| Wylie | e-texts based on the ACIP/ALL Input |
རྒྱ་གར་གྱི་མཁན་པོ་དཔལ་སུ་མ་ཏི་ཀཱ་རྟི་དང། ལོ་ཙ་བ་དགེ་སློང་པྲཛྙ་ཀཱི་རྟིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། མ་ཧཱ་ཀཱ་ལ་བ་ལི་ཏ་སྱ་ནཱ་མ:། བོད་སྐད་དུ། དཔལ་མགོན་པོ་ནག་པོ། ནག་པོའི་གཏོར་མ་ཞེས་བྱ་བ། དཔལ ་ལྕམ་དྲལ་ལ་ཕྱག་འཚལ་ལོ། །དུར་ཁྲོད་ལ་སོགས་པ་ཡིད་དུ་འོང་བའི་གནས་སུ། བྱང་ཆུབ་ཀྱིས་སེམས་སྔོན་དུ་བཏང་ལ། བམ་བསྒྲུབ་པ་གཏོར་མ་དབུལ་ཏེ། གཏོར་མ་ལ་གསུམ། བདག་ཁྱད་པར་དུ་བྱ་བ་དང། གཏོར་མ་ཁྱད་པར་དུ ་བྱ་བ་དང། མགྲོན་ཁྱད་པར་དུ་བྱ་བའོ། །དང་པོ་ནི་རང་སྐད་ཅིག་ལ་བཅོམ་ལྡན་འདས་མི་གཡོ་བར་བསྒོམས་ལ། །སྐུ་གསུང་ཐུགས་ཀྱི་ཡི་གེས་བྱིན་གྱིས་བརླབ་པར་བྱའོ། །གཉིས་པ་ནི་བནྡྲ་འམ་ཐོད་པའི་ནང་དུ་མིའི་ཤ་ཆེན་ནམ་ཤ་ཁྲག་གིས་བརྒྱན ་པའི་མགོན་པའི་གཏོར་མ་བཟང་པོ་བཤམ། དེ་མེད་ན་སྣོད་གཞན་དུ་མར་གྱིས་བརྒྱན་པ་བཤམ་མོ། །གཏོར་མ་བཤམས་ཟིན་པ་དང་ཨོཾ་སྭ་བྷཱ་བ་བི་ཤུདྡྷ(རྒྱུད་འགྲེལ་པར་སྟོང་པར་བསྒོམ། སྟོང་པའི་ངང་ལས་ཡཾ་སྔོན་པོ་ཞིག་ཡོངས་སུ་གྱུར་པ་ལས། །རླུང་གི་དཀྱིལ་འཁོར་ཁ་དོག་སྔོ་སྐྱར་འདུག་པའི་དབྱིབས་གཞུ་བཞིན་ནར་མོར་འདུག་པ། གཞུ་མཆོག་གཉིས་ན་མར་དར་གྱི་བ་དན་གྱིས་མཚན་པ་ཞིག་བསྒོམས། དེའི ་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་འབར་བ་ཚ་བ་བཞིག་བསྒོམ། །དེའི་སྟེང་དུ་ཨ་ལས་ཡོངས་སུ་གྱུར་བ་ལས་ཐོད་པ་ཤིན་ཏུ་ཡངས་ཤིང་ཆེ་བ་གཅིག་བས་མོ། །དེའི་སྟེང་དུ་ཧྲི(རྒྱུད་འགྲེལ་གཏོར་མའི་མི་གཅད་པ་དང། སྟོད་ཀྱི་དྲི་མ་དག་པར་བསམ་མོས། །དེར་ཧྲཱི(རྒྱུད་འགྲེལ་དགུ་པ་ཁོང་སེང་ཅན་གཅིག་བསམ། དེའི་སྟེང་དུ་རཾ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར། །དེའི་སྟེང་དུ་ཧཱུཾ་མཐིང་ན་གཅིག་བཞེངས་ནས་བཞུགས་པར་བསམ། །ཧཱུཾ་ལས་འོད་ཟེར་འཕྲོས་ནས་རྡོ་རྗེ་ཁོང་སེང་ནས་སོང། རྡོ་རྗེའི་རྭ་འོག་མ་ནས་གཉིས་སུ་གྱེས ་ནས་སོང་བས། གཞུ་མཆོག་གཉིས་ཀྱིས་བ་དན་ལ་བརྒྱབ་པས། བ་དན་གྱིས་རླུང་གཡབ་རླུང་གིས་མེ་འབར་མེས་ཐོད་པ་ཁོལ། འོད་ཡར་འཕྲོས་སོང་བས། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པའི་ཐུགས་ཀ་ནས། ཡེ ་ཤེས་ཀྱི་བདུད་རྩི་རྣམ་པ་ལྔའི་ཆར་འབབ་པར་བསམས་ལ། ངག་ཏུ། ཨོཾ་ཨ་ཀཱ་རོ་མུ་ཁམ་སརྦ་དྷ་རྨཱ་ཎཱཾ་ཨཱ་དྱ་ནུཏྭ་ནྣ་ཏྭ་ཏ་ཨོཾ་ཨཱ(རྒྱུད་འགྲེལ་རྗེའི་སྟེང་གི་ཉི་མ་དང། འོག་གི་ཉི་མ་གཉིས་ཧཱུཾ་དང་གསུམ་འཁྱགས་པའི་ཟར་བུ་ཞུ་བཅུག་ཏུ་བདུད་རྩིར་ཞུ་བར་བསམས་ལ། དེ་ནས་རང་གི་ལག་པས་རྡོ་རྗེ་བླངས་ནས་ལན་གསུམ་དཀྲུགས་པས་བདུད་རྩི་དཀར་ཆིལ་གྱུར་པར་བསམ་མོ། །དེ ་ནས་རང་གི་ལག་པའི་རྡོ་རྗེ་མི་དམིགས་པར་བསྒོམ། །དོན་གཏོར་མ་ཁྱད་པར་དུ་བྱའོ། །མགྲོན་ཁྱད་པར་དུ་བྱ་བ་ནི་གཏོར་མའི་མདུན་གྱི་ནམ་མཁའ་ལ་རཾ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་དེའི་སྟེང་ན་ཧཱུཾ་མཐིང་ན་གཅིག་བསམ། །དེ་ལས་འོད ་འཕྲོས་སེམས་ཅན་ཐམས་ཅད་ལ་ཕོག་།སྡིག་སྒྲིབ་དག། ཐམས་ཅད་དང་ལ་མགོན་པོའི་སྐུར་གྱུར། །དེ་སླར་འདུས་པས་དཔལ་མགོན་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་གཡས་གཡོན་མི་ཤེས་པ་གཅོད་པའི་རལ ་དྲི་དང་ཐོད་པ་ཁྲག་གིས་བཀང་བ་བསྣམས་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། མཆི་བ་གཙིགས་པ་མི་མགོ་རློན་པའི་དོ་ཤལ་དང་སྟག་གི་ཤམ་ཐམས་ཅད་བསམ། དེའི་ཐུགས་ཀར་རཾ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར ་དེའི་སྟེང་ན་ཧཱུཾ་མཐིང་ནག་ལས་གཡས་སུ་ཕཊ་དམར་ན་གཅིག་ཆད་སོང་བ་ལས་ཉི་མའི་གདན་ལ་དཔལ་ལེགས་ལྡན་ནག་པོ་སྐུ་མདོག་དམར་ནག་ཞ་གཅིག་ཕྱག་གཉིས་པ། གཡས་གཡོན་ན་ཙན་དན་གྱི་བེ་ཅོན་དང། ཐོད་པ ་ཁྲག་གིས་གང་བ་བསྣམས་པ། །ཞབས་གཡོན་པ་ཅུང་ཟད་བརྐྱང་པ། །གཡས་པ་ཅུང་ཟད་བསྐུམ་པའི་འགྱིང་བག་ཅན། རུས་པའི་ཟེ་ཕྲོག་ཅན་འཇོལ་བེར་སུམ་རྩེགས་གསོལ་བ་གསེར་གྱི་སྐ་རགས་ཅན་བཅིངས་པ་ཞིག་ཏུ ་བསྒོམ་མོ། དེ་ནས་རང་གིས་ཐུགས་ཀ་ནས་འོད་འཕྲོས་པས། རི་རབ་ཀྱི་བྱང་ཕྱོགས་ཀྱི་བཾ་རིམ་ནས་མགོན་པོ་དཔོན་གཡོག་སྤྱན་དྲངས་ལ། ཛ(རྒྱུད་འགྲེལ་བྱིན་གྱིས་བརླབ་པོ། །ཡང་མགོན་པོའི་གཡོན་ཕྱོགས་སུ་ཡཾ་སྔོ་སྐྱ་ཡོངས་སུ་གྱུར་པ་ལས། །རླུང་གི་དཀྱིལ་འཁོར་དེའི་སྟེང་བྷཡོ་རྨུག་གནག་དེ་ལས་འོད་འཕྲོས་སེམས་ཅན་ལ་ཕོག་སྡིག་སྒྲིབ་དག་ཐམས་ཅད་དཔལ་ལྷ་མོའི་སྐུར་སླར་འདུས་པས ་དཔལ་ལྷ་མོ་སྐུ་མདོག་སྐྱུག་ནག་བོང་བུ་ག་དམར་ལ་བཅིབས་པ། །ཞལ་ཅིག་ཕྱག་གཉིས་མ། གཡས་གཡོན་ན་རལ་གྲི་དང་ཐོད་པ་ཁྲག་གིས་བཀང་བ་བསྣམས་པ་མཆེ་བ་གཙིགས་པ། དབུ་སྐྲ་དམར་སེར་གྱེན་དུ་བརྗེས་པ། རུས་པའི ་རྒྱན་ཆ་ཅན། གོང་སྨེད་གོང་ཐག་སྦྲུལ་ལ་བྱས་པ། སྔ་ཤ་ཕྱི་ཤལ་མི་རོ་བཏགས་པ། ནད་ཀྱི་རྒྱལ་པ་དང་མཚོན་གྱི་དྲུ་བུ་ཐོགས་བ་ཞིག་བསྒོམ་མོ། །དེའི་ཐུགས་ཀ་ནས་རཾ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་བྷཡོ་སྨུག་གནག ་དེ་ནས་གཡོན་ཕྱོགས་སུ་བྷཡོ་ནག་པོ་གཅིག་ཆད་སོང་བས། དཔལ་རེ་མ་ཏི་སྐུ་མདོག་ནག་མོ། །རེ་བའི་གོས་གྱོན་པའི་དྲེའུ་ནག་མོ་ལ་བཅིབས་པ་ཞལ་གཅིག་ཕྱག་གཉིས་མ་གཡས་གཡོན་ན་རལ་གྲི་དང་ཐོད་པ་ཐོགས་པ། །མཆེ་བ་གཙིགས ་སྐྲ་གཟིངས་པ། གོང་རྨད་གོང་ཐག་སྦྲུལ་ལ་བྱས་པ། །སྔ་ཤ་ཕྱི་ཤ་ལ་མི་རོ་བཏགས་པ། །ནད་ཀྱི་རྐྱང་བུ་དང་མཚོན་གྱི་དྲུ་བུ་ཐོགས་པ་ཞིག་ཏུ་བསྒོམ་མོ། །དེ་ནས་རང་གི་ཐུགས་ཀ་ནས་འོད་འཕྲོས་སོང་བས། སུམ་ཅུ་རྩ་གསུམ་གྱི་རྣམ་པར ་རྒྱལ་བའི་ཁང་གཟངས་ཀྱི་བྱང་ཤར་མཚམས་ཀྱི་མཚོ་མུ་ལེ་ལྡིང་ནས་ཡེ་ཤེས་ཀྱི་ལྷ་མོ་འཁོར་བཅས་སྤྱན་དྲངས་ལ། །ཛ(རྒྱུད་འགྲེལ་དེ་ནས་བཟླས་པ་བྱེད་ན། རང་གི་སྙིང་ག་ནས་རཾ་ཡོངས་སུ་གྱུར་པ་ལས། ཉི་མའི་དཀྱིལ་འཁོར་གྱི་སྟེང་ན་ཧཱུཾ་མཐིང་ནག་བཞེངས་ནས་བཞུགས་པ་ལ། ཨོཾ་ཙཎྜ་མ་ཧཱ་ཀཱ་ལ་བཛྲ་དཾ་ཥྛ་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་བྱ་བའི་སྔགས་ཀྱིས ་གཡས་སྐོར་དུ་བསྐོར་ནས་ཡོད་པར་བསམས་ལ། དེ་རང་གི་ཁ་ནས་མགོན་པོའི་ཞལ་དུ་སོང། ལྟེ་བ་ནས་ཐོན་རང་གི་ལྟེ་བར་ཡང་རང་གི་ཁ་ནས་ཐོན་མགོན་པོའི་ཞལ་དུ་དེ་བཞིན་དུ་ཁོར་ཡུག་དུ་འཁོར་བར་བསམ་ཞིང་བཟླས་པར་བྱའོ། །དཔལ ་ལྷ་མོའི་བཟླས་པ་བྱེད་ན་ཁོར་ཡུག་གི་བཟླས་པ་མི་བྱ་བར་དཔལ་ལྷ་མོ་ལ་དམིགས་ལ། །ོཾ་རུ་རུ་རོ་རུ་རུ་ཙ་པ་ལ་ཨ་ཤུད་མེ་མ་ཧཱུཾ་བྷོ་ཛཛ་ཛཛ་ཞེས་བྱ་བའི་བཟླས་པ་བྱའོ། །བཟླས་པ་མི་བྱེད་པར་གཏོར་མ་གཏོང་ན། བསྐྱེད་པ་བཞི་པོ་ལ་ལྕེ་མི་དམིགས ་ལྕེའི་སྟོང་དུ་ཧཱུཾ་རེ་ཡོད་པར་བསམས་ལ། ཧཱུཾ་བཞི་པོ་དེ་ཡོངས་སུ་གྱུར་པ་ལ།ས་ལྕེ་སྟོད་རྡོ་རྗེ་ལྕེ་སྨད་དུབ་གུར་ཡོད་པར་བསམས་ལ། མགོན་པོ་ལ་སྟོབ་ན་ཧཱུཾ་ཞེས་བརྗོད་པས། གཏོར་མ་གཏར་བཙུགས་ནས་གསོལ་བར་བསམས་ལ། ཧཱུཾ་ཨོཾ་ཙཎྜ་མ་ཧཱ་ཀཱ་ལ ་ཁ་ཁ་རི་ལཾ་ཏ་ཁཱ་ཧི་ཞེས་བྱ་བ་ལ་ལན་གསུམ་གྱིས་བསྟབ་བོ། །ོཾ་ཙཎྜ་དེ་བ་མ་ཧཱ་ཀཱ་ལ་བ་ལཾ་ཁཱ་ཧི་ཁ་ཧི་ཞེས་བྱ་བ་ལན་གསུམ་གྱིས་ལྷ་མོ་དཔོན་གཡོག་ལ་བསྟབ་བོ། དེ་ནས་འདོད་པའི་དོན་ལ་གསོལ་བར་གདབ་བོ། །ོཾ་ཁྱེད་ཀྱིས་སེམས ་ཅན་དོན་ཀུན་མཛད། རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང། སླར་ཡང་སེམས་ཅན་དོན་ལ་གཤེགས། །ོཾ་ཨཱ(རྒྱུད་འགྲེལ་པར་བསྒོམ། གཏོར་མས་གཙང་སར་བསྐྱལ་ལོ། །དཱི་བཾ་ཀ་ར་ཤྲཱི་ཛྙ་ནས་མཛད་པ། །ལོ་ཙ་བ་འབྲོམ་སྟོན་གྱིས་བསྒྱུར་བའོ།། །།ོཾ་ཤྲཱི་མ་ཧཱ་ཀཱ་ལ་ཏྲི་ཡཾ་ཛ། །ོཾ་ཏྲ་ག་རག་ཤ་མའི་ཐུན་བྷཡོ་མ་ཧཱ་ཡ་ག་ཤ་ཏྲི་ཎ་ནག་མོ་ཐུན་བྷཡོ། །སྙིང ་ཀར་རཀྵ་ཐུན་བྷཡོ།། །།*། །རྒྱ་གར་སྐད་དུ། ཤྲཱི་དེ་བི་ཀཱ་ལི་སཱ་དྷ་ནོ་པི་ཀ། བོད་སྐད་དུ། དཔལ་ལྡན་ལྷ་མོ་ནག་མོ་སྒྲུབ་པའི་ཐབས་ཀྱི་ཆོག་།དཔལ་ལྷ་མོ་ནག་མོ་ལ་ཕྱག་འཚལ་ལོ། །དཔལ་ལྷ་མོ་ནག་མོ་བསྒྲུབ་པར་འདོད་པའི ་