློབ་པར་འགྱུར། ་གང་གིས་དཔལ་གསང་བ་འདུས་པ་འཕེལ་དང་པ་ནི་དང་པ་སྔོན་དུ་འགྲོ་བ་ཐོས་པ་དང་བསམ་པ་དེ་བཞིན་དུ་བསྒོམ་པ་ནི་མངོན་དུ་བྱེད་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཅོམ་ལྡན་འདས ་ཞེས་བྱ་བ་ལ་སོགས་པ་ལ། གསང་བའི་ཡི་གེ་གསུམ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་བརླབས་པའོ། །དེ་རྣམས་ཀྱིས་གསོལ་པ། གསུམ་པོ་གང་ཞིག་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས ་པ་ཞེས་བྱ་བ་ལ་སོགས་པ་ལ། སྐུ་རྡོ་རྗེ་ལ་སོགས་པ་རྣམས་ཀྱིས་སོ། །འདིར་ནི་དགོངས་པ་འདི་ཡིན་ཏེ། ཐོས་པའི་དུས་སུ་རྣམ་པར་སྣང་མཛད་དང། བསམ་པའི་དུས་སུ་སྣང་བ་མཛའ་ཡས་དང། བསྒོམ་པའི་དུས་སུ་མི་བསྐྱོད་པ ་དང།། ཇི་སྲིད་བསྒོམ་པ་རྫོགས་པའི་དུས་སུ་རྣལ་འབྱོར་པ་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྐུ་གསུང་ཐུགས་ཀྱི་བདག་ཉིད་ཀྱི་རྡོ་རྗེ་འཆང་ཆེན་པོར་འགྱུར་རོ་ཞེས་སྟོན་ཏེ་བསྐྱེད་པའི་རིམ་པའོ། །ཡང་ན་རྡོ་རྗེ་བཟླས་པའི་བསྒོམ ་པས་གསུང་རྡོ་རྗེ་དང་སེམས་རྣམ་པར་དག་པ་དང། མངོན་པར་བྱང་ཆུབ་པའི་བསྒོམ་པས་ཐུགས་རྡོ་རྗེ་དང། བདག་ལ་བྱིན་གྱིས་བརླབ་པ་དང། ཟུང་འཇུག་བསྒོམ་པས་སྐུ་རྡོ་རྗེས་བྱིན་གྱིས་བརླབ་པར་འགྱུར་ཏེ། རྡོ་རྗེ་བཟླས་པ་སེམས ་རྣམ་པར་དག་པ་དང། མངོན་པར་བྱང་ཆུབ་པ་དང། བདག་ལ་བྱིན་གྱིས་བརླབ་པ་དང། ཟུང་འཇུག་གི་རིམ་པ་རྣམས་སོ། །ཡང་ན་རང་བཞིན་དང་རྒྱུའི་བསྒོམ་པས་སྐུ་རྡོ་རྗེ་དང། ལམ་བསྒོམ་པས་གསུང་རྡོ་རྗེ་དང། འབྲས་བུ་བསྒོམ་པས་ཐུགས་རྡོ་རྗེས ་བརླབ་པར་འགྱུར་རོ། །སོ་སོར་སྡུད་པ་དང་བསམ་གཏན་དང་འཛིན་པའི་བསྒོམ་པས་ཐུགས་རྡོ་རྗེ་དང། སྲོག་དང་རྩོལ་བའི་བསྒོམ་པས་གསུང་རྡོ་རྗེ་དང། ཏིང་ངེ་འཛིན་དང་རྗེས་སུ་དྲན་པའི་བསྒོམ་པས་སྐུ་རྡོ་རྗེ་བྱིན་གྱིས་བརླབ་པར་འགྱུར་རོ། །ཕྲ་མོ ་རྣལ་འབྱོར་གྱི་ཐིག་ལེ་བསྒོམ་པས་ཐུགས་རྡོ་རྗེ་དང། དང་པོ་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་པ་མཆོག་གིས་བསྒོམ་པས་སྐུ་རྡོ་རྗེ་དང། ལས་རྒྱལ་བ་མཆོག་གི་བསྒོམ་པས་གསུང་རྡོ་རྗེ་བྱིན་གྱིས་བརླབ་པར་གྱུར་ཏེ་ཚིག་གི་དོན་བཅུ་དྲུག ་གོ། དེ་ནས་ཞེས་བྱ་བ་ལ་སོགས་པས་དད་པའི་དབང་གིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། དེ་བཞིན་གཤེགས་པ་དང། བྱང་ཆུབ་སེམས་དཔའ་རྣམས་ཅང་མི་གསུང་བར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་རྒྱུད་ཀྱི་བདག་ཉིད ་ཆེ་བ་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་དེ་རྣམས་འདུག་ཅིང་རྡོ་རྗེ་འཆང་གིས་བཀའ་སྩལ་པ་སྟེ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། ཀྱེ་བཅོམ་ལྡན་འདས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ ་རྣམས་འཁོར་པའི་འཁོར་ལོ་ལ་ཐོག་མ་མེད་པའི་ཕྱིར་བསྐལ་པ་བཟང་པོ་ལ་སོགས་པ་སྟེ། སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་རབ་དང་མཉམ་པ་ཞེས་བྱ་བས་བསྐལ་པ་དེ་རྣམས་ཀྱི་གྲངས་མེད་པ་བསྟན་པ་ཡིན་ནོ། །བརྗོད་ཀྱིས་མི་ལང་བ ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །དེ་ལ་ཐིག་ལེ་བཅུ་དྲུག་ནི་བསྐལ་པ་གྲངས་མེད་པའོ་ཞེས་ཆོས་འདོན་པ་རྣམས་ཟེར་རོ། །ལ་ལ་ན་རེ་རྒས་པ་དད་འཆི་བ་མེད་པའི་སྐྱེས?་བུས་མི་ཟད་པའི་གོས་ཀྱིས་རི་རབ་ཀྱི་རྒྱལ་པོ་འདིར་བ་སྟེ། ་དེ་ཉིད་དུས་ཇི་ཙམ་གྱིས་ཟད་པར་འགྱུར་བ་དེ་ནི་བསྐལ་པ་ཡིན་ནོ་ཞེས་ཟེར་རོ། །དེ་དང་འདྲ་བའི་སྐྱེས་བུས་རྒྱ་མཚོའི་འགྲམ་དུ་འདུག་ལ་ཁབ་ཀྱི་རྩེ་མོས་ཆུའི་ཐིག་ལེ་རེ་རེ་འགྲམ་དུ་གཏོར་བ་དེ་ནི་དུས་ཇི་སྲིད་ཀྱིས་ཟད་པར ་གྱུར་པ་དེ་ནི་བསྐལ་པ་ཡིན་ཏེ་མདོ་སྡེ་པ་རྣམས་སོ། །སེ་གོལ་གཏོགས་པ་ནི་སྒྲང?་ཅིག་མའོ། །སྐད་ཅིག་མ་དྲུག་ནི་ཐང་ཅིག་གོ། ཐང་ཅིག་དྲུག་ནི་ཡུད་ཙམ་མོ། །ཡུད་ཙམ་དྲུག་ནི་མིག་བཙུམ་པའོ། །མིག་བཙུམ་པ་དྲུག་ནི་ཐལ་མོ་སྦྱར་བའོ།། ་ཐལ་མོ་སྦྱར་པ་དྲུག་ནི་དབུགས་སོ། །དབུགས་དྲུག་ནི་ཆའོ། །ཆ་?་ནི་ཆ་ཤ་ཀའོ། །ཚ་ཤ་ཀ་དྲུག་ཅུ་ནི་ཆུ་ཚོད་དོ། །ཆུ་ཚོད་དྲུག་ཅུ་ནི་ཉིན་མོ་དང་མཚན་མོའོ། །དེ་རྣམས་སུམ་ཅུ་ནི་ཟླ་བ་གཅིག་གོ། དེ་རྣམས་བཅུ་གཉིས་ནི་མའི ་ལོ་གཅིག་སྟེ། དེ་ཉིད་རྒྱལ་པོ་ཆེན་པོ་བཞིའི་ཞག་གཅིག་ཡིན་ནོ། །དེའི་གྲངས་ཀྱི་ལོ་གཅིག་ནི་སུམ་ཅུ་རྩ་གསུམ་པའི་ཞག་གཅིག་གོ། དེའི་ལོ་གཅིག་ནི་འཐབ་བྲལ་པ་རྣམས་ཀྱི་ཞག་གཅིག་གོ། དེའི་སོ་གཅིག་ནི་དགའ་ ་ལྡན་རྣམས་ཀྱི་ཞག་གཅིག་གོ། དེའི་ལོ་གཅིག་ནི་འཕྲུལ་དགའ་རྣམས་ཀྱིས་ཞག་གཅིག་གོ། དེའི་ལོ་གཅིག་ནི་གཞན་འཕྲུལ་དབང་བྱེད་རྣམས་ཀྱི་ཞག་གཅིག་གོ་དེའི་གྲངས་ཀྱི་ལོ་གཅིག་ནི་གཟུགས་ཀྱི་ཁམས་ཀྱི་ཞག་གཅིག ་གོ། དེའི་གྲངས་ཀྱི་ལོ་གཅིག་ནི་གཟུགས་མེད་པའི་ཁམས་ཀྱི་ཞག་གཅིག་གོ། དེའི་ལོ་གཅིག་ནི་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཞག་གཅིག་གོ། དེའི་གྲངས་ཀྱི་ལོ་འབུམ་ཕྲག་ཉི་ཤུ་ནི་རྫོགས་ལྡན ་ནོ། ལོ་འབུམ་ཕྲག་བཅོ་ལྔ་ནི་གསུམ་ལྡན་ནོ། །འབུམ་ཕྲག་བཅུ་ནི་གཉིས་ལྡན་ནོ། །འབུམ་ཕྲག་ལྔ་ནི་རྩོད་ལྡན་ཏེ། དེ་རྣམས་ཉིད་བསྐལ་པ་བཞི་ཡིན་ཏེ། དེ་ལྟ་བུའི་ཚང་དང་ལྡན་པ་སངས་རྒྱས་ཀྱི་ཞིང་གི་རྡུལ་རབ་ཏུ་ཕྲ་པ ་དང་མཉམ་པའི་བསྐལ་པ་རྣམས་ཟད་པར་འགྱུར་ཏེ། ཇི་སྲིད་བསྐལ་པ་རེ་རེ་བཅོམ་ལྡན་འདས་མངོན་པར་རྫོགས་པའི་སངས་རྒྱས་དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་སྟོན་པ་དང། འགྲོ་བའི་དོན་མཛད་ནས་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། དེ་རྣམས ་ཀྱི་གྲངས་དྲན་པར་མི་འགྱུར་རོ། །དེ་ནས་དུས་ཕྱི་མའི་ཚེལ་ཕྱི་མའི་ལྔ་བརྒྱའི་བསྐལ་པ་དང་པོ་ལ་དེ་བཞིན་གཤེགས་པ་མར་མེ་མཛད་བྱུང་བ་སྟེ། བཅོམ་ལྡན་འདས་དེ་ཉིད་ཀྱིས་སེམས་ཅན་ས་ཡ་ཕྲག་བཅུ་མངོན་པར་བྱང་ཆུབ་པར་ཐོབ་པར་མཛད ་ཅིང་ཡོངས་སུ་མྱ་ངན་ལས་འདས་པའོ། །དེའི་རྗེས་ལ་རྣམ་པར་གཟིགས་པ་ཞེས་བྱ་བའི་སངས་རྒྱས་དགཽ?་ཏ་མའི་རིགས་ཏེ། རྒྱལ་རིགས་སོ། །དེའི་གྲོང་ཁྱེར་ནི་སྐྱ་དེངས་ལྡན་མ་དང། ཡབ་ནི་སྐྱ་རེངས་ཅན་དང། ཡུམ་ནི་འོད་ལྡན་མ་དང། ཞམ་འདྲ་? ་བ་མྱ་ངན་མེད་པའོ། །བཅོམ་ལྡན་འདས་དེ་ཀུན་ཏུ་སྡོང་བུ་ཅན་ཞེས་བྱ་བའི་སྭ་ལའི་ཤིང་གི་རྒྱལ་པོའི་དྲུང་དུ་སངས་རྒྱས་སོ། །དེ་ལ་ཚོགས་བ་ནི་ཡོད་པ་སྟེ། དང་པོ་དྲུག་ཁྲི་མངོན་པར་སངས་རྒྱས་པ་དང། གཉིས་པ་ལ་བདུན་ཁྲི་དང། གཉིས་པ་ལ་བདུན་ཁྲི་དང། གསུམ་པ་ལ ་བརྒྱད་ཁྲི་དང། བཞི་བ་ལ་འབུམ་དང་ཁྲི་མངོན་པར་སངས་རྒྱས་སོ། །བསྡུས་ནི་འབུམ་ཕྲག་གསུམ་དང་ཉི་ཁྲིའོ། །དེའི་འོག་ཏུ་བསྐལ་བ་སུམ་ཅུ་པ་ལ་དེ་རྣམས་དང་ལྷན་ཅིག་ཡོངས་སུ་མྱ་ངན་ལས་འདས་སོ། །དུས་དེ་ལ་མེའོ་ཚེ་ཚང་ནི་བརྒྱད་ཁྱིའོ།། ་ལོ་མའི་བིནྩ?་ཀ་དེ་རྣམས་ཀྱི་བོག་བ་ཡིན་ནོ། །དེའི་འོག་ཏུ་གཙུག་ཏོར་ཅན་ཞེས་བྱ་བ་སངས་རྒྱས་ཏེ། གཽ་ཏེ་མའི་རིགས་ཏེ་རྒྱལ་རིགས་སོ། །དེའི་གྲོང་ཁྱེར་ནི་གཉེན་ཅན་དང། ཡབ་ནི་གཉེན་ལྡན་དང། ཡུམ་ནི་ནོར་གྱི་བློ་གྲོས་མ་དང། ཞི་འབྲིང ་བ་ནི་བདེ་བྱེད་དེ། པ་ཏ་ལའི་ཤིང་གི་དྲུང་དུ་མངོན་པར་སངས་རྒྱས་སོ། །སྔ་མ་བཞིན་དུ་འབུམ་ཕྲག་གསུམ་དང་ཁྲི་མངོན་པར་སངས་རྒྱས་པར་མཛད་དོ། །མིའི་ཚེའི་ཚད་ནི་དེ་བཞིན་ནོ། །དེའི་འོག་ཏུ་དུས་འདས་པ་ལ་གཙུག་ཏོར་ཅན་དེ ་ཆགས་པ་དང་བྲལ་བ་རྣམས་དང་ལྷན་ཅིག་ཏུ་ཡོངས་སུ་མྱ་ངན་ལས་འདས་སོ། །དེའི་འོག་ཏུ་ཐམས་ཅད་སྐྱོབ་ཅེས་བྱ་བའི་སངས་རྒྱས་དེ་གཽ་ཏ་མའི་རིགས་ཏེ་རྒྱལ་རིགས་སོ། །དེའི་ཡབ་ནི་ལེགས་པར་རྟོགས་པ་ཞེས ་བྱིན་ཡུམ་ནི་གྲགས་ཅན་མ་དང། གྲོང་ཁྱེར་ནི་སྐྱ་རང་ཙན་དང་ཞི་འབྲིང་བ་ནི་ཞི་བ་ཞེས་བྱ་སྟེ། བུན་ད་རི་ཀའི་ཤིང་གི་དྲུང་དུ་མངོན་པར་སངས་རྒྱས་སོ། །དེ་ལ་ཚོགས་པ་སྟོང་ཕྲག་དྲུག་ཅུ་རྩ་གཅིག་མངོན་པར་སངས་རྒྱས་སོ། །དེའི་ཆེའི་ཚད ་?་དྲུག་ཁྲིའོ། །དེ་དང་བཅས་ཏེ་དུས་གཅིག་ཏུ་མྱ་ངན་ལས་འདས་སོ། །དེ་ནས་ལོག་པར་དད་སེལ་ཞེས་བྱ་བའི་སངས་རྒྱས་བྱུང་བ་དེ་ནི་བྲམ་ཟེའི་རིགས་ཏེ། དེའི་ཡབ་ནི་མེ་བཞིན་ཞེས་བྱ། ཡུམ་ནི་དཀར་མོ་ཞེས་བྱ་བ་དང། དེའི་གྲོང་ཁྱེར་དུ་དེ ་བྱེད་ཅེས་དེ་བ་དང། ཞམ?་འབྲིང་བ་ནི་ཐིགས་པའི་ངོས་འཚོ་བ་སྟེ། ཤི་རི་ཤིའི་ཤིང་གི་དྲུང་དུ་མངོན་པར་སངས་རྒྱས་སོ། །དེའི་ཚོགས་པ་དགེ་སློང་བརྒྱད་ཁྲི་མངོན་པར་སངས་རྒྱས་སོ། །དེ་ནས་གསེར་ཐུབ་ཅེས་བྱ་བ་སངས་རྒྱས་ཏེ། གཽ་ཏ ་མ་ཅི་རིགས་ཏུ་རྒྱལ་རིགས་སོ། །དེའི་?་མཆོད་སྦྱིན་དང་ཡུམ་ནི་བླ་མ་དང། ?་འབྲིང་བ་ནི་ཡིད་གཉིས་བྲལ་ཏེ། ཨུ་དུམཔ་རའི་ཤིང་གི་དྲུང་དུ་མངོན་པར་སངས་རྒྱས་སོ། །གཅིག་ཏུ་ཚོགས་པས་ཉན་ཐོས་པ་བཞི་ཁྲི་མངོན་པར་སངས ་རྒྱས་སོ། །མ་རྣམས་ཀྱི་ཆེའི་ཚད་ནི་ལོ་བཞི་ཁྲི་སྟེ། དེ་རྣམས་དང་ལྷན་ཅིག་ཏུ་མྱ་ངན་ལས་འདས་སོ། །དེ་ནས་འོད་སྲུངས?་ཞེས་བྱ་བའི་སངས་རྒྱས་ཏེ། ཀ་ཤྱ?་པའི་རིགས་ཏེ་བྲམ་ཟེའི་རིགས་སོ། །དེའི་གྲོང་ཁྱེར་ནི་བར་ཏུ་སེ་དང། ཡང ་ནི་ཆགས་པའི་གྲགས་པ་དང། ཡུམ་ནི་ནོར་རྒྱལ་མ། ཞི་འབྲིང་བ་ནི་ཀུན་གྱི་བཤེས་གཉེན་ཏེ། ཤིང་ནྱ་གྲོ་དྷའི་དྲུང་དུ་མངོན་པར་སངས་རྒྱས་སོ། །གཅིག་ཏུ་ཚོགས་པས་ཉན་ཐོས་པ་ཉི་ཁྲི་ཡང་དག་པར་སངས་རྒྱས་སོ། །སངས ་རྒྱས་དེ་ནི་དེ་རྣམས་དང་ལྷན་ཅིག་ཏུ་འདས་པའི་དུས་ལ་ཡོངས་སུ་མྱ་ངན་ལས་འདས་སོ། །ཕྱི་མའི་དུས་ཀྱི་ཕྱི་མའི་ཆོ་ལ་ལྔ་བརྒྱ་ལ་ཁྱུད་མོ་ལྕགས་རི་ནས་ཁྱུད་མོ་ལྕགས་རི་རབ་ཏུ་རྫུ་འཕྲུལ་དང་དམ་པའི་ཆོས་ནུབ་པས་བསྐལ་བ་དུ་མའི་བར་དུ ་སངས་རྒྱས་མེད་པར་འགྱུར་རོ། །དེའི་འོག་ཏུ་བསྐལ་པར་བཟང་པོ་འདི་ལ་ཤཱཀྱ་ཐུབ་པ་ཞེས་བྱ་བའི་དེ་བཞིན་གཤེགས་པ་བྱུང་ངོ། །རྒྱལ་རིགས་དང། དེའི་གྲོང་ཁྱེར་ནི་སེར་སྐྱ་ཞེས་བྱ་བ་དང། ཡབ་ནི་ཟས་གཙང་དང། ཡུམ་ནི་སྒྱུ་མ་ཆེན་མོ་དང། ་ཞལ་འཕྲིང་བ་ནི་ཀུན་དགའ་པོ་སྟེ། ཤིང་ཨ་ཤྭཏྭའི?་དྲུང་དུ་དགེ་སློང་སྟོང་སུམ་བརྒྱ་ལྔ་བཅུ་དང་ལྷན་ཅིག་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེའི་དུས་སུ་མིའི་ཚེའི་ཚད་ནི་ལོ་བརྒྱ་འཕེལ་འགྲིབ་བམ་ཅུང་ཟད་ཀྱང་མ་ཡིན་ནོ། །དེ་བཞིན་གཤེགས ་པ་དེ་ཡོངས་སུ་མྱ་ངན་ལས་འདས་ཏེ། དེའི་འོག་ཏུ་བྱམས་པ་འཚང་རྒྱ་བར་འགྱུར་རོ། །ཡང་དག་པར་རྫོགས་པའི་སངས་རྒྱས་དེ་རྣམས་སངས་རྒྱས་ཏེ་མྱ་ངན་ལས་འདས་སོ། །གང་ཞིག་འོད་སྲུངས་ཞེས་བྱ་བ་དྲུག་པ་བསྐལ་པ་འདི་ལས་སྔོན་དུ ་མངོན་སངས་རྒྱས་ཏེ། དེའི་དུས་སུ་ཡང་དཔལ་གསང་བ་འདུས་པའི་རྒྱུད་འདི་མ་བཤད་པའོ། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཕྱིར་དུས་དེ་ལ་སེམས་ཅན་རྣམས་སྦྱིན་པ་དང་ཚུལ་ཁྲིམས་ལ ་སོགས་པ་ལ་རྩོལ་བ་དང་ལྡན་པའི་ཕྱིར་ཆགས་པ་དང་བྲལ་བའི་ལ་མེ་ལ་བརྟེན་ནས་མགོ་བོ་ལ་སོགས་པ་སྦྱིན་པ་ལ་ཆགས་པ་སྟེ། ཕ་རོལ་ཏུ་ཕྱིན་པའི་ལམ་ལ་བརྟེན་ནས་འཇུག་པས་དཔལ་གསང་བ་འདས་པའི་མན་ངག་བསྒོམ་པའི ་སྣོད་མ་ཡིན་པ་སྟེ། རིགས་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་བསྐལ་པ་གྲངས་མེད་པ་གསུམ་གྱིས་དེ་རྣམས་ཀྱིས་བྱང་ཆུབ་ཐོབ་པར་གྱུར་པ་སྟེ། དེའི་ཕྱིར་དུས་དེ་ལ་གསང་བ་འདུས་པའི་རྒྱུད་འདི་མ་བསྟན་ཏོ། །ཇི་སྐད་དུ་དགེ་སློང་དངོས་པོར ་གང་གནས་དང། །རྟོག་གེ་ལ་དགའ་ཨི་མི་གང་རྣམས། །རྒས་པའི་དངོས་པོར་གང་གནས་ཏེ། །དེ་ལ་དེ་ཉིད་བསྟན་མི་བྱ་ཞེས་བྱ་བ་དང། ཉན་ཐོས་ནང་དུ་ཞག་བདུན་གནས་ཞེས་བྱ་བ་ལ་སོགས་པ་རྩ་བའི་ལྟུང་བའི ་རྒྱུད་གསུངས་པ་སྟེ། དེའི་དུས་སུ་སྔགས་ཀྱི་ཚུལ་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཞེས་བྱ་བ་བདེ་པའི་ཚིག་གོ། རྩོད་ལྡན་གྱི་དུས་འདི་འདོད་ཆགས་ལ ་སོགས་པའི་ཉོན་མོངས་པས་འཁྲུགས་པའི་སེམས་ཀྱི་རྒྱུད་ཡིན་ནའང?་འོན་ཀྱང་རྣ་བར་ཞུགས་པའི་ཆུ་གཞན་གྱིས་སེལ་པའི་རིག་པ་བཞིན་དུ་འདོད་ཆགས་ལ་སོགས་པ་ཁོ་ནའི་ཐབས་རྣམས་ཀྱིས་འདོད་ཆགས་ལ་སོགས་པ ་སེལ་པར་འགྱུར་ཏེ། ཞེས་བྱ་བའི་རིགས་པ་ལ་རྟེན་ཅིང་སྐད་ཅིག་དང། ཐང་ཅིག་དང། ཡུད་ཙམ་གྱི་བྱང་ཆུབ་ནི་རྡོ་རྗེ་འཆང་ཆེན་པོ་ཐོབ་པར་འགྱུར་ཏེ། སྔགས་ཀྱི་ཐེག་པ་ཆེན་པོའི་རིགས་དང་ལྡན་པའི་ཕྱིར་རོ།། སྔར་བཤད་པ་རྣམས ་ལས་ཁྱད་པར་བཤད་པར་བྱ་སྟེ། གཾ་གཱའི་བྱེ་མ་ཞེས་བྱ་བ་ལ་སོགས་པ་ལ་དང་པོའི་བསྐལ་པ་ལས་བྱུང་བ་ལ་གང་ཞིག་ཉན་ཐོས་ལ་སོགས་པ་ལ་མོས་པ་དང་ལྡན་པ་རྣམས་ཆུ་པོ་གཾ་བའི་བྱེ་མ་དང་འདྲ་བ་མཛའ་ཡས་པའི ་བསྐལ་པ་རྣམས་ཀྱིས་འབད་པ་ནི་ཐོས་པ་དང་བསམ་པ་དག་གིས་སོ། །བརྩལ་པ་ནི་བསྒོམ་པ་སྟེ། བྱང་ཆུབ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་ཐོབ་པར་མི་འགྱུར་ཏེ། ཉན་ཐོས་པ་རྣམས ་ནི་ཐབས་མེད་པ་དང་བྱང་ཆུབ་སེམས་དཔའ་རྣམས་ནི་ཐབས་མི་མཁས་པའི་ཕྱིར་རོ། །དཔེར་ན་མི་སྡུག་པོའི་སྒོམ་པས་ཐོག་མ་ནས་མ་སྐྱེས་པའི་དེ་ཁོ་ན་ཉིད་ཐོབ་པར་མི་འགྱུར་པའི་ཕྱིར་དང། ཉོན་མོངས་པ་སྤངས་ན ་ཡང་དེ་རྣམས་ཀྱིས་གང་ཟག་བདག་མེད་པ་འགྲུབ་པར་འགྱུར་པ་ཡིན་གྱི། ཆོས་བདག་མེད་པ་ནི་མ་ཡིན་ནོ། །དེའི་ཕྱིར་ཉན་ཐོས་དེ་རྣམས་ལ་ཐབས་མེད་ཅིང་ཐབས་ལས་བྱུང་བ་ཡང་མེད་པའོ། །བྱང་ཆུབ་སེམས་དཔའ་རྣམS་ལ་གང་ཟག་དང་ཆོས ་བདག་མེད་པའི་དེ་ཁོ་ན་ཉིད་བསྟན་ན་ཡང་དེ་རྣམས་ཐབས་ལ་མི་མཁས་པའོ། །དཔེར་ན་དེ་རྣམས་ནི་སེམས་ཅན་གཅིག་གི་ཕྱིར་རང་གི་ལུས་བྱིན་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བགྱིའོ་ཞེས་རྟོགས་པ་སྟེ། དེ་ཡང་ཕ་རོལ་ཏུ་ཕྱིན་པར་མ ་གྱུར་ཏེ། ཕྱོགས་གཅིག་པ་ཡིན་པའི་ཕྱིར་རོ། །དེ་བས་ན་ཡང་བསྐྱེད་ཅིང་དེ་བཞིན་དུ་སྤྱོད་པ་སྟེ། བསྐལ་པ་གྲངས་མེད་པ་གསུམ་གྱིས་བྱང་ཆུབ་ཐོབ་པར་གྱུར་པ་སྟེ། དེ་བས་ན་དེ་རྣམས་ཐབས་ལ་མི་ཁས་པ་ཡིན་ནོ། །དེ་བཞིན་དུ་ཚུལ་ཁྲིམས ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །སྔགས་ཀྱི་ཐེག་པ་ཆེན་པོའི་སྤྱོད་པ་ལ་འཇུག་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་དང་པོ་སྦྱོར་བ་ལ་སོགས་པའི་ཏིང་ངེ་འཛིན་གསུམ་གྱིས་རིགས་བརྒྱའི་དབྱེ་བས་ལུས་རྣམ་པར ་དབེན་པར་ཕྱེད་པ་དང། རྡོ་རྗེ་བཟླས་པའི་རིམ་པས་དག་རྣམ་པར་དབེན་པ་དང། སེམས་རྣམ་པར་དག་པའི་རིམ་པས་སེམས་རྣམ་པར་དབེན་པ་དང། བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་དག་པ་དང། ་མངོན་པར་བྱང་ཆུབ་པའི་རིམ་པས་དོན་དམ་པའི་བདེན?་བ་རྣམ་པར་དག་པ་མངོན་དུ་བྱ་བ་ལ་ཚེ་འདི་ཉིད་དེ་མཐོང་བའི་ཆོས་ལ། གསང་བ་འདུས་པ་ལ་དགའ་བ་ནི་དཔལ་གསང་བ་འདུས་པའི་མན་ངག་བསྒོམ་པའི་བྱང་ཆུབ་སེམས་དཔའ་ནི ་སྔགས་པ་རྣམས་འདོད་ཆགས་ཀྱི་འདོད་ཆགས་སྤངས་ལ། དེ་བཞིན་གཤེགས་པ་རྣམས་ནི་དེ་བཞིན་གཤེགས་པ་ལྔ་ཉིད་དང། སངས་རྒྱས་ནི་རྡོ་རྗེ་སེམས་དཔའ་ཉིད་དེ། དེ་ཞེས་བྱ་བའི་གྲངས་ནི་དེའི་གོ་འཕངས་ཏེ། དབུས་སུ་བྱུང་བ ་གཉིས་མངོན་དུ་བྱེད་པ་ཡིན་ནོ། །དེ་ནས་འདས་པའི་བསྐལ་པ་རྣམས་ལ་མ་བསྟན་པ་དང། བྱམས་པ་དབང་མཛད་པའི་མ་འོངས་པའི་བསྐལ་པ་ལ་ཡང་བསྟན་པར་མི་འགྱུར་ཏེ། ཤིན་ཏུ་རྙེད་པར་དཀའ་བ་ཉིད ་བསྟན་པ་ཡིན་ནོ། །དེ་བས་ན་རང་གི་སྐྱོན་རྣམས་སྤངས་ཏེ། དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱས་ཤིང་དེ་ཁོ་ན་ཉིད་རྟོགས་པར་བྱའོ། །ཇི་སྐད་དུ་སྐྱོན་གྱི་ངོ་བོས་རང་སྐྱོན་རྣམས་ནི་མི་ཤེས་དང། ཡོན་ཏན་རྣམས་ཀྱང་ལོག་ཅིང་? ་རྒྱལ་ཀྱིས་ཡོན་ཏན། དགེ་བའི་བཤེས་གཉེན་རྣམས་ལ་གང་གིས་སྨོད་བྱེད་པ། དེས་ནི་དེ་ཉིད་ཇི་ལྟར་མངོན་དུ་མཐོང་བར་འགྱུར་ཞེས་འབྱུང་ཏེ། ཚིག་གི་དོན་བཅུ་དྲུག་གོ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཀྱིས ་གསུང་ཐོས་ནས་བྱམས་པ་ལ་སོགས་པས་དུས་སོ། །དེ་རྣམས་ལ་གཟིགས་ནས་མི་བསྐྱོད་པ་ལ་སོགས་པས་བཀའ་སྩལ་པ་སྟེ། མ་དུ་ཞིག་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡང་གསོལ་པ། བཅོམ་ལྡན་འདས ་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་བོད་པའོ། །ཇི་ལྟར་མི་དུ་བར་བགྱི་ཞེས་པ་ནི་རབ་ཏུ་དུ་བར་བགྱི་བའོ་ཞེས་སྟོན་ཏོ། །དེ་བཞིན་དུ་སྡུག་བསྔལ་གསུམ་ནི་ལུས་ལ་སོགས ་པའི་སྡུག་བསྔལ་ཇི་ལྟར་མི་བསྒོམ་པར་གྱིས་ནི་ཆར་བར་བགྱིའོ་ཞེས་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཕྱིར་དེད་རྣམས་སྔར་བཤད་པའི་རིགས་པས་གསང་བའི་ཡི་གེ་གསུམ ་ནི་དཔལ་གསང་བ་འདུས་པའི་བསྐལ་པ་མ་མཆིས་པ་ནི་རིགས་མ་ཡིན་པའི་ཕྱིར་རོ། །དེ་ལ་ཡང་ལན་ཅིག་བཞག་ཏེ་།ཇི་སྲིད་མིང་ཙམ་ཡང་ཐོས་པའི་སྣོད་དེད་རྣམས་མ་ཡིན་ནོ་ཞེས་བྱ་བ་གང་ཞིག་བཅོམ་ལྡན་འདས་ཀྱིས ་གསུངས་པ་དེ་ནི་ངེད་རྣཾས་ཀྱིས་ཐོས་པ་མ་ཐོས་པ་བཞིན་དང། བསམས་པ་མ་བསམས་པ་བཞིན་དང། བསྒོམས་པ་མ་བསྒོམས་པ་བཞིན་དང། ཇི་སྲིད་ཐམས་ཅད་བྱས་པ་མ་བྱས་པ་དང་འདྲ་བར་འགྱུར་རོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་བཀའ་སྩལ ་པ། དེ་སྐད་མ་ཟེར་ཅིག་ཅེས་བྱ་བ་ལ་སོགས་པ་ལ། གསང་བའི་ཡི་གེ་གསུམ་གྱིས་ཞེས་བྱ་བ་ལ། གསང་བ་གསུམ་ནི་སྐུ་གསུང་ཐུགས་ཏེ། དེ་རྣམས་ཀྱི་ཡི་གེ་ནི་སྟོང་པ་ཉིད་དེ། དང་པོ་སྦྱོར་བའོ། །དེའི་འོག་ཏུ་ལྷའི་སྐུ་རྫོགས་པར་བྱ་བའི་ཕྱིར་ཡི ་གེ་གསུམ་གསང་བ་གསུམ་གྱི་ཡི་གེ་སྟེ། དཀྱིལ་འཁོར་རྒྱལ་བ་མཆོག་གོ། སྐུ་ལ་སོགས་པ་གསུམ་པོ་བྱིན་གྱིས་བརླབ་པའི་ཕྱིར་ཡི་གེ་གསུམ་གསུམ་དགོད་པ་གསང་བ་གསུམ་གྱི་ཡི་གེ་སྟེ། ལས་རྒྱལ་བ་མཆོག་གོ། རྩ་བ་གསུམ་ནི ་གསང་བ་གསུམ་སྟེ། དེ་ཉིད་ལས་ཡི་གེའི་རང་བཞིན་གྱི་སེམས་ཅན་གྱི་ཁམས་འབྱུང་བ་སྟེ། བསྐྱེད་པའི་རིམ་པའོ། །གསང་བ་གསུམ་ནི་སྣ་གསུམ་གྱི་རྩེ་མོར་ཡི་གེ་ཕྲ་བའི་ཐིག་ལེ་བསྒོམ་པ་སྟེ་རྫོགས་པའི་རིམ་པའོ། །འཇུག་པ་ལ་སོགས ་པའི་གསུམ་པོ་ནི་གསང་བ་གསུམ་པོ་སྟེ། དེ་ཐོས་པའི་ཡི་གེ་ནི་འོད་གསལ་བ་སྟེ། རྡོ་རྗེ་བཟླས་པའི་རིམ་པའོ། །ཡེ་ཤེས་གསུམ་པོ་སྦྱང་བར་བྱེད་པའི་ཡི་གེ་ནི་གསང་བ་གསུམ་གྱི་ཡི་གེ་སྟེ། སེམས་རྣམ་པར་དག་པའི་རིམ་པའོ། །ཆོས ་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་དག་ཉིད་ཀྱི་སྒྱུ་མའི་སྐུ་བླང་བ་གསང་བ་གསུམ་གྱི་ཡི་གེ་སྟེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ།། འདོད་ཆགས་དང་འདོད་ཆགས་བྲལ་བ་དང། འདོད་ཆགས་པར་མ་གསུམ་པོ་བཞི་པས་སྦྱར་བར ་བྱ་བ་འམ། འདྲེས་པ་གསང་བ་གསུམ་གྱི་ཡི་གེ་སྟེ་མངོན་པར་བྱང་ཆུབ་པའི་རིམ་པའོ། །ཁམས་གསུམ་པའི་མཉམ་པ་ཉིད་ཀྱིས་མི་གནས་མྱ་ངན་ལས་འདས་པའི་རང་བཞིན་གྱི་རྡོ་རྗེ་འཆང་ཆེན་པོའི་སྐུ་གསང་བ་གསུམ་གྱི་ཡི་གེ་ ་སྟེ་ཟུང་འཇུག་གི་རིམ་པའོ། །གསང་བ་གསུམ་གྱི་ཡི་གེ་བྱིན་གྱིས་བརླབ་ཅིང་ཤིན་ཏུ་འདུས་བྱས་པའི་ཤེས་རབ་དང་ཐབས། གསང་བ་གསུམ་གྱི་ཡི་གེ་སྟེ་རང་བཞིན་ནོ། །སྐུ་གསུང་ཐུགས་གཅིག་ཏུ་བྱེད་པའི་རྡོ་རྗེ་དང་པདྨ ་གསང་བ་གསུམ་སྟེ། དེ་དག་གི་ཡི་གེ་ནི་རྡོ་རྗེ་སྐྱིལ་མོ་ཐུང?་སྟེ་རྒྱུའོ། །ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ་པ་དེ་དག་ཉིད་བསྐྱོད་པ་གསང་བ་གསུམ་གྱི་ཡི་གེ་སྟེ་ལས་སོ། །འདོད་ཆགས་ལ་སོགས་པ་གསུམ་པོའི་རྣམ་པར་རྟོགས་པའི་གསང་བ ་གསུམ་མི་དམིགས་པའི་མི་འགྱུར་བ་གསང་བ་གསུམ་གྱི་ཡི་གེ་སྟེ་འབྲས་བུའོ། །དམན་པ་དང་བར་མ་དང་གྱ་ནོམ་པའི་གཟུགས་ལ་སོགས་པའི་ཡུལ་ཉེ་བར་སྤྱོད་པའི་གསང་བ་གསུམ་གྱི་ཡི་གེ་སྟེ་སོ་སོར་སྡུད་པའོ། །གསང་བ་གསུམ་གྱི་བདག ་ཉིད་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་དེ་རྣམས་མོས་པ་གསང་བ་གསུམ་གྱི་ཡི་གེ་སྟེ་བསམ་གཏན་ནོ། །ཁམས་གསུམ་པའི་བདག་ཉིད་ཀྱི་ཡུངས་ཀར་གྱི་འབྲས་བུའི་ཚད་ཙམ་ཐིག་ལེ་སྟེང་དང་འོག་ཏུ་འགྲོ་བ་དང་འོང་བ་ལ་སྦྱོར་བ་གསང་བ ་གསུམ་གྱི་ཡི་གེ་སྟེ། སྲོག་དང་རྩལ་བའོ། །སྲོག་དང་ཐུར་དུ་སེལ་བ་དང་མེ་དང་མཉམ་པ་རྣམས་ཐིག་ལེའི་རང་བཞིན་དུ་པདྨའི་ལྟེ་བར་འཛིན་པ་གསང་བ་གསུམ་གྱི་ཡི་གེ་སྟེ་འཛིན་པའོ། །རིགས་ཀྱི་བདག་ཉིད་ཀྱི་དེ་བཞིན་གཤེགས་པ་རྣམས ་སྤྲོས་པ་གསང་བ་གསུམ་གྱི་ཡི་གེ་སྟེ་རྗེས་སུ་དྲན་པའོ། །སྐུ་གསུམ་གྱི་བདག་ཉིད་ཀྱི་རྡོ་རྗེ་འཆང་ཆེན་པོའི་གཟུགས་རྫོགས་པ་གསང་བ་གསུམ་གྱི་ཡི་གེ་སྟེ་ཏིང་ངེ་འཛིན་ནོ། །དེ་ལྟར་ན་རྣལ་འབྱོར་རོ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་བསྲུང་བ ་གསང་བ་གསུམ་གྱི་ཡི་གེའོ། །ཡི་གེ་གསུམ་གྱིས་སྦྱངས་པའི་བདུད་རྩི་ལྔ་བཟའ་བ་གསང་བ་གསུམ་གྱི་ཡི་གེ་སྟེ་སྒྲུབ་པའོ། །དེ་ལྟར་ནི་ཚིག་གི་དོན་བཅུ་དྲུག་གོ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་ཉིད་རྟོགས་པར་བྱ་བའི་ཕྱིར་དེ་བཞིན ་གཤེགས་པ་རྣམས་ཀྱིས་བཀའ་སྩལ་པ། ཀྱེ་རིགས་ཀྱི་བུ་རྣམས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའི་བསྟན་པ་ནི་ཤིན་ཏུ་ཟབ་པ་སྟེ། དཔེར་ན་གསང་བའི་ཡི་གེ་ནི་དེ་ཁོ་ན་ཉིད་ཇི་ལྟར་ཁྱེད་རྣམས་ཀྱིས་མཐོས་པ་དང། མི་ཤེས་པ་ནི ་ཐོས་པ་དང་བསམ་པ་དང་བསྒོམས་པའི་རྣམ་པར་རྟོགས་པ་རྣམས་ཀྱི་རྣམ་པར་རྟོག་པའི་སྤྱོད་ཡུལ་དུ་མ་གྱུར་པ་སྟེ། འོན་ཀྱང་རང་གི་རང་གིས་བཅོམ་ལྡན་འདས་ལས་མར་མེ་བཞིན་དུ་བརྗོད་པ་ཀུན་རྫོབ་ཀྱི་མངོན་དུ་བྱས་པ་དེ་བཞིན་དུ་དེ ་རྣམས་ཀྱིས་ཀྱང། གསང་བའི་ཡི་གེ་ནི་དེ་ཁོ་ན་ཉིད་དེ་ཉིད་མ་ཐོབ་པ་ནི་རྣམ་པར་རྟོག་པ་དང་བཅས་པའི་དངོས་པོས་ཐོབ་པ་མ་ཡིན་ནོ། །དེ་བཞིན་ཉིད་དུ་ཉན་ཐོས་ལ་སོགས་པའི་བྱང་ཆུབ་བཞིན་དུ་ཡུན་རིང་བག་ཆགས་དང་བཅས་པས་མངོན ་པར་སངས་རྒྱས་པ་ནི་མངོན་དུ་བྱེད་པ་མ་ཡིན་ཏེ། འོན་ཀྱང་རྣམ་པར་རྟོག་པ་དང་བཅས་པའི་དཔེའི་བདེ་བ་སྤངས་ལ་རྣམ་པར་རྟོག་པ་དང་བྲལ་བ་དང། འདོད་ཆགས་ལ་སོགས་པ་མེད་པ་དང། ས་བཅུ་གཉིས་པ་ལ་བཞག་པར་བྱེད་པའི་དཔེ་ལས ་བྱུང་བའི་དེ་ཁོ་ན་ཉིད་རྡོ་རྗེ་འཆང་ཆེན་པོ་ལས་ཐོབ་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གསང་བའི་ཡི་གེ་ཞེས་བྱ་བ་ལ་སོགས་པ། གང་གི་ཕྱིར་གསང་བ་ནི་དེ་ཁོ་ན་ཉིད་དེ། དེའི་གནས་ནི་ཁྱོད་རྣམས་དང་ངེད་རྣམས་སྣོད་ཡིན་ཏེ། རྡོ་རྗེ་འཆང་ཆེན་པོ་ལ ་སོགས་པའི་རིགས་ཡིན་པའི་ཕྱིར་དང། ཉན་ཐོས་པ་བཞིན་དུ་དམན་པའི་མོས་པ་མེད་པའི་ཕྱིར་རོ། །དེ་མེད་པ་ནི་སྔགས་ཀྱི་ཚུལ་ལ་ཕུལ་དུ་བྱུང་བའི་དད་པ་དང་ལྡན་པའི་ཕྱིར་རོ། །གཞན་དུ་ན་དད་པ་མེད་ན་རྡོ་རྗེ་འཆང་ཆེན་པོའི་དཀྱིལ་འཁོར ་ལ་ཞུགས་ཤིང་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་རྒྱལ་པོ་ཅིའི་ཕྱིར་ཁྱེད་རྣམས་ཀྱིས་ཐོབ་པར་འགྱུར་།ཇི་སྐད་དུ་དུ་བ་ལས་ནི་མེར་ཤེས་དང་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ། །དེ་བས་ན་ཁྱེད་རྣམས་ཆོས་ཉིད་ལ་སྐལ་བ་དང་ལྡན་པ ་ཡིན་ཏེ། ངེད་བཞིན་དུ་མངོན་དུ་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་ཡི་གེ་ནི་འོད་གསལ་བའི་དེ་ཁོ་ན་ཉིད་དེ། དེ་ཁྱབ་པར་བྱེད་པའི་ཕྱིར་རྣམ་པར་དག་པ་ཡིན་པས་ཁམས་གསུམ་པ་ཡང་དེའི་རང་བཞིན་ཡིན་པའི་ཕྱིར་ཏེ། ་དེ་ཁོ་ན་ཉིད་གང་གིས་ཐོབ་པ་དང། གང་གི་མ་ཐོབ་པ་སྟེ། ཕྲ་མོའི་ལྟ་བས་འགྲོ་བ་རྣམ་པར་དཔྱད་ན་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ཡིན་པའི་ཕྱིར་རོ། །འོན་ཀྱང་གང་ཞིག་ཉན་ཐོས་ལ་སོགས་པ་སྣོད་མ་ཡིན་པའོ་ཞེས་གསུངས་པ་དེ་དག ་ཐམས་ཅད་ཀུན་རྫོབ་ཏུ་བསྟན་པ་ཡིན་ཏེ། གང་གི་ཕྱིར་དེ་རྣམས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་འོད་ཟེར་གྱི་འཁོར་ལོས་བསྐུལ་ནས་སངས་རྒྱས་ཉིད་ཁོ་ན་ཐོབ་པ་ཡིན་ནོ། །ཇི་སྐད་དུ། སྙིང་རྗེ་ཆེན་པོ ་མེད་པའི་ཕྱིར། །འདི་རྣམས་རང་དོན་ལ་རྩོལ་བ། །རང་རྒྱལ་བ་དང་ཉན་ཐོས་རྣམས། །ཐེག་པ་ཆེན་པོའི་སྣོད་མ་ཡིན། །གང་ཕྱིར་ཐེག་པ་ཆེན་པོའི་ནོར། །རང་གི་ལམ་གྱིས་ངེས་ཚིག་པ། །བྱང་ཆུབ་སེམས་དཔའ་ཨི་ནང་དུ་ནི། །སྐྱེས་པ ་དབུལ་པོ་བཞིན་དུ་གནས། །མི་ཤེས་ཉོན་མོངས་མེད་སྤོང་ཕྱིར། །ཕྱི་ནས་སངས་རྒྱས་ཀྱིས་བསྐུལ་བ། །བསོད་ནམས་ཀྱི་ཚོགས་བསགས་ནས་ནི། །དེ་རྣམས་འཇིག་རྟེན་འདྲེན་པར་འགྱུར་ཞེས་འབྱུང་ངོ། །དེ་བས་ན་ཀུན་མཁྱེན་གྱི ་ཡེ་ཤེས་ཀྱི་འོད་ཟེར་གྱིས་བསྐུལ་བ་དེ་རྣམས་ཕྱག་རྒྱ་ཆེན་པོ་ལ་འཇུག་པའི་རིམ་པས་སངས་རྒྱས་ཉིད་མངོན་པར་རྫོགས་པར་བྱེད་པ་སྟེ་མདོར་བསྡུས་པའོ། །དེ་བཞིན་དུ་གཞན་ལས་ཀྱང། །ཆོས་དང་ཆོས་མིན་བརྟུལ་ཤུགས་སྟོང།། ་སྡོམ་པ་དཀའ་ཐུབ་འདུལ་བ་ཉིད། །དུད་འགྲོ་དམྱལ་བ་ཡི་དགས་རྣམས། །ལྷ་དང་བཅས་པའི་མ་རྣམས་ཉིད། །འབྱུང་བ་འབྱུང་ལས་འགྱུར་ཕུང་པོ། །ཁམས་རྣམས་ཐུབ་པའི་བསྟན་པ་ཉིད། །སྟོང་པ་དང་ནི་ཉན་ཐོས་ཏེ། །ཐམས་ཅད ་ཀུན་རྫོབ་སྟོན་པའོ། །ལས་དང་པོ་པའི་འཇིག་རྟེན་དག། དོན་དམ་པ་ལ་འཇུག་པའི་ཕྱིར། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱིས་རིམ་པ་ལྟ་བུར་གསུངས། །མཐར་ནི་ཐམས་ཅད་འཇིག་བྱ་བའི། །འདི་ནི་བྱིས་པ་འཇུག་ཕྱིར་རོ། །བརྗོད་མེད ་སྣང་བར་མི་འགྱུར་བ། །གང་ཡང་གཞན་དག་རབ་སྣང་གྱུར་ཞེས་འབྱུང་ངོ། །དེ་བཞིན་དུ་རྒྱུད་ལ་སོགས་པའི་རིགས་པ་བཞིས་འགྲོ་བ་འདུལ་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་རོལ་མོ་བསྟན་པ་ཡིན་ནོ། །དཔལ་གསང་བ་ཐུན ་མོང་མ་ཡིན་པའི་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང། །ད་ནི་གཞན་ཡང་ཐམས་ཅད་མཁྱེན་པའི་འཁོར་གྱི་ཕུན་སུམ་ཚོགས་པ་བཤད་པར་བྱ་སྟེ། དཔེར་ན་རྒྱལ་པོ་ཆེན་པོ་ཟས་གཙང་ནི་འཇམ་དཔལ་ཡིན་ནོ། །ལྷ་མོ་སྒྱུ་མ་ཆེན་མོ ་ནི་འཇིག་རྟེན་དབང་ཕྱུག་ཡིན་ནོ། །གྲགས་འཛིན་མ་ནི་དཔལ་གྱི་ལྷ་མོའོ། །སྒྲ་གཅན་འཛིན་ནི་རྡོ་རྗེ་སེམས་དཔའ་ཨོ། །ཤ་རདྭཱ་ཏིའི་བུ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་པའོ། །འཕགས་པ་གནས་བརྟན་ཀུན་དགའ་བོ་ནི་ཀུན་ཏུ་བཟང་པོའོ།། ་གནས་བརྟན་ལྷས་སྦྱིན་ནི་ལྷའི་དབང་པོའོ། །དཔལ་ཤཱཀྱ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ་རྣམ་པར་སྣང་མཛད་ཆེན་པོ་ཡིན་ནོ། །དེ་བཞིན་དུ་སངས་རྒྱས་མྱ་ངན་ལས་འདས་མིན། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ་།སེམས ་ཅན་ཀུན་རྣམས་འདུལ་བའི་ཕྱིར། །མྱ་ངན་ལས་འདས་ཉེར་བསྟན་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བས་ན་བྱང་ཆུབ་སེམས་དཔའ་ཁྱོད་རྣཾས་ཀྱང་འོད་གསལ་བ་རྟོགས་པའི་ཕྱིར། དེ་བཞིན་གཤེགས་པ་ཉིད་ཡིན་ནོ་ཞེས་སྟོན ་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པའི་གསུང་ཐོས་ནས་འོད་གསལ་བའི་ཏིང་ངེ་འཛིན་ལ་ཞུགས་ཏེ། བརྗོད་དུ་མི་ནུས་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཅང་མི་སྨྲ་བར་གྱུར་ཏེ། རྫོགས་པའི་རིམ་པའོ ་བསྟན་པའི་སྒོ་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་དེ་ཁོ་ན་ཉིད་བསྟན་ནས་དེ་ཉིད་མངོན་དུ་མཛད་པའི་ཕྱིར་བཤད་པར་བྱ་སྟེ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ནི་མི ་བསྐྱོད་པ་ལ་སོགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་བཙུན་མོའི་བྷ་ག་ནི་ལེའུ་དང་པོ་ལས་བཤད་པ་སྟེ། དེ་ལ་ཞུགས་པ་ནི་རྡོ་རྗེ་འཆང་ཆེན་པོའི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ལ་བལྟས་ཏེ་དེ ་ཉིད་དུ་ཞུགས་ཤིང་མར་གྱི་བུམ་པ་བཞིན་དུ་ཆོས་འབྱུང་གི་ཕྱག་རྒྱའི་ནང་དུ་ཐིམ་པར་གྱུར་ཏོ། ཞེས་སྟོན་ཏོ། །བཅོམ་ལྡན་འདས་ཀྱང་བྱ་བ་རྫོགས་པའི་ཕྱིར་དང་རྒྱུད་ཀྱང་རྫོགས་པའི་ཕྱིར་འོ་མ་དང་ཆུ་བཞིན་དུ་རེག་བྱ་རྡོ་རྗེ་མ ་དང་རོ་གཅིག་པར་གྱུར་ཅིང་ཐམས་ཅད་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་ཞུགས་པར་གྱུར་ཏོ་ཞེས་འདིར་བཤད་པར་བྱའོ། །གཞན་དུ་ན་དེ་བཞིན་གཤེགས་པ་རྣམས་བཞུགས་པ་སྟེ། དཀྱིལ་འཁོར་གྱི་གཙོ་བོར་གཞུགས ་ན་ལྷ་མོ་སྤྱན་ལ་སོགས་པ་གང་ལ་བཞེངས་སུ་གསོལ་པའི་ཕྱིར་བསྐུལ། །དེ་བཞིན་གཤེགས་པ་ལ་ཞེ་ན། དེ་ཡང་དག་པ་མ་ཡིན་ཏེ། གཙོ་བོར་སྤངས་ནས་གཙོ་བོ་མ་ཡིན་པ་བསྐུལ་བ་མི་རིགས་སོ། །དེ་བས་ན་གཙོ་བོ ་ཉིད་དུ་གྱུར་པ་གང་གིས་འགྲོ་བའི་དོན་མཛད་པ་དེ་ཉིད་ཀྱི་སྤྲོ་པ་དང་བསྡུ་བ་མཛད་པ་རིགས་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་འགྲོ་བའི་དོན་ཆགས་པའི་འཇིགས་པS་ཚངས་པའི་གནས་གཞི་རང་བཞིན་གྱི་ལྷ་མོ་སྤྱན ་ལ་སོགས་པས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་བསྐུལ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་དེའི་རང་བཞིན་གྱི་རྣམ་པར་སྣང་མཛད་དེ། དེའི་སྐུ་གསུང་ཐུགས་ཀྱི་བཙུན་མོ་ནི་ལྷ་བྱམས་པའི་རང་བཞིན་གྱི ་ལྷ་མོ་སྤྱན་ཏེ། དེས་བྷ་ག་ནི་སྟོད་པ་ཉིད་དེ། དེ་ལ་ཞུགས་པ་ན་བཅོམ་ལྡན་འདས་ཏེ་དེ་ལ་བསྟོད་པའོ། །བཅོམ་ལྡན་འདས་ཇི་ལྟ་བུ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ནི་བཙུན་མོ་བྷ་ག་ལ་ཞུགས་པའི་མི་བསྐྱོད་པ་ལ་སོགས་པ་སྟེ། དེ ་རྣམས་ཀྱི་བདག་པོ་རོ་གཅིག་པ་ཉིད་དུ་བཞུགས་པའོ། །དེ་བཞིན་དུ་རྡོ་རྗེ་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཏེ། དེ་འཛིན་པ་ནི་དེའི་ངོ་བོས་བཞུགས་པས་ན་རྡོ་རྗེ་འཛིན་ནོ། །དེ་ལྟ་བུའི་བཅོམ་ལྡན་འདས་ལ་དགའ་པས་བསྟོད་པ་ནི་སེམས་ཅན ་གྱི་དོན་མཛད་པ་ལ་རྗེས་སུ་ཆགས་པས་བསྐུལ་བ་སྟེ། དཀྱིལ་འཁོར་གྱི་རྒྱལ་བ་མཆོག་གོ། སེམས་ཅན་ཁམས་ཞེས་བྱ་བ་ལ་སོགས་པ་ལ་ཁྱོད་ཅེས་པ་ནི་ཡིད་ཀྱིས་བརྟགས་ནས་བོད་པ་སྟེ། ཐམས་ཅད་དུ་དེ་བཞིན་དུ་ཞེས་པར་བྱའོ། །རྡོ་རྗེ ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། དེ་ཐུགས་གང་ལ་ཡོད་པ་དེ་རྡོ་རྗེ་ཐུགས་སོ། །གནས་ནི་སའི་ཁམས་ཏེ་དེའི་དབང་ཕྱུག་ནི་དེ་རྣམ་པར་དག་པའི་རང་བཞིན་ནོ། །དེ་བཞིན་དུ་སེམས་ཅན་གྱི་ཁམས་ཀྱི་དབང་ཕྱུག་ཀྱང་ཡིན་ཏེ་ཞི་བ་མཛད་པའི་ཕྱིར་རོ།། ་བདག་ནི་ལྷ་མོ་སྤྱན་ལ་སྐྱབས་སུ་གསོལ་བ་ནི་སྲུང་བར་མཛོད་ཅིག་པའོ། །གང་གིས་ཞེ་ན། དགའ་བ་ནི་སེམས་ཅན་གྱི་ཁམས་ལ་བརྟེན་ཏེ་བྱམས་པས་བསྡུས་པ་སྟེ། སྒྱུར་བ་དེ་ཉིད་ཀྱིས་གང་ཞིག་དོན་ཆེན་ནི་བྱང་ཆུབ་ཐོབ་པར་བྱེད་པ་དང། ་ཡིད་འོད་ནི་བདེ་བ་སྟེར་པ་སྟེ། འདོད་པ་ནི་འདོད་པའི་ཡོན་ཏན་ལྔ་ཉེ་བར་སྤྱོད་པ་སྟེ་སེམས་ཅན་གྱི་ཁམས་ལ་གསོལ་བའི་དེ་རྣམས་ཀྱིས་སོ། །དེ་བཞིན་དུ་བདག་ལ་དགྱེས་པར་མཛད་དུ་གསོལ་བ་ནི་བདག་བྱམས་པ་རྫོགས་པར་མཛོད་ཅིག ་པའོ། །སེམས་ཅན་ཡབ་ནི་སྐྱེད་པར་མཛད་པའོ། །ཆེན་པོ་བྱང་ཆུབ་ཐོབ་པར་མཛད་པའི་ཕྱིར་སེམས་ཅན་དེ་ཉིད་ཀྱི་གཉེན་མཆོག་ཕན་མཛད་པའོ། །གལ་ཏེ་བདག་གསོན་པར་བཞེད་པ་དེའི་ཚེ་མགོན་པོ་ནི་བདག་པོ་ཀྱེ་བཞེངས་གསོལ་ཞེས ་ཚིག་གི་ལྷག་མའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་མཱ་མ་ཀཱིས་བསྐུལ་བ་སྟེ་རྡོ་རྗེ་ནི་སེམས་ཅན་གྱི་ཁམས་ཏེ། དེའི་འདོད་པ་དགའ་བ་ནི་སྙིང་རྗེ་སྟེ། དེ་ཉིད་འགྲོ་བ་མཉེས་པར་བྱ་བའི་ཕྱིར་མཆོད་པ་སྟེ། དེ་གཙོ་བོར ་གྱུར་པའི་མཆོག་གི་ཡི་གེའི་ཚིག་ནི་བསྟོད་པའི་ཚིག་ནི་བསྟོད་པའི་ཚིག་གིས་བསྐུལ་བའོ། །རྡོ་རྗེ་སྐུ་ཁྱོད་ཅེས་བྱ་བ་ལ་སོགས་པ་ལ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས་རྡོ་རྗེ་སྐུ་ཐོབ་པས་ན་རྡོ་རྗེའི་སྐུའོ། །སེམས་ཅན་ནི་ཁམས་གསུམ་པ ་སྟེ། དེ་ལ་ཐུགས་རྗེས་ཡང་དག་པར་སྡུད་པར་མཛད་པའི་ཕྱིར་སེམས་ཅན་ཀུན་ལ་ཕན་ནོ། །བཀའ་ཨི་འཁོར་ལོས་འགྲོ་བའི་བསམ་པ་རྫོགས་པར་མཛད་པའི་ཕྱིར་བཀའ་ཨི་འཁོར་ལོའོ། །སངས་རྒྱས་དོན་དུ་བྱང་ཆུབ་ནི་རྡོ་རྗེ་འཆང་ཆེན་པོ ་ཉིད་དོ། །དེས་དོན་དམ་ནི་དེ་ཁོ་ན་ཉིད་དང་ཕན་ནི་བདེ་བ་རྗེས་སུ་སྟོན་པ་ནི་སེམས་ཅན་རྣམས་ལ་གང་གིས་རབ་ཏུ་སྟོན་པར་མཛད་པ་དེ་ནི་དེ་བཞིན་ནོ། །འདོད་ཆགས་ནི་ཕྱི་རོལ་གྱི་དགའ་བ་འམ་སྙིང་རྗེས་དམ་ཚིག་ཆགས་པ་ནི་འདོད་ཆགས ་རྣམ་པར་དག་པ་འམ། འདོད་ཆགས་ཀྱི་རང་བཞིན་གྱི་འགྲོ་བ་ཡང་དག་པར་སྡུད་པར་མཛད་ལ། བདག་ལ་དགྱེས་པར་མཛད་དུ་གསོལ་བ་ནི་རོལ་བ་འམ་བསྣམས་པར་མཛོད་ཅིག་པའོ། །མགོན་པོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ།། ་དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་འཇིག་རྟེན་དབང་ཕྱུག་ནི་སྣང་བ་མཛའ་ཡས་ཏེ། དེ་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་སྤྱན་ནི་གོས་དཀར་མོ་སྟེ། དེས་འདོད་པ་ལ་ཉེ་བར་ལོངས་སྤྱོད་པའི་དམ་ཚིག་ནི་ཕུལ་དུ་བྱུང་བའི་སྙོམས་པར་ཞུགས་པའི ་གཙོ་བོར་གྱུར་པའི་ཚིག་གིས་བསྟོད་པ་ནི་བསྐུལ་བའོ། །ཁྱོད་ནི་རྡོ་རྗེ་གསུང་ཞེས་བྱ་བ་ལ་སོགས་པ་ལ་ཡན་ལག་དགུ་པའི་ཆོས་སྟོན་པའི་ཕྱིར་རྡོ་རྗེ་གསུང་ངོ། །ཀུན་ནི་འགྲོ་བ་ཀུན་ལ་དགའ་པས་ཕན་ཞིང་ཐུགས་བརྩེ་པའོ། །དེ་བཞིན་དུ ་འདོད་ཆགས་ཡེ་ཤེས་ཀྱིས་འདོད་ཆགས་ཀྱི་ཉོན་མོངས་པ་རྣམ་པར་སྦྱང་བས་རྟག་ཏུ་ནི་དུས་གསུམ་དུ་འཇིག་རྟེན་དག་གིས་དགོངས་པའི་དོན་ནི་འདོད་ཆགས་ལ་སྤྱོད་པའི་སེམས་ཅན་གྱི་ཁམས་རྣམ་པར་སྦྱང་བ་སྟེ་།དེ་ལ་བརྩོན་པའོ། །བདག་ལ་དགྱེས ་པར་མཛད་དུ་གསོལ་ཞེས་པ་ནི་དགོངས་ཤིག། སྙོམས་པར་ཞུགས་པར་མཛོད་ཅིག་པའོ། །རབ་དགའ་ཨི་སྤྱོད་པ་ནི་འདོད་ཆགས་ཀྱི་སྤྱོད་པ་སྟེ། དེ་ཉིད་ཀྱིས་ཀུན་ཏུ་བཟང་པོ་ནི་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་མཛོད་ཅིག་པའོ། །མགོན་པོ་ཞེས་བྱ་བ་ལ ་སོགས་པ་སྔ་མ་བཞིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་རྡོ་རྗེ་དོན་ཡོད་གྲུབ་པ་སྟེ། དེ་ཉིད་ཀྱི་བཙུན་མོ་ནི་བཏང་སྙོམས་ཀྱི་རང་བཞིན་གྱི་ལྷ་མོ་སྒྲོལ་མ་སྟེ། དེས་ཡིད་བདེ་བའི་དགའ་པ་ནི་ཐུགས ་དང་གསུང་དང་སྐུ་དགྱེས་པར་བྱེད་པའི་ཚིག་གམ། བདེ་བ་དང་ཡིད་དགའ་བའི་དགའ་བ་ནི་བཏང་སྙོམས་ཀྱིས་བསྟོད་པ་ནི་བསྐུལ་བའོ། །ཁྱོད་ནི་རྡོ་རྗེའི་འདོད་པ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ནི་འོད་གསལ་བ་སྟེ། དེ་ཉིད་འདོད་པ་ནི་བཏང་སྙོམས་ཀྱི ་ཚངས་པའི་གནས་ཀྱིས་མངོན་དུ་མཛད་པས་ན་རྡོ་རྗེ་འདོད་པའོ། །དམ་ཚིག་ནི་ལས་ཐམས་ཅད་དེ་དེ་རྣམས་ཀྱི་མཆོག་ནི་གཙོ་བོར་གྱུར་པའི་ཕྱིར་རོ། །ཆེ་བ་ནི་སེམས་ཅན་གྱི་ཁམས་ཏེ་དེའི་ཕྲག་དོག་རྣམ་པར་སྦྱང?་བའི་ཕྱིར་དོན་ཆེ་བའོ། །བྱ་བ ་ནན་ཏན་གྲུབ་པའི་ཡེ་ཤེས་ཀྱི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རིགས་ནི་དེ་བཞིན་གཤེགས་པའི་རིགས་ལ་མཆོག་ནི་མཛེས་པར་གྱུར་པའོ། །མཉམ་པ་ཉིད་ནི་བདེ་བ་དང་སྡུག་བསྔལ་གཉི་ག་དང་བྲལ་བའི་ཐུགས་ཏེ། བཏང་སྙོམས ་སོ། དེས་ཐུགས་བརྩེ་བ་ནི་འགྲོ་བ་གཟིགས་པར་མཛད་པས་ན་མཉམ་པ་ཉིད་ཐུགས་བརྩེ་བའོ། །བདག་ལ་དགྱེས་མཛོད་པ་ནི་རོལ་པར་མཛོད་ཅིག་པའོ། །ཇི་ལྟ་བུ་ཞེ་ན། ཡོན་ཏན་གཏེར་ནི་བདེ་བ་ཆེན་པོའི་རང་བཞིན་དང། རིན་ཆེན་མང་པོ་ ་ནི་སྨིན་པ་དང་གྲོལ་བ་ལ་སོགས་པའི་བྱ་བ་རྣམས་ཏེ། དེ་དག་གི་རྒྱུར་གྱུར་པ་སྟེ། བདག་ལ་བརྟེན་ནས་འགྲོ་བའི་དོན་རྫོགས་པར་འགྱུར་རོ་ཞེས་དགོངས་པའོ། །མགོན་པོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ཏེ། དཀྱིལ་འཁོར ་རྒྱལ་བ་མཆོག་གོ། དེ་ནས་ཤེས་བྱ་བ་ལ་སོགས་པ་ལ། སྔོན་གྱི་སྨོན་ལམ་གྱི་དབང་གིས་བྱམས་པ་ལ་སོགས་པའི་ཚངས་པའི་གནས་བཞི་ལ་དབང་དུ་གྱུར་པས་དེའི་རང་བཞིན་གྱི་ལྷ་མོ་བཞིས་བསྐུལ་བ་བཅོམ་ལྡན་འདས་ཀྱིས་རྨི ་ལམ་བཞིན་དུ་གསན་ཏེ། འོད་གསལ་བའི་ཏིང་ངེ་འཛིན་ལ་ཅིག་ཅར་དུ་བཞེངས་ནས། འདོད་ཆགས་ཐམས་ཅད་ནི་ཨ་ལིངྒ་ན་ལ་སོགས་པ་སྟེ། དེ་རྣམས་ཉེ་བར་ལོངས་སྤྱོད་པ་ནི་ཉམས་སུ་མྱོང་བ་སྟེ། དེ་ཉིད་རྡོ་རྗེ་ནི་མི་འཇིགས་པ་བདེ ་བ་ཆེན་པོ་ཐོབ་བར་བྱེད་པ་སྟེ། དེས་དཔལ་ནི་རང་དང་གཞན་གྱི་ཕུན་སུམ་ཚོགས་པ་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོ་ནི་ལྷ་མོ་སྤྱན་ལ་སོགས་པ་སྟེ། དེ་རྣམས ་དེ་དམ་ཚིག་གི་འཁོར་ལོ་ནི་ཨ་ལིངྒ་ན་ལ་སོགས་པའི་ཚོགས་ཀྱིས་འདོད་ཆགས་དང་འདོད་ཆགས་དང་བྲལ་བ་དང་འདོད་ཆགས་པར་མའི་རིམ་པས་བཞི་པའི་དེ་ཁོ་ན་ཉིད་ཉེ་བར་མཚོན་ཅིང་ནོར་བུའི་ནང་དུ་འགྲོ་བ་དེ་ཉིད་བརྟན་པར ་མཛད་ནས་དེ་ཉིད་རོ་གཅིག་པར་མཛད་ལ། འདོད་པ་སྤྱོད་པ་ནི་ཉམས་སུ་མྱོང་ཞིང་ཅང་མི་གསུང་བར་གྱུར་པ་སྟེ། རང་བཞིན་དང་རྒྱུ་དང་ལས་དང་འབྲས་བུ་རྣམས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་ཆེན་པོའི་ཏིང་ངེ ་འཛིན་ལ་བཅོམ་ལྡན་འདས་བཞུགས་པས་ནམ་མཁའ་ཨི་དབྱིངས་ཐམས་ཅད་ནི་ཇི་སྲིད་ཁམས་གསུམ་པའི་སྣོད་ཀྱི་འཇིག་རྟེན་ཏེ། དེ་ཉིད་རྡོ་རྗེ་འཆང་ཆེན་པོའི་མཐུས་ཨ་ལིངྒ་ནི་ལ་སོགས་པ་ལས་འབྱུང་བའི་དགའ་པ་ལས་སྐྱེས ་པ་ལྷ་མོའི་བདེ་བའི་སྒྲ་དང་དེའི་དགའ་བའི་རང་བཞིན་གྱི་ཐུགས་རྩེ་གཅིག་པར་གྱུར་པས་རྡོ་རྗེ་འཆང་བཞིན་དུ་སྣང་བ་དཀར་བ་དམ་ཚིག་གི་ཁུ་བས་ཆུས་བུམ་པ་བཞིན་དུ་ཡོངས་སུ་གང་བར་འགྱུར་རོ། །ནམ་མཁའ་ཨི་དབྱིངས་ལ་གནས་པའི་གང་ཞིག་སེམས ་ཅན་རྣམས་དེ་ཡང་དེ་ལྟ་བུའི་རྡོ་རྗེ་འཆང་གི་རྡོ་རྗེ་དཔལ་གྱིས་རེག་པ་ཙམ་གྱིས་རྡོ་རྗེ་འཆང་ཉིད་ཐོབ་པར་འགྱུར་རོ། །དེ་གཅིག་པུ་མ་ཡིན་གྱི་དེ་ནས་བརྩམས་ཏེ་ཀུན་ཏུ་བཟང་པོའི་གོ་འཕང་ཐོབ་པར་གྱུར་པ་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས ་དབང་བསྐུར་བ་ཐོབ་པར་འགྱུར་རོ། །འདིར་ནི་དགོངས་པ་དེའི་ཡིན་ཏེ། བཅོམ་ལྡན་འདས་ཀྱི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས་འགྲོ་བ་དང་དེ་བཞིན་དུ་དབྱེར་མེད་པར་འགྱུར་ཏེ། རྫོགས་པའི་རིམ་པའོ། །དེ་ནས་ཞེས་བྱ་པ་ལ་སོགས་པ་ལ་བདེ་བ་ཆེན་པོ ་ཉམས་སུ་མྱོང་པའི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་དེ་དང་འདྲ་བའི་ཏིང་ངེ་འཛིན་སྟོན་པར་མཛད་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་བོད ་པའོ། ཁྱེད་རྣམས་ཀྱིས་སངས་རྒྱས་ཐམས་ཅད་ནི་ཕུང་པོ་ལ་སོགས་པ་དང་ཁམས་གསུམ་པའི་མཉམ་པ་ཉིད་ནི་བདེ་བ་ཆེན་པོའི་ངོ་བོས་རོ་གཅིག་ཏུ་མཐོང་བ་ནི་ཉམས་སུ་མྱོང་བ་ཡིན་ནམ། གང་ཞི་གང་ཡིས་རབ་ཏུ་སྟོན་པ་ཡིན་ནོ་ཞེས་དགོངས ་པའོ། དེ་ནས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་ཐམས་ཅད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཅན་གྱིས་བྱང་ཆུབ་སེམས་དཔའ་ཨི་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་སྟེ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས ་པ་ལ། བཅོམ་ལྡན་འདས་དང་བདེ་བར་གཤེགས་པ་ཞེས་པ་ནི་བཀའ་དྲིན་ལ་ཚིག་གཉིས་ཏེ་མཐོང་ལགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ཁྱོད་དེ། དེའི་རྡོ་རྗེ་ཡེ་ཤེས་ནི་འོད་གསལ་བ་དེའི་སྤྱོད་པ་ནི་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ ་སྟེ། དེ་མཐོང་ལགས་སོ། །གཞན་སྨྲ་བ་ཅད་མེད་པ་སྟེ་བདག་ཅག་རྣམས་ཐེ་ཚོམ་དང་བྲལ་བའི་ཞེས་སྟོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་གང་ཞིག་མི་བསྐྱོད་པ་ལ་སོགས་པ་ཆོས་འབྱུང་བ་ཞུགས་པ་དེ་རྣམས་ཉིད་བཅོམ ་ལྡན་འདས་ཀྱིས་སྤྲོས་ཏེ། དེའི་སྒོ་ནས་དེ་ཁོ་ན་ཉིད་ཀྱི་ངོ་བོ་སྟོན་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་ཡིན་ཏེ། བཙུན་མོའི་བྷ་ག་ནི་བཅོམ་ལྡན་འདས་མ་རེག་བྱ་རྡོ་རྗེ་མའི་བྷ་ག་ལས་བྱུང་ཞིང་བཅོམ་ལྡན་འདས ་ལ་འདི་སྐད་ཅེས་གསོལ་ཏོ། །གང་འདོད་ཆགས་ཞེས་བྱ་བ་ལ་སོགས་པ་ལ་ངོ་མཚར་བ་ནི་འབྲས་བ་ལའོ། །འདོད་ཆགས་ཀྱི་ཡི་གེའི་ཚིག་ནི་འདོད་ཆགས་ཀྱི་ཆོས་སྤྱོད་པ་རྣམས་ཀྱིས་ཀྱང་གང་ཞིག་བྱང་ཆུབ་ནི་རྡོ་རྗེ་འཆང་ཉིད་ཐོབ་པར་གྱུར་པ་དེ་ནི ་ངོ་མཚར་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་ལས་རྡོ་རྗེ་འཆང་གིས་འདོད་ཆགས་ཀྱི་ཚུལ་གྱི་ཏིང་ངེ་འཛིན་གྱི་རྣམ་པར་དག་པས་གསུངས་པའི་ཕྱིར་དེ་ཉིད་ཐེ་ཚོམ་མེད་པའི་ཕྱིར་བཤད་པར་བྱ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས ་ཅད་ཅེས་བྱ་བ་ནི་ཡོད་པའོ། །མ་ནི་དགག་པ་ལའོ། །འདོད་ཆགས་ཀྱི་སྤྱོད་པས་བྱང་ཆུབ་རྗེས་སུ་རྟོགས་པ་ཡིན་ནོ། །ཞེས་དེ་སྐད་མ་ཟེར་ཅིག་འདོད་ཆགས་སྤྱོད་པ་ནི་ཇི་ལྟ་བུ་ཞེ་ན། ཕུང་པོ་ལ་སོགས་པ་ཐམས་ཅད་སྟོང་པ་ཉིད་ཀྱི་མཚན་ཉིད ་ཡིན་ནོ། དེ་ཅིའི་ཕྱིར་ཞེ་ན། གང་ཞིག་ཆོས་འདི་རྣམས་དེ་ནི་ནམ་མཁའ་ཨི་རྡོ་རྗེའི་དམ་ཚིག་དང་མཚུངས་པ་ནི་ནམ་མཁའ་དང་འདྲ་བ་སྟེ། ཐོག་མ་ནས་མ་སྐྱེས་པའི་ཕྱིར་རོ། །དེ་ལྟ་བུའི་ཆོས་རྣམས་ཉན་ཐོས་པ་ལ་སོགས་པས་མངོན་བྱེད་པ་མི་ནུས ་ཏེ། འདི་ལྟ་བུའི་སྤྱོད་པས་དེ་རྣམས་སྐད་ཅིག་མས་རྟོགས་པར་འགྱུར་རོ། །གཟུགས་ཀྱི་ཕུང་པོ་ཆོས་མ་ཡིན་ཞེས་བྱ་བ་ལ་སོགས་པས་ཕུང་པོ་ལྔ་རང་བཞིན་མེད་པ་དང། ཁམས་མ་ཡིན་ཞེས་བྱ་བས་ཁམས་བཅོ་བརྒྱད་ཀྱི་རང་བཞིན ་མེད་པ་དང། སྐྱེ་མཆེད་མ་ཡིན་ཞེས་བྱ་བས་དབང་པོ་དང་ཡུལ་རྣམས་རང་བཞིན་མེད་པ་དང། འདོད་ཆགས་མ་ཡིན་ཞེས་བྱ་བ་ལ་སོགས་པས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་རང་བཞིན་མེད་པ་དང། ཆོས་མ་ཡིན་ཆོས་མ་ཡིན་པ་ཡང ་མ་ཡིན་ཞེས་བྱ་བས་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ནམ་ཀུན་རྫོབ་དང་དོན་དམ་པ་དག་རང་བཞིན་མེད་པ་བསྟན་ཏོ། །ཇི་སྐད་དུ། གཟུགས་ནི་དབུ་བ་འདྲ་བར་བཤད་ཅེས་བྱ་བ་ལ་སོགས་པ་འབྱུང་བ་དང། སེམས་ནི་མ་ཡིན་ཆོས་རྣམས་མིན། ་ལུས་ཀྱང་མ་ཡིན་ཁམས་རྣམས་མིན། །འདི་ནི་གཉིས་སུ་མེད་པའི་ལམ། །དེ་ཉིད་རེག་པ་ཡང་དག་བརྗོད་ཅེས་བྱ་བ་དང། །དབང་པོའི་ཚོགས་ལ་འདོད་ཆགས་མིན། །དོན་ལ་མ་ཡིན་སེམས་ལ་མིན། །གཞན་ལ་མི་གནས་བདག་གནས་མིན།། ་དེ་ནི་ཡོད་མིན་མེད་མ་ཡིན་ཞེས་བྱ་བ་ལ་སོགས་པ་དང། དངོས་པོ་རྣམས་ནི་གོས་བཞིན་དུ་ཞེས་པར་བྱ་བ་ལ་སོགས་པ་དང། སེམས་ཅན་སྣོད་ཅེས་མིང་ཅན་འདི། །འཇིག་རྟེན་གཉིས་པོ་བསྲེགས་ནས་ནི། །བདག་ཉིད་ཀྱང་དེར་དེ་ཉིད་འདིར།། ་མེ་སྒྲོན་བཞིན་དུ་ཤི་བར་འགྱུར། །སྟོང་ཉིད་མེ་ཡིས་བསྲེགས་པ་ཡི། །དེ་ལྟར་འགྲོ་བ་གསུམ་བལྟས་ཏེ། །འཁོར་བར་རྣམ་པར་སྤྱོད་ན་ཡང། །རྣལ་འབྱོར་བ་དེ་བཅིངས་མི་འགྱུར་ཞེས་བྱ་བ་ལ་སོགས་པ་བྱུང་ངོ། །དེ་ནས་ཞེས་བྱ་བ་ལ ་སོགས་པ་ལ་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཐེ་ཚོམ་བྲལ་བའི་ཕྱིར་ཆོས་ཉིད་ཀྱི་ངོ་བོ་དེ་ཉིད་དགོངས་ཤིང་ཅད་མི་གསུང་བར་གྱུར་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་རྒྱུད་འདི་གཏད ་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་དང། བྱང་ཆུབ་སེམས་དཔའ་ནི་བྱམས་པ་ལ་སོགས་པ་སྟེ། དེ་རྣམས་ལ་བཀའ་སྩལ་པ། ཀྱེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལ་སོགས་པའི་དེ་ཁོ་ན་ཉིད་ཐོབ་པར་བྱེད་པའི་དཔལ་གསང་བ་འདུས་པའི་རྒྱུད་གཞུང་དང་དོན་གྱི་སྒོམ་པ་ནི་འཛིན་པ་དང་གྲགས་པར ་གྱིས་ཤིག་པའོ། །གང་གི་ཕྱིར་སྔར་བཤད་པའི་རིགས་པས་སེམས་ཅན་རྣམས་སྐལ་པ་དང་ལྡན་པའི་ཕྱིར་ཡིན་ནོ། །དེ་ལྟར་སྤྱིའི་གཏད་པ་མཛད་ནས་གང་གི་ལག་ཏུ་རྒྱུད་ཀྱི་རྒྱལ་པོ་འདི་ཤིན་ཏུ་བསྲུང་བར་འགྱུར་པ་དང། གང་ཞིག་དབང་པོ ་རྣོ་བ་ཡིན་པའི་ཕྱིར་གྲགས་པར་བྱེད་པ་ནུས་པ་རྡོ་རྗེ་ཆོས་དེ་ལ་རྡོ་རྗེ་འཆང་གིས་བཀའ་སྩལ་པ་སྟེ། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་ལ། ཀྱེ་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ནི་སྐུ་ལ་སོགས་པའི་དངོས ་གྲུབ་རྣམས་དང། དེ་ཁོ་ན་ཉིད་ནི་དོན་དམ་པ་སྟེ། དེ་ལྟར་རིམ་པ་གཉིས་གཙོ་པོར་གྱུར་པའི་རྒྱུད་འདི་ཁྱོད་ཀྱིས་ཟུང་ཞིག་ཅེས་པ་ནི་གཞུང་དང་དོན་གྱིས་གཟུང་བར་གྱིས་ཤིག་པ་དང། ཇི་བཞིན་སྐལ་པ་དང་ལྡན་པ་རྣམས་ལ་བསྟན ་པར་གྱིས་ཤིག་པའོ། །ཁྱོད་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། དེ་རིང་ནས་བརྩམས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བ་ཡིན་ནོ་ཞེས་གསུང་གིས་དབང་བསྐུར་བ་གསོལ་ཞིང་གླེགས་བམ་གཏད་པ་ཡིན་ནོ། །དེ ་ནས་ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་སེམས་དཔའ་རྡོ་རྗེ་ཆོས་ཀྱིས་བདག་ལ་རྗེས་སུ་གཟུང་པར་མ་པ་ཡིན་ནོ་ཞེས་ཡིད་ཀྱིས་བསམས་ཤིང་ཅང་མི་སྨྲ་བར་གྱུར་ཏེ། དེ་ཁས་བླངས་པའི་ཕྱིར་དང་འཛིན་པའི་ཕྱིར་རོ། །དེའི་ཕྱིར ་ཕྱག་ན་རྡོ་རྗེ་ནི་རྒྱུད་ཐམས་ཅད་ཀྱི་སྡུད་པ་པོ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་གཏད་པ་ཡོངས་སུ་རྫོགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་སེམས་དཔའ་ཨི་ཡི་གེ་གསུམ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང ་ཆེན་པོ་ལ་ཞུགས་པར་གྱུར་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཉམ་པ་ཉིད་ནི་སྐུ་དང་དབྱེར་མེད་པ་ཉིད་ཀྱིས་ཏིང་ངེ་འཛིན་ལ་དམིགས་ཏེ་ཁམས་གསུམ ་ཐམས་ཅད་ཀྱི་རྡོ་རྗེའི་གནས་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེའི་སྐུའི་རང་བཞིན་དུ་ཞུགས་པར་གྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེ་དག་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་མཉམ ་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་དམིགས་ནས་སྔ་མ་བཞིན་དུ་རྡོ་རྗེ་འཆང་ཆེན་པོའི་གསུང་དང་ཐུགས་ངག་ལ་དེའི་བདག་ཉིད་ཞུགས་པར་གྱུར་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་འཆང་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད ་ནི་ཁམས་གསུམ་པ་ཐམས་ཅད་དང་དཀྱིལ་འཁོར་བ་ཐམས་ཅད་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་དམིགས་ནས་དེའི་ངོ་བོ་ཉིད་ཀྱིས་ཅད་མི་སྨྲ་བར་གྱུར་པ་ནི་འོད་གསལ་བའི་ཏིང་ངེ་འཛིན་ཐོབ་ནས་ཆུ་བོའི་རྒྱུན་རྒྱུ་བ་བཞིན་དུ་དེ་ཉིད་ལ་དགོངས་ཤིང ་བཞུགས་པར་གྱུར་ཏེ། རྫོགས་པའི་རིམ་པའོ།། འདི་སྐད་ཅེས་བཀའ་སྩལ་ཏོ། །ཞེས་པ་ནི་ཚིག་གི་དོན་བཅུ་དྲུག་གི་བཤད་པ་གཙོ་བོར་གྱུར་པ་བསྡུས་པས་ན་རིམ་པ་འདིས་སྟོན་པར་བྱེད་པའི་དཔལ་གསང་བ་འདུས་པའི་རྒྱུད་དེ་བཞིན་གཤེགས་པ ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཨི་འཁོར་གྱི་དཀྱིལ་འཁོར་གྱི་ནང་དུ་མ་འོངས་པའི་སེམས་ཅན་གྱི་ཁམས་རྗེས་སུ་གཟུང་བར་མཛད་པའི་ཕྱིར་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་བཞིན་གཤེགས་པ་དྲུག་པས་དེ་སྐད་ཅེས་བཀའ་སྩལ ་ཏོ་ཞེས་སྡུད་པ་པོ་སྟེ་?་ཚིག་གི་དོན་བཅུ་དྲུག་གོ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ནི་རིམ་པ ་གཉིས་ཀྱིས་བསྒྲུབ་པ་སྟེ། དེ་གཙོ་བོར་གྱུར་པ་གང་ཞིག་གསང་བ་འདུས་བ་ཞེས་པ་ལ། །གསང་བ་ནི་བྱ་བ་ལ་སོགས་པ་ལ་འཇུག་པ་རྣམས་ལ་བསྟན་པར་མི་བྱ་བ་དང། འདུས་བ་ནི་སངས་རྒྱས་ཐམས་ཅད་གཅིག་ཏུ་བྱེད་པའི་མཚན ་ཉིད་དེ། དེ་སྟོན་པར་བྱེད་པའི་རྒྱུད་ལས་དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། དེ་རྣམས་ཀྱི་གང་ཞིག་བསྲུང་བར་བྱ་བ་དང་བཟང་བར་བྱ་བའི་དམ་ཚིག་དང་སྡོམ་པ་སྟེ། དེ་རྣམས་ཉིད་སྤང་བར་མི་བྱ་བའི་ཕྱིར་རྡོ་རྗེ ་སྟེ། དེའི་བྱིན་གྱིས་བརླབ་པ་ནི་མངོན་དུ་བྱེད་པ་སྟེ། དེ་ཉིད་ཀྱི་རྒྱལ་པོ་ནི་ཐམས་ཅད་ལས་ཕུལ་དུ་བྱུང་བ་སྟེ། དེ་སྟོན་བར་བྱེད་བའི་གཞུང་གི་ཚོགས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་དང་སྡོམ་པ་རྡོ་རྗེའི་བྱིན་གྱིས་བརླབས ་ཀྱི་རྒྱལ་པོ་ཞེས་བྱ་བའོ། །ལེའུ་ཞེས་པ་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་བག་ཆགས་རྣམས་འདོན་པར་བྱེད་པ་དང་།རྡོ་རྗེ་འཆང་ཉིད་སྟེར་བར་བྱེད་པས་ན་ལེའུ་སྟེ་སྒྲུབ་པའོ། །རྒྱུད་འགྲེལ་ལས་ལེའུ་བཅུ་བདུན་པའི་ཚིག་གི ་དོན་བཅུ་དྲུག་གི་བཤད་པའོ།། །།ལེའུ་བཅུ་བདུན་བའི་ཚིགས་སུ་བཅད་པའི་གྲངས་ནི་བདུན་བརྒྱ་བརྒྱད་ཅུའོ།། །།དཔལ་གསང་བ་འདུས་པའི་རྒྱུད་ཀྱི་རྒྱུད་འགྲེལ་ཞེས་བྱ་བ་ལ། རྡོ་རྗེ་ཐེག་པ་ཆེན་པོ་པ་སློབ་དཔོན་ཆེན ་པོ་གང་ལ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤཱི་ཏྲ་ད་ཀ་ལ་ཤཱི་སྲས་པཎྜི་ཏ་ཀུ་མ་རུ་ཀཱ་ལ་ཤྲཱི་དཔོན་པོ་མན་ཏཱ?་ཀཱ་ལ་ཤ་ཞེས་བྱ་བ་ཉིད་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་བའོ།། །། ་ན་འདོད་པ་ནི་ཡུལ་ལྔ་སྟེ་།དམ་ཚིག་མཚུངས་པ་ནི་ཐ་མལ་པར་གནས་ན་ཡང་རྣལ་འབྱོར་པ་ལ་དམ་ཚིག་ཉིད་དུ་འགྱུར་རོ། །དེ་ནི་སེམས་རྣམ་པར་དག་པ་དང་སྒྲུབ་པའོ། །ཆེར་བཅད་པ་དང་ཕན་འདོགས་པ་སྔར་བཤད་པ་དེ? ་ནི་ཞེ་སྡང་ལ་སོགས་པ་བསྒོམས་པ་བཤད་པར་བྱ་སྟེ། རེ་ཞིག་དང་པོར་རྣམ་བཅས་ནི་དབྱིབས་དང་ཁ་དོག་ལྡན་བའི་ཡི་གེ་གསུམ་སྤྲོ་བ་དང་བསྔ་པའི་གནས་པའི་རིམ་པ་ནི་འཇུག་པ་ལ་སོགས་པའི་རིམ་གྱིས་བཟླས་པ་ནི་རྡོ་རྗེ་བཟླས་པ་བྱའོ། །དེ ་དག་རྣམས་མེད་ནི་རིམ་གྱིས་ཡི་གེ་བསྡུ་ཞིང་ཀུན་འགྲོ་བ་ནི་ཕྱོགས་དང་ཡུལ་དང་དུས་དང། དབྱིབས་དང་ཁ་དོག་དང་བྲལ་བ་རྣམ་པར་མི་རྟོག་པ་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་མ་ནིང་གི་བཟླས་བ་བྱ་སྟེ། རྡོ་རྗེ་བཟླས་པའི་རིམ་པའོ། །རྡོ་རྗེ་བཟླས་པ ་སེམས་རྩེ་གཅིག་པ་ཉིད་ཐོབ་ནས་ཡང་བསྐྱེད་པའི་རིམ་པ་བཤད་པར་བྱ་སྟེ། ཞེ་སྡང་རྡོ་རྗེ་ལ་སོགས་པའི་གཟུགས་གསུམ་ནི་ཁམས་གསུམ་སྐྱེད་ཅིང་གསང་བདག་པ་ནི་སྐུ་ལ་སོགས་པ་བྱིན་གྱིས་བརླབས་པས་རྒྱས་གདབ་ཅིང། ་རྡོ་རྗེ་ཅན་གྱི་དོན་བྱེད་བ་ནི་གདུག་པ་ལ་སོགས་པ་ལ་ཚར་གཅོད་པའི་བྱ་བ་བྱེད་དོ། །ཇི་ལྟར་ཞེ་ན་།སྔར་བཤད་བའི་རིམ་གྱིས་མཱ་མ་ཀཱིའི་པདྨར། ཞེ་སྡང་འཁོར་ལོ་ནི་མི་བསྐྱོད་ལས་བྱིན་གྱིས་བརླབས་པའི་ཁྲོ་བོའི་འཁོར་ལོ་བསྐྱེད་ལ། ་དེའི་འོད་ཟེར་སྤྲོ་བས་ཁྲོ་བོ་རྣམས་ཕྱུང་ཞིང་དེ་རྣམས་ཀྱི་རང་གི་ཕྱག་ན་གནས་པའི་ཕྱག་མཚན་གྱིས་གདུལ་དཀའ་བ་གསོད་ཅིང་དེའི་རྣམ་པར་ཤེས་པའི་ཡི་གེ་གསུམ་བདག་ཉིད་ཡི་གེ་ཧོ(རྒྱུད་འགྲེལ་ཅིང་རང་གི་སྙིང་གའི་ཡེ་ཤེས་སེམས་དཔའ་ཨི་ས་བོན་བསྡུ་བར་བྱ་སྟེ། དེའི་ཚེ་འཆི་བར་འགྱུར་རོ། །གཞན་ཡང་ཡི་གེ་གསུམ་གྱི་བདག་ཉིད་གདུལ་དཀའ་བའི་རྣམ་བ་སྔ་མའི་རིམ་གྱིས་སྤྲོ་ཞིང། གདུལ་དཀའ་བའི་ལུས་ལ་ཞུགས ་