| Wylie | e-texts based on the ACIP/ALL Input |
ཡཱ་ཀ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། །ལན་བདུན་བརྗོད་ལ་གཏོར་མ་བཏང། །བྱིན་གྱིས་བརླབས་པའི་ནག་པོ་ཆེན་པོའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་ཤ་བ་རི་པས་མཛད་པ་རྫོགས་སོ།། །།*། །རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་ཨ་བྷི་ཥི་ཉ་པཾ་དྷི། བོད ་སྐད་དུ། །དཔལ་ནག་པོ་ཆེན་པོའི་དབང་བསྐུར་བའི་ཆོག། །དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སྲུང་མའི་མགོན་པོ་འཁོར་དང་བཅས། །བླ་མའི་མཆོག་ལ་ཕྱག་འཚལ་ནས། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །དབང་བསྐུར་ཆོ་ག་བྲི་བར་བྱ། །སློབ་དཔོན་དབང ་དང་ལྡན་པ་ཡིས། །སློབ་མའི་ནུས་པ་བསྐྱེད་ཕྱིར་རོ། །དེ་ལ་དོན་ནི་གསུམ་ཡིན་ཏེ། །བསྙེན་དང་དངོས་བཞི་རྗེས་ཉིད་དོ། །དེ་ལ་བསྙེན་པ་ནི་སློབ་དཔོན་མཚན་ཉིད་དང་ལྡན་པ་ལ། །སློབ་མ་སྣོད་དང་ལྡན་པ་ཡིས་མཆོད་པ་དང་གཏོར་མ་དར་ཡོན་དབུལ་བརྩམས ་རྫོགས་པར་བྱས་ནས། སློབ་དཔོན་གྱིས་བདག་ལ་དང་ལ་མགོན་པོ་ནག་པོའི་དཀྱིལ་འཁོར་དུ་འཇུག་པའི་མཐུ་དང། དངོས་གྲུབ་ཀྱི་དབང་བསྐུར་བ་དང། རྗེས་སུ་གནང་བ་སྩལ་དུ་གསོལ་ཞེས་ལན་གསུམ་བརྗོད་དོ། །དེ་ནས་སློབ་དཔོན་གྱིས་གནད་པ་བྱེ་ནས ་གནས་དབེན་པར་དཀྱིལ་འཁོར་ལ་སོགས་པ་དང། །ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་དམ་རྫས་ཚང་བར་བཀོར་ལ། །ནག་པོ་ཆེན་པོ་བསྐྱེད་པར་བྱ་བ་ལ་སོགས་པ་བྱས་ཏེ། སྔགས་ཉིས་སྟོང་ངམ་འབུམ་ཕྲག་བརྗོད་པར་བྱའོ། །དེ་ནས་དངོས་གཞིའི་ཚོ ་ག་ལ་འཇུག་པར་བྱ་སྟེ། །ས་བཟུང་བ་དང། སྟ་གོན་དང། དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བར་བྱའོ། །དཀྱིལ་འཁོར་གྱི་ཁང་པར་ས་བླངས་པ་ལ་སོགས་པ་བྱས་ནས་ཆག་ཆག་བཏབ་སྟེ། བགེགས་ལ་བཀའ་བསྒོ་པ་བྱས་ནས། །བགེགས་ཀྱི ་རྒྱལ་པོ་རྣམས་ལ། དཔལ་རྡོ་རྗེ་ནག་པོས་ཕུར་པ་བཏབ་ལ། སྲུང་བའི་འཁོར་ལོ་བསྒོམ་པར་བྱའོ། །དེ་ནས་དཀྱིལ་འཁོར་དང། ལྷ་དང། བུམ་པ་དང། སློབ་མ་རྣམས་སྟ་གོན་དུ་གནས་པར་བྱ་སྟེ། དཔལ་ནག་པོ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་རྣམས ་མཁའ་ལ་བཀུག་སྟེ། མཆོད་པ་ལ་སོགས་པ་བྱས་ནས། དཔལ་ལྡན་མགོན་པོ་ནག་པོ་ཆེ། །སྔོན་གྱི་དམ་ཚིག་དྲན་བྱོས་ལ། །བདག་དང་སློབ་མའི་དོན་དུ་ནི། ས་འདིར་བྱོན་པར་མཛད་དུ་གསོལ། །ཞེས་བརྗོད་ལ་བཞུགས་སུ ་གསོལ་ལོ། །དེ་ནས་བུམ་པ་མཆེན་ཉིད་དང་ལྡན་པར་སྨན་ལ་སོགས་པ་བླུགས་ནས། །ནག་པོ་ཆེན་པོ་ནང་དུ་བསྐྱེད་པ་ལ་སོགས་པ་བྱས་ཏེ། ཨོཾ་ཤྲཱི་མཧཱ་ཀཱ་ལ་ཆེ་གེ་མོ་རཀྵ་རཀྵ་ཧཱུཾ་ཕཊ། བརྒྱ་རྩ་བརྒྱད་དམ། སྟོང་ངམ། ཁྲིའི་བར་དུ་བརྗོད་པའི་བུམ ་པ་ལྔ་དག་དཀྱིལ་འཁོར་གྱི་ནང་དུ་དགྲ་མོ། །ལས་ཐམས་ཅད་པའི་བུམ་པ་ནི་ཤར་ཕྱོགས་སུ་བཞག་གོ་།དེ་ནས་སློབ་མ་རྣམས་ཁྲུས་བྱས་ཏེ། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་དང་མཆོད་པ་བྱས་ནས། །ཁ་བཤལ་ཞིང་སོ་ཤིང་དོར་ལ ་ཨོཾ་ཨཱ(རྒྱུད་འགྲེལ་བྱུགས་འཁོར་ལོ་རྩིབས་བརྒྱད་པའི་ཐིག་བརྟབ་ལ། ཚོན་རྩི་ལྔ་ལ་རིགས་ལྔའི་ས་བོན་བསམ་ཏེ། །དབུས་ཀྱི་གྲུ་གསུམ་ནག་པོ། །ཟླ་ཁམ་དམར་པོ། །འཁོར་ལོའི་རྩེ་བས་ནག་པོ། །རྩེ་བས་མཚན་ཁ་དོག་སྣ་ཚོགས་པར་བྱ། །མུ་ཁྱུད་དམར་པོ ་ཐོད་པའི་ར་བ་དཀར་པོར་བྱ། །དུར་ཁྲོད་ལྗང་གུ་སེར་པོར་བྱ། །རྡོ་རྗེའི་ར་བ་སྔོ་བ། །མེ་རི་དམར་པོར་བྱའོ། །དེ་ནས་ནག་པོ་ཆེན་པོའི་སྐུ་དང། །གྲི་གུག་དང་ཐོད་པ་དང་ཕུར་བུ་དང། བུམ་པ་དང། ལྷའི་གྲངས་ཀྱི་མཆོད་པ་དང་གཏོར་མ་ལ་སོགས ་པ་དཀྱིལ་འཁོར་གྱི་གནས་སུ་བཀྲམ་ནས། །ཡོལ་བ་དང་བླ་བྲེ་བྲེས་ཏེ། མདའ་དང་རལ་གྲི་ལ་སོགས་པས་བརྒྱན་པར་བྱའོ། །དེ་ནས་སློབ་དཔོན་གྱིས་ལྷ་རྫོགས་པར་བསྒོམས་ནས། དཀྱིལ་འཁོར་བསྒྲུབ་པར་བྱ་སྟེ། ནག་པོ་ཆེན་པོ་སྔགས ་ཀྱིས་བགེགས་བསྐད་ནས། དཀྱིལ་འཁོར་གྱི་དབུས་སུ་བྲག་གི་སྟེང་དུ་ཧཱུཾ་དང། གྲི་གུག་ལས་བྱུང་བའི་རྡོ་རྗེ་གུར་བགེགས་ལ་མེ་འཕྲོ་བ་དང་བཅས་པ་བསྒོམས་ནས། དེའི་ནང་དུ་གཞལ་ཡས་ཁང་དང་ལྷ་བསྐྱེད་པ་ལ་སོགས་པ་དང། ། ་བསྐུལ་བའི་བར་རྫོགས་པར་བྱས་ལ། དཀྱིལ་འཁོར་གྱི་ལྷས་བདག་ལ་དབང་བསྐུར་བར་དམིགས་ནས། སློབ་མ་དཀྱིལ་འཁོར་དུ་གཞུག་པར་བྱ་སྟེ། དེའི་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་བླ་མ་ལ་ཡོན་ལེགས་པར་ཕུལ་ནས། དཀོན་མཆོག་གསུམ་ལ ་བདག་སྐྱབས་མཆི་ལ་སོགས་པས་སེམས་སྐྱེད་དེ། སྔགས་ཀྱི་ཆེ་བ་བརྗོད་ལ་གདོང་གཡོགས་ནས། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །དུས་འདི་ཉིད་ནས་བཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །སེམས་ཅན་དུན་གྱི་དོན་གྱི་ཕྱིར། །ནག་པོ་ཆེན་པོའི་དཀྱིལ ་འཁོར་དུ། །བདག་ཉིད་གཞུག་བར་མཛད་དུ་གསོལ། །ཞེས་ལན་གསུམ་གྱི་བར་དུ་བརྗོད་པ་དང། །སློབ་དཔོན་གྱིས་དཀྱིལ་འཁོར་གྱི་ཁང་པར་ཁྲིད་དོ། །དཀྱིལ་འཁོར་ལ་བསྐོར་བ་དང། ཕྱག་བྱས་ནས་དཀྱིལ་འཁོར་གྱི་སྒོའི་ནང་དུ་ཕྱིན་པར་བསམས ་ཏེ། དཀྱིལ་འཁོར་གྱི་ཤར་གྱི་སྟེགས་བུ་ལ་གཞག་གོ་།དེ་ནས་སློབ་མས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། བདག་ལ་དཔལ་ནག་པོ་ཆེན་པོའི་སྐུ་གསུང་ཐུགས་ཡོན་ཏན་དང་ཕྲིན་ལས་ཀྱི་ཡེ་ཤེས་དབབ་དུ་གསོལ་ཞེས་ལན་གསུམ་དུའོ། །སློབ་དཔོན་གྱི ་སློབ་མའི་སྙིང་གར་ཧཱུཾ་ལས་འཁོར་ལོ་དང་ཉི་མའི་སྟེང་དུ་ནག་པོ་ཆེན་པོ་བསྐྱེད་པ་ལ་སོགས་པ་བྱས་ནས་ཡེ་ཤེས་དབབ་དེ། སློས་བསྲེགས་ནས་ནག་པོ་ཆེན་པོའི་སྔགས་བརྗོད་པས་བརྟན་པར་བྱས་ལ། །དཀྱིལ་འཁོར་གྱི་ལྷ་ལ་མེ་ཏོག་དོར་ནས། ཨོཾ་མཧཱ་ཀཱ ་ལ་ཙཀྵུ་པ་ཊ་ལཾ་ཧྲི(རྒྱུད་འགྲེལ་བདག་ལ་སྩལ་དུ་གསོལ་ཞེས་ལན་གསུམ་དུ་གསོལ་བ་གདབ་པོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །ལྷའི་ཏིང་འཛིན་རབ་གསལ་བས། བུམ་པ་ཅོད་པན་རྡོ་རྗེ་དང། །དྲིལ་བུ་མིང་དང་སློབ་དཔོན་དབང། །རྒྱལ་བ་རིགས་ལྔའི་ངོ་བོ་ཡི། ། ་ནག་པོ་ཆེན་པོ་སྔལ་བསྐྱེད་ལ། །སློབ་མ་ལ་ནི་སྦྲིན་པར་བྱ། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །མི་བསྐྱོད་པ་ལི་ཆུ་ཡི་དབང། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །ོཾ་ཤྲཱི་མཧཱ་ཀཱ་ལ་ཡཱ ་ཝཱཀྩཾ་ཏྟཾ་ཀརྨ་ཨ་བྷི་ཥིཉྩ་ཨཱ(རྒྱུད་འགྲེལ་བཤད་པ་བཞིན་ཤེས་པར་བྱའོ། །སྔགས་ཀྱི་མཛའ་ཏྲཾ་དང། ཧྲི(རྒྱུད་འགྲེལ་རྟགས། །གང་ཞིག་བསྒོམས་པ་ཙམ་གྱིས་ཀྱང། །དངོས་གྲུབ་མྱུར་དུ་ཐོབ་འགྱུར་བ། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །ོཾ་ཤྲཱི་མཧཱ་ཀ་ཡ་ཡཱ་ཨཱ་དྷིཥྛ་ན་ཨ་བྷི་ཥིཉྩ་ཨཱ(རྒྱུད་འགྲེལ་གར་ཞིག་བཅངས་པ་ཙམ་གྱིས་ནི། གདུག་པའི་ཉོན་མོངས་གཅོད་བྱེད་པ། །དེ་རིངས་ཁྱོད་ལ་སྦྱིན་པར་བྱ། །ོཾ་ཤྲཱི་མཧཱ་ཀཱ་ལ་ཡཱ་ཙིཏྟཱ་དྷིཥཐཱི་ན་ཨཱ་བྷི་ཥིཥཙ་ཨཱ(རྒྱུད་འགྲེལ་གང་ཞིག་གཟུངས་པ་ཙམ་གྱིས་ནི། །སྙིང་རྗེ་ལྡན་ཞིང་བདུད་སྐྲག་པ། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །ོཾ་ཤྲཱི་མཧཱ་ཀཱ་ལ་ཡཱ་ཉཱ་ཀ་ཨ་དྷིཥྛ་ན་ཨཱ་བྷི་ཥི་ཉྩ་ཨཱ(རྒྱུད་འགྲེལ་གཟུངས་པ་ཙམ་གྱིས་ནི། །དགྲ་བགེགས་ཐམས་ཅད་བརླག་བྱེད་པ། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །ོཾ་ཤྲཱི་མཧཱ་ཀཱ་ལ་ཡཱ་ཀརྨཱ་དྷིཥྛཱ་ན་ཨཱ་བྷི་ཥིཉྩ་ཨ(རྒྱུད་འགྲེལ་ཕྱིར་རྣལ་འབྱོར་པའི་ང་རྒྱལ་བརྟན་པས། ཚོགས་ཀྱི་རྫས་རྣམས་མེ་ཆུ་རླུང་གསུམ་གྱིས་ས་བོན་གྱིས་སྦྱང་ལ། འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ཏེ། །དཀྱིལ་འཁོར་དང་རྣལ་འབྱོར་པ་རྣམས་མཆོད་པར་བྱའོ། །གསུམ་པ་རྗེས་ཀྱི་བྱ་བ་ནི་དཀྱིལ་འཁོར་ལྷ་ལ ་མཆོད་པ་དང། །བསྐོར་བ་བྱས་ཏེ། །ཡི་གེ་བརྒྱད་པ་ལན་གསུམ་གྱི་བར་དུ་བརྗོད་དེ། །ཡེ་ཤེས་པ་གཤེགས། དམ་ཚིག་པ་བདག་ལ་བསྡུས་ནས། །ལྷ་གཞན་མི་དམིགས་པར་མོས་ལ། རྡུལ་ཚོན་རྣམས་ཆུ་བོར་དེར་བར་བྱའོ། །དག་གི་ནག་པོ་ཆེན་པོ་ཡི། ་དབང་བསྐུར་ཆོ་ག་བཀོད་པ་ཡི། །དགེ་བས་མགོན་པོ་བསྒྲུབས་པ་ཀུན། །ནག་པོ་ཆེན་པོ་འདྲ་བར་ཤོག་།དཔལ་ནག་པོ་ཆེན་པོའི་དབང་བསྐུར་བའི་ཆོ་ག། བྲམ་ཟེ་མཆོག་སྲེད་ཞབས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎ་ཌི་ཏ་ནག ་པོ་ཆན་པོ་ཆོ་འཛིན་དང། ལོ་ཙ་བ་གྱི་ལྗང་གུ་དབུ་དཀར་གྱི་བསྒྱུར་བའོ།། །།འདིའི་བརྒྱུད་པ་ནི། གྲམ་ཟེ་མཆོག་སྲེད་བདེ་བའི་རྡོ་རྗེ་དང། ཤྲདྡྷ་ཀ་ར་ཏཱི་པཾ་ཀཱ་ར་དང། །རིན་ཆེན་གཟང་པོ་དགེ་ཚུལ་པུ་རྞ་གཉིས། །ལྕགས་རི་གོང་ཁ་རྫིང་བུ ་བ་དང་ནི། །སྤེན་ཕུག་པ་དང་ཞང་སྟོན་ཡེ་ཤེས་དང། །གཟེ་བསྟོན་གྲུབ་པར་ཐང་ཡབ་སྲས་དང། དར་ཤག་དང་ནི་བསོད་ནམས་དབང་ཕྱུག་དང། །སྐད་གཉིས་སྨྲ་བ་བློ་མཆོག་གི་ལྡན་པ་ལ། །ནང་པ་འདི་ནི་ཁོ་བོའི་ཆོས་སྐྱོང་ཡིན། །མ་བསྒྲུབས་ལྷུན་གྱི་གྲུབ ་པ་ངོ་མཚར་ཆེ།། །།*། །རྒྱ་གར་སྐད་དུ། ཤྲཱི་མཧཱ་ཀཱ་ལ་སཱ་དྷ་ནཱཾ། བོད་སྐད་དུ། དཔལ་མགོན་པོ་ནག་པོ་སྒྲུབ་པའི་ཐབས་སོ། །དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐོ་རངས་མལ་ནས་ལངས་ནས་གདོང་བཀྲུ་བ་ལ་སོགས་པ ་