| Wylie | e-texts based on the ACIP/ALL Input |
རྒྱ་གར་སྐད་དུ། ཤྲཱི་མཧཱ་ཀཱ་ལ་སཱ་དྷཱ་ནཾ་ནཱ་མ། བོད་སྐད་དུ། དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས་ཞེས་བྱ་བ། །དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །བླ་མ་ལ་གུས་སྙིང་རྗེར་ལྡན། །ཚུལ་ཁྲིམས་སོགས་ལྡན་བསྡུ་དངོས་བཞིས། །སེམས་ཅན ་དོན་བྱེད་བརྩོན་འགྲུས་ལྡན། །རྟག་ཏུ་བསྒྲུབ་ལ་དགའ་བ་ཡིས། །སློབ་དཔོན་ལ་དམོད་བསྟན་ལ་སྡང། །དམ་ཚིག་ལ་འཕྱ་མཚམས་མེད་བྱེད། །དེ་རྣམས་བསྒྲལ་བར་བྱ་བ་ཡིན། །གཞན་དུ་དམ་ཚིག་ཉམས་པར་འགྱུར། །དང་པོར་བདག་ཉིད་ཡི་དམ་ལྷ། ། ་རིམ་པ་ཐམས་ཅད་རྫོགས་བསྒོམས་ལ། །བསྟན་པ་བསྲུང་ཕྱིར་ནག་པོ་མཆོད། །བྲག་སྟེང་དཀྱིལ་འཁོར་གྲུ་གསུམ་གནག་།ཧཱུཾ་སྐྱེས་འབར་བ་ནག་པོ་ཆེ། །གྲི་དང་ཀ་པཱ་ལ་ལག་ན་འཛིན། །མགོ་བོའི་ཕྲེང་བས་དོ་ཤལ་བྱས། །མཆེ་གཙིགས་གཟུགས ་ཐུང་གཟི་བརྗིད་ཆེ། །ཁ་ནས་ཁྲག་འཛག་ཁྲོས་ཙམ་ན། །རང་གི་ཡན་ལག་ཤ་བཅོད་བྱེད། །ཁྲག་གི་རྒྱུན་ཡང་འཇིག་པར་བྱེད། །དཀོན་མཆོག་གསུམ་ཁྲོ་བླ་མ་བརྙས། །མཚམས་མེད་ལ་སོགས་བྱེད་རྣམས་ཀྱི། །དེ་རྣམས་མགོ་ནས་ཏེལ་ཙམ་ཟ། །དེ ་ལྟར་གསལ་བར་བྱས་ནས་ནི། །རང་གི་གནས་ནས་སྤྱན་འདྲེན་བྱ། །རྡོ་རྗེ་འཆང་གི་སྤྱོན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་ལྟར། །བྱིན་གྱིས་བརླབས་པའི་གནས་འདི་རུ། །དྲག་པོའི་ལས་ལོ་སྤྱན་འདྲེན་ན། །མྱུར་དུ་འོངས་ནས་དེ་ལ་ཐིམ། །མོན ་སྲན་གྲེའུ་དང་འཛམྦུའི་ཏི། །མེ་ཏོག་གདུག་སྤོས་ཤ་ལྔ་དང། །བདུད་རྩི་ལྔ་སྦྱར་གཏོར་མ་སྦྱིན། །ོཾ་མཧཱ་ཀཱ་ལ་ཡ་ཤཱུ་ས་ནོ་བ་ནཱ་རི་ཎེ་།ེ་ཥཱ་པ་ལྕི་མ་ཀ་ལོ་ཡ་མི་ཏི། ཏ་ཏྲ་ཏ་ཏྲ་ཡཱ་ཡཱ་པ་ཀ་རི་ཎཾ། ཡ་ཏི་པྲ་ཏི་ཛྙཱ་སྨ་ར་སི་ཏ་དེ་ཨི་དཾ་དུ་ཛཱ་ཁ་ཁ་ཁཱ་ཧི་ཁཱ་ཧི། ་མཱ་ར་མཱ་ར། གྲིཧཱཎ་གྲིཧཎ་པནདྷ་པནདྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ་དི་ན་མེ་ཀོ་ན་ཧཱུཾ་ཕཊ་ནག་པོ་ཆེན་པོ་ཁྱོད་ཀྱིས་སྔོན་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཁས་བླངས་པ་བཞིན་དུ་ངའི་ཅི་བཅོལ་བའི་ལས་གྱིས་ཤིག་།དེ་ལྟར་མ་བྱས་ན་མགོ་ཨརྫ ་ཀའི་དོག་པ་ལྟར་འགས་སོ། །དཾ་ཆུ་བླུད་ལག་ཏུ་རྡོ་རྗེ་སྦྱིན། །དེ་ནས་བསྟོད་པ། ཧཱུཾ་སྲིན་པོ་གཟུགས་ཀྱིས་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་སུམ་བརྩེགས་འཇིག་བྱེད་པ། གཏུམ་པོ་ཁྱོད་པ་བདག་བསྟོད་དོ། །མདོག་ནག་གཟུགས ་ཐུང་གཟི་བརྗིད་ཅན། །གདུག་པ་ཚར་གཅོད་གྲི་གུག་ཡས། །གཡོན་པ་གདུག་པའི་ཁྲག་བཀར་སྣོད། །ཐོད་ཕྲེང་ཅན་ལ་བདག་བསྟོད་དོ། །ཁྲོས་པས་ཞབས་བརྡབས་ས་གཞི་གཡོས། །འཇིག་པའི་གད་མོས་རི་རབ་སྐྱེལ། །དམ་ཚིག་ཉམས་པའི་སྙིང་འབྱིན ་པད་དམ་ཚིག་ཅན་ལ་བདག་བསྟོད་དོ། །དེ་ནས་བསྐུལ་བ། འདས་དང་མ་བྱོན་ད་ལྟར་གྱི། །བསྟན་པ་བསྲུང་བར་སེམས་བསྐྱེད་པ། །ནག་པོ་ཁྱོད་ནི་ཡིན་པ་སྟེ། གདུག་པ་ཚར་གཅོད་འཇིགས་པའི་གཟུགས། །རལ་པ་ནག་པོ་གྱེན་དུ་གཡེངས། །སྟེང་གི་ལྷ་ཚོགས ་འཇིགས་པར་བྱེད། །སྤྱན་དགྲང་ལྗགས་འདྲིལ་བར་གྱི་གདོན་ཚོགས་བསྡིགས། །གཡས་པ་གྲི་གུག་གནོད་སེམས་ཅན་ལ་སྡང། །གཡོན་པ་གདུག་པ་གནོད་སེམས་ཁྲག་བཀང་གསོལ། །ཞབས་བརྡབས་གནོད་སེམས་ཅན་གྱི་ལུས་ལ་ཉེད། །གར ་ཞིག་དཀོན་མཆོག་གསུམ་ཁྲོ་དང། །བླ་མ་བརྙས་བྱེད་སེམས་ཅན་འཚེ། །བདག་གིས་བསྒོ་བ་ཀུག་ཁུག་ལ། །ལིང་ཀ་འདི་ལ་མྱུར་དུ་ཆུག། །འདི་ཡི་ཤ་ཟོ་ཁྲག་ལ་འཐུང། །རུས་པ་ཀླད་པ་ནང་གྲོལ་ཟོ། །རིགས་རྒྱུད་རྩད་ནས་ཆོད་ལ་ཤོག་།འཛའ་བ་ཀུན་དང ་ཕྲོལ་ལ་ཤོག་།བདག་གིས་བསྒོ་བ་མ་མཉན་ན། །ནག་པོ་ཁྱོད་ནི་ཉམས་པར་འགྱུར་ཞེས་བསྐུལ། །གོང་གི་སྔགས་སམ་ཡང་ན། །ོཾ་མཧཱ་ཀཱ་ལ་ཆེ་གེ་མོ་ཧཱུཾ་ཕཊ། སྟོང་རྩ་བརྒྱད་བཟླས། །དེ་ནས་སྦྱོར་བ་བཤང་བྱ་བ། ཚ་བ་གསུམ་ལ་གཟུགས ་བརྙན་བྱ། །དུག་དང་སྐེ་ཚེ་ལན་ཚ་དང། །ཚ་གསུམ་སྨྱོ་བྱེད་སྲིན་ལག་ཁྲག་།གྲོ་གར་སྔགས་སྤེལ་སྙིང་གར་གཞུག་།གདུག་པའི་ཚེར་མས་ལུས་ལ་བཀང། །དུར་ཁྲོད་མེ་ལ་གདུང་བཟླས་ན། །དེ་མ་ཐག་ཏུ་མེད་པར་འགྱུར། །ཡང་ན་རབས་ཆད་ཐོད ་པ་རུ། །བཅུག་ལ་དགྲ་ཡི་དུར་བཅུག་ན། །ཐེ་ཚོམ་མེད་པར་གང་བསྒོ་འགྲུབ། །ཀླུ་ཡོང་གནས་སུ་གང་བསྒོ་བྱེད། །ནག་པོའི་འཕན་ནམ་རྒྱལ་མཚན་ལ། །སྔགས་དང་མིང་སྤེལ་བྱས་ནས་ནི། །མཆོད་རྟེན་ལ་བཏགས་གང་བསྒོ་འགྲུབ། ། ་གང་འདོད་ཡུལ་གྱི་ལྷ་རྟེན་ནས། །གནས་པ་བསྐྱེད་ལ་གཏོར་མ་སྦྱིན། །གོང་གསུངས་བཟླས་པ་ཚང་བར་བྱ། །ཡུལ་དུ་སེར་བ་མྱུར་དུ་ཕོབ། །བསྒོན་མྱུར་དུ་འབེབས་པར་བྱེད། །དེ་རུ་གཏོར་མ་གཏོང་དུ་སྦ། །ཡུལ་ལྷའི་སྟེང་དུ་ནག་པོ་གཞག་།ནག་པོའ ་སྔགས་བཟླས་ཕུར་བུ་ནི། །ཡུལ་ལྷའི་སྙིང་གང་གང་བབ་བྱ། །དེས་ནི་ཐེ་ཚོམ། །མེད་པར་འགྲུབ། །བྱི་ཡི་ཐོད་པ་ཤ་མེད་ལ། །སྔགས་དང་མེད་སྦེལ་དགྲ་ཁྱིམ་སྦེ། །དེ་ཡི་དང་ནི་གང་བསྒོ་འགྲུབ། །ཐལ་བའམ་ཡུངས་ཀར་གང་ལ་ཡང། །བཟླས་གཏོར ་སར་སོགས་འཆད་པར་བྱེད། །ནག་པོ་སྔགས་ཀྱི་སྦྱོར་བ་ཡི། །ཡོན་ཏན་བརྗོད་པར་མི་ནུས་སོ་ཞེས་གསུངས་སོ། །དཔལ་ནག་པོའི་སྒྲུབ་ཐབས་སློབ་དཔོན་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་རྫོགས་སོ།། །།*་། །རྒྱ་གར་སྐད་དུ། ་