CLOSE WINDOW

N1423: dpal nag po chen po'i sgrub thabs zhes bya ba
Wyliee-texts based on the ACIP/ALL Input

ཀྱི་འཁོར་ལོ་སྤྱན་དྲངས་ལ་གཞུག་པར་བྱ་ཞིང། རབ་ཏུ་གནས་པ་དང། མཆོད་པ་བྱས་ལ། དེ་ནས་གཟུངས་རིངས་ཀྱི་སྔགས་ལས། མཚོན་ཆ་སྣ་ཚོགས་ཐོགས་པའི་ཁྲོ་བོའི་ཚོགས་འཕྲོས་པས་བསྒྲུབ་བྱ་བཀུག་ནས། དེའི་མིང་ལ་ཛ(རྒྱུད་འགྲེལ་པས་རབ་ཏུ་གཞུག་པ་ལ་སོགས་པ་བྱས་ལ། གདོལ་པས་ཕྱིར་འཁལ་དུ་བཀལ་བའི་སྐུད་པས་ཕྱོགས་ནས་དཀྲིས་ཏེ། སྙིང་གར་བཅུག་པར་བྱའོ། །དེའི་སྟེང་བྲ་ཚིལ་གྱིས་བཀག་གོ་།དེའི་རྩལ་བའི་སྒོ་ནས། ལྕགས་ཀྱི་རྩད་གཾས་འཁོར་ལོ་ལ་མ་རེག ་པར་བཅུག་ནས། ལྷོ་ཕྱོགས་སུ། ཐང་གདང་མཐོ་དམན་ལ་སོར་བཅུ་གཉིས་པའི་ཁུང་བུ་ཟུར་གསུམ་པ་ལ། དུར་ཁྲོད་ཀྱི་སོལ་བས་བྱུག་པར་བཅུག་ལ། སྣ་ཚོགས་རྡོ་རྗེ་མནན་པར་བྱའོ། །དེ་ནས་སྔགས་པས་སྒྲུབ་ཐབས་སུ་བཤད་པའི་ཆོ་ག་དང་རྗེས་སུ ་མཐུན་པར། དཔལ་ནག་པོ་ཆེན་པོའི་ང་རྒྱལ་དང་ལྡན་པས་རང་ཉིད་དྲག་པོ་ཆེན་པོའི་ཐུགས་ལས་འཕྲོས་པའི་མེ་འདྲས་པ་ལས། མཚོན་ཆ་ཐོགས་པའི་ཁྲོ་གཟུགས་མཛའ་ཡས་པ་འཕྲོས་པའི་ཟེར་དང་ལྡན་པས། སྙིང་པོའི་སྔགས་དང ་གཟུངས་རིངས་དང། ལྷ་མོའི་སྔགས་བཟླ་ཞིང། ཁྲག་སྣ་ཚོགས། ཐལ་ཆེན། ཡུང་ཀར་རྣམས་བཟུང་ལ། སྣ་ཚོགས་རྡོ་རྗེ་གསལ་ནས། རབས་ཆང་ཀྱི་ཐོད་པར་བཅུག་པའི་ངག་གཟུགས་ལ། བསྒྲུབ་བྱ་རབ་ཏུ་བཀུག་པས་བཅུག་གོ་།ཁྱབ ་བདག་གིས་རབ་ཏུ་བསྐུལ་བ་ལས། རྣལ་འབྱོར་མ་ལྔ་པ་རྣམས། རོལ་པ་ཆེན་པོའི་གཟུགས་ཅན། གྲི་གུག་དང་ཐོང་པ་འཛིན་པ་རྣམས་རླུང་ཧྒི་ཤུགས་ཀྱིས་སོན་ཏེ། དེའི་ཤ་གཏུབ་བར་བྱད། །ཕྲག་འཐུང་བར་བྱེད། །རྒྱུ་མ་གཅོད་པར་བྱེད། ལྟེ ་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཤྲཱི་བཱན་རཏནའི་ཞལ་མངའ་ནས་དང། ཆོས་འཁོར་ལོ་ཙྪ་བ་འཇམ་དཔལ་ཡེ་ཤེས་ཀྱིས་བསྒྱུར་བའོ།། །། *། །རྒྱ་གར་སྐད་དུ། ཤྲཱི་མཧཱ་ཀཱ་ལ་སཱ་དྷ་ནཱཾ་ནཱ་མ། བོད ་སྐད་དུ། དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་ལྡན་ཁྲག་འཐུང་འགྲོ་བའི་མགོན། །ལྷ་མོ་དང་བཅས་འཁོར་ལོ་ལ། །བཏུད་དེ་ནག་པོ་ཆེན་པོ་ཡི། །སྒྲུབ་པའི་རིམ་པ་བྲི་བར་བྱ། །དབང་གི་སྨིན་བྱས་དམ་ཚིག་ལྡན། །བླ་མ་ལ་གུས ་སྙིང་བརྩེ་གཏོང། །ཤེས་རབ་བཟོད་ལྡན་བརྩོན་འགྲུས་ཆེ། །སྒྲུབ་ལ་དཔའ་བའ་ཨི་སྔགས་པ་ཡིས། །ཡིད་འོང་དབེན་པའི་གནས་དག་གམ། །རི་བོ་དུར་ཁྲོད་མ་མོ་དང། །གཤིན་རྗེ་འཇིགས་སུ་རུང་བ་ཡི། །གནས་སུ་ནག་པོ་བསྒྲུབ་པར་བྱའོ། །མཎྜལ་མཆོད ་དང་གཏོར་མ་བཤམ། །རྟེན་བཤམས་བདེ་བའི་སྟན་འདུག་སྟེ། རང་གི་ལྷ་ཡི་རྣལ་འབྱོར་དུ། །ཞུགས་ཏེ་ཆོ་ག་རྫོགས་པ་དང། །བླ་མ་ལ་དམོད་བསྟན་ལ་སྡང། །དེ་དག་རབ་ཏུ་ཞི་བྱའི་ཕྱིར། །བདག་གིས་ནག་པོ་བསྒྲུབ་པར་བྱའོ། །སྙམ་དུ་བློ་ནི་བསྐྱེད་བྱ ་སྟེ། ཕྱི་དང་ནང་གི་དངོས་པོ་རྣམས། །སྐད་ཅིག་སྟེང་པར་བསྒོམ་པར་བྱ། །མདུན་དུ་པདྨ་ཉི་མ་ལ། །གནས་པའི་ཡི་གེ་ཧཱུཾ་ནག་པོ། །བལྟས་ཏེ་དེ་ཡི་འོད་ཟེར་གྱིས། །གདུག་པ་མ་ལུས་བྱི་བྱས་ཏེ། །འགྲོ་ཀུན་བདེ་བ་ལ་བཞག་ནས། །སླར་འདུས་ཧཱུཾ་ལ ་ཐིམ་གྱུར་ཏེ། ཡི་གེ་གྱུར་པས་སྐད་ཅིག་གིས། །བྱ་རོག་མིང་ཅན་ནག་པོ་ཆེ། །ཞལ་གཅིག་ཕྱག་བཞི་གཡས་པ་ན། །དང་པོ་བེ་ཙའི་འབྲས་བུ་དམར། །གཉིས་པ་རལ་གྲི་འཛིན་པའོ། །གཡོན་གྱི་དང་པོ་ཁྲག་ཆེན་གྱིས། །རབ་ཏུ་གང་བའི་ཐོད་པ ་འཛིན། །གཉིས་པ་ཁ་ཊཝཱཾ་འཛིན་པའོ། །སྟག་གི་པགས་པས་སྨད་དཀྲིས་ཤིང། །དབུ་སྐྲ་ཨག་ཚོམ་སྨིན་མ་སེར། །སྤྱན་གསུམ་མཆེ་གཙིགས་འཇིགས་པར་བྱེད། །ཐོད་པ་རིན་ཆེན་སྦྲུལ་གྱིས་བརྒྱན། །སྣ་ཚོགས་པདྨ་ཉི་སྟེང ་དུ་ཊ?་དཔའ་བོའི་འདུག་སྟངས་ཀྱིས་གནས་པའོ། །དེ་ནས་རང་གི་ཐུགས་ཁ་ཡི། །ས་བོན་ལས་འཕྲོས་འོད་ཟེར་གྱིས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ། །མཆོད་ལ་ཛ(རྒྱུད་འགྲེལ་པ་སྙིང་ག་རུ། །པདྨ་ཉི་མའི་གདན་སྟེང་དུ། །ཧཱུཾ་དང་ཨཱ(རྒྱུད་འགྲེལ་པར་བྱ། །སྐྱོན་གཏོར་མ་བྱིན་བརླབས་ཏེ། །རང་སྔགས་ཀྱིས་ནི་བསྔོ་བར་བྱའོ། །ལེགས་པར་མཆོད་ལ་དེ་ཉིད་ཀྱི། །རྐང་པ་བརྒྱད་པས་བསྟོད་པར་བྱ། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །ལས་རྣམས་གང་ཡིན་དེ་བཅོལ་བྱ། །ཡེ་ཤེས་གཤེགས་ལ་དམ ་ཚིག་བསྡུ། །བློ་ལྡན་མཚན་མ་མ་བྱུང་གི། བར་དུ་འབད་དེ་བསྒྲུབ་པར་བྱ། །མཚན་མ་བྱུང་ནས་བླ་མ་ཡི། །མན་ངག་བཞིན་དུ་ལས་ལ་སྦྱར། །བླ་མའི་གསུང་གི་རྗེས་འབྲངས་ཏེ། །བདག་གི་ནག་པོ་བསྒྲུབ་པའི་ཐབས། །བྲིས་པའི་བསོད་ནམས ་ཐོབ་པ་དེས། །བགེགས་ཞི་ཐུབ་དབང་ཐོབ་པར་ཤོག། །དཔལ་ནག་པོ་ཆེན་པོ་བསྒྲུབ་པའི་ཐབས་འཕགས་པ་ཀླ་སྒྲུབ་ཀྱི་མཛད་པ་རྫོགས་སོ།། །།པཎྜི་ཏ་ཨ་བྷཡ་ཀར་དང། ལོ་ཙ་བ་ཅི་ཆེན་པོས་བསྒྱུར་བའོ།། །། ་