| Wylie | e-texts based on the ACIP/ALL Input |
ཁ་མྱས་དབང་ཕྱུག་མ་ནད་ངོ་ཅོག་གི་བདག་མོ་དཔལ་ནག་མོ་ཆེན་མོ་ལ་སྟོད་པ་བརྒྱད་པ་བརྒྱད་པ་ཞེས་བྱ་བ་མ་བྲམ་ཟེ་མཆོ་སྲེད་ཀྱི་མཛད་པ་རྫོགས་སོ།། །།*། །དཔལ་ནག་པོ་ཆེན་པོའི་བསྟོད་བ་བཞུགས་སོ། །*། །རྒྱ་གར་སྐད་དུ། ་ཤྲཱི་མ་ཧཱ་ཀཱ་ལ་པ་ད་ཨཥྚ་ཀ་སྟོ་ཏྲ་ནཱ་མ། བོད་སྐད་དུ། དཔལ་ནག་པོ་ཆེན་པོའི་བསྟོད་པ་རྐང་པ་བརྒྱད་པ་ཞེས་བྱ་བ། དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །ོཾ་གྲུབ་པར་གྱུར་ཅིག་།འབྱུང་པོ་རོ་ལང་ཚོགས་རྣམས་ཧ་ཧ་ཧཱུཾ་དང་ཀི་ལི་ཀི ་ཞེས་མྱུར་བར་ནི། །སྐུ་ལ་རྒྱ་མའི་ཕྲིང་བས་ཀུན་ནས་ཀླུབས་ཤིང་ཞལ་དུ་མི་ཡི་ཤ་ནི་གསོལ་མཛད་ཅིང། །འདོད་པའི་གཟུགས་དང་མི་སྡུག་གཟུགས་ཅན་ཁ་ཊརྙཾ་གར་བཅས་ཕྱག་བཅས་ཕྱག་གཡོན་མི་ཡི་ཐོད་པ་བསྣམས། །སྨིན་མ་སེར ་ཞིང་མཆེ་མཙིགས་རོ་ཡི་གདན་ལ་སྐྱེས་པའི་ཞིང་སྐྱོང་ཁྱོད་ཀྱིས་ཞིང་སྐྱོང་མཛོད། །ཕེཾ་ཕེཾ་ཕེཾ་ཞེས་སྒྲོགས་པར་བྱང་ཅིང་སོ་སོར་སྐྱེས་པ་མེ་དཔུང་ཆེན་པོའི་དབུས་ནི་ནི། མགོ་ཡི་རྣམས་ཀྱིས་མགོའི་ཕྲེང་བྱས་རབ་གསལ་འཇིགས་པའི་སྐུ་བརྒྱན ་གཤིན་རྗེ་དང་མཚུངས་ཤིང། །དྲག་ཤུལ་ཕྱག་གིས་བསད་པ་རྣམས་ཀྱི་མི་མགོའི་མ་ལུས་འཛིན་ཅིང་ཁྲག་སྐྱུགས་འབབ་པ་གསོལ། །རོལ་པས་རོལ་བ་སེལ་ཅིང་མི་ཡིས་གང་གིས་ལ་ཞིང་སྐྱོང་ཁྱེད་ཀྱིས་སྲུང་བར་མཛོད། །ཀྵཾ་ཀྵཾ་ཀྵཾ་ཞེས ་བརྗོད་བའི་སྐུ་ཅན་ཅ་ཅོ་སྒྲོགས་པར་བྱེད་པའི་གདུག་པ་རྣམས་བཟུང་ཏེ། །གཅིག་བུ་སྣོད་མནན་ཅིང་མནན་ནས་ཧ་ཀ་ཧ་བརྗོད་ཅིང་ཆར་སྤྲིན་སྔོན་པོའི་མདོག་།ཧྲིཾ་ཀྵིཾ་ཤསིཾ་གི་སྔགས་ཀྱི་རྒྱ་ཅན་པ་ཙ་པ་ཙ་རིགས་ཀྱི་སྔགས་ཀྱིས་ཀུན་བསྲེགས། བགེགས ་རྣམས་རབ་ཏུ་བསྐྲད་པར་མཛོད་ཅིག་སྒྲུབ་ཕོ་རྣམས་ཀྱི་ཞིང་གནས་ངེས་པར་ཞིང་སྐྱོང་མཛོད། །གང་ཞིག་དུས་ཀུན་དུ་ནི་ཧེ་ཧ་ཌ་ཌ་ཞེས་བཞད་ཤིན་ཏུ་འཇིགས་མཛད་ཅིང། །ཕྱག་རྣམས་ཀྱིས་ནི་སྡིག་དང་བགེགས་འཇིག་ཉི་མ་རི་རེ་དྲི་མེད་མཉེས ་པ་ཆུ་འཛིན་མདོག་།ཧཱུཾ་ཧཱུཾ་ཕཊ་ཅེས་དྲག་པོའི་སྒྲ་ཡིས་སྲིད་པ་གཉིས་པོའི་ཁོང་ནི་མ་ལུས་འགེངས་ནུས་ཤིང། །དབུ་སྐྲ་དང་ནི་རྨ་ར་ཚེར་སེར་ཉེ་བར་སྤྱོད་པའི་ཞིང་སྐྱོང་ཁྱོད་ཀྱིས་བསྲུང་བར་མཛོད། །ཁཾ་ཁཾ་ཁཾ་ཞེས་ཕྱག་གཡས་གྲི་གུག་རལ ་གྲིས་བགེགས་རྣམས་རོལ་ཁྲག་འཐུང་པ་ལ་དགྱེས། །རཾ་རཾ་རཾ་ཞེས་སྤྱན་ནམ་དུ་རུ་རུ་ཞེས་ཕྱག་ནི་ཁྲག་གིས་རྒྱན་ཅིང་སྟུཾ་པའི་ཤུགས། །ཀྲུཾ་ཀྲུཾ་ཀྲུཾ་ཞེས་ཁྲོས་པའི་སྤྱན་ནི་བྱས་གཟིགས་པར་མཛོད་ཅིག་བགེགས་རྣམས་ཁྱོད་ཀྱི་སྒྱུར ་བར་མཛད། །དཊཾ་དཊཾ་དཊཾ་ཞེས་འདི་ཡིས་འདུལ་མཛད་རྔ་མ་ཏུ་དང་བཅས་པའི་ཞིང་སྐྱོང་ཁྱོད་ཀྱིས་སྲུངས། ཀྲིཾ་ཀྲིཾ་ཀྲུཾ་ཞེས་མནན་པས་དགྲའོ་ཉོན་མོངས་པ་རྣམས་ངེས། །པར་ཉོན་མོངས་ཕུར་མཛོད་ཅིག་།ཀཾ་ཀཾ་ཀཾ་ཞེས་ཐོད་ཕྲེང་སླ་ལ ་གྲིས་བགེགས་རྣམས་རོལ་ཁྲག་འཐུང་པ་ལ་དགྱེས། །རཾ་རཾ་རཾ་ཞེས་སྤྱན་ནམ་དུ་རུ་རུ་ཞེས་ཕྱག་ནི་ཁྲག་གིས་རྒྱན་ཅིང་སྟུཾ་པའི་ཤུགས། །ཀྲུཾ་ཀྲུཾ་ཀྲུཾ་ཞེས་ཁྲོས་པའི་སྤྱན་ནི་བྱས་གཟིགས་པར་མཛོད་ཅིག་བགེགས་རྣམས་ཁྱོད་ཀྱི་སྒྱུར ་པར་མཛད། །དཊཾ་དཊཾ་དཊཾ་ཞེས་འདི་ཡིས་འདུལ་མཛད་རྔ་མ་ཏུ་དང་བཅས་པའི་ཞིང་སྐྱོང་ཁྱོད་ཀྱིས་སྲུངས། ཀྲིཾ་ཀྲིཾ་ཀྲུ་ཞེས་ནན་པས་དགྲའོ་ཉོན་མོངས་པ་རྣམས་ངེས། །པར་ཉོན་མོངས་ཕུར་མཛོད་ཅིག་།ཀཾ་ཀཾ་ཀཾ་ཞེས་ཐོད་ཕྲེང་སྒ་ལ ་སྤྲས་ཤིང་ནག་པའི་མཆུ་དང་འདྲ་བའི་སྐུ། །ཙཾ་ཚིཾ་ཙེཾ་ཞེས་སྟུཾ་བི་ཤུགས་ཀྱིས་རབ་གཡོ་རྨད་བྱུང་བའི་འཇིགས་རྟེན་སྣང་མཛད་ཅིང། །སཾ་སཾ་སཾ་ཞེས་འཆོག་པའི་བདག་གི་དགྲ་ཐོས་འཛིན་ཞིང་སྐྱོང་གང་ཡིན་ཁྱོད་ཀྱིས་སྐྱོངས། །ཡཾ་ཡཾ་ཡཾ་ཞེས་སྣོད ་གཤིན་རྗེ་ལྟར་འགྲོ་དྲི་མ་མེད་པའི་ཆུ་བཞིན་གཟིགས་མཛད་ཅིང། །བཾ་བཾ་བཾ་ཞེས་རླུང་གི་ཤུགས་ཀྱིས་མྱུར་དུ་རྒྱུ་ཞིང་ཉོན་མོངས་འཇིག་རྟེན་སྐྱོད་པ་མ་ཉེས། །བཾ་བཾ་བཾ་ཞེས་འཇིགས་པའི་ཁྲོ་གཉེར་མཆོག་གི་འཇིགས་མཛད་ནུས་པའི་ཁྭ་ཤ ་ཟ་ཞིང། །ཀྵཾ་ཀྵཾ་ཀྵཾ་ཞེས་ཕན་པར་མཛད་ཅིང་གནོད་པ་སྐད་གིས་སེལ་ཞིང་སྐྱོད་ཁྱོད་ཀྱིས་སྐྱོངས། །ཀློཾ་ཀླིཾ་ཀླུཾ་ཞེས་གདུག་པའི་གཟུགས་ཀྱི་སྲིད་གསུམ་ཉིན་མཚན་དུས་ཀུན་ཉོན་མོངས་པར་མཛད་པ་གང། །པཾ་པཾ་པཾ་ཞེས ་ཐཡེའི་ཞགས་པས་བྱོལ་སོང་རྣམས་འཛིན་ཕྱག་གིས་གདུལ་བ་རྣམས་སྐྱོང་བ། །སྔགས་བདག་སྔགས་ཀྱི་སྐུ་ཅན་བློ་ཡིས་སྔགས་པ་རྣམས་ལ་བློ་གྲོས་འབྲས་བུ་མཚུངས་མེད་སྟེར། ཞིང་རྣམས་སྐྱོང་བར་མཛད་པ་ཁྱོད་ཀྱིས་འགྲོ་བའི་ལུས་རྣམས ་མ་ལུས་ཡུན་རིང་བསྐྱང་དུ་གསོལ། །བསྒྲུབ་པ་པོའི་སློབ་དཔོན་བློ་ལྡན་བདག་གིས་ཐོས་འཛིན་གཞི་གུས་དང་ལྡན་པས། ཐུན་གསུམ་དུ་ནི་སྔགས་རྣམས་བརྒྱད་པོ་ཀློག་བྱེད་དེ་ནི་བསོད་ནམས་ལྡན་པར་འགྱུར་བ་དང། ས་སྟེངས་དང་ནི་མཐོ་རིས་སུ་ནི ་དེ་ཡི་རྟག་ཏུ་གེགས་རྣམས་ཉམས་འགྱུར་ཞིང། །ཚེ་དང་དཔལ་དང་ལ་དང་གྲགས་དང་འབྱོར་འཛིན་སྟོབས་དང། མཐུ་དང་གཟི་བརྗིད་རྒྱས་པར་མཚུངས་མེད་འགྱུར། །དཔལ་ནག་པོ་ཆེན་པོ་ལ་བསྟོད་པ་སྔགས་རྐང་པ་བརྒྱད་པ་ཞེས་བྱ་བ། སློབ་དཔོན ་འཕགས་པ་ཀླུ་སྒྲུབ་ཀྱི་མཛད་པའོ།། །།རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་སྱཱ་ཥྚ་མནྟྲ་སྟོ་ཏྲ་ནཱ་མ། བོད་སྐད་དུ། དཔལ་ནག་པོ་ཆེན་པོ་ལ་བསྟོད་པ་རྐང་པ་བརྒྱད་པ་ཞེས་བྱ་བ། །དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །ོཾ ་