CLOSE WINDOW

N1437: rje btsun dpal nag po chen po la bstod pa
Wyliee-texts based on the ACIP/ALL Input

ཅིས་འདུལ་ཇི་བཞིན་དུ། །དེ་འདུལ་ཁྱོད་ལ་ཕྱག་འཚལ་བསྟོད་པ་སློབ་དཔོན་ཆེན་པོ་ཨ་བདྷུ་ཏི་པས་མཛད་པ་རྫོགས་སོ།། །། *། །རྒྱ་གར་སྐད་དུ། ཤྲཱི་བྷནཊ་ར་ཀ་མཧཱ་ཀཱ་ལ་སྟོ་ཏྲ། བོད་སྐད་དུ། རྗེ་བཙུན ་དཔལ་ནག་པོ་ཆེན་པོ་ལ་བསྟོད་པ། །དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །བདུད་དང་བདུད་ཀྱི་ཕྱོགས་ཀྱི་སེམས་ཅན་མ་ལུས་མྱུར་དུ་ཚར་བཅད་བསད་ནས་ཁྲག་རྒྱུན་གསོལ་མཛད་ནག་པོ་ཆེན་པོ་ནི། །རབ་འཇིགས་མདོག ་གནག་གཟུགས་ཐུང་གསུས་པ་འཕྱང་ཞིང་དབུ་སྐྲ་དམར་སེར་འཇིགས་པའི་མེ་དཔུང་ནང་བཞུགས་ཁྲོས་པའི་གང་མོ་ནི། །ཧ་ཧཱུཾ་ཕེཾ་གི་སྒྲ་ཡིས་ལྷ་དང་ལྷ་མོ་སྐྲག་ནས་འབྲོས་ཤིང་འགྱེལ་བའི་མགོ་བཅད་ཞབས་ཀྱིས་མནན་པ་དྲག་པོའི་ཚུལ། ། ་བདུད་དང་བདུད་ཀྱི་ཕྱོགས་ཀྱི་སེམས་ཅན་མ་ལུས་མྱུར་དུ་ཚར་བཅད་བསད་ནས་ཁྲག་རྒྱུན་གསོལ་མཛད་ནག་པོ་ཆེན་པོ་ནི། །སྐ་རགས་དྲིལ་བུ་གཡེར་ཁ་སིལ་སིལ་ཌ་མ་རུ་ནི་ཌི་ཌི་ཧཱུཾ་ཧ་སྒྲ་སྒྲོགས་ཐོག་གི་ནང་གི་ཐོག་གི་ནི། །སྒྲ་རྣམས་སྒྲོགས ་ཤིང་མཉམ་དང་མི་མཉམ་གང་བྱེར་པ་ཡི་ལྷ་དང་ལྷ་མོའི་ཚོགས་ཀྱིས་བསྐོར་ནས་དུར་ཁྲོད་གནས་སུ་རོལ། །བདུད་དང་བདུད་ཀྱི་ཕྱོགས་ཀྱི་སེམས་ཅན་མ་ལུས་མྱུར་དུ་ཚར་བཅད་བསད་ནས། ཁྲག་རྒྱུན་གསོལ་མཛད་ནག་པོ་ཆེན་པོ་ནི། །ཐུང་ལ་སྦོམ ་ཞིང་སྤྱན་གསུམ་མེ་ཏོག་བཉྡྷ?་ར་ལྟར་དམར་བས་བགེགས་རྣམས་སྐྲག་ཅིད་དངངས་མཛད་ལྗགས་ནི་གློག་ལྟར་འཁྱུག་།མཆེ་བ་རྣམ་པར་གཙིགས་པས་མ་རུང་གདུག་པ་ཅན་གྱི་ཤ་དང་རུས་པ་ཀྲུཾ་ཀྲུཾ་འཆའ་ཞིང་ལྷ་བ་ཞག་འཇིབ་པ། །བདུད་དང ་བདུད་ཀྱི་ཕྱོགས་ཀྱི་སེམས་ཅན་མ་ལུས་མྱུར་དུ་ཚར་བཅད་བསད་ནས་ཁྲག་རྒྱུན་གསོལ་མཛད་ནག་པོ་ཆེན་པོ་ནི། །ཕྱག་རྒྱ་ལྔ་དང་ཀླུ་བརྒྱད་ཀྱི་བརྒྱན་སྟག་ལྤགས་སྐ་རགས་དང་ནི་སྐུ་སྨད་དཀྲིས་ཤིང་མི་བསྐྱོད་པ་ནི་སྤྱི་བོར་བཞུགས། །དེ ་བཞིན་གཤེགས་པའི་ཚོགས་རྣམས་སྐུ་ལ་སྤྲོ་ཞིང་མི་ཡི་རྒྱུ་མས་སྦྲེལ་བའི་མགོ་བོའི་ཕྲེང་བ་རབ་འཕྱང་དོ་ཤལ་བྱས། །བདུད་དང་ཀྱི་ཕྱོགས་ཀྱི་སེམས་ཅན་མ་ལུས་མྱུར་དུ་ཚར་གཅད་བསད་ནས་ཁྲག་རྒྱུན་གསོལ་མཛད་ནག་པོ ་ཆེན་པོ་ནི། །དྲག་པོ་དང་ནི་ཆུ་བདག་བཟློག་པར་དཀའ་བའི་ཚོགས་རྣམས་སོ་ཞལ་བུ་གསོལ་མཛད་ཕྱག་གཡོན་རྩེ་གསུམ་འཛིན་ཅིང་ཐོད་ཁྲག་འཐུང། །གཤིན་རྗེའི་ལྕེ་འདྲའི་གྲི་གུག་དང་ནི་རལ་གྲི་ཕྱག་གཡས་བསྣམས་ཤིང་གདུག་བ་ཅན་རྣམས་བརླག ་མཛད་སྡིག་པ་རིང་དུ་སྤོང། །བདུད་དང་བདུད་ཀྱི་ཕྱོགས་ཀྱི་སེམས་ཅན་མ་ལུས་མྱུར་དུ་ཚར་བཅད་བསད་ནས་ཁྲག་རྒྱུན་གསོལ་མཛད་ནག་པོ་ཆེན་པོ་ནི། །རིག་བྱེད་ཅེས་པའི་ལྷ་མོ་བརྒྱད་དང་རོལ་པའི་རྗེ་བཙུན་རྡོ་རྗེ་ནག་པོ་ཆེན་པོའི་སངས་རྒྱས་གྲགས ་དས་བསྐུལ་བ་ནི། །གང་གི་ཉིན་མཚན་རྟག་ཏུ་འདི་བཏོན་བསྒྲུབ་པའི་དོན་རྣམས་གྲུབ་དང་སེམས་ཅན་མ་ལུས་ཁྱད་པར་ས་ལ་གནས་པར་མཛོད། །དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །བུང་ཐུང་གསུས་འཕྱང་མདོག་གནག་རལ་པ་ཁམ ་ནག་གྱེན་དུ་བརྫེས། །འབར་བའི་ཚོགས་ཀྱིས་ལྷ་མིན་དག་བགེགས་མ་ལུས་སྲེག་པར་བྱེད། །དྲག་པོའི་ཞལ་གྱིས་བདུད་རྩི་གསོལ་མཛད་མགོན་པོ་གཅོད་མཛད་པ། །བཞད་པའི་ཚུལ་གྱིས་ཁྲོ་ཞིང་གདུག་པའི་དགྲ་རྣམས་སྐྲག་མཛད་པ། །རྐེང་པ་བྱིན ་པ་དྲིལ་བུ་གཡེར་ཀའི་ཚོགས་ཀྱིས་སྒྲ་སྒྲོགས་ཤིང། །ཌི་ཌི་དང་ནི་ཧཱུཾ་ཧ་ཌཾ་མ་རུ་ཡི་སྒྲ་སྒྲོགས་པ། །ཞལ་ནས་ཏོར་ཀེ་ན་ཏོ་ར་ར་ཀི་ན་ཀི་སྒྲ་ནི། སྒྲོག་ཤིང་ཞབས་ཀྱིས་མཉམ་དང་མི་མཉམ་ཚུལ་དུ་གར་མཛད་ཅིང། །མ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར ་ནས་དུར་ཁྲོང་གནས་ན་རོལ། །ཧ་ཀ་ཧཱུཾ། །ཕེཾ་ཀའི་སྒྲས་ནི་ལྷ་དང་ལྷ་མིན་བསྲེག་།མ་ལུས་དགྲ་བགེགས་ཚོགས་ཀྱི་སྲོག་ལ་མྱུར་དུ་སྦོང་བྱེད་ཅིང། །ནག་པོའི་ཕྱོགས་ཀྱི་དགྲ་བགེགས་ཁྲག་གི་རྒྱུན་ནི་ཞལ་དུ་གསོལ། །ནག་པོ་ཆེན་པོས་སྒྲུབ་པ་པོ་ཡི ་བསམ་པ་མྱུར་དུ་སྒྲུབས། །སྤྱན་གསུམ་མེ་ཏོག་པནདྷུ་ཀྲ?་ལྟར་དམར་ཞིང་སྨིན་མ་འཁྱོག་།ལྗགས་ནི་གློག་ལྟར་འཁྱུག་པས་བགེགས་ཀྱི་ཚོགས་ནི་འཇིགས་ཤིང་སྐྲག་།ཞལ་ནས་མཆེ་བ་རྣམ་པར་གཅོགས་པས་དགྲ་བགེགས་མ་ལུས་པའི། །ཤ་རུས ་རྐང་དམར་ཀྲུཾ་ཀྲུཾ་གསོལ་ཞིང་ལྷ་བ་ཞག་ནི་འཇིབ། །སྟག་གི་ལྤགས་པའི་ཤམ་ཐབས་ཀྱིས་ནི་སྐུ་སྨད་ཡོངས་སུ་དཀྲིས། །ཕྱག་རྒྱ་ལྔ་དང་ཀླུ་བརྒྱད་ཀྱིས་བརྒྱན་ཉིད་ཀྱི་སྤྱི་བོ་ནས། །མི་བསྐྱོད་ལ་སོགས་དེ་བཞིན་གཤེགས ་པ་རྣམ་པར་འཕྲོ་བར་བྱེད། །རྒྱུ་མ་མི་མགོ་རློན་པའི་ཕྲེང་བས་སྐུ་ལ་དོ་ཤལ་བྱས། །ནག་པོ་དྲག་པོ་ཆུ་བདག་ལ་སོགས་ཞལ་དུ་གསོལ་བར་མཛད། །རྩེ་གསུམ་དང་ནི་གདུག་པའི་ཁྲག་བཀད་ཐོད་པ་གཡོན་ན་བསྣམས། །གནོད་སྦྱིན་ལྕེ་འདྲའི་གྲི ་གུག་རལ་གྲི་གཡས་ཀྱི་ཕྱག་ན་འཛིན། །གདུག་པའི་དགྲ་རྣམས་རིང་དུ་སྤོང་ཞིང་བརླག་པར་མཛད་པ་ཁྱོད། །ལྷ་མོ་བརྒྱད་ཀྱིས་བསྐོར་ཞིང་འདིར་ནི་གར་གྱི་ཚུལ་གྱིས་བཞུགས། །ཉིན་དང་མཚན་དུ་བསྒྲུབ་པའི་དོན་རྣམས་མ་ལུས་མཛད ་པ་ལ། སངས་རྒྱས་གྲགས་པ་ཡིས་ནི་འཇིག་རྟེན་མགོན་པོ་ལ་ཞུས་པ་མ་ལུས་སེམས་ཅན་འདི་དག་རྡོ་རྗེ་ས་ལ་རབ་དགོད་མཛད། །རྗེ་བཙུན་དཔལ་ནག་པོ་ཆེན་པོ་བྱ་རོག་མིང་ཅན་དང། གདོང་ཅན་ལ་བསྟོད་པ་མཁས་པ་ཆེན་པོ་རྩ་མི ་སངས་རྒྱས་གྲགས་ཀྱིས་བསྟོད་པ་རྫོགས་སོ།། །།འདི་དག་བྲ་ཀྲི་ཏའི་སྐད་དུ་ཡོད་པ་ལས་སེ་ལོ་ཙ་བས་བོས་སྐད་དུ་བསྒྱུར་པའོ། །རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་དི་བི་སྟོ་ཏྲ་ཨཥྚ་ནཱ་མ:། བོས་སྐད་དུ། དཔལ་ལྷ་མོ་ནག་མོ ་