CLOSE WINDOW

N1438: dpal lha mo nag mo chen mo la bstod pa brgyad pa zhes bya ba
Wyliee-texts based on the ACIP/ALL Input

སངས་རྒྱས་གྲགས་ཀྱིས་བསྟོད་པ་རྫོགས་སོ།། །།འདི་དག་བྲ་ཀྲི་ཏའི་སྐད་དུ་ཡོད་པ་ལས་སེ་ལོ་ཙ་བས་བོས་སྐད་དུ་བསྒྱུར་པའོ། །རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་དི་བི་སྟོ་ཏྲ་ཨཥྚ་ནཱ་མ:། བོས་སྐད་དུ། དཔལ་ལྷ་མོ་ནག་མོ ་ཆེན་མོ་ལ་བསྟོད་པ་བརྒྱད་པ་ཞེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཏིལ་མར་གྱིས་བསྐུས་ལན་བུ་གཅིག་ཕ་རོ་ཉེའི་རྣེ་ཆས་སྒེག་ཅིང་ཆ་ལུགས་མ་ལུས་འཆང། །རྒྱན་དུ་རྐང་སྒྲོགས་ལྕགས་ལས་བྱས་པ་གཅིག་གིས་རང ་གི་རྐང་པ་མཛེས་པར་བྱས་པ་དེ། །གཅེར་བུ་བོང་བུ་ཞོན་ཞིང་འགྲོ་བ་འདི་ན་རྒྱུ་བ་དེ་ནི་ལྷ་མོ་ཁྱོད་ཉིད་ཀྱིས། །བདག་ཉིད་མཛེས་པར་ཤེས་ཀྱིས་གཞན་ལྟས་ཁྱོད་ཀྱི་སྤྱོད་པའི་མཚོ་ཆེན་དོན་དག་སུ་ཡིས་ཤེས། །འཁོར་བ་འཇིག་པའི ་ཚེ་ན་མི་ལུས་དག་ལས་ཁྲག་དང་ཞག་འཛག་དུད་པ་འཐུལ་བ་ན། །ལྷ་མོ་མཆེ་བ་མི་བཟད་ཁྱོད་ཀྱིས་ཞལ་དུ་འགྲོ་ཀུན་སྐད་ཅིག་ཙམ་གྱིས་ཞུགས་པར་འགྱུར། །ནག་མོ་མི་ཐོད་ཐོགས་པ་ཁྱོད་ནི་རྣལ་འབྱོར་གྲུབ་པའི་རྣལ་འབྱོར་ཅན་ཏེ་དུར་ཁྲོད ་དགྱེས། །ཁྱོད་ནི་གཡོ་བྱེད་མནན་ཅིང་ནད་ཆེན་འཆི་བའི་འཇིགས་པ་གསལ་ཞིང་ཞི་ལ་མི་བཟང་དྲིལ་ཡང་སྒྲོགས། །དཔའ་བོ་དག་ནི་མགོ་བོའི་ཅོད་པན་གྱིས་ནི་ལེགས་སྤྲས་གཡུལ་དུ་མཚོན་གྱིས་བཅད་པ་ཡི། །འཕྲེང་བ་ཐོགས་ཤིང་གར ་བྱེད་ལག་པ་མཉེན་བརྐྱང་རྐུབ་ཚོས་ཆེ་ལ་ཀླུ་དབང་བཤིབས་པ་ཡི། །སྐ་རཌ་འཆིང་ཞིང་ལག་ན་མདུང་དང་རལ་གྲི་ཐོགས་ལ་ཁྲག་གི་ཆང་གིས་མྱོས་པར་འགྱུར། །མི་རྩ་དམར་པོ་གྱུར་ཅིང་མཚན་མོ་དུར་ཁྲོད་འགྲོ་བ་འབྱུང་པོ་ཕལ་ཆེན་རྣམས་ཀྱི ་མཐོང། །ཀོ་རློན་ཆེན་པོ་དྲལ་ཏེ་བརྒྱངས་པའི་གོས་ཀྱིས་མནབས་ཤིང་ཕྱེད་གཡོགས་ཕྱེད་ནི་རེ་ལྡེས་དཀྲིས། །མི་ཡི་རྒྱུ་མ་གསར་པའི་སྦུབས་ཀྱིས་ཞལ་གྱི་ཟླ་བ་བརྒྱན་ཅིང་དྲིལ་བུ་འགྲན་པར་འཁྲོལ། །ལུས་ནི་སྣུམ་ཀྱིས་གསར་དུ་བྱུགས་ཤིང་ཁྲག ་དང་ཞག་ལ་སོགས་པའི་ཐིག་ལེས་ཚོམ་བུར་བྲིས། །མི་ཡི་ཤ་ལ་སོ་ཡིས་ཆེམ་ཆེམ་གཅོད་བྱེད་ཐོད་པ་ཅན་ནི་བདག་ལ་བསྐྱོང་གྱུར་ཅིག་།དྲག་པོ་དྲག་མོ་མི་བཟད་མི་ཤ་ཁ་ན་ཐོགས་པ་སྔན་ཆད་མ་བྱུང་ཁྱོད་མཐོང་ནས། །མ་མོ་རྣམས་ཀྱང ་སྐྲག་ཅིང་རྟབས་ལ་རྔམ་པ་མཐོན་ཅིང་མིག་རྩ་རིག་རིག་ཁྱོད་ལ་འདུད། །ནག་མོ་བཟང་མོ་ལུས་མདོག་གནག་ཅིང་བཟོད་པར་དཀའ་བ་ཁྱོད་ལ་བརྒྱ་བྱིན་ལ་སོགས་ཀྱང། །ཉིན་གཅིག་བཞིན་དུ་བསྟོད་པ་བྱེད་དེ་བཤིན་རྗེ་ཉིད་ཀྱང་རྟག་ཏུ་འདུར ་ཞིང་འདུད་པར་བྱེད། །མི་རྣམས་དང་ནི་འགྲོ་བ་མ་ལུས་པ་དགྲ་འཇུག་བཏུལ་བ་ནི་རྣ་བ་ཡ་གཅིག་ལ། །བྲང་གིས་འགྲོ་བ་མགོ་བོའི་གདོང་ཀ་སྟོང་དང་ལྡན་པ་རྒྱབ་ནས་བན་དུས་བྱས་ནས་གནས། །ཡ་གཅིག་ལ་ནི་སེངྒེ་མཚུངས་མེད ་ཐོགས་ཤིང་རྒྱ་མཚོས་བསྐོར་བའི་ས་གཞི་མ་ལུས་གནོན། །སྟེང་ན་རྒྱུ་བའི་ཉི་མ་འོད་ཟེར་སྟོང་ལྡན་ཁྱོད་ཀྱི་ལྟེ་བའི་ཐད་ཀའི་ཕྱོགས་སུ་གཞག་།རྒྱ་མཚོའི་ཀློང་ནས་མེ་འབར་ཁྱོད། །ཆུ་རྣམས་སྐེམས་པར་ནུས་པ་སྟེ། །བུད་མེད ་ཐམས་ཅད་ཞི་བྱའི་ཕྱིར། །ལྷ་ཆེན་སྐུ་ཡི་ཕྱེད་དུ་གཞུགས། །རྫོང་དང་དཀའ་ཟློག་ནག་མོ་ཆེ། །ལྷ་དང་ལྷ་མིན་ཕྱག་བྱས་པ། །མི་ནད་གང་ཡིན་ཁྱོད་མིང་ཤེས། །དེ་ནི་འཇིགས་པ་མེད་པར་མཛོད། །གཤིན་རྗེའི་ལྕམ་མོ་བདུད་ཀྱི་ཡུམ་འདོད ་ཁ་མྱས་དབང་ཕྱུག་མ་ནད་ངོ་ཅོག་གི་བདག་མོ་དཔལ་ནག་མོ་ཆེན་མོ་ལ་སྟོད་པ་བརྒྱད་པ་བརྒྱད་པ་ཞེས་བྱ་བ་མ་བྲམ་ཟེ་མཆོ་སྲེད་ཀྱི་མཛད་པ་རྫོགས་སོ།། །།*། །དཔལ་ནག་པོ་ཆེན་པོའི་བསྟོད་བ་བཞུགས་སོ། །*། །རྒྱ་གར་སྐད་དུ། ་