CLOSE WINDOW

N1422: dpal nag po chen po yum can gyi sgrub thabs zhes bya ba
Wyliee-texts based on the ACIP/ALL Input

རྒྱས་པ་ལ་ཤེས་པར་བྱའོ། །དབང་ལ་དམར་པོས་སོ། །དྲག་པོ་ལ་དྲི་མི་ཞིམ་པ་དང། དྲི་མེད་པས་མེ་ཏོག་དང་དྲིའོ། །གུ་གུལ་དཀར་པོས་སོ། །མི་དང་ཉ་ལ་སོགས་པའི་ཞག་ལས་མར་མེའོ། །ཚ་བ་དང་ཁ་བལ་སོགས་པས་ལྷ་བ་ཤོས་སོ། །རྒྷ་དང ་ཞབས་བསིལ་དང། ཞལ་བསིལ་དང། བསང་གཏོར་རྣམས་ཀྱིས་ཡང་དག་པར་མཆོད་ནས། ལྕེ་ལས་ཀྱི་རྗེས་སུ་འགྲང་བའི་ཁ་དོག་དང་བའི་རྡོ་རྗེ་རང་གི་ས་བོན་གྱིས་མཚན་པར་བསྐྱེད་ལ། རང་གི་སྔགས་ཀྱིས་སྔ་མཱུ་ལྟར་དགས་བླུགས་རེ་རེ ་ལ་མར་ལ་སོགས་པའི་རྫས་ཐམས་ཅད་ཀྱི་རེ་རེ་ལ། །སྲེག་བླུགས་གསུམ་གསུམ་དབུལ་ལོ། །མར་གྱི་སྲག་བླུགས་གཞན་པས་མང་བར་བྱའོ། །དེ་ནས་རང་གི་སྔགས་ཀྱི་བར་དུ་ཞི་པ་ལ་ཆེ་གེ་མོ་ཤཱནྟེ་དྷུ་རུ་སྭཱཧཱ། རྒྱས་པ་ལ་པུཥཏཾ་ཀུ་རུ་ཨོད་དབང་ལ་ཝ ་ཤིཾ་ཀུ་རུ་ཧོ(རྒྱུད་འགྲེལ་དང། ཏིལ་གྱིས་ཞི་བར་བྱ་བའི་ཕྱིར་རོ། །ོཾ་བཛྲ་ཨཱ་ཡུ་ཥེ་སྭཱཧཱ། ཞེས་པ་དང་དུ་རྦས་ཚེ་བསྲིང་བར་བྱ་བའི་ཕྱིར་རོ། །ོཾ་བཛྲ་པུཥྚ་ཡེ་སྭཱཧཱ་ཞེས་པ་དང། འབྲས་མ་ཏམས་པས་རྒྱས་པར་བྱ་བའི་ཕྱིར་རོ། །ོཾ་སརྦ་སཾ་བདེ་སྭཱཧཱ། ཞེས་པ་དང། འབྲས་ཡོས་ཀྱི་ཕུན་སུམ་ཚོགས ་པར་བྱ་བའི་ཕྱིར་རོ། །ོཾ་ཨ་པྲ་ཏི་ཧ་ཧ་བཛྲ་ཡ་སྭཱཧཱ་ཞེས་པ་དང། ཏིལ་གྱིས་བརླན་པའི་ཀུ་ཤས་བསྲུང་བའི་དོན་དུའོ། །ོཾ་མཧཱ་བརྱཱ་ཡ་སྭཱཧཱ་ཞེས་པ་ནས་ཀྱིའོ། །ོཾ་བཛྲ་གྷ་སྨ་རི་སྭཱཧཱ་ཞེས་པ་གྲོའི་འོ། །རང་རང་གི་ལྷའི་སྔགས་ཀྱིས་རྫས་གཞན་རྣམས་བསྲེག་གོ་།དེ་ལྟར་ཆོ་གའི ་ལྟ་བ་བཞིན་དུ། སྦྱིན་སྲེག་བྱས་ལ། སྙིང་པོའི་སྔགས་ཀྱིས་གསུམ་འམ་བདུན་ནམ་ཉི་ཤུ་རྩ་གཅིག་གི་བར་དུ་མར་གྱིས་སྲེག་བླུགས་བྱའོ། །ཕྱི་ནས་དགང་བླུགས་ཕུལ་ཏེ་ཨརྒྷ་དབུལ་པ་དང། །གསང་གཏོར་བྱ་བ་དང། ཞལ་བསིལ་དང། ན་བཟའ་བསམ་པ་དང། ་མཆོད་པ་དང། བསྟོད་པ་དང། ཕྱག་རྣམས་ཕུལ་ལ། མེ་ཏོག་དང་བཅས་པའི་ཐལ་མོ་སྙིང་གར་སྦྱར་ཏེ། ཆོག་ག་མ་ཚང་བ་ལ་སོགས་པའི་སྐྱོན་ཞི་བར་བྱ་བའི་དོན་དུ། བདག་ནི་རྨོངས་པའི་བློ་ཡི་དབང་དག་གིས། །གང་དག་ཅུང་ཟད་ངན་པར་བགྱིས་པ་རྣམས ་མགོན་པོ་ཁྱོད་ལ་བཟོད་གསོལ་དེ་བགྱིས་པས། །སེམས་ཅན་རྣམས་ཀྱི་སྐྱོབ་པ་ངོར་གྱུར་ཅིང། །མ་ཐོབ་པར་བྱས་པ་དང་མི་ཤེས་པས། །མ་གུས་པ་ཡིས་གང་བྱས་གྱིས་གཙོ་བོ། །བྱས་པ་བྱེད་པ་འདིར་ནི་གང་ཡིན་པ། །དེ་རྣམས་ཐམས་ཅད་བཟོད་གསོལ་བཞེས ་པར་ཞུ་ཞེས་པས། །རྗེ་བཙུན་ལ་བཟོད་གསོལ་བྱའོ། །དེ་ནས་ཨོཾ་བཛྲེ་ས་ཏྭ་ཨ(རྒྱུད་འགྲེལ་ཤེས་པ་གཤེགས་སུ་གསོལ་ལོ། །ཕྱི་ནས་མེ་ལྷ་ཐབ་ཁུང་དུ་སྤྱན་དྲངས་ལ་བསང་གཏོར་གྱིས་བསངས་ལ་མཆོད་པ་དབུལ། །ཞལ་བསིལ་ནས་རས་གསར་པ་ཕུལ་བ་དང། །རྫས་ལྷག་མ་རྣམས་བསྲེག་པ་ནི་དྲིལ་བུ་དཀྲོལ ་ཞིང་བསྟོད་པ་དང་བཅས་ལས་སོ། །ཡང་ཞལ་བསིལ་དེ་བསངས་ལ་ཡང་དག་པར་མཆོད་ལ་འདོད་པའི་དོན་ལ་གསོལ་བ་གདབ། བཟོད་གསོལ་བྱས་ཏེ། ཨོཾ་བཛྲ་སཏྭ་ཨཱ(རྒྱུད་འགྲེལ་རེ་རེ་ཞིང་གོང་དུ་བཤད་པ་ལྟར་ལན་གསུམ་འམ་བཞིར་བྱའོ། །དེ་ནས་མེ་བསྡུ་བ་ནི་ཞི་བ་ལ་འོ་མས་སོ། །རྒྱས་པ་ལ་ཆུ་སེར་པོས་སོ། །དབང་ལ་ཡང་འོ་མས་སོ། །བསད་པ་ལ་ཁྲག་གིས་སོ། །དེ་ནས་ཐབ་ཁུར་གི་ཐལ་བ་དང་སོལ་བ་ལས་ཐམས་ཅད་པའི་བུམ ་པར་བླུགས་ཏེ་ཆུ་བོ་ལ་སོགས་པར་དོར་རོ། །འདིར་ནི་ལྷ་མ་ཉེས་པར་བྱ་བའི་མཚན་ཉིད་བསྟན་པའོ། །སྦྱིན་སྲེག་ཆོ་ག་བྱས་པ་འདི་ཡིས། །དགེ་བ་དྲི་མེད་ཐོབ་པ་གང་ཡིན། །དེས་ནི་མྱུར་བར་སེམས་ཅན་ཐམས་ཅད། །བདེ་ཆེན་རྡོ་རྗེ་སེམས་དཔར་གྱུར་ཅིག་། ་ཡེ་ཤེས་ཀྱི་མེ་སྦར་བ་ཞིས་བྱ་བའི་སྦྱིན་སྲེག་གི་ཆོ་ག་རྫོགས་སོ།། །།པཎྜིཏ་ཆེན་པོས་མནྟ་ཤྲཱིས་མཛད་པའོ། །པཎྜི་ཏ་དེ་ཉིད་དང། ལོ་ཙ་བ་དགེ་སློང་ཆོས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་བསྟན་ལ་ཕབ་པའོ།། །། ་དཔལ་ནག་པོ་ཆེན་པོའི་སྒྲུབ་ཟངས་བཞུགས་སོ།། *། །རྒྱ་གར་སྐད་དུ། ས་པྲ་ཛྙཱ་ཤྲི་མཧཱ་ཀཱ་ལ་སཱ་དྷ་ན་ནཱ་མ། །བོད་སྐད་དུ། དཔལ་ནག་པོ་ཆེན་པོ་ཡུམ་ཅན་གྱི་སྒྲུབ་ཐབས་ཞེས་བྱ་བ། །བླ་མ་དང་དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །འགྱེལ་བའི ་རོལ་ཞབས་མཆོག་མཉམ་པའི་སྟབས་ཀྱིས་བཞུགས་ཤིང་སྤོམ་ཐུང་དྲག་ལ་གསུས་ཁྱིམ་ཡངས། ཀླུ་ཆེན་བརྒྱད་ཀྱིས་རྣམ་པར་བརྒྱན་ཞིང་དབུ་སྐྲ་དམར་སེར་གྱེན་བརྫེས་གྲི་གུག་ཐོད་པ་འཛིན། །ཕྲག་པར་ཤེས་རང་མ་ཡིས་འཁྱུད་ཅིང་ཞལ ་གཅིག་དང་ལྡན་དཔལ་ལྡན་ཆོས་སྐྱོང་རྟག་པར་དགའ་རང་བཞིན། །ཤིན་ཏུ་གནག་པའི་ཁྱད་པར་འཕགས་སྐུ་སྤྱན་གསུམ་ལྡན་པས་ཁྱེད་རྣམས་རྟག་ཏུ་བསྲུངས། །བགེགས་རྣམས་ཐམས་ཅད་འཇོམས་དོན་དང། །དམ་ཚིག་བསྐྱང་བར་བྱ་བའི་ཕྱིར། ། ་ནག་པོ་ཆེན་པོ་སྒྲུབ་པའི་ཐབས། །མན་ངག་བརྒྱུད་པ་བཤད་པར་བྱ། །དེ་ལ?་དུར་ཁྲོད་དང་ལིངྒ་གཅིག་པ་ལ་སོགས་པར་འཇམ་པའི་སྟན་ལ་འདུག་ལ། །སྐད་ཅིག་གིས་སྟོང་པ་ཉིད་བསྒོམས་པའི་ངང་ལས། སྣ་ཚོགས་པདྨ་དང་ཉི་མ་ལ། ཧཱུཾ་ཡིག་ཁ་དོག ་ནག་པོའོ། །དེ་ལས་གྲུབ་པའི་རྗེ་བཙུན་དཔལ་ལྡན་ནག་པོ་ཆེན་པོ། ཞལ་གཅིག་པ་ཕྱག་གཉིས་པ། སྐུ་མདོག་ནག་པོ། སྤྱན་གསུམ་པ། མགོ་བོའི་ཕྲེང་བ་སྐེ་ལ་འཕྱང་བ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། རོའི་གདན་ལ་བཞུགས་པ། མཆེ་བ ་གཙིགས་པ། འཇིགས་སུ་རུང་བ། ཀླུ་བརྒྱད་ཀྱིས་རྣམ་པར་བརྒྱན་པ། སྐུ་ཐུང་བ་གསུས་ཁྱིམ་ཆེ་བ། གཟི་བརྗིད་དང་ལྡན་པ། ཐོད་པ་ལྔ་ཡི་ཅོད་པན་བྱས་པ། མི་བསྐྱོད་པས་དབུ་བརྒྱན་ཞིང་ཕྱག་རྒྱ་ལྔས་རྣམ་པར་བརྒྱན་པའོ། །ཕྱག་གཡས་པས་གྲི་གུག ་འཛིན་པ། གཡོན་པ་ཁ་ཊཝཱཾ་ག་དང་ཐོད་པ་འཛིན་པ། ཞལ་ནས་ཁྲག་འཛན་པ། ལྗགས་འདྲིལ་བ། ནག་མོ་ཆེན་པོ་དང་སྙོམས་པར་སྦྱོར་བར་བདག་ཉིད་བསྒོམ་པར་བྱའོ། །བཅོམ་ལྡན་འདས་མ་ནི། ས་བོན་ཧྲཱི(རྒྱུད་འགྲེལ་གཅེར་མོ་རྒྱན་དང་བྲལ་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་ཕྱག་གཡས་པས་གྲི་གུག་དང། གཡོན་པས་ཐོད་པ་འཛིན་པས་ཡབ་ཀྱི་སྐུ་ལ་འཁྱུད་པས་བཞུགས་པའོ། །ཤར་དུ་ས་བོན་ཀྲཾ་ལས་སྐྱེས་པའི་ནག་མོ་སྐུ་མདོག་ནག་མོའོ། །ས་བོན ་ཀཾ་ལས་བྱུང་བའི་གཙིག་མའོ། །ནུབ་ཏུ་བཾ་ལས་བྱུང་བའི་ཕག་མོའོ། །བྱང་དུ་བེཾ་ལས་བྱུང་བའི་རོ་ལངས་མའོ། །འདི་རྣམས་ཐམས་ཅད་ཕྱག་རྣམས་ན་གྲི་གུག་དང་ཐོད་པ་འཛིན་པ། སྐུ་གཅེར་མོ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། པདྨ་དང་ཉི ་མའི་གདན་ལ་བཞུགས་པ། སྤྱན་གསུམ་མ། རྔམ་པའི་ཞལ་སྐུ་མདོག་ནག་མོའོ། །སྙིང་གའི་པདྨ་དང་ཉི་མའི་ཧཱུཾ་གི་འོད་ཟེར་གྱི་ལྕགས་ཀྱུས། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། མངོན་པར་མཆོད་ལ། དམ་ཚིག་པ་ལ་བསྟིམ ་པ་བྱས་ནས། དེ་འདིར་ནག་པོ་ཆེན་པོ་བདག། དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱ། །འོད་གསལ་བར་ནི་རབ་ཞུགས་སོ། །བདག་ནི་རྣམ་ཀུན་ཡོངས་སུ་བཀང། །ཞེས་སོ། །དེ་ནས་ནག་པོ་ཆེན་པོ་ལ་མཆོད་པ་ཕུལ་ནས། དེ་ལ་ལག་པ་ཐལ་མོ་སྦྱར་བ་བསྟན ་ནས། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ། ས་མ་ཡ། མཱ་ཏི་ཀྲ་མ་ཡ། ས་མ་ཡ་རཀྵ་ཏུ། ཞེས་བརྗོད་པར་བྱའོ། །ལྷ་མོ་རྣམས་ལ་ཡང། རྡོ་རྗེའི་ཐལ་མོ་སྦྱར་བསྟན་ནས། དེ་རྣམས་ཀྱི་མིང་བཅུག་པ་རྣམ་པ་ལྔ་པོ་ལའང་ཀླག་པར་བྱའོ། །རང་གི་འདོད་པའི་དོན་ལ ་གསོལ་བ་གདབ་པར་བྱའོ། །ཞེས་པ་དམ་ཚིག་གཟུང་བའོ། །དེ་ནས་དུག་དང་ཁྲག་ཆེན་དང་ཡུངས་ཀར་རྣམས་ཀྱི་བདུག་སྔོལ་ཕུལ་ནས། སྲན་མ། ཛམྦུ་ཌི་ཀ། ཆང་མེ་ཏོག་།བདུག་སྦོས། ཤ་སྔའི་བདུད་རྩིའི་གཏོར་མ་ནི། བདུད་རྩིར་བྱས་ལ་ཨོཾ ་ཤྲཱི་ཀྵཱིཾ་ཨི་དོཾ་མ་ལོཾ་ཀྲཾ་ཧྞ་ཀྲི་ཧྞ་ཧཱུཾ་ཕཊ། མ་ཧཱ་མོཾ་ས། པུཥཔཾ། དྷཱུ་པ། དཱི་པ། རཀྵ། ཏ་ལ་པཱ་ཏ་ལེ། ཨཥྚཾ་ན་ག། དེ་བ། ཡཀྵ། རཱཀྵ་ས། གྲི་ཧྞ་པ་ཡ། གྲིཧྞཱ་པ་ཡ། ཨི་དཾ། བཾ་ལཾ། ཧཱ་ཧཱ་ཧཱུཾ་ཧཱུཾ། ཁ་ཁ། ཁཱ་ཧི་ཁཱ་ཧི། ཧཱུཾ་ཛ(རྒྱུད་འགྲེལ་ཡ། ཏ་རྫརྫ་ཡ་ཏ་རྫརྫ་ཡ། ཨོཾ་ཀྲིཥྞཱ་བརྞྞ་པ། ཕེཾ་ཕེཾ་ཕཊ། ཅེས་པའི་སྔགས་ཀྱིས་དབུ་སོ། །མངོན་པར་མཆོད་ཅིང་བསྟོད་པར་བྱའོ། །སྙིང་གར་སྔགས་བརྟགས་པོར་དམིགས་པ་བྱས་ནས་བཟླས་པར་བྱའོ། །ོཾ་ཤྲཱི་མཧཱ་ཀཱ་ལ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། སྙིང་པོའོ། ། ་ཨོཾ་ཤྲི་མ་ཧཱ་ཀཱ་ལE་ཡ། ཤཱ་ས་ནོ་བ་ཀཱ་ནི་ཎེ། ཨེ་ཤྲོ་ཉ་པཥཙི་མ་ཨ་ལོ་ཉ་ཡཾ། ཡ་དི་ཏྭཾ། པྲ་ཏི་ཛཧ། སྨ་ར་སི་ཏ་དེ་མཾ། རཏན་ཏྲ་ཡཱ་པ་ཀཱ་རི་ཎཾ། དུཥྚཾ། ཁ་ཁཱ། ཁཱ་ཧི་ཀཱ་ཧི། མ་ར་མ་ར། གྲིཧྞ་གྲིཧྞ། བརྦབཏ་བནདྷ། ཧ་ན་ཧཾ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་མ ་ཡ་ཧཱུཾ་ཕཊ། ཞེས་པ་གཟུངས་སྔགས་སོ། །ོཾ་མཧཱ་ཀཱ་ལི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ནག་མོ་ཆེན་མོའོ། །ོཾ་ཀཱ་ལཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ནག་མོའི་འོ། །ོཾ་ཀ་རཱ་ལི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། གཙིགས་མའི་འོ། །ོཾ་ཝ་གཱབཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཝ་ར་ཊིའི་འོ། །ོཾ་བེ་ཏ་ལི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ ་རོ་ལངས་མའི་འོ། །ཇི་སྲིད་མཚན་མ་མ་ཐོབ་ཀྱི་བར་དུ་བཟླས་པར་བྱའོ། །དེ་འང་དངོས་སམ་རྨི་ལམ་དུ། བུད་མེད་ནག་མོ་ཆེན་མོ་དང། བྱ་དང་ཁྱི་ནག་པོ་དག་དང། ཅེས་སྤྱང་རྣམས་དགའ་བ་བྱེད་པར་འགྱུར་རོ། །ཞེས་པ་ནི་བསྙེན་པའི་ཆོ་གའོ།། །། ་ད་ནི་སྒྲུབ་ཐབས་ཀྱི་ཆོ་ག་བྲི་བར་བྱ་སྟེ། འཇིགས་སུ་རང་བའི་དུར་ཁྲོད་དུ། སྔགས་པས་ཆས་གོས་ནག་པོ་འཆད་བས། ནག་ཕྱོགས་ཚེས་བཅུ་བཞིའི་མཚན་མོ། །སྟན་ནག་པོ་ལ་འདུག་ལ། བ་བྱུང་ལྔ། བདུད་རྩི། དྲི་བཟང། མིའི་ཁྲག་དང་ཞག་གིས ་བྱུགས་པའི་སྟེགས་བུ་ལ། གཞོན་ནུ་མའི་རྡུལ་གྱིས་ཆག་ཆག་དང་Çཐིག་ལེ་བྱས་ལ། དུས་ཁྲོད་ཀྱི་སོལ་བས་བྱུགས་ནས། ཆོས་བྱུང་ནག་པོ་ལ་མེ་ཏོག་གི་ཚོན་བུ་ལྔ་བཀོད་པར་བྱའོ། །དེའི་མདུན་དུ། སྔོན་བཤད་པའི་བདུག་སྤོས་དང། གཏོར་མཱ ་དང། གཞན་ཡང་མཆོད་པའི་རྫས་རྣམས་བཤད་ནས་བསྒྲུབ་པ་བརྩམ་པར་བྱའོ། །དེ་ལ་འཁྱིལ་བའི་སྔགས་བཟླས་པའི་ཆང་གིས་དཀྱིལ་འཁོར་ལ་གཏོར་བས་བསངས་ཤིང། རང་བཞིན་གྱིས་རྣམ་པར་དག་པས་མོས་ལ། སྔགས་བཟླས་ཤིང། དེའི ་ངང་ལས། རང་རང་གི་ས་བོན་ལས་སྐྱེས་པའི་དཔལ་ནག་པོ་འཁོར་དང་བཅས་པ། སྔོན་དུ་སྨས་པ་བཞིན་དུ་བདག་ཉིད་རྫོགས་པར་བྱའོ། །ཛ(རྒྱུད་འགྲེལ་བཅས་པ་བྱས་ནས། མཆོད་པ་དང་གཏོར་མ་ཕུལ་ལོ། །སྔགས་ཀྱི་བཟླས་པའི་མཐར་ཐུག་པར་བྱའོ། །ཚོགས་ཀྱི་འཁོར་ལོས་ཚིམ་པའི་བྱ་ཞིང་ལྷག་མ་རྣམས་ལྷག་གཏོར་དུ་སྦྱིན་པར་བྱའོ། །དེ་ལྟར་སྔོན་དུ་འགྲོ་བ་བྱས་ནས། དེ་ནས་བཟུང་སྟེ། ཉི་མ་ལ ་སོ་སོར་ཐུན་བཞིར། སྔོན་དུ་སྨྲས་པའི་ཆོ་ག་རྫོགས་པར་བྱའོ། །ཁྱད་པར་དུ་འདིར་བསྟོང་པ་དང། བྱ་བ་ལ་བསྐུལ་བའི་ཚིག་དང་བཅས་པ། སླར་ནས་སླར་དུ་བྱའོ། །དུབ་པར་གྱུར་ན། གོས་ནག་པོ་དཀྱིལ་འཁོར་ལ་གཡོགས ་ལ། ཨོཾ་ཨཱ(རྒྱུད་འགྲེལ་འབྲིར་དཀྱིལ་འཁོར་ལ་འོད་ཟེར་དུ་སྣང་བའོ། །ཐ་མ་རྨི་ལམ་དུ་རང་ཉིད་གོ་བགོས་པ། མཚོན་ཆ་ཐོགས་པ་དབུང་གི་གཙོ་བོ་བྱེད་པ། གདུག་པ་སང་པ། མི་ཤ་ཟོས་པ་རྣམས་སོ། །ཞེས་བྱ་བ་ནི་སྒྲུབ་ཐབས་ཀྱི་ཆ་གའོ། །ལས་ལ་སྦྱོར་བ་བྲི་བར་བྱ་སྟེ། ་སློབ་དཔོན་ལ་གང་རྟག་ཏུ་སྔད་པར་སེམས་པ་དང། དཀོན་མཆོག་གསུམ་ལ་གནོད་པ་དང། སེམས་ཅན་མང་པོ་ལ་གནོད་པར་གྱུར་པ་རྣམས། ནག་པོ་ཆེན་པོས། དེའི་ཤ་ཟ་བར་མཛོད་ཅིག་།བཅད་པར་མཛོད་ཅིག་།ཁྲག་བཏུད་བར་མཇོད་ཅིག་།ཡ་ན ་སྤྱི་བོ་ནས་ཕུག་ནས། ཏིལ་ཙམ་དུ་ཕྱེ་མར་མཛོད་ཅིག་།ཞེས་པ་སྟེ། བདག་གིས་ག་ཏེ་བླ་མ་ལ་སོགས་པ་ལ་གནོད་པར་བྱེད་པའི་གདུག་པ་ལ། མངོན་སྤྱོད་ཀྱི་ལས་བྱ་བར་འདོད་པ་དེའི་ཆེ། དེའི་རྐང་རྗེས་ཀྱི་རྡུལ། ལུས་ཀྱི་རི་མར་བཅས་པ་དང། ་རྡ་དང། ལྕགས་དང། ཟངས་དང། ཚ་བ་གསུམ་དང། གྲོ་བྱེ་རྣམས་ཕྱེ་མར་བྱས་ལ་གདུག་པའི་གཟུགས་བྱས་པའི་སྙིང་གར། དུག་དང། སྐེ་ཚེ་དང། ཆོས་དང། མཆོན་གྱིས་བསད་པའི་ཁྲག་རྣམས་ཀྱིས། མིའི་བགས་པ་ལ་འཁོར་ལོ་ནི། ལྟེ་བར ་བསྒྲུབ་བྱའི་མིང་བཀོད་པའི་གཟུང་རིངས་བྲིའོ། །ི་དེ་དུཥྚ་ནད་ནི་མེ་ཀེ་ནམཱ་ར་ཡ་ཧཱུཾ་ཕཊ། ཅེས་པ་རྩིབས་དྲུག་ལ་བྲིའོ། །ོཾ་མཧཱ་ཀཱ་ལཱི་ཡེ། ཆེ་གེ་མོ་དུ་ཥྚ་ན་དེ་ན་མེ་ཀེ་ན་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་སོགས་ལྷ་མོ་ལྔ་སྔགས་ནི་མུ་ཁྱུང ་ལ་བྲིའོ། །དེ་སྐད་ཅིག་གིས་རང་བཞིན་གྱིས་རྣམ་པར་དག་པ་མོས་ལ། དེའི་ངང་ལས། འཁོར་ལོ་པདྨ་དང་ཉི་མ་ལ་གནས་པ་ལ། ཕྱོགས་བཅུའི་འཇིག་རྟེན་གྱིས་ཁམས་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས ་ཀྱི་འཁོར་ལོ་སྤྱན་དྲངས་ལ་གཞུག་པར་བྱ་ཞིང། རབ་ཏུ་གནས་པ་དང། མཆོད་པ་བྱས་ལ། དེ་ནས་གཟུངས་རིངས་ཀྱི་སྔགས་ལས། མཚོན་ཆ་སྣ་ཚོགས་ཐོགས་པའི་ཁྲོ་བོའི་ཚོགས་འཕྲོས་པས་བསྒྲུབ་བྱ་བཀུག་ནས། དེའི་མིང་ལ་ཛ(རྒྱུད་འགྲེལ་བའི་རྩ་བ་ནས་དབྱུང་བར་བྱེད། ནག་པོ་ཆེན་པོའི་ཐུགས་ཀ་ནས་འཕྲོས་པའི་ཁྲོ་བོའི་ཚོགས་རྣམས་ཀྱིས། མཚོན་ཆ་སྣ་ཚོགས་པའི་ཆར་ཕབ་པ་ལྷུང་བས། དེའི་ལུས་ཐལ་བ་བཞིན་དུ་བྱས་ཏེ། རྣམ་པར་ཤེས་པ་ནི་མི ་བསྐྱོད་པའི་ཞིང་དུ་སོང་བའི་མོས་པ་བྱ་ཞིང། གཟུངས་སྔགས་བཟླས་སོ། །ོཾ་ཤྲཱི་མཧཱ་ཀཱ་ལ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ། ཅེས་བཟླས་སོ། །དེ་ནས་ལྷ་མོའི་སྔགས་སྤེལ་ཚིག་དང་བཅས་པས་བསད་པར་བྱའོ། །དེའི་རྗེས་སུ་སྤྲུལ་པ་རྣམས་དེ་ལ་བཅུག་ནས། གཏོར་མ ་དང་མཆོད་པ་ལ་སོགས་པས་ཚིམ་པར་བྱ་ཞིང་བཟོད་པར་གསོལ་ནས། ལིང་ག། སྣ་ཚོགས་རྡོ་རྗེ་དང་གཏོར་མས་མནན་པར་བྱའོ། །དེ་ལྟར་ཐུན་བཞིར་བསྒྲུབས་པ་ལས། འགུལ་བ་ལ་སོགས་པའི་མཚན་མ་འབྱུང་སྟེ། ནག་པོ་ཆེན་པོ་ལ་གཏོར་མ ་ལ་སོགས་པས་མངོན་པར་མཆོད་ནས། དེའི་རྗེས་སུ། ལིང་ག་ལག་པ་གཡོན་པས་ལྕགས་ཀྱིས་ཙང་གིས་བཟུང་ལ། ཨོཾ་ཤྲཱི་མཧཱ་ཀཱ་ལཱ་ཡ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་གཡས་པས་བཟླས་པ་བྱའོ། །ནག་པོ་ཆེན་པོ་ལ་སོགས་པའི་ཐུགས་ཀའི ་ཡེ་ཤེས་ཀྱི་མེ། འབྲས་ཀྱི་ཕུབ་མ་ལ་དུར་ཁྲོད་ཀྱི་མེ་སྦར་བའི་རོ་མཉམ་པ་ལ་བདུག་པར་བྱའོ། །མཚན་ཕྱེད་དུ་བྱ་བ་ཞག་བདུན་གྱི་བར་དུའོ། །འོན་ཀྱང་འབྲས་ཕུབ་ཀྱི་མེ་མ་ཤི་བར་བྱའོ། །ཞེས་པའོ། །ཡང་ན་སྔོན་དུ་སྨྲས་པའི་ལིང་ག་གཏོར་མའི་དབུས་སུ ་བཅུག་ནས། བསྒྲུབ་བྱའི་མིང་སྤེལ་ཚིག་ཅན་གྱིས་གཟུངས་རིངས་བཀླག་ཅིང། དཔལ་ནག་པོ་ཆེན་པོ་ལ་གཏོར་མ་དབུལ་ལོ། །ཞེས་པའོ། །ནག་ཕྱོགས་བཅུ་བཞིའི་མཚན་མོ། །དྲག་པོའི་སྦྱིན་སྲེག་གིས་བསྒྲུབ་བྱ་ལ་གཟིར་བར་བྱ་བ་སྟེ། དེ་དག ་གི་ཆོ་ག་ནི་གཞན་དུ་ཤེས་སོ། །གང་ཞིག་བྱང་ཆུབ་ཐོབ་པའི་རྒྱུ་ཕྱིར་རང་སྐྱབས་སོང་བའི་བགེགས་རྣམས་མ་ལུས་འཇོམས། །གང་ཞིག་འཁོར་བར་ལས་ཀྱི་ཞགས་ལས་སེམས་ཅན་རྣམས་ནི་སྙིང་རྗེ་དམ་པས་བསྲུངས། དིང་འདིར་རྣལ ་འབྱོར་མ་རྣམས་ཀྱིས་ནི་མཛའ་དག་འགྲོ་བའི་སྡིག་མུན་ཕུང་པོ་ཆོམ། །དཔལ་ལྡན་རྡོ་རྗེ་ནག་པོ་ཆེན་པོ་རབ་དགའ་ཨི་སྙིང་པོས་དགེར་ཁྱེད་ལ་སྩལ་དུ་གསོལ། །དཔལ་ནག་པོ་ཆེན་པོ་ཡུམ་གྱི་སྒྲུབ་ཐབས། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཞབས་ལས་བྱུང་བ ་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཤྲཱི་བཱན་རཏནའི་ཞལ་མངའ་ནས་དང། ཆོས་འཁོར་ལོ་ཙྪ་བ་འཇམ་དཔལ་ཡེ་ཤེས་ཀྱིས་བསྒྱུར་བའོ།། །། *། །རྒྱ་གར་སྐད་དུ། ཤྲཱི་མཧཱ་ཀཱ་ལ་སཱ་དྷ་ནཱཾ་ནཱ་མ། བོད ་