CLOSE WINDOW

N1419: dpal nag po chen po'i rgyud drag po'i brtag pa dur khrod chen po zhes bya ba'i 'grel pa
Wyliee-texts based on the ACIP/ALL Input

དགེ་སློང་རིན་ཆེན་གྲུབ་ཀྱི་བསྒྱུར་ཅིང་ཞུགས་ཏེ་གཏན་ལ་ཕབ་པའོ།། །། *། །དཔལ་ནག་པོ་ཆེན་པོའི་རྒྱུད་འགྲེལ་བཞུགས་སོ།། །། *། །རྒྱ་གར་སྐད་དུ། །ཤྲཱི་མ་ཧཱ་ཀཱ་ལ་ཏནཊཱ་རུ་ཏྭ་ཀ་ལྤ་མ་ཧཱ་སྨ་ཤཱ་ན་མE་མ་ཊའཀཱ། བོད་སྐད་དུ། ་དཔལ་ནག་པོ་ཆེན་པོའི་རྒྱུད་དྲག་པོའི་བརྟག་པ་དུར་ཁྲོད་ཆེན་པོ་ཞེས་བྱ་བའི་འགྲེལ་པ། །དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །ཕུན་སུམ་ཚོགས་པ་མཛའ་དག་འཛིན་འགྱུར་དེ་བཞིན་ཉིད་ཀྱི་སྐུ། །རྣམ་ཐར་བརྒྱུད་ཀྱི་ཞལ་དངོས་སྟོང་པ་བཅུ་དྲུག་ཕྱག་།བདུད་འདུལ ་དབང་ཕྱུག་ཞབས་བཞི་ཚངས་པའི་གནས་བཞིས་བརྒྱན། །འགྲོ་བ་སྐྱོབ་མཛད་དཀྱིལ་འཁོར་ལྷ་མོ་བརྒྱད་ཀྱི་གཙོ། །གནོད་སྦྱིན་དྲག་པོ་འདུལ་མཛད་འཇིགས་པ་ཆེན་པོའི་སྐུ། །ཕྱག་གི་ཡལ་གས་སྤྱི་བོ་བརྒྱན་མཛད་ནག་པོ་ཁྱོད་ལ་ཕྱག་འཚལ་ནས། །མ་འོངས ་ཁྱད་པར་འཇིག་པའི་དུས་བསྙེན་ནས། །རྒྱལ་པའི་བསྟན་པ་ཁྱད་པར་འཛིན་མཛད་དང། །འཁོར་བའི་སྡུག་བསྔལ་ནུབ་པ་འཚོམས་མཛད་པའི། །རྡོ་རྗེ་སྙིང་པོ་ལ་སོགས་ཧེ་རུ་ཀའི་ཡུང། །གནང་བ་ཐོབ་པའི་མཐུ་སྟོབས་དང། །བླ་མ་དམ་པའི་མཐུ་ཡིས་ནི། །བདག་གི་ཅུང ་ཟད་ཙམ་དུ་ཡང། །རྡོ་རྗེ་ཆི་གཏུ་བསྟན་པ་ཡིས། །ད་ཡི་འགྲེལ་པ་བརྩམ་པར་བྱ། །ནམ་མཁའ་དང་མཉམ་ཞེས་བྱ་བ་ལ་སོགས་པ་ནི་འདིར་མ་བསྟན་ཏེ་སྐབས་སུ་བསྟན་ནོ། །རྡོ་རྗེ་འཚིག་སྨྲས་པ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཞེས་བྱ་བ་སོགས་པ་ལ། དེ ་ལ་རབ་ཏུ་དབྱེ་བ་ནི་ཐོས་པའི་འགྲེལ་པས་རྣམ་པར་དབྱེ་བ་ཡོངས་སུ་བསྒྱུར་བའི་ཕྱིར་ལྔ་པོ་དོན་ལྡན་པས་གསུངས་སོ། །དེ་ཡང་སྟོན་པ་ནི་རྡོ་རྗེ་འཛིན་པ་ལས་འཇིགས་བྱེད་ཆེན་པོའི་སྐུ་སྦྲུལ་ཏེ་ཞེས་བྱ་བ་ལ་སོགས་པར་བསྟན་ཏོ། །དེ་ཡང་རང་བཞིན་སྤྲུལ་པའི་གནས་དུར་ཁྲོད་ཆེན་པོ ་ཞེས་བྱ་བར་བཞུགས་སོ། །དེའི་ཚེ་ཞེས་བྱ་བ་ནི་འཁྲོ་ཡོངས་སུ་བསྡུ་བར་གསུངས་པའོ། །བཅོམ་ལྡན་འདས་གཉིས་སུ་མེད་པར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས་ཀྱིས་ཆོས་ཡོངས་སུ་བསྟན་ཏེ། དེ་ཡང་གནོན་སྦྱིན་གྱི་གདུག་པ་བསལ་ནས་སྡུད་པ་པོ་ཡིས་རྡོ ་རྗེས་ཚིགས་ཡོངས་སུ་བསྟུས་པ་ནི་དུས་ངེས་པར་གཟུངས་པའོ། །དེ་ལྟ་བུ་ལྔའི་དོན་ཚོགས་པའི་སྟོབས་ཀྱིས་འདི་སྐད་ཅེས་བྱ་བ་ནི་རྡོ་རྗེའི་ཕྲད་འབྲེལ་བའི་སྟོབས་ཀྱིས་མ་ནོར་བར་བཟུང་བ་སྟེ། །དེ་ཡང་འཁོར་ལ་བཤད་པའོ། །བདག་གིས་ཞེས་བྱ་བ་ནི་སྡུད་པ་པོ་ཚད་དང་ལྡན ་པའི་དོན་ཏོ། །གིས་ཞེས་བྱ་བ་ནི་དེས་ཡོངས་སུ་བསྡུས་ཏེ་བཤད་པའོ། །ཐོས་ཞེས་པ་ནི་སྟོན་པའི་ཚིག་ལས་འབྲེལ་པའི་སྟོབས་ཀྱི་རང་བཞིན་གྱིས་ཆོས་མ་ནོར་བར་བསྡུས་པ་ནི་ཐོས་པའོ། །དུས་ཞེས་པ་ནི་རྡོ་རྗེའི་ཚིག་གི་འཁོར་ལོ་འབྱུང་བའི་དུས་སོ། །གཅིག ་ན་ཞེས་བྱ་བ་ནི་ཐུན་མོངས་མ་ཡིན་པར་བསྟན་པའོ། །ཡང་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་བྱ་བ་ནི་ཨེ་བཾ་མཱ་ཡའི་འབྲུ་བཞིར་རབ་ཏུ་བསྒྲུབ་པར་ཇི་ལྟར་འགྱུར་བ་དེ་ལྟར་བཅོམ་ལྡན་འདས་བཞུགས་པའོ་ཞེས་བྱ་བར་འབྲེལ་ཏོ། །དོན་ནི་འདི་ལྟ་སྟེ། ཨེ་བཾ་མཱ་ཡའི ་རང་བཞིན་ངོ་བོ་དེ་ལ་བཅོམ་ལྡན་འདས་གནས་སོ། །དེ་ཡང་ཨེ་བཾ་མཱ་ཡའི་ཡིག་འབྲུ་རྣམས་ཀྱིས་རང་གི་ངོ་བོ་གང་ཞེ་ན། །ེ་ནི་སའི་ཁམས་རྣམ་པར་དག་པ་དང། སྐུའི་རང་བཞིན་དང། བྱམས་པ་ཆེན་པོའི་ཐབས་ཀྱི་གནས་ཏེ། སྣ་ཚོགས་པའི་གཟུགས་ལས་གྲོལ་བའོ། ། ་བཾ་ནི་ཆུའི་ཁམས་རྣམ་པར་དག་པ་དང་གསུང་གི་རང་བཞིན་ཏེ། སྙིང་རྗེ་དང་སྨོན་ལམ་གྱི་ཚུལ་གྱིས་གདུག་པ་འདུལ་པའི་ཚུལ་འཛིན་པའོ། །མཱུ་ནི་མེའི་ཁམས་རྣམ་པར་དག་པ་དང། །ཐུགས་ཀྱི་རང་བཞིན་དགའ་བ་སྟོབས་ཀྱིས་སྦྱིན་པས་གདུག་པ་འདུལ་བའི་ཏིང་ངེ་འཛིན ་ལས་ཆོས་འབྱུང་བའོ། །ཡ་ནི་རླུང་གི་ཁམས་རྣམ་པར་དག་པ་དང་གཉིས་སུ་མེད་པའི་རྡོ་རྗེའི་རང་བཞིན་ཏེ། བདུད་ཐམས་ཅད་འཇོམས་པའི་ཏིང་ངེ་འཛིན་གྱིས་བཏང་སྙོམས་དང་ཡེ་ཤེས་ཀྱི་སྦྱོར་བས་འཁོར་ཡོངས་སུ་གཟུང་བའོ། །དུས་ནི་སྡུད་པ་པོས་ཆོས་ཡོངས་སུ་བསྡུས་ཏེ ་བཤད་པའོ། །ཡང་ན་ཨེ་ནི་གནས་སོ། །བཾ་ནི་སྟོན་པའོ། །མཱ་ནི་འཁོར་ཡོངས་སུ་བཟུང་བའོ། །ཡ་ནི་ཆོས་ཁྱད་པར་གྱིས་བསྡུས་པའོ། །ཡང་བྱེ་བྲག་དུ་བསྟན་པ་ནི། །ེ་ནི་ཆོས་ཀྱི་འབྱུང་གནས་ཏེ་གནས་དང་གཞིའོ། །པཾ་ནི་དེར་ལྷའི་སྐུ་རྫོགས་པའོ། །མཱ་ནི་ཉེ་བར ་བསྒྲུབ་པའི་བསྙེན་པ་དང་ལྡན་པའོ། །ཡ་ནི་ཕྲིན་ལས་རྫོགས་པར་བྱེད་པ་སྟེ། དེ་ལྟ་བུའི་ཁྱད་པར་ནི་གླེང་གཞིའི་དོན་མདོར་བསྟན་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་སྟོན་པ་དཔལ་རྡོ་རྗེ་འཛིན་པ་སྟེ། དེ་ཡང་བྷ་གའི་སྒྲའི་སྦྱོར་བས་རྣམ་པ་གཉིས་ཏེ། དབང ་ཕྱུག་ལ་སོགས་པའི་ཡོན་ཏན་དྲུག་གི་དོན་དང། །ནག་པོ་དྲག་པོ་ཆེན་པོ་ལ་སོགས་པ་འཁོར་གྱི་ཚོགས་ཡོངས་སུ་བཟུང་ནས་གདུག་པ་བཅོམ་པའོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཞེས་བྱ་བ་ནི་སའི་ཁམས་ལ་སོགས་པའི་དབྱེབས་གནས་པ་དང། ཡང་ན་སྐུ་ཞེས་བྱ་བ ་ནི་ཕུང་པོ་ལྔ་རྣམ་པར་དག་པའི་བདག་ཉིད་དང་རྣམ་པར་སྣང་མཛད་ལ་སོགས་པ་རིགས་ལྔའི་རང་བཞིན་གྱི་གནས་སོ། །དེ་རྣམས་ཀྱི་ཐུགས་ནི་རིགས་དྲུག་པ་རྡོ་རྗེ་འཛིན་པའོ། །དེ་ཡང་སྐུ་ནི་སའི་ཁམས་དང་བྱམས་པའི་རང་བཞིན་ཏེ། བུཀྐ་སིའི་བཙུན་མོ་ལ ་གནས་སོ། །གསུང་ནི་ཆུའི་ཁམས་དང་སྙིང་རྗེའི་རང་བཞིན་གྱིས་ས་བཱ་རཱིའི་བཙུན་མོ་ལ་གནས་སོ། །ཐུགས་ནི་མེའི་ཁམས་དང་དགའ་བའི་རང་བཞིན་གྱིས་ཙཎྜ་ལཱིའི་བཙུན་མ་ལ་གནས་སོ། །རྡོ་རྗེ་ནི་རླུང་གི་ཁམས་དང། བཏང་སྙོམས་ཀྱི་རང་བཞིན་གྱིས་ཌོཾ་བི་ནའི་བཙུན་མོ ་ལ་གནས་སོ། །དེ་ལྟ་བུའི་བཅོམ་ལྡན་འདས་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དཀྱིལ་འཁོར་གྱིས་བཞུགས་སོ། །དེ་ཡང་གནོད་སྦྱིན་དྲག་པོ་འདུལ་བའི་དོན་དུ་ནག་པོ་དྲག་པོར་སྤྲུལ་ནས་ཞེས་བྱ་བ་ནི་བཅོམ་ལྡན་འདས་གཉིས་སུ་མེད་པའི་ཏིང་ངེ་འཛིན་ལ་ཞུགས་ནས་མངོན་པར ་བྱང་ཆུབ་པ་ལྔས་མངོན་པར་རྫོགས་པར་སངས་རྒྱས་པ་ནི། ནག་པོ་ཆེན་པོར་སྐུ་སྤྲུལ་ཞེས་བྱ་བའི་དོན་ཏོ། །འཇིགས་བྱེད་ཆེན་པོའི་སྐུ་མཛད་དེ་ཞེས་བྱ་བ་ནི་ནག་པོ་དྲག་པོ་དང་ཆ་བྱང་མཐུན་པར་བསྟན་པའོ། །ནག་པོ་དྲག་པོ་ཞེས་བྱ་བ་ནི་གནོད་སྦྱིན་ནོ། །ཤིན་ཏུ་ཡང་ཞེ་བྱ་བ་ནི་གནོད་སྦྱིན་ནོ། ། ་ཤིན་ཏུ་ཡང་ཞེས་བྱ་བ་ནི་བདུག་པ་ཆེ་བའོ། །ཤིན་ཏུ་མི་བཟད་པ་ཞེས་བྱ་བ་ནི་དེའི་གཉེན་པོར་སྐུ་བཞེངས་པའོ། །མཛད་དེ་ཞེས་བྱ་བ་ནི་གདུག་པ་གཞོམ་པར་མཛད་པའོ། །དུར་ཁྲོད་ཅེས་བྱ་བ་ནི་ཕྱིའི་དུར་ཁྲོད་ཉེ་བའི་ཚལ་ལ་སོགས་པའོ། །གནས་མཆོག་ཅེས་བྱ་བ་ནི་རང་བཞིན། ་གྱི་གནས་དེ་ཡང་གྲི་གུག་གི་གུར་ཁང་ངོ། །གནས་མཆོག་ཅེས་བྱ་བ་ནི་རང་བཞིན་གྱི་གནས་ཏེ་ཆོས་ཀྱི་འབྱུང་གནས་སོ། །བཞུགས་སོ་ཞེས་བྱ་བ་ནི་སྤྲུལ་པའི་སྐུར་བཞུགས་པའོ། །དེའི་ཧོ་ཞེས་བྱ་བ་གནོད་སྦྱིན་ནག་པོ་འདུག་པ་འཇོམས་པར་མཛད་པའི་ཆེའོ། ། ་ཐུགས་རྡོ་རྗེ་ལས་སྦྲུལ་པའི་མཁའ་འགྲོ་མ་ཞེས་བྱ་བ་ནི་དེའི་དོན་ནི་གཉིས་ཏེ། བཀའ་དངོས་ཀྱི་ཉེ་བའི་འཁོར་དུ་གྱུར་པ་ནི་ཕྱི་རོལ་བའི་གཽ་རི་ལ་སོགས་པའི་ལྷ་མོ་བརྒྱད་ཀྱི་བདག་ཉིད་དོ། །དེ་ཡང་བཅོམ་ལྡན་འདས་ཀྱི་འཁོར་ལོའི་ལྷ་མོ་གཽ་རཱི་ལ ་སོགས་པ་རྣམས་ཀྱིས་ཕྱི་རོལ་པའི་གཽ་རཱི་ལ་སོགས་པ་གདན་དུ་བྱས་པས་དམ་ཚིག་གི་སྟོབས་ཀྱིས་བཀའ་ལ་བརྟགས་པའོ། །དེའི་ཕྱིར་ཐུགས་རྡོ་རྗེ་ལས་སྤྲུལ་པའི་མཁའ་འགྲོ་མ་ཞེས་བྱའོ། །དམ་ཚིག་གི་མཁའ་འགྲོ་མ་ཞེས་བྱ་བ་ནི་གཙོ་བོའི་དམ་ཚིག ་ལས་མི་འདའ་ཞིང་དམ་ཚིག་གི་འཁོར་ལོར་རྒྱུན་དུ་གནས་ཤིང་དམ་ཚིག་ལས་མི་འདའ་བའ་ཨོ། །དེ་ཡང་འདི་རྣམས་ཏེ་གསོད་བྱེད་མ་ལ་སོགས་པ་བརྒྱད་ནི་ཤར་ཕྱོགས་ན་གནས་པ་སྟེ་སྐུ་མདོག་དཀར་མོ། །གསོང་བྱེད་མ་དང་ཐོད་པའི་དུམ་བུ་མ་དང། རབ ་ཏུ་གཏུམ་མོ་དང། ཀེང་རུས་ཆེན་མོ་དང། གཏུམ་མོའི་མིག་ཅཱ་མ་དང། ལང་ཀའི་དབང་ཕྱུག་མ་དང། འོད་ལྡན་མ་དང། མཆེ་བ་རྣམ་པར་གཙིགས་མའོ། །ལྷོ་ཕྱོགས་ནས་འགུགས་བྱེད་མ་ལ་སོགས་པ་སྟེ་སྐུ་མདོག་སེར་མོ། །དེ་ལང་འགུགས་བྱེད་མ ་དང་སྣ་ཆེན་མ་དང། ཆང་འཐུང་མ་དང། བརྟན་པའི་བློ་ཅན་དང། འོད་བྱེད་མ་དང། རྡོ་རྗེའི་ཕོ་ཉ་མོ་དང། ལང་གའི་སྲིན་མོའོ། །རྨོངས་བྱེད་མ་ལ་སོགས་པ་ནི། །ནུབ་ཕྱོགས་ན་གནས་པ་སྟེ་སྐུ་མདོག་དམར་མོའོ། །དེ་ཡང་རྨོངས་བྱེད་མ་དང། པདྨའི་སྐུ་དང། ་རླུང་གི་ཤུགས་ཅན་མ་དང། རྡོ་རྗེ་ཧཱུཾ་མཛད་མ་དང། ཁྲག་འཐུང་མ་དང། རབ་ཏུ་བཟང་མོ་དང། ལྷ་མོ་སྔོ་བསངས་མ་དང། རྡོ་རྗེ་ཁྲོ་གཉེར་མ་དང། ཤིན་ཏུ་བཟང་མོ་དང། དེ་དག་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ། སྤྱན་གསུམ་པ། གྲི ་གུག་དང་ཐོད་ཨ་ལག་ན་འཛིན་པའི་གར་གྱི་གནས་པ་དམ་ཚིག་གི་འཁོར་ལོ་ལ་གནས་ཤིང། དམ་ཚིག་མི་སཕང་པས་ན། དམ་ཚིག་གི་མཁའ་འགྲོ་ཞེས་བྱའོ། །ལས་ལས་གྲུབ་པ་ཞེས་བྱ་བ་ནི་གནས་རྣམས་སུ་ལས་ལས་སྐྱེས་ཤིང་འཁོར་ལོའི་བདག་པོ་ལ་སོགས ་པ། བཀའ་བསྒོ་བ་ཉན་ཅིང་ལས་བྱེད་ལས་ན་ཡས་ཀྱི་མཁའ་འགྲོ་མ་ཞེས་བྱའོ། །དེ་ཡང་གནས་འདི་རྣམས་སུ་སྐུ་གསུང་ཐུགས་ཀྱི་ཚུལ་དུ་གནས་པ་སྟེ། གནས་རེ་རེ་ན་མཁའ་འགྲོ་མ་གསུམ་གསུམ་གནས་སོ། །དེ་ཡང་གནས་ནི་པུལླི་ར་མ་ལ་ཡ་དང། ཛཱ་ལནབྷ?་ར་དང། ཨུ ་རྒྱན་དང། ཨ་རྦུ་ད་དང། གོ་ད་བ་རི་དང། ར་མི་ཐ་རི་དང། དེ་རི་ཀོ་ཊི་དང། མཱ་ལ་ཝ་དང། ཀཱ་མ་རཱུ་པ་དང། ཨོ་དྲེ་དང། ཏྲི་ཤ་ཀུ་དང། ཀོ་ས་ལ་དང། ཀ་ལངཀ་དང། ལམྦྷ་ཀ་དང། ཀ་ཉྩི་དང། ཧི་མཱ་ལ་དང། བྲེ་ཏ་པུ་རི་དང། གྲ་ཧི་དེ་བ་དང། སཽ་རཥྚ་དང། སུ་ཝར?་ཎི ་དྭི་པ་དང། ནཱ་ག་ར་དང། སིནཧུ་དང། མ་རོ་ཐ་ལི་དང། ཀུ་ལུ་ཏ་དང། གནས་དེ་དག་ནི་ཁྱད་པར་གྱི་གནས་ཉི་ཤུ་རྩ་བཞི་སྟེ། དེ་རེ་རེ་ནམ་མཁའ་འགྲོ་མ་ལས་ལས་སྐྱེས་པ་མཁའ་འགྲོ་མ་གསུམ་གསུམ་གནས་སོ། །དེ་ཡང་ཁྲག་འཐུང་མ་དང། ཤིན་ཏུ་དཔའ་མོ ་དང། འཇིགས་བྱེད་ཆེན་པོ་སྟེ་དེ་གསུམ་གྱིས་ཁྲག་སྐྱག་པར་བྱེད་པའི་ལས་བྱེད་པའོ། །ཛཱ་ལམ་དྷ་ར་ན་ཀླུའི་དབང་མོ་དང། མྱུར་འགྲོ་མ་དང། སྒྲུབ་ཀྱི་ཆུན་འཕྱངས་མ་སྟེ་དེ་གསུམ་ཀླུ་ལ་དབང་བྱེད་པ་གླུའི་ལས་བྱེད་པའོ། །ུ་རྒྱན་དུ་ནི་རྡོ་རྗེ་ཁྲ་མོ་དང། དཀར་མོ་དང། ་སྟོབས་ཆེན་མོ་སྟེ་དེ་གསུམ་གྱིས་ནི་དབྱེ་བའི་ལས་མྱུར་དུ་འགྲུབ་པོ། ། ར་བུ་དར་ནི་སྒེག་མོ་དང། འཁོར་ལོའི་ཤུགས་ཅན་མ་དང། རླུང་གི་དབང་མོ་སྟེ་དེ་གསུམ་གྱིས་ནི་མྱུར་དུ་སྐྲད་པའི་ལས་བྱེད་པའོ། །གོ་ད་བ་རི་རེ་ནི་ལྟོ་འཕྱངས་མ་དང། པདྨའི་ཕྲེང་བ་མ་དང། ་རྨོངས་བྱེད་མ་སྟེ། གསུམ་གྱིས་ནི་རྨོངས་པའི་ལས་བྱེད་པའོ། །ར་མེ་ཤྭ་རིར་འོད་དཔག་མེད་དང། རྟ་རྣམ་དང། འགུགས་བྱེད་མ་སྟེ་དེ་གསུམ་གྱིས་ནི་མྱུར་དུ་འགུགས་པའི་ལས་བྱེད་པའོ། །དེ་ཝི་ཀོ་ཊར་ནི་རྡོ་རྗེ་འོད་འབར་མ་དར། །རྡོ་རྗེ་ཕོ་ཉ་མོ་དང། རྡོ་རྗེ་དབའ་ཕྱེར་མའོ། ། ་དེ་གསུམ་གྱིས་ནི་དབང་དུ་བྱེད་པའི་ལས་གྲུབ་པར་བྱེད་པའོ། །མ་ལ་བར་ནི་རྡོ་རྗེ་སྐུ་ཞེས་བྱའི་མཁའ་འགྲོ་མ་དང། །རི་རབ་སྐུལ་བྱེད་མ་དང། སྟོབས་ཀྱི་དབང་མོ་སྟེ་གསུམ་གྱིས་རེངས་པར་བྱེད་པའི་ལས་སྒྲུབ་པའོ། །ཀཱ་མ་རླུ་བར་ནི། རྣོ་བའི་གཟུགས ་མ་དག་ཕྲག་གཟུགས་མ་དང། རྡོ་རྗེ་གོ་ཆ་མ་སྟེ་དེ་གསུམ་གྱིས་ནི་ཐམས་ཅད་དུ། ཡུངས་ཀར་གྱི་གཟུགས་ཀྱི་ཕོ་ཉའི་ལས་སྒྲུབ་པར་བྱེད་པའོ། །ོ་དྲེར་ནི་འཁོར་ལོ་སྒྱུར་བྱེད་མ་དང། རྡོ་རྗེ་རལ་པ་མི་བཟད་མ་དང། གཏུམ་པའི་ཁྲོ་གཉེར་མའོ། །དེ་གསུམ་གྱིས་ནི་སྣ ་ཚོགས་པའི་ལས་སྒྲུབ་པར་བྱེད་པའོ། །ཏི་ཤ་ཀུ་ནེར་ནི་ཡིད་འཕྲོགས་མ་དང། གཟུགས་གཉིས་མ་དང། ཀུན་ཏུ་རྒྱུ་བྱེད་མའོ། །འདི་གསུམ་གྱིས་ནི་ལས་ཐམས་ཅད་སྔོན་དུ་འགྲོ་བ་སྟེ་རྒྱུ་བའི་ལས་སྨིན་པར་བྱེད་པའོ། །ཀོས་ལར་ནི་ཞིང་སྐྱོང་མ་དང། ཧཱུཾ་མཛད་མ་དང ་བསྲོག་འཐུང་མའོ། །འདི?་གསུམ་གྱིས་ནི་ཐམས་ཅད་དུ་ཐིག་ལེ་གཞོམ་པའི་ལས་མྱུར་དུ་གྲུབ་པར་བྱེད་པའོ། །ཀ་ལིར?་ཀར?་ནི་རབ་ཏུ་འཇིགས་མ་དང། ནམ་མཁའ་ཨི་ལུས་ཅན་མ་དང། དྲག་མོ་ཚན་མོ་སྟེ། འདི་གསུམ་གྱིས་ནི་ཁ་སྦྱར་གྱི་ལས་མྱུར་དུ་རྫོགས་པར་བྱེད་པའོ། ། ་ལམ་བཀར་ནི་ཚེནདོ་ཧའི་བདག་མོ་དང། འཁོར་ལོས་སྒྱུར་བྱེད་མ་དང། རྡོ་རྗེ་ཤུགས་ཅན་མ་སྟེ་དེ་གསུམ་གྱིས་ནི་འཁོར་ལོས་སྒྱུར་བྱེད་ཀྱི་ལས་མྱུར་དུ་སྒྲུབ་པར་བྱེད་དོ། །ཀཉྩིར་ནི་འཁོར་ལོའི་གོ་ཆ་མ་དང། །གཟུགས་ཅན་མ་དང། །ཀུན་ཏུ་འབེབས་བྱེད་མ ་སྟེ་དེ་གསུམ་གྱིས་ཚར་གྱི་རྒྱུན་འབེབས་པའི་ལས་བྱེད་པའོ། །ཧི་མ་ལར་ནི་མིག་མི་བཟང་མ་དང། ཁྭ་གཟུགས་མ་དང། རྡོ་རྗེ་གསུས་ཆེན་མོ་དང། དེ་གསུམ་གྱིས་ནི་ཐམས་ཅད་དུ་མི་སྲུན་པའི་རྡོ་རྗེ་སེར་བ་འབེབས་པའི་ལས་བྱེད་དོ། །པྲེ་ཏ་པུ་རིར་ནི་སྟོབས་ཀྱི་དབང ་ཕྱུག་མ་དག་འཁོར་ལོའི་གོ་ཆ་མ་དང། ནམ་མཁའ་ཨི་སྙིང་པོ་སྟེ་དེ་གསུམ་གྱིས་ནི་ཐམས་ཅད་དུ་རྡོ་རྗེའི་སེར་བསྲུང་བའི་ལས་བྱེད་དོ། །གྲི་ཧ་དེ་བ་ཏར་ནི་དཔལ་གྱི་དབང་མོ་དང། ནོར་འཛིན་མ་དང། །ཁཎྜ་རོ་ཧ་མ་སྟེ་དེ་གསུམ་གྱིས་ནི་ནོར་གྱི་དབང་ཕྱུག་སྒྲུབ་པའི་ལས ་བྱེད་དོ། །སི་རཥྚ་ར་ནི་ཤིན་ཏུ་འཇོམས་མ་དང། གཤིན་རྗེའི་ཕོ་ཉ་མོ་དང། བརྟན་པའི་དབང་མོ་སྟེ་འདི་གསུམ་གྱིས་ནི་གནས་པའི་ལས་རྫོགས་བྱེད་པའོ། །སུ་ཝརྣ་དྭི་པར་ནི་ནམ་མཁའ་ཨི་འཁོར་ལོ་མ་དང་མཚོན་ཆའི་གཟུགས་ཅན་མ་དང། འཇིགས་བྱེད་མའོ། །འདི་གསུམ ་གྱིས་ནི་ལ་དུའི་ལས་རྫོགས་པར་བྱེད་དོ། །ནཱ་ག་ར། ནི་མེ་གཟུགས་མ་དང། སྐེམས་བྱེད་མ་དང། རླུང་གི་འཁོར་ལོ་མ་སྟེ་འདི་གསུམ་གྱིས་ནི་སྤོས་ཀྱི་སྒྲུབ་པ་རྫོགས་པར་བྱེད་པའོ། །སིནདྷུ་ར་ནི་སྐེམ་མ་དང། ལས་མ་དང། ཙ་ནུ་ཏི་ཏེ་འདི་གསུམ་གྱིས་ནི་གསང་བའི་སྦྱིན་སྲེག ་གི་ལས་རྫོགས་པར་བྱེད་པའོ། །མ་རེ་ཐ་ལིར་པདྨ་གར་གྱི་དབང་ཕྱུག་མ་དང། སྟོབས་ཀྱི་དབང་ཕྱུག་དང། དུར་ཁྲོད་ཀྱི་བདག་མོ་སྟེ། དེ་གསུམ་གྱིས་ནི་ཐུན་མོང་གི་སྦྱིན་སྲེག་གི་ལས་རྫོགས་པར་བྱེད་པས་སོ། །ཀུ་ལུ་ཏར་ནི་རྡོ་རྗེ་སེམས་དཔའ་མ་དང། བརྩོན་འགྲུས་ཆེན་མོ ་དང། གཏུམ་པའི་འཁོར་ལོ་མ་སྟེ་འདི་གསུམ་གྱིས་ནི་ཐམས་ཅད་དུ་རྣལ་འབྱོར་བའི་རྒྱུད་སྲུང་བའི་ལས་བྱེད་པའོ། །མཁའ་འགྲོ་མ་འདི་དག་ཐམས་ཅད་ཀྱང་འཇིག་རྟེན་གྱི་ཁམས་ན་གནས་པ་སྟེ། དེ་ཡང་བཅོམ་ལྡན་འདས་ཀྱིས་བཀའ་ཨི་འཁོར་ལོར་བྱིན་གྱིས་བརླབས་ནས ་ལས་ཐམས་ཅད་བྱེད་པར་བཀའ་བསྒོས་པས་ལས་ཀྱི་མཁའ་འགྲོ་མ་ཞེས་བྱའོ། །འཇིགས་བྱེད་མ་ལས་བྱེད་མ་ལ་སོགས་པ་ཞེས་བྱ་བ་ནི་དེ་ལ་འཇིགས་བྱེད་ཅེས་བྱ་བ་ནི་དུར་ཁྲོད་ཆེན་པོ་བརྒྱད་ན་གནས་པའི་གནོད་སྦྱིན་ཆེན་པོ་བརྒྱད་དེ། དྲག་ཏུ་གཏུམ་པ་ན་བདག ་པོ་དྲག་པོ་གནས་སོ། །འཇིགས་སུ་རུང་བ་ན་རྡོ་རྗེག་ཏུ་མོ་གནས་སོ། །འུར་འུར་འབར་བས་ཁྱབ་ཨ་ན་རྡོ་རྗེ་རོ་ལངས་གནས་སོ། །ཚང་ཆིང་འཁྲིགས་པ་ན་རྡོ་རྗེ་གྷ་ལས་གནས་སོ། །དེ་དག་ནི་ཤར་ལ་སོགས་པའི་གོ་རིམ་བྱིས་ཕྱོགས་བཞིར་གནས་སོ། །གཞན་ཡང་ཧ་ཧ་ར་རྒོད་པ་ན ་ཚོགས་ཀྱི་བདག་པོ་གནས། ནགས་ཚལ་ཕུན་སུམ་སོགས་པ་ན་གནོད་སྦྱིན་རུ་རུ་གནས་སོ། །མུན་པ་མི་བཟད་པ་ནག་གནོད་སྦྱིན་གར་མཁན་མཆོག་གནས་སོ། །ཀི་ལི་ཀི་ལིའི་སྒྲ་སྒྲོགས་པ་ན་གནོད་སྦྱིན་ལྕགས་ཀྱི་རྨེ་བཅན་གནས་སོ། །དེ་དག་དབང་ལྡན་ལ་སོགས་པའི ་མཚམས་རྣམས་སུ་ལེགས་པར་གནས་སོ། །གཞན་ཡང་འཇིགས་བྱེད་མ་ཞེས་བྱ་བ་ནི་ཁྭ་གདོང་མ་དང། ཕག་གདོང་མ་དང། ཁྱིའི་གདོང་ཅན་མ་དེ་ང། འུག་བའི་གདོང་ཅན་མ་ལ་སོགས་པ་རྣམས་ནི་ཤར་ལ་སོགས་པའི་ཕྱོགས་ཀྱི་དུར་ཁྲོད ་ན་འཇིགས་པའི་གཟུགས་ཀྱིས་གནས་སོ། །གཤིན་རྗེའི་ཕོ་ཉ་མོ་དང། གཤིན་རྗེ་བརྟན་པའི་བླ་ཅན་མ་དང། གཤིན་རྗེ་མཆེ་གཙིགས་མ་དང། གཤིན་རྗེ་འཇོམས་མ་སྟེ་འདི་རྣམས་ཀྱང་དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ་ལེགས་པར་གནས་སོ། །ཡང ་འཇིགས་བྱེ་ཅེས་བྱ་བའི་དོན་ནི་དེ་རྣམས་ཀྱིས་གཙོ་བོའི་བཀའ་སྡོད་ཅིང་འཇིགས་པ་ཆེན་པོའི་སྟོབས་ཀྱིས་ལས་རྣམས་ཐོགས་པ་མེད་པར་གྲུབ་པས་ན་འཇིགས་བྱེད་དང་འཇིགས་བྱེད་མ་ཞེས་བྱའོ། །ཚོགས་ཞེས་བྱ་བ་ནི་དེ་རྣམས་འདུས་པའོ། །ཡོངས་སུ་བསྐོར་ཞེས ་བྱ་བ་ནི་འདི་དག་བྱིན་གྱིས་བརླབས་ནས་འཁོར་དུ་ཡོངས་སུ་བཟུང་བའོ། །དེའི་ཚེ་ཞེས་བྱ་བ་ནི་འཁོར་དེ་དག་ཀྱང་ནག་པོའི་འཁོར་ཡིན་པའི་ཆོ་ཞེས་བྱ་བའི་ཕྱིར་རོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་གོང་དུ་སྨོས་པའི་འཁོར་ལོའི་བདག་ཉིད་དེ། དེ་ཡང་བཅོམ་ལྡན་འདས་བྱ་བའི ་དོན་ནི་ནག་པོ་དྲག་པོ་ལ་སོགས་པའི་འདུག་པ་བཅོམ་ཞེས་བྱ་བའི་དོན་ཏོ། །གཉིས་སུ་མེད་པར་སྣང་བ་ཞེས་བྱ་བ་ནི་གདུག་པ་བཅོམ་པའི་ཕྱིར་འཁོར་ལོའི་གཙོ་བོ་ལ་བསྡུས་པ་ཞེས་བྱ་བའི་དོན་ཏོ། །ཏིང་ངེ་འཛིན་ཞེས་བྱ་བ་ནི་གཙོ་བོ་ཡང་སྟོང་པ་ཉིད་དུ་གྱུར་པའོ། །ལས ་ཞེས་བྱ་བ་ནི་སྟོང་པ་ཉིད་ལས་སོ། །ནག་པོ་ཆེན་པོར་སྤྱ་ལྟེ་ཞེས་བྱ་བ་ནི་གོང་དུ་བསྟན་པ་བཞིན་དུ་ཆོ་ག་ལྔས་སྐུ་རྫོགས་པའོ། །བཅོམ་ལྡན་ཞེས་བྱ་བ་ནི་གཙོ་བོ་ནག་པོ་ཆེན་པོ་ཉིད་དོ། །ཐུགས་ཀ་ཞེས་བྱ་བ་ནི་གྲི་གུག་དང་ཧཱུཾ་གི་རྣམ་པའོ། །འོད་ཟེར་ཞེས་བྱ་བ་ནི་གྲི་གུག ་དང་ཧཱུཾ་གི་རང་བཞིན་དུ་སྤྲོས་ཏེ་ཞེས་བྱ་བའི་དོན་ཏེ། །ཕྱོགས་དང་མཚམས་ཞེས་བྱ་བ་ནི་ཤར་ལ་སོགས་པའི་འཁོར་གྱི་བྱེ་བྲག་གོ་།ཐམས་ཅད་ཅེས་བྱ་བ་ནི་འཁོར་ཐམས་ཅད་དོ། །ཁྱབ་གནས་ཞེས་བྱ་བ་ནི་ཐམས་ཅད་ཀྱི་སྙིང་ཀར་འོད་ཟེར་ཞུགས་ནས་ཁྱབ་བའོ ་གནོད་སྦྱིན་གདུག་པ་བསལ་ནས་ཞེས་བྱ་བ་ནི་གནོད་སྦྱིན་ནི་ནག་པོ་དྲག་པོ་ལ་སོགས་པའི་འཁོར་རྣམས་སོ། །གདུག་པ་ནི་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་སྟེ། བསལ་ཞེས་བྱ་བ་ནི་འོད་ཟེར་དེས་གདུག་པ་བསལ་ནས་རྒྱུའི་འཁོར་དུ་བཟུང་བའོ། །གུར་དང་ར་བ་དང་དྲ་བར་གྱུར་ཏེ་ཞེས་བྱ ་བ་ནི་འཁོར་རྣམས་སྐུ་དང་གསུང་དང་ཐུགས་ཀྱི་དམ་ཚིག་ལ་གནས་པར་བྱ་ཞེས་བྱ་བའི་དོན་ཏོ། །ཡང་ན་བསྲུང་བའི་འཁོར་ལོའི་བདག་ཉིད་དུ་ཤེས་པར་བྱའོ། །གནས་པའི་ཆེ་ཞེས་བྱ་བ་ནི་རྒྱུའི་འཁོར་དུ་ཡོངས་སུ་རྫོགས་པའི་ཚེའོ། །མཁའ་འགྲོ་མ་དང་ནག་པོ་ཆེན་པོའི་ཚོགས ་ཀྱིས་ཕྱག་འཚལ་ཞེས་བྱ་བའི་ནམ་མཁའ་དང་མཉམ་པའི་ཚིག་གིས་བསྟོད། །གཙོ་བོའི་དམ་ཚིག་ལས་མི་འདའ་འོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ལ་གསོལ་པ་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་ལས་སྤྲུལ་པའི་གཙོ་བོ་ལའོ། །ནག་བོས་ཅི་ཞིག་བཤད་ཅེས་བྱ་བ་ནི ་འཁོར་གྱི་གླེང་གཞི་རྒྱས་པར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་གཙོ་བོར་གྱུར་པའི་ནག་པོ་དྲག་པོའི་སྟོབས་ཀྱིས་ཏིང་ངེ་འཛིན་ལ་གནས་ཏེ། །ཏིང་ངེ་འཛིན་དེའི་སྟོབས་ཀྱིས་སྡུད་པ་པོས་ཡོངས་སུ་བསྡུ་ཏེ་ཞེས་བྱ་བའི་དོན་ཏོ། །འདི་ནི་ནག་པོ་དྲག ་པོའི་རྒྱུད་ཅེས་བྱ་བ་ནི་འདི་སྐད་བདག་གིས་ཞེས་བྱ་བ་ནས་ངེ་སྐད་ཅེས་བཀའ་སྩལ་ནས་ཞེས་བྱ་བའི་མཐར་ཐུག་པའི་རྒྱུད་ལས་བརྙེས་པའི་དོན་བརྗོད་པ་ནི་རྒྱུད་ཅེས་བྱའོ། །དུར་ཁྲོད་ཆེན་པོ་ཞེས་བྱ་བ་ནི་ཕྱིའི་དུར་ཁྲོད་དེ་ནག་པོ་ཆེན་པོའི་གནས་སོ། །ཆེན་པོ་ནི་གཙོ་བོའི་གནས་དང ་བཞིའོ། །གནས་ན་ཞེས་བྱ་བ་ནི་གནས་གཉིས་ཏ། རི་རབ་ཀྱི་གནས་དང་འཛམ་བུའི་གླིང་གི་གནས་སོ། །འཇམ་དུའི་གླིང་གི་རྣལ་འབྱོར་པར་བྱ་ཞེས་བྱ་བ་ནི་རྣལ་འབྱོར་པ་གནོད་སྦྱིན་འོད་ཟེར་ཅན་ཞེས་བྱ་བ་ནི་རབ་ཀྱི་གནས་ནས་འཛམ་པའི་གླིང་དུ་ཉེ་བའི་རིགས་དང་འདྲ་ལ་བའི ་སྟོབས་སད་པས་དཔར་ཕྱུག་ཆེན་པོའི་རྣལ་འབྱོར་བ་གཅིག་ཏུ་གྱུར་ཏེ། ཐུན་མོང་གི་དངོས་གྲུབ་བརྒྱད་ཐོང་བའི་སྟོབས་དང་ལྡན་ནོ། །དེ་ཡང་གནོད་སྦྱིན་གྱི་འབྲེལ་པའི་སྟོབས་ཀྱིས་ཤ་ཁྲག་ལ་དགའ་བས་སྲོག་དང་དབུགས་ལ་དབང་བྱེད་དོ། །རི་རབ་ལྷའི་གྲོང་ཁྱེར་ན ་གནོད་སྦྱིན་ནག་པོ་ཆེན་པོ་གནས་སོ། དེ་ཡང་སྔོན་འབྱུང་གི་དབྱེ་བ་འདི་ལྟ་སྟེ། དེ་བཞིན་གཤེགས་པ་གཙུག་གཏོར་ཅན་གྱི་བསྟན་པ་ལ་རི་མོ་མཁན་གྱི་རིགས་ལས་དགེ་སློང་བདེ་བའི་འཁོར་ལོ་ཞེས་བྱ་བ་བྱུང་སྟེ། དེ་ཡང་ཁ་དོག་གནག ་ཅིང་ཡིད་གཏུམ་པ་ཅན་ཏེ། བདེན་པ་བཞིའི་བརླབ་པའི་གནས་ནས་དེ་བཞིན་གཤེགས་པའི་ཉེ་བའི་འཁོར་དུ་གྱུར་ཏེ། དགེ་སློང་དེ་ཡང་སྐད་ཅིག་མ་སུམ་ཅུ་རྩ་གཉིས་ཀྱིས་འབྲས་བུར་ཉེ་བར་གྱུར་ཏེ། མངོན་པར་ཤེས་པ་དང་ལྡན་པས་དེ་བཞིན་གཤེགས་པའི་སྤྱན ་སྔ་ན་བདག་ནི་མདོན་པར་ཤེས་པ་དང་ལྡན་ནོ་སྙམ་ནས་མངོན་པའི་ང་རྒྱལ་བྱེད་དོ། །དེ་བཞིན་གཤེགས་པས་དགེ་སློང་ཁྱོད་ལོག་པའི་ང་རྒྱལ་ལྔ་ཏེ། དཔེར་ན་འདོད་ཁམས་ཀྱི་དབང་ཕྱུག་ཆེན་པོ་དེས་ལྷ་ཐམས་ཅད་ལས་བདག་སྟོབས་ཆེའོ་སྙམ་པའི ་ང་རྒྱལ་གྱིས་རི་རབ་ཀླང་ལ་བསྐོར་བ་དང། རྒྱ་མཚོ་ཆེན་པོ་ཡང་དབུགས་ཀྱིས་རྔུབ་པ་དང། དགའ་བོ་དང་ཉེར་དགའ་ལ་སོགས་པའི་ཀླུ་ཆེན་པོ་རྣམས་ཀྱིས་བརྒྱན་དུ་བྱས་པའོ། །ཉི་ཟླ་ཐོད་དུ་བཅིངས། ལྷ་བྲམ་ཟས་སུ་ཟ་བ་ལྟ་བུའི་སྟོབས་དང་ལྡན་ཏེ། །ངེས ་ཀྱང་བདག་ནི་འཇིག་རྟེན་འདི་ན་སྟེབས་ཆེན་པོ་ཡིན་སྙམ་པ་ལས་དེ་བཞིན་གཤེགས་པའི་སྟོབས་ནམ་མཁའ་ཨི་མཛའ་དང་མཉམ་པ་ལ་དེ་ཡི་སྟོབས་ནི་རྩ་རྡུལ་གྱི་རྡུལ་ཙམ་ཡང་མི་ཕོད་དོ། །དགེ་སློང་ཁྱོད་ཀྱང་དེ་དང?་འདྲ་བས་ང་རྒྱལ་མ་བྱེད་ཅེས་སྨྲས་པ་ལ ་དགེ་སློང་དེའི་སེམས་ཤིན་ཏུ་དམན་པར་གྱུར་ནས་བདག་ནི་དེ་བཞིན་གཤེགས་པའི་འཁོར་དུ་གྱུར་པ་ལ་དགོས་པ་ཅི་ཞིག་ཡོད་སྙམ་ནས་ལྷོ་ཕྱོགས་ཀྱི་ནགས་ཚལ་ཞིག་ཏུ་སོང་ནས་གནས་པ་དེའི་ནགས་ཚལ་དེ་ན་བདག་ཕྱུག་ཆེན་པོའི་རྟེན་ཅིག ་གནས་པ་ལ་དགེ་སློང་དེས་ཞག་ཉི་ཤུ་རྩ་གཅིག་ཏུ་མཆོད་པ་དང་བསྐོར་བ་ལ་སོགས་པ་བྱས་ནས་གསོལ་བ་བཏབ་པའི་ཚེ། དབང་ཕྱུག་ཆེན་པོས་རྨི་ལམ་དུད་གེ་སློང་ཁྱོད་བདག་གི་སྲས་སུ་བུར་གྱུར་ཏེ། འཇིག་རྟེན་འདི་ན་ཁྱོད་སྟོབས་ཆེ་བའི་དངོས་གྲུབ ་སྤྱིན་ནོ་ཞེས་རྨི་ལམ་དུ་ལུང་བསྟན་ཏོ། །དེ་ནས་དེ་བཞིན་གཤེགས་པ་ངེས་དགེ་སློང་དབང་ཕྱུག་ཆེན་པོ་ལ་སྐྱབས་སུ་སོང་བར་དགོངས་ནས་དེ་བཞིན་གཤེགས་པ་དགེ་སློང་ཞིག་ཏུ་མཛད་ནས་ནགས་ཚལ་དུ་དགེ་སློང་དེའི་གམ་དུ་སོང་ནས་དགེ་སློང་ཁྱོད་མི་ཞིག་ཅེས ་བཀའ་བསྒོ་བ་ལས་དགེ་སློང་དེས་བདག་ནི་དེ་བཞིན་གཤེགས་པའི་འཁོར་དུ་མ་ཆུང་ནས་དབང་ཕྱུག་ཆེན་པོ་ལ་སྐྱབས་སུ་སོང་ཞིག་ཡིན་ཞེས་སྨྲས་པ་ལ། དེ་བཞིན་གཤེགས་པ་དེས། དགེ་སློང་ཡང་དག་ལམ་ནི་རྙེད་གྱུར་ནས། །འཁྲུལ་པའི་ལམ་ལ་འཇུག ་བྱེད་པ། །དཔེར་ན་གསལ་བའི་མིག་ཐོབ་ནས། །རབ་རིབ་སྐྱོན་གྱིས་བསྒོམ་པ་བཞིན། དགེ་སློང་ཁྱོད་ནི་དེ་ལྟ་བུ་ཞིག་ཅེས་བཀའ་སྩལ་པ་དང། དེ་ནས་དགེ་སློང་དེ་ལྷག་པའི་བསམ་པ་དང་ལྡན་ནས་བདག་གིས་ཅི་ཞིག་བགྱི་ཞེས་གསོལ་བ་དང། དེ་བཞིན་གཤེགས་པར་དགེ ་སློང་དེས་དགེ་སློང་ཁྱོད་དེ་བཞིན་གཤེགས་པ་ལ་སོགས་པ་གསོ་སྦྱོང་བྱ་བར་གནང་ངོ་ཞེས་བཀའ་སྩལ་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་དགེ་སློང་དེ་ནགས་ཚལ་ནས་སོང་སྟེ་དེ་བཞིན་གཤེགས་པའི་ཞབས་དྲུང་དུ་ཕྱིན་ནས་གསོ་སྦྱོང་མང་བོ་བྱས་ཏེ ་དེ་བཞིན་གཤེགས་པ་ལ་གསོལ་བ་བདག་ནི་ཚེའི་མཐར་ཕྱིན་པས་བདག་ལ་བསྟན་གསོལ། །དེ་བཞིན་གཤེགས་པ་དེས་ཁྱོད་ནི་རྟོན་ལོག་པའི་མཐུས་སྐྱེ་བ་མང་དུ་བརྒྱུད་ནས་དབང་ཕྱུག་ཆེན་པོའི་བུ་ནག་པོ་དྲག་པོ་ཞས་བྱ་བར་སྐྱེ་བ་བླངས་ནས་དེ་ཡང ་དག་པའི་རྟེན་ལས་ལོག་པས་ན་ནག་པོ་ཡིན་ལ་དབང་ཕྱུག་ཆེན་པོའི་སྟོབས་རྙིང་པས་དྲན་པོ་ཞེས་བྱའོ། །ཆེན་པོ་ནི་སྲིད་པ་གསུམ་ལ་དབང་བྱེད་པས་སོ། །དེའི་མཐར་དེ་བཞིན་གཤེགས་པ་ཕུན་སུམ་ཚོགས་པ་མཛའ་དག་འཛིན་པ་ཞེས་བྱ་བའི་བསྟན་པ་ལ་ཁྱོད ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟན་པ་སྲུང་པར་སེམས་བསྐྱེད་པ་སྔོན་དུ་སོང་པས་ན་མངོན་པར་བྱང་ཆུབ་པར་ས་བཅུའི་བྱང་ཆུབ་སེམས་དཔའ་ནག་པོ་ཞེས་བྱ་བར་བྱུང་ནས་དེ་བཞིན་གཤེགས་པའི་བསྟན་པ་བསྲུངས་ནས་ཆོགས ་རྫོགས་ཏེ། རྡོ་རྗེས་བརྒྱན་བ་ཞེས་བྱ་བའི་ཞིང་ཁམས་སུ་སངས་རྒྱས་བཅོམ་ལྡན་འདས་ཐལ་བ་ཅན་ཞེས་བྱ་བ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དེས་དེ་ལྟར་ལུང་བསྟན་ནས་དགེ་སློང་དེ་སྐྱེ་བ་དཔག ་ཏུ་མེད་པ་བརྒྱུད་ནས་དེ་བཞིན་གཤེགས་བས་ལུང་བསྟན་པ་དང། དབང་ཕྱུག་ཆེན་པོའི་རྗེས་སུ་གནང་བའི་སྟོབས་ཀྱིས་དབང་ཕྱུག་ཆེན་པོའི་སྲས་ནག་པོ་དྲག་པོ་ཞེས་བྱ་བར་སྐྱེ་བ་བླངས་ཏེ་དེ་ཡང་རི་རབ་ཀྱི་སྟེང་ན་གནས་སོ། །གྲོང་ཁྱེར་སུམ་རྩེགས་ཅེས་བྱ་བ་ནི་ལྷ་དང ་ཀླུ་དང། ལྷ་མ་ཡིན་ལ་དབང་བྱེད་པས་ནའོ། །གནོད་སྦྱིན་ཞེས་བྱ་བ་ནི་སྲིད་པ་གསུམ་ལ་གནོད་པ་སྦྱིན་པའོ། །རྣལ་འབྱོར་ལུས་ལ་གཟི་བྱིན་བསྐྱེད་ཅེས་པ་ནི་རྒྱུ་མཐུན་པའི་འབྲེལ་པའི་སྟོབས་ཀྱིས་གོང་དུ་བསྟན་པའི་རྣལ་འབྱོར་གྱི་རྒྱུད་ལ་ནག་པོ་ཞུགས ་བའོ་རྟ་ནག་པོའི་གཟུགས་འཆང་གདུག་པ་ཅན་ཞེས་བྱ་བ་ནི་ནག་པོའི་ཁ་དོག་ནག་པོའོ། །གཟུགས་འཆང་ཞེས་བྱ་བ་ནི་གནོད་སྦྱིན་གྱི་གཟུགས་འཆང་བའོ། །གདུག་པ་ཅན་ཞེས་བྱ་བ་ནི་སྲོག་དང་དབུགས་ལ་དབང་བྱེད་པའོ། །ཉ་བའི་གྲི་དང་ཐོད ་པ་འཛིན་ཅེས་བྱ་བ་ནི་ཕྱག་མཚན་ནོ། །དུག་གི་ལ་དུ་རྟག་ཏུ་ཟ་ཞེས་བྱ་བ་ནི་གཉེན་པོ་ལས་མཐུན་པའི་དམ་རྫས་སུ་གྱུར་པའོ། །དུས་གསུམ་གྲོང་ཁྱེར་སུམ་བརྩེག་དཀྲུག་ཅེས་བྱ་བ་ནི་དུས་གསུམ་ཞེས་བྱ་བ་ཉིན་མཚན་དུས་དྲུག་ཏུའོ། །གྲོང་ཁྱེར་སུམ ་བརྩེ་ཞེས་བྱ་བ་ནི་རི་རབ་ཀྱི་གྲོང་ཁྱེར་དང་འདྲ་བར་འཛམ་བུའི་གླིང་གི་གྲོང་ཁྱེར་རོ། །དཀྲུག་ཅེས་བྱ་བ་ནི་དེ་ན་གནས་པའི་མི་རྣམས་ཀྱི་སྲོག་འཕྲོག་པར་བྱེད་པའོ། །ཤ་ཆེན་ཞེས་བྱ་བ་ནས་ཁྲག་ཅེས། བ་ནི་སྔོན་དུ་རྒྱུན་དུ་ཞུགས་པའི་ཁ་ཟས་ཏེ། ་དེ་ཡང་ཤ་ལྔ་དང་བདུད་རྩི་ལྔའི་བདག་ཉིད་དུ་ཤེས་པར་བྱའོ། །ཁྲག་འཐུང་ཞེས་བྱ་བ་ནི་འགྲོ་བའི་དབུགས་འཕྲོག་པར་བྱེད་པའོ། །ཡང་ན་མ་རིག་པ་ལ་སོགས་པའི་ཉོན་མོངས་པ་འཇོམས་པ་ཉིད་དོ། །ཁ་ནས་ཁྲག་ཅེས་བྱ་བ་ནི་སེམས་ཅན་རྣམས ་ལ་ནད་ཀྱི་རྒྱུན་འབེབས་པ་དང། སངས་རྒྱས་བསྟན་པ་སྲུང་བ་ལ་སོགས་པ་དང། འཁོར་བའི་འདོད་ཆགས་སྤོང་བའི་དོན་གྱི་ཁ་ནས་ཁྲག་འཛག་ཅེས་བྱ་བའོ། །རོ་བསྲེགས་སྨན་དང་ཞེས་བྱ་བ་ནི་མར་ནག་ཆེན་པོའི་མར་མེ་ལ་སོགས་པའི་ཁྱད ་བར་གྱིས་མཆོད་པའོ། །གསུང་ཆེན་ཞེས་བྱ་བ་ནི་གནོད་སྦྱིན་གྱི་གདུག་པ་བསལ་བའི་རྫས་དང། དེ་ཡང་དུར་ཁྲོད་དུ་སྦྱོར་བའི་སྤོས་སོ། །དུར་ཁྲོད་ལ་གནས་དྲི་ཡི་མཆོག་ཅེས་བྱ་བ་ནི་སྐྱེས་བུ་མཚན་དང་ལྡན་པའི་ཞིད་དོ། །ལ་གནས་ཏྲི་ཞེས་བྱ་བ་ནི་དེ ་ལས་བྱུང་པའི་དྲའི། །མ་ཆེག་ཅེས་བྱ་བ་ནི་དུང་ཁྲོད་དུ་བསྒྲུབ་བའི་བདུད་རྩིའོ། །དུས་གསུམ་དུ་ནི་བསྣམས་བྱེད་ཅིང་ཞེས་བྱ་བ་ནི་རྫས་དེ་དག་མཐུན་པའི་དམ་རྫས་སོག་འཛིན་པ་ཡིན་པས་ན་རྟག་ཏུ་ཡང་མི་འབྲལ་ལོ་ཞེས་བྱ་བའི་དོན་ཏོ། །དགུག་པ་ཞེས་བྱ ་ང་ནི་ནག་པོ་དག་པོའོ། །སྤྲུལ་པ་ཞེས་བྱ་བ་ནི་དེའི་འཁོར་དུ་གཏོགས་པའོ། །འཁོར་དེ་དག་ཀྱང་གཙོ་བོ་དང་ནས་པ་མཉམ་པས་ན་སྤྲུལ་ཞེས་བྱའོ། །སྣ་ཚོགས་འབྱེད་ཅེས་བྱ་བ་ནི་སངས་རྒྱས་ཀྱི་བསྟན་པ་ལ་ཞེ་སྡང་བ་རྣམས་ཀྱི་སྲོག་གི་གཉེན་པོ ་འབྱེད་པའི་ཕྱིར་དང། །གཟུགས་སྣ་ཚོགས་ཀྱིས་བསྟན་པ་སྲུང་བའི་ཕྱིར་རོ། །དེ་ནི་ནག་པོ་དྲག་པོར་བཤད་ཅེས་བྱ་བ་ནི་ནག་པོ་དྲག་པོའི་རྒྱུད་ཀྱི་གླེང་གཞི་བསྟན་པའོ། །།དེ་ནས་ནག་པོ་ཆེན་པོ་གསོལ་བ་ཞེས་བྱ་བ་ནི་སྡུག་པ་པོས་འབྲས་བུའི ་འཁོར་རྒྱས་པར་ཞུས་པའོ། །བཅོམ་ལྡན་འདས་ཞེས་ཞུས་པ་ནི་གཙོ་བོ་ལའོ། །ནག་པོ་དྲག་པོ་ཞེས་བྱ་བ་ནས་ཇི་ལྟར་ལགས་ཞེས་བྱ་བའི་བར་དུ་འབྲས་བུའི་འཁོར་དུ་ཇི་ལྟར་འགྱུར་ཞེས་བྱ་བ་དང། གོང་དུ་བསྟན་པའི་དོན་རྒྱས་པར་ཞུས་པའོ། ། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་སྐུ་གསུང་ཐུབས་ཀྱི་ཏིང་ངེ་འཛིན་ཞུགས་པའི་བྱིན་གྱིས་བརླབས་ཀྱིས་འགྲོ་བ་འདུལ་པའི་དོན་དུ་སྡུད་པ་པོས་ཡོངས་སུ་བསྡུས་ཏེ་བཤད་པའོ། །སྐུ་གསུངས་ཐུགས་ཀྱི་རྡོ་རྗེ་ནི། །ལྷ་ཡི་ལྷར་ནི ་རྣམ་པར་དག་།ཅེས་བྱ་བ་ནི་དེ་ལ་སྐུ་ནི་ཞལ་བརྒྱད་ཕྱག་བཅུ་དྲུག་ལ་སོགས་པའོ། །གསུང་ནི་དེ་བསྐྱེད་པ་ཡི་ས་བོན་ནོ། །ཐུགས་ནི་ཕྱག་མཚན་དུ་གྱུར་པའོ། །རྡོ་རྗེ་ནི་སྐུ་ཡོངས་སུ་རྫོགས་པའོ། །ལྷ་ནི་དེའི་འཁོར་དུ་གཏོགས་པའི་མོའོ། ། ་སྐུ་ནི་རྟེན་གྱི་དཀྱིལ་འཁོར་རོ། །རྣམ་པར་དག་པ་ནི་ཆུ་ཟླ་དང་འདྲ་བར་ཕྱིར་རོ། །ཡང་སྐུ་ནི་ཞལ་གཅིག་ཕྱག་གཉིས་པའོ། །གསུང་ནི་ཕྱག་བཞི་པའོ། །ཐུགས་ནི་ཕྱག་དྲུག་པའོ། །རྡོ་རྗེ་ནི་ཕྱག་བཅུ་དྲུག་པའོ། །ལྷ་ནི་ཡུམ་དང་བཅས་པའོ། །སྐུ་ནི་དཀྱིལ ་འཁོར་འཁོར་ལོའི་བདག་ཉིད་དོ། །རྣམ་པར་དག་པ་ནི་རང་གི་ངོ་བོ་རྣམ་པར་དག་པ་སྟེ། ནག་པོ་དྲག་པོའི་རྒྱུད་དག་པར་བྱེད་པ་ནས་རྣམ་པར་དག་ཅེས་བྱའོ། །གཉིས་སུ་མེད་པར་སྣང་བ་ཞེས་བྱ་བའི?་དཀྱིལ་འཁོར་འཁོར་ལོ་བདག་ཉིད་གཙོ་བོའི་ཐུགས་ཀར ་འདུས་པའོ། །ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཞེས་པ་ནི་གཙོ་བོ་ཡང་སྟོང་པ་ཉིད་དུ་གྱུར་པའི་ཕྱིར་ཞུགས་ཞིས་བྱའོ། །དེ་ནས་ཞེས་བྱ་བ་ནི་སྟོང་པ་ནས་སོ། །ནག་པོ་ཆེན་པོ་ཞེས་བྱ་བ་ནི་གནོད་སྦྱིན་ནག་པོ་དྲག་པོའོ། །ཆ་བྱང་མཐུན་ཞེས་བྱ་བའི་སྐུ་མདོག ་དང་ཕྱག་མཚན་མཐུན་པའི་ཕྱིར་རོ། །སྤྲུལ་མཛད་ཅེས་བྱ་བ་ནི་མེ་ལོང་ལྟ་བུ་དང། མཉམ་པ་ཉིད་དང། སོ་སོར་རྟོག་པ་དང། བྱ་བ་གྲུབ་པ་དང། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ཐུ་རྫོགས་པའི་ཕྱིར་སྤྲུལ་མཛད་ཅེས་བྱའོ། །བདག་གི་ཐུགས་ཀིར་འོད་ཟེར ་ཞེས་བྱ་བ་ནས་དྲ་བར་གྱུར་ཅིག་ཅེས་བྱ་བ་ནི་རྒྱུའི་འཁོར་བསྟན་པ་སྟེ་གོང་དུ་བསྟན་པའོ། །ད་ནི་འབྲས་བུའི་འཁོར་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་གཉིས་བྱུང་སྟེ། ནག་པོ་དྲག་པོ་ལ་སོགས་པའི་འཁོར་རྣམས་ཀྱི ་སྙིང་གར་ཞུགས་ནས་འོད་ཟེར་གྱིས་བསྐུལ་ནས་གཙོ་བོ་རྗེས་སུ་དྲན་པར་གྱུར་ཏེ། འོད་ཀྱི་སོང་བུར་ཞུ་ནས་ནག་པོ་དྲག་པོ་ན་གཙོ་བོའི་ཐུགས་ཀར་ཞུགས་སོ། །འཁོར་གཞན་རྣམས་ནི་ས་བོན་གྱི་རང་བཞིན་དུ་གྱུར་ཏེ་གནས་སོ། །གཉིས་མེད་གྱུར་ཅེས ་བྱ་བ་ནི་ཧཱུཾ་དང་གཉིས་སུ་མེད་ཅེས་བྱ་བའི་དོན་ཏོ། །བདག་གི་ཐུགས་ཀ་ནས་ཞེས་བྱ་བ་ནི་ཐུགས་ཀའི་ཡི་གེ་ཧཱུཾ་ལས་སི། །སྤྲོས་ཞེས་བྱ་བ་ནི་བར་མའི་སྐྱེ་བ་སྟེ། དེ་ཡང་ཞལ་གཅིག་ཕྱག་གཉིས་པ་འོད་ཀྱི་གོང་བུའི་ནང་ནས་སྐུ་མཐོ་གང་གི་ཚད་གྱུར་ཏེ། བདག་གི་ཞལ་ནས ་བྱུང་ནས་མདུན་དབྱུང་བའོ། །དེ་ལ་གཙོ་བོས་བཀའ་བསྒོ་བ། །གསང་བ་གསུམ་ལས་བྱུང་བ་ཡི། །ཁྱོད་ནི་ནག་པོ་ཆེན་པོ་ཡིན། །རྡོ་རྗེ་གསུམ་གྱི་བདག་ཉིད་ཁྱོད། །དེ་ནི་འཇིགས་བྱེད་ཆེན་པོ་བཤད་ཅེས་བྱ་བ་ནི། །དེ་ཡང་གསང་ནི་ཐུན་མོང་མ་ཡིན་པ་སྟེ་གཙོ་བོའི ་རྒྱུད་ཀྱིས་བསྡུས་པའོ། །གསུམ་ནི་བྱེ་བྲག་སྟེ་སྐུ་དང་གསུང་དང་ཐུགས་ཉིད་ལ་བྱའོ། །བྱུང་ཞེས་བྱ་བ་ནི་གཙོ་བོ་དང་ཐ་མི་དད་པར་བསྒྲུབས་ནས་ཧཱུཾ་ལས་བྱུང་བའོ། །ཁྱོད་ནི་ནག་བོ་ཆེན་པོ་ཡིན་ཞེས་བྱ་བ་ནི་བར་མའི་སྐྱེ་བོ་བསྒྲུབས་པའོ། །རྡོ་རྗེ་གསུམ་གྱི་བདག་ཉིད ་ཁྱོད་ཅེས་བྱ་བ་ནི་སྐུ་རྡོ་རྗེ་དང་གསུང་རྡོ་རྗེ་རང་ཐུགས་རྡོ་རྗེའི་བདག་ཉིད་དོ། །དེ་ནི་འཇིགས་བྱེད་ཆེན་པོར་བཤད། །ཅེས་བྱ་བ་ནི་རྒྱུའི་འཁོར་ལས་འབྲས་བུའི་འཁོར་དུ་བཞེངས་པའི་བར་མའི་བསམ་གཏན་ཏེ། དེ་ཡང་འཇིགས་བྱེད་ཅེས་བྱ་བ་ནི་གདུག་པ་འཇོམས་པའི་མཐུ་དང ་ལན་པའོ། །ཆེན་པོ་ཞེས་བྱ་བ་ནི་གཙོ་བོའི་སྟབས་དང་ཐ་མི་དད་པའོ། །ཁྱོད་ཀྱི་རྒྱུད་ནི་རབ་བཤད་བྱ་ཞེས་བྱ་བ་ནི་འཁོར་གྱི་གླེང་གཞིའི་རྒྱུད་བཤད་པར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་གོང་དུ་བསྟན་ཟིན་ཏོ། །རྡོ་རྗེ་འཛིན་པའི་འོད་ཟེར་གྱིས ་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་ནི་གཙོ་བོའོ། །འོད་ཟེར་གྱིས་ཞེས་བྱ་བ་ནི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་ནག་པ་ཆེན་པོ་ལ་སོགས་པའི་འཁོར་རྣམས་ལ་ཕོག་པའི། །བརྒྱལ་ནས་ཞེས་བྱ་བ་ནི་འཁོར་རྣམས་ཡིག་འབྲུ་གསུམ་གྱི་བདག་ཉིད་དུ་གྱུར་ཏོ། །ཏིང་ངེ་འཛིན ་ལ་སྙོམས་པར་ཞེས་བྱ་བ་ནི་ཡི་གེ་གསུམ་ཡང་གོ་རིམས་བཞིན་དུ་ཞུགས་སོ། །སྟོང་པ་ཉིད་དུ་གྱུར་པའི་ཕྱིར་ཞུགས་ཞེས་བྱའོ། །དེའི་ཚེ་ཞེས་བྱ་བ་ནི་འཁོར་རྣམས་ཀྱི་འབྲས་བུ་ཉམས་སུ་མྱོང་བའོ། །བཅོམ་ལྡན་འདས་ནག་པོ་ཆེན་པོས་ཞེས་བྱ་བ་ནི་གཙོ་བོ་སྟེ་དེ་ཡང ་འཁོར་རྣམས་སང་པར་བྱེད་པའི་ཕྱིར་ཏིང་ངེ་འཛིན་ལ་ཞུགས་པའོ། །ཏིང་ངེ་འཛིན་ནི་གྲི་གུག་ལྕགས་ཀྱུའི་ཚུལ་དུ་བཟུང་ནས་ཞེས་བྱ་བ་སྟེ། དེ་ཡང་གྲི་གུག་ནི་གཙོ་བོའི་ཐུགས་ཀ་ན་གནས་པའི་གྲི་གུག་གོ་།ལྕགས་ཀྱུ་ནི་ཉི་མ་དང་ཧཱུཾ་གི་རང་བཞིན་ནོ། ། ་འཁོར་གྱི་ཐུགས་སད་པར་བྱེད་པའི་ཕྱིར་ལྕགས་ཀགྱུ་ཞེས་བྱའོ་།ཚུལ་དུ་བཟུང་ནས་ཞེས་བྱ་བ་ནི་གཙོ་བོ་སྟེ་ཧཱུཾ་ལ་ཨོཾ་ལ་སོགས་པའི་སྔགས་ཀྱིས་བསྐོར་བས། །ལྕགས་ཀྱུ་འོད་ཟེར་དང་བཅས་ཞེས་བྱ་བ་ནི་ཧཱུཾ་དང་སྔགས་ཀྱི་འོད་ཟེར་རོ། །བརྗོད་པར་བྱ་བ་ནི་ཞལ་ནས ་སྤྲོས་པས་ཆོག་གོ་།སད་པར་གྱུར་ནས་ཞེས་བྱ་བ་ནི་འདིར་འཆང་ངོ། །འོད་ཟེར་དེས་བསྐུལ་ནས་ཞེས་བྱ་བ་ནི་འཁོར་རྣམས་ཆོ་ག་གསུམ་གྱི་སྐུ་བཞེངས་པའོ། །དེ་ནས་ནག་པོ་ཆེན་པོ་ཞེས་བྱ་པ་ནི་དམ་ཚིག་སེམས་དཔའ་ཨི་སྐུའོ། །དགའ་བར་གྱུར་ཏེ་ཐལ་མོ ་སྦྱར་ཞེས་བྱ་བ་ནི་འབྲས་བུའི་འཁོར་དུ་གཏོགས་པ་དང་ངོ་མཚར་ཆེ་ཞེས་བྱ་བའི་དོན་ཏོ། །འཁོར་དེ་རྣམས་ཀྱི་གཙོ་བོ་རྗེས་སུ་ཡི་རང་པ་ནི་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པའོ། །བདག་ནི་ཞེས་བྱ་བ་ནི་བར་མའི་བསམ་གཏན་ལ་གནས་པའི་ཚེའོ། །གཙོ་བོ་ཞེས ་བྱ་བ་ནི་རྡོ་རྗེ་འཛིན་པའི་ཐུགས་ཀའི་འོད་ཟེར་གྱིས་སོ། །ཕོག་ནས་ཞེས་བྱ་བ་ནི་ཡི་གེ་གསུམ་དུ་གྱུར་པའོ། །ཤིན་ཏུ་བདེ་བར་གྱུར་ཞེས་བྱ་བ་ན་སྟོང་པ་ཉིད་དུ་གྱུར་པའོ། །གཙོ་བོ་བཅོམ་ལྡན་འདས་ནག་པོ་ཆེན་པོ་ཞེས་བྱ་བ་ནི་གཙོ་བོའི་འོད་ཟེར་གྱིས་བསྐུལ་བའོ། ། ་བདག་ནི་བདེ་བ་ཆེན་པོར་གནས་ཞེས་བྱ་བ་ནི་ཆོ་ག་གསུམ་གྱིས་སྐུ་རྫོགས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞེས་བྱ་བ་ནི་དམ་ཚིག་ཆེན་པོའི་སྟོབས་ཀྱིས་ཏིང་ངེ་འཛིན་ལ་ཞུགས་ཞེས་བྱ་བའི་དོན་ཏོ། །ཁྱོད་ནི་གསང་བ་གསུམ་གྱི་བདག་ཅེས་བྱ ་བ་ནི་འཁོར་དེ་ལ་གསང་བ་གསུམ་གྱི་དམ་ཚིག་བསྒོ་བའོ། །དེ་ཡང་འདི་ལྟ་སྟེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བསྟན་པ་བསྲུང་བར་བྱིན་གྱིས་བརླབས་ཞེས་བྱ་བ་ལ་བྱིན་གྱིས་བརླབས་པ་ནི་གཙོ་བོའི་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་པ་དང ་དེ་བཞིན་གཤེགས་པས་ལུང་བསྟན་པའི་ཕྱིར་ཁྱོད་ནི་དཔལ་ནག་པོ་ཆེ་ཞེས་བྱའོ། བསྟན་པ་བསྲུང་བར་ཁས་བླངས་པ་ཞེས་བྱ་བ་ནི། །བསྟན་པ་ནི་དུས་གསུམ་གྱིའོ། །བསྲུང་བ་ནི་གདུག་པ་དང་མ་རིག་པ་ལ་སོགས་པའི་ཉོན་མོངས་པ་འཇོམས་པའོ། །འབྲས ་བུའི་འཁོར་དུ་རྫོགས་པ་དང། །གཙོ་བོའི་དམ་ཚིག་ལས་མི་འདའ་བའ་ཨི་ཞེས་བྱ་བའི་དོན་ཏོ། །ཤཱཀྱ་སེངྒེའི་བསྟན་པ་ལ་ཞེས་བྱ་བ་ནི་ཁྱད་པར་དུ་གདུག་དཀའ་བ་འབྱུང་བའི་དུས་ཡིན་པའི་ཕྱིར་རོ། །དམ་ཚིག་ཆེན་པོ་གནས་པར་གྱིས་ཞེས་བྱ་བ་ནི་འཁོར་ཐམས་ཅད ་ཀྱང་འཁོར་གྱི་གཙོ་བོའི་དམ་ཚིག་ལས་མི་འདའ་ཨོ་ཞེས་བྱ་བའི་དོན་ཏོ་ཞེས་བཀའ་སྩལ་བ་ཞེས་བྱ་བ་ནི་དམ་ཚིག་སྟོབས་ཀྱི་ཏིང་ངེ་འཛིན་ལས་དམ་ཚིག་འཁོར་ལོའི་ཏིང་ངེ་འཛིན་ལ་ཞུགས་པའི་ཕྱིར་བཀའ་སྩལ་ཅེས་བྱའོ། །དཔལ་ལྡན་ནག་པོ་ཞེས་བྱ་བ་ནས་འཇིགས་བྱེད ་མ་ལ་སོགས་པའི་ཞེས་བྱ་བའི་བར་དུའོ། །དེ་རྣམས་ནི་འཁོར་གྱི་རྣམ་གངས་ཏེ་གོང་དུ་བསྟན་ཏོ། །དེ་རྣམས་ཀྱང་གཙོ་བོའི་དམ་ཚིག་འཁོར་ལོའི་ཏིང་ངེ་འཛིན་ལ་ཞུགས་པའི་སྟོབས་ཀྱིས་ཤིན་ཏུ་ཡང་གནད་ལ་བབ་པར་གྱུར་ཏེ། ཤིན་ཏུ་ཡང་འདར་བ་ཞེས་བྱ་བ་ལ་སོགས ་པ་འབྱུང་སྟེ། དེ་ཡང་འདར་བ་དང་ཞེས་བྱ་བ་ནི་འཁོར་དེ་རྣམས་འབྲས་བུའི་འཁོར་གྱི་ཚད་དུ་མ་ཕྱིན་པ་དང། སྐུའི་སྟོབས་མ་རྫོགས་པས་ན་འདར་བ་ཞེས་བྱའོ། །གསུང་གི་སྟོབས་མ་རྫོགས་པས་ན་སྐྲག་པ་ཞེས་བྱའོ། །ཤིན་ཏུ་ཡང་མི་བཟང་པར་དྲན་པ་ཉམས་པར ་འགྱུར་ཞེས་བྱ་བ་ནི་ཐུགས་ཀྱི་སྟོབས་མ་རྫོགས་པའོ། །དེ་ལྟ་བུའི་སྟོབས་མ་རྫོགས་པས་ནི་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་མི་ནུས་ཏེ། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནི་གཙོ་བོ་སྟེ། དེ་ཡང་སྐུ་གསུང་ཐུགས་ཀྱི་སྟོབས་རྫོགས་པ་ཞེས་བྱ་བའི་ཏིང་ངེ ་འཛིན་ལ་ཞུགས་ཏེ། །དེའི་དོན་ནི་འཁོར་རྣམས་སྐུ་གསུང་ཐུགས་ཀྱི་སྟོབས་རྫོགས་པར་བྱ་བ་དང། ཁྱད་པར་གྱི་དམ་ཚིག་མི་སྤོང་བའི་ཕྱིར་གཙོ་བོའི་ཐུགས་ཀ་ན་གནས་པའི་ཧཱུཾ་ལ་སྟོབས་དང་དོ་ཚིག་གི་སྔགས་ཀྱིས་ཡོངས་སུ་བསྐྱོང་བ་སྟེ། དེ་ཡང་ཨོཾ་ཞེས་བྱ་བ་ལ ་སོགས་པའི་སྔགས་ལས་འོད་ཟེར་འཕྲོས་ཏེ། དེ་ཡང་ཞལ་ནས་སྤྲོས་པས་བརྗོད་ཅེས་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་འོད་ཟེར་དེ་འཁོར་ཐམས་ཅད་ཀྱི་ཐུགས་ཀ་ཁྱབ་ཅེས་བྱ་བའི་དོན་ཏོ། །དྲན་པ་རྙེད་པར་གྱུར་ཞེས་བྱ་བ་ནི་འཁོར ་དེ་རྣམས་ཀྱང་སྐུ་གསུང་ཐུགས་ཀྱི་སྟོབས་རྙེད་པར་གྱུར་པ་དང། གཙོ་བོའི་དམ་ཚིག་ལས་མི་འདའ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་ནག་པོ་ཆེན་པོའི་བསྙེན་པའི་འཁོར་ལོའི་ཏིང་ངེ་འཛིན་ལ་ཞུགས་ཏེ། ཏིང་ངེ་འཛིན་དེའི་སྟོབས་དང་འཁོར ་རྣམས་སྟོབས་དང་ལྡན་པར་གྱུར་པས་རང་གི་སྲོག་གི་སྙིང་པོ་ཕུལ་ཞེས་བྱའོ། །དེ་ཡང་རང་གི་ཞེས་བྱ་བ་ནི་བཀའ་སྡོད་ཀྱི་ནག་པོ་ཆེན་པོ་ལ་སོགས་པའི་འཁོར་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་ནོ། །སྲོག་གི་ཞེས་བྱ་བ་ནི་སྲོག་དང་འདྲ་བའི་ཕྱིར་དང ་སྲོག་ལྟ་བུ་ཉེ་བར་སྒྲུབ་པ་ཡིན་པའི་ཕྱིར་འོ། །སྙིང་བོ་ཞེ་བྱ་བ་ནི་གདུག་པ་བཅོམ་ནས་ཡིད་སྐྱོབ་པའི་སྙིང་པོ་ལེན་པས་སྙིང་པོའོ། །ཕུལ་ཞེས་བྱ་བ་ནི་འཁོར་ཐམས་ཅད་ཀྱིས་བཙོ་བོ་ལའོ། །དེ་ཡང་ཨོཾ་གྱི་ཐོག་མ་དང་ཧཱུཾ་གི་མཛའ་ཅན་གྱི་སྔགས་ཕུལ་བའོ། ། ་དེ་ཡང་འདི་སྟ་སྟེ། འདི་ཡི་སྔགས་ཀྱི་རྒྱལ་པོ་ནི། །མ་བྱུང་འབྱུས་བར་མི་འགྱུར་རོ། །དགོས་པ་ཐམས་ཅད་སྒྲུབ་བྱེད་པའོ་ཞེས་འབྱུང་བའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནི་གཙོ་བོས་ལ་བར་རྣམས་ལ་མཛེས་པའི་ཏིག་བརྗོད ་བ་འོང་འཁོར་གྱི་དབང་ཕྱུག་ཅེས་བྱ་བ་ནི་ཐུགས་རྡོ་རྗེ་ལས་སྤྲུལ་པའི་མཁའ་འགྲོ་མ་ལ་སོགས་པའི་འཁོར་ཐམས་ཅད་ལའོ། །ལེགས་སོ་ལེགས་སོ་ཞེས་བྱ་བ་ནི་འཁོར་གྱིས་ལེགས་པར་བཟུང་ཞིང་ཞེས་བྱ་བའི་དོན་དང། བསྙེན་པ་དང་ཉེ་པའི་བསྙེན་པའི ་བདག་ཉིད་དོ། །ནག་པོ་ཆེན་པོ་ཞེས་བྱ་བ་ནི་འཁོར་གྱིས་གཙོ་བོ་ལའོ། །ལེགས་སོ་ལེགས་སོ་ཞེས་བྱ་བ་ནི་ཁྱོད་ཀྱི་ལེགས་པར་བསྡུས་ལ་འཁོར་གྱི་ཚོགས་ལ་ལེགས་པར་ཤོད་ཅིག་ཅེས་བྱ་བའི་དོན་ཏོ། །ཡང་ན་ཐུན་མོང་གི་ལས་སྦྱོར་སྒྲུབ་པ་དང། ཁྱད་པར ་གྱིས་ལས་སྦྱོར་སྒྲུབ་པ་ཆེན་པོའོ། །ཁྱོད་ལ་ཞེས་བྱ་བ་ནི་སྡུད་པ་པོ་ལའོ། །ནག་པོ་ཆེན་པོའི་ཞེས་བྱ་བ་ནི་གླེང་བཞིན་ཕུན་སུམ་ཚོགས་པའི་བདག་ཉིད་དོ། །རྒྱུད་ཅེས་བྱ་བ་ནི་ཕུན་སུམ་ཚོགས་ལས་བརྙེས་པའི་རྒྱུད་ངོ། །དུར་ཁྲོད་ཆེན་པོ་ཞེས་བྱ་བ་ནི་འདིའི་རྒྱུད་དུ་དུར ་ཁྲོད་ཆེན་པོར་བརྙེས་པས་ན་དུར་ཁྲོད་ཆེན་པོའོ། །བཤད་པར་བྱ་ཞེས་བྱ་བ་ནས་བཀའ་སྩལ་ཏོ་ཞེས་བྱ་བ་ནི་རྒྱུས་ཀྱི་དོན་ལེགས་པར་སྡུས་ཤིག་ཅེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ནས་འཁོར་གྱི་ཚོགས་ཀྱིས་གསོལ་བ་ཞེས་བྱ་བ་ནི་འཁོར་གྱི་གཙོ་བོས་རྡོ་རྗེ ་འཛིན་པ་ལ་ཞུ་བ་བྱས་པའི་ཚིག་གོ་།བཅོམ་ལྡན་འདས་ཞེས་བྱ་བ་ནས་ཇི་ལྟར་ལགས་ཞེས་བྱ་བ་ནི་དུད་པ་པོས་གཙོ་བོ་ལ་རྒྱུད་འབྱུང་བའི་དགོས་པ་ཇི་ལྟར་ལགས་ཞེས་ཞུས་པའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནི་གཙོ་བོ་འགྲོ་བ ་སྐྱོབ་པའི་ཏིང་ངེ་འཛིན་ལ་ཞུགས་ཏེ། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་རྒྱུད་འབྱུང་བའི་དགོས་པ་བསྡུས་པའོ། །སྲིད་པ་གསུམ་ཞེས་བྱ་བ་ལ་སོགས་པའོ། །དེ་ཡང་སྲིད་བ་གསུམ་ཞེས་བྱ་བ་ནི་འཇིག་རྟེན་གསུམ་པའོ། །ལོག་པའི་ཕྱོགས་འཛིན་པ་ཞེས་བྱ་བ་ནི་དུས ་གསུམ་དུ་བསྟན་པའི་བགེགས་སུ་གྱུར་པའོ། །བདུད་ཅེས་བྱ་བ་ནི་སྤྱིའི་བདུད་བཞི་དང། བླ་མ་ལ་རྟག་པར་སྡར་བའོ། །མུ་སྟེགས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་བསྟན་པ་འཇིག་པ་དང། ཐེག་པ་ཆེན་པོ་ལེ་ལཎ?་ཊརའི?་ཕྱིར་རོ། །སྲིན་པོ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་ལ ་མི་འཇུག་ཅིང་བྱང་ཆུབ་སེམས་སྤོང་བའོ། །ལྷ་མ་ཡིན་ཞེས་བྱ་བ་ནི་རང་གི་ལྷག་པའི་ལྷ་དོན་ནས་འཇིག་རྟེན་པའི་ལྷ་ལ་སྐྱབས་སུ་འགྲོ་བ་དང། དམ་ཚིག་གསུམ་སྤོང་བའོ། །གནོད་སྦྱིན་ཞེས་བྱ་བ་ནི་དངོས་གྲུབ་གཉིས་ཀྱི་བར་དུ་གཅོང་པ་དང། སེམས ་ཅན་ཐམས་ཅད་ལ་འཚེ་བར་བྱེད་པའོ། །ཡང་ན་སྲིད་གསུམ་ཞེས་བྱ་བ་ནི་མ་རིག་པ་ཉིད་དོ། །ལོག་པའི་ཞེས་བྱ་བ་ནི་དོ་ལས་བྱུང་བའོ། །ཕྱོགས་ཞེས་བྱ་བ་ནི་བཟུང་བའོ། །འཛིན་པ་ཞེས་བྱ་བ་ནི་དེ་ལས་བྱུང་བའི་འཇིག་པ་ཉིད་དོ། །བདུད་ཆས་བྱ་བ་ནི ་གཏི་མུག་གོ་།མུ་སྟེགས་ཞེས་བྱ་བ་ནི་ང་རྒྱལ་གྱི་བདག་ཉིད་དོ། །སྲིན་པོ་ནི་འདོད་ཆགས་ཀྱི་སྲིན་པོའོ། །ལྷ་མ་ཡིན་ནི་ཕྲག་དོག་གི་རང་བཞིན་ནོ། །གནོད་སྦྱིན་ནི་ཞེ་སྡང་གི་བདག་ཉིད་དོ། །ཚོགས་ཞེས་བྱ་བ་ནི་དེ་དག་བཅོམ་པའོ། །ཤཱཀྱ ་སེངྒེའི་བསྟན་པ་ལ་ཞེས་བྱ་བ་ནི་བསྟན་པའི་ཐ་མ་སྟེ། དེ་ཡང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པ་ལ་བར་དུ་གཅོད་པས་ན་གཅོད་ཅིང་འཇིག་ཅེས་བྱ་བ་ལ་སོགས་པའོ། །དེ་དག་འཇོམས་པར་བྱེ་ཅེས་བྱས་ནི་བསྙེན་པ་དང་ཉེ་བའི་བསྙེན་པ་ཉིད་མྱུར་དུ་བསྒྲུབ་པའི ་ལས་དང་སྦྱོར་ཀ་ཆེན་པོས་འཇོམས་པའི་ཕྱིར་ཆོ་ག་འདི་དག་བཤད་ཅེས་བྱ་བའོ། །རྒྱུད་ཀྱི་དང་པོ་ཞེས་བྱ་བ་ནི་ཕུན་སུམ་ཚོགས་པ་ལྔའི་བདག་ཉིད་དེ། གླེང་གཞི་ཞེས་བྱའོ། །དེ་ཡང་རྒྱུད་འབྱུང་བའི་ཕྱིར་གླེང་གཞི་ཞེས་བྱའོ། །གཉིས་པ་སྔགས་ཀྱི་སྦྱོར་བ་དང། ་ཞེས་བྱ་བ་ནི་ལྷའི་རྣལ་འབྱོར་ཏེ་བསྙེན་པའོ། །སྔགས་ཞེས་བྱ་བ་ནི་རྣལ་འབྱོར་གྱི་སྒོ་ནས་སྔགས་བཟླས་བ་ཉེ་བའི་བསྙེན་པའོ། །སྦྱོར་ཀ་ཞེས་པ་ནི་བསང་པ་དང་བསྐྲད་པ་ལ་སོགས་ཏེ། སྦྱོར་ཀ་ཆེན་པོའི་བདག་ཉིད་དོ། །གསུམ་པ་ལྷ་ཞེས་བྱ་བ་ནི་སྔགས ་བསྐྱེད་པའི་རིམ་པ་དང་ལྡན་པའི་ཕྱིར་རོ། །བཞི་པ་དཀྱིལ་འཁོར་ཞེས་བྱ་བ་ནི་ལྷའི་རྟེན་དང་ལྡན་པར་བྱ་བའི་དོན་ཏེ། སྒྲུབ་པ་པོ་དཀྱིལ་འཁོར་དུ་སྨིན་པར་བྱས་པ་དང། རྟེན་ཚད་དང་ལྡན་པར་བྱ་བའི་ཕྱིར་རབ་གནས་ཞེས་བྱ་བའོ། །པར་པུ་ལ་སོགས་པའི་ཆོ ་གང་བཤད་ཅེས་བྱ་བ་ནི་ཁྱད་པར་གྱི་ཆོ་ག་སྟེ། སྐབས་སུ་བསྟན་པར་བྱའོ། །བཅུ་ཡི་བདག་ཉིད་ཅེས་བྱ་བ་ནས་བཀའ་སྩོལ་ཏོ་ཞེས་བྱ་བ་ནི་གོ་སླའོ། །ནག་པོ་ཆེན་པོའི་རྒྱུད་ཅེས་བྱ་བ་ནི་ནག་པོ་ཆེན་པོའི་སྒྲུབ་པའི་རྒྱུད་དོ། །དུར་ཁྲོད་ཆེན་པོ་ཞེས་བྱ་བ་ནི་བཀའ་ ་སྡོད་ལ་སོགས་པའི་འཁོར་དུར་ཁྲོད་ན་གནས་ཤིང་དུར་ཁྲོད་ཀྱི་བདག་པོ་ཡིན་པས་ན་དུར་ཁྲོད་ཆེན་པོ་ཞེས་བྱའོ། །གླེང་གཞིའི་ལེའུ་དང་པོ་ཞེས་བྱ་བ་ནི་གླེང་གཞི་ནི་གནོད་སྦྱིན་ནག་པོ་ལ་སོགས་པ་འཁོར་འབྲས་བུའི་འཁོར་དུ་ཡོངས་སུ་རྫོགས་པ་སྟེ་གླེང ་གཞིའོ། །ལེའུ་ནི་ཕུན་སུམ་ཚོགས་པ་ལྔའི་བདག་ཉིད་རྒྱས་པར་བཤད་པའི་ལེའུ་ཡིན་བས་ན་ལེའུའོ། །དང་པོ་ནི་རྒྱུད་ཀྱི་དང་པོ་ཡིན་པའི་ཕྱིར་དང་པོའོ། །དཔལ་ནག་པོ་ཆེན་པོའི་རྒྱུད་ཀྱི་གླེང་གཞིའི་བཤད་པ་སྟེ་དང་བོའོ།། །།གླེང་གཞི ་ལས་ཡང་དག་པར་བྱུང་བའི་དོན་མཆོག་དང་ཐུན་མོང་སྒྲུབ་པར་བྱེད་པའི་ཐབས་འབྱུང་བས་ན་དེ་ནས་ཞེས་བྱའོ། །དཔལ་ནག་པོ་ཞེས་བྱ་བ་ནི་སྡུད་པ་པོ་ལ་སོགས་པའི་འཁོར་རྣམས་ཀྱིས་སོ། །བཅོམ་ལྡན་འདས་ལ་གསོལ་པ་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ ་ལ་ཞུས་པའོ། །དང་པོ་རྒྱུད་དོན་སྒྲུབ་པ་ཞེས་བྱ་བ་ལ་དང་པོ་རྒྱུད་ཅེས་བྱ་བ་ནི་རྒྱུད་ནི་གཙོ་བོ་ནག་པོ་ཆེན་པོ་སྟེ། དེ་ཡང་སྐུ་གསུང་ཐུགས་ཀྱི་བདག་ཉིད་རྒྱུད་དོ། །དོན་ཞེས་བྱ་བ་ནི་སྔགས་བྷེ་ངེས་པར་ན་བརྩེ་བ་དང་སྙིང་པོ་དང་ནང་གི་སྙིང་པོས་སྐུ་གསུང ་ཐུགས་ཀྱི་དངོས་གྲུབ་བསྒྲུབ་པའི་ཕྱིར་བསྒྲུབ་ཅེས་བྱའོ། །ལས་ཀྱི་ཆོ་ག་སྣ་ཚོགས་དང་ཞེས་བྱ་བ་ནི་ཐུན་མོང་གི་ལས་སྦྱོར་རྣམས་སོ། །དེས་སྒྲུབ་ཐབས་དང་ལྡན་པར་ནི་ཞེས་བྱ་བ་ནི་རྒྱུད་ཀྱི་སྦྱོར་ཀ་ཆེན་པོ་རྣམས་སོ། །བསྒྲུབ་པ་ཆོ་ག་ཇི་ལྟར་ལགས་ཞེས་བྱ་བ་ལ། དེ ་ཡང་བསྒྲུབ་པ་ནི་བསྙེན་པ་དང། །ཉེ་བའི་བསྙེན་པ་རྣམས་སོ། །ཆོ་ག་ནི་སྦྱོར་ཀ་དང་སྦྱར་ཀ་ཆེན་པོའོ། །ཇི་ལྟར་ལགས་ཞེས་བྱ་བ་ནི་མདོར་བསྡུས་ཏེ་ཞུས་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་སྟོན་པའོ། །འཇིགས་བྱེད་ཆེན་པོར་མཛད་ཅེས་བྱ་བ་ནི་འཛིགས་བྱེད ་ཆེན་པོའི་འཁོར་ལོ་ཏིང་ངེ་འཛིན་ལ་ཞུགས་ཞེས་བྱ་བའི་དོན་ཏོ། །དེ་ནས་གཙོ་བོས་ཏིང་ངེ་འཛིན་གྱི་དོན་བསྡུས་པ་བཀའ་སྩལ་པ་ཞེས་བྱའོ། །རྒྱུད་འདི་སྒྲུབ་པར་བྱེད་འདོད་པས་ཞེས་བྱ་བ་ནི་རྒྱུད་ཀྱི་འཁོར་ལོའི་བདག་པོ་བསྒྲུབ་ཅེས་བྱ་བ་ནི་དོན་ཏོ། །སྔགས་ཞེས ་བྱ་བའི་འདོད་ནི་?་པའི་སྔགས་ལ་སོགས་པའོ། །ཆོ་ག་ཞེས་བྱ་བ་ནས་ངེས་པར་བཤད་བྱ་བ་ནི་གཙོ་བོ་དང་འཁོར་གྱི་བསྐྱེད་པའི་རིམ་པ་དང་ལྡན་པའོ། །བསམ་གཏན་ཞེས་བྱ་བ་ནི་ལྷའི་ཐུགས་ཀའི་གྲི་གུག་དང། ཧཱུཾ་གཾ་བདག་ཉིད་དེ་དོ། །དོན་ཀྱི་མཆོག་བྱ་བ་དང ་སྔགས་ཞེས་བྱ་བའི་ཐུགས་ཀའི་ཧཱུཾ་ལ་རྩ་བའི་སྔགས་ཀྱིས་བསྐོར་ཞེས་བྱ་བའི་དོན་ཏོ། །དངོས་གྲུབ་བསྒྲུབ་པར་འགྱུར་ཞེས་བྱ་བ་ནི་སྔགས་དེ་ཉིད་དངོས་གྲུབ་ཀྱི་རང་བཞིན་ཡིན་ལ། དེ་མྱུར་དུ་གྲུབ་པར་བྱེད་པས་ན་འགྲུབ་ཅེས་བྱའོ། །དཔལ ་ལྡན་ནག་པོའི་རྒྱུད་ཀྱི་མཆོག་ཅེས་བྱ་བ་ནི་མཆོག་གི་དོན་ཐམས་ཅད་སྔགས་ཀྱིས་འགྲུབ་པས་ན་མཆོག་ཅེས་བྱའོ། །དེ་ཡང་སྔགས་ཀྱི་རྒྱུད་ཀྱི་མཆོག་ཡིན་པའི་ཕྱིར་རོ། །སྔགས་ཀྱི་རྩ་བ་འདི་དག་ཅེས་བྱ་བ་ལ་སྔགས་ཀྱི་ཐུགས་ཀའི་ཧཱུཾ་ངོ། །རྩ་བ་འདི་དག་ཅེས ་བྱ་བ་ནི་ཧཱུཾ་ལ་ཡོངས་སུ་བསྐོར་བའོ། །བཤད་ཅེས་བྱ་བ་ནི་ཞལ་ནས་ཞལ་དུ་ཐུགས་ཀ་ནས་ཐུགས་ཀར་རྒྱུན་མི་འཆད་པར་རོ། །དེ་ཡང་ཨོཾ་ལ་སོགས་སོ། །འདི་ནི་རྩ་བའི་དོན་དང་ལྡན་ཞེས་བྱ་བ་ནི་སྐུ་གསུང་ཐུགས་སྒྲུབ་པའི་རྩ་བའི་སྔགས་ཡིན་པས་ན་རྩ་བའི ་སྔགས་ཞེས་བྱ་བའོ། །ལས་ཞེས་བྱ་བ་ནས་བཤད་ཅེས་བྱ་བའི་བར་དུ་ནི་ལས་ཐམས་ཅད་འགྲུབ་པར་བཤད་པའི་ཕྱིར་རོ། །དེ་ཡང་ཨེ་དམ་ཞེས་བྱ་བ་ལ་སོགས་པའོ། །ི་དམ་ན་སྐབས་ཀྱི་སྟོབས་ཀྱིས་སྒྱུར་བྱེད་ཀྱི་ཚིག་ཏུ་བཤེས་པར་བྱའོ། །འདི་ནི་ཞེས་བྱ་བ་ནས ་བཀའ་སྩལ་ཏོ་ཞེས་བྱ་བ་ནས་སྔགས་ཀྱི་ཁྱད་པར་དུ་སྡུད་པ་པོས་ཡོངས་སུ་ཞེས་བྱ་བའི་དོན་ཏོ། །དེ་ནས་དཔལ་ནག་པོ་ཆེན་པོ་ཞེས་བྱ་བ་ནི་འཁོར་གྱི་ཚོགས་དང་བཅས་པའོ། །གཟི་བརྗིད་དང་ལྡན་གྱུར་ཞེས་བྱ་བ་ནི་འཁོར་རྣམས་ཀྱིས་སྔགས་ཀྱི་དོན་རྟོགས་ནས་དོན་མཐུ་དང་ལྡན་པའོ། །བཅོམ་ལྡན་འདས་ལ་སོགས་པ་ཞེས་བྱ་བ་ནས་བཤད་དུ་གསོལ་ཞེས་བྱ་བ་ནི་བསྙེན་པའི་དོན་མདོར་བསྡུས་ཏེ་ཞུས་པའོ། །དེ་ནས་གཙོ་བོས་འཁོར་གྱི་ཚོགས་ལ་གཟིགས་ནས་ཞེས་པ་ནི་བསྙེན་པའི་འཁོར་ལོའི ་ཏིང་ངེ་འཛིན་ལ་ཞུགས་ཞེས་བྱ་བའི་དོན་ཏོ། །འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ནི་འདི་སྐད་བསྡུས་པའི་ཕྱིར་རོ། །དེ་ཡང་གང་ཞེ་ན། བསྒྲུབ་པར་འདོད་པས་ཞེས་པ་སྟེ། དེ་ཡང་ནག་པོ་ཆེན་པོའི་དཀྱིལ་འཁོར་དུ་དབང་བསྐུར་བའི་དཔའ་བོས་བླ་མ་ལ ་གནང་བ་ནོད་ཅིང་འདོད་པ་བསྒྲུབ་ཅེས་བྱའོ། །དེ་ལ་དངོས་གྲུབ་ཀྱི་རང་བཞིན་འདོད་པས་དུར་ཁྲོད་ཆེན་པོ་ཞེས་བྱ་བ་ལ་སོགས་པའི་གནས་སུ་སོང་ལ། བདུད་རྩི་ལྔའི་མཎྜལ་བྱས་ཏེ་གནས་དེར་དཀྱིལ་འཁོར་དམ་ཐང་ཀ་ལ་སོགས་པའི་རྟེན་དང་ལྡན་པར་བྱས་ཏེ ་བདུད་རྩི་ལྔས་ལུས་བྱུག་ཞེས་བྱ་བ་ནི་སྤྱི་བོ་དང་མགྲིན་པ་དང་སྙིང་ག་དང། ལྟེ་བ་དང་གསང་བའི་གནས་སུ་བདུད་རྩིའི་ཐིག་ལེ་བྱས་ཏེ། ཐིག་ལེའི་གནས་སུ་ཉི་མ་ལ་མ་དང་ཧཱ་དང་ཀཱ་དང་ལ་དང་ཡ་གནས་པར་བྱས་ཏེ། ཨོཾ་གྱི་ཐོག་མ་དང་ཀོ་ཧཾ་གི་མཛའ་ཅན་གྱིས་བདག ་སྐད་ཅིག་གིས་ལྷའི་ང་རྒྱལ་དུ་བྱས་ཏེ་དེ་ལས་ལྷའི་འཁོར་ལོ་རྫོགས་པར་བྱ་བ་ནི་ལྷའི་ལེའུར་ཤེས་པར་བྱས་ཏེ། དེ་ལྟར་རྫོགས་པའི་དཀྱིལ་འཁོར་ལ་ཁྱད་པར་གྱི་མཆོད་པས་མཆོད་པར་བྱ་བ་ནི། །ུ་པ་ཀྵེའི་མེ་ཏོག་ཅེས་བྱ་བ་ལ་སོགས་པས་མཆོད་དོ། ། ་བསམ་གཏན་ཞེས་བྱ་བ་ནི་ཡི་གེ་གསུམ་གྱིས་སྐུ་གསུང་ཐུགས་ཀྱི་དམ་ཚིག་དུ་བྱིན་གྱིས་བརླབ་པོ། །སྔགས་ཞེས་བྱ་བ་ནི་རྩ་བའི་སྔགས་ཏེ་སྒྱེར་བྱེད་ཀྱི་ཚིག་གི་ཁྱད་པར་གྱི་མཆོད་པ་སྟེ། བསྙེན་པར་བྱ་བ་ནི་གཙོ་བོ་དང་མཁའ་འགྲོ་མའི་སྔགས་བཟླས་པར ་བྱ་སྟེ། དེ་ཡང་ནང་གི་སྲོག་གི་སྙིང་པོ་སྟེ་གཙོ་བོ་དང་བཀའ་སྡོད་ཞལ་ནས་ཐུགས་ཀར་འཁོར་བ་ཡིན་ལ། འཁོར་གཞན་རྣམས་ཀྱི་ནི་སོ་སོའི་ཐུགས་ཀ་ན་གནས་སོ། །དེ་ལྟར་བསྙེན་པ་བྱས་ན་བསྙེན་པར་འགྱུར་རོ། །ཞེས་བྱའོ། །དེ་ཡང་སྐུ་གསུང་ཐུགས་ཀྱི་མཚན ་བརྙེད་པའོ། །དེ་ནས་ལམ་ལ་སྦྱར་བ་བྱ་སྟེ་མཚན་མ་མ་ཐོབ་པས་ནི་མ་ཡིན་ནོ། །དུམ་བུ་དྲུག་བ་ཞེས་བྱ་བ་ནི་ཁྲག་གི་ནད་ཀྱིས་ཤི་བ་འམ་རབ་ཆད་དམ། དེ་ལྟ་བུའི་ཐོད་པ་ནག་པོའི་དུས་སུ་བསླང་བར་བྱ་སྟེ། དེ་ནས་ནི་མ་པ་ལ་སོགས་པའི་རྫས་རྣམས་ཐོད་པའི་ནང ་སུ་ནི་དུག་གི་མཎྜལ་གྱི་སྟང་དུ་གཞག་ལ། བདག་ཀྱང་བསྒྲུབ་བྱའི་ཕྱོགས་སུ་མངོན་པར་ཕྱོགས་ཏེ། ལྷའི་འཁོར་ལོ་རྫོགས་པར་བྱ་སྟེ་རྫས་དེ་ལ་གང་ལ་དམིགས་པ་དེ་དགུག་གཞུག་གི་སྦྱོར་བ་དང་ལྡན་པར་བྱ་སྟེ། དེ་ནས་འུག་པའི་ཁྲག་གིས་ཐོད་པའི་ནང་དུ ་ནེའི་དཀྱིལ་འཁོར་ར་བས་ཡོངས་སུ་བསྐོར་བར་བྱའོ། །དེའི་དབུས་སུ་གོང་གི་རྫས་ཀྱིས་བསྒྲུབ་བྱའི་གཟུགས་འུག་པའི་སྒྲོས་སྨྱུག་གུས་བྲིས་ཞེས་བྱའོ། །དེ་ཡང་སྤྱི་བོ་ལ་སོགས་པའི་གནས་ལྡར་མེའི་ས་བོན་དང་ལྡན་པར་བྱའོ། །དེ ་ནས་ཤིང་གཅིག་གིས་རྩ་བར་བསྒྲུབ་པར་སྟེ་དེ་ཡང་དུར་ཁྲོད་ཀྱི་ས་ལ་དཀྱིལ་འཁོར་ཟུར་གསུམ་པར་བྱས་ཏེ། རའི་ཁྲག་གིས་མེའི་དཀྱིལ་འཁོར་གྱི་དབྱིབས་སུ་བྱ་སྟེ། དེར་མེའི་ས་བོན་གྱིས་མཚན་མའི་སྒྱེད་བུ་བཙུགས་ཏེ། དེའི་སྟེང་དུ་ཐོད་པ་གཞག ་པར་བྱའོ། །དེ་ནས་བདག་དང་བཀའ་སྡོད་ཀྱི་ལྷའི་འཁོར་ལོ་རྫོགས་པར་བསྐྱེད་ལ་མཆོད་པ་དང་གཏོར་མ་ལ་སོགས་པ་བྱ་སྟེ། ནང་གི་སྙིང་པོ་དང་མཁའ་འགྲོ་མའི་སྔགས་ཀྱི་ཉེ་བར་བསྒྲུབ་པའི་བསྙེན་པ་བྱའོ། །དེ་ནས་བདག་དང་བཀའ་སྡོད་ཀྱི་ཐུགས ་ཀའི་འོད་ཟེར་གྱིས་ཐོད་པ་རང་བཞིན་མེད་པར་བྱས་ལ། དེ་ཉིད་དུ་ཁམས་ལས་སྣ་ཚོགས་རྡོ་རྗེའི་བྲག་བསམ་པར་བྱའོ། །དེའི་དབུས་སུ་རཾ་ལས་མེའི་དཀྱིལ་འཁོར་བསམ་པར་བྱ་སྟེ། དེར་པཾ་ལས་སྣ་ཚོགས་པདྨ་བསམ་པར་བྱའོ། །བུ་ལི་རིའི་ཟུར་གསུམ་དུ ་ཡང་པདྨ་དང་ཉི་མ་བསམ་པར་བྱ་སྟེ། དེའི་སྟེང་དུ་བསྒྲུབ་བྱའི་སྙིང་ཁར་ལྷའི་འཁོར་ལོ་ཆོ་ག་གསུམ་གྱིས་བསྐྱེད་པར་བྱའོ། །གཙོ་བོ་ཁ་དོག་ནག་པོ་ཞལ་གཅིག་ཕྱག་གཉིས་པ་གྲི་གུག་དང་ཐོད་པ་ལག་ན་འཛིན་པའོ། །ཁྲག་འཐུང་མ་ལ་སོགས ་པའི་ལྷ་མོ་གསུམ་པོ་ནི་སྐུ་མདོག་ནག་མོ་ཆེར་འཇིགས་མ། རལ་གྲི་དང་ཐོད་པ་ལག་ན་འཛིན་པ་དཔའ་མོའི་གཟུགས་ཅན་སྤྱན་གསུམ་པའོ། །དེ་ལྟར་རྫོགས་པར་བསྐྱེད་ལ་ཐུགས་ཀའི་འོད་ཀྱིས་རང་བཞིན་གྱི་དཀྱིལ་འཁོར་བསྟིམ་པ་དང། དབང ་བསྐུར་བར་བྱའོ། །དེ་ནས་གཙོ་བོའི་ལྟོ་བར་མེའི་དཀྱིལ་འཁོར་དབུས་སུ་བསྒྲུབ་བྱའི་གཟུགས་མའི་ས་བོན་གྱིས་གསལ་བར་དམིགས་ལ། དེ་ནས་བདག་དང་བཀའ་སྡོད་ཀྱི་ཐུགས་ཀ་ནས་ཕྱིའི་སྲོག་གི་སྙིང་པོས་གཙོ་དང་མཁའ་འགྲོ་མའི་ཐུགས ་ཁར་ཁྱབ་པར་བྱས་ལ། དེ་ལ་མཆོད་པ་དང་གཏོར་མ་ལ་སོགས་པ་བྱས་ལ་དམ་ཚིག་གི་སྔགས་ཀྱིས་ཁྱབ་པར་བྱའོ། །དེ་ནས་ནང་གི་སྙིང་པོ་དང་མཁའ་འགྲོ་མའི་སྔགས་ཀྱིས་སོ་སོའི་ཐུགས་ཀར་བསྙེན་པ་བསྐྱལ་ལོ། །དེ་ནས་དགུག་གཞུག་གི་སྦྱོར་བ་དང་ལྡན་པར་བྱ་སྟེ། ་དེ་ཡང་མཁའ་འགྲོ་མ་གསུམ་ལས་སྤྲུལ་པའི་མཁའ་འགྲོ་མ་ལྕགས་ཀྱུ་དང་ཞགས་པ་དང། ལྕགས་སྒྲོག་ཅན་གསུམ་གྱི་བསྒྲུབ་བྱ་དེ་གཙོ་བོའི་ལྟོ་བར་མེའི་དཀྱིལ་འཁོར་གྱི་དབུས་སུ་མྱུར་བར་དགུག་གཞུག་བཅིང་བར་བྱའོ། །དེ་ནས་བསད་པར་བྱ་སྟེ། ཐོད་པའི ་འོག་ཏུ་དུར་ཁྲོད་ཀྱི་མགལ་པའི་མེ་སྤར་ལ། མཁའ་འགྲོ་མའི་སྔགས་ཀྱིས་ཐོད་བའི་གཟུགས་ལ་བསྣན་པར་བྱའོ། །དེའི་ཚེ་མཁའ་འགྲོ་མ་གསུམ་ལས་ཀྱང་སྤྲུལ་པའི་མཁའ་འགྲོ་མ་ཕྱུང་སྟེ་གཙོ་བོའི་ལྟོ་བ་ན་གནས་པའི་བསྒྲུབ་པ་དེའི་སྤྱི་བོ་དང་མགྲིན་པ་དང་སྙིང ་གར་ཞུགས་ནས་གླད་པ་ཟ་བ་དང། དབུགས་འཕྲོག་པ་དང། ཁྲག་འཐུང་བའི་བདག་ཉིད་དུ་ཤེས་པར་བྱའོ། །དེ་ལྟར་ཞག་གསུམ་དུ་སྦྱོར་བ་དང་ལྡན་པར་བྱས་ལ། དེ་ནས་ཤིང་ཅར་མནན་པ་བྱའོ། །དེ་མ་ཐག་ཏུ་ཁྲག་ཏུ་སྐྱུག་ཅེས་བྱ་བ་ནི་སྦྱོར་ཀ་དེ་རྫོགས་མ ་ཐག་ཏུ་བསྒྲུབ་བྱ་དེ་དེ་མ་ཐག་ཏུ་ཁྲག་ཏུ་སྐྱུག་ཅེས་བྱ་བའི་དོན་ཏོ། །གང་ཞིག་མ་ཧེ་རྭ་འམ་ཕྱག་ཚན་གུ་བ་ཞེས་བྱ་བ་ནི་མནན་པའི་རྫས་མདོར་བསྟན་པའོ། །ལུས་གུར་ཀུམ་གྱིས་བྱུག་ཅེས་བྱ་བ་ནི་དང་པོར་བདག་ཉིད་བསྲུང་བར་བྱ་སྟེ། ཐོད་ཕ་རས་གནས ་བྱས་པའི་ནང་དུ་གུང་ཀུམ་དང་བདུད་རྩི་རྣམ་པ་ལྔ་བླུགས་ལ། བདུད་རྩི་རྣམ་པ་ལྔའི་མཎྜལ་གྱི་སྟེང་དུ་གཞག་སྟེ། བདག་དང་བཀའ་སྡོད་ཀྱི་ལྷའི་འཁོར་ལོ་རྫོགས་པར་བྱས་ལ། ཐུགས་ཀའི་འོད་ཟེར་གྱི་ཐོད་པ་དང་གུར་ཀུ་མ་རང་བཞིན་མེད་པར་བྱས་ཏེ། དེར ་ཆོ་ག་ལྔས་ནག་པོ་ཆེན་པོ་གྱོགས་པར་བསྐྱེད་ལ། དེའི་ཐུགས་ཀར་ཟླ་བ་དང་ཉི་མ་ཁ་སྤྱོར་བར་དུ་གུར་ཀུམ་དང་བདུད་རྩིའི་རང་བཞིན་ཉི་མའི་ཧཱུཾ་ལས་བསྲུང་བའི་སྔགས་ཀྱིས་བསྐོར་བར་གནས་སོ། །དེ་ལ་ཡེ་ཤེས་ཀྱི་ལྷ་བསྟིམ་པ་དང། དབང་བསྐུར་བ་བྱ ་སྟེ་ངེ་ལ་ཕྱེའི་སྙིང་པོ་བརྗོད་ལ་མཆོད་པ་དང་གཏོར་མ་བྱ་སྟེ། དེ་ནས་ནང་གི་སྙིང་པོ་བསྲུང་བའི་སྔགས་དང་བཅས་པ་ནག་པོ་ཆེན་པོའི་ཐུགས་ཀར་བསྟིམ་པར་བྱའོ། །དེ་ལྟར་བཟླས་བ་སྟོང་ཕྲག་གཅིག་ཚར་བའི་མཐར་འོད་དུ་ཞུ་ནས ་གུར་ཀུམ་གྱི་རང་བཞིན་གྱི་རྗེས་སུ་གྱུར་པར་བྱའོ། །དཔྲལ་བར་ཐིག་ལེ་ཞེས་བྱ་བ་ནི་དཔྲལ་བ་ལ་སོགས་པ་གནས་ལྔར་ཐིག་ལེ་བྱའོ། །དེ་ཡང་ཐིག་ལེའི་གནས་སུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་བསམ་པར་བྱ་སྟེ། ཐམས་ཅད་ཅེས་བྱ་བ་ནི་བསྲུང་བའི ་སྔགས་ཀྱིས་ཧཱུཾ་ཡོངས་སུ་བསྐོར་ཏེ། །དེའི་འོད་ཟེར་གྱིས་ལུས་ཐམས་ཅད་ཁྱབ་པའི་ཕྱིར་རོ། །བསྲུང་བར་འགྱུར་ཞེས་བྱ་བ་ནི་ལུས་ཀྱི་བ་སྤུའི་བུ་ག་ཐམས་ཅད་དུ་རྡོ་རྗེ་རྩེ་གསུམ་པ་དང་ཧཱུཾ་གི་བདག་ཉིད་དུ་གནས་ཏེ་ཀླུའི་གདུག་པ་བསལ་བའི་ཆོ་གར་གྱུར་པའི་ཕྱིར་རོ། ་དེ་ནས་བདུད་རྩི་ལ་མཎྜལ་བྱས་ལ་བདག་ནུབ་ཕྱོགས་སུ་མངོན་དུ་ཕྱོགས་ལར་དཀར་མོ་ཞེས་བྱ་བ་ལ་སོགས་པའོ། །རྫས་ཀྱི་དུར་ཁྲོད་ཀྱི་རས་ལ་ཞེས་བྱ་བ་ནི་ཀླུ་ནད་ཀྱིས་ཤི་བའི་ཞིང་རས་ལ་བྱའོ། །འུག་པའི་སྨྱུ་འགུ་ཞེས་བྱ་བ་མས་ཧཱུཾ་ཕྱིན་ཕྱོགས་སུ་ཞེས་བྱ་བའི ་བར་ཕྱིའོ་ན་ནི་གོ་སླའོ། །དེ་ཡང་བྲི་བ་ནི་ཉི་མ་ཕྱེད་ནའོ། །བྱི་ལ་ནག་མོའི་པགས་པ་ཞེས་བྱ་བ་ནས་དུར་ཁྲོད་ཀྱི་སྣག་ཚ་ཞེས་བྱ་བ་ནི་ཚེ་གར་བྱ་སྟེ། ནམ་བྱེད་ན་བདག་ཁ་ཤར་ཕྱོགས་སམ་བསྒྲུབ་བྱའི་ཕྱོགས་སུ་བལྟས་ཏེ་དུག་སྣ་ཚོགས་པ་ལ་མཎྜལ་བྱས་ལ། དེའི་སྟེང ་དུ་གོང་གི་རྫས་ཚོགས་པར་བྱས་ཏེ། བདག་དང་བཀའ་སྡོད་ཀྱི་འཁོར་ལོ་རྫོགས་པར་བྱས་ལ། རྫས་དེ་དག་ལ་བསྒྲུབ་བྱ་དགུག་གཞུག་གི་སྦྱོར་བ་དང་ལྡན་པར་བྱས་ལ་བྱ་རོག་གི་སྒྱུ་མྱུ?་གུས་བྲཾ་ཞེས་བྱ་བ་ནི། ནམ་ཕྱེད་ནི་བསྒྲུབ་བྱའི་གཟུགས་སོར་བརྒྱད་པ ་བྲིའོ། །དཔྲལ་བར་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལྟར་ཇི?་ཞེས་བྱ་བ་ནི་ལྟེ་བ་ལ་སོགས་པའི་གནས་ལྔར་ཛ་བྲིའོ། །ཀླུ་རིགས་བཞི་ཞེས་བྱ་བ་ནི་བསྐྲུབ་བྱའི་ལག་གཡས་པ་ལ་རྒྱལ་རིགས་དཀར་པོ། །གཡོན་པ་ན་བྲམ་ཟེའི་རིག་སེར་པོ། རྐང་པ་གཡས་པ་ལ ་རྗེ་རིག་དམར་པོ། །གཡོན་པ་ལ་དམར་རིགས་ལྗང་གུའོ། །སྙིང་གར་ཞེས་བྱ་བ་ནི་གོ་སླའོ། །དེ་ལྟར་བྲིས་ཏེ་དུག་གི་མཎྜལ་གྱི་སྟེང་དུ་གཞག་ལ་བདག་དང་བཀའ་སྡོད་ཀྱི་ལྷའི་འཁོར་ལོ་རྫོགས་པར་བྱས་ལ་ཐུན་དྲུག་ཏུ་དགུག་གཞུག་གི་སྦྱོར་བ་དང་ལྡན་པར་བྱ་སྟེ། དེ་ནས ་བསྒྲུབ་བྱའི་ཕྱོགས་སུ་མངོན་པར་ཕྱོགས་ལ། ཟངས་མ་ལ་སོགས་པའི་དབྱིག་དུག་གིས་ཀླུའི་གཟུགས་དང། བསྒྲུབ་བྱའི་བར་དུ་བཅུག་ལ་གཅིག་ཏུ་བྱའོ། །མདུན་དུ་གཞག་ཅེས་བྱ་བ་ནི་དུག་གི་མཎྜལ་གྱི་སྟེང་བཞག། །དེ་ནས་བདག་དང་བཀའ་སྡོད་ཀྱི་འཁོར་ལོ ་རྫོགས་པར་བྱ་སྟེ། ཐུགས་ཀའི་འོད་ཟེར་གྱིས་བསྒྲུབ་བྱ་དང་ཀླུ་རང་བཞིན་མེད་པར་བྱས་ལ། དེ་ནས་ཁཾ་ལས་རྡོ་རྗེའི་བྲག་བསམ་པར་བྱའོ། །དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་སྦྲུལ་གྱི་ཆུན་འཕྱང་གིས་བརྒྱན་པ་བསམ་པར་བྱ་སྟེ། དེའི་ནང་དུ་པདྨ་དང་ཉི་མ་སྟེང ་དུ་ཀླུའི་དབང་མོ་ལ་སོགས་པ་མཁའ་འགྲོ་མ་གསུམ་དང་ནག་པོ་ཆེན་པོའི་ཆོག་གསུམ་གྱིས་བསྐྱེད་པར་བྱའོ། །མཁའ་འགྲོ་མ་དེ་དག་ཀྱང་སྐུ་མདོག་དམར་མོ་ཆེར་འཇིགས་མ་ཞལ་གཅིག་མ་ཕྱག་གཉིས་བ་སྨྲུལ་གྱི་ཞགས་པ་དང་ཐོད་པ་ལག་ན་འཛིན་པ། ་ཡན་ལག་ཐམས་ཅད་གདུག་པ་སྦྲུལ་གྱིས་བརྒྱན་པ་དང། ནག་པོ་ཆེན་པོའི་མདུན་དུ་བསྒྲུབ་བྱའི་སྙིང་གར་དུ་ནག་པོ་བསམས་ཏེ། དེ་ཡོངས་སུ་གྱུར་པ་ལས་ཀླུ་ནག་པོ་གདེངས་ཀ་གསུམ་པ་བསྐྱེད་ལེ། ཀླུའི་ལག་པ་གཡས་པ་ན་སྒྲུལ་གྱི་ཞགས་པ། གཡོན་པ་ན ་དབྱིག་དུག་གི་རྐྱལ་པ་འཛིན་པ་དེའི་ལྟོ་བར་བསྒྲུབ་བྱ་མགོ་མཇུག་བཟློག་ནས་གནས་བར་བསམས་ལ། བསྒྲུབ་བྱ་དེའི་སྙིང་དང་ཡན་ལག་དང་སྙིང་གར་ཕུ་ལས་གོང་དུ་བསྟན་པའི་ཀླུའི་རིགས་བྱེ་བྲག་རྫོགས་པར་བསྐྱེད་ལ། ཀླུ་དེ་དག་གི་ཡན་ལག ་འཁྱུད་ཅིང་དབང་པོའི་སྒོར་འཇུག་པར་བས་མོ། །དེ་ནས་ཐུགས་ཀྱི་འོད་ཟེར་གྱིས་དེ་ལྟ་བུའི་རང་བཞིན་ཀྱི་དཀྱིལ་འཁོར་བསྟིམ་པ་དང་དབང་བསྐུར་བར་བྱའོ། །དེ་ནས་བདག་དང་བཀའ་སྡོད་ཀྱི་ཐུགས་ཀར་ཕྱིའི་སྲོག་གི་སྙིང་པོས་ཀུན་ལ་ཁྱབ་པར་བྱས་ཏེ ་མཆོད་པ་དང་གཏོར་མ་ཡང་བྱའོ། །དམ་ཚིག་སྔགས་ཀྱང་བརྗོད་པར་བྱས་ལ། ནང་གི་སྙིང་པོ་ལ་མཁའ་འགྲོ་མ་ཀླུའི་སྔགས་དང་བཅས་པ་སོ་སོའི་སྔགས་ཀྱི་བསྒྲུབ་པའི་བསྙེན་པ་བསྐྱལ་བར་བྱའོ། །དེ་ནས་བདག་དང་བཀའ་སྡོང་ཀྱིས ་བསྐུལ་ནས་གཙོ་བོ་དང་འཁོར་གྱི་མཁའ་འགྲོ་མ་རྣམས་ཀྱིས་སྒྲུལ་ཞགས་པས་བསྒྲུབ་བྱ་བཀུག་ནས་ཀླུའི་ལྟོ་པ་ན་གནས་པའི་གཟུགས་ལ་བསྟིམ་པར་བྱའོ། །དེ་ནས་བསད་པར་བྱ་སྟེ་ནི་ལ་སུ་རའི་ཕུར་བུ་ལ་སྔགས་ཏོ་གདབ་པར་བྱ་ཞེས་བྱ་བ་ལ་ཕུར་དང་ཆོ་གར་བྱས ་པའི་ཡུངས་ཀར་དང་དབྱིག་དུག་གིས་བསྒྲུབ་བྱའི་དབང་པོ་རྣམས་ཀྱི་སྒོར་དམིགས་ལ་གདབ་པར་བྱའོ། །དེ་ལྟར་ཞག་གསུམ་དུ་ཆོ་གར་བྱའོ། །དེ་ནས་གོང་དུ་སྨོས་པའི་རྫས་གང་ཡང་རུང་ལ་བཅུག་ལ་ཀླུ་གནས་པའི་སར་བཞག་ཅེས་པ་ནི་ཀླུ་ནག་པོ་གནས་པའི ་སར་བསྒྲུབ་པར་བྱ་བའི་ཕྱིར་དང། གཞན་ཡང་དེ་ཉིད་དུ་གནས་སར་བྱའོ། ། རྫ་ཀའི་དོག་པ་ལྟར་ཞེས་བྱ་བ་ནི་བསྒྲུབ་བྱ་དེ་རྣམ་པར་འཇིག་པར་བྱ་བའི་ཕྱིར་ལས་འགྲུབ་ན་ཀླུ་དེ་ཉིད་འཇིག་པར་འགྱུར་རོ། །ཀླུ་དང་མཁའ་འགྲོ་མའི་སྔགས་ནི་ཨོཾ་གྱི་ཐོག་མ་དང ་ཧཱུཾ་ཕཊ་ཀྱི་མཛའ་ཅན་དུ་ཤེས་པར་བྱའོ། །ཐམས་ཅད་བསྲུང་བ་ནི་ཨོཾ་གྱི་དང་པོ་དང་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱའི་མཛའ་ཅན་དུ་ཤེས་པར་བྱའོ། །དེ་ནས་གཞན་ཡང་ཞེས་བྱ་བ་ནས་གསོལ་ཞེས་བྱ་བ་ནི་འཁྲོ་གྱི་གཙོ་བོ་ལ་སོགས་པའི་འཁོར་རྣམས་ཀྱིས་བཅོམ་ལྡན ་འདས་ལ་ཐུན་མོང་གི་སྦྱོར་ཀ་ཞུས་པའོ། །གང་ཞིག་ཕྱི་རོལ་པ་ཞེས་བྱ་བ་ལ་སོགས་པ་ནི་གདུལ་བར་བྱ་བ་དང་ལས་སྦྱོར་ཀའི་དགོས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་ནི་གཙོ་བོ་ལྟ་སྟང་དྲུག་གི་ཏིང་ངེ་འཛིན་གྱིས་འཁོར་ལོ་ལ ་ཞུགས་ཞེས་བྱ་བའི་དོན་ཏོ། །ཉོན་གཅིག་ཅེས་བྱ་བ་ནི་ལྟ་སྟངས་དྲུག་བསྡུས་ཞེས་བྱ་བའི་དོན་ཏོ། །སྟོབས་ཞེས་བྱ་བ་ནི་བསྒྲུབ་བྱ་སྐྱོབ་པའི་ལྷའོ། །མྱུར་དུ་དཔྱེ་བའི་ཆོ་ག་བཤད་ཅེས་བྱ་བ་ནི་སྤྱོད་ཀ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཡིན་པས་ན་མྱུར ་དུ་ཞེས་བྱའོ། །དབྱེ་བ་དང་ལྡན་པས་སྦྱོར་བ་ཐམས་ཅད་མྱུར་དུ་གྲུབ་པའི་ཕྱིར་རོ། །དབྱེ་བ་དང་བསྐྲད་ཅེས་བྱ་བ་ལ་སོགས་པ་ནི་མདོར་བསྡུས་ཏེ་བཤད་པའོ། །དང་པོར་དབྱེ་བའི་ཆོ་ག་བཤད་ཅེས་བྱ་བ་ནི་དབྱེ་བའི་ཆོ་ག་ལ་འཇུག་པར་བྱ་བའི་ཕྱིར་རོ། །བསྒྲུབ་བྱའི་རྐང་པ ་གཡོན་པའི་ས་ཞེས་བྱ་བ་ལ་སོགས་པའི་རྫས་ལ་ཆོ་གར་བྱ་སྟེ། དེ་ཡང་བསྒྲུབ་བྱའི་ཕྱོགས་སུ་མངོན་པར་ཕྱོགས་ཏེ། དུག་གི་མཎྜལ་གྱི་སྟེང་དུ་ཐོད་པའི་ནང་དུ་རྫས་རྣམས་གཞག་ལ་བདག་བསྡ?་སྡོད་ཀྱི་ལྷའི་འཁོར་ལོ་རྫོགས་པར་བྱ་སྟེ། བདག་གི་ཐུགས་ཀར་མེའི ་དཀྱིལ་འཁོར་གྱི་དབུས་སུ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་ཁྲོ་མོ་ལ་སོགས་པ་མཁའ་འགྲོ་མ་གསུམ་བསམ་པར་བྱའོ། །དེ་ཡང་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་མ་སྤྱན་གསུམ་པ། ཁྲོ་གཉེར་གྱི་གཟུགས་ཅན་མ། ཕྱག་གཡས་པ་ན་ལྕགས་ཀྱུ། གཡོན་པ་ན ་དགྲ་སྟ་འཛིན་པའི་ལྷ་མོ་དེའི་ཐུགས་ཀ་ནས་དེ་ལྟ་བུའི་ལྷ་མོ་གསུམ་སྤྲོས་ཏེ་བསྒྲུབ་བྱའི་ལུས་ཏིལ་མར་གྱི་བྱུགས་པ་ལྟ་བུའི་སྙིང་གར་ཞུགས་ལ། དེའི་སྲོག་སྐྱོབ་པའི་ལྷ་ཁ་དོག་དང་དབྱིབས་བསྒྲུབ་བྱ་ལྟ་བུར་གནས་པའི་ཡི་གེ་གསུམ་དང་ལྡན་ཕྱི་དཔྱུར ་ནས་བདག་གི་ཐུགས་ཀར་ཐིམ་པར་བྱའོ། །དེ་ནས་སྲེག་སྐྱོབ་པའི་ལྷ་བྲལ་བའི་བསྒྲུབ་བྱ་ཡང་ནས་ཡང་དུ་དགུག་ཅིང་ལིང་གའི་རྒྱུ་ལ་བསྟིམ་པར་བྱའོ། །དེ་ལྟར་ཐུན་དྲུག་རྫོགས་པ་དང་སོ་བརྒྱུད་པ་ཞེས་བྱ་བའོ། །དེ་ལ་མིའི་ལྟག་རྟ་བསྐྱོར་བསྐོན་ཞེས་བྱ་བ ་ལ་ཤིང་ལོ་ལ་བྲིས་པའི་སྔགས་ལྟག་རྩ་བསྐོར་ལ་བྲིས་ལ་བསྐོན་པར་བྱའོ། །དེ་ཉིད་ཀྱི་འདེད་པའི་ལྷ་ཞེས་བྱ་བ་ནི་གཟུགས་ཀྱི་རྒྱུ་ཚགས་པར་བྱ་བ་ལ་གོང་དུ་བསྟན་པའི་མཁའ་འགྲོ་མ་གསུམ་གྱིས་འདོད་པའི་ལྷའི་གཟུགས་འབྱེ་རྒྱུད?་ལ་ཡི་གེ་གསུམ་དང ་བཅས་པ་དགུག་གཞུག་བྱའོ། །དེ་ནས་གཟུགས་ཚད་དང་ལྡན་པར་བྱས་སྟེ་དེའི་སྙིང་གར་སྙིང་པོ་འམ་མིང་གི་ཡི་གེ་གཞུག་ཅེས་བྱ་བ་ནི་ཡི་གེ་ཉི་ཤུ་རྩ་གཅིག་པའི་སྔགས་དང། སྙིང་པོ་འམ་མིང་སྤེལ་བར་བྱ་སྟེ་སྙིང་གར་གཞུག་པར་བྱའོ། །བར ་དུ་ཞེས་བྱ་བ་ནི་རྒྱབ་སྤྲོང་དུ་བྱས་པའི་བར་དུའོ། །དེ་ཡང་ཨོཾ་གྱི་དང་བོ་དང་སྭཱཧཱ་འི་མཛའ་ཅན་གྱི་དབུས་བསྒྲུབ་བྱའི་མིང་དང་ལྷའི་སྙིང་པོ་དང། དེ་བ་བི་དེ་ཤ་ཡ་དང་ལྡན་པར་བར་སྣང་གི་ཤིང་ལོ་ལ་བྲིས་ཏེ་གཞུག་པར་བྱའོ། །དེ་ཡང་ཡུགས ་ས་མོའི་རང་འབྱུང་དང་སྤང་ཏི་གླང་པས་བྲི་བར་བྱའོ། །དེ་ནས་སྣ་ཚོགས་པའི་དུག་ལ་མཎྜལ་བྱ་སྟེ། །དེར་ཆོ་གར་བྱ་བ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །དེའི་མགོ་བསྲེག་པར་བྱ་སྟེ། ཞེས་བྱ་བ་ནི་དེ་ཡང་ཆོ་གར་བྱ་སྟེ། བཀྲ་མི་ཤིས་པའི་ཐོད་པར ་རྫས་རྣམས་ཚོགས་པར་བྱས་ལ་དེ་ནས་ནག་པོ་ཆེན་པོའི་སྦྱོར་བ་ལ་གནས་ཏེ། བདག་དང་བཀའ་སྔོན་ཀྱི་ཐུགས་ཀའི་འོད་ཟེར་གྱིས་རྫས་རང་བཞིན་མེད་པར་བྱས་ལ་དེ་ནས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་བསྐྱེད་ལ་དེ་ལ་དབྱེ་བའི་སྔགས་ཀྱིས་བསྐོར་བར་བྱའོ། ། ་དེ་ནས་ཐུགས་ཀའི་འོད་ཟེར་གྱིས་དུར་ཁྲོད་ཀྱི་ནག་པོ་ཆེན་པོ་སྤྱན་དྲངས་ལ་ནམ་མཁའ་ལ་བཞུགས་སུ་གསོལ་ལ། དེ་ལ་ཕྱིའི་བཟླས་པ་དང། མཆོད་པ་བྱས་དང་གཏོར་མ་དང། །ནང་གི་བཟླས་པ་རྫོགས་བྱས་ཏེ། །ཧཱུཾ་དང་སྔགས་ལ་བསྟིམ་བར་བྱའོ། །དེ་ནས ་བདག་དང་བཀའ་སྡོར་ཀྱི་ཐུགས་ཀ་ནས་ནང་གི་སྙིང་པོ་དང་དབྱེ་བའི་སྔགས་མདུན་གྱི་ཧཱུཾ་དང་སྔགས་ལ་སྟོང་ཕྲག་གཅིག་བསྟིམ་པར་བྱའོ། །དེ་ནས་འོད་དུ་ཞུ་བ་དང་རྗེས?་སུ་གྱུར་པའོ། །རྫས་ནུས་པ་དང་ལྡན་པའི་ཕྱིར་ཆོ་ག་ཞེས་བྱའོ། །དེ་ནས་སྐེ་ཚེ་དང་ཞེས་བྱ ་པ་ལ་སོགས་པ་ནི་རྡེག་པའི་རྫས་ཏེ་གོ་སླའོ། །བསམ་གཏན་དང་ལྡན་པར་བྱ་ཞེས་པ་ནི་བདག་ནག་པོ་ཆེན་པོ་ལྷའི་འཁོར་ལོ་དང་ལྡན་པར་བྱས་ལ་མདུན་དུ་འཁྲོ་གྱི་དཀྱིལ་འཁོར་བསྐྱེད་པར་བྱ་སྟེ། དེ་ཡང་རྡོ་རྗེ་བྲག་གི་སྟེང་དུ་མེའི་དཀྱིལ་འཁོར་གྱི ་དབུས་སུ་པདྨ་ཉི་མའི་སྟེང་དུ་ནག་པ་ཆེན་པོ་དང་རྡོ་རྗེ་ཁྲོ་བོ་མ་ལ་སོགས་པའི་འཁོར་ཆོ་ག་གསུམ་གྱིས་བསྐྱེད་པར་བྱ་སྟེ། སྐུ་མདོག་དང་ཕྱག་མཚན་ནི་གོང་དུ་བསྟན་པ་བཞིན་ནོ། །དེ་ལ་རང་བཞན་གྱི་དཀྱིལ་འཁོར་བསྟིམ་པ་དང་དབང་བསྐུར་བ་ལ?་སོགས ་པ་བྱ་སྟེ། དེ་ནས་ཕྱིའི་སྙིང་པོས་ཁྱབ་པར་བྱས་ལ་མཆོད་པ་དང་གཏོར་མ་ཡང་བྱའོ། །དེ་ནས་དམ་ཚིག་གི་སྔགས་ཀྱིས་རྗེས་སུ་དྲན་པར་བྱ་སྟེ་དེ་ལ་ནང་གི་སྙིང་པོ་དང་དབྱེ་བའི་སྔགས་ཀྱིས་སྟོང་ཕྲག་གཅིག་བསྙེན་པ་བྱའོ། །དེ་ནས་དགུག་གཞུག་གི་སྦྱོར་བ་དང་ལྡན ་པར་བྱ་སྟེ། ཐུགས་ཀའི་རྡོ་རྗེ་ཁྲོ་མོ་ལ་སོགས་པ་རྣམས་ཀྱིས་འདོད་པའི་ལྷ་གོང་མ་དང་འདྲ་བར་བཀུག་ལ་བསྟིམ་པར་བྱའོ། །དེ་ནས་མདུན་གྱི་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་མཁའ་འགྲོ་མ་སྤྲུལ་བའི་མཁའ་འགྲོ་མ་སྤྲོས་ཏེ། ཁོག་སྟོང་དུ་གནས ་པའི་བསྒྲུབ་བྱ་བཀུག་ནས་བསྒྲུབ་བྱའི་གཟུགས་ལ་བསྟི་མོ། །དེ་ལྟར་དགུག་གཞུག་སྟོང་ཕྲག་གཅིག་ཏུ་བྱས་ཏེ་འེ་ནས་ནག་པོ་ཆེན་པོ་ལ་སོགས་པའི་མཁའ་འགྲོ་མའི་ཐུགས་ཀ་ནས་སྤྲུལ་པའི་གཟུགས་རྟ་དང་མ་ཧེ་དང། བྱ་རོག་དང་འུག་པ་དང། སྦྲུལ་དང་ནེའུ་ལ ་སོགས་པའི་མི་མཐུན་པའི་གཟུགས་སྤྲོས་ཏེ་བསྒྲུབ་བྱ་དང་སྲོག་སྐྱོབ་པའི་ལྷའི་སྙིང་གར་ཞུགས་པས། བསྒྲུབ་བྱ་དང་སྲོག་སྐྱོབ་པའི་ལྷ་ཡང་ད་ལྟ་བུའི་གཟུགས་མང་དུ་གྱུར་ཏེ་ཡུན་རིང་དུ་ཤིན་ཏུ་འཐབ་པར་བསམ་མོ། །སྔགས་བཟླས་ཞེས་བྱ་བ་ནི་ནང་གི་སྙིང་པོ་དངས ་དབྱེ་བའི་སྔགས་བཟླས་པར་བྱའོ། །དེ་ཡང་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་མི་མཐུན་པའི་སེམས་ཅན་གྱི་གཟུགས་སུ་སྒྱོས་ཏེ་བསྒྲུབ་བྱ་ལ་ཞུགས་ཤིང་ཤིན་ཏུ་འཐབ་པར་བས་མོ། །བྱེ་མས་བརྡེག་ཅེས་བྱ་བ་ནི་གོང་དུ་ཚེ་ག་བྱས་པའི་རྫས་ཀྱིས་བདུག་པར་བྱ་བ་དང། ་སྐ་ཚེ་ལ་སོགས་པའི་རྫས་ཀྱིས་བརྡེག་པར་བྱའོ། །ོཾ་ཞེས་བྱ་བ་ལ་སོགས་པ་ནས་སྭཱཧཱའི་མཛའ་ཅན་གྱི་བར་དུ་དབྱེ་བའི་ཁྱད་པར་ཤེས་པར་བྱའོ། །འདོད་པའི་ལྷ་ནི་མནན་པར་བྱ་ཞེས་བྱ་བ་ནི་མཆོད་རྟེན་རབ་གནས་བྱས་པའི་འོག་ཏུ་མནན་པར་བྱའོ། །དེ ་ཡང་སྟོབས་དང་ལྡན་པའི་ལྷ་ཡིན་ལ་མནན་པའི་ཆོ་ག་དང་ལྡན་པར་བྱའོ། །བསྒྲུབ་བྱ་ནི་སྦྱིན་སྲེག་ཏུ་བྱ་ཞེས་བྱ་བ་ནི་སྐྱོབ་པ་དང་བྲལ་བའི་བསྒྲུབ་བྱ་བསད་པར་བྱ་བའི་ཕྱིར་སྦྱིན་སྲེག་ཏུ་བྱ་བའོ། །དབྱེ་བའི་སྟོབས་ཞེས་བྱ་བ་ནི་ཐེ་ཚོམ་མེད་པར་འགྱུར་ཞེས་བྱ་བའི ་དོན་ཏོ། །དེ་ནས་གཞན་ཞེས་བྱ་བ་ནི་བསྐྲད་པར་བྱ་བའི་ལས་ལ་འཇུག་པའོ། །དེ་ཡང་ཐོད་པ་དུམ་བུ་གསུམ་པ་ཞེས་བྱ་བ་ནི་འཁོར་ལོའི་གཞིའོ། །དེ་ཉིད་བསྒྲུབ་བྱར་བྱ་བའི་ཕྱིར་རོ། །རྫས་ནི་ནག་པོའི་ཁྲག་ཅེས་བྱ་བ་ལ་སོགས ་པའོ། དེ་ཡང་བསྒྲུབ་པར་བྱ་བ་ནི་ཟླ་བ་གཟས་ཟིན་པའི་དུས་ཏེ། བསམ་གཏན་དང་ལྡན་པས་ན་སྣག་ཚ་ཞེས་བྱ་བ་ནི་བདག་རྣལ་འབྱོར་དང་ལྡན་པར་བྱས་ལ་མདུན་དུ་འཁོར་ལོའི་ཚོགས་པར་བྱས་ཏེ་ཐུགས་ཀའི་འོད་ཟེར་གྱིས་མི་དམིགས་པར་བྱས་ཏེ། དེ ་ནས་རྡོ་རྗེའི་བྲག་གི་སྟེང་དུ་ཡཾ་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་དེའི་དབུས་སུ་པདྨ་དང་ཉི་མའི་སྟེང་དུ་ནག་པོ་ཆེན་པོ་དང་སྒེག་མོ་ལ་སོགས་མཁའ་འགྲོ་མ་རྣམས་བསྐྱེད་ལ། མཁའ་འགྲོ་མ་དེ་དག་ཀྱང་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས ་མ་སྟེ་གཡས་པ་ན་རླུང་གི་རས། གཡོན་པ་ན་ཐོད་པ་ཁྲག་གི་བཀང་བ་འཛིན་པ། སྤྱན་གསུམ་པ་ཤིན་ཏུ་འཇིགས་པའི་གཟུགས་ཀྱིས་གནས་སོ། །དེ་ལྟར་བསྐྱེད་པ་དང་རང་བཞིན་གྱི་དཀྱིལ་འཁོར་དགུག་པ་དང་དབང་བསྐུར་བར་བྱ་སྟེ། དེ་ནས་ཕྱའི ་སྙིང་པོ་ལ་སོགས་པའི་ཡན་ལག་གི་ཆོ་ག་ཡང་རྫོགས་པར་བྱས་ལ་གཙོ་བོ་དེའི་ཐུགས་ཀར་ཡཾ་ལས་རླུང་གི་དཀྱིལ་འཁོར་བསམ་པར་བྱ་སྟེ་དེའི་དབུས་སུ་ཨ་ལས་བྱུང་བའི་ཐོད་པའི་ནང་དུ་འཁོར་ལོའི་རྫས་གསལ་བར་དམིགས་ལ་བདག་དང་མཁའ་འགྲོ ་མའི་ཐུགས་ཀ་ནས་ནང་གི་སྙིང་པོ་དང་བསྐྲད་པའི་སྔགས་དང་བཅས་པ་སྤྲོས་ཏེ། ཇི་སྙེད་ཟླ་བ་གཟས་མ་བཏང་གི་བར་དུ་འཁོར་ལོ་རྫོགས་པ་བསྟིམ་པར་བྱའོ། །དེ་ནས་གཙོ་བོ་དང་མཁའ་འགྲོ་མ་རྣམས་འོད་དུ་ཞུ་ནས་རྫས་ལ་ཐིམ་པར ་བསམ་མོ། །དེ་ལྟར་སྣག་ཚ་ཆོ་ག་དང་ལྡན་པར་བྱས་ན་ཐམས་ཅད་དུ་ཐོགས་པ་མེད་པར་འགྲུབ་པར་འགྱུར་རོ། །དེ་ནས་གཙོ་བོའི་རྣལ་འབྱོར་དང་ལྡན་པས་འཁོར་ལ་བྲི་པ་བརྩམ་པར་བྱ་སྟེ། དེ་ཡང་བྱིས་པ་ལོ་བཅུ་གཉིས་པ་ཞེས་བྱ་བ་ལ་སོགས་པ་ནི ་གོ་སླའོ། །དེའི་ཆོ་ག་ཞེས་བྱ་བ་ནི་སྔོན་དུ་བསྙེན་པ་དང་ལྡན་པར་བྱ་སྟེ། སྣ་ཚོགས་པའི་དུག་གི་མཎྜལ་བྱས་ལ། དེའི་སྟེང་དུ་དུར་ཁྲོད་ཀྱི་སོལ་བས་རླུང་གི་དཀྱིལ་འཁོར་ཡཾ་གིས་མཚན་པ་སྟེ། དེ་ནས་ལུས་བདུད་རྩིས་བྱུགས་བྱས་ལ་འཁོར ་ལོ་མཎྜལ་གྱི་སྟེང་དུ་གཞག་ཅེས་བྱ་བ་ནི་དུར་ཁྲོད་རས་ལ་བསྒྲུབ་བྱའི་གཟུགས་ཡི་གེ་ཡཾ་གི་དབུས་སུ་ཆུང་པར་བྱས་ལ། བསྒྲུབ་བྱའི་གནས་ལྔར་མིང་དང་རུང་ཀྱི་ཡི་གེ་ཨུ་ཙྪ་ཊ་ཡ་དང་ལྡན་པར་ཧཱུཾ་གཉིས་ཀྱི་བར་དུ་ཆུད་པར་བྱའོ། །གཟུགས་དེའི ་སྟེང་དུ་འཁོར་ལོ་ཁ་སྤུབ་ཏུ་གཞག་ཅེས་བྱ་བའི་དོན་ཏོ། །སྤྲེའུ་ཁོང་གི་ཐི་བ་ཞེས་བྱ་བ་ནི་གོང་དུ་བསྟན་པའི་རྫས་ཀྱི་དུར་ཁྲོད་ཀྱི་རས་ལ་བསྐྲད་པའི་འཁོར་ལོ་བྲིས་ཏེ། ཐོས་པའི་ནང་དུ་གཞུག་པར་བྱའོ། །རྗེ་བར་གྱི་ཕུར་པ་?ས་བྱ་བ་ནི་རབ་གནས་སུ་བྱས ་པའི་ཕུར་བུའོ། །དེ་བཞིན་དུ་ཞེས་བྱ་བ་ནི་གོང་དུ་བསྟན་པའི་ལྷའི་འཁོར་ལོ་དེ་བཞིན་དུ་བསྐྱེད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དཔལ་ནག་པོ་ཆེན་པོའི་སྤྱོར་བས་ཞེས་བྱ་བ་ནི་བདག་ཉིད་ལྷའི་རྣལ་འབྱོར་དང་ལྡན་པར་བྱས་ཏེ་དེ་ནས་མདུན་གྱི་དཀྱིལ་འཁོར ་ལ་ཐུགས་ཀའི་འོད་ཟེར་བྱའི་རང་བཞིན་མེད་པར་བྱས་ལ། །ཁ་ལས་བྱུང་བའི་རྡོ་རྗེ་བྲག་གི་སྟེང་དུ་ཡཾ་ལས་གཡོ་བའི་རང་བཞིན་རླུང་གི་དཀྱིལ་འཁོར་བསམ་པར་བྱའོ། །དེའི་སྟེང་དུ་གོང་དུ་བསྟན་པའི་ལྷའི་འཁོར་ལོ་རྫོགས་པར་བྱས་ལ། རང ་བཞིན་གྱི་དཀྱིལ་འཁོར་པའི་མང་ལ་སོགས་པ་སྟེ། དེ་ནས་ནང་གི་སྙིང་པོ་དང། བསྐྲད་པའི་སྔགས་ཀྱིས་སོ་སོའི་ཐུགས་ཀར་བསྙེན་པར་བསྒྱའོ། །དེ་ནས་དཀྱིལ་འཁོར་གྱི་གཙོ་ལོའི་མདུན་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་སྡེག་མོ་ལ་སགས ་པའི་མཁའ་འགྲོ་མ་རྣམས་ཀྱི་ཐུགས་ཀ་ནས་རླུང་གི་རྔ་མོ་ཁ་དོག་སྔོན་མོ་རྒྱབ་ན་དྲུང་གི་དཀྱིལ་འཁོར་གྱི་སྟེང་དུ་བསྒྲུབ་བྱ་དགུག་གཞུག་བྱའོ། །བསྒྲུབ་བྱ་དེའི་སྙིང་གར་བསྐྲད་པའི་འཁོར་ལོ་རླུང་གི་དཀྱིལ་འཁོར་གྱི་དབུས་ན་གནས་པར་བསམ་མོ། ། ་དེ་ནས་གཙོ་བོ་དང་མཁའ་འགྲོ་མ་རྣམས་ཀྱིས་ཐུགས་ཀ་ནས་སྤྲུལ་པའི་མཁའ་འགྲོ་མ་ཕུར་བུ་དང་ཐོད་པ་འཛིན་པ་སྤྲུལ་ཏེ་རྔ་མོའི་རྒྱབ་ཏུ་གནས་ནས་བསྒྲུབ་བྱ་ཁ་ལྷོ་ཕྱོགས་སུ་བསྟན་ཏེ། དེ་ནས་ཕུར་བུས་གདབ་ཅིང་ཐོབས་བརྡུད ་བར་བྱའོ། །ཞེས་བྱ་བ་ནི་མཁའ་འགྲོ་མ་དེ་དག་གིས་བསྒྲུབ་བྱ་དེ་དག་དང་རྔ་མོ་ལ་ཕུར་བུས་བཏབ་ཅིང་ཐོ་བས་བརྡུང་བ་བསམ་པར་བྱའོ། །དུས་གསུམ་ཞེས་བྱ་བ་ནི་དུས་གསུམ་དུ་ལྷའི་འཁོར་ལོ་དང་ལྡན་པར་བྱ་སྟེ་ཆོ་གར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས ་བདག་འཁོར་གྱི་གཙོ་བོ་ལ་སོགས་པའི་ཐུགས་ཀ་ན་འོད་ཟེར་བྱུང་བས་རྔ་མོའི་ཞབས་ཀྱི་རླུང་གི་དཀྱིལ་འཁར་ལ་ཕོག་པས་རླུང་བསྐྱོད་པས་མཁའ་འགྲོ་མ་རྣམས་ཀྱི་རྔ་མོ་དང་བསྒྲུབ་བྱ་རྣམས་ལྷོ་ཕྱོགས་སུ་ཁྱེར་ནས་སང་སྟེ་ཤིན་ཏུ་རིང་བར་སོང་བར་བས་མོ། ། ་རྨད་དུ་སྤ་ཞེས་བྱ་བ་ནི་ཆོ་ག་བྱས་པའི་འཁོར་ལོ་དེ་བསྒྲུབ་བྱའི་མགོ་ལྷོ་ཕྱོགས་སུ་བསྟན་ཏེ་འཁོར་ལོ་དེས་མནན་པར་བྱའོ། །བསྐྲད་པར་འགྱུར་ཞེས་བྱ་བ་ནི་ཐཾ་ཚོམ་སྤངས་པའི་ཕྱིར་རོ། །དེ་ནས་རྨོངས་པའི་སྤྱོར་བ་ལ་འཇུག་པར་བྱ་སྟེ། དེ་ཚུལ་ཚུན་དར་ཞེས་བྱའོ། ། ་དུར་ཁྲོད་ཀྱི་སྣག་ཆེ་ཞེས་བྱ་བ་ནི་དུར་ཁྲོད་དུ་ཆོ་གར་བྱས་པའི་སྣག་ཚའོ། །འཁོར་ལོ་བྲི་ཞེས་བྱ་བ་ནི་ཚུ་ཚུན་དའི་བགས་པ་ལ་འཁོར་ལོ་མེའི་དབྱིབས་སུ་བྲི་བར་བྱ་སྟེ། དེ་ཡང་དབུས་སུ་ལེ་ཚེ་གསུམ་པར་བྱས་ཏེ་ལེ་ཚེ་གསུམ་གང་འཁོར་ལོའི་སྔགས་བྲི་བར་བྱའོ། ། ་དབུས་བསྒྲུབ་བྱའི་མིང་དང་དུས་ཡི་གེ་ཧཱུཾ་གི་བར་ལྡན་པར་བྱའོ། །བསྒྲུབ་བྱའི་དྲི་མའི་ས་ཞེས་བྱ་བ་ནི་བསྒྲུབ་བྱའི་རྣམ་པར་སྣང་མཛད་དང་མི་བསྐྱོད་པའི་ས་བསླངས་ལ་རི་ཤོ་མའི་ཁུ་མས་བརྡུས?་ཞེས་བྱ་བ་ནི་ཀུན?་ཚོགས་པའི་དུག་གིས་སྦུ་བའོ། །བསྒྲང?་བྱ ་ཞེས་བྱ་བ་ནི་སྔོན་དུ་ལིངྒའི་རྒྱུལ་དགུག་གཞུག་གི་སྦྱོར་བ་དང་ལྡན་པར་བྱའོ། །གཟུགས་ཞེས་བྱ་བ་ནི་སོར་དྲུག་གི་ཚད་དུ་བྱའོ། །མི་གི་ཡི་གེ་ཞེས་བྱ་བ་ནི་དུར་ཁོད་རས་ལ་གོང་དུ་བསྟན་པའི་འཁོར་ལོ་སྔགས་དང་ལྡན་པར་བྲིས་ལ། འཁོར་ལོ་ངེས? ་རྨོངས་པར་བྱེད་པས་ན་སྙིང་གར་གཞུག་ཅེས་བྱའོ་དེ་ནས་རང་གི་མདུན་དུ་མེའི་དཀྱིལ་འཁོར་གྱི་སྟེང་དུ་གཞག་ལ་སྲོག་སྐྱོབ་པ་དང་མྱུར་དུ་དབྱེ་བར་བྱའོ། །དེ་ནས་དགུག་པའི་སྦྱོར་བ་རྫོགས་པར་བྱས་ལ་འཁོར་ལོའི་ནང་དུ་གཞུག་ཅེས་བྱའོ། །སྤྲེའུའི་རྒྱུས་པས་ཞེས་བྱ ་བཞི་སྲི་ཡོང་གི་རྒྱུས་པ་དང་གཉིས་ཀྱིས་སོ། །རང་གི་མདུན་དུ་ཞེས་བྱ་བ་ནི་དང་པོར་བདག་ཉིད་ལྷའི་རྣལ་འབྱོར་རྫོགས་པར་བྱས་ལ་མདུན་དུ་སྣ་ཚོགས་བའི་དུག་ལ་མཎྜལ་བྱའོ། །ཁམ་ཕོར་ཞེས་བྱ་བ་ནི་འཆད་པའི་ས་དང་བདུད་རྩི་ལས་བྱས་པའོ། །དེ་ཡང་རའི་བདུད་རྩིས་ཕྱི ་རོལ་ཕྱུག?་ཅིང་བྱ་བ་ནི་སྤལ་བའི་ཁྲག་གིས་ནང་བྱུང་བར་བྱ། ཁམ་ཕོར་དབུས་སུ་མེའི་ས་བོན་ར་དང་ལྡན་པར་བྱ་སྟེ་དེའི་སྟེང་འཁོར་ལོ་བཞག་ཅེས་བྱའོ། །དེ་ནས་བདག་གི་ཐུགས་ཀའི་འོད་ཟེར་གྱིས་འཁོར་ལོ་ལ་སོགས་པ་མི་དམིགས་པར་བྱས་ཏེ། དེར་ཁཾ་ལས་བྱུང ་བའི་རྡོ་རྗེའི་བྲག་བསམ་པར་བྱ་སྟེ། དེའི་སྟེང་དུ་མེའི་དཀྱིལ་འཁོར་འབར་བ་བསམ་ལ། དེའི་དབུས་སུ་པདྨ་དང་ཉི་མའི་སྟེང་དུ་རོལ་སྙིང་གནས་ཧཱུཾ་ལས་བྱུང་བའི་ནག་པོ་ཆེན་པོ་དང། ལྟོ་འབྱངས་མ་ལ་སོགས་པའི་མཁའ་འགྲོ་མ་གསུམ་བསྐྱེད་ལ། དེ་དག་ཀྱང་སྐུ་མདོག་གནང། ་པོ་ཆེར་འཇིགས་མ་ཞལ་གཅིག་མ་ལ་ཕྱག་གཉིས་མ་སྦྱན་གསུམ་པ། རྩེ་གསུམ་དང་ཐོད་རློན་འཛིན་པ་མེ་འབར་བའི་དབུས་ན་གཞུག་པར་བསྐྱེད་དོ། །དེ་ནས་རང་གི་དཀྱིལ་འཁོར་ལ་བསྟིམ་པ་དང་དབང་བསྐུར་བར་བྱ་སྟེ། དེ་ནས་ཕྱིའི་སྙིང་པོས་སོ་སོའི་ཐུགས ་ཀར་ཁྱབ་པར་བྱས་ལ་མཆོད་པ་དང་གཏོར་མ་ལ་སོགས་པ་ཡང་བྱ་སྟེ། དམ་ཚིག་རྗེས་སུ་དྲན་པ་དང། ནང་གི་སྙིང་པོ་དང་འཁོར་ལོའི་སྔགས་ཀྱས་སོ་སོའི་ཐུགས་ཀར་བསྙེན་པར་བྱའོ། །དེ་ནས་འཁོར་གྱི་གཙོ་བོའི་མདུན་དུ་མེའི་དཀྱིལ་འཁོར་བསམ་པར ་བྱ་སྟེང་དའི་དབུས་སུ་བསྒྲུབ་བྱ་དེ་ཁ་དོག་ཉམས་ཤིང་བཞིན་ཉམས་བར་དམིགས་ལ། དེ་ནས་འཁོར་ལོའི་ཐུགས་ཀ་ནས་སྤྲུལ་པའི་གཟུགས་མང་དུ་སྤྲས་ཏེ་བདག་གི་ཐུགས་ཀའི་འོད་ཟེར་གྱིས་བསྒྲུབ་བྱ་ཡང་ཡང་དུ་སྟོང་ཕྲག་གཅིག་ཏུ་དགུག་པར་བྱའོ། ། ་དེ་ནས་ཐལ་ཆེན་དང་ཉུངས་ཀར་གྱིས་གསད་པའི་ལས་བྱ་སྟེ། དེ་ཡང་འཁོར་ལོ་གཙོ་བོ་ལ་སོགས་པ་མཁའ་འགྲོ་མ་རྣམས་ཀྱིས་ཐུགས་ཀ་ནས་སྤྲུལ་པ་གཟུགས་གྲི་གུག་དང་ཐོད་པ་འཛིན་པ་ནང་དུ་སྤྲོས་ཏེ། དེ་དག་གིས་འཁོར་ལོའི ་སྔགས་བརྗོད་ཅིང་གྲི་གུག་གིས་གཏུབ་ཅིང་ཟ་བར་བྱེད་དོ། །དེ་དག་གི་ཐུགས་ཀ་ནས་ཀྱང་ཁྲ་དང་བྱ་རོག་དང་དོམ་དང་དྲེད་ལ་སོགས་སྤྲུལ་པའི་གཟུགས་ཅན་མང་དུ་སྤྲོས་ཏེ། བསྐྲུབ་བྱའི་ཤ་ཟ་པ་དང་ཁྲག་འཐུང་པ་དང་རྒྱུ་མ་འདྲེན་པ་ལ་སོགས་པ་ཕུང་པོ་ཟད ་པར་བྱེད་པའོ། །སྔགས་བཟླས་ཞེས་བྱ་བ་ནི་ཨོཾ་ལ་སོགས་པ་སྟེ་འཇིགས་པའི་གཟུགས་དང་ལྡན་པའོ། །དེ་སུ་པྲ་ཏིའི་མཐར་མགོ་དང་བ་རི་རེའུ་ཏྲི་དང་ལྡན་པར་བྱའོ། །དེ་ཡང་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ་མཛའ་རུ་ཤེས་པར་བྱ་སྟེ། དེ་བཞིན་དུ་ཞེས་བྱ་བ་ནི་གོང་དུ ་བསྟན་པའི་ཆོ་ག་བཞིན་ནོ། །ཉམས་འམ་ཕ་མེས་ཀྱི་རུང་བར་མནན་པར་བྱ་སྟེ། དེ་ཡང་སྤྲུལ་པའི་གཟུགས་རྣམས་ནི་འཁོར་ལོ་ལ་བསྟིམ་པར་བྱ་སྟེ་མནན་པར་བྱའོ། །དེ་ནས་ཞེས་བྱ་བ་ནི་དགུག་པའི་ལས་ལ་འཇུག་པར་བྱ་སྟེ། གཞན་ཡང་ཞེས་བྱ་བ་ལ་སོགས ་པའོ། ཨུཏཔ་ལའི་མེ་ཏོག་ཅེས་བྱ་བ་ནི་མེ་ཏོག་གི་ནང་དུའོ། །ཅན་དན་དམར་པོ་ཞེས་བྱ་བ་ནི་འབྱུང་གི་མེ་ཏོག་གོ་། པ་ཅི་ཏ་ནི་རེང་གི་བྱང་ཆུབ་སེམས་སོ། །སྣ་ཚ་ཞེས་བྱ་བ་ནི་ཚེས་བཅོ་ལྔའོ། །རབ་མོ་མེ་ཏོག་ནང་དུ་སྦྱར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ཡང ་ནག?་པོ་ཆེན་པོའི་སྦྱར་བ་ལ་གནས་པས་སྟོང་ཕྲག་གཅིག་ཏུ་བཟླས་པ་བྱའོ། །མེ་ཏོག་དམར་པོ་ཞེས་བྱ་བ་ནི་གོ་སླའོ། །བསམ་གང་ན་དང་ལྡན་པར་བྱ་ཞེས་བྱ་བ་ནི་བདག་ནུབ་ཕྱོགས་སུ་མངོན་པར་ཕྱོགས་ལ། མདུན་དུ་བདུད་རྩི་ལྔའི་མཎྜལ་ཟླ་བ་ཕྱེད་པ་ལྟ་བུད ་རྒྱས་ལ་དེར་གོང་གི་བྲི་རྫས་ཀྱིས་བསྒྲུབ་བྱའི་གཟུགས་སོར་བརྒྱད་པའི་ཚད་དུ་བྱས་ཏེ་གནས་ལྔ་དང་ཡན་ལག་བཞིང་ཛ་རིང་པོ་བྲི་བར་བྱའོ། །དེ་ནས་གཟུགས་ཀྱི་སྙིང་ཁར་མེ་ཏོག་སྔགས་དང་ལྡན་པ་གཞན་ལ། དེ་ནས་བདག་རྣལ་འབྱོར་དང་ལྡན་པ? ་བྱས་ཏེ་ཐུགས་ཀྱི་འོད་ཟེར་གྱིས་མཎྜལ་ལ་སོགས་པ་རང་བཞིན་མེད་པར་བྱས་ལ། དེར་རྡོ་རྗེ་བྲག་ཏུ་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་བསྒྲུབ་བྱ་ཁ་དོག་དམར་པོར་གྱུར་པ་བཀོད་པའི་ཡི་གེ་གསལ་བར་དམིགས་ཏེ། བསྒྲུབ་བྱའི་སྙིང་ཁའི་དབུས་སུ་ཨེའི་རྣམ་པ་ལྟ ་བུའི་ཆོས་འབྱུང་བསམ་པར་བྱའོ། །དེའི་དབུས་སུ་ཧཱུཾ་ལས་སྐྱེས་པའི་གཙོ་བོ་དང་འོད་དཔག་མེད་ལ་སོགས་པ་བསྐྱེད་པར་བྱའོ། །མཁའ་འགྲོ་མ་དེ་དག་ཀྱང་ཞལ་གཅིག་མ་ལ་ཕྱག་གཉིས་མ། སྐུ་མདོག་དམར་སེར་མ་སྤྱན་གསུམ་པའི་བདག་ཉིད་ཅན་ནོ། ། ་ཕྱག་གཡས་པ་ན་ལྕགས་ཀྱུ། མེ་ཏོག་གི་ཕྲང་བ་འཆིན་པ། གཡོན་པ་ན་བདུད་རྩིས་བཀང་བའི་ཐོད་པ་འཛིན་པའོ། །དེ་ལྟ་བུའི་འཁོར་ལོ་ལ་རང་བཞིན་གྱི་དཀྱིལ་འཁོར་བསྟིམ་པར་བྱའོ། །དེ་ནས་དབང་བསྐུར་བ་དང། ཕྱིའི་སྙིང་པོ་དང་གཏོར་མ་དང། དམ ་ཚིག་ཆོ་ག་བྱས་ཏེ་དེ་ནས་བདག་གིས་ཐུགས་ཀ་ན་ནང་གི་སྙིང་པོ་དང་འགུགས་པའི་སྔགས་དང་བཅས་པའི་འོད་ཟེར་དམར་སེར་དང་ལྡན་པ་སྤྲོས་ཏེ། གཙོ་པོ་དང་འོད་དཔག་མེད་མ་ལ་སོགས་པའི་སྙིང་གར་ཐཾ་པའི་ཕྱིར་མངོན་པར་སྔགས་ཞེས་བྱའོ། །དེ ་ལྟར་བཟླས་པ་སྟོང་ཕྲག་གཅིག་ཏུ་བྱས་ཏེ་དེའི་མཐར་འཁོར་ཡོ་དང་བསྒྲུབ་བྱ་ཡང་མེ་ཏོག་གི་རང་བཞིན་དུ་གྱུར་པར་བྱའོ། །དེའི་བསྒྲུབ་བྱ་དེའི་སེམས་ཤིན་ཏུ་གཡར་བར་གྱུར་ནས་མྱུར་དུ་བོད་པའོ། །སྐྱེས་པ་འམ་ཞེས་བྱ་བ་ལ་སོགས་པ་གོ་སླའོ། ། ་དེ་ནས་ཞིས་བྱ་བ་ནི་དཔང་དུ་བྱ་བའི་ལས་ལ་འཇུག་པར་བྱ་སྟེ། གཞན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །མེ་ཏོག་དམར་པོ་ཞེས་བྱ་བ་ནི་པདྨའི་རྩ་བའོ། །རྒྱལ་པོ་འམ་ཞེས་བྱ་བ་ནི་དབང་དུ་བྱ་བའི་གཟུགས་སམ། གྲོང་ཁྱེར་ཐོད་པ་ལ་བྲིས་བ་ན་བསྟན ་ཞེས་བྱའོ། །བསམ་གཏན་དང་ལྡན་ཞེས་བྱ་བ་ནི་དང་པོར་བདག་ཉིད་རྣལ་འབྱོར་རྫོགས་པར་བྱས་ལ། ཐུགས་ཀ་ནས་ཐུགས་ཀར་འོག་ནས་འབྱུང་བའི་འཁོར་ལོ་གསལ་བར་དམིགས་ཏེ་བསྒྲུབ་བྱའི་སྙིང་གར་འཁོར་ལོ་བྲི་བེར་བཙམ་པར་བྱའོ། །འཁོར་ལ་སོགས ་པ་གོ་སླའོ། །ཧྲཱི(རྒྱུད་འགྲེལ་པ་དང་མཐུན་པའི་དཀྱིལ་འཁོར་བྱ་སྟེ། དཀྱིལ་འཁོར་གྱི་སྟེང་དུ་སྨད་འཚོང་མའི་རང་འབྱུང་གི་མེ་ཏོག་གིས་ཆོས་འབྱུང་གི་མེ་ཏོག་གི་གཟུགས་བྱས་ལ། དེར་ལོ་དང་མེ་ཏོག་གཞག་ལ། དེ་ནས་བདག་གི་ཐུགས་ཀའི་འོད་ཟེར་གྱིས་དེ་དག་རང་བཞིན་མེད་པར་བྱ ་སྟེ་ཟླ་པ་ཕྱེད་པ་ལྟ་བུའི་རྡོ་རྗེའི་བྲག་ཁཾ་ལས་བྱུང་བའི་སྟེང་དུ་ཆོས་ཀྱི་འབྱུང་གནས་ཁ་དོག་དམར་པོ་ཨེ་ལས་བྱུང་བའི་དབུས་སུ་པདྨ་དང་ཉི་མའི་སྟེང་དུ་ལྷའི་འཁོ་ལོ་རྫོགས་པར་བསྐྱེད་ལ། དེ་ཡང་རྡོ་རྗེ་འོད་འབར་མ་ལ་སོགས་པའི་མཁའ་འགྲོ་མའི་སྐུ་མདོག ་དམར་མོ་ཞལ་གཅིག་ཕྱག་གཉིས་མ་སྤྱན་གསུམ་པའོ། །ཕྱག་གཡས་པ་ན་ཆོས་འབྱུང་བསྣམས་པ། གཡོན་པ་ན་རང་འབྱུང་གི་མེ་ཏོག་གི་དགད་པའི་ཐོད་པ་འཛིན་པའོ། །དེ་ནས་རང་བཞིན་གྱི་དཀྱིལ་འཁོར་བསྟིམ་པ་ལ་སོགས་པ་དམ་ཚིག་གི་ཆོ ་གའི་བར་དུ་བྱའོ། །དེ་ནས་འཁོར་ལོའི་ཐུགས་ཀར་ཧྲི་ལས་བྱུང་བའི་བསྒྲུབ་བྱ་འམ་བསྒྲུབ་བྱའི་གྲོང་ཁྱེར་བསལ་བར་དམིགས་ལ། བསྒྲུབ་བྱའི་སྙིང་ག་འམ་གྲོང་ཁྱེར་གྱི་དབུས་སུ་གོང་དུ་བྲིས་པའི་འཁོར་ལོ་ལ་དོག་དམར་པོ་བསམ་པར་བྱའོ། །དེ་ནས་མེ ་ཏོག་དམར་པོས་ཐོད་པ་དགང་ཞེས་བྱ་བ་ནི་མེ་ཏོག་ལ་སྔགས་ཏེ་ཐོད་པ་དགང་བར་བྱའོ། །དེ་ཡང་མངོན་པར་སྔགས་ཞེས་བྱ་བ་འབྱུང་སྟེ། མངོན་བར་ཞེས་བྱ་བ་ནི་བདག་དང་མཁའ་འགྲོ་མའི་ཐུགས་ཀ་ནས་ནང་གི་སྙིང་བོ་དང་དབང་དུ་གྱུར་པའི ་སྔགས་དང་ལྡན་པར་སྤྲོས་ཏེ། གཙོ་བོའི་ཞལ་དུ་ཞུགས་ནས་ཐུགས་ཀར་གནས་པའི་བསྒྲུབ་བྱའི་སྙིང་གར་སྔགས་ཐིམ་པར་བྱའོ། །དེ་ཡང་ཇི་སྲིད་རྟགས་མ་མཐོང་གི་པར་དུའོ། དེ་ཡང་དྲི་དང་གཡོ་ཞེས་བྱ་བ་ནི་རྟགས་སོ། །དེའི་ཆེ་ཞེས་བྱ་བ་ནི་རྟཊ ་ཐོབ་པའི་ཚེའོ། །དེ་ཡང་གཙོ་བོའི་ཐུགས་ཀར་གནས་པའི་བསྒྲུབ་བྱ་ནི་བདག་གི་ཐུགས་ཀར་གཞུག་པར་བྱའོ། །གཙོ་བོ་ལ་སོགས་པའི་འཁོར་ལོ་ནི་མེ་ཏོག་གི་རང་བཞིན་དུ་གྱུར་ཏེ། མེ་ཏོག་དེ་ལག་ཏུ་ཕྱིན་པ་ཙམ་གྱིས་ཞེས་བྱ་བ་ནི་གོ་སླའོ། །དེ་ནས ་ཞེས་བྱ་བ་ནི་ལས་ཐམས་ཅད་ཀྱི་ཆོ་ག་ལ་འཇུག་པར་བྱ་སྟེ། དེ་ཡང་ལས་རྣམས་ཞེས་བྱ་བ་ནས་བརྩོན་པར་བྱ་ཞེས་བྱ་བ་ནི་མདོར་བསྟན་ནོ། །སོ་སོ་སྐྱེ་པོ་རྨོངས་པར་བྱ་བའི་ཕྱིར་གོ་རིམས་བཟློག་པའོ། །དེ་ཉིད་རིག་པ་རྣམས་ཀྱིས་ནི་རིམ་པས་བསྡུ་བར་བྱ ་སྟེ། དེ་ཡང་བསམ་གཏན་གྱིས་བགེགས་བསྐྲད་ཅེས་བྱ་བ་ནི་བདག་ཉིད་ལྷའི་རྣལ་འབྱོར་རྫོགས་པར་བྱས་ལ། བདག་གི་ཐུགས་ཀར་ལྷའི་འཁོར་ལོ་གཙོ་བོ་དང་རྣོ་བའི་གཟུགས་ཅན་མ་ལ་སོགས་འོག་ནས་འབྱུང་བ་བཞིན་དུ་གསལ་བར ་དམིགས་ལ། དེ་ནས་གཙོ་བོའི་ཐུགས་ཀར་ཧཱུཾ་བཛྲ་ཀ་ཙ་བ་ལ་སོགས་པའི་སྔགས་དང་ཐུགས་ཀའི་འོད་ཟེར་གྱིས་བགེགས་བསྐྲད། དེ་ནས་སྲུང་བའི་འཁོར་ལོར་བྱས་ཏེ་ཐོད་ཨ་ལ་བྲིས་ཞེས་བྱ་བ་ནི་ཐོད་པ་བདུད་རྩིས་བཀྲུས་ལ། ཐོད་པ ་ལ་འཁོར་ལོ་ཡིད་ཚེ་དགུ་བ་བྲི་བར་བྱའོ། །ལང་ཆོ་ཐམས་ཅད་དུ་ཨོཾ་གྱིས་དང་པོ་དང་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱའི་ཐའ་ཅན་དུ་དུར་ཁྲོད་སྣ་ཚས་བྲི་བར་བྱའོ། །དེ་ནས་ཐོད་པ་དེར་དུར་ཁྲོད་ནས་ས་བསླངས་ཞེས་བྱའོ། །ཆོས་འབྱུང་གི་གཟུགས ་སུ་བྱ་ཞེས་བྱ་བ་ནི་ས་གཞི་ཆོས་འབྱུང་གཟུགས་སུ་བྱ་སྟེ། དེ་ནི་ཆོས་འབྱུང་ནང་དུ་ལྷའི་འཁོར་ལོ་བསྐྱེད་པའི་ཕྱིར་རོ། །དེ་ཡང་གནས་ད་ཉིད་དུ་ཕུར་བུའི་ཉིལ་ཡུངས་ཀར་གཟུགས་ཏེ་དེ་ནས་ལྷའི་འཁོར་ལོ་བསྐྱེད་པར་བྱ་སྟེ། དེ་ཡང་ཐུགས་ཀའི ་འོད་ཟེར་གྱིས་ཆོས་འབྱུང་དང་ཡུངས་ཀར་རྩི?་ཚོགས་རང་བཞིན་མེད་པར་ཐུས་ཏེ་ཁཾ་ལས་རྡོ་རྗེའི་བྲག་པི། སྟེང་དུ་པདྨ་དང་ཉི་མའི་སྟེང་དུ་ཧཱུཾ་འོད་ཟེར་སྣ་ཚོགས་དང་ལྡན་པ་བསམ་པར་བྱ་སྟེ། ཧཱུཾ་གི་འོད་ཟེར་གྱིས་གྲི་གུག་གི་དྲ་བ་དང་གུར་ལ ་སོགས་པ་བྱ་སྟེ། དེའི་དབུས་སུ་ཆོས་ཀྱི་འབྱུང་གནས་བསམ་པར་བྱའོ། །དེ་ནས་ཡུངས་ཀར་གྱི་གྲངས་ཙམ་གྱི་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་ཧཱུཾ་ལ་སྐྱེས་པ་གཙོ་བོ་དང་མཁའ་འགྲོ་མ་དང་བཅས་པ་བསྐྱེད་པར་བྱ་ཏེ། མཁའ་འགྲོ་མ་ནི་རྣོ ་པའི་གཟུགས་ཅན་མ་ལ་སོགས་པ་གསུམ་བསྐྱེད་པར་བྱ་སྟེ། དེ་ཡང་ཞལ་གཅིག་ཕྱག་གཉིས་མ་སྐུ་མདོག་ནག་མོ་སྤྱན་གསུམ་མ། འཇིགས་པའི་གཟུགས་ཅན་ལག་ན་ཐོད་པ་དང་གྲི་གུག་འཛིན་པ། རོའི་སྟེང་ན་འགྱིང་བའོ། །དེ་ལྟར་རྫོགས་པར་བ་སྐྱེད་ལ། ་དེ་ནས་ཐུགས་ཀའི་འོད་ཟེར་གྱིས་རང་བཞིན་གྱི་དཀྱིལ་འཁོར་བསྟིམ་པ་དང། དབང་བསྐུར་བ་ལ་སོགས་པའི་ཡན་ལག་རྫོགས་པར་བྱ་སྟེ། ཐུགས་ཀའི་ས་བོན་ལས་ཞེས་བྱ་བ་ནི་བདག་གི་ཐུགས་ཀའི་ཧཱུཾ་ལས་སོ། །འོད་ཟེར་ཞེས་བྱ་བ་ནི་ནང་གི་སྙིང་པོ་དང། ་ཨུད་ཀ་ཏའི་སྔགས་འོད་ཟེར་དང་བཅས་པའོ། །ཡུངས་ཀར་ལ་ཞེས་བྱ་བ་ནི་ཡུངས་ཀར་ལས་བསྐྱེད་པའི་གཙོ་བོ་དང་མཁའ་འགྲོ་མ་རྣམས་སོ། །བསྟིམ་པར་བྱ་ཞེས་བྱ་བ་ནི་དེ་རྣམས་སོ་སོའི་ཐུགས་ཀར་ཧཱུཾ་ལ་ཐིམ་པའོ། །བདུན་ནམ་ཞེས་བྱ་བ་ལ་སོགས་པ་གོ ་སླའོ་ཞག་བདུན་བདུན་གྱིས་དེ་ལྟར་བྱ་ཞེས་པ་ནི་དུས་དེ་ཉིད་ནས་བཟུང་སྟེ། ཞག་བདུན་བདུན་ཞིང་བདག་གི་ཐུགས་ཀའི་འོད་ཟེར་གྱིས་བགེགས་བསྐྲད་ཅིང་བསྲུང་བའི་འཁོར་ལོ་བྱ་སྟེ། དེ་ནས་ཡུངས་ཀར་ལ་གོང་དུ་བསྐྱེད་པའི་ལྷའི་འཁོར་ལོ ་གསལ་བར་དམིགས་ལ་རང་བཞིན་གྱིས་འཁོར་ལོ་བསྟིམ་པ་ལ་སོགས་པའི་ཡན་ལག་གི་ཆོ་ག་རྫོགས་པར་བྱས་ལ་བཟླས་པ་ནི་གོང་དུ་བསྟན་པ་བཞིན་དུ་བྱའོ། །སྨིན་པའི་དུ་སུ་ཞེས་བྱ་བ་ནི་མ་སྨིན་བར་དུ་གོང་དུ་བསྟན་པའི་ཆོ་ག་བཞིན་དུ་བྱའོ ་ཞེས་བྱ་བའི་དོན་ཏོ། །བསམ་གཏན་དང་ལྡན་ཞེས་བྱ་བ་ན་བདག་ལྷའི་རྣལ་འབྱོར་རྫོགས་པར་བྱས་ཏེ་ཚོགས་ཀྱི་འཁོར་ལོ་དང་ལྡན་པར་བྱའོ། །དེ་ནས་ཞེས་བྱ་བ་ནི་ཡུངས་ཀར་བསླང་བར་བྱའོ། དེ་ཡང་ཡུངས་ཀར་བླངས་པ་ནི་ལྷའི་འཁོར་ལོ་ཡུངས་ཀར ་ལས་བསྐྱེད་པ་དེ་མཁའ་འགྲོ་མ་རྣམས་གཙོ་བོའི་ཐུགས་ཀར་བསྡུས་ཏེ། གཙོ་བོ་ཡང་ཡུང་སྐར་གྱི་རང་བཞིན་དུ་གྱུར་པར་བྱའོ། དེ་ནས་ཡུང་སྐར་བསྒྲུབ་པ་བརྩམ་པར་བྱ་སྟེ། དུར་ཁྲོད་žཀྱི་གནས་ཞེས་བྱ་བ་ནི་གོ་སླའོ། །ཞག་གསུམ་དུ་བསྙེན ་པ་བྱ་བ་ནི་བག་ཉིད་ལྷའི་འཁོར་ལོ་རྫོགས་པར་བྱས་ལ། དེ་ནས་ཐུགས་ཀའི་འོད་ཟེར་གྱིས་ཡུངས་ཀར་དང་ཐོད་པ་རང་བཞིན་མེད་པར་བྱས་ཏེ། དེ་ནས་གོང་དུ་བསྟན་པའི་བཞིན་རྡོ་རྗེ་བྲག་ལ་སོགས་པ་ཆོས་ཀྱི་འབྱུང་གནས་ཀྱི་བར་དུ་བསྐྱེད་པར ་བྱའོ། །དེའི་སྟེང་དུ་པདྨ་དང་ཉི་མའི་དབུས་སུ་གཙོ་བོ་དང་མཁའ་འགྲོ་མ་བསྐྱེད་པར་བྱ་སྟེ། དེ་ཡང་མཁའ་འགྲོ་མ་རྡོ་རྗེ་ཀུ་མུ་ལ་སོགས་པའོ། །དེ་དག་ནི་སྣ་ཚོགས་པའི་མདོག་ཅན་ཞལ་གཅིག་སྤྱན་གསུམ་པ་ཁྲོ་གཉེར་གྱི་གཟུགས་ཅན་ཕྱག ་གཡས་པ་ན་སྣ་ཚོགས་རྡོ་རྗེ། གཡོན་པ་ན་ཐོད་རློན་འཛིན་པ་གསལ་བར་བྱ་སྟེ། དེ་ནས་རང་བཞིན་གྱི་དཀྱིལ་འཁོར་བསྟིམ་པ་ལ་སོགས་པ་དང། དམ་ཚིག་གི་ཆོ་གའི་བར་དུ་བྱའོ། །དེ་ནས་གཙོ་བོའི་ཐུགས་ཀར་ཨེའི་རྣམ་པ་ཆོས་ཀྱི་འབྱུང་གནས ་ལྟ་བུ་བསམ་པར་བྱས་ཏེ། དེའི་དབུས་སུ་པདྨ་དང་ཉི་མའི་སྟེང་དུ། ཧཱུཾ་ལས་ནག་པོའི་སྐུ་མཚོན་གང་གི་ཚད་ཙམ་དུ་གྱུར་པ་ཡུངས་ཀར་གྱི་གྲངས་ཙམ་དུ་བསྐྱེད་པར་བྱའོ། །དེ་ནས་བདག་དབ་མཁའ་འགྲོ་མའི་ཐུགས་ཀ་ནས་ནང་གི་སྙིང་པོ་འཁོང་ལའི ་གཙོ་བོའི་ཐུགས་ཀར་ནག་པོ་ཆེན་པོ་ལ་ཐིམ་པར་བྱའོ། །དེ་ལྟར་བསྙེན་པ་རྫོགས་པ་དང་མཁའ་འགྲོ་མ་རྣམས་གཙོ་བོའི་ཐུགས་ཀར་འདུས་སོ། །གཙོ་བོ་ཡང་ཡུངས་ཀར་གྱི་ནག་པོ་ཆེན་པོ་ལ་ཐིམ་པར་བསམ་པར་བྱའོ། །ཐམས་ཅད་འགྲུབ་པར ་འགྱུར་ཞེས་བྱ་བ་ནི་ལས་ཐམས་ཅད་འགྲུབ་པར་འགྱུར་བ་ཡིན་ལ། ཁྱད་པ་རྡུ་ཡང་འོག་ནས་འབྱུང་བའི་ལས་རྣམས་འགྲུབ་པའི་ཕྱིར་རོ། །དེ་ནས་ནག་པོ་ཆེན་པོ་ཞེས་བྱ་བ་ནི་འཁོར་ལོའི་གཙོ་བོས་སོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་རྡོ་རྗེ ་འཛིན་པ་ཉིད་ལ་བྱའོ། །ལས་ཐམས་ཅད་ཅེས་བྱ་བ་དང། ཇི་ལྟར་ལགས་ཞེས་བྱ་བ་ནི་ཚིག་གི་ཕྲད་ནི་ལས་ཀྱི་ཚོགས་མདོར་བསྟན་ཏེ་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་འཁོར་གྱི་ཚོགས་ལ་གཟིགས་ནས་ཞེས་བྱ་བ་ནི ་དཔའ་བོ་ཆེན་པོ་ཏིང་ངེ་འཛིན་ལ་ཞུགས་པའོ། །བཀའ་སྩལ་པ་ཞེས་བྱ་བ་ནི་སྡུས་པ་པོས་ཡོངས་སུ་བསྡུས་ཏེ་བསྟན་པའོ། །ཕ་རོལ་དམག་གི་དཔུང་རྣམས་ཞེས་བྱ་བ་ནི་གོ་སླའོ། །དང་པོར་ཆོ་གར་གྱུར་པ་ནི་ཨོཾ་ཞེས་བྱ་བ་ལ་སོགས་པ་ནི་ཧཱུཾ་ཧཱུཾ་ཕཊ་ཕཊ ་སྭཱཧཱའི་མཛའ་ཅན་ནོ། །དེའི་ཆོ་ག་ཞེས་བྱ་བ་ནི་དམག་གི་དཔུང་རེངས་པར་བྱ་བའི་ཕྱིར་རྡོ་རྗེའི་བྲག་གི་སྟེང་དུ་སུཾ་ལས་རི་རབ་ཟུར་བརྒྱད་པ་གཅིག་དེའི་སྟེང་དུ་བདག་ཉིད་ལྷའི་འཁོར་ལོ་རྫོགས་པར་བསྐྱེད་ལ། བདག་གི་ཐུགས་ཀར་ཆོས་ཀྱི་འབྱུང་གནས་ཀྱི ་དབུས་སུ་པདྨ་ཉི་མའི་དབུས་གཙོ་བོ་དང་རྡོ་རྗེ་ཀུ་མུ་ལ་སོགས་པ་འཁོར་ལོ་བསྐྱེད་པར་བྱ་སྟེ། སྐུ་མདོག་དང་ཕྱག་མཚན་ལ་སོགས་པ་ནི་གོང་དུ་བསྟན་པ་བཞིན་ནོ། །དེ་ནས་དམག་གི་དཔུང་ལ་རྡོ་རྗེ་ལྟ་བས་བལྟས་པས་རེངས་པར་འགྱུར་བ་ནི་དམག ་གི་གནས་སུ་ལས་རི་རབ་ཀྱི་ཁོང་པར་དམག་གི་གཟུགས་ད་དག་རེང་བའི་གཟུགས་ཀྱིས་གནས་པར་བས་མོ། །དེ་ནས་ཐུགས་གཙོ་བོ་དང་མཁའ་འགྲོ་མ་ལས་སྤྲུལ་བའི་མཁའ་འགྲོ་མ་ཡུངས་ཀར་གཉིས་སུ་མེད་པར་སྤྲོས་ཏེ། དམག་གི་ཚོགས ་ཀྱི་སྣ་བུག་གི་ལམ་ནས་ཞུགས་ཏེ་འབྱུང་བ་དང་འཇུག་བའི་རླུང་འགགས་ནས་རླུང་གཅིག་ཏུ་རེངས་པར་འགྱུར་རོ། །དེ་ནས་གཞན་ཡང་ཨོཾ་གྱི་དང་པོ་དང་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱའི་སྔགས་ཀྱི་མཛའ་ཅན་ཏེ། དེའི་ཆོ་གས་སེངྒ?་ལ་སོགས་པའི་ཚོགས ་འཇིག་པར་འགྱུར་ཞེས་བྱ་བ་ནི། དེའི་ཆོ་ག་ནི་སེངྒེ་ལ་སོགས་པ་གང་ཡང་རུང་བ་ལ་དམིགས་ཏེ་ཡུངས་ཀར་བརྒྱབ་པའི་ཚེ་གཙོ་བོ་དང་མཁའ་འགྲོ་མའི་ཐུགས་ཀ་ནས་ཇི་ལྟར་གར་ན་ཟན་གྱི་གཟུགས་དེ་ལྟར་མགོ་བརྙན་གྱི་སྤྲུལ་པ་མཁའ་ ་འགྲོ་མའི་ཚོགས་མང་དུ་སྤྲོས་ཏེ། གཅན་ཟན་གྱི་ཚོགས་དེ་དག་ཤིན་ཏུ་རིང་བར་བསྐྲད་པར་བསམ་མོ། །གཞན་ཡང་ཆོ་གར་གྱུར་པ་ནི། ཨོཾ་གྱི་དང་པོ་དང་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱའི་མཛའ་ཅན་གྱིས་བགེགས་ཀྱི་ཚོགས་འཇིགས་པར་བྱེད་པ་སྟེ། དེའི་ཆོ་ག་ནི་བགེགས ་ཀྱི་ཚོགས་ཕྱོགས་སུ་གསལ་བར་དམིགས་ཏེ། མདུན་དུ་མེའི་དཀྱིལ་འཁོར་གྱི་དབུས་སུ་གཞག་ལ། བདག་གི་ཐུགས་ཀ་ནས་གཙོ་བོ་དང་མཁའ་འགྲོ་མའི་སྤྲུལ་བའི་གཟུགས་ཕུར་བུ་དང་ཐོ་བ་ཐོགས་པ་མང་དུ་སྤྲོས་པ་ཏེ་དེ་ཡང་ཡུངས་ཀར་དང་ཐ་མི་དད་པ ་ཉིད་དུ་གནས་ནས། བགེགས་དེ་ཕུར་བུས་གདབ་ཅིང་ཐོ་པས་བརྡུང་བར་བྱེད་པའོ། །དེ་ལྟ་བུའི་སྦྱོར་བས་ཡུངས་ཀར་ཡང་ནས་ཡང་དུ་བསྣུན་ན་བགེགས་ཀྱི་ཚོགས་འཇིག་པར་འགྱུར་ཞེས་བྱའོ། །དེ་ནས་གཞན་ཡང་ཞེས་བྱ་བ་ནི་ཡུངས་ཀར་འབའ་ཞིག་གི ་སྦྱོར་བ་རྫོགས་ནས་གཞན་གྱི་སྦྱོར་བ་ལ་འཇུག་པའི་ཕྱིར་དེ་ཡང་བྱི་ལ་ནག་མོ་ལ་སོགས་པ་ནེ་གོ་སླའོ། །དེ་རྣམས་བསྲེས་ལ་ཞེས་བྱ་བ་ལ་སོགས་པ་ནི་ཆོ་གར་བྱ་བ་སྟེ། བཀྲ་མི་ཤེས་པའི་ཐོད་པར་རྫས་རྣམས་བླུགས་ལ་གཞག་པར་བྱ་སྟེ། དེ་ནས་བདག་ཉིད? ་ལྷའི་རྣལ་འབྱོར་རྫོགས་པར་བྱ་སྟེ། བདག་གི་ཐུགས་ཀར་གཙོ་བོ་དང་འཁོར་ལོ་བསྒྱུར་བྱེད་མ་ལ་སོགས་པ་བསྐྱེད་པར་བྱ་སྟེ། མཁའ་འགྲོ་མ་དེ་དག་ཀྱང་ཞལ་གཅིག་ཕྱག་གཉིས་མ་སྤྱན་གསུམ་མ་སྐུ་མདོག་ནག་མོ་ཕྱག་ན་གྲི་གུག་དང་ཐོད་པ་འཛིན་པའོ། ། ་དེ་ནས་རང་བཞིན་གྱི་དཀྱིལ་འཁོར་བསྟིམ་པ་དང་དབང་བསྐུར་བ་ལ་སོགས་པ་བྱེ་སྟེ། དེ་ནས་ཐུགས་ཀའི་འོད་ཟེར་གྱི་གྲི་གུག་གི་འཕྲེང་བ་ལྟ་བུར་སྤྲོས་ཏེ། མདུན་གྱིས་རྫས་ལ་བསྟིམ་པར་བྱའོ། །དེ་ཡང་ནས་ཡང་དུ་སྤྲོས་པ་ནི་ནང་གི་སྙིང་བོ་དང། པ་ཏ ་ཡ་ལ་སོགས་པའི་སྔགས་ཀྱིས་གྲི་གུག་གི་རང་བཞིན་དུ་སྤྲོས་ཏེ་རྫས་ལ་སྟོང་ཕྲག་གཅིག་ཏུ་བསྟིམ་པར་བྱའོ། །རྫས་དེ་དགོན་གྱིས་ཉིན་པའི་མདུན་དུ་བསྲེག་པར་བྱའོ་ང་རྒྱལ་དུ་བྱ་བཞེས་བྱ་བ་ནི་གོང་དུ་བསྟན་པའི་ལྷའི་འཁོར་ལོ་བསྐྱེད་པའི་ཕྱིར་རོ། །མདུན་གྱི? ་ནག་པོ་ཆེན་པོ་ཞེས་བྱ་བ་ནི་ཐུགས་ཀའི་གཙོ་བོ་དང་མཁའ་འགྲོ་མའི་བདག་ཉིད་དོ། །འོད་ཟེར་ཞེས་བྱ་བ་ནི་ཐུགས་ཀ་ནས་ལྕགས་ཀྱུ་ལྟ་བུའི་འོད་འཕྲོས་པའོ། །ཕར་ལ་འཕྲོས་ཞེས་བྱ་བ་ནི་བགེགས་དགུག་པའི་ཕྱིར་རོ། །ཐོག་དུ ་གྲི་གུག་གཞག་ཅེས་བྱ་བ་ནི་རབ་གནས་བྱ་བའི་གྲི་གུག་བདུད་སྒྲོ་གཞག་པའོ། །ཡུངས་ཀར་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྐུད་པར་བྱེད་ཞེས་བྱ་བ་ནི་ཐུགས་ཀ་ནས་འོད་ཟེར་མེའི་འཁོར་ལོ་ལྟ་བུས་འཕྲོས་པས་ནད་པའི་ལུས་ལས་བགེགས ་ཕྱུང་སྟེ་ཤིན་ཏུ་རིང་བར་བསྐྲད་ནས་འོད་ཟེར་གུར་ལ་སོགས་པར་གྱུར་པར་བསམ་མོ། །དེ་ནས་བཛྲ་ཀ་བ་ཙའི་སྔགས་བརྗོད་པས་བསྲུང་བྱའི་གནས་ལྔར་སྣ་ཆོགས་རྡོ་རྗེའི་གོ་ཆར་གྱུར་པའི་ཕྱིར་བསྐྲད་ཅེས་བྱའོ། །དེ་ནས་ཨོཾ་གྱི་དང་པོ་དང་ཧཱུཾ་གི་མཛའ་ཅན་གྱི་དབུས་སུ ་ཡང་ཞེས་བྱ་བ་ནི་མིང་གི་བདག་ཉིད་དོ། །མེ་ཏོག་དགུག་ཅེས་བྱ་བ་ནི་རིག་མ་དགུག་པ་སྟེ། མེ་ཏོག་གིས་དགུག་པའི་ཕྱིར་མེ་ཏོག་དགུག་ཅེས་བྱའོ། །དེ་ཡང་སྨད་འཚོང་མའི་མགོ་ལ་བཅིངས་པའི་མེ་ཏོག་དང། ཉི་མས་ཕོག་པའི་མེ་ཏོག་དམར་པོ་དང་གཞན ་ཡང་རང་གི་མིག་གཡས་པའི་དྲི་མ་དང། ལྕེའི་དྲེག་པ་དང་མཐེ་བོང་གཡས་པའི་དྲི་མ་ཞང་བ་དང། གཡོན་པའི་སྲིན་ལག་གི་ཁྲག་དང། རང་གི་བྱང་ཆུབ་ཀྱི་སེམས་དང་དེ་རྣམས་ཀྱི་མེ་ཏོག་གཉིས་ཀ་བསྐུས་ཏེ་གོང་དུ་ལྷའི་སྦྱོར་བས་མེ་ཏོག་ལ་མངོན་པར ་བསྔགས་ལ། །སྨད་འཚོད་མའི་མེ་ཏོག་གང་ཞིག་འགུགས་པར་འདོད་པའི་ལུས་སམ་ལག་ཏུ་བྱིན་ནས་མེ་ཏོག་གཅིག་རང་གི་གནས་སུ་གཞག་ན་དེ་མ་ཐག་ཏུ་འགུགས་པར་འགྱུར་རོ། །དེའི་སྦྱོར་བ་ནི་སྐར་མ་དྲ་ཉེའི་ཉིན་པར་བྱའོ། །དེ་ནས་གཞན་ཡང་ཨོཾ་གྱི ་དང་པོ་དང་སྭཱ་ཧཱའི་མཛའ་ཅན་གྱིས་བདུད་རྩིར་གྱུར་པའི་སྔས་ཏེ། དེ་ཡང་བཅུད་ལེན་ཞེས་བྱ་བ་ནི་བདུད་རྩི་ལ་སོགས་པའི་རྫས་སོ། །བྱིན་གྱིས་བརླབ་ཅེས་བྱ་བ་ནི་གོང་དུ་བསྟན་པའི་ལྷའི་ནག་པོ་ཆེན་པོའི་འཁོར་ལོ་དང་ལྡན་པར་བྱས་ཏེ། ཐུགས་ཀའི་འོད་ཟེར་གྱིས ་ཡེ་ཤེས་ཀྱིས་བརླབ་པར་བྱའོ། །སྔགས་ཞེས་བྱ་བ་ནི་དེའི་སྤགས་སོ། །ོཾ་གྱི་དང་པོ་དང་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱའི་མཛའ་ཅན་དེ་ནི་སྤྲོས་སྦྱོར་གྱི་ཆོ་ག་སྟེ། འདིར་མ་བསྟན་སྐབས་སུ་ཤེས་པར་བྱའོ། །དེ་ནས་གཞན་ཡང་ཨོཾ་གྱི་ཐོག་མ་དང་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱའི་མཛའ་ཅན་ཏེ ་དེ་ནི་ཆང་འགུགས་པའི་ཆོ་ག་སྟེ། དེ་ཡང་ཆང་འཚོང་མའི་ཁྱིམ་ནས་ཆང་འཚོང་མའི་རང་བྱུང་དང་དེའི་ཁྱིམ་གྱི་ཆང་ལ་སྣག་ཆ་བྱས་ལ། ཆང་གི་བུམ་པའི་ཞབས་སུ་འཁོར་ལོའི་ཁ་ཏི་གས་བུམ་པ་ལྟ་བུའི་འཁོར་ལོ་དབུས་སུ་མུ་ཁྱུད་དང་བཅས་པར་བྱའོ། །དེ་ནས ་གོང་གི་སྣག་ཚས་འཁོར་ལོ་དབུས་སུ་བཾ་བྲི་བར་བྱའོ། །དེའི་དབུས་ཨཱ་ཀར་ཥ་ཡ་ན་ཛ་ཛ་གཉིས་ཀྱིས་བར་དུ་ཆུད་པར་བྲི་བར་བྱའོ། །དེའི་མུ་ཁྱུད་ལ་ཨོཾ་ལ་སོགས་པའི་སྔགས་བྲི་བར་བྱ། །དེ་ནས་བདུད་རྩི་ལྔའི་མཎྜལ་བྱས་ཏེ་དེའི་སྟེང་དུ་འབའ་ཏྲའི་ཆུན་པོ་ལ ་བུམ་པ་གཞག་པར་བྱའོ། །བུམ་པའི་ནང་དུ་ཆང་གི་རྒྱུ་དང་ལྡན་པར་བྱས་ཏེ། དེ་ནས་འགྲོ་ཕྱོགས་སུ་མངོན་པར་ཕྱོགས་ལ། གོང་གི་ལྷའི་འཁོར་ལོ་བསམ་ཏེ། ཐུགས་ཀའི་གཙོ་བོ་འཁོར་ལོ་སྒྱུར་བྱེད་མ་ལ་སོགས་པའི་ཐུགས་ཀ་ནས་སྤྲུལ་པའི་མཁའ་འགྲོ ་མ་སྤྲོས་ཏེ་གང་ཞིག་ཆང་གནས་པའི་གྲོང་ཁྱེད་དེ་བཀུག་ནས་མདུན་གྱི་ནམ་མཁའ་ལ་དམིགས་ཏེ། ནམ་མཁའ་ཨི་ཆང་གི་བུམ་པའི་ནང་དུ་འདིར་བྲིས་པ་ལྟ་བུའི་འཁོར་ལོ་བསྐྱེད་པར་བྱའོ། །དེ་ནས་བདག་གི་སྔགས་ཀྱི་བཟླས་པ་བྱས་པའི་སྟོབས་ཀྱིས་ནམ་མཁའ་ཨི ་ཆང་གི་བུམ་པའི་ཆང་གི་འཁོར་ལོ་ལས་ཆང་རྒྱུན་བབ་པས་མདུན་གྱི་དུམ་པ་ལ་ཆང་རྒྱུན་མི་འཆད་པར་འབབ་པར་འགྱུར་རོ། །དེ་ནས་གཞན་ཡང་ཨོཾ་གྱི་དང་པོ་དང་ཧཱུཾ་ཧཱུཾ་ཕཊ་སྭཱཧཱའི་མཛའ་ཅན་གྱིས་དུག་ཞི་བར་བྱའོ། །སྦྲུལ་དུག་གསལ་ཞེས་བྱ་བ ་ནི་གོང་དུ་བསྟན་པའི་ལྷའི་འཁོར་ལོ་གསལ་བར་བྱས་ལ་བདག་དང་ཐུགས་ཀའི་སྤྱི་བོར་ཡི་གེ་ཧཾ་དཀར་པོ་ལས་འོད་ཟེར་དཀར་པོ་བྱུང་བ་དང་སྔགས་ཀྱིས་དུག་ཞི་བར་བསམས་པར་བྱའི། །དེ་སྐད་ཅེས་བཀའ་སྩལ་པ་ཞེས་བྱ་བ་ནི་སྔགས་ཀྱི་ལེའུ་ཐུན་མོང ་གི་སྤྱོར་ཀ་བསྟན་ཞེས་བྱ་བའི་དོན་ཏོ། །སྔགས་ཀྱི་ལེའུ་བཤད་པ་སྟེ་གཉིས་པའོ།། །།དེ་ནས་བྱ་བ་ནི་ལྷའི་འཁོར་ལོ་ལ་འཇུག་པར་བྱ་སྟེ། དེ་ལ་དང་པོའི་ཚིག་ཞུས་པ་ནི་ནག་པོ་ཆེན་པོ་ཞེས་བྱ་བ་ནས་གསོལ་ཏོ ་ཞེས་བྱའོ། །གར་ཞིག་སྔགས་ཀྱི་སྦྱོར་བ་རྣམས་ཞེས་བྱ་བ་ནི་ཐུན་མོང་དང་སྦྱོར་བ་ཆེན་པོ་ཡིན་པའི་ཕྱིར་རོ། །སྟོབས་དང་ལྡན་པར་འགྱུར་ཞེས་བྱ་བ་ནི་བསྐྱེད་པའི་རིམ་པ་དང་ལྡན་པའི་ཕྱིར་རོ། །བཤད་དུ་གསལ་ཞེས་བྱ་བ་ནི་དེའི་དོན་དུ་ཞུས་པའོ། །བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་དང་བ་དང་ལྷའི་འཁོར་ལོའི་ཏིང་ངེ་འཛིན་ལ་ཞུགས་ཞེས་བྱ་བའོ། །དང་པོའི་ལྷའི་རྣལ་འབྱོར་གྱིས་ཞས་བྱ་བ་ནས་བཀའ་སྩལ་ཏོ་ཞེས་བྱ་བ་ནི་སྔགས་ཀྱི་དོན་སྦྱོར་ཀ་རྣམས་ཀྱང་ལྟ་བསྐྱེད་པ་དང་ལན་དགོས ་པས་དེ་ཡང་བསྐྱེད་པའི་རིམ་པ་དང་ལྡན་པར་བསྒྲུབ་པའི་ཕྱིར་དེའི་དགོས་པ་མདོར་བསྟན་ཏོ། །དེ་ནས་ཞེས་བྱ་བ་ནས་ཇི་ལྟར་ལགས་ཞེས་བྱ་བའི་བར་དུ་ནི་དེའི་དོན་རྒྱས་པར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། རྫོགས་པར ་བསྐྱེད་ཅེས་བྱ་བ་ནི་བསྐྱེད་པའི་རིམ་པ་མདོར་བསྟན་པའོ། །བཀའ་སྩལ་ཏོ་ཞེས་བྱ་བ་ནི་རྒྱས་པར་བཤད་པའོ། །དུར་ཁྲོད་ལ་སོགས་ཞེས་བྱ་བ་ནི་དུར་ཁྲོད་དང་ཤིང་གཅིག་དང་ཁང་སྟོང་དང་རྒྱ་མཚོའི་གླིང་དང་མཚན་མ་གཅིག་པ་དང་དྲག་པོའི་ཆུ ་འགྲམ་དང། འཐབ་མའི་གནས་དེ་དག་ཏུ་བསྒྲུབ་ཅེས་བྱ་བའོ། །ལུས་བདུད?་རྩི?་ལྔས?་བྱུག་ཅེས་བྱ་བ་ནི་གནས་ལྔར་བདུད་རྩི་ལྔས་ཐིག་ལེ་བྱ་སྟེ། གོང་དུ་བསྟན་པའི་ཡི་གེ་ལྔས་བདག་སྐད་ཅིག་མ་གཅིག་གིས་ལྷའི་ང་རྒྱལ་དུ་བྱའོ། །བདེ་བའི ་བསྟན་ལ་འདུག་ཅེས་བྱ་བ་ནི་དཔའ་བོའི་སེམས་ཀྱི་རོའི་གདན་ལ་འདུག་པའོ། །ོཾ་གྱི་དང་པོ་དང་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱའི་མཛའ་ཅན་གྱིས་ནི་རྡོ་རྗེའི་གོ་ཆའི་བདག་ཉིད་དོ། །ལན་གསུམ་དུ་ནི་བསྲུང་བར་བྱ་ཞེས་བྱ་བ་ནི་བདག་དང་ཞེས་ལ་སོགས་པའི ་དོན་ཏོ། །དེ་མ་ཐག་ཏུ་ཞེས་བྱ་བ་ནི་ལུས་བདུད་རྩིས་བྱུགས་ནས་བདེ་བའི་སྟན་ལ་འདུག་པ་ཞེས་བྱ་བ་ནི་དྲི་མ་ཐག་ཏུའོ། །སྙིང་ཀར་ཞེས་བྱ་བ་ནི་པདྨ་དང་ཉི་མའི་དཀྱིལ་འཁོར་རོ། །ཧཱུཾ་ནི་ཧཱུཾ་འོད་ཟེར་ལྔ་དང་ལྡན་པ་སྟེ། གདུག་པ་བསལ་ནས་ཞེས་བྱ་བ ་ནི་སེམས་ཅན་ཐམས་ཅད་འོད་ཟེར་གྱིས་ནག་པོ་ཆེན་པོའི་རང་བཞིན་དུ་བྱས་པའོ། །བླ་མ་དང་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །ཚོགས་བསག་པའི་ཕྱིར་མཆོད་པར་བྱའོ། །དེ་ཡང་ཨུ་ཀྵེ་པའི་མེ་ཏོག་ལ་སོགས་པས་སོ། །དེ་ཡང་དེ་ཉིད་གསུམ ་གྱིས་བྱིན་གྱིས་བརླབས་ལ་ཨི་དཾ་གྱི་སྔགས་ཀྱིས་མཆོད་པར་བྱའོ། །སྡིག་པ་བཤགས་ཞེས་བྱ་བ་ནི་སྡིག་པ་བྲལ་བ་ཉིད་ཚོགས་ཀྱིས་མཆོག་ཡིན་པས་ན་སྡིག་པ་བཤགས་པའོ། །བསགས་ཞེས་བྱ་བ་ནི་བཤགས་པ་དང་མི་བྱེད་པའི་སྡོམ་པ་དང། ་རྔེས་སུ་ཡི་རང་བ་དང། སྐྱབས་སུ་འགྲོ་བ་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང། དགེ་བའི་རྩ་བ་བསྔོ་བའོ། །དེ་དག་ཀྱང་གདུག་པ་འདུལ་བ་དང། སངས་རྒྱས་ཀྱི་བསྟན་པ་ཡུན་རིང་པོ་གནས་པར་བྱ་བའི་ཕྱིར་བསོད་ནམས་སུ་འགྱུར་བའོ། །ནག་པོ ་ཆེན་པོའི་སྟོབས་ཀྱིས་ཞེས་བྱ་བ་ནི་ཚོགས་བསགས་པའི་དཀྱིལ་འཁོར་བདག་ལ་བསྟིམ་པར་བྱའོ། །བྱམས་པ་ལ་སོགས་པ་ཞེས་བྱ་བ་ནི་བདེ་བ་ཐོབ་པར་འདོད་པའི་བྱམས་པ་དང། སྡུག་བསྔལ་ལས་སྐྱོབ་པར་འདོད་པའི་སྙིང་རྗེ་དང། བདེ་བ་བཅན་པ ་དང་དྲོད་ཐོབ་པའི་དགའ་བ་སྟེ། བརྟགས་པའི་དངོས་པོ་ལ་མཉམ་པར་བལྟ་བས་??་སྙོམས་སོ། །དེ་ནས་དངོས་པོ་ཐམས་ཅད་གྱི་པོ་ཁོ་ན་ཉིད་ལ་བལྟ་བར་བྱ་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་དེ་གདོད་མ་ནས་མ་སྐྱེས་པས་ཏེ། དེ་ཡང་ཤཱུ་ནྱ་ཏཱས་བསལ་བར་བྱེད ་པས་ན་བསལ་བའི་རང་ཞེས་བྱའོ། །དེ་ཡང་ཐུགས་ཀའི་འོད་ཟེར་གྱིས་དངོས་པོ་??། སརྤུལ་པ་བསལ་ནས་ཤཱུ་ནྱ་ཏཱའི་སྔགས་ཀྱིས་སྟོང་པ་བསལ་བར་བྱ་སྟེ། གཞག་ཅེས་བྱ་བ་ནི་མ་བཅེས་པའི་ངང་ལ་གཞག་པའོ། །འདི་བསྐྱེད་པའི་རྫོགས་པ་སྟེ ་སྤྲོས་བར་མ་བྱས་པའོ། །སྟོང་དང་མི་སྟོང་ཞེས་བྱ་བ་ནི་རྫོགས་པའི་རྫོགས་པ་སྟེ་འབྲས་བུ་ཆེན་པོའི་སྐབས་སུ་བསྟན་ཏོ། །སྟོང་པ་ཉིད་ལས་ཡི་གེ་པོཾ་ཞེས་བྱ་བ་ནི་སྲུང་བའི་འཁོར་ལོ་སྟེ། གཟུང་བ་རྣམ་པར་དག་པའོ། །དབུས་སུ་ཆོས་ཀྱི ་འབྱུང་གནས་བསམ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་འཛིན་པ་རྣམ་པར་དག་པ་སྟེ། རོའི་གདན་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་མ་སྐྱེས་པའོ། །ཟླ་བ་དང་ཞེས་བྱ་བ་ནས་བཞེངས་ཞེས་བྱ་བ་ནི་ཡེ་ཤེས་ལྔའི་བདག་ཉིད་དེ་མངོན་པར ་བྱང་ཆུབ་པས་སྐུ་རྫོགས་པའོ། །ཞལ་གཅིག་པ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ལས་མ་གཡོས་པའི་ཕྱིར་རོ། །ཕྱག་གཉིས་པ་ཞེས་བྱ་བ་ནི་རྟག་པ་དང་ཆད་པའི་མཛའ་སྤོང་བའོ། །གྲི་གུག་གཅེས་བྱ་བ་ནི་མ་རིག་པ་ལ་སོགས་པའི་ཉོན་མོངས་པ་ཡོངས་སུ ་གཅོད་ཅིང་གདུག་པ་འདུལ་བའི་ཕྱིར་རོ། །ཐོད་པ་འཛིན་པ་ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོའི་རོས་གང་བའི་བདུད་ཀྱི་ཁྲག་འཐུང་བར་བྱེད་པའོ། །སྤྱན་གསུམ་ཞེས་བྱ་བ་ནི་དུས་གསུམ་གྱི་བསྟན་པ་བསྲུང་བར་བྱེད་པའོ། །མེ་མདག་གི་ཕུང་པོ་ཞེས་བྱ་བ་ནི ་བགེགས་བསྲེགས་པའོ། །དབུ་སྐྲ་གྱེན་དུ་འཁྱིལ་ཞེས་བྱ་བ་ནི་ཁམས་གསུམ་གྱི་བདུད་ལས་རྒྱལ་བའོ། །ཁ་ནས་ཁྲག་འཛག་ཅེས་བྱ་བ་ནི་གདུག་པ་ལ་ཆགས་ཤིང་རྣལ་འབྱོར་པའི་རྒྱུད་སྲུང་པ་ལ་ཆགས་ཤིང་མི་སྤོང་བའོ། །སྟག་གི་ཤམ་ཐབས ་ཞེས་བྱ་བ་ནི་གདུག་པ་སྣ་ཚོགས་པ་འདུལ་བའི་ཕྱིར། །ཀླུ་ཆེན་པོ་བརྒྱན་གྱིས་ཡན་ལག་བརྒྱན་ཞེས་བྱ་བ་ནི་ཅོད་པན་ལ་ནོར་རྒྱས་སོ། །མགྱུར་ཚུལ་འཇོག་པོའོ། །རྣ་བ་གཡས་པ་ལ་སྟོབས་ཀྱི་རྒྱུ། གཡོན་པ་ལ་པདྨའོ། །ཕྱག་གདུབ་གཡས ་པ་ལ་པདྨ་ཆེན་པོ། གཡོན་པ་ལ་ཏུ་ལུ་ཏོ?། །ཞབས་གདུང་??་ཕལ་རི་ཟླས་ལྡན་ནོ། །གཡོན་པ་ལ་??་སྐྱོ་??་དེ་དག་ནི་དབང་ཕྱུག་བདག་གི་བདག་ཉིད་དང་དངོས་གྲུབ་ཆེན་པོ་བརྒྱད་སྦྱིན་པའི་ཕྱིར། བརྒྱ་ཕྱེད་ཐོད་པའི་ཕྲེང་བས་ཞེས ་བྱ་བ་ནི་ཡི་གེ་ལྔ་བཅུའི་སྔགས་ཀྱི་བདག་ཉིད་དེ། དེ་ལྟར་རྫོགས་པར་བསྐྱེད་ཅེས་བྱ་བ་ནི་དམ་ཚིག་སེམས་དཔའ་རྫོགས་པར་བསྐྱེད་པའོ། །རང་གི་སྙིང་གར་ཞེས་བྱ་བ་ནས། ཛ(རྒྱུད་འགྲེལ་གཞུག་བྱ་བ་སྟེ་གོ་སླའོ། །ཐུགས་ཀའི་འོད་ཟེར་ཞེས་བྱ་བ་ནི་ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་ལྟ་བུ་སྤྲོས་ཏེ། དེ་བཞིན་གཤེགས་པ་དང་རིག་པའི་ལྷ་མོ་དང། བྱང་ཆུབ་སེམས་དཔའ་དང། ཁྲོ་བོའི་རྒྱལ་པོ་ལ་སོགས་པ་བཀུག་ལ་མཆོད་པར་བྱ་སྟེ ་གསོལ་གདབ་པ་དང་དབང་བསྐུར་བར་དམིགས་ཏེ་བདེ་བ་ཆེན་པོར་བུམ་པའོ། །མགྲིན་པར་གསད་བའོ། །སྙིང་གར་ཤེས་རབ་ཡེ་ཤེས་སོ། །ལྟེ་བར་བཞི་པ་མཐར་ཐུག་པར་བསླང་བར་བྱའོ། །དེ་ཡང་སྟོང་མིན་ཞེས་བྱ་བ་འབྲས་བུ་ཆེན་པོར་བསྟན་པའོ ་ཚིག་གི་དོན་ཤེས་པར་བྱའོ། །དེའི་མཛའ་འཁོར་རྣམས་མི་བསྐྱོད་པ་ལ་འདུས་ལ། མི་བསྐྱོད་པ་དབུ་རྒྱན་དུ་ཞུགས་སོ། །དེ་ནས་འདིར་སོ་སོ་སྐྱེ་བོ་རྨོངས་པར་བྱ་བའི་ཕྱིར། མདུན་བསྐྱེད་རིང་དུ་སྤང་བ་སྟེ། དེ་ཡང་ཤིན་ཏུ་སྤང་བར་བྱ་བའི་ཕྱིར་རོ། །དེ་ཉིད ་རིགས་རྣམས་ཀྱིས་ནི་འདིར་བསྐྱེད་པར་ཤེས་པར་བྱའོ། །དུར་ཁྲོད་ཀྱི་མགལ་པ་ཞེས་བྱ་བ་ནི་ལྷའི་རྟེན་ཏེ་རབ་གནས་བྱས་པའོ། །སྐུ་མཐོ་གང་ཞེས་བྱ་བ་ནི་གསང་བའི་སྐུ་ཡིན་པའི་ཕྱིར་རོ། །དུར་ཁྲོད་ཀྱིས་ཞེས་བྱ་བ་ནས་བསྟིམ་པར་བྱ་ཞེས་བྱ་བ་ནི ་གོ་སླའོ། །དྲེ་ནས་ཞེས་བྱ་བ་ནི་ཚོགས་??་པ་ལ་འཇུག་པ་སྟེ། དེ་ཡང་གཙོ་བོའི་དམ་ཚིག་ལས་མི་འགལ་བ་དང། འཁོར་གྱི་ཚོགས་ཐོབ་པར་བྱ་བའི་ཕྱིར་གཙོ་བོ་ལས་སྤྲུལ་པའི་ནག་པོ་ཆེན་པོ་ལས་མཆོད་པ་དང་སྡིག་པ་བཤགས་པ་ལ ་སོགས་པ་བྱའོ། །དེའི་བྱེ་བྲག་ཏུ་དབྱེ་བ་ནི་གོར་དུ་བསྟན་པ་བཞིན་ནོ། །བསམ་གཏན་གཅིག་པར་འགྱུར་ཞེས་བྱ་བ་ནི་གོང་དུ་སྤྲུལ་པའི་ནག་པོ་དེ་ཡན་ལག་བདུན་པ་ཚང་བ་དང། མདུན་གྱི་ནག་པོ་ཆེན་པོ་ལ་ཐིམ་ནས་བསམ་གཏན་གཅིག་ཏུ ་འགྱུར་ཞེས་བྱའོ། །ཚངས་པའི་གནས་བཞི་ཞེས་བྱ་བ་ནི་དེའི་རྒྱུད་ཀྱིས་བསྒོམ་པར་བྱ་སྟེ་གོང་དུ་བསྟན་པ་བཞིན་ནོ། །དེ་མ་ཐག་ཏུ་ཞེས་བྱ་བ་ནི་ཚངས་པའི་གནས་བཞི་བསྒོམས་པའི་དེ་མ་ཐག་ཏུ་རྒྱུ་བའི་འཁོར་ལོ་སྒྱུར་དུ་བཟུང་བའི ་ཕྱིར་རོ། །དེ་ཡང་གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས་ཕོག་པས་ནག་པོ་ཆེན་པོ་ཚུར་བསྡུས་ཏེ། ཞལ་དུ་ཞུགས་ནས་གཙོ་བོའི་ཐུགས་ཀའི་ཧཱུཾ་ལ་ཞུགས་པའོ། །དེ་ནས་ཐུགས་ཀ་ནས་རྒྱུ་བའི་བཀའ་སྡོད་ཀྱི་འོད་ཀྱི་གོང་བུའི་ནང་དུ་སྐུ་མཐོ་གང ་ཚད་དུ་གྱུར་པ་བྱུང་སྟེ། དེ་ནས་འབྲས་བུའི་འཁོར་དུ་བསྒྲུབ་པའི་ཕྱིར་སྟོང་པ་ཉིད་དུ་བསམ་ཞེས་བྱའོ། །དེ་ཡང་གཙོ་བོའི་ཐུགས་ཀའི་འོད་ཟེར་གྱི་རྒྱུའི་བཀའ་སྡོད་ལ་ཕོག་པས་འོད་དུ་ཞུ་ནས་ཡི་གེ་གསུམ་གྱི་བདག་ཉིད་དུ་གྱུར་ཏེ། ཡི་གེ་གསུམ་ཡང་རང ་བཞིན་མེད་པའི་ཕྱིར་སྟོང་པ་ཉིད་ཅེས་བྱའོ། །སྟོང་པ་ཉིད་ལས་ཞེ་བྱ་བ་ནི་??་བོའི་དམ་ཚིག་ལས་མི་འདའ་བ་དང། སེམས་བསྐྱེད་པའི་སྟོས་ཀྱིས་སྟོང་པ་ཉིད་ལས་སྐུ་བཞེངས་པའི་ཕྱིར་རོ། །དེ་ཡང་རྡོ་རྗེ་བྲག་ལ་སོགས་པ་སྟེ་གོ་སླའོ། །སྐུ་རྫོགས་པ ་ཞེས་བྱ་བ་ནི་དམ་ཚིག་སེམས་པའི་སྐུ་རྫོགས་པ་སྟེ། ཐུགས་ཀའི་འོད་ཟེར་ཞེས་བྱ་བ་ནི་དེ་ཡང་དབང་བསྐུར་ལ། གཙོ་བོ་དང་དེ་ཉིད་ཀྱིའོ། །སྤྱན་དྲང་ཞེས་བྱ་བ་ནི་ཕྱག་རྒྱ་བཞིས་སོ། །དུར་ཁྲོད་ཀྱི་ནག་པོ་ཆེན་པོ་ཞེས་བྱ་བ་ནི་དམ་ཚིག་སེམས་དཔའ་ཨོ། ། ་ནག་པོ་དང་གཉིས་སུ་མེད་པར་ཞེས་བྱ་བ་ནི་རང་བཞིན་གྱི་ནག་པོ་གོང་གི་ཕྱག་རྒྱ་བཞིས་བསྟིམ་པའོ། །དམིགས་པར་བྱས་ལ་ཞེས་བྱ་བ་ནི་དེ་ཡང་དབང་བསྐུར་ལ། ཕྱིའི་སྙིང་པོ་ཐུགས་ཀ་ནས་ཐུགས་ཀར་བརྒྱ་ཕྲག་གཅིག་བསྟིམ་པར་བྱའོ། །མཆོད ་པ་དང་གཏོར་མ་ཞེས་བྱ་བ་ནི་རྩ་བའི་སྔགས་ཀྱིས་འབུལ་ལོ། །བཀའ་སྡོད་ཀྱི་ནག་པོ་ཆེན་པོ་ཞེས་བྱ་བ་ནི་སུ་སྨི་ཏིའི་སྔགས་ཐུགས་ཀ་ནས་ཐུགས་ཀར་བརྒྱ་ཕྲག་གཅིག་བསྟིམ་པའི་ཕྱིར་རོ། །སྔགས་ཀྱི་བཟླས་པ་བྱས་ནས་ཞེས་བྱ་བ་ནི་ནང་གི་སྲོག་གི་སྙིང ་པོས་བསྙེན་པ་བསྐྱལ་ལོ། །དུས་གསུམ་དུ་ཞེས་བྱ་བ་ནི་གོ་སླའོ། །དེ་ལྟར་བསྙེན་པའི་མཚན་མ་ཐོབ་པ་དང། ལས་ལ་སྦྱར་བར་བྱས་ཏེ། མཚན་མ་མ་ཐོབ་པས་ནི་མ་ཡིན་ནོ། །འཇིག་རྟེན་པས་འཕྱ་བར་འགྱུར་བའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ ་ཞེས་བྱ་བ་ནི་ལྷའི་འཁོར་ལོ་རྫོགས་པས་ཞེས་བྱ་བའི་དོན་ཏོ། །གསོལ་བ་ཞེས་བྱ་བ་ནི་གཙོ་བོ་ལས་ཏེ། དེ་ཡང་ལྷའི་ཆོ་ག་རྫོགས་པར་བྱས་ནས་ཞེས་བྱ་བ་ནི་མཚན་མ་ཉེད་ནས་ཞེས་བྱ་བའི་དོན་ཏོ། །ལས་ཀྱི་སྦྱོར་བ་ཇི་ལྟར་ལགས་ཞེས་བྱ་བ་ནི་ལས་སྦྱོར ་གྱི་ཁྱད་པར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནི་གཙོ་བོའི་ལས་ཀྱི་འཁོར་ལོའི་ཏིང་ངེ་འཛིན་ལ་ཞུགས་ཞེས་བྱ་བའི་དོན་ཏོ། །ལས་ཀྱི་ཆོ་ག་རྣམས་ཞེས་བྱ་བ་ནས་ཐམས་ཅད་འགྲུབ་པར་འགྱུར་ཞེས་བྱ་བ་ནི་མདོར་བསྟན་པ་སྡེ ་གོ་སླའོ། །དེ་ནས་ནག་པོ་ཆེན་པོས་གསོལ་པ་ཞེས་བྱ་བ་ནི་ལས་ཀྱི་ཆོ་ག་ཉེ་བར་ཞུས་པའོ། །དེ་ཡང་གང་ཞེ་ན། གནས་དང་ལིང་ག་བཅས་པ་དང། དུས་དང་བསད་པའི་སྦྱོར་བ་ཞེས་བྱའོ། །དེའི་ཁྱད་པར་ནི་འདི་ལྟ་སྟེ། ཆུ་འགྲམ་གྱི་དུར་ཁྲོད་ཅས ་བྱ་བ་ནི་ཆུ་གསུམ་འདུས་པའི་མདོ་ན་གནས་པའོ། །ཤིང་གཅིག་ཅེས་བྱ་བ་ནི་ཤིང་གཉིས་མེད་པའོ། །རོ་བསྲེག་པའི་དུར་ཁྲོད་ཅེས་བྱ་བ་ནི་རོ་བསྲེགས་པའི་ས་གཞི་འམ་མེ་ཐབ་འདྲ་པའི་ཁང་སྟོང་ཡིན་པའི་ཕྱིར་རོ། །མཁའ་འགྲོ་མའི་ཁང་སྟོང་ཞེས ་བྱ་བ་ནི་ཚངས་མ་ལ་སོགས་པའི་མ་མོ་བརྒྱད་གནས་པའི་ཁང་སྟོང་ངོ། །རྒྱ་མཚོའི་གླིང་ཞེས་བྱ་བ་ནི་གླིང་ན་གནས་པའི་དུར་ཁྲོད་དོ། །རིའི་རྩེ་མོ་ཞེས་བྱ་བ་ནི་རི་གཞན་པས་མཐོ་ཞིང་ཟུར་གསུམ་པ་གནས་པའི་རྩེ་མོའོ། །མཧཱ་དེ་བ་གནས་པའི ་ལིང་ལ་ཞེས་བྱ་བ་ནི་མཧཱ་དེ་བ་ལ་སོགས་པའི་རོལ་པའི་ལྷ་རྟེན་ཡོད་པའོ། །གསལ་ཞིང་གི་ནགས་ཚལ་ཞེས་བྱ་བ་ནི་གསལ་ཤིང་ལ་བསོགས་པའི་ཆོར་མ་ཡོད་པའི་དུར་ཁྲོད་དོ། །གནས་དེ་དག་ཅེས་བྱ་བ་ནི་ཁྱད་པར་གྱི་གནས་ཏེ་མྱུར་དུ་འགྲུབ ་པའི་ཕྱིར་རོ། །འགྲུབ་པར་བྱ་ཞེས་པ་ནི་གོང་དུ་བསྟན་པའི་སྦྱོར་ཀ་དེ་དག་ཀྱང་གནས་དེ་དག་ཏུ་བསྒྲུབ་པར་བྱའོ། །དེ་ནས་ཞེས་བྱ་བ་ནི་གནས་དེ་དག་ཏུ་སྦྱོར་ཀ་ལ་འཇུག་པའི་ཕྱིར་དེ་ནས་དེ་ཞེས་བྱའོ། །དེ་ཡང་དང་པོའི་ལིང ་གའི་རྒྱུ་སྟ་གོན་ལ་གནས་པར་བྱ་སྟེ། ལིང་གའི་རྒྱུ་ནི་ཚ་བ་གསུམ་ཞེས་བྱ་བ་ནས། བག་ཟན་ཞེས་བྱ་བར་དུའོ། །བརྩིགས་པ་ཞེས་བྱ་བ་ནི་བསྒྲུབ་བྱའི་རྣམ་པར་སྣང་མཛད་དང། ཁྭ་ཏ་དང་མཆེ་པ་སྟོབས་ཅན་གྱིས་ཟོས་པའི་འཕྲོ་དད། བདུད ་རྩི་ལྔ་དང། ཕྱིའི་ཆེ་བ་གསུམ་དང། དེ་དག་བཀྲ་མི་ཤིས་པའི་ཐོད་པར་བླུགས་ལ། སྣ་ཚོགས་པའི་དུག་ལ་མཎྜལ་བྱས་ལ་བཀའ་སྡོད་ཀྱི་མདུན་དུ་གཞག་པར་བྱའོ། །དེ་ནས་བདག་ཉིད་ལྷའི་འཁོར་ལེ་རྫོགས་པར་བསྐྱེད་ལ། དེ་ནས་བཀའ་ ་སྔོད་ཀྱི་འཁོར་ལོ་བསྐྱེད་པར་བྱ་སྟེ། དེ་ཡང་ཐུགས་ཀའི་འོད་ཟེར་གྱིས་ལིང་གའི་རྒྱུ་རང་བཞིན་མེད་པར་བྱས་ལ། ཁཾ་ལས་བྱུང་བའི་རྡོ་རྗེའི་བྲག་གི་སྟེང་དུ་པདྨ་དང་ཉི་མའི་དབུས་སུ་ཧཱུཾ་ལས་བྱུང་བའི་ནག་པོ་ཆེན་པོ་ལ་སོགས་པའི་མཁའ་ ་འགྲོ་མ་གསུམ་བསྐྱོད་པར་བྱ་སྟེ། དེ་ཡང་མཁའ་འགྲོ་མ་ནི་ཡིད་འཕྲོག་མ་ལ་སོགས་པ་གསུམ་སྟེ། ཞལ་གཅིག་མ་ཕྱག་གཉིས་མ་ལ་སོགས་པ་སྐུ་མདོག་དཀར་སེར། སྤྱན་གསུམ་པ་འཇིགས་པའི་གཟུགས་ཅན། ཕྱག་ན་ལྕགས ་ཀྱུ་དང་ཞགས་པ་འཇིན་པའོ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས་རང་བཞིན་གྱི་འཁོར་ལོ་བསྟིམ་པ་དང། དབང་བསྐུར་བ་ལ་སོགས་པ་བྱ་སྟེ། དེ་ནས་ཕྱིའི་སྲོག་གི་སྙིང་པོ་སོ་སོའི་ཐུགས་ཀར་ཁྱབ་པར་བྱའོ། །དེ་ནས་མཆོད་པ་དང ་གཏོར་མ་ཡང་བྱས་ཏེ་དམ་ཚིག་གི་ཆོ་ག་བྱས་ལ་ནང་གི་སྲོག་གི་སྙིང་པོ་བསྙེན་པ་བསྐྱལ་བར་བྱའོ། །དེ་ནས་བཀའ་སྔོད་ཀྱི་མདུན་དུ་མེའི་དཀྱིལ་འཁོར་གྱི་དབུས་སུ་ལང་གའི་རྒྱུ་གསལ་བར་དམིགས་ལ། བདག་དང་མཁའ་འགྲོ་མའི་ཐུགས་ཀ ་ནས་སྤྲུལ་པའི་གཟུགས་ལྕགས་ཀྱུ་དང་ཞགས་པ་ཅན་མང་དུ་སྤྲོས་ཏེ། བསྒྲུབ་བྱ་དགུག་གཞུག་གི་སྐྱོར?་བ་དང་ལྡན་པར་བྱ་སྟེ། དེ་ལྟ་ཕུའི་ཆོ་ག་ནི་ལིང་གའི་རྒྱུའི་ཆོ་ག་སྟེ་ཐམས་ཅད་དུ་སྔོན་དུ་འགྲོ་བའོ། །ཡི་གེ་དང་ལྡན་པར་བྱ་བ་ཞེས་བྱ་བ་ནི་མིང་དང་རུས ་ཀྱི་ཡི་གེ་གསང་བའི་སྔགས་དང་ཧཱུཾ་གཉིས་ཀྱི་བར་དུ་གཞུག་གོ། །དེ་ལྟར་ལིང་གའི་ཆོ་ག་རྫོགས་པ་དང་དེ་ནས་ཐིག་ལེ་གཞོམ་པར་བྱ་སྟེ། དེའི་ཚེ་ཞེས་བྱའོ། །དེའི་ཡང་ནག་པོའི་ཕྱོགས་གཉིས་ལ་སྔོན་དུ་འགྲོ་བར་བྱ་སྟེ། ཐིག་ལེ་ཤར་བའི་ཚེས་གཅིག་ནས ་འཇུག་པར་བྱ་སྟེ། དེ་ཡང་དང་པོར་བདག་ཉིད་ལྷའི་འཁོར་ལོ་རྫོགས་པར་བྱས་ལ། གཙོ་བོའི་མདུན་དུ་བཀའ་སྡོང་ཀྱི་འཁོར་ལོ་བསྐྱེད་པར་བྱ་སྟེ། རྡོ་རྗེ་བྲག་ལ་སོགས་པ་ནི་གོང་དུ་བསྟན་པ་བཞིན་ནོ། །དེ་ནས་བཀའ་སློད?་ཀྱི་འཁོར་ལོ་ནི་དུད་སྐྱོང་ལ་?? ་པའི་འཁོར་སྐུ་མདོག་ནག་མོ་ཞལ་གཅིག་ཕྱག་གཉིས་མཆེ་བ་གཙིགས་མ། ཁ་ནས་ཁྲག་འཛག་མའོ། །གཡས་པ་ན་ཐོད་པ་འཛིན་པ། གཡན་པ་ན་ཕུར་བུ་འཛིན་པའོ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས་ལྷའི་འཁོར་ལོ་བསྟིམ་པ་ནས་བསྙེན་པའི ་བར་དུ་གོང་དུ་བསྟན་པ་བཞིན་ནོ། །འདིར་མ་བསྟན་ཏེ་ཟློས་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །དེ་ནས་གཙོ་བོ་དང་མཁའ་འགྲོ་མ་ཐུགས་ཀ་ནས་སྤྲུལ་པའི་མཁའ་འགྲོ་མ་ལྕགས་ཀྱུ་དང་ཞགས་པ་འཛིན་པ་མང་དུ་སྤྲོས་ཏེ་བསྒྲུབ་བྱ་དགུག་གཞུག་གི་སྦྱོར་བ་དང ་བརྒྱ་ཕྲག་གཅིག་ཏུ་བྱ་སྟེ་དེ་ནས་བསད་པའི་སྦྱོར་བ་བྱ་བ་ནི་གཙོ་བོ་དང་མཁའ་འགྲོ་མའི་ཐུགས་ཀ་ནས་སྤྲུལ་པའི་གཟུགས་ཕུར་བུ་དང་ཐོ་བ་ལ་སོགས་པ་མང་དུ་སྤྲོས་ཏེ་ཐིག་ལེའི་གནས་སུ་དེ་དག་གི་གསད་པའི་སྔགས་བརྗོད་ཅིང་ཕུར་བུས་འདེབས ་ཤིང་ཐོབས་བརྡུངས་པའི་བསམ་པ་རང་ལྡན་པར་བྱའོ། །བརྒྱ་ཕྲག་གཅིག་ཏུ་གསད་པར་བྱའོ། །ཤིག་གསུམ་ཅུ་རྩ་གཉིས་ཞེས་བྱ་བ་ནི་ཐིག་ལེ་ནི་སྲོག་རྒྱུ་བའི་རྩ་སྟེ། བྱང་ཆུབ་སེམས་ཀྱི་རང་བཞིན། །དེ་ཡང་བདེ་བ་ཆེན་པོའི་གནས་ནས་རྩ་སུམ་ཅུ་རྩ་གཉིས་ཀྱི ་བདག་ཉིད་དེ་སུམ་ཅུ?་རྩ་གཉིས་ཞེས་བྱ་བ་ནི་འཕེལ་བ་དང་འགྲིབ་པའི་ཁྱད་པར་གྱིས་གཡས་གཡོན་དུ་གནས་སོ། །དེ་ཡང་གཡོན་པའི་མཐེ་བོང་དང། བོལ་གོང་དང་ལོང་བུ་དང་བྱིན་སྙིང་དང། སྒྱིད་ཁུང་དང། གཉན་གོང་དང་བརླའི་རྩ་དང། མཚན ་མ་དང་ལྷེ་བ་དང། མཆན་ཁུང་དང་སྙིང་ག་དང། རྩེ་ཆུང་དང། ཁ་སྣ་དང་རྣ་བ་དང། མིག་གཡོན་པ་དང། མཛོད་སྦུ་དང། དེ་དག་བཅུ་དྲུག་ནི་འཕེལ་བའི་ཐིག་ལེ་ཏེ་དཀར་པོའི་ཚེས་གཅིག་ནས་སོ། །ཚངས་པའི་བུ་ག་ལ་སོགས་ཏེ། གཡས་པའི་མཐེ་བོང ་གི་བར་དུ་གནས་བཅུ་དྲུག་ནི་གོང་མ་དང་འདྲ་སྟེ་འགྲིབ་པའི་ཐེག་ལེ་ཡིན་པའི་ཕྱིར་ནག་པོ་ཆོས་གཅིག་ནས་བཅུ་གཅིག་གི་བར་དུའོ། །གནས་དེ་དག་ཏུ་བསྙེན་པ་དང། ལས་སྦྱོར་ཐུན་མོང་དུ་བྱ་བ་ནི་ཐིག་ལེ་རེ་རེ་ཞིང་ཚེས་གྲངས་ཀྱི་བྱེ་བྲག་གིས་ཞག་རེ་རེ ་གསང་པར་བྱའོ། །གསལ་ཤིང་གི་ཚེར་མ་ཞེས་བྱ་བ་ནས་བཙན་དུག་གི་བསྣུན་པར་བྱ་ཞེས་བྱ་བ་ནི་བསད་པའི་ཁྱད་པར་གྱིས་རྫས་ཏེ་གོ་སླའོ། །བསམ་གཏན་དང་ཞེས་བྱ་བ་ནི་གཙོ་བོ་དང་མཁའ་འགྲོ་མའི་ཐུགས་ཀ་ནས་སྤྲུལ་པའི་ཚོགས་ཀྱིས ་བསད་བའི་ལས་རྒྱན་མི་འཆད་པར་བྱེད་པའི་ཕྱིར་རོ། །སྔགས་ཀྱིས་ཞེས་བྱ་བ་ནི་གསང་བའི་སྔགས་ཀྱིས་སོ། །དུས་ཞེས་བྱ་བ་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །བདུན་ནམ་ཞེས་བྱ་བ་ནི་ཐུན་མོང་མ་ཡིན་པའི་དུས་སོ། །ཞག་བདུན་གྱིས་ལས་སྦྱོར་རྫོགས ་པའོ། །དེ་ཡང་ཐུན་རེ་རེའི་ཐིག་ལེའི་གནས་སུམ་ཅུ་རྩ?་གཉིས་ཀར་བསད་བའི་ལས་སྦྱོར་རྫོགས་པར་བྱ་སྟེ། ཐུན་དྲུག་གི་ཁར་གསད་པའི་སྦྱིན་སྲེག་གིས་ཁ་བསྐང་བར་བྱའོ། །སུམ་ཅུ་རྩ་གཉིས་ཞེས་བྱ་བ་ནི་བསྙེན་པ་དང་ལས་སྦྱོར་ཐུན་མོ་སྟེ་བསྙེན་པ་??་ཡོན་ལ་??་སྦྱོར ་ཡིན་པའི་ཕྱིར་རོ། །དེ་ནས་གཞན་ཡང་ཞེས་བྱ་བ་ནི་ཉེ་བར་བསྒྲུབ་པ་ལ་འཇུག་པར་བྱ་སྟེ་མཐུན་པའི་དམ་རྫས་བཀའ་སྡོད་ཀྱི་འཁོར་ལོ་མྱུར་དུ་འགྲུབ་པའི་ཕྱིར། དཔལ་ནག་པོ་ཆེན་པོའི་བསམ་གཏན་སྐད་ཅིག་གི་བྱ་སྟེ། ཞེས་བྱ་བ་ནི་དང་པོ་སྣ་ཚོགས ་པའི་དུག་དང་བདུད་རྩི་ལྔ་དང་ཤ་ལྔ་དང་ཆང་གི་ཡོངས་སུ་སྦྱར་ཏེ་རི་ལུ་བྱའོ། །དེ་ནས་ཐོད་པ་རབ་གནས་བྱས་པའི་ནང་དུ་གཞག་སྟེ་དུར་ཁྲོད་ཀྱི་རས་ཀྱིས་ཁ་བཀབ་ལ་བདུད་རྩི་ལྔའི་མཎྜལ་ལེགས་པར་བྱས་པའི་སྟེང་དུ་གཞག་ལ་བདག་ལྷའི་འཁོར་ལོ་རྫོགས་པར་བྱ་སྟེ། དེ་ནས ་བདག་གིས་ཐུགས་ཀའི་འོད་ཟེར་གྱིས་ཐོད་པ་དང་ལ་དུ་རང་བཞིན་མེད་པར་དམིགས་ལ། དེར་ཁཾ་ལས་བྱུང་བའི་རྡོ་རྗེའི་བྲག་བསམ་པར་བྱ་སྟེ། བྲག་གི་སྟེང་དུ་ཨའི་རྣམ་པ་ལྟ་བུའི་ཆོས་ཀྱི་འབྱུང་གནས་བསམ་པར་བྱ་སྟེ། དེའི་དབུས་སུ་པདྨ་དང་ཉི་མ་བསམ་པར་བྱ་སྟེ། དེའི ་སྟེང་དུ་ཧཱུཾ་ལས་སྐྱེས་པའི་ལྷའི་འཁོར་ལོ་བསྐྱེད་པར་བྱ་སྟེ། དེ་ཡང་ནམ་མཁའ་ཨི་འཁོར་ལོ་མ་ལ་སོགས་པ་གསུམ་བསྐྱེད་པར་བྱ་སྟེ། ཞལ་གཅིག་མ་དང་ཕྱག་གཉིས་མ། སྐུ་མདོག་ནམ་མཁའ་ཨི་མདོག་ཅན་མ་སྤྱན་གསུམ་མ། ཕྱག་ན་རྡོ་རྗེ་དང་ཐོད་ཁྲག་འཛིན་པ་ཏེ། དེ་ནས ་ཐུགས་ཀའི་འོད་ཟེར་གྱིས་རང་བཞིན་གྱི་འཁོར་ལོ་བསྟིམ་པ་ལ་སོགས་ཏེ་དམ་ཚིག་གི་བར་དུ་བྱའོ། །དེ་ནས་འཁོར་ལོའི་ཐུགས་ཀར་ཟླ་བ་དང་ཉི་མའི་སྟེང་དུ་རེ་ཕ་ལས་ལ་དུའི་གྲངས་ཀྱི་ཉི་མའི་དཀྱིལ་འཁོར་བསམ་པར་བྱ་སྟེ། ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ ་ཡོངས་སུ་གྱུར་པ་ལས་འོད་ཀྱི་གོང་བུ་གྱུར་ཏེ། འོད་ཀྱི་གོང་བུའི་དབུས་སུ་ཧཱུཾ་ལས་ནང་གི་སྙིང་པོ་དང། ལ་དུའི་གྲངས་ཀྱིས་བསྐོར་བར་དམིགས་ཏེ། དེ་ནས་བདག་དང་མཁའ་འགྲོ་མའི་ཐུགས་ཀ་ནས་ནང་གི་སྙིང་པོ་དང་ལ་དུའི་སྔགས་སྤྲོས་ཏེ། གཙོ་བོའི་ཞལ་དུ་ཞུགས ་ནས་ཉི་མའི་དབུས་ཀྱི་འོད་ཀྱི་གོང་དུའི་སྔགས་ལ་ཐིམ་པར་བསམ་པར་བྱའོ། །དེ་ལྟར་ཞག་གསུམ་གྱི་བར་དུ་བསྙེན་པ་བྱས་ནས་འགྲུབ་པར་འགྱུར་རེ། །སྐད་གཅིག་མ་ཞེས་བྱ་བ་ནི་མྱུར་དུ་འགྲུབ་ཅེས་བྱ་བའི་དོན་ཏོ། །དེའི་ཅིའི་ཕྱིར་ཞེ་ན། འཁོར་གྱི་གཙོ་བོའི ་ཐུགས་ཀྱི་སྲོག་སྐྲུབ?་པ་ཡིན་པའི་ཕྱིར་མྱུར་དུ་འགྲུབ་པར་འགྱུར་རོ། །ལ་དུའི་གཏོར་མ་ཞེས་བྱ་བ་ནི་དེ་ལྟར་བསྙེན་པ་རྫོགས་པའི་དུས་སུ་མཁའ་འགྲོ་མ་རྣམས་གཙོ་བོ་ལ་འདུས་ཏེ། གཙོ་བོ་འོད་དུ་སྐུ་ནས་ལ་དུའི་བཞིན་དུ་གྱུར་པར་བསམ་པར་བྱའོ། །ལ་དུ་དེ་གཏོར་མ ་བྱས་པ་ནི་མཆོག་གི་གཏོར་མ་ཞེས་བྱའོ། །སྔགས་ནི་ཨོཾ་གྱི་ཐོག་མ་དང་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱའི་མཛའ་ཅན་ནོ། །དེ་ནས་གཞན་ཞེས་བྱ་བ་ནི་དམ་རྫས་ཀྱིས་སྤོས་བསྒྲུབ་པར་བྱ་བ་ལ་འཇུག་པར་བྱ་སྟེ། དེ་ཡང་ཐུན་མོང་དུ་བསྒྲུབ་པ་དང་ཁྱད་པར ་མཆོག་ཏུ་བསྒྲུབ་པའོ། །དེ་ཡང་དང་པོ་བདུད་རྩི་ལྔ་ལ་མཎྜལ་བྱས་ལ་དེའི་སྟེང་དུ་ཐོད་པ་གསུམ་གྱི་སྒྱིད་བུ་བཙུགས་ཏེ། ཐོང་བའི་སྟེང་དུ་དུར་ཁྲོད་ཀྱི་རས་ཀྱི་མར་མེའི་སྙིང་པོ་མཐོ་གང་གི་ཚད་དུ་བྱས་ལ། མར་ནག་ཆེན་པོའི་མར་མེ་གཟུགས་པར་བྱའོ། ། ་དེ་ཡང་སྙིང་པོའི་དབུས་སུ་དུར་ཁྲོད་གྱི་སྣག་ཚས་སྲོག་གི་སྙིང་པོ་བྲི་བར་བྱའོ། །དེ་ནས་མེ་སྦར་བ་ལ་མཎྜལ་གྱི་སྟེང་དུ་མར་མེའི་འོད་ཀྱིས་ཁྱབ་པར་བྱས་ལ། ཤར་དུ་ཡུངས་ཀར། ལྷོར་སྒོག་པ་ནུབ་ཏུ་རང་འབྱུང། བྱང་དུ་བཙན་དུག། བྱང་ཤར་དུ་ཤ་ཆེན། ཤར་ལྟོར ་གུ་གུལ་ཆེན་པོ། ལྷོ་ནུབ་ཏུ་འོད་ཟེར་ཅན?་བྱང་ནུབ་ཏུ་ལུ་ཏོ། །དེ་རྣམས་ཆ་བསྙམས་མཎྜལ་ལ་དགྲ་མ། །དེ་ནས་བདག་ལྷའི་འཁོར་ལོ་རྫོགས་པར་བྱས་ལ། ཐུགས་ཀའི་འོད་ཟེར་གྱིས་མར་མེ་མི་དམིགས་པར་བྱས་ཏེ། དེ་ནས་དེ་ཉིད་དུ་བཀའ་སྡོད་ཀྱི་ནག་པོ་ཆེན་པོ་མོག? ་གསུམ་གྱིས་བསྐྱེད་ལ་རང་བཞིན་གྱི་འབོར་ལ་བསྟིམ་པ་ལ་སོགས་ཡན་ལག་གི་ཆོ་ག་རྫོགས་པར་བྱ་སྟེ། ཡུངས་ཀར་ལ་སོགས་པའི་རྫས་རྣམས་ལ་ཨཱ་ལི་ལ་སོགས་པའི་ཟླ་བ་དང་ཉི་མའི་དབུས་སུ་བསམ་པར་བྱའོ། །དེ་ནས་བདག་དང་བཀའ་སྡོད་ཀྱི་ཐུགས ་ཀ་ནས་ནང་གི་སྙིང་པོ་སྤོས་སྦྱོར་གྱི་སྔགས་དང་བཅས་པ་སྤྲོས་ཏེ། ཡུངས་ཀར་ལ་སོགས་པ་ཉི་ཤུ་རྩ་གཅིག་བསྟིམ་པར་བྱའོ། །དེ་ནས་གཅིག་ཏུ་བསྡུས་ཏེ་ཕྱེ་མར་བྱས་ལ་མར་ནག་ཆེན་པོས་བསྲེས་ལ་ཞེས་བྱའོ། །དེ་ཡང་མཆོག་ཏུ་བསྒྲུབ་པར་བྱ་སྟེ། ་རབ་གནས་བྱས་པའི་ཐེད་པར་བླུགས་ཏེ་མཎྜལ་གྱི་དབུས་སུ་བཞག་ལ་དེའི་སྟེང་དུ་མར་མེ་གཞག་ལ་དེ་ནས་བདག་ལྷའི་འཁོར་ལོ་རྫོགས་པར་བྱས་ཏེ། དེ་ནས་ཐུགས་ཀའི་འོད་ཟེར་གྱིས་སྤོས་ལ་སོགས་པ་རང་བཞིན་མེད་པར་བྱ་སྟེ། དེ་ནས་ལྷའི་འཁོར་ལོ ་བསྐྱེད་པར་བྱ་སྟེ། དེ་ཡང་ཁཾ་ལས་བྱུང་བའི་རྡོ་རྗེའི་བྲག་གི་སྟེང་དུ་སྲུང་བའི་འཁོར་ལོའི་དབུས་སུ་ཆོས་ཀྱི་འབྱུང་གནས་བསམ་པར་བྱའོ། །དེའི་དབུས་སུ་པདྨ་དང་ཉི་མའི་སྟེང་དུ་ཧཱུཾ་ལས་བསྐྱེད་པའི་ལྷའི་འཁོར་ལོ་རྫོགས་པར་བསྐྱེད་ལ། དེ་ཡང་མེའི་གཟུགས་ལ་སོགས་པ ་མཁའ་འགྲོ་མ་སྐུ་མདོག་དམར་སེར་ཞལ་གཅིག་མ་ཕྱག་གཉིས་མ་སྤྱན་གསུམ་མ་ཁྲོ་གཉེར་གྱི་གཟུགས་ཅན་གྱི་གྲི་གུག་དང། ཐོད་པ་ལག་ན་འཛིན་པ་དེ་ལྟར་རྫོགས་པར་བསྐྱེད་ལ། དེ་ནས་རང་བཞིན་གྱི་དཀྱིལ་འཁོར་བསྟིམ་པ་ལ་སོགས་པ་བྱ་སྟེ། འཁོར ་ལོའི་གཙོ་བོའི་ཐུགས་ཀར་ཨཱ་ལི་དང་ཀཱ་ལི་ལས་བསྐྱེད་པའི་ཟླ་བ་དང་ཉི་མའི་དབུས་སུ་ཨ་ལས་གྲུབ་པའི་པདྨའི་སྣོད། དེའི་དབུས་སུ་ཧཱུཾ་ལས་གྱུར་པའི་སྤོས་ཀྱི་རང་བཞིན་འོད་ཟེར་ལྔའི་བདག་ཉིད་དེ། དེའི་དབུས་སུ་ཧཱུཾ་གི་སྙིང་པོ་གསལ་བར་བྱ་སྟེ། དེ་ནས་ནང་གི་སྙིང ་པོ་དང་སྤོས་ཀྱི་སྔགས་ཀྱིས་བསྐོར་གར་བསམ་མོ། །དེ་ནས་བདག་དང་མཁའ་འགྲོ་མའི་ཐུགས་ཀ་ནས་ནང་གི་སྙིང་པོ་དང་སྤོས་སྦྱོར་གྱི་སྔགས་འོད་ཟེར་ལྔའི་བདག་ཉིད་དུ་སྤྲོས་ཏེ། གཙོ་བོའི་ཐུགས་ཀར་སྦྲོས་ལ་ཐིམ་པར་བསམ་མོ། །དེ་ལྟར་སྒྲ་དང་ཏ་ཏེ་འོད་ལ ་སོགས་པ་རྟགས་བྱུང་གི་བར་དུ་བསྙེན་པ་བྱའོ། །བསྙེན་པ་རྫོགས་པ་དང་གཙོ་བོ་དང་མཁའ་འགྲོ་མ་སྤོས་ཀྱི་རང་བཞིན་དུ་གྱུར་པར་བྱའོ། །མདུན་དུ་ཞེས་བྱ་བ་ནི་བཀའ་སྡོད་ཀྱི་མདུན་དུའོ། །ཞག་ལྔར་ཞེས་བྱ་བ་ནི་སྤོས་བསྲེགས་ནས་བསྒྲུབས་པར་འགྱུར་ཞེས ་བྱ་བའི་དོན་ཏོ། །དུས་གསུམ་མཆོད་པ་དང་གཏོར་མ་ལ་ནི་གོ་སླའོ། །རྣལ་འབྱོར་པ་དེ་དོན་ཐམས་ཅད་ལྡན་པར་འགྱུར་ཞེས་བྱ་བ་ནི་ཐུན་མོང་དང་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་ཞེས་བྱའོ། །བཀའ་སྩལ་པ་ཞེས་བྱ་བ་ནི་སྡུད་པ་པོས་ལྷའི་དོན་བསྡུས་ཏེ ་འཁོར་ལ་བཤད་པའོ། །ལྷའི་ལེའུ་ཞེས་བྱ་བ་ནི་ལྷའི་བསྐྱེད་པའི་ཆོ་གའི་ལེའུའོ། །ལྷའི་ལེའུ་བཤད་པ་སྟེ་གསུམ་པའོ།། །།དེ་ནས་ཞེས་བྱ་བ་ནི་ལྷ་བསྐྱེད་པ་ལ་བསྙེན་པ་ལ་བསྙེན་པ་བྱ་བའི་ཕྱིར་ལྷ་ལ་དབང་བསྐུར་བ་དང། སྒྲུབ་པ་པོ་སྨིན་པར་བྱ་བའི ་ཕྱིར་དང། བསྙེན་པའི་རྟེན་ཁྱད་པར་བྱ་བའི་ཕྱིར་དེ་བས་ན་ཞུས་པ་སྟེ། དཔལ་ནག་པོ་ཆེན་པོ་ཞེས་བྱ་བ་ནི་འཁོར་གྱི་གཙོ་བོ་ལ་སོགས་པ་འཁོར་རྣམས་ཀྱིས་སོ། །བཅོམ་ལྡན་འདས་ལ་གསོལ་བ་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་ལ་ཞུས་ཏེ། ་རྒྱུ་དོན་ཞེས་བྱ་བ་ནི་རྒྱུད་ཀྱི་དོན་བསྙེན་པ་དང། ལས་སྦྱོར་ཡིན་པའི་ཕྱིར་རོ། །ཆོ་གའི་ཁྱད་པར་ཞེས་བྱ་བ་ནི་ཁྱད་པར་གྱི་དཀྱིལ་འཁོར་ཡིན་ཞེས་བྱ་བའི་དོན་ཏོ། །བཀའ་སྩལ་པ་ཞེས་བྱ་བ་ནི་མདོར་བསྟན་པ་གོ་སླའོ། །དེ་ནས་གཞན་ཞེས་བྱ་བ་ནི་དཀྱིལ་འཁོར་བྲི ་གར་བརྩམ་པར་བྱ་སྟེ། དེ་ཡང་སློབ་དཔོན་མཚན་ཉིད་དང་ལྡན་པ་ནི་སྔོན་དུ་བསྙེན་པ་རྫོགས་པ་དང། ལྷ་ཡི་མཚན་མཐོབ་པ་དེས། །རྣལ་འབྱོར་དངོས་གྲུབ་ཐོབ་པ་དང། །སློབ་མ་ལ་སྨིན་པར་བྱ་བའི་ཕྱིར། །ཡང་དག་པ་ཡི་སློབ་མ་བརྟག་།བརྟན་ཞིང་དུལ ་ལ་བློ་གྲོས་ལྡན། །དཔའ་བོ་མཚན་ཉིད་ཐམས་ཅད་རྫོགས། །སྔགས་ཀྱི་དངོས་གྲུབ་འདོད་ཅིང་བརྟེན། །བླ་མ་ལ་གུས་སེམས་ཅན་བརྩེ། །དེ་ལྟའི་མགོན་ལ་བསམ་བཅས་ནས། །སློབ་མ་ཡོངས་སུ་བཟུང་བར་བྱ། །དེ་ལྟ་བུའི་སློབ་མ་དེ། །བླ་མས་དཀྱིལ་འཁོར ་གཞུག་པའི་ཕྱིར། །བདུད་རྩི་དང་བཅས་མཎྜལ་དབུལ། །མེ་ཏོག་དང་བཅས་ཐལ་མོ་སྦྱར། །དེ་ནས་གསོལ་བ་གདབ་པར་བྱ། །ཡེ་ཤེས་ཆེན་པོའི་བདག་ཉིད་ཁྱོད། །སྟོན་པའི་གཙོ་བོ་ཀྱེའི་རྡོ་རྗེ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །དཔའ་བོ་དམ་ཚིག་བདག ་ལ་གསོལ། །དཔལ་ལྡན་ནག་པོ་ཆེན་པོ་ཏི། །དམ་ཚིག་ཆེན་པོ་བདག་ལ་སྩོལ། །གཙོ་བོ་ནག་པོ་ཆེན་པོ་དང། །ཐུགས་དང་དམ་ཚིག་ལས་རྣམས་ཀྱིས། །དཀྱིལ་འཁོར་དམ་པ་གཞུག་དུ་གསོལ། །དེ་ལྟར་ལ་ན་གསུམ་གསོལ་བཏབ་ནས། །དེ ་ནས་རྡོ་རྗེ་སློབ་དཔོན་གྱིས། །སློབ་མ་ཡོངས་སུ་བཟུང་ཐུགས་ཀར་གཞུག་།ཧཱུཾ་ལས་ལྷ་ཡི་གཟུགས་སུ་བྱུང། །གནས་གསུམ་བསྲུང་བར་བྱས་ནས་ནི། །ཡི་གེ་བཅུ་ལ་བཟླས་པར་སྦྱིན། །དེ་ནས་རྡོ་རྗེ་སློབ་དཔོན་རྩིས། །བདག་ཉིད་ཆོ་ག་བསྒོ་བ་དང། ། ་སློབ་མ་སྒྲིབ་པ་སྦྱང་བའི་ཕྱིར། །འོག་ནས་འབྱུང་བ་བཞིན་དུ་ནི། །དཀྱིལ་འཁོར་བྲིས་ནས་བསྙེན་པ་བྱ། །སློབ་དཔོན་བསྙེན་པ་རྫོགས་པ་དང། །དཀྱིལ་འཁོར་བྲི་པ་བརྩམ་པར་བྱ། །དེར་ཡང་དུར་ཁྲོད་ཁ་དོག་ནག་པོ་ཞེས་བྱ་བ་ནི་དུར་ཁྲོད་ལ་སོགས་པ་མི་བསྲུན་པའི ་ས་ཕྱོགས་ཏེ་མི་མ་ཡིན་པ་འདུ་བས་ན་ནག་པོའོ། །དེ་ཡང་དུར་ཁྲོད་དང་ཤིང་གཅིག་ལ་སོགས་པ་གང་དུ་བསྟན་པའི་གནས་རྣམས་སོ། །ཁང་སྟོང་ཞེས་བྱ་བ་ནི་སྔོན་དུ་དཀྱིལ་འཁོར་བྲིས་པའི་སའོ། །གནས་དེ་དག་ཏུ་དཀྱིལ་འཁོར་བརྩམ་པར་བྱ་སྟེ། ས་གཞི ་ཤིན་ཏུ་མི་སྲུན་ཅིང་འཇིགས་པའི་དབུས་སུ་བདུད་རྩི་ལྔའི་ཆག་ཆག་བཏབ་ལ། ཨུ་ཀྵེ་པའི་མེ་ཏོག་གཅལ་དུ་བཀྲམ་ལ། དེའི་དབུས་སུ་བདག་ཉིད་རྣལ་འབྱོར་པ། འདུག་ཏེ་ལྷ་ཡི་འཁོར་ལོ་ནི། འོག་ནས་འབྱུང་བ་ལྟར་བསྐྱེད། །མཆོད་པ་གཏོར་མ་ཚོགས་བྱས ་ནས། །བདག་ཉིད་ཐུགས་ཀའི་འོད་ཟེར་གྱིས། །བགེགས་བསྐྲད་གྲི་གུག་དྲ་གུར་གྱུར། ཐུགས་ཀྱི་འོད་ཟེར་ལྕགས་ཀྱུ་ཡིས། །ས་ལ་གནས་པའི་ལྷ་མོ་ནི། །བཀུག་སྟེ་མདུན་དུ་ཚུལ་བཞིན་བཞག། །གསེར་མདོག་གཞོ་ནུའི་རྒྱན་ཆ་ཅན། །ཕྱག་ན་བུམ་པ་འཛིན ་པ་སྟེ། དེ་ལ་མཆོད་པ་གཏོར་མ་དབུལ། །མེ་ཏོག་སིལ་མ་གཏོར་ནས་ནི། །འདོད་པའི་གསོལ་པ་གདབ་པར་བྱ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྲོད་པའི་ཚུལ་དང་ཁྱད་པར་དང། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །དཔལ ་ལན་ནག་པོ་ཆེན་པོ་ཡིས། །གནོད་སྦྱིན་བདུད་ལ་སོགས་བཅོམ་བཞིན། །དེ་བཞིན་བདག་གིས་བདུད་ལས་ནི། །རྒྱལ་བར་བྱ་ཕྱིར་དཀྱིལ་འཁོར་བྲི། །ལན་གསུམ་གསོལ་བ་བཏབ་ནས་ནི། །ས་ཡི་ལྷ་མོ་དགའ་མདངས་ཀྱིས། །གནང་བ་བྱིན་ནས་ས་ལ ་ཐིམ། །དེ་ནས་རྣལ་འབྱོར་དབང་ཕྱུག་གིས། །ལས་ཀྱི་རྡོ་རྗེ་ཕྱིན་གྱིས་བརླབས། །དེ་ཡང་རྣལ་འབྱོར་མི་གཟུགས་སུ། །འདུག་ལ་ཁྲུས་བྱས་ལ་ཞེས་བྱ་བ་ནི། །གཟུགས་བཟང་རྟོག་པ་མེད་པ་དང། །དཔའ་བོའི་སེམས་ཀྱི་བརྟུལ་ཞུགས་ལྡན། །དེ་ལྟ་བུ་ལ ་བྱིན་བརླབས་བྱ། །གནས་ལྔར་ཐིག་ལེ་བྱས་ནས་ཀྱང། །བདུད་རྩིའི་མཎྜལ་སྟེང་བཞག་ནས། །འོད་ཀྱིས་རང་བཞིན་མེད་བསྒྲུབས་ལ། །ཧཱུཾལས་རྣལ་འབྱོར་མ་བསྐྱེད་དེ། །གནས་ལྔར་ཉི་མའི་དཀྱིལ་འཁོར་ལ། །ཧཱུཾ་ཡིག་གཡས་པར ་བསམས་ནས་ནི། །རྣལ་འབྱོར་མ་ནི་ཐམས་ཅད་ཀྱིས། །བྱིན་གྱིས་བརླབས་ཞེས་བྱ་བ་ནི། །ཐུགས་དམ་ལས་ཀྱི་མཁའ་འགྲོ་མ། །འཇིགས་བྱེད་འཇིགས་བྱེད་མ་རྣམས་ནི། །མདུན་དུ་གསལ་བར་དགུག་བྱས་ལ། །མཆོད་པ་གཏོར་མ་ཕུལ་ནས་སུ། ། ་གནས་ལྔར་གོ་རིམ་བཞིན་དུ་བསྟིམ། །དེ་ནས་དབང་བསྐུར་རྒྱས་བཏབ་ལ། །མཆོད་གཏོར་རྩ་བའི་སྔགས་ཀྱིས་སྦྱིན། །བདག་གི་ཐུགས་ཀྱི་ལས་བྱུང་བའི། །སྙིང་པོ་སྔགས་དང་བཅས་པ་ནི། །གནས་ལྔར་གསལ་བར་བསྟིམ་པར་བྱ། །སྔགས ་ནི་ཨོཾ་གྱི་དང་པོ་དང། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱའི་མཛའ་ཅན་ན། །དེ་ནས་ཞེས་བྱ་བ་ནི་ལས་ཀྱི་རྡོ་རྗེས་ས་དང་ཆུ་བླང་བྱས་ནས། །གནས་དེའི་ས་དང་བསྲེས་ནས་ནི། །བདུད་རྩི་ཆུ་དང་སྔགས་ཀྱིས་ནི། །ས་ཡི་ཉེས་པ་སྦྱར་བར་བྱ་??། །སྔགས ་ཀྱི་ཨོཾ་གྱི་དང་པོ་དང། །ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱའི་མཛའ་ཅན་ནོ། །དེ་ནས་དཀྱིལ་འཁོར་བྱ་བ་ནི། །དཀྱིལ་འཁོར་དམ་པ་གྲུ་བཞི་ནི། །མཉམ་པར་མཐས་པར་བཅག་པར་བྱ། །བདུད་རྩི་བ་ཡི་རྣམ་ལྔ་ཡིས། །དཀྱིལ་འཁོར་ལེགས་པར ་བྱུགས་པར་བྱ། །དེ་ནས་རྣལ་འབྱོར་དབང་ཕྱུག་ནི། །དཀྱིལ་འཁོར་དབུས་སུ་ལེགས་འདུག་ནས། །ལྷ་ཡི་རྣལ་འབྱོར་རྫོགས་པར་བྱ། །དེ་ནས་ལྷ་ཡི་རྣལ་འབྱོར་ལས། །སྤྲུལ་པའི་ནག་པོ་མང་སྤྲོས་ཏེ། །ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་པ། །སྐུ་མདོག་གནག་པོ ་འཇིགས་པའི་གཟུགས། །ཐོ་བ་ཕུར་བུའི་འཛིན་པ་སྟེ། །དེ་དག་ཕྱོགས་བཅུར་རབ་སྤྲུལ་ཏེ། །དེར་ནི་བདག་གིས་བགེགས་བསྐྲད་བསམ། །དེ་ནས་རྣལ་འབྱོར་དབང་ཕྱུག་གིས། །གྲི་གུག་ཐད་པ་ཐོགས་ནས་ནི། །མཆོག་རྣམས་ཀྱིས་ནི་ལེགས་འཁྱུད་ལ། ། ་རྣལ་འབོར་དབང་ཕྱུག་བདག་གིས་ནི། །སངས་རྒྱས་བསྟན་པ་བསྲུང་ཕྱིར་དང། །ནམ་མཁའ་ལྟ་བུ་དྲི་མེད་པའི། །ས་གཞི་བཟང་པེ་འདི་ཉིད་ལ། །གཙོ་བོ་དགྱེས་པའི་རྡོ་རྗེ་ཡི། །སྐུ་གསུང་ཐུགས་ལས་བྱུང་བ་ཡི། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །དཀྱིལ་འཁོར་དམ་པ་ངས ་བཞེངས་ཀྱིས། །ལྷ་དང་ཀླུ་དང་གནོད་སྦྱིན་དང། །དྲི་ཟ་ལྷ་མེ་ཡིན་དང་ནི། །ནམ་མཁའ་ལྡིང་དང་མི་འམ་ཅི། །ལྷོ་འཕྱེ་ལ་སོགས་པ་ཡི་བདག། དེ་དག་མྱུར་དུ་དེངས་པར་གྱི། རྩ་བའི་སྔགས་སོགས་བརྗོད་ཅིང་བསྐྲད། །གོང་དུ་སྦྲུལ་བའི་ཁྲོ་བོ་ཡིས། །ས་དེར ་གནས་པའི་བགེགས་རྣམས་ལ། །ཕུར་བུས་གདབ་ཅིང་ཐོ་བས་བརྡུངས། །དེ་ལྟར་བགེགས་རྣམས་ལེགས་བསྐྲད་ལ། །ཁྲོ་བོ་ལེགས་པར་འོད་ཞུ་ནས། །གྲི་གུག་གུར་དང་དྲ་བར་གྱུར། །བསྲུང་བའི་འཁོར་ལོ་རྫོགས་པ་དང། །དེ་ནས་དཀྱིལ་འཁོར་དབུས་གནས་ཏེ། ། ་ལྷ་ཡི་འཁོར་ལོ་བསམ་བྱས་ལ། །མདུན་དུ་ཧཱུཾ་ལས་སྐྱེས་པ་ཡི། །ལྷ་མོ་ཞལ་གཅིག་ཕྱག་གཉིས་མ། །སྤྱན་གསུམ་ཕྱག་རྒྱ་ལྔ་དང་ལྡན། །གྲི་གུག་ཐོད་པ་འཛིན་པ་སྟེ། །དེ་ལ་མཆོད་པ་གཏོར་མ་དབུལ། །དེ་ནས་གསོལ་བ་གདབ་ཕང་བྱ། །རང་བཞིན ་དག་པའི་ཚིག་བརྗོད་ལ། །གཙོ་བོ་རྡོ་རྗེ་འཛིན་པ་དང། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །དམ་པའི་དཀྱིལ་འཁོར་ངས་བཞེངས་ཀྱི། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། །བྱིན་གྱིས་བརླབ་པ་མཛད་དུ་གསོལ། །དེ་ནས་ལྷ་མོ་འོད་ཞུ་ནས ་ཆོས་འགྱུང་ཉིད་དུ་གྱུར་པར་བསམ། །དཀྱིལ་འཁོར་ས་གཞི་གཟུང་བ་པྱི། །ལྷ་ཡི་འཁོར་ལོ་བསྐྱེད་པའི་ཕྱིར། །དང་པོ་སྟ་གོན་གནས་པར་བྱ། །དཀྱིལ་འཁོར་བཟང་པོའི་སྟེང་དུ་ནི། །བདུད་རྩི་ལྔ་ཡི་ཐིག་ལེ་བྱ། །དབུས་ཀྱི་ལེ་རྒྱས་པར་བྱ། །ཐུགས་ཀྱི ་མཁའ་འགྲོ་མ་ལ་སོགས། །ལྷ་རྣམས་ཀུན་གྱི་ཐིག་ལེ་བྱ། །དེ་ནས་མེ་ཏོག་སིལ་བཀྲམ་ནས། །གཙོ་བོ་ཆོ་ག་ལྔས་བསྐྱེད་ལ། །འཁོར་རྣམས་མཚོག་གསུམ་གྱིས་བསྐྱེ། །དཀྱིལ་འཁོར་འོག་ནས་འབྱུང་བ་བཞིན། །མཚན་ཉིད་ཐམས་ཅད་རྫོགས ་པར་བསྐྱེད། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །ཕྱག་རྒྱ་བཞི་ཡི་སྦྱོར་བ་ཡིས། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་བསྟིམ། །བདེ་གཤེགས་སྤྱན་དྲངས་དབང་བསྐུར་ནས། །སོ་སོའི་སྤྱི་བོར་རྒྱས་བཏབ་བྱ། །དེ་ནས་རྣལ་འབྱོར་ཐུགས་ཀ་ནས། ། ་བྱི་ཡི་སྙིང་པོ་རབ་སྤྲོས་ཏེ། །སོ་སོའི་ལྷ་རྣམས་ཐུགས་ཀར་ཐིམ། །དེ་ནས་མཆོད་བ་གཏོར་མ་ནི། །ཀུན་ལ་རྒྱས་པར་སྦྱིན་པར་བྱ། །ཐུགས་ཀ་ནས་བྱིན་དམ་ཚིག་ནི། །སྔགས་ཀྱི་ཀུན་ལ་ཁྱབ་པར་བྱ། །དེ་ནས་ནང་གི་སྙིང་པོ་ཡིས། །བསྙེན་པ་ཅུང་ཟད་བསྐྱལ་བར་བྱ། ་དེ་ནས་གསོལ་བ་གདབ་པ་ནི། །ཡེ་ཤེས་ཆེན་པོའི་བདག་ཉིད་ཁྱོད། །སྟོན་པའི་གཙོ་བོ་ཀྱེའི་རྡོ་རྗེ། །དཀྱིལ་འཁོར་ཆེན་པོ་བདག་ཉིད་གཙོ། །དཔལ་ལྡན་ནག་པོ་ཆེན་པོ་དང། །ཐུགས་ཀྱི་མཁའ་འགྲོ་བརྒྱད་རྣམས་དང། །དམ་ཚིག་གསུམ་ལ་གནས་པ་ཡི། །རིག་པའི ་ལྷ་མེ་རྫུ་འཕྲུལ་ཅན། །ལས་ཀྱི་མཁའ་འགྲོ་མ་ལ་སོགས་པ། །དཀྱིལ་འཁོར་བདག་ཉིད་ཐམས་ཅད་ཀུན། །མ་ལུས་བདག་ལ་དགོངས་སུ་གསོལ། །བདག་རྡོ་རྗེ་འཛིན་པ་འདི་ཞེས་བྱ་བས། །ཁྱེད་རྣམས་ལ་ནི་མཆོད་པ་དང། །སློབ་མ་སྨིན་པར་བྱ་བའི་ཕྱིར། །བདག ་དང་བླེབ?་མང་བཅས་པ་ཡི། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པ་མཛད་དུ་གསོལ། །དེ་ནས་ཚོགས་ཀྱི་འཁོར་ལོ་བྱ། །དེ་ལྟར་ལྷ་རྣམས་ཐམས་ཅད་ནི། །སྟ་གོན་གནས་པར་གྱུར་བྱས་པ། །དབང་བསྐུར་རབ་གནས་བྱ་བའི་ཕྱིར། ་བུམ་པའི་ཆོ་ག་བྱ་བ་ཡི། །བདུད་རྩི་མཎྜལ་བྱས་ནས་ནི། །ལྷ་ཡི་རྣལ་འབྱོར་གསལ་བྱས་ནས། །དཔལ་ལྡན་ནག་བོ་ཆེན་པོ་ཡི། །སྤོས་ཀྱི་བུམ་ཕ་བདུག་བྱས་ལ། །སྐྲ་ཡི་ལྕུག་གུའི་སྟེང་བཞག་ནས། །ཐུགས་ཀའི་འོད་ཀྱིས་དགེ་བྱས་ཏེ། །པཾ་ལས་བྱུང་བའི ་བུམ་པ་ནི། །དཀར་པོ་གནས་ཤིང་ནག་པོ་མིང། །ལྟ་ང་ཚེ་ཞིང་མགྲིན་པ་མཐོ། །ཆུ་འཕྱང་ཞབས་སྟགས་མེད་པ་ཉིད། །དེ་ལྕང་བའི་སྔགས་ཀྱིས་ནི། །བསྔགས་ཏེ་རྫས་རྣམས་གཞུག་པར་བྱ། །དབུས་སུ་གྲི་གུག་ཐོད་པ་ནི། །དུར་ཁྲོད་སྣག་ཚས་བྲི་བར་བྱ། ། ་སྨད་དང་འབྲུ་དང་རིན་པོ་ཆེ། །བདུད་རྩི་ལྔ་ལ་སོགས་པ་བླུགས། །དུར་ཁྲོད་རས་ཀྱིས་མགུལ་ཆིངས་བྱས། །ཁ་རྒྱན་ལྕང་ལོ་ཅན་གྱི་བྱ། །དེ་ལྟར་བུམ་པ་བསྐྱེད་པ་ནི། །ལྷ་ཡི་གྲངས་སོ་བཅུ་ཡན་ཆད། །བསྒྲུབ་པའི་བུམ་པ་གཉིས་སུ་བཤད། །དེ་ལྟར་བུམ་བ་རྫོགས་པ་དང། །དེ ་ལྟའི་བུམ་པ་རེ་རེ་ལ། །མཆོད་དང་གཏོར་མ་བཤམ་པར་བྱ། །དེ་ནས་བདག་ཉིད་རྣལ་འབྱོར་པས། །ལྷ་ཡི་འཁོར་ལོ་རྫོགས་པར་བསྐྱེད། །དེ་ནས་བུམ་པའི་ནང་དུ་ནི། །ལྷ་ཡི་འཁོར་ལོ་བསྐྱེད་པར་བྱ། །ལྷ་ཡི་གངས་ཀྱི་བུམ་པ་ནི། །གཙོ་བོར་བུམ་པར་འཁོར་ལོ་ནི། ། ་ཐམས་ཅད་རྫོགས་པར་བསྐྱེད་པར་བྱ། །ཁོཾ?་བྱུང་བྲག་སྟེང་པད་ཉིལ། །ཧཱུཾ་ལས་སྐྱེས་པའི་ལྷ་རྣམས་ནི། །ཕྱག་དང་ཕྱག་མཚན་སྐུ་མདོག་ཀྱང། །འོག་ནས་འབྱུང་བ་བཞིན་དུ་བསམ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །རང་བཞིན་དཀྱིལ་འཁོར་སྤྱན་དྲངས་ནས། །ཕྱག ་རྒྱ་བཞི་ཡི་སྦྱོར་བས་བསྟིམ། །བདེ་གཤེགས་སྤྱན་དྲངས་དབང་བསྐུར་མཐར། །མི་བསྐྱོད་པ་ཡི་དབུ་བརྒྱན་བསམ། །དེ་ནས་ཕྱི་ཡི་སྙིང་པོ་ཡིས། །སོ་སོའི་ཐུགས་ཀར་ཐིམ་པར་བྱ། །མཆོད་དང་གཏོར་མ་བྱས་ནས་ནི། །དེ་ནས་དམ་ཚིག་ཆོ་ག་བྱ། །དེ་ནས་ནང་གི་སྙིང ་པོ་ཡིས། །བུམ་པའི་ལྷ་རྣམས་ཐམས་ཅད་ཀྱི། །ཐུགས་ཀར་བསྙེན་པ་སྟོང་ཕྲག་བསྐྱལ། །དེ་ལྟར་བུམ་པ་ཐམས་ཅད་ལ། །སྟ་གོན་གྱིས་ནི་གནས་དེ་ཉིད། །ཡོལ་བས་བྲེས་ཏེ་བཞག་པར་བྱ། །དེ་ནས་དཀྱིལ་འཁོར་ཤར་ཕྱོགས་སུ། །གོང་དུ་བསྟན་པའི་སློར་མའི ་མཆོག་།སྟ་གོན་ལ་གནས་བརྩམ་པར་བྱ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །ལྷ་ཡི་འཁོར་ལོ་རྫོགས་པར་བྱ། །སློབ་མ་མདུན་དུ་བཀུག་བྱས་ནས། །དེ་ལྟ་བུ་ཡི་སློབ་མ་ངས། །བླ་མའི་མདུན་དུ་མཎྜ་ལ་དབུལ། །དེ་ནས་གསོལ་བ་གདབ་ཕར་བྱ། །ཆོས་དབྱིངས་ཡེ་ཤེས ་ལས་བྱུང་བའི། །དཔའ་ཆེན་ཁྱོད་ལ་སྐྱབས་སུ་མཆི། །སྐུ་དང་གསུང་དང་ཐུགས་རྡོ་རྗེ། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །དམ་ཚིག་ཆེན་པོ་བདག་ལ་གསོལ། །དཔལ་ལྡན་ནག་པོ་ཆེན་པོ་དང། །ཐུགས་ཀྱི་རྡོ་རྗེ་བརྒྱན་རྣམས་དང། །དམ་ཚིག་སྐྱོང་བའི་མཁའ་འགྲོ་དང ་འཕྲིན་ལས་རྫོགས་པའི་བདག་ཉིད་སོགས། །གསང་བའི་ཕྲོ་བྲང་དམ་པ་ནི། །དེ་བཞིན་བདག་ནི་གཞུག་ཏུ་གསོལ། །དེ་ཡི་ལྷ་རྣམས་ཐམས་ཅད་ཀྱི། །གསང་བའི་དམ་ཚིག་བདག་ལ་གསོལ། །དམ་ཚིག་ཡོན་ནི་ཕུལ་ན་སྐྱང། །དེ་ལྟར་གསོལ་བ ་ལན་གསུམ་གདབ། དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །རྩ་བའི་སྔགས་ཀྱིས་བསང་གཏོར་བྱ། །སེམས་ནི་བཟེངས་བསྟོང་བྱ་བའི་ཕྱིར། །བུ་ཚུར་ཐེག་པ་ཆེན་པོ་ལས། །དེ་ལས་སོགས་པའི་ཚིགས་བཅད་བརྗོད། །དེ་ནས་གཞན་ཡང་བརྗོད་པ་ནི། །དཔལ་ལྡན་ནག་པོ་ཆེན་པོ ་ཡི། དུར་ཁྲོད་ཆེན་པོའི་ཕོ་བྲང་དུ། །གནོད་སྦྱིན་བདུད་དང་སྲིན་པོའི་ཚོགས། །དེ་དག་འཇོམས་པར་མཛད་པ་ནི། །དྲག་པོ་ཆེན་པོའི་སྐུ་བཞེངས་ནས། །གདུག་པ་ཐམས་ཅད་གཞོམ་མཛད་པའི། །བུ་ཡིས་བློ་གྲོས་འདི་གྱིས་ཤིག་།དེ་ནས་སློབ་མའི་མཆོག་ལ་ནི ་སྡོམ་པ་བཟུང་བར་བྱ་བའི་ཕྱིར། །ཆོ་ག་གཞན་ཡང་འབྱུང་བ་ཡིས། །སྐྱབས་འགྲོ་སེམས་བསྐྱེང་བྱས་ནས་ནི། །འདི་དག་གིས་ཀྱང་སྡོམ་པ་བཟུང། །གཙོ་བོ་དགྱེས་པའི་རྡོ་རྗེ་དང། །ནག་པོ་ཆེན་པོའི་དཀྱིལ་འཁོར་དུ། །བདག་གི་མིང་ནི་འདི་ཞེས་པ་དུས ་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བསྟན་པ་རིན་ཆེན་བསྲུང་བའི་ཕྱིར། །གདུག་པ་མ་ལུས་གཞོམ་པར་གྱིས། །བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །དམ་པ་བདག་གིས་བསྐྱེད་པར་བགྱི། །བདག་གིས་སྡོམ་པ་ལེགས་པར་གཟུང། །བདག་དང་གཞན་གྱི་དོན ་གྱི་ཕྱིར། །གདུག་པ་ཐམས་ཅད་འདུལ་བར་བགྱི། །སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། །རྣལ་འབྱོར་བརྒྱད་ནི་བསྲུང་བར་བགྱི། །དེ་ལྟར་སྡོམ་པ་བཟུང་ནས་ནི། །དཀྱིལ་འཁོར་ཆེན་པོའི་ཤར་ཕྱོགས་ནས། །བདུད་རྩི་བ་ཡི་རྣམ་ལྔ་ཡི། །མཎྜལ?་གྲུབ་བཞི་བྱས ་ནས་ནི། །དབུས་སུ་པདྨ་འདབ་བརྒྱད་བྲི། །དེ་ནས་སོ་ཤིང་ཆོ་ག་བྱ། །མ་ཡོ་མ་གས་འབུས་མ་ཟོས། །སོར་ནི་བཅུ་གཉིས་ཚད་དུ་བྱ། །བདུད་རྩིའི་དྲི་ཡིས་བྱུགས་པ་ཡིས། །གནས་གསུམ་མེ་ཏོག་བཅིང་པར་བྱ། །ཡི་གེ་གསུམ་གྱིས་བྱིན་བརླབས་ཏེ ་རྩ་བའི་སྔགས་ཀྱིས་སློབ་མ་སྦྱིན། །སློབ་མ་མཎྜལ་སྟེང་བཞག་ནས། །ཤར་གྱི་ཕྱོགས་སུ་ཁ་བལྟས་ཏེ། །དཀྱིལ་འཁོར་ལྷ་ལ་སེམས་དམིགས་ཏེ། །ཡི་གེ་བཅུ་བ་བརྗོད་ནས་ནི། །སོ་ཤིང་དྲང་པོར་དོར་བར་བྱ། །སོ་ཤིང་དངོས་གྲུབ་མཚན་བལྟས་ཏེ། །དཀྱིལ་འཁོར་ཆོ ་ག་གཞན་ཤེས་བྱ། །དེ་ནས་སློབ་མ་མདུན་བཀུག་ནས། །རྩ་བའི་སྔགས་ཀྱི་མིང་བསྔགས་ཏེ། །གནས་གསུམ་དུ་ནི་བསྲུང་བདག་གྱི། །དེ་ནས་མདུན་གྱི་སློབ་མ་ལ། །ཐོད་པར་བདུད་རྩི་བླུགས་ནས་ནི། །སློབ་མ་ལ་ནི་འཐོར་མཐུར་སྦྱིན། །ོཾ་བཾ་ཤོ་དྷ་ཡ་སརྦ་པཱ་པཾ་ཙ ་ས་ཤ་ཤོ་དྷ་ཡ། །བི་ཀ་ལ་ཤ་ཨ་བ་ན་ཡ་ཧཱུམ་དས་ནི་ལན་གསུམ་སྦྱིན་པར་བྱ། །དེ་ནས་སྐུད་པ་དམར་པོ་ལ། །ཀ་བ་ཙ་ཡི་སྔགས་ཀྱིས་ནི། །མདུང་པ་གསུམ་དང་ལྡན་པར་བྱ། །སྲུང་སྐུད་དཔུང་པ་གཡས་པར་གདགས། །རྩ་བའི་སྔགས་ཀྱིས་བསྡུགས་པ་ཡི། །ཀུ་ཤ ་གསུམ་ནི་སྦྱིན་པར་བྱ། །དེ་ནས་སློབ་མའི་སེམས་ནི་གཟེང་བསྟེང་ཕྱིར། །ུ་དུམ་བ་རའི་དཔེ་ཡིས་ནི། །ཆོས་ནི་ལེགས་པར་བཤད་པར་བྱ། །དེ་ནས་སློབ་མའི་མཆོག་གིས་ནི། །སེམས་བསྐྱེད་སྔོན་དུ་སོང་བ་ཡི། །ཡི་གེ་བཅུ་པ་བཟླས་པར་སྦྱིན། །དེ་ནས་དགའ་ ་བའི་སེམས་ཀྱིས་ནི། །ནམ་མཁའ་ཨི་མཐར་ནི་རྨི་ལམ་བརྟག་།དེ་ལྟར་སྟ་གོན་བྱས་ནས་ནི། །དེ་ལྟར་རྡོ་རྗེ་སློབ་དཔོན་གྱིས། །སྟ་གོན་བྱས་པའི་དཀྱིལ་འཁོར་ལ། །མཆོད་པ་གཏོར་མ་དབུལ་བར་བྱ། །མིའི་སྐྲའི་སྐུད་པའི་ཐིག་གདབ་ཅེས་བྱ་བ་ནི། །དེ་ནས་རྡོ་རྗེ་སྡོང ་དབོན་གྱིས། །ཐིག་མཆོག་བརྩམ་བར་བྱ། །གོང་དུ་ཕྱིན་བརླབས་རྣལ་འབྱོར་མས། །དུར་ཁྲོད་རས་དང་སྐྲ་བསྲེས་ཏེ། །ཐིག་སྐུད་ལེགས་པར་བཀལ་བར་བྱ། །དུར་ཁྲོད་ཚོན་གྱིས་ཁ་སྒྱུར་ལ། །སྤོད་པ་ལྔ་ཡི་ནང་དེ་ནི། །བཞག་ནས་དཀྱིལ་འཁོར་དབུས་སུ་བཀོད། །དེ ་ནས་རྡོ་རྗེ་སློབ་དཔོན་སྤྱིས?། །རོ་ཡི་གདན་ཡ་ཞུགས་ནས་ནི། །ལྷ་ཡི་འཁོར་ལོ་རྫོགས་པར་བསྐྱེད། །དེ་ནས་ཐུགས་ཀ་རི་འོང་ཟེར་གྱིས། །ཐིག་སྐད་གནས་སུ་ཕོག་ནས་ནི། །རང་བཞིན་མིད་པར་དམིགས་པ་ལ། །ཱ་ལི་ཀཉ?་ལི་ལས་བྱུང་བའི། །ཟླ་བའི་མའི་དབུས་སུ་ནི། ། ་ཡི་གེ་ལྔར་ནི་དམིགས་པར་བྱ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །བདེ་གཤེགས་སྤྱན་དྲངས་ནམ་མཁར་བཞག་།རང་བཞིན་མེད་པར་དམིགས་པ་ལ། །ཱ་ལི་ཀཱ་ལི་ལས་བྱུང་བའི། །ཟླ་བ་ཉི་མའི་དབུས་སུ་ནི། །ཡི་གེ་ལྔར་ནི་དམིགས ་པར་བྱ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །བདེ་གཤེགས་སྤྱན་དྲངས་ནམ་མཁར་བཞག་།དེ་ནས་མཆོད་པ་བྱས་ནས་ནི། །བདེ་གཤེགས་ལྔ་ཡི་བདག་གཉིད་དུ། །ཐིག་སྐུད་ལ་ནི་བསྟིམ་པར་བྱ། །ོཾ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུཾ། ནང་གི་སྙིག་པོ་དང་ལྡན ་ཏེ། ཐུགས་ཀ་ནས་སྤྲོས་སྔགས་ཀྱིས་ནི། །ཟླ་བ་ཉི་མའི་དབུས་གནས་པར། །ཐིག་སྐུད་ལ་ནི་བསྟིམ་པར་བྱ། །དེ་ནས་ཐིག་སྐུད་གཅིག་ཏུ་བསྒྲིལ། །དཀྱིལ་འཁོར་དབུས་སུ་བཞག་ནས་ནི། །ཐིག་སྐུད་ཡོངས་སུ་གྱུར་པ་ལ། །དཔལ་ལྡན་ནག་པོ་ཆེན་པོར ་བསྐྱེད། །ཡེ་ཤེས་འཁོར་ལོ་སྤྱན་དྲངས་བསྟིམ། །དབང་བསྐུར་ཕྱི་ཡི་བཟླས་བ་བྱ། །མཆོད་བསྟོད་དམ་ཚིག་བཟླས་པ་བྱ། །དེ་ནས་ནང་གི་སྙིང་ཕོ་ལ་ཐུགས་ཀ་ནས་ཐུགས་ཀར་འཁོར་བའོ། །བཟླས་པ་སྟོང་ཕྲག་གཅིག་ཏུ་བྱ། །དེ་ནས་འོང་དུ་ཞུ་ནས་ནི། །ཡེ ་ཤེས་སྐུད་པར་གྱུར་པར་བསམ། །དེ་ནས་བདག་དང་བཀའ་སྡོད་ཀྱི། །དཀྱིལ་འཁོར་ཐིག་གདབ་བརྩམ་བར་བྱ། །དེ་ནས་ཐིག་གིས་བསྐུལ་བ་ཡིས། །ཡེ་ཤེས་འཁོར་ལོ་སྤྱན་དྲངས་ཏེ། །ནམ་མཁའ་ལ་ནི་བཞུགས་སུ་གསོལ། །དེའི་དམ་ཚིག་བསྐུལ་བ་ནི། ། ་འཇིག་རྟེན་ཁམས་རྣམས་ཐམས་ཅད་ཀྱི། །བདུད་སྡེ་མ་ལུས་འདུལ་པའི་ཕྱིར། །སངས་རྒྱས་ལ་སོགས་འགྲོ་དོན་དུ། །ཁྱེད་ཀྱི་དོན་ནི་ཡིན་ཞེས་བསྐུལ། །དེ་ནས་ཚངས་ཐིག་གདབ་པར་བྱ། །ཚངས་ཐིག་གི་ནི་ངོས་རེ་ལ། །སྲ་བའི་ཤིང་གིས་བར་བཞལ་ཏེ། ་ཐིག་སྐུད?་ཉི་ཤུ་ཉི་ཤུ་གདག་།རྟ་བབས་སྤྱིར་མཐུན་གཞན་ཤེས་བྱ། །དེ་ལྟར་ཐིག་རྣམས་གདབ་པ་དང། །ནམ་མཁར་སྤྱན་དྲངས་དཀྱིལ་འཁོར་དེ། །མཆོད་པས་མཆོད་ལ་བསྟིམ། །དེ་ནས་ཆོན་གྱི་ཆོ་ག་བརྩམ། །དྲུག་ཁྲོད་ཀྱི་ཕ་གུ་ལ་སོགས་པ ་དུར་ཁྲོད་ཀྱི་ཚོན་ཞེས་བྱ་བ་ནི་དེ་ལས་དུར་ཁྲོད་ལས་བྱུང་བའི་ཚོན་གྱིས་སོ། །དུར་ཁྲོད་ཕ་གུ་དམར་པོ་དང། །ལྡོང་རོས་ཀྱིས་ནི་སེར་པོ་དང། །རྐུན་མའི་ལོ་མས་ལྗང་གུ་དང། །དཔའ་བོའི་རུས་པའི་དཀར་པོ་དང། །དུར་ཁྲོད་སོལ་བའི་ནག་པོའོ། །ཡང་ན་ཚོན་གྱི ་ཁྱད་པར་ནི། །དཔའ་བོ་རུས་པའི་ཕྱེ་མ་ལ། །བདུད་རྩི་ལྔ་ཡིས་བསྲེད་ནས་སུ། །ཕྱི་ཡི་ཚོན་གྱི་ཁ་དོག་བསྒྱུར། །དེ་ནས་ཐོད་པ་བླུགས་ནས་ནི། །དཀྱིལ་འཁོར་དབུས་ནས་རིམ་པར་བཞག་།དེ་ནས་བདག་ཉིད་རྣལ་འབྱོར་པ། །ལྷ་ཡི་འཁོར་ལོ་རྫོགས་པར་བྱ། །དེ ་ནས་ཐུགས་ཀྱི་འོད་ཟེར་གྱིས། །ཚོན་རྣམས་རང་བཞིན་མེད་པར་བྱ། །ཱ་ལི་ཀཱ་ལི་ལས་བྱུང་བའི། །ཟླ་བ་ཉི་མའི་དབུས་ནི། བྲུཾ་ལ་སོགས་པའི་ཡི་གེ་བསམ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །དཀྱིལ་འཁོར་སྤྱན་དྲངས་ནམ་མཁར་བཞག་། ་མཆོད་པས་མཆོད་ལ་ཚོན་ལ་བསྟིམ། །དེ་ནས་ནད་གི་སྙིང་པོ་གིས།?་བརྒྱ་ཕྲག་རེ་རེའི་བསྟིམ་པར་བྱ། །ཐུགས་ཀའི་འོད་ཀྱིས་བསྟིམ་ནས་ནི། །དེ་དག་འོད་དུ་ཞུ་བར་གྱུར། །དམ་པའི་ཚོན་དུ་གྱུར་པར་བསམ། །དེ་ནས་དཀྱིལ་འཁོར་བྲི་བ་བརྩམ། །? ་མཆོད་པ་གཏོར་མ་སྔོན་འགྲོ་བས། །ལྷ་ཡི་ང་རྒྱལ་རབ་ལྡན་པས། །དཀྱིལ་འཁོར་དམ་པ་དྲི་བར་བྱ། །དང་པོ་གཙོ་བོའི་ཕོ་བྲང་ནི། །དབུས་སུ་མེ་ཡི་དཀྱིལ་འཁོར་བྲི། །མ་ཁྱུད་ཟླུམ་པར་བྱ་བ་ནི། །གྲི་གུག་གི་ནི་འཁོར་ལོ་བྱ། །ཕྱི་རོལ་པདྨ་འདབ་བརྒྱད་ནི། ། ་སྣ་ཚོགས་པ་དང་ལྡན་པར་བྱ། །དེ་ནས་དེ་ཡི་ཕྱི་རོལ་ཏུ། །གྲུ་ཆད་བཞི་ནི་བྱས་པ་ལ། ཤར་ལ་སོགས་པའི་ཕྱོགས་སུ་ནི། །པདྨ་འདབ་མ་བརྒྱད་བརྒྱད་བྲི། །སུམ་ཅུ་རྩ་གཉིས་ཟླུམ་པོ་བྱ། །པདྨའི་ལྷ་ཡི་སྐུ་མདོག་བཞིན། །དེ་ནས་ཕྱི་རོལ་མུ་ཁྱུད་ལ། ། ་འདབ་མ་བདུན་ཅུ་རྩ་གཉིས་ནི། །གྲུ་ཆད་ཉི་ཤུ་རྩ་བཞིར་བྱ། །མུ་ཁྱུད་གྲུ་ཆང་ཐོད་རློམ་གྲི་།དེ་ནས་ཕྱི་རོལ་གཞལ་ཡས་ནི། །དཀྱིལ་འཁོར་སྤྱི་དང་མཐུན་པ་སྟེ། །དེ་ནས་ཕྱི་རོལ་དུར་ཁྲོད་ནི། །རྡོ་རྗེ་གྲི་གུག་ར་བར་ནི། །བར་དུ་ལེགས་པར་བྲི་བར་བྱ། ། ་དུར་ཁྲོད་བརྒྱད་ཀྱི་དབུས་སུ་ནི། །འཇིགས་བྱེད་འཇིགས་བྱེད་མ་རྣམས་ཀྱི། །སྐུ་ནི་ལེགས་པར་བྲི་བར་བྱ། །ཐོད་པ་དཀར་པོ་གྲི་གུག་ནག་པོ་ཞེས་བྱ་བ་ནི་དབུས་ཀྱི་གཙོ་བོ་ལ་སོགས་པའི་ལྷ་རྣམས་ཀུན་གྱི་ཕྱག་མཚན་ཏེ། དབུས་ཀྱི ་ཕོ་བྲང་ལ་སོགས་པའི། །པདྨ་འདབ་མ་ཐམས་ཅད་ལ། །ཉི་མའི་སྟེང་ན་རོ་ཡི་གདན། །སྙིང་གར་གྲི་གུག་ཐོད་པ་བྲི། །དེ་ལྟར་དཀྱིལ་འཁོར་བྲིས་པ་དང། །བུམ་པ་སྟ་གོན་གནས་པ་ཀུན། །སྤྱན་དྲངས་དཀྱིལ་འཁོར་གནས་སུ་དགོད། །དེ་ནས་མཆོད་དང ་གཏོར་མ་ནི། །ལྷ་ཡི་གྲངས་སུ་ཚོགས་པར་བྱས། །དེ་ནས་རྣལ་འབྱོར་བདག་ཉིད་ནི། །དཀྱིལ་འཁོར་བསྒྲུབ་ལ་འཇུག་པར་བྱ། །བསམ་གཏན་དང་ལྡན་པར་བྱས་ལ་ཞེས་བྱ་བ་ནི། །དཀྱིལ་འཁོར་གྱི་ནི་ཤར་ཕྱོགས་སུ། །དེ་ནས་རྡོ་རྗེ་སློབ་དཔོན་ནི། །བདུད་རྩི ་ལྔ་ཡིས་ལུས་བྱུགས་ལ། །རོ་ཡི་གདན་ལ་འདུག་ནས་ནི། །ལྷ་ཡི་འཁོར་ལོ་རྫོགས་པར་བསྐྱེད། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །མདུན་དུ་དཀྱིལ་འཁོར་དག་པར་བྱ། །དེ་ནས་མདུན་གྱི་ནམ་མཁའ་ལ། །རཾ་སྐྱེས་ཉི་མའི་སྟེང་ན་ཧཱུཾ། །ཧཱུཾ་ལས་གསལ ་བར་སྤྲོ་བ་ནི། །ཁྲོ་བོ་ནག་པོ་ཆེན་པོ་བཅུ། །སྤྲོས་ནས་ཕྱོགས་བཅུའི་བགེགས་རྣམས་བཅོམ། །ཁྲོ་བོ་བགེགས་རྣམས་ཐམས་ཅད་ནི། །འོད་དུ་ཞུ་ནས་རྡོ་རྗེ་ཡི། །ར་བ་གུར་དང་ས་གཞིར་གྱུར། །དབུས་ཀྱི་ཧཱུཾ་ལས་འོད་ཟེར་ནི། །འཁོར་ལོའི་ནང་དུ་རབ་སྤྲོས་ཏེ། ། ་གྲི་གུག་ར་བ་བླ་རེར་གྱུར། །དབུས་སུ་ཨེ་ཡི་རྣམ་པ་ལས། །ཆོས་ཀྱི་འབྱུང་གནས་བསམ་པར་བྱ། །དེ་དབུས་ཡི་ལས་རླུང་དཀྱིལ་འཁོར་།གཞུ་དབྱིབས་སྔོན་པོ་བདན་མཚན། །དེ་སྟེང་རཾ་བྱུང་མིའི་དཀྱིལ་འཁོར། །ཟུར་གསུམ་དམར་པོ་རེ་ཐས་མཚན། །དེ ་སྟེ་བ་ལས་ཆུའི་དཀྱིལ་འཁོར། །དཀར་པོ་ཟླུམ་པོ་བུམ་པས་མཚན། །དེ་སྟེང་ལིཾ་བྱུང་སའི་དཀྱིལ་འཁོར། །གྲུ་བཞི་སེར་པོ་རྡོ་རྗེས་མཚན། །དེ་སྟེང་བྲུཾ་ལས་འཁོར་ལོ་སྟེ། །འཁོར་ལོའི་སྟེང་དུ་ཧཱུཾ་གྱིས་མཚན། །དེ་དག་ཡོངས་སུ་གྱུར་པ་ལས། །ལྷ་ཡི ་གཞལ་ཡས་ཁང་རྫོགས་ཏེ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་རྣམ་པར་བརྒྱན། །དྲ་བ་དྲ་བྱེད་ཡང་དག་ལྡན། །ཀ་བ་བརྒྱད་ཀྱིས་ཡང་བདག་བརྒྱན། །དུར་ཁྲོད་རྒྱན་གྱིས་ཉེ་བར་བརྒྱན། །དཀྱིལ་འཁོར་དབུས་ཀྱི་ཕྱོགས་དག་ཏུ། །མེ་ཡི་དཀྱིལ ་འཁོར་རབ་འཇིགས་འབར། །མེ་ཡི་དཀྱིལ་འཁོར་ཕྱི་རོལ་ཏུ། །གཞལ་ཡང་ཁང་དུ་དུས་མཚུངས་སུ། །པདྨའི་གདན་རྣམས་རྫོགས་པར་བསྐྱེད། །དེ་ལྟར་གཞལ་ཡས་ཁང་རྫོགས་ནས། །ནག་པོ་ཆེན་པོ་དང་མཁའ་འགྲོ་མའི་ཚོགས་བསྐྱེད་ལ་ཞེས་བྱ་བ་ནི། །དཀྱིལ ་འཁོར་གཞལ་ཡས་ཁང་དུ་ནི། །ལྷ་ཡི་དཀྱིལ་འཁོར་བསྐྱེད་པར་བྱ། །མེ་ཡི་དཀྱིལ་འཁོར་དབུས་སུ་ནི། །སྣ་ཚོགས་པད་སྟེང་ཉི་དཀྱིལ་འཁོར། །དེ་སྟེང་རོ་ཡི་གདན་ཉིད་དོ། །དེ་ནས་ལྷ་རྣམས་ཐམས་ཅད་ཀྱི། །གདན་ཡང་དེ་དང་མཚུངས་པར་སྐྱེད། །དེ་ནས་རོ་ཡི་སྙིང ་གར་ནི། །མེ་ལོང་ཡེ་ཤེས་རང་བཞིན་ནི། །ཱ་ལི་ལས་བྱུང་ཟླ་བ་བསམ། །དེ་སྟེང་ཉི་མའི་དཀྱིལ་འཁོར་ནི། །ཀཱ་ལི་ལས་བྱུང་མཉམ་ཉིད་དེ། །དེ་ཡི་དབུས་སུ་གནས་པ་ནི། །གྲི་གུག་ཡུ་བ་ཧཱུཾ་གིས་མཚན། །སོ་སོར་རྟོག་པའི་རང་བཞིན་ནོ་།ཐམས་ཅད་གཅིག་གྱུར ་བྱ་ནན་ཏན། །གཟུགས་བརྙན་རྫོགས་པ་ཆོས་ཀྱི་དབྱིངས། །ཞལ་གཅིག་པ་ལ་ཕྱག་གཉིས་པ། །གྲི་གུག་ཐོད་པ་ལག་ན་འཛིན། །འཇིགས་པ་ཆེན་པོའི་ཆ་བྱད་ཅན། །ཆར་སྤྲིན་མདོག་ལ་སྤྱན་གསུམ་འབར། །དེ་ལྟར་གཙོ་བོ་རྫོགས་པ་ཡི། །ཐུགས་ཀར་བཀའ་ ་སྡོད་བསྐྱེད་པར་བྱ། །ཆོ་ག་གསུམ་གྱིས་རྫོགས་པའོ། །དེ་ནས་མཁའ་འགྲོ་མ་རྣམས་བསྐྱེད། །མཁའ་འགྲོ་མ་ཡི་གདན་རྣམས་ནི། །ཉི་མའི་སྟེར་ན་རོ་ཡི་གདན། །སྙིང་གར་ཧཱུཾ་ལས་སྐྱེས་པ་སྟེ། །ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་མ། །སྐུ་མདོག་གོང་ནས ་འབྱུང་བ་བཞིན། །ཕྱག་མཚན་གྲི་གུག་ཐོད་པ་འཛིན། །སྤྱན་གསུམ་འཇིགས་པའི་ཆ་བྱད་ཅན། །ཐུགས་ཀྱི་རྡོ་རྗེ་ལས་སྤྲུལ་པའི། །མཁའ་འགྲོ་མ་ཡི་གདན་རྣམས་སུ། །ཕྱི་རོལ་ལྷ་མོ་བརྒྱད་མནན་ཏེ། །དཀར་མོ་ཆོམ་རྐུན་རོ་ལངས་མ། །དག་མོ་ལ་སོགས ་ལྷ་མོ་བཞི། །གཽ་རི་ལ་སོགས་པ་ཡི་གདན། །ཚངས་མ་དབང་མོ་ཉེ་དབང་དྲག་།ཙཎྚི་ཀ་ལ་སོགས་པ་བཞི། །བྱང་ཤར་ལ་སོགས་པ་མཚམས་རྣམས་སུ། །བུཀྐ་སི་ལ་སོགས་པའི་གདན། །དམ་ཚིག་མཁའ་འགྲོ་ལ་སོགས་པ། །བརྐྱང ་བསྐུམ་རོ་ཡི་སྟེང་ན་འགྱིང། །ལས་ཀྱི་མཁའ་འགྲོ་ཐམས་ཅད་ནི། །བུལླི་ར་ལ་སོགས་པ་ཡི། །གནས་ནི་ཉི་ཤུ་རྩ་བཞི་ན། །མཁའ་འགྲོ་བདུན་ཅུ་རྩ་གཉིས་དག་།འཇིགས་པའི་གཟུགས་སུ་ཐམས་ཅད་བསྐྱེད། །གཏུམ་དྲག་ལ་སོགས་དུར་ཁྲོད་དུ། །ནག ་པོ་དྲག་པོ་ལ་སོགས་པའི། །གནོད་སྦྱིན་ཆེན་པོ་བརྒྱད་རྣམས་ཀྱང། །ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་ཏེ། །རོ་ཡི་སྟེང་ན་གར་གྱིས་གནས། །ཤར་ཕྱོགས་ནག་པོ་དྲག་པོ་ནི། །སྐུ་མདོག་ནག་པོ་ཆེར་འཇིགས་པ། །རལ་གྲི་ཐོད་པ་ལྕགས་ཀྱུ་འཛིན། ། ་ལྷོ་ཕྱོགས་རྡོ་རྗེ་གཏུམ་པོ་ནི། །སྐུ་མདོག་སེར་པོ་མེ་ལྟར་འབར། །གྲི་གུག་ཐོད་པ་ཞགས་པ་འཛིན། །ནུབ་ཕྱོགས་རྡོ་རྗེ་རོ་ལངས་ནི། །སྐུ་མདོག་དམར་པོ་རབ་འཇིགས་པ། །གྲི་གུག་ཐོད་པ་ལྕགས་སྒྲོག་འཛིན། །བྱང་ཕྱོགས་རྡོ་རྗེ་ཀཱ་ལ་ནི། །སྐུ་མདོག་དཀར་པོ་ཁྲོ་གཉེར་ཅན། །ཕྱག་ན ་ཁྲོ་གཉེར་ཅན། །གྲི་གུག་ཐོད་པ་ཁྲག་འཐུང་ཚུལ། །བྱང་ཤར་ཕྱོགས་ཀྱི་བདག་པོ་ནི། །སྐུ་མདོག་སྟང་ཟིལ་མདོག་དམར་གནག་།ཕྱག་ན་རྩེ་གསུམ་ལ་ཕུག་འཛིན། །ཤར་ལྷོ་གནོད་སྦྱིན་རུ་རུ་ནི། །སྐུ་མདོག་དཀར་པོ་ཁྲོ་གཉེར་ཅན། །ཕྱག་ན་ཨེ་རྡོ་རྗེ་ཐོད་ཁྲག་འཁྲུག་།ལྷོ་ནུབ་མཚམས་ཀྱི་དུར་ཁྲོད་ན། །གནོད་སྦྱིན་གར་མཁན་མཆོག་གནས་ཏེ། །སྐུ་མདོག་སྨུག་ནག་འཇིགས་པའི་གཟུགས། །ཕྱག་ན་དགྲ་སྟ་ཐོད་པ་འཛིན། །ནུབ་བྱང་མཚམས་ཀྱི་དུར་ཁྲོད་ན། །ལྕགས་ཀྱི་སྨེ་བ་ཅན་གནས ་ཏེ། སྐུ་མདོག་ནག་པོ་ཆེར་འཇིགས་པ། །ཕྱག་ན་གྲི་གུག་ཐོད་པ་འཛིན། །གཞན་ཡང་ཤར་ཕྱོགས་ལ་སོགས་པའི། །ཁ་གདོང་ལ་སོགས་འཇིགས་བྱེད་མ། །གནག་དང་སེར་དང་དམར་དང་སྟོ། །དེ་ལྟར་སྐུ་མདོག་འཇིགས་གཟུགས་མ། །གྲི ་གུག་ཐོད་པ་ལག་ན་འཛིན། །བྱང་ཤར་མཚམས་སོགས་དུར་ཁྲོད་ན། །གཤིན་རྗེ་ཕོ་ཉ་མོ་ལ་སོགས། །སྣ་ཚོགས་མདོག་ཅན་ཁྲོ་མོའི་གཟུགས། །གྲི་གུག་ཐོད་པ་ལག་ན་འཛིན། །གཞན་ཡང་དུར་ཁྲོད་དེ་རྣམས་ན། །ཤིང་དང་ཕྱོགས་སྐྱོང་ཀླུ་རྣམས་དང། །སྤྲིན ་གྱི་བདག་པོ་བསམ་པར་བྱ། །ཤ་རི་ཥེ་དང་ཙུ་ད་དང། །ཀ་ཀོ་ལེ་དང་ཨ་ཤྭ་སྟེ། །ཤར་ལ་སོགས་པའི་རིམ་པར་གནས། །འབར་ར་ཀར་ཙ་ག་ར་ན་དང། །འབའ་དང་ལ་ཏི་ཀར་ཏི་ཡི། །བྱང་ཤར་ལ་སོགས་མཚམས་ན་གནས། །དབང་པོ་དང་ནི་གཤིན་རྗེ་དང། །ཀླུ ་ཡི་བདག་པོ་བཞིན་བདག་དག་།ཤར་ལ་སོགས་པའི་ཕྱོགས་ན་གནས། །དབང་ལྡན་དང་ནི་བྱིན་ཟ་དང། །སྲིད་པོའི་དབང་པོ་ཀླུ་ནག་པོ། །བྱང་ཤར་ལ་སོགས་མཚམས་ན་གནས། །ནོར་རྒྱས་དང་ནི་པདྨ་དང། །སྟོབས་ཀྱི་རྒྱུ་དང་འཇོག་པོ་དང། །ཤར་ལ་སོགས ་པའི་རིམ་པས་གནས། །པདྨ་ཆེན་པོ་ཧུ་ལུན་ཏ། །རིགས་ལྡན་དང་ནི་དུང་སྐྱོང་རྣམས། །བྱང་ཤར་ལ་སོགས་མཚམས་ན་གནས། །སྒྲ་ནི་དྲག་དང་འཁྱིལ་བ་དང། བདུད་པ་ཅན་དང་རྨུགས་པ་དང། །ཤར་ལ་སོགས་པའི་རིམ་པས་གནས། །འཁྲིགས་པ་དང་མི ་གང་བ་དང། །འབར་པ་དང་ནི་དྲག་པོ་ནི། །བྱང་ཤར་ལ་སོགས་མཚམས་ན་གནས། །འབྱུང་པེ་དེ་དག་ཐམས་ཅད་ཀྱང། །ཀུན་ཀྱང་འཇིགས་པའི་གཟུགས་ཅན་ཏེ། །གྲི་གུག་ཐོད་པ་ལག་ན་འཛིན། །གཞན་ཡང་དུར་ཁྲོད་དེ་དག་ན། །འཇིགས་བར་གཟུགས་པ? ་རོ་ལངས་དང། །འབྱུང་པོ་མང་པོ་འདུས་པ་སྟེ། །ཅེ་སྦྱང་སྒྲ་ནི་སྒྲོགས་པའོ། །དེ་ལྟར་དུར་ཁྲོད་ཐམས་ཅད་ཀྱང། །ཆོ་གས་རྫོགས་པར་བསྐྱེད་ནས་སུ། །ནམ་མཁའ་ལས་བྱུང་བའི་དཀྱིལ་འཁོར་བསྟིམ་ཞེས་བྱ་བ་ནི། །ནམ་མཁའ་ལས་བྱུང་ཆོས་སྐུ་ཡིན། །དཀྱིལ་འཁོར ་ལོངས་སྤྱོད་རྫོགས་པར་བཤད། །བསྟོན་པ་སྦྲུལ་པས་འགྲོ་དོན་བྱེད། །དེ་ཡང་འདི་ལྟར་བྱ་བ་སྟེ། །གཟོ་བོའི་ཐུགས་ཀའི་འོད་ཟེར་ནི། །ཕྱག་བརྒྱ་བཞི་དང་ལྡན་པ་ཡིས། །དཀྱིལ་འཁོར་དགུག་ཅང་དགྱེས་པར་བྱ། །དེ་ནས་རྒྱུད་ནས་འབྱུང་བ་ཡི། །བདེ ་གཤེགས་དབང་བསྐུར་རྒྱས་གདབ་བྱ། །མཆོད་པ་དང་གཏོར་མ་ཞེས་བྱ་བ་ནི། །མཐུན་པའི་རྫས་ནི་ཐམས་ཅད་ལ། །མཆོད་པ་གཏོར་མ་བྱས་ནས་སུ། །དཀྱིལ་འཁོར་ལྷ་རྣམས་ཐམས་ཅད་ལ། །རྩ་བའི་སྔགས་ཀྱིས་དབུལ་བར་བྱ། །ཁྱད་པར ་གྱིས་མཆོད་པ་ཞེས་བྱ་བ་ནི། །ཆོ་ག་བྱས་པའི་ལ་དུ་ལ། །ཁྱད་པར་སྤོས་ཀྱི་མཆོད་པས་མཆོད། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །དཀྱིལ་འཁོར་ལྷ་རྣམས་ཐམས་ཅད་ལ། །ཅང་ཏེའུ་སྒྲ་དཀྲོལ་བསྟོད་པ་བྱ། །ཧཱུཾ་ཆོས་དཀྱིལ་སྟོང་ཉིད་གཉིས་མེད་དང་ཉིད་ལས། ། ་འཇིག་རྟེན་གདུག་པ་འཇོམས་པའི་ཚུལ་མི་སྤོང། །ཐབས་ལ་མཁས་པས་ནག་པོའི་སྐུར་སྟོན་པ། །ནག་པོ་འབར་བའི་སྐུ་ལ་ཕྱག་འཚལ་བསྟོད། །མི་ཐུང་སྒེག་པོ་སྤྲིན་གྱི་མདོག་ལྟ་བུ། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔ་རྟགས་ཅན། །གདུག་པ་འདུལ་མཛད ་མཚོན་ཆ་ཕྱག་ན་བསྣམས། །ཀླུ་བརྒྱད་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་བསྟོད། །ལྷག་པར་རོལ་བའི་ཡེ་ཤེས་སྟོབས་མཛིད་ཅིང། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས། །མ་ལུས་དབང་དུ་མཛད་ལ་ཕྱག་འཚལ་བསྟོད། །གདུག་པ་སྤྲུལ་བའི ་སྣ་ཚོགས་འགྱེད་མཛེས་པའི། །སྲིན་པོའི་གཟུགས་འཆང་མི་བཟད་དྲག་པོའི་སྐུ་ལ་ཕྱག་འཚལ་བསྟོང། ཉོན་མོངས་མ་ལུས་གཏན་ནས་འཇོམས་མཛད་པའི། །གནོད་སྦྱིན་གདུག་པ་ཁ་ནས་ཁྲག་འཛག་པའི། །རྔཾ་པའི་མཆེ་བ་གཙིགས་ལ་ཕྱག་འཚལ ་བསྟོད། །དཔའ་བོ་སྟང་སྟབས་བརྐྱང་བསྐུམ་རོ་ཡི་གདན། །བསྐལ་པའི་ཡེ་ཤེས་མེ་དཔུང་འབར་བའི་སྐུ། །སྟག་ལྤགས་ཤམ་ཐབས་མཛད་ལ་ཕྱག་འཚལ་བསྟོད། །དབུ་སྐྲ་ཁམ་སེར་གྱེན་དུ་འཁྲིལ་མཛད་ཐོད་པའི་དབུ་རྒྱན་ཅན། །སྔགས་ཀྱི་ཡོན་ཏན ་རྫོགས་མཛད་དྲག་པོའི་གདན། །སྦྲུལ་ནག་ཆུན་པོས་བརྒྱན་ལ་ཕྱག་འཚལ་བསྟོད། །ཉི་ཟླ་འབར་བའི་སྤྱན་གསུམ་སྡང་མིག་གིས། །ཁམས་གསུམ་མ་ལུས་དབང་དུ་སྡུད་མཛད་ཅིང། །བགེགས་དཔུང་སྲེག་མཛད་ཁྱེད་ལ་ཕྱག་འཚལ་བསྟོད། ། ་གཏུམ་ཆེན་དུས་མཛའ་ཨི་མེ་ལྟར་གཟི་བརྗོད་འབར། །མ་རིག་ལ་སོགས་གཅོར་ཕྱིར་གྲི་གུག་འཛིན། །ནག་པོ་གཟི་བརྗིད་འབར་ལ་ཕྱག་འཚལ་བསྟོད། །ལྷ་ཡི་ཐོད་པར་ལྷ་མིན་ཁྲག་འཛིན་པ། །གདུག་པ་འཇོམས་ཕྱིར་དཀྲུག་འཐུང་རྒྱུན་མི་འཆད། །གསང ་སྔགས་དངོས་གྲུབ་སྦྱིན་མཛད་ཕྱག་འཚལ་བསྟོད། །དུར་ཁྲོད་བདག་པོ་མངའ་གསོལ་མ་མོས་བསྐོར་མཛད་པའི། །དཔལ་ལྡན་ནག་པོ་རབ་ཏུ་འབར་བའི་སྐུ། །བསྟན་པ་བསྲུང་བར་སེམས་བསྐྱེད་ཁྱོད་ལ་ཕྱག་འཚལ་བསྟོད། །དུས་གསུམ་རྒྱལ་བ་ཐམས ་ཅད་ཀྱིས། །བསྟན་པ་བསྲུང་བར་བྱིན་བརླབས་པའི། །ལྷ་ཡི་དམག་དཔོན་ཁྱོད་ལ་བསྟོད། །གསང་བ་གསུམ་ལས་བྱུང་བའི་ནག་པོ་ཆེན་པོ་ཁྱོད། །མཁའ་འགྲོ་གཙོ་མཛད་མཁའ་ལ་རྒྱུ་མཛད་པའི། །ཚོགས་ཀྱི་བདག་པོ་ཁྱོད་ལ་ཕྱག་འཚལ་བསྟོད། ། ་སྲིད་པ་གསུམ་གྱི་གདུག་པ་འཇོམས་མཛེད་པའི། །གྲོང་ཁྱེར་སུམ་བརྩེགས་འཇིགས་མཛད་ནག་པོ་ཆེ། །མ་མོའི་ཚོགས་བསྐོར་ཁྱོད་ལ་ཕྱག་འཚལ་བསྟོད། །རང་གི་རང་བཞིན་ཆགས་དང་རྣམ་བྲལ་ཡང། །གདུག་པ་འདུལ་ཕྱིར་ཁྲོ་དང་ཁྲོ་མཛད་པའི ་ནག་པོ་གཏུམ་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །ཕྱི་རོལ་ཚངས་མ་དཀར་མོ་ལ་སོགས་བརྒྱན། །དེ་ཡི་གཉེན་པོར་ཉིད་སྐུར་སྤྲུལ་པ་ཡི། །སྣ་ཚོགས་གཟུགས་འཆང་འཇིགས་པ་ཆེན་པོའི་སྐུ། །གྲི་གུག་ཐོད་པ་དྲག་པོ་སྟེ། །ཐུགས་ཀྱི་རྡོ་རྗེ་ཁྱེད་ལ ་ཕྱག་འཚལ་བསྟོད། །སྐུ་གསུང་ཐུགས་ལས་བྱུང་བ་ཡི། །དམ་ཚིག་ཆེན་པོའི་བདག་ཉིད་འཛིན། །གསོད་བྱེད་མ་ལ་སོགས་པ་ཡི། །མཁའ་འགྲོ་སུམ་ཅུ་རྩ་གཉིས་དག་།གཙོ་བོའི་དམ་ཚིག་མི་སྤོང་ཞིང། །གདུག་པ་མ་ལུས་འཇོམས་མཛད་པའི ་དྲག་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །གསང་བར་གནས་པའི་ཕོ་བྲང་ནི། །ཉི་ཤུ་རྩ་གཉིས་བདག་ཉིད་དེ། །དུལླི་ར་ལ་སོགས་པ་ཡི། །གསང་བའི་གནས་ནི་དེ་དག་ན། །འཕྲིན་ལས་རྫོགས་པར་བྱེད་པ་ཡི། །ཀུན་ཀྱང་ལས་ཀྱི་བདག་མོ་སྟེ། །ཁྲག་འཐུང ་མ་ལ་སོགས་པ་ཡི། །མཁའ་འགྲོ་བདུན་ཅུ་རྩ་གཉིས་དག་།ཀུན་ཀྱང་འཇིགས་པའི་གཟུགས་ཅན་གྱིས། །འཕྲིན་ལས་ཐམས་ཅད་མྱུར་འགྲུབ་པའི། །མཁའ་འགྲོ་ཁྱོད་ལ་ཕྱག་འཚལ་བསྟོད། །དུར་ཁྲོད་ཆེན་པོ་ལ་གནས་པའི། ། ་ནག་པོ་དྲག་པོ་ལ་སོགས་གནོད་སྦྱིན་བརྒྱད། །འཇིགས་བྱེད་ཆེན་པོའི་གཟུགས་ཀྱི་གནས་པ་སྟེ། །འགྲོ་བ་མ་ལུས་སྒྲོལ་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །ཁྭ་གདོང་ལ་སོགས་འཇིགས་བྱེད་མ་ཡི་ཚོགས། །དུར་ཁྲོད་གནས་ནས་མཚན་མོ་རྒྱུ ་པས་སྣ་ཚོགས་སྤྲུལ་བའི་བདག། འགྲོ་བའི་སྲོག་འཕྲོག་འཇིགས་པའི་གཟུགས་འཆད་ཁྱེད་ལ་ཕྱག་འཚལ་བསྟོད། །འཁོར་གྱི་ཚོགས་སུ་གྱུར་པ་ཐམས་ཅད་ཀྱིས། །གཙོ་བོའི་འཁོར་ལོ་ཀུན་ནས་མི་སྤོང་ཞིང། །དམ་ཚིག་ཆེན་པོར་གནས་པ་ཁྱོད་པ་ལ་བསྟོ ་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་ངོ་དྲང་ན། །ཉི་ཤུ་རྩ་བཞི་དྲག་པོའི་ཚོགས་རྣམས་ཀྱིས། །དུས་གསུམ་དུར་ཁྲོད་གནས་རྣམས་བསྐོར་མཛད་པའོ། །ནག་པོ་དྲག་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་སློབ་དཔོན་སྨོད་མྱེད?་དང། །ཐེག་ཆེན་བསྟན་པ་འཇིག་བྱེད་པ། ། ་གདུག་པ་མ་ལུས་འདུལ་མཛད་པའི། །ནམ་མཁའ་ཨི་འཁོར་ལོ་རབ་བཞུགས་ཏེ། །གར་མཁན་ཁྱོད་ལ་ཕྱག་འཚལ་བསྟོད། །ཤ་གཏུབ་ཁྲག་ནི་འཐུང་མཛད་པའི། །རང་བཞིན་གསང་སྔགས་རྫོགས་མཛད་པའི། །འཇིགས་བྱེད་ཁྱོད་ལ་ཕྱག་འཚལ་བསྟོད ་རི་རབ་རྩེ་ཡི་གཙོ་ཆེན་པོ། །ལྷ་མིན་དམག་དཔུང་འཇོམས་མཛད་པའི། །དཔལ་ལྡན་འཁོར་སྐྱོང་ཁྱོད་ཕྱག་འཚལ། །གཏུམ་པའི་སྐུ་ཚང་ཤ་ཆེན་ཟ་བྱེད་པ། །ཐོད་པའི་དོ་ཤལ་སྔགས་ཀྱི་ཕྲང་བ་བརྒྱ་ན། མི་བཟད་ཁྱོད་ལ་ཕྱག་འཚལ་ལོ། །དཔལ་ལྡན ་ནག་པོ་ཆེན་པོ་ཡིས། །བདག་གི་བསྟན་པ་བསྲུང་བར་བགྱིས། །དེ་ལྟར་བསྟན་ན། སོ་སོའི་ཐུགས་ཀར་དམ་ཚིག་བསྙེན་པ་བསྐྱལ་ཏེ། དེ་ནས་བསྙེན་པ་རབ་བསྐྱལ་ཏེ། །དེ་རྣམས་ལྷ་རྣམས་ཐམས་ཅད་ཀྱི། །ཐུགས་ཀར་ནང་གི་སྙིང་པོ་ཡིས། །བསྙེན ་པ་འབུས་ཕྲག་བསྐྱལ་བར་བྱ། །དེས་ནི་རྟགས་ནི་ཐོབ་པ་སྟེ། །དུས་གསུམ་དུ་ཞེས་བྱ་བ་ནས་ཞལ་མཐོང་བར་འགྱུར་པ་ནི་གོ་སླའོ། །དེ་ལྟར་རྡོ་རྗེ་སློབ་དཔོན་གྱིས། བསྙེན་པ་རྫོགས་པའི་དཀྱིལ་འཁོར་དུ། །སློབ་མ་གཞུག་པ་བརྩམ་པར་བྱ། །སློབ་མའི་མཆོག ་ཏུ་གྱུར་བ་དེས། །ཡོལ་བའི་ཕྱི་རོལ་གནས་ནས་ནི། །ལག་གཉིས་མེ་ཏོག་གཟུང་བྱས་ལ། །བླ་མའི་མདུན་དུ་མཎྜལ་དབུལ། །སྐུ་གསུང་ཐུགས་ལས་བྱུང་བ་ཡི། །རྡོ་རྗེ་ཆེན་པོའི་བདག་ཉིད་ཁྱོད། །དཔལ་ལྡན་ནག་པོ་ཆེན་པོ་ཡིས། །གསང་བའི་འཁོར་ལོའི་པོ་དྲང ་དུ། དེ་བཞིན་བདག་ནི་གཞུགས་སུ་གསོལ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །རྩ་བའི་སྔགས་ཀྱིས་བསང་གཏོར་བྱ། །དུར་ཁྲོད་ངེས་ཀྱི་གདོང་གཡོགས་ལ། །སློབ་མ་མདུན་དུ་བཞག་པར་བྱ། །སློབ་མས་ཡོན་མཆོག་ཕུལ་ནས་ནི། །གོང་དུ་གསུངས་པའི ་བསྟོད་པ་ཡིས། །སློབ་མ་དཀྱིལ་འཁོར་ལྷ་ལ་བསྟོད་དེ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །སྡོམ་པ་བཟུང་བའི་ཆོ་ག་ཡིས། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །དམ་ཚིག་འཁོར་ལོ་ཡིན་པ་སྟེ། །དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །བསྟན་པ་བསྲུང་པར ་སེམས་བསྐྱེད་ཅིང། སློབ་མ་གསོལ་བ་གདབ་པར་བྱ། །སྐུ་གསུང་ཐུགས་ལས་བྱུང་བ་ཡིས། །དཔལ་ལྡན་ནག་པོ་ཆེན་པོ་དང། །མཁའ་འགྲོའི་དཀྱིལ་འཁོར་འཁོར་ལོའི་བདག་།དེ་བཞིན་བདག་ལ་དབབ་དུ་གསོང། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། ། ་ནག་པོ་ཆེན་པོ་ལ་སོགས་པའི། །དཀྱིལ་འཁོར་འཁོར་ལོ་སྤྱན་དྲངས་ནས། །སློབ་མའི་སྙིང་གར་གཞུགས་པར་བྱ། །ོཾ་ཤྲཱི་མཧཱ་ཀྲཱ་ལ་གཱ་གཱ་ག་ཙཀྲ། ཨཱ་དརཤ་ཡ་ཏོ་བཏ་ཡ། ད་རཱ་རཱ། བ་ལ་ཡ་ཙི་ཏཱ་ཡ། ཧཱུཾ་ཧ་ཨཱ་ཛདྷེ། སློབ་མ་ཁྲོ་གཉེར་བཞིན་གྱུར་ནས། །དྲག ་བོའི་སྔགས་ནི་བརྗོད་པ་དང། བརྟུལ་ཞུགས་གར་ནི་བྱེད་པར་འགྱུར། ཨོཾ་གཱ་གཱ་མ་ཏེ་ཏེ་བཛྲས་བརྟན་པར་བྱ། །སློབ་མ་ཤར་དུ་གནས་ནས་ནི། །སློབ་དཔོན་གྱིས་ནི་གཞུག་པར་བྱ། །དཔལ་ལྡན་ནག་པོ་ཆེན་པོ་དང། འཁོར་ལོའི་དཀྱིལ་འཁོར་ཐམས་ཅད ་གསང་བའི་ཕོ་བྲང་ཆེན་པོར་ནི། །བདག་གི་སློབ་མ་བཞུག་པར་བྱ། །སློབ་མས་རིག་པའི་མེ་ཏོག་ནི། །དཀྱིལ་འཁོར་དབུས་སུ་གཏོར་བར་བྱ། །ོཾ་མ་ཧཱ་ཀཱ་ལཱ་ཡ། །ཱ་དརཤ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུཾ། ཐོད་རུས་ལས་བྱུང་དབུ་བརྒྱན་ལ། ་རིན་ཆེན་བདག་པོ་བསྐྱེད་པར་བྱ། །ཐུགས་ཀར་ནག་པོ་ཆེན་པོ་ནི། །ཡན་ལག་གོ་ཆ་ཀུན་བྱས་ཏེ། །སྤྱི་བོར་དབང་བསྐུར་སྦྱིན་པར་བྱ། །ོཾ་མཧཱ་ཀཱ་ལ་ཡ། །ས་མན་ཏ་ཛྙཱ་ན་ཨ་བྷི་ཥིཉྩ་ཏྲཾ། རྡོ་རྗེ་སྣང་བ་མཛའ་ཡས་སུ། །བསྐྱད་ནས་ནག་པོ་ཆེན་པོ་ནི། །ཐུགས ་ཀར་ཡང་དག་གནས་པར་བྱ། །དེ་ནས་དབང་བསྐུར་སྦྱིན་པ་ནི། །ོཾ་མཧཱ་ཀཱ་ལ་ཡ། པྲ་ཏི་བྷཀྵ་ཤ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ། དྲིལ་བུ་དོན་ཡོད་གྲུབ་པར་ནི། །བསྐྱེད་ནས་ཐུགས་ཀར་རིགས་བདག་བསམ། །ཡན་ལག་ཆོ་ག་ཀུན་བྱས་ཏེ། །དེ་ནས་དབང་སྐུར? ་སྦྱིན་པར་བྱ། །ོཾ་མཧཱ་ཀཱ་ལ་ཡ་ཀྲི་ཏ་ཨཱ་ནུ་ཋ་ཌཱ་ཨ་བྷཾ་ཥིཉྩ་ཏ་ཁཾ། །དེ་ནས་བདག་གི་ལྷ་ཡིས་ནི། །མིང་གི་དབང་འདི་བསྐུར་བྱ་སྟེ། །བུམ་པ་ལ་སོགས་རྫོགས་ཚོགས་ནས། །མཱ་ཧཱ་ཀཱ་ལ་ཡ་དྷ་རྨ་དྷ་ཏུ་ཛྙཱ་ན་ཨ་བྷཱི་ཥིཉྩ་ཤྲོ་ནཱ་མ། ཨ་བྷི་ཥེ་ཀ་ཏ་ཨོཾ། དཔལ ་དང་རྡོ་རྗེ་མཛའ་ཡས་ཀྱི། །མིང་གི་དབང་ནི་བསྐུར་བར་བྱ། །དེ་ནས་སློབ་མ་མཆོག་གི་ནི། །ཡོན་གྱི་མཆོག་ཕུལ་གསོལ་བ་གདང། །ནམ་མཁའ་ལས་བྱུང་རྡོ་རྗེའི་སྐུ། །དེ་བཞིན་བདག་ལ་སྩལ་དུ་གསོལ། །དཔལ་ལྡན་ནག་པོ་ཆེན་པོ་དང། །དཔའ་བོ ་མཁའ་འགྲོ་མ་རྣམས་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་དབང། །དབང་བསྐུར་བ་ནི་བདག་ལ་གསོལ། །གདུག་པ་མ་ལུས་སྒྲལ་བ་དང། །བདེ་གཤེགས་བསྟན་པ་བསྲུང་བའི་ཕྱིར། །བདག་ནི་རྟག་པར་སློབ་དཔོན་བགྱིད། །དེ་ནས་སློབ་མའི ་སྙིང་གར་ན། །ཧཱུཾ་གི་ཡི་གེ་གསལ་བར་བསམ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །བསྐུལ་ནས་ནག་པོའི་སྐུར་བསྐྱེད་དེ། །སློབ་མའི་ཐུགས་ཀར་སྡོད་པར་བསམ། །དེ་ནས་ཡེ་ཤེས་སེམས་དཔའ་ནི། །ཕྱག་རྒྱ་བཞི་ཡི་སྦྱོར་བས་བསྟིམ། ། ་དེ་ནས་བུམ་པ་ལ་སོགས་པའི། །དབང་བསྐུར་བ་ནི་སྦྱིན་པར་བྱ། །དེ་ནས་གྲི་གུག་ཐོད་པ་སྦྱིན། །ཡེ་ཤེས་འབར་བའི་བདག་ཉིད་དེ། །ཉོན་མོངས་མ་ལུས་གཅོད་པའི་མཆོག་།བདུད་ཁྲག་འབྱུང་བའི་ཀ་པཱ་ལ། །དཔའ་བོའི་རྟགས་སུ་སྦྱིན་པར་བྱ། །དཔལ་ལྡན ་ནག་པོ་ཆེན་པོ་ཡིས། །ཅོད་པན་ལ་སོགས་ཕྱག་རྒྱ་དྲུག་།སྐུ་ཡི་རྟགས་སུ་སྦྱིན་པར་བྱ། །དུར་ཁྲོད་སྣག་ཚས་བྲིས་པ་ཡིས། །པོ་ཏི་གསུང་གི་རྟགས་སུ་སྦྱིན། །དུང་དང་མདའ་གཞུ་སྦྱིན་པར་བྱ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །ཐུགས་ཀའི་ཧཱུཾ་ལས་རབ་སྤྲོས་ཏེ། །རྩ ་ཁའི་སྙིང་པོའི་སྔགས་དང་ནི། །ནང་གི་སྙིང་པོ་རབ་སྒྲོས?་ཏེ། །སློབ་མའི་སྙིང་གར་བསྟིམ་པར་བྱ། སྔགས་རེ་སྟོང་ཕྲག་རེ་རེ་བསྟིམ། །དེ་ནས་ཤ་ལྔ་བདུད་རྩི་ལྔ། །དམ་ཚིག་ཆོ་གས་སྦྱིན་པར་གྱི། །དེ་ནས་རྡོ་རྗེ་རྩེ་མོ་ཡིས། འབར་བའི་བསམ་གཏན་བརྟན ་ནས་ནི། །རྗེས་སུ་གནང་བ་སྦྱིན་པར་བྱ། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ནི། །ཁྱེད་ཀྱི་རྟག་ཏུ་གོམས་པར་གྱིས། །དངོས་གྲུབ་ཐམས་ཅད་ཁྱོད་མངོན་གྱུར། །གསང་སྔགས་ལ་ཡང་བརྩོན་པར་གྱིས། །དམ་ཚིག་ཐམས ་ཅད་སྤྱོད་པར་གྱིས། །བསོད་པ་ལ་སོགས་ལས་ཀྱི་ཚོགས། །གདུག་པ་འདུལ་ཕྱིར་གྲུབ་པར་གྱིས། །དེ་ནས་དཀྱིལ་འཁོར་ཤར་ཕྱོགས་སུ། །རོ་ཡི་གདན་ལ་རབ་འདུག་སྟེ། །གྲི་གུག་ཐོད་པ་ཐོགས་ནས་ནི། །ཤར་ལ་སོགས་པར་མངོན་ཕྱོགས་ནས ་སློབ་མའི་མིང་ནི་འདི་ཞེས་བྱ། །རྡོ་རྗེ་རིགས་ལ་སོགས་པ་ཡི། །དེ་བཞིན་གཤེགས་པ་ཐམས་ཅད་དང། །མགྲིན་པ་གཅིག་ཏུ་ཡུང་བསྟན་ནི། །དེ་ལྟར་ང་ཡིས་ལུང་བསྟན་པ། །དཔལ་ལྡན་ནག་པོ་ཆེན་པོ་དང། །མཁའ་འགྲོ་འཁོར་ལོ་ཐམས་ཅད་ནི། ། ་དང་པོ་མཆོག་ཏུ་བསྒྲུབ་པའི་ཕྱིར། །མགྲིན་པ་གཅིག་ཏུ་ལུང་བསྟན་ཏོ། །སྲིད་པ་གདུག་པ་འདུལ་མཛད་པའི། །ོཾ་ཤྲཱི་མ་ཧཱ་ཀཱུ་ལ་ན་མ(རྒྱུད་འགྲེལ་དཔལ་ལྡན་ནག་པོའི་དཀྱིལ་འཁོར་གྱི། །ཁྱོད་ནི་བདག་པོར་གྱུར་པ་དེ། །འཁོར་ལོ་གསུམ་ལ་གནས་པ་ཡི། མཁའ་འགྲོ་མ་རྣམས་ཐམས་ཅད་ཀྱི། །ཁྱོད་ཀྱིས་བསྒོམས་པའི་ལས་རྣམས་བྱེད། །བསད་པ་ལ་སོགས་ལས་རྣམས ་ནི། །བརྩམས་པ་ཙམ་གྱིས་ཐོགས་མེད་འགྱུར། །དེ་ལྟར་ཆོ་ག་རྫོགས་པ་དང། །རྒྱུད་ཀྱི་དོན་ནི་བཤད་པར་བྱ། །འདི་ཡི་ཆོ་གའི་ཁྱད་པར་ནི། །མ་བྱུང་འབྱུང་བར་མི་འགྱུར་ཏེ། །འདི་ནི་དམ་པས་བརླང་བར་བྱ། །དེ་སྐད་ཅེས་བཀའ་སྩལ་ཏེ་ཞེས་བྱ་བ་ནི། །དཀྱིལ ་འཁོར་གྱི་དོན་བསྡུས་ཏེ་བཤད་པའི་ཕྱིར་རོ། །དེ་ནས་གཞན་ཡང་ཞེས་བྱ་བ་ནས་བཀའ་སྩལ་བ་ཞེས་བྱ་བ་ནི་དཀྱིལ་འཁོར་ལ་བརྟེན་ནས་བསྒྲུབ་པར་བྱས་ཏེ་གོ་སླའོ། །ས་ལ་དཀྱིལ་འཁོར་བྲི་ཞེས་བྱ་བ་ནི་གོང་དུ་བསྟན་པའི་དཀྱིལ་འཁོར་ཏེ། བསྒྲུབ་པར་བྱ ་བའི་ཆེད་ཞེས་པའོ། །རོ་བསྲེགས་པའི་ཞེས་བྱ་པ་ནི། །དབང་བསྐུར་བྱ་བ་སྟེ་དེ་ཡང། །དུར་ཁྲོད་གནས་སུ་སོང་ནས་ནི། །བདུད་རྩིས་མཎྜལ་བྱས་ནས་སུ། །དེ་སྟེངས་རོ་བསྲེགས་ཤིང་བཞག་ནས། །ལྷ་ཡི་འཁོར་ལོ་རྫོགས་བྱས་ཏེ། །ཐུགས་ཀའི་འོད་ཟེར ་རབ་སྤྲོས་པས། །དཔལ་ལྡན་ནག་པོ་སྦྱན་དྲངས་བསྡིམ། །ཡན་ལག་ཆོ་ག་བྱས་ནས་ནི། །མཆོད་ལ་གཏོར་མ་དབུལ་བར་བྱ། །དེ་ནས་ནང་གི་སྙིང་པོ་ཡིས། །བསྙེན་པ་སྟོང་ཕུག་གཅིག་ཏུ་བྱ། །དེར་ནི་སྐུ་ཡི་ཐོ་གང་ཚད། །ལེགས་པར་ཡས་ཏེ ་རབ་གནས་བྱ། །ཆད་པའི་ས་དང་དྲི་རུས་ལ་ཞེས་བྱ་བ་ནི་ལྡེར་སོ་ཞེས་བྱ་བ་སྟེ་ཆོ་ག་ནི་གོང་མ་དང་མཚུངས་སོ། །དུར་ཁྲོད་གནས་ཞེས་བྱ་བའི་གོང་དུ་བསྟན་པའི་གནས་ཆེན་པོ་བརྒྱད་དུའོ། །བསམ་གཏན་པ་ཞེས་བྱ་བ་ནས་གནས་པར་བྱ་ཞེས་པ་ནི་མདོར ་བསྟན་པ་གོ་སླའོ། །དངོས་པོ་འགྲུབ་ཅེས་བྱ་བ་ནི་རབ་ཏུ་གནས་པའི་རྟགས་ཐོབ་པ་ལོ། །བཀའ་སྩལ་ཏོ་ཞེས་བྱ་བ་ནི་མདོར་བསྟན་པའི་ཚི་གོ་།རྣལ་འབྱོར་གྱི་དབང་བྱུག་ཅེས་བྱ་བ་ན་ནི་གེ་པོ་ཆེན་པོའི་དཀྱིལ་འཁྲོ་དུ་དབང་བསྐུར་ཞིང་བསྙེན་པའི ་རྟགས་ཐོབ་པའོ། །བསམ་གཏན་སྔགས་དང་ལྡན་གྱུར་ན་ཞེས་བྱ་བ་ནི་རབ་ཏུ་གནས་པའི་བསྙེན་པར་བྱའོ། །གཉིས་མེད་སྟོབས་དང་ལྡན་པར་གྱུར་ཞེས་བྱ་བ་ནི་བསྙེན་པའི་རྟགས་ཐོབ་པའི་ཕྱིར་རོ། །ནག་པོ་ཆེན་པོས་གསོལ་བ་ཞེས་བྱ་བ་ནས། །ཕུར་བུ ་རབ་ཏུ་གནས་པ་བྱ་ཞེས་བྱ་བ་ནི་སྐུ་ལ་སོགས་པའི་རབ་གནས་མདོར་བསྡུས་ཏེ་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཡེ་ཤེས་ཆེན་པོའི་ཏིང་ངེ་འཛིན་ལ་ཞེས་བྱ་བའི་དོན་ཏོ། །དེ་ནས་གཞན་ལ་ཞེས ་བྱ་བ་ནི་རབ་ཏུ་གནས་པ་རྒྱས་པར་བཤད་པའོ། །དང་པོ་ཞེས་བྱ་བ་ནི་བསྙེན་པ་རྫོགས་པ་སྟེ་དེ་མ་ཐག་ཏུའོ། །དུར་ཁྲོད་ཅེས་བྱ་བ་ནི་ལྷོ་ཕྱོགས་ཀྱི་དུར་ཁྲོད་དེ། ང་རྒྱལ་དང་ལྡན་པར་ཞེས་བྱ་བ་ནི་དུར་ཁྲོད་ཀྱི་དབུས་སུ་ལྷའི་འཁོར་ལོ་རྫོགས་པར་བསྐྱེད་ནས ་ཅང་ཏེའུ་དཀྲོལ་ཞིང་ཧ་ཧ་ཞེས་སྒྲོགས་པའོ། །དཔའ་བོ་ཁ་དོག་ནག་པོ་ཞེས་བྱ་བ་ནི་རྩེ་གསུམ་རལ་གྲིས་བསང་པ་ཉིད་དེ་ཡང་ན་གསལ་ཤིང་ལ་བཙུགས་པའོ། བསམ་གཏན་དང་སྔགས་ཀྱིས་བརླང་བར་བྱ་ཞེས་བྱ་བ་ནི་དུར་ཁྲོད་ཆེན་པོའི་དབུས ་ནི་བདུད་རྩི་བ་ཡི་རྣམ་ལྔ་ཡིས། །དཀྱིལ་འཁོར་གྲུ་བཞིར་བྱས་ནས་ནི། །ུ་པཀྵེ་པའི་མེ་ཏོག་གིས། །ལྷ་ཡི་གྲངས་ཀྱི་ཚོན་བུ་བྱ། །དེ་སྟེང་རོ་ནི་བཞག་པར་བྱ། །དེ་ནས་བདག་ཉིད་རྣལ་འབྱོར་པ། །ལྟ་ཡི་འཁོར་ལོ་རྫོགས་པར་བྱ། །དེ་ནས་ཐུགས་ཀའི་འོད ་ཟེར་གྱིས། །མདུན་གྱི་རོ་ལ་ཕོག་ནས་ནི། །འོད་དུ་ཞུ་ནས་དཀྱིལ་འཁོར་གྱུར། །དེ་ནས་དཀྱིལ་འཁོར་དེ་ཉིད་ལ། །དམ་ཚིག་དཀྱིལ་འཁོར་བསྐྱེད་པར་བྱ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲང་ཏེ། །ཕྱག་རྒྱ་བཞི་ཡི་སྦྱར་བས ་བསྟིམ། །བདེ་གཤེགས་དབང་བསྐུར་རྒྱས་གང་བ་བྱ། །དེ་ནས་ཕྱི་ཡི་ཡི་གེ་ཡིས། །སོ་སོའི་ཐུགས་ཀར་ཁྱབ་པར་བྱ། །མཆོད་པ་གཏོར་མ་ལ་སོགས་པའི། །རྩ་དཱི་སྔགས་ཀྱིས་དབུལ་པར་བྱ། །དེ་ནས་དམ་ཚིག་ཆོ་ག་བྱ། །ནང་གི་སྙིང་པོ་བཟླས་པ་ཡང། །སྟོང ་ཕྲག་གཅིག་ཏུ་བྱ་བ་སྟེ། །དེ་ནས་ལྷ་རྣམས་ཐམས་ཅད་ཀྱི། །སོ་སོར་འོད་དུ་ཞུ་བ་ལས། །ཡི་གེ་མུཾ་དུ་གྱུར་པར་བསམ། །དེ་ནས་གྲི་གུག་ལག་ཐོགས་ནས། །དུར་ཁྲོད་རས་ནི་བསླད་བར་བྱ། །ཐོད་པའི་ནང་དུ་བཞག་ཅེས་བྱ ་བ་ནི་གོ་སླའོ། །བསྐྱེད་པའི་རིམ་པ་དང་ལྡན་ཞེས་བྱ་བ་ནི། །དཔའ་བོ་རྟོག་པ་མེད་པ་དང། རྩེ་གཅིག་བརྩོན་འགྲུས་ཆེ་བ་ཡི། །རིམ་པའི་ཆོ་ག་རྫོགས་པ་ཡིས། །བསྐྱེད་པའི་རིམ་པ་རྫོགས་པར་བྱ། །དེ་ནས་དཀྱིལ་འཁོར་ཆོ་ག་ཡི། །ཚོན་ནི ་བྱིན་གྱིས་བརླབ་པ་བཞིན། །ཚོན་རྣམས་སྟ་གོན་གནས་པར་བྱ། །དཔལ་ལྡན་ནག་པོ་ཆེན་པོ་བྲི་ཞེས་བྱ་བ་ནི། །དུར་ཁྲོད་ཆེན་པོའི་དབུས་སུ་ནི། །དཀྱིལ་འཁོར་འཁོར་ལོ་བྲི་བར་བྱ། །ཡང་ན་རྒྱན་གཅིག་པ་ཉིད་བྲི། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི ་བསྙེན་པ་བྱ་སྟེ་གོ་སླའོ། །དང་པོ་ཞེས་བྱ་བ་ནི་གནས་ཀྱི་དང་པོ་སྟེ་དཀྱིལ་འཁོར་བྲི་བའི་ཕྱིར་མཎྜལ་ཞེས་བྱ་བ་ནི་དེ་ཡང་གོང་དུ་བསྟན་པའི་དཀྱིལ་འཁོར་དེ་ཚོན་གྱིས་བྲི་བའམ་མེ་ཏོག་གི་ཚོན་བུར་བྱས་ཏེ། དེ་ནས་བསྐྱེད་པའི་རམ་པ་དང་ལྡན་པར་བྱ ་ལ་ཞེས་བྱ་བ་ནི་དཀྱིལ་འཁོར་དེ་ཉིད་ལ་ཆོག་གསུམ་གྱིས་ལྷའི་འཁོར་ལོ་དེ་ཉིད་རྫོགས་པར་བསྐྱེད་ལ་ཡན་ལག་གི་ཆོ་ག་རྫོགས་པར་བྱ་སྟེ། དེ་ནས་གནས་དེ་ཉིད་དུ་གོང་དུ་བསྟན་པའི་བུམ་པ་སྟ་གོན་ལ་གནས་པའི་ཆོ་གས་བུམ་པ་སྟ་གོན་ལ་གནས ་པར་བྱའོ། མདུན་གྱི་ཐང་ཀ་ཞེས་བྱ་བ་ནི་ཐང་ཀ་སྟ་གོན་ལ་གནས་པ་ཞེས་བྱ་བ་ནི་ཐང་ཀའི་སྟ་གོན་ལ་གནས་པ་ཞེས་བྱ་བ་སྟེ་དེ་ཡང་པཾ་འོད་དུ་ཞུ་བ་ལ་སོགས་ཏེ་གོ་སླའོ། །བསམ་པར་བྱ་ཞེས་བྱ་བ་ནི་ཐང་ཀ་དེ་རང་བཞིན་མེད་པ་ལས་ཆོ་ག ་གསུམ་གྱིས་སྐུ་བཞེངས་ཏེ། དེ་ནས་གཙོ་བོའི་ཐུགས་ཀ་ནས་ཕྱིའི་སྙིང་པོ་སྟོང་ཕྲག་གཅིག་ཏུ་སྤོས་ཏེ་ཐུགས་ཀར་བསྟིམ་མོ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་ནས་འོད་དུ་ཞུ་སྟེ། གསུང་དང་ཐུགས་ཀྱི་རང་བཞིན་དུ་སྟ་གོན་ལ་གནས་པར་བྱའོ ་སྟ་གོན་ལ་གནས་པར་ཉི་མ་གཉིས་པ་ལ་རབ་ཏུ་གནས་པར་བྱ་སྟེ། དེ་ཡང་གོང་དུ་བསྟན་པའི་དཀྱིལ་འཁོར་དབང་བསྐུར་བའི་དོན་གསལ་བ་བསྐྱེད་ལ། །བདག་ཉིད་ལྷའི་རྣལ་འབྱོར་རྫོགས་པར་སྐྱེད་དེ། ཐུགས་ཀའི་འོད་ཟེར་དམ་ཚིག་གིས་བསྐུལ་བའི་ཕྱིར་སྤྲོ་དང་བསྡུ ་བཞེས་བྱའོ། །རྗེ་བཙུན་ནག་པོ་ཆེན་པོ་བཞེངས་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ནས་ཐུགས་ཀའི་ས་བོན་ཞེས་བྱ་བ་ཧཱུཾ་ངོ། །འོད་ཟེར་ཞེས་བྱ་བ་ནི་རྡོ་རྗེ་ལས་ལྕགས་ཀྱུའི་ཚུལ་ལོ། །དེ་སྤྲོས་ནས་བཀུག་པ་ནི་དེ་བཞིན་གཤེགས་པ་སྟེ་དེ་ཡང་དེ་བཞིན་གཤེགས་པ ་དང། རིག་པའི་ལྷ་མོ་དང། བྱང་ཆུབ་སེམས་དཔའ་དང། ཁྲོ་བོའི་རྒྱལ་པོ་ལ་སོགས་པ། བཀུག་སྟེ། མདུན་གྱི་ནམ་མཁའ་ལ་དམིགས་པར་བྱའོ། །དེ་ནས་མཆོད་པ་དང་གཏོར་མ་ལ་སོགས་པ་དབུལ་བར་བྱའོ། །འདིར་སྐྱེ་བོ་རྨོངས་པར་ཡ་བའི་དཀྱིལ་འཁོར་དུ་གཞུག ་པ་རིང་དུ་སྤངས་པའོ། །དེ་ཉིད་རིང་པ་རྣམས་ཀྱིས་ནི་འདིར་ཤེས་པར་བྱ་སྟེ། དེ་ཡང་སྔོན་དུ་འགྲོ་བ་ནི་ཕྱིའི་སྙིང་པོ་དང་དམ་ཚིག་གིས་སྔགས་ཀྱིས་སྡོམ་པ་ལ་གནས་ཏེ་ཐུགས་ཀའི་འོད་ཟེར་ཞེས་བྱ་བ་ནི་རིན་པོ་ཆེའི་ཐུར་མའི་དབྱིབས་སུ་སྤྲོས་ཏེ། དེ་ནས་ནག་པོ་ཆེན་པོའི ་སྤྱན་དབྱེ་བར་བྱས་པའོ། །སྲིད་པ་རང་བཞིན་ཚིག་བརྗོད་ནས། །འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་སྒྲོལ་བའི་ཕྱིར། །དཀྱིལ་འཁོར་ཆེན་པོར་རབ་ཞུགས་ནས། །མ་རིག་མུན་པ་འཇོམས་པ་ཡི། །སྙིང་རྗེ་ཆགས་པའི་སྤྱན་གྱིས་གཟིགས། །དེ ་ནས་ཡོལ་པ་རང་བསལ་ཏེ། །ོཾ་གྱི་དང་པོ་དང་ཨཱཏ་མ་ཀོ་ཧཾ་གི་མཛའ་ཅན་གྱིས་སྤྱན་དབྱེ་བར་བྱའོ། །དེ་ནས་དཀྱིལ་འཁོར་དུ་གཞུག་པ་ནི་ཐུགས་ཀའི་འོད་ཟེར་གྱིས་ཆུར་བསྡུས་ནས་གཙོ་བོའི་ཐུགས་ཀར་ཞུགས་པར་བྱའོ། །ཧཱུཾ་དང་གཉིས་སུ་མེད་པར་གྱུར། ། ་དེ་ནས་ཧཱུཾ་ལས་བྱུང་བ་ཡི། །ནག་པོ་ཆེན་པོ་བྱུང་ནས་ནི། །གོང་གི་གནས་སུ་བཞག་པར་བྱ། །དེ་ནས་དབང་བསྐུར་སྦྱིན་པའི་ཕྱིར། །དབང་བསྐུར་བར་དམིགས་ལ་ཞེས་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཡི། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ནི། །ནག་པོའི་སྤྱི་བོར ་བཟུང་ནས་ནི། །རིག་པའི་ལྷ་མོ་ཐམས་ཅད་ཀྱིས། །སྟ་གོན་གནས་པའི་བུམ་བཟུང་ནས། །སྤྱི་བོར་དབང་བསྐུར་སྤྱིན་པར་བྱ། །དེ་ནས་གོང་དུ་བསྟན་པ་ཡི། །དབུ་རྒྱན་ལ་སོགས་དབང་རྣམས་ཀྱང། །རིམ་པ་བཞིན་དུ་བསྐུར་བར་བྱ། ། ་དབང་བསྐུར་དུས་ནི་ཐམས་ཅད་དུ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང། །མཆོད་པ་རྒྱུན་མི་འཆད་པར་བྱེད། །སྲིད་པའི་རང་བཞིན་ཚིག་བརྗོད་ཅིང། །ོཾ་གྱི་དང་པོ་ཧཱུཾ་གྱི་མཛའ་ཅན་གྱིས་དུས་ཐམས་ཅད་དུ་དབང་བསྐུར་བྱའོ། །དེ་ནས་རང་གི་ཐུགས་ཀའི ་ཞེས་པ་ནས། །སྤྱན་དྲངས་པ་ལ་སོགས་པ་ནི་གོ་སླའོ། །ོཾ་གྱི་དང་པོ་དང་ཧཱུཾ་གི་མཛའ་ཅན་གྱིས་སྤྱན་དྲང་བ་སྟེ་དེ་ལ་ཞེས་པ་ནི་གོ་སླའོ། །བསྟིམ་པར་བྱ་ཞེས་བྱ་བ་ནི་ཨོཾ་གྱིས་དང་པོ་དང་ཧཱུཾ་གི་མཛའ་ཅན་གྱི་བརྒྱ་ཕྲག་གཅིག་བརྗོད་ལ་བསྟིམ་པར་བྱའོ ་དེ་ཉིད་དུ་ནི་དབང་བསྐུར་བའི། །དཀྱིལ་འཁོར་གྱིས་ཀྱང་རྒྱས་བཏབ་བྱ། །ཐུགས་ཀའི་འོད་ཟེར་ཞེས་བྱ་བ་ནཾ་ཕྱིའི་སྙིང་པོ་ཐུགས་ཀ་ནས་ཐུགས་ཀའི་བཟླས་པ་བྱ་བའི་ཕྱིར་རོ། །མཆོད་པ་དང་གཏོར་མ་ཞེས་བྱ་བ་ཁྱད་པར་གྱི་རྫས་ཀྱི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ནི ་མཆོད་པའི་དུས་སོ། །ཚོགས་ཀྱི་འཁོར་ལོ་ཞེས་བྱ་བ་ནི་ཚོགས་གཉིས་རྫོགས་པའི་རྒྱུ་ཡིན་ལ་ཕྱིན་ཅི་ལོག་གི་རྟོག་པ་སྤངས་པའི་ཕྱིར་འཁོར་ལོ་ཞེས་བྱ་བ། །དེ་ཡང་མཆོད་པའི་ཁྱད་པར་དུ་ཞེས་བྱ་བ་ནི་ཤ་རྣམ་པ་ལྔ་ལ་སོགས་པའོ། །ཁ་ཟས་ཚོགས་པར ་བྱས་ལ། །གོང་གི་ལྷ་ཡི་རྣལ་འབྱོར་རྣམས། །ཤིན་ཏུ་གསལ་བར་བྱས་ནས་ནི། །དེ་ནས་བདུད་རྩི་ཞལ་ཟས་རྣམས། །ཡེ་ཤེས་བདུད་རྩིར་བྱིན་བརླབས་ལ། །ལྷ་ཡི་འཁོར་ལོ་ཐམས་ཅད་ཀྱི་ལྕེ་ལ་ཧཱུཾ་ཕྱུང་རྡོ་རྗེ་བསམ། །དམ་ཚིག་བཟའ་དང་བཏུང་བ་དང། ། ་པདྨའི་ཕྱག་རྒྱའི་སྔོན་དུ་སྦྱིན། །དེ་ནས་ཁ་ཟས་ཐམས་ཅད་ཀྱི། །ཕུང་ཀྱི་དཀྱིལ་འཁོར་གསོལ་བར་མཆོད། །ལྷ་ཡི་རྣལ་འབྱོར་ལྡན་པ་ཡིས། །ཞལ་ཟས་ཚིམ་པ་བཟའ་ཆན་བྱ། །ལྷག་མ་དུར་ཁྲོད་གནས་སུ་སྤྲིན། །དེ་ནས་བསྟོད་པར་རབ་བསྟོད་དེ། །དམ་པ ་རང་བཞིན་ཚིག་གིས་བརྗོད། །རྡོ་རྗེའི་ཀླུ་ནི་བླང་བྱ་ཞིང། །ཡང་དང་ཡང་དུ་བདུད་རྩི་ནི། །ལྷ་ཡི་སྦྱོར་བས་བརླང་བར་བྱ། །དེ་ནས་ཚོགས་ཀྱི་འཁོར་ལོའི་རྫས་ལ་ནི་སྤོས་བསྲེག་ཅེས་བྱ་སྟེ་དེ་ཡང། །སྤོས་དང་དུག་གི་ལ་དུས་མཆོད། །རབ་གནས་བསྙེན་པ་བསྐྱལ་པ་ནི། །ཐུགས ་ཀ་ནས་ཐུགས་ཞེས་བྱ་བ་སྟེ། །དེ་ཡང་ནང་གི་སྙིང་པོ་ཡིས། །ནམ་མཁའ་ལས་ཞེས་བྱ་བ་ལ་སོགས་པ་ནི་རྟགས་ཀྱི་རིམ་པ་སྟེ་གོ་སླའོ། །རབ་གནས་བརྟན་པར་བྱ་པའི་ཕྱིར། །ོཾ་གྱི་དང་པོ་དང་ཧཱུཾ་གི་མཛའ་ཅན་ནོ། །དེ་ཡང་བརྟན་པར་བྱ་བ་ནི། །དངོས་གྲུབ་ཉེ་བར ་འགྱུར་པ་དང། །རྟེན་ཚད་དང་ལྡན་པས་མྱུར་དུ་འགྲུབ་པའི་ཕྱིར། །རབ་ཏུ་གནས་པ་ཐོབ་ཆེས་བྱ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ་ཞེས་བྱ་བ་ནི། སྐུའི་རབ་གནས་སྡུད་པ་པོས་བསྡུས་ཏེ་འཁྲོ་གྱིས་ཚོགས་ལ་བཤད་ཅེས་བྱ་བའི་དོན་ཏོ། །དེ་ནས ་གཞན་ཡང་ཞེས་བྱ་བ་ནི་སྐུའི་དཀྱིལ་འཁོར་ཡང་ཐུགས་ཀྱི་རྟགས་དང་ལྡན་པའི་ཕྱིར་ཞུས་པ་གྲི་གུག་གི་རབ་ཏུ་གནས་པ་བཤད་དུ་གསོལ་ཞེས་པའི་དོན་ཏོ། །བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི ་ཏིང་ངེ་འཛིན་ལ་ཞུགས་སོ་ཞེས་བྱ་བའི་དོན་ཏོ། །འགུགས་དང་ཞེས་བྱ་བ་ནས་བཤད་པར་བྱ་བའི་བར་མདོར་བསྟན་པ་སྟེ་གོ་སླའོ། །དཔའ་བོ་སྟོབས་དང་ལྡན་པ་ལྕགས་ཞེས་བྱ་བ་ནི་ཕན་ཚུན་གཡུལ་དགྱེ་བས་བསད་པའི་མཚོན་ཆའོ། །སོར་བཅུ་གཉིས་ཞེས་བྱ་བ་ནི ་རྩོད་པར་བྱེད་པའོ། །སོར་བཞི་ཞེས་བྱ་ནི་ལྕགས་ཀྱུའི་ཚུལ་དུ་གནས་པ་སྟེ་འགུགས་པར་བྱེད་པའོ། །ཧཱུཾ་ཞེས་བྱ་བ་ནི་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་མཚན་པའི་ཕྱིར་རོ། །དེ་ནས་རབ་གནས་ལ་འཇུག་པར་བྱ་སྟེ། བདུད་རྩིའི་མཎྜལ་ཞེས་བྱ་བ་ནི་གྲུ་བཞི་པར་བྱས ་པ་ལ་བདུད་རྩི་ཐིག་ལེ་ལྷའི་གྲངས་སུ་བྱ་སྟེ། །དེར་ནི་ལྷ་ཡི་འཁོར་ལོ་སྟེ། ཆོ་ག་གསུམ་གྱིས་རྫོགས་པར་བསྐྱེད། །ཡན་ལག་ཆོ་ག་ཐམས་ཅད་ཀྱི། །སྔོན་དུ་འགོར་བ་བྱས་ནས་ནི། །དེ་ནས་ཆོ་ག་བརྩམ་པར་བྱ། །གྲི་གུག་བདུད་རྩི་བྱུགས་གུག་གི་ཡུ་བའི ་ཧཱུཾ་ལ་ནང་གི་སྙིང་པོས་བསྐོར་ཏེ་བདུད་རྩིས་བྲི་བའི་ཕྱིར་རོ། །མཎྜལ་ཞེས་བྱ་བ་ནི་རང་གི་མདུན་དུ་བཞག་པར་བྱའོ། །འདིར་གོ་རིམས་བསྐུར་བ་སྟེ། འོད་ཟེར་ཞེས་བྱ་བ་ནི་ཧཱུཾ་ལས་བྱུང་བའི་འོད་ཟེར་རོ། །དག་པར་བྱ་ཞེས་བྱ་བ་ནི་གྲི་གུག་མི ་དམིགས་པར་བྱ་སྟེ། པདྨ་དང་ཉི་མ་ལ་ཞེས་བྱ་བ་ནི་པ་དང?་ལས་བསྐྱེད་པའི་ཐོག་ཏུ་ཞེས་བྱ་བ་ནི་ཧཱུཾ་བསམ་པར་རོ། །གྲི་གུག་བཞག་ཅེས་བྱ་བ་ནི་ཧཱུཾ་ཡོངས་སུ་གྱུར་པ་ལས་སོ། །ནག་པོ་ཆེན་པོའི་གྲི་གུག་གི་རང་བཞིན་དུ་བྱས་ལ་ཞེས་པ་ནི་ཐུགས་ཀའི ་འོད་ཟེར་གྱིས་རང་བཞིན་གྱི་ནག་པོ་ཆེན་པོ་སྤྱན་དྲངས་ཏེ་མཆོད་པ་ལ་སོགས་བྱ་སྟེ། གྲི་གུག་ལ་བསྟིམ་ཞེས་བྱ་བའི་དོན་ཏོ། །ཡུ་བའི་ཧཱུཾ་ལས་ཞེས་བྱ་བ་ནི་ཉི་མའི་དཀྱིལ་འཁོར་ལས་སོ། །སྔགས་ཞིས་བྱ་བ་ནི་ནང་གི་སྙིང་པོ་དང་ལྡན་པར་བྱ་སྟེ་བཟླས ་པར་བྱའོ། །ཞེས་བྱ་བ་ནི་གཙོ་བོའི་ཐུགས་ཀ་ན་ཡང་ཉི་མ་དང་ཧཱུཾ་ལ་སྔགས་འོད་དང་ལྡན་པ་སྟེ། དེ་ཡང་སྔགས་འོད་ཟེར་ངར་བཅས་པ་སྤྲོས་སྟ་གྲི་གུག་གི་སྔགས་ལ་བསྟིམ་པའི་བཟླས་པ་སྟོང་ཕྲག་གཅིག་ཏུ་བྱས་ཏེ། །དེ་ཡང་ཨོཾ་གྱི་དང་པོ་དང་ཨཱཏྨཾ? ་ཀོ་ཧཾ་གིས་ཏེ། བཟླས་པ་བྱས་པ་ནི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། དེ་ནས་ཐུགས་ཀྱི་རང་བཞིན་གྱི་རྟགས་ཡིན་པ་ལི་ཕྱིར་དང། ནག་པོ་ཆེན་པོ་དང་ཐ་མ་དད་པས་མཆོད་པ་ཞེས་བྱ་བ་ན་གོ་སླའོ། །དེ་ནས་གཞན་ཡང་ཞེས་བྱ་བ་ནི་གོ་སླའོ། །དེ་ནས་གཞན ་ཡང་ཞེས་བྱ་བ་ནི། །སྐུའི་འཁོར་ལོ་ལས་གསུང་གི་རྟགས་སུ་གྱུར་པ་སྟེ། ཐོད་པའི་རབ་ཏུ་གནས་པ་ལ་འཐུག་པར་བྱ་བའི་ཕྱིར་གཞན་ཡང་ཞེས་བྱ་བ། ཨཱ་ལི་བཞིས་བྱ་བ་ནི་སུམ་ཅུ་རྩ་གཉིས་པའོ། །ཀཱ་ལི་ཡིས་ཞེས་བྱ་བ་ནི་བརྒྱད་ཅུ་ལས་ཕུང ་པའོ་དབུས་སུ་ཞེས་བྱ་བ་ནི་ཟླ་བ་དང་ལྟི?་སོའི་དབུས་སུའོ། །ཱ་ལཾ་ཀཱ་ལི་ཞེས་བྱ་བ་ནི་ཕྱི་དང་ཆང་བརྒྱན་པའོ། །ཐུགས་ཀའི་འོད་ཟེར་ཞེས་བྱ་བ་ནི་གོ་སླའོ། །བསྟིམ་པར་བྱ་ཞེས་བྱ་བ་ནི་བསྟིམས་ནས་ཐོང་བའི་ནང་དུ་གྱུར་པ་སྟེ། ཐོད་པའི་དབུས་སུ་ཉི ་མའི་སྟེང་ན་ཨ་ལས་ནང་གི་སྙིང་པོ་དང་བཅས་ཏེ་བསྐོར་བར་བསམ། དེ་ཡང་ཨོཾ་གྱི་དང་པོ་དང་ཧཱུཾ་གི་མཛའ་ཅན་ནོ། །བཟླ་བ་བྱ་ཞེས་བྱ་བ་ནི་ཐུགས་ཀ་ནས་སྤྲོས་ཏེ། །ཐོད་པའི་ནང་གི་རྫས་ལ་ཐིམ་པར་བྱའོ། །དེ་ནས་གཞན་ཡང་ཞེས་བྱ་བ་ནི་སྐུ་གསུང་ཐུགས ་ཀྱི་ཡོན་ཏན་གྱི་སྒོ་ནས་ཕྲིན་ལས་རྫོགས་པར་བྱ་བའི་ཕྱིར་ཕུར་བུའི་རབ་ཏུ་གནས་པ་ལ་འཇུག་པར་བྱ་སྟེ། སྔགས་བྲི་ཞེས་བྱ་བ་ནི་ཐུགས་ཀའི་འོད་ཟེར་གྱིས་མི་དམིགས་པར་བྱས་པའོ། །ཐོད་པ་ནང་དུ་བཞག་ཅེས་བྱ་བ་ནི་ཆོས་ཀྱི་འབྱུང་གནས་ཀྱི ་དབུས་སུ་ཕུར་བུའི་ཆ་བྱང་ལྷའི་སྐུ་བསྐྱེད་པའི་ཕྱིར་བཞག་ཅེས་བྱའོ། །ཐུགས་ཀའི་འོད་ཟེར་གྱིས། ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བསྟིམ་ཞེས་བྱ་བ་ནི་གཉིས་སུ་མེད་པར་གྱུར་པའོ། །དེ་ཡང་ཐུགས་ཀ་ནས་ཐུགས་ཀར་ནང་གི་སྙིང་པོ་དང་བཅས་པར་བསྟིམ་པར ་བྱའོ། །དེ་ཡང་ཨོཾ་གྱི་དང་པོ་དང་ཨའོཾ་ཏ་མ་ཀོ་ཧཾ་གི་མཛའ་ཅན་ནོ། །བཀའ་སྩལ་ཏོ་ཞེས་བྱ་བ་ནི་ཡན་ལག་གི་རབ་ཏུ་གནས་པ་བསྡུད་པ་པོས་ཏེ་འཁོར་ལ་བཤད་པའོ། །དེ་ནས་ཞེས་བྱ་བ་ནི་རབ་གནས་ཀྱི་དུས་ཞུས་པ་སྟེ་གོ་སླའོ། །ཁྱད་པར་གྱི་དུས་ཞེས ་བྱ་བ་ནི་ཞིང་ངམ་དུར་ཁྲོད་ན་ཚོགས་ཀྱི་འཁོར་ལོ་བསྐོར་བའི་ས་དེར་རབ་ཏུ་གནས་པར་བྱའོ། །ཐུན་མོང་གི་དུས་ནི་གོ་སླའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །ཞེས་བྱ་བ་ནི་དུས་ངེས་པར་བཟུང་བ་སྟེ་འཁོར་ལ་བཤད་པའོ། །དཔལ ་ལྡན་ནག་པོ་ཆེན་པོས་གསོལ་བ་ཞེས་བྱ་བ་ནི་རབ་ཏུ་གནས་པའི་དམ་ཚིག་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནི་དམ་ཚིག་གི་འཁོར་ལོའི་ཏིང་ངེ་འཛིན་ལ་ཞུགས་པ་ཉིད་དོ། །བླ་མ་ལ་གུས་ཞེས་བྱ་བ་ནི་སློབ ་དཔོན་རྩ་བ་དང་ཡན་ལག་གི་དམ་ཚིག་སྤོང་བའོ། །རྣལ་འབྱོར་བརྩོན་ཞེས་བྱ་བ་ནི་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་དང་མི་འབྲལ་བར་བརྩོན་པའོ། །ཆོ་གའི་ཡན་ལག་ཅེས་བྱ་བ་ནི་བསད་པ་དང་བསྐྲད་པ་ལ་སོགས་པའོ ་རྟག་ཏུ་དམ་ཚིག་སྲུང་ཞེས་བྱ་བ་ནི་རྒྱུན་ཏུ་གསང་བའི་དམ་ཚིག་ལ་གནས་པ་ཉིད་དོ་ཞེས་བྱ་བ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ་ཞེས་བྱ་བ་ཁྱད་པར་གྱི་དམ་ཚིག་བསྡུས་ཏེ་འཁོར་ལ་བཤད་པའོ། །དེ་ནས་བཅོམ་ལྡན་འདས་ལ ་གསོལ་པ་ཞེས་བྱ་བ་ནས་དངོས་གྲུབ་ཉེ་བའི་རྒྱུར་གསུངས་པ་ཞེས་བྱ་བ་ནི་ཉེ་བའི་རྒྱུར་གསུངས་པ་སྟེ་གོ་སླའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནི་གཙོ་བོའི་བདུད་རྩི་ཆེན་པོའི་ཏིང་ངེ་འཛིན་ལ་ཞུགས་ཞེས་བྱ་བའི་དོན་ཏོ། །གསུམ་དུ ་བཤད་ཞེས་བྱ་བ་ནི་བསྙེན་པ་དང་ལས་སྦྱོར་དང་མྱུར་དུ་བསྒྲུབ་པའོ། །དེ་ནས་མདུན་དུ་རབ་ཏུ་གནས་པར་བྱ་བའི་ཐོད་པའི་ནང་དུ་མཐུན་པའི་དམ་རྫས་ཚོགས་པར་བྱས་ལ་གཞག་།རླུང་ཞེས་བྱ་བ་ནི་ཡཾ་ལས་བསྐྱེད་པའི་གཞུའི་དབྱིབས། མེ་ཞེས་བྱ་བ ་ནི་རཾ་ལས་སྐྱེས་པ་ཟུར་གསུམ་འབར་བའི་མེ། སྟེང་དུ་ཞེས་བྱ་བ་ནི་ཧཱུཾ་སྐྱེས་ཐོད་རློན་སྐྱེད་བུ་གསུམ་སྟེ། གནས་པ་ཐོད་པ་ཉེ?་ཤེ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཤ་ལྔ་དང་བདུད་རྩི་ལྔ་ཞེས་བྱ་བ་ནི་རྫས་རྣམས་ཀྱི་རང་བཞིན་ཏེ་མིང་གི་ཡི་གེས ་མཚན་པར་བྱེད་པའོ། །དེ་ཡང་གོ་གུད་ཧ་ན་ནི་ལྔ་པོ་བདག་ཉིད་དོ། །མོ་ར་མུ་སུ་པ་བདུད་རྩི་ལྔའི་བདག་ཉིད་དོ། །སྟེང་དུ་ནི་ཉི་མ་ལ་ཞེས་བྱ་བ་ནི་ཟླ་བ་དང་ཉི་མའི་བར་དུ་ནི་ཆུད་པའི་པས?་ལས་ཉི་མའི་སྟེང་གི་གྲི་གུག་ལ་སོགས་པ་སྟེ་གོ་སླའོ། །དམ ་ཚིག་བདུད་རྩིར་གྱུར་ཞེས་བྱ་བ་ནི་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་གྱུར་པའོ། །སྟེང་གི་ཞེས་བྱ་བ་ནི་ཧཱུཾ་ལས་བྱུང་བའོ། །འདི་ཡིས་བྱིན་གྱིས་བརླབས་ཞེས་བྱ་བ་ནི་གཙོ་བོའི་ཐུགས་ཀ་ནས་ནང་གི་སྙིང་པོ་དང་བཅས་ཏེ་སྤྲོས་ནས་དམ་ཚིག་དང་ཡེ་ཤེས ་ཀྱི་རྫས་ལ་ཕོག་ནས་གཉིས་སུ་མེད་པར་གྱུར་པའོ། །སྔགས་ནི་ཨོཾ་གྱི་དང་པོ་དང་ཨོཾ་ཨཱ(རྒྱུད་འགྲེལ་དེ་ནས་གཞན་ཡང་ཞེས་བྱ་བ་ནི་ལས་ལ་སྦྱོར་བ་ལ་འཇུག་པར་བྱ་སྟེ། དེ་ཡང་ལིངྒ་རྒྱུ་ཚིགས་པར་བྱས་ལ་ལིངྒ་སོར་བརྒྱད་པའི་ཚད་དུ་བྱས་ལ་གཏོར་མའི་ནང་དུ་ལྡན་པར་བྱས་ཏེ་དགུག་གཞུག་གི་སྦྱོར་པ་དང་ལྡན་པར་བྱའོ། །བསྒྲུབ་བྱ་ཞེས་བྱ་བ་ནི་སྙིང་ཀར་པདྨ་འདབ ་བརྒྱད་བསམ་པར་བྱའོ། །པདྨའི་འདབ་མ་རྣམས་ལ་ས་བོན་དང་ལྕགས་ཀྱུས་མཚན་ཞེས་བྱའོ། །གྲི་གུག་ཧཱུཾ་གིས་མཚན་ཞེས་བྱ་བ་ནི་པདྨའི་ལྟེ་པན་གནས་པ་སྟེ། ཧཱུཾ་ལ་ནང་གི་སྙིང་པོས་ལྡན་པའོ། །སྟོབས་ཞེས་བྱ་བ་ནི་གཙོ་བོ་དང། བཀའ་སྡོད་ཀྱི་ཐུགས་ཀ་ནས ་ནང་གི་སྙིང་བོས་སྒྲོས་ཏེ་བསྒྲུབ་བྱའི་སྟེང་སྒོ་དང་འོག་སྒོ་ནས་གྲངས་མང་དུ་སྙིང་གའི་སྔགས་བསྐུལ་ནས་སྔགས་ཀྱི་འོད་ཟེར་གྱིས་ལུས་ཀྱི་རྩ་ཐམས་ཅད་མར་མེ་ལྟ་བུར་གྱུར་ཏེ་ཁྲག་འཕེལ་པའི་ཕྱིར་རོ། །ཞུ་ནས་ཞེས་བྱ་བ་ནི་དམ་ཚིག་གི་བདུད་རྩིར་གྱུར་པ་དང ་ཡེ་ཤེས་ཀྱི་བདུད་རྩི་བཀུག་ཞེས་བྱ་བའི་དོན་ཏོ། །སྔགས་ཀྱི་འོད་ཟེར་ཞེས་བྱ་བ་ནི་ཐུགས་ཀ་ནས་སྤྲོས་པའི་གྲི་གུག་ཅེས་བྱས་ནི་ཕྱག་མཚན་གྱིས་སོ། །ཡང་ན་ཞེས་བྱ་བ་ནི་མྱུར་བར་བསྒྲུབ་པའོ། །ནག་པོའི་ཐོད་པ་ཞེས་བྱ་བ་ནི་ཕྱག་མཚན་གྱི་ཐོད་པའོ། །བསྒྲས་བྱ ་བཀུག་ནས་ཞེས་བྱ་བ་མི་གཙོ་བོའི་བཀའ་སྡོད་ཀྱི་ཐུགས་ཀའི་འོད་ཟེར་གྱིས་གལ་བར་བཀུག་པའོ། །ཁྲག་བསྐྱེད་ལ་ཞེས་བྱ་བ་ནི་བསྒྲུབ་བྱའི་སྙིང་ཀའི་འོད་ཟེར་གྱིས་ཁྲག་བསྐྱེད་པ་དང་ཕྱག་མཚན་གྱི་གྲི་གུག་གིས་གཏུགས་ནས་ཁྲག་བཟུང་བའི་ཕྱིར། །? ་ཁྲག་འཆག་ཅེས་བྱ་བ་ནི་གདུག་པ་སྒྲོལ་བ་ལ་ཆགས་པའི་ཕྱིར་ཁྲག་འཛག་ཅེས་བྱའོ། །རྒྱུན་མི་འཆད་ཅེས་བྱ་བ་ནི་ངས་ཀྱི་རྣལ་འབྱོར་གྱི་དུ་སུ་ཡང་དེ་ལྟར་བྱ་བའི་ཕྱིར་རོ། །དངོས་གྲུབ་ཉེར་བཞེས་ཞེས་བྱ་བ་ནི་བསྙན་པ་དང་ལས་སྦྱོར་ཐམས་ཅད་ཀྱི་སྔོན་དུ་འགྲོ ་བའི་ཕྱིར། །བཀའ་སྩལ་ཏོ་ཞེས་བྱ་བ་ནི་གཏོར་མའི་ཆོ་ག་སྡུད་པོ་པོས་བསྡུས་ཏེ་འཁོར་ལ་བཤད་པའོ། །དཀྱིལ་འཁོར་གྱི་ལེའུ་ཞེས་བྱ་བ་ཞེས་བྱ་བ་ནི་བཞི་པའི་དོན་ཏེ་སློབ་མ་དཀྱིལ་འཁོར་དུ་སྨིན་པར་བྱ་བ་དང། དཀྱིལ་འཁོར་ལ་སོགས་ཏེ་རྟེན་སྒྲུབ་པའི་དོན་སྟོན་པའི་ལའི་ལ། ་དཀྱིལ་འཁོར་གྱི་ལེའུ་ཡི་བཤད་བསྟེ་བཞི་པའོ། །དེ་ལྟར་བསྙེན་པའི་ཡན་ལག་ཐམས་ཅད་དང་ལྡན་པས་སྦྱོར་ག་ཆེན་པོ་ལ་འཇུག་པའི་ཕྱིར་དེ་ནས་ཞེས་བྱ་བ་ནི་དེ་ཡང་མཁའ་འགྲོ་རྒྱ་མཚོ་ལས་གསུངས་པ། སྔགས་ནི་ལྷ་ཡི་ས་བོན་ཏེ། ལྷ ་ཡི་བདག་ཉིད་རྫོགས་པ་ཉིད། །དཀྱིལ་འཁོར་རབ་གནས་བདག་ཉིད་དོ། །དེ་ལྟར་བསྙེན་བ་རྫོགས་ནས་ནི། །སྦྱོར་ཀ་ཆེན་པོ་རྫོགས་པར་འགྱུར། །བསྙེན་པའི་ཡན་ལག་མ་ཚང་བར། །ལས་ལ་སྦྱོར་བར་བྱེད་པ་ནི། །དམ་ཚིག་ཉམས་ཤིང་འཇིག་རྟེན་འཕྱ་ཞེས་འབྱུང། ། ་དཔལ་ནག་པོ་ཆེན་པོ་དང་མཁའ་འགྲོ་མའི་ཚོགས་རྣམས་ཞེས་བྱ་བ་ནི་ཁྱད་པར་གྱི་སྦྱོར་ཀ་ཡིན་པ་དང། ཚོགས་ཀྱི་འཁོར་ལོ་ཐམས་ཅད་ཀྱི་ལས་བསྒྲུབ་པའི་ཕྱིར་གཙོ་བོ་ལ་ཞུགས་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་ཞུས་པའི་ཚིག་སྟེ་གོ་སླའོ། །བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །ཞེས་བྱ་བ་ནས་བསྟན་པ་སྲུང་བར་ཁས་བླངས་ཞེས་བྱ་བ་འཁོར་རྣམས་ལ་དམ་ཚིག་གི་བྱང་པར་གྱིས་བཀའ་བསྒོས་པ་སྟེ་གོ་སླའོ། །བཀའ་སྩལ་ཏོ་ཞེས་བྱ་བ་ནི་གོང་དུ་བསྟན་པའི་དོན་བསྡུས་ནས་འཁོར་ལ་བཤད་པའོ ་ནག་པོ་ཆེན་པོས་གསོལ་པ་ཞེས་བྱ་བ་ནི་བར་བུ་སྦྱོར་བ་གཙོ་བོ་ལ་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནི་མདོར་བསྡུས་ཏེ་བཤད་པའོ། །རྣམ་པ་བཞིའི་ཞེས་བྱ་བ་ནི་ཡན་ལག་བཞིས་འགྲུབ་ཀྱི་གཞན་གྱིས་མ་ཡིན་པའི་ཕྱིར་རོ། །བཀའ་སྩལ ་ཏོ་ཞེས་བྱ་བ་ནི་བཞིའི་དོན་མདོར་བསྡུས་ཏེ་འཁོར་ལ་བཤད་པའོ། །དེ་ནས་གསོལ་བ་ཞེས་བྱ་བ་ནི་བཞིའི་དོན་བྱེ་བྲག་ཏུ་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནི་བར་པུའི་གནས་མདོར་བསྡུས་ཏེ་བསྟན་པའོ། །བཀའ་སྩལ་ཏོ་ཞེས ་བྱ་བ་ནི་བསྡུས་ཏེ་འཁོར་ལ་བཤད་པའོ། །དེ་ནས་ཞེས་བྱ་བ་ནི་གནས་བསྒྲུབ་པ་ཞེས་པ་སྟེ། རྔམ་པའི་ཞལ་དང་འཇིགས་པའི་སྐུ་ཞེས་བྱ་བ་ནི་དྲག་པོའི་བཟླས་པ་དང་ལྷའི་འཁོར་ལོས་གནས་བསྒྲུབ་པ་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀར ་སྩལ་པ་ཞེས་བྱ་བ་ནི་གནས་ཀྱི་འཁོར་ལོའི་ཏིང་ངེ་འཛིན་ལ་ཞུས་པའོ། །དུར་ཁྲོད་ཀྱི་ཕག་གུ་ཞེས་བྱ་བ་ནི་དུར་ཁྲོད་ཀྱིས་ལ་ཕག་གུ་བྱས་ནས་རོ་བསྲེགས་ཀྱི་མགལ་པས་བསྲེགས་པ་ཉིད་དོ། །དཔའ་བོའི་རྐེང་རུས་ཞེས་བྱ་བ་ནི་གཡུལ་དུ་བསད་པའི་གྲི་རུས་སོ། །སྒྲུབ་པའི་ཁང་དུ ་ཟུར་གསུམ་བྱ་ཞས་བྱ་བ་ནི་གྲོང་ཁྱེར་སུམ་བརྩེགས་དང་མཐུན་པ་སྟེ་རྩེ་གསུམ་པར་བྱའོ། །བརྩགས་བར་མ་གཡུལ་འགྱེད་པའི་ས་སྟེ་བསྒྲུབ་པར་བྱའོ། །ཟུར་གསུམ་ནི་མེའི་དབྱིབས་སུ་བྱའོ། །ཐོད་པའི་ནང་དུ་འཁོར་ལོ་བྲི་ཞེས་བྱ་བ་ནི་འཁོར་ལོ་ནི་དུར་ཁྲོད་ཀྱི་སྣག་ཚས ་བྲི་བ་སྟེ། དེ་ཡང་བདུད་རྩི་མཎྜལ་ལ་བྱས་ནས་ནི། །ལྷ་ཡི་རྣལ་འབྱོར་རབ་གསལ་བ། །ལྷོ་ཕྱོགས་སུ་ནི་མངོན་ཕྱོགས་ཏེ། །དུར་ཁྲོད་སོལ་བས་འཁོར་ལོ་བྲི། །འཁོར་ལོ་མ་ཡི་དཀྱིལ་འཁོར་ལ། །སྣ་བཞི་སྣ་ཚོགས་རྡོ་རྗེས་མཚན། །དབུས་སུ་ནང་གི་སྙིང་པོ་བྲི། །རེ ་བ་གསུམ་གྱིས་མཚན་པ་བྲི། །བར་ཁྱམས་གསུམ་གྱིས་ནང་དུ་ཡང། །ཡི་གེ་ཨོཾ་གྱི་དང་པོ་དང། །ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱའི་མཛའ་ཅན་ནི། །མེ་གཉིས་ཀྱི་ནི་ནང་དུ་བྲི། རྡོ་རྗེའི་རྭ་ནི་དབུས་མ་ལ། །ཧཱུཾ་ནི་དྲག་པོ་བྲི་བར་བྱ། །འཁོར་ལོ་མཎྜལ་སྟེ་བཞག་རྫས། ་གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས། །འཁོར་ལོ་རང་བཞིན་མེད་པར་བྱ། །མེ་ཡི་ས་བོན་ལས་སྐྱེས་པའི། །འཁོར་ལོ་མི་ཡི་དཀྱིལ་འཁོར་མཚུངས། །གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས། །ལྷ་ཡི་འཁོར་ལོ་སྤྱན་དྲངས་ཏེ། ཡན་ལག་ཆོ་ག་ཀུན་བྱས་ནས ་འཁོར་ལོ་ལ་ནི་བསྟིམ་པར་བྱ། །ཁར་པའི་ནང་གི་ཟུར་དུ་གཞུག་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དུས་གསུམ་དུ་ཞེས་བྱ་བ་ནི་ཇི་སྲིད་ཁང་པ་མ་ཚར་གྱི་བར་དུའོ། །ཐེ་ཚོམ་མེད་པ་ནི་ངོས་པར་འགྲུབ་པའི་ཕྱིར་རོ། །བཀའ་སྩལ་ཏེ་ཞེས་བྱ་བ་ནི་སྟུད་པ་པོས ་གནས་ཀྱི་དོན་བསྡུས་ཏེ་འཁོར་ལ་བཤད་པའོ། །ནག་པོ་ཆེན་པོས་གསོལ་པ་ཞེས་བྱ་བ་ནི་བར་དུའི་ཆོ་ག་ལས་ཞུས་པ་སྟེ་གོ་སླའོ། །བཀའ་སྩལ་པ་ཞེས་བྱ་བ་ནི་པར་པུའི་བསྒྲུབ་པའི་དོན་བསྡུས་ཏཾ་བསྟན་པའོ། །གསུམ་ཞེས་བྱ་བ་ནི་བསྒྲུབ་པའི་དོན ་གསུམ་དང་ལྡན་ན་འགྲུབ་པར་འགྱུར་གྱི། མི་ལྡན་པས་ནི་མི་འགྲུབ་པའི་ཕྱིར་ཤེས་པར་གྱིས་ཞེས་བྱའོ། །བཀའ་སྩལ་ཏོ་ཞེས་བྱ་བ་ནི་པར་དུའི་དོན་མདོར་བསྡུས་ཏེ་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ལ་གསོལ་པ་ཞེས་བྱ་བ་ནི་གཙོ ་པོ་ལ་པར་བུའི་དོན་རྒྱས་པར་ཞུས་པའོ། །བཀའ་སྩལ་ཏོ་ཞེས་པ་ནི་བཅོམ་ལྡན་འདས་དྲག་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་དང་ནི་པར་བུའི་རྒྱུ་ཞེས་བྱ་བ་ལ་སོགས་པ་ནི་ཆུ་འགྲམ་ས་ཞེས་བྱ་བ་ནི་གྲོག་མཁར ་གྱི་སའོ། །སྟེང་དུ་ཞིང་གི་བླ་རེ་བཀོད་ཅེས་བྱ་བ་ནི་དུར་ཁྲོ་དང་སལ་འཁོར་ལོ་བྱ་བས་ཏེ། དེ་ཡང་ལྟོ་ཕྱོགས་སུ་ཁ་བསྟན་ཏེ། །བདུད་རྩི་མཎྜལ་བྱས་ནས་ནི། །དེར་ནི་འཁོར་ལོ་བྲི་བར་བྱ། །བྱ་རོག་འུག་པའི་ཁྲག་གིས་ནི། །འཁོར་ལོ་གྲུ་བཞིར་བྱས་པ་ལ། །སྣ ་ཚོགས་རྡོ་རྗེས་མཚན་པ་སྟེ། །ཕྱི་རོལ་ནུ་མྱུང?་ཟླུམ?་པོར་བྱ། །དབུས་སུ་ནང་གི་སྙིང་པོ་ནི། །ཕྱོགས་བཞི་རྣམས་སུ་ལེགས་པར་ཁྲི། །ཤར་ལ་སོགས་པའི་བར་ཁྱམས་ལ། །ོཾ་མ་ཧཱ་ཀཱ་ལ་ཡ། ཕུར་པ་འདིས་པན་དྷཾ་ལ་སོགས་པ་ཡི། །སྔགས་ནི་ལེགས་པར ་བྲི་བར་བྱ། །རྡོ་རྗེའི་རྭ་ནི་དབུས་མ་ལ། །བཛྲ་བཎདྷ་བྲི་བ་ནི། །ཧཱུཾ་གཉིས་ཀྱི་ནི་བར་དུ་གཞག་།རྡོ་རྗེ་རྭ་གཞན་མཚམ་སུ་ནི། །དྲ་ཆ་པོའི་ཧཱུཾ་ནི་དགོད་པར་བྱ། །ཕྱི་རོལ་འཁོར་ལོའི་མུ་ཁྱུད་ལ། །རྩ་བའི་སྔགས་ནི་ལེགས་པར་བྲི། །འཁོར་ལོ་མཎྜལ་སྟེང ་བཞག་ལ། །གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས། །འཁོར་ལོ་རང་བཞིན་མེད་བྱས་ལ། །ལཾ་ལས་བྱུང་བའི་འཁོར་ལོ་ནི། །ཁ་དོག་སེར་བོ་གྲུ་བཞི་སྟེ། །རྡོ་རྗེ་བྲག་གིས་མཚན་པ་ལ། །སྔགས་ནི་མར་མེའི་མེ་ལྟར་འབར། །དེ་ནས་ཐུགས་ཀའི་འོད ་ཟེར་གྱིས། །བཀའ་ཡི་འཁོར་ལོ་སྤྱན་དྲངས་ཏེ། །ཡན་ལག་ཆོ་ག་ཀུན་བྱས་ནས། །འཁྲོ་ལོ་ཡིས་ནི་བསྟིམ་པར་བྱ། །དེ་ནས་གཙོ་བོའི་ཐུགས་ཀ་ནས། །ནང་གི་སྙིང་པོ་རབ་སྤྲོས་ཏེ། །འཁོར་ལོ་སྟོང་ཕྲག་བསྟི་པར་བྱ། །འཁོར་ལོ་ཟུར་ལ ་ཞེས་བྱ་བ་ནི་གོ་སླའོ། །ཐོད་པ་དུམ་བུ་གཅིག་པར་ནི་ཞེས་བྱ་བ་ནི་བསྟེན་པའི་བྱ་བའི་གཏོར་མའོ། །ནུབ་བྱང་དཀྱིལ་འཁོར་ཟུར་ལ་ནི་ཞེས་བྱ་བ་ནི་རབ་གནས་བྱས་པའི་ཕྱག་མཚན་ནོ། །ཐོད་པ་ཁྲག་གིས་བཀང་ཞེས་བྱ་བ་ནི་ནག་པོ་གསུམ་གྱི་ཁྲག་སྟེ་མིང་གི ་ཡི་གེ་དང་ལྡན་པར་བྱའོ། །བཀའ་སྩལ་ཏོ་ཞེས་བྱ་བ་ནི་བར་བུའི་དཀྱིལ་འཁོར་གྱི་དོན་བསྡུས་ཏེ་བཤད་པའོ། །གཞན་ཡང་ཞེས་བྱ་བ་ནི་བར་དུའི་རྒྱ་བསྒྲུབ་པ་ལ་འཇུག་པའོ། །མཆོད་པ་ཡིས་ཞེས་བྱ་བ་ནི་གཅན་གཟན་གྱིས་བརྐོས་པའི་མཆོད་པའི་སའོ། །སྒེག ་པའི་སྒྲ་ནི་ལྷོ་ཕྱོགས་སུ་མགོ་བསྟན་ནས་ཤི་བའི་སྐྲའོ། །བར་བུ་ཞེས་བྱ་བ་ནི་ནག་པོའི་ཆོས་གཅིག་ལ་ལྷའི་སྦྱོར་བ་དང་ལྡན་པར་བྱའོ། །ཚ་ཞིང་ཚ་བའི་མེ་ཡིས་བསྲེག་ཅེས་བྱ་བ་ནི་དུར་ཁྲོད་ཀྱི་མགལ་དུམ་དང་ལྡན་པས་བསྒྲུབ་བྱའི་ཕ་མེས་རོ་བསྲེགས་པའི་སར ་བསྲེག་པར་བྱའོ། །འཁོར་ལོ་བྲིས་ལ་ཞེས་བྱ་བ་ནི་ཕྱི་རོལ་ཟུར་གསུམ་འབར་བར་བྱ། །དབུས་སུ་མུ་ཁྱུང་བཞིས་བསྐོར་ཏེ། །ཕྱི་རོལ་ཟུར་གསུམ་དག་ཏུ་ནི། །རྡོ་རྗེ་འབར་བ་བྲི་བར་བྱ། །དབུས་སུ་ནང་གི་སྙིང་པོ་ནི། །སྒྲུབ་བ་བྱའི་མང་དང་ལྡན་པར་བྲི། །ཕྱི་རོལ་གྱི་ནི་གྱུ་གྱུར ་ལ། ཕྱི་ཡི་སྙིང་པོ་བྲི་པར་བྱ། །དེ་ཡི་ཕྱི་རོལ་མུ་ཁྱུད་ན། །ལིང་ཚོ་བརྒྱད་དུ་གནས་པ་ལ། །འཁར་ལོའི་སྔགས་སུ་བཀོད་པ་ནི། །སྡེ་ཚན་བརྒྱད་དུ་རང་ཕྱེ་སྟེ། །ཧཱུཾ་གི་བར་དུ་བྲི་བར་བྱ། །ཕྱི་རོལ་མུ་ཁྱུད་བརྒྱད་ལ་ནི། །རྩ་བའི་སྔགས་ནི་དགོད་པར་བྱ། །དེའི་ཕྱི་རོལ ་མུ་ཁྱུད་ལ། །ལས་ཀྱི་སྔགས་ནི་དགོད་པར་བྱ། །ཕྱི་རོལ་རྡོ་རྗེ་སྙིང་པོ་ལ། །ནང་གི་སྙིང་པོ་བྲི་བར་བྱ། །དེ་ནས་རྡོ་རྗེ་གཞན་ལ་དྲག་པོའི་ཧཱུཾ་ནི་བཝི་བུར?་བྱ། །ཕྱི་རོལ་ཟུར་གསུམ་བར་ཁྱམས་ལ། །གསང་བའི་སྔགས་ནི་དགོད་པར་བྱ། །ཡི་གེ་དགོད་ཅེས་བྱ་བ་ན། ། ་ལུགས་དང་ལུགས་མིན་གཉིས་སུ་དགོད། །གསང་བའི་སྔགས་ནི་པྲཾ་བ་ནི། །འཁོར་ལོ་རྩིབས་བརྒྱད་བྲི་བར་བྱ། །ལྟེ་བར་མེ་ཡི་དཀྱིལ་འཁོར་ཁྱི། །མེ་ཡི་དབུས་སུ་ནང་གཾ་ནི། །སྙིང་པོའི་མིང་དང་བཅས་པ་དགོད། །ཕྱི་རོལ་ཟླ་ག་མ་གསུམ་ལ་ནི། །ཕྱི་ཡི་སྙིང་པོ་དགོད ་པར་བྱ། །འཁོར་ལོའི་རྩིབས་ནི་ཐམས་ཅད་ལ། །རྩ་བའི་སྔགས་ནི་དགོད་པ་སྟེ། །སྔ་ཚན་བརྒྱད་དུ་དབྱེ་བར་བྱ། །བར་དུ་བསྒྲུབ་པའི་མིང་ཡིག་གཞུག། །ཕྱི་རོལ་འཁོར་ལོའི་མུ་ཁྱུད་ལ། །གསང་བའི་སྔགས་ན་བྲི་བར་བྱ། །དེ ་ཡང་གཡས་སྐོར་གཡོན་བསྐོར་དུ། །འཁོར་ལོ་གཉིས་ནི་བྲི་བར་བྱ། །སྟོབས་ཀྱི་བར་དུ་ཞེས་བྱ་ནི། །ཕྱག་མཚན་གཉིས་ནི་བཀོད་པ་སྟེ། །སྟེང་དང་འོག་ཏུ་ཡང་དག་གནས། །ལིངྒ་ཚོགས་གཞུག་བར་བྱ་ཞེས་བྱ་བ་ནི་ཡིད་འཕྲོག་མ་ལ་སོགས་པའི ་མཁའ་འགྲོ་མ་དགུ་སྟ་གོན་ལ་གནས་པར་བྱའོ། །ལྷོ་ནུབ་ཏུ་ཁ་བལྟས་ཏེ་ཞེས་བྱ་བ་ནི་འཁོར་ལོ་བྲི་བའི་དུས་སུའོ། །ལིངྒ་མིང་གི་ཡི་གེ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བུམ་པར་འཁོར་ལོ་གཞུག་པར་བྱ་ཞེས་བྱ་བ་ནི་ཕྱིར་མི་ལྡོག་པའི་ཆོ་ག་སྟེ་བསྲུང ་བའི་འཁོར་ལོའི་ཞེས་བཀའ་སྩལ་ཏོ་ཞེས་བྱ་བ་ནི་པར་བུ་བཅའ་བའི་རིམ་པ་བསྡུས་ཏེ་བསྟན་པའོ། །དེ་ནས་གཞན་ཡང་རབ་བཤད་པ་ཞེས་བྱ་བ་ནི་སྐུའི་མཆོག་ལ་འཇུག་པར་བྱ་སྟེ། དཀྱིལ་འཁོར་ལེའུར་བསྟན་ཟིན་ཏོ། །ཞིང་གི་སྟར་དུ་བཞུགས་སུ ་གསོལ་ཞེས་བྱ་བ་ནི་མདུན་དུ་སྐྱིད་ཀྱི་ཆོ་ག་རྫོགས་པར་བྱའོ་ཞེས་པའི་དོན་ཏོ། །དེ་ཡང་རྒྱུན་དུ་ཞུགས་པའི་རྣལ་འབྱོར་པས་ཉེ་བར་བསྒྲུབ་བསྙན་པ་བསྐྱལ་བའོ། །མཐུན་པའི་དམ་རྫས་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །སྐུའི་ཆོ་ག་ཞེས་བྱ་བ་ནི་རྒྱུད་དུ ་གསུང་པའི་བར་བུའི་ཆོ་ག་??་རྫོགས་བར་དུ་ཆོ་གར་བྱས་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ་ཞེས་བྱ་བ་ནི་སྐུའི་ཆོ་ག་གསུངས་ཏེ་བཤད་པའོ། །དེ་ནས་གསོལ་བ་ཞེས་བྱ་བ་ནི་བར་པུ་བསྒྲུབ་པར་བྱ་བའི་དོན་ཞུས་པའོ། །བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནི་སྐུའི་ཉེ་རང་བསྒྲུབ་པའི་བསྙེན་པ་རྒྱས་པར་བཤད་པའོ། །པར་བུ་སྒྲུབ་པར་འདོད་པའི་རྣལ་འབྱོར་བས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བསམ་གཏན་ཞེས་བྱ་བ་ནི་ཐུགས་ཀའི་གྲི་གུག་ལ་གནས་པའི་ཧཱུཾ་ལས་འོད་ཟེར ་གྲི་གུག་ལྟ་བུ་སྤྲོས་ཏེ་གུར་དང་ར་བ་ལ་སོགས་པར་གྱུར་པའོ། །སྔགས་ཞེས་བྱ་བ་ནི་བཛྲ་ཀཝ་ཙའི་སྔགས་ཀྱིས་སོ། །མཚམས་བཤད་ཅེས་བྱ་བ་ནི་བསྲུང་བའི་འཁོར་ལོ་བྱ་བའི་ཕྱིར་རོ། །མཆོད་པ་ལ་སོགས་པ་ནི་གོ་སླའོ། །མདུན་གྱི་ཞེས་བྱ་བ་ལ་སོགས་པ་ནི ་མདུན་དུ་བསྐྱེད་པའི་ཆོ་ག་རྒྱས་པར་བཤད་པའོ། །སྔགས་ཀྱི་ཕྲེང་བ་ཞེས་བྱ་བ་ནི་ཐུགས་ཀ་ནས་ཐུགས་ཀར་གནས་པའོ། །དྲག་པོ་སྟོབས་ཞེས་བྱ་བ་ནི་སྔགས་ཀྱི་འོད་ཟེར་གི་གུག་གི་ཕྲེང་བར་སྤྲོ་བའོ། །བསམ་གཏན་ཞེས་བྱ་བ་ནི་གཙོ་བོ་དང་བཀའ་ ་སྔོད་ཀྱི་བར་དུ་བསྒྲུབ་བྱ་དམིགས་ལ་བསྒྲུབ་བྱའི་གནས་གསུམ་དུ་རྣམ་ཤེས་ཀྱི་ཡི་གེ་བསམ་པའོ། །སྔགས་ཀྱི་བཟླས་པ་ཞེས་བྱ་བ་ནི་སྔགས་ཀྱི་འོད་ཟེར་གྱིས་བསྒྲུབ་བྱའི་རླུང་སྒོར་ཞུགས་ཏེ། ཡི་གེ་གསུམ་ཚངས་པའི་བུ་གནས་ཕྱུང་ནས་པར་བུ་ནག ་པོ་ཆེན་པོ་བསྟིམ་ཞལ་ནས་ཞལ་དུ་འཁོར་བའི་ཕྱིར་བཟླས་པ་བྱ་ཞེས་བྱའོ། །དུས་གསུམ་དུ་ཞེས་བྱ་བ་ནི་པར་བུའི་ཆོ་ག་མ་རྫོགས་ཀྱི་རང་དུའོ། །མཐུན་པའི་དམ་རྫས་ཞེས་བྱ་བ་ནི་གྲི་གུག་ལ་དུ་ལས་བསྙེན་པའི་གཏོར་མར་བྱས་པའོ། །རྣལ་འབྱོར་མཚན་མ ་ཐོབ་པ་ཡིས། །ཞེས་བྱ་བ་ནི་སྔོན་དུ་ཐུན་མོང་གི་བསྙེན་པ་རྫོགས་པའི་ཕྱིར་དང། བར་བུ་ཉེ་བར་བསྒྲུབ་པ་དང་ལྡན་པའི་ཕྱིར་རོ། །ཆོག་བརྩམ་པར་བྱ་བ་ནི་ཤིན་ཏུ་མཐུན་པ་བཞིས་སམ། ཡང་ན་རྣལ་འབྱོར་པ་གཅིག་གིས་གོ་རིམ་གྱི་ཆོ་ག་ཤེས་པར་བྱའོ ་བཀའ་སྩལ་ཞེས་བྱ་བ་ནི་མདུན་བསྐྱེད་ཀྱི་ཉེ་བར་བསྒྲུབ་པ་རྒྱས་པ་བཤད་པའོ། །ནག་པོས་གསོལ་བ་ཞེས་བྱ་བ་ནི་ཁ་སྦྱོར་གྱི་ཆོ་ག་ལ་འཇུག་པར་བྱ་བ་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་བཅོམ་ལྡན་འདས་གདུག་པ། ་འདུལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ། །བར་པུ་ནག་པོ་ཆེན་པོར་བསྐྱེད་ཅེས་བྱ་བ་ནི་སྔོན་དུ་རྣལ་འབྱོར་བདག་ཉིད་ནི། །ལྷ་ཡི་འཁོར་ལོ་རྫོགས་པར་བྱ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །དཀྱིལ་འཁོར་འཁོར་ལོ་སྤྱན་དྲངས་ཏེ། པར ་བུའི་གནས་སུ་དམིགས་ནས་ནི། །ཐུགས་ཀ་ནས་སྦྲུལ་ནག་པོ་ཡིས། །མཆོད་དང་སྡིག་པ་བཤགས་སོགས་བྱ། །གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས། །བསྐུལ་ནས་ནི། ཚངས་བའི་གནས་བཞི་ལྡན་པར་བྱ། །མདུན་གྱི་དཀྱིལ ་འཁོར་གཙོ་བོ་ཡི། །ཐུགས་ཀའི་འོད་ནི་རབ་སྤྲོས་ཏེ། །ཁམས་གསུམ་གདུག་པ་འཇོམས་མཛད་དེ། །ཚུར་འདུས་དཀྱིལ་འཁོར་ཐམས་ཅད་ནི། །གཙོ་བོའི་ཐུགས་ཀར་ཞུགས་པ་སྟེ། །གཙོ་བོ་འོད་དུ་ཞུ་ནས་ནི། །སྟོང་པ་ཉིད་དུ་གྱུར་པར་བསམ། ། ་ཧཱུཾ་ལས་ཞེས་པ་རྡོ་རྗེའི་བྲག་།ཉི་མའི་སྟེང་ན་གནས་པ་སྟེ། །བྲག་གི་སྟེང་ན་ཧཱུཾ་གནས་པ། །ཧཱུཾ་ལས་གསལ་བར་སྤྲོ་བ་ནི། །འབར་བའི་ཚོགས་སུ་གྱུར་པ་སྟེ། །གྲི་གུག་ཐོད་པ་འཛིན་པ་སྤྲོ། །ཕྱོགས་སྐྱོང་ལ་སོགས་བགེགས་ཚོགས་ཀྱི། །མགོ་པོའི ་སྟེང་དུ་རབ་འདུག་སྟེ། །ཏིལ་གྱི་ཆེད་དུ་གཏུབ་བྱས་ནས། །ཁྲོ་བོ་བགེགས་ཀྱི་ཚོགས་རྣམས་ཀུན། །ཀུན་ཀ་འོད་དུ་ཞུ་བ་ལས། །གྲི་གུག་གུར་དང་དྲ་སོགས་གྱུར། །དེ་དབུས་ཆོས་འབྱུང་བསམ་པར་བྱ། །དབུས་སུ་སྣ་ཚོགས་བད་ཉི་ལ། །སྟེང་དུ་བསྒྲུབ་བྱ ་གསལ་བར་དམིགས། །བསྒྲུབ་བྱ་གནས་བའི་སྟེང་དུ་ནི། །མེ་ཡི་དཀྱིལ་འཁོར་འབར་བསམས་ཏེ། །དབུས་སུ་ཆོ་ག་ལྔ་ཡིས་ནི། །གཙོ་བ་ནག་པོ་ཆེན་པོར་བསྐྱེད། །རབ་ཏུ་འཇིགས་བྱེད་མ་ལ་སོགས། །ཟུར་གསུམ་དུ་ནི་བསྐྱེད་པར་བྱ། །སྐུ་མདོག་ནག་མོ ་ཆེར་འཇིགས་མ། །གྲི་གུག་ཐོད་པ་འཛིན་པ་སྟེ། །སྤྱན་གསུམ་སྡང་མིག་མཆེ་བ་གཙིགས། །དེ་ཡི་ལྟ་བར་གནས་པ་ནི། །ཞེས་བྱ་བ་ནི་གཙོ་བོའི་ལྟོ་བར་གནས་པ་སྟེ། །དེ་ཡང་བསྐྱེད་པར་བྱ་བ་སྟེ། །བར་བུ་ཁ་སྦྱོར་རིམ་པ་གསུམ། །ཞེས་བྱ་བ ་ནི་དེ་ཡང། པར་བུའི་འཁོར་ལོའི་གནས་དང་བཞིའོ། །ཁ་སྦྱོར་ནི་གཡས་བསྐོར་དང་གཡོན་བསྐོར་དུ་གནས་པའི་ཕྱིར་རོ། །གསུམ་ཞེས་བྱ་བ་ནི་དབྱིབས་དང། གསང་བ་དང། སྟོབས་ཀྱི་པར་བུའོ། །དེ་ཡང་དབྱིབས་ནི་རོ་ལས་སྐྱེས་པ་སྟེ། །ཁ་དོག་དམར་པོ ་མེ་ཡི་དབྱིབས། །སྔགས་ནི་མཚོན་ཆ་བཀོད་དད་མཚུངས། །སྐུ་ཡི་བར་བུ་བཤད་པའོ། །དེ་ནས་གསང་བའི་པར་བུ་ནི། ། ལས་སྐྱེས་པའི་བདག་ཉིད་དེ། །དུམ་བུ་གཅིག་པ་ལ་སྦྱར་གནས། །དེ་ཡི་སྔགས་ཀྱི་ཕྲེང་བ་ནི། འཁོར་ལོ་རྩིབས་བརྒྱད་གནས་པའོ། ། ་སྔགས་ནི་མར་མེ་ལྟ་བུ་མཚུངས། །གསུང་གི་པར་པུའི་བདག་ཉིད་དེ། །ེ་ཡི་རྣམ་པ་ལས་སྐྱེས་པའི། །གྲུ་གསུམ་སྟོབས་ཀྱི་པར་པུ་བཤད། །སྟེད་དང་འོག་གི་ཕྱོགས་ངག་ཏུ། །གྲི་གུག་ཐོགས་ཉིད་ཅན། །བསྒྲུབ་བྱ་མྱུར་དུ་གསོང་བ་ཡི། །དྲག་པོ ་སྟོབས་དང་ལྡན་པའི་ཕྱིར། །ཐུགས་ཀྱི་པར་པུ་ཡང་དག་བཤད། །སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཡིས། །བསམ་པ་མ་ལུས་སྒྲོལ་བའི་ཕྱིར། །པར་པུ་རིམ་པ་གསུམ་དུ་བཤད། །དེ་ཡི་དབུས་སུ་བསམ་ཞེས་བྱ་བ་ལ་སོགས་པན་པི་ཀའི་སྡོད་བསྐྱེད་པར་བྱ་སྟེ་གོ་སླའོ། །དེ ་ནས་ཐུགས་ཀའི་འོད་ཟེར་གྱིས་ཞེས་བྱ་བ་ནི། །གཙོ་བོའི་ཐུགས་ཀའི་ཧཱུཾ་ལས་ནི། །ལྕགས་ཀྱུའི་ཚུལ་དུ་རབ་སྤྲོས་ཏེ། །ཡེ་ཤེས་འཁོར་ལོ་སྤྱན་དྲངས་ནས། །ཕྱག་རྒྱ་བཞི་ཡི་སྦྱོར་བས་བསྟིམ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །བདེ་གཤེགས་སྤྱན་དྲངས་དབང་བསྐུར ་ནས། རིགས་ཀྱི་གཙོ་བོ་རྒྱས་གདབ་བྱ། །དེ་ནས་ཐུགས་ཀ་ནས་སྦྲོས་པའི། །ཕྱི་ཡི་སྙིང་པོས་ཁྱབ་པར་བྱ། །དེ་ནས་མཆོད་པ་གཏོར་མ་ནི། །ཁྱད་པར་སྔགས་ཀྱི་དབུལ་བར་བྱ། །དམ་ཚིག་རྗེས་སུ་དྲན་པའི་ཕྱིར། །སྔགས་ནི་ཐུགས་ཀར་བསྟིམ་པར་བྱ། །དེ་ནས་ནང་གི ་སྙིང་པོ་ལ། །ཐུགས་ཀར་བསྙེན་པ་བསྐྱལ་ནས་ནི། །རྩ་བའི་སྔགས་དང་རབ་ལྡན་པས། །ཁྱད་པར་སྔགས་ཀྱི་སྤྱོད་པ་ཡིས། །མཆོད་པ་རྒྱུན་མི་འཆད་པར་བྱ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས་ཞེས་བྱ་བ་ནི། །བདག་གི་ཐུགས་ཀའི་དཀྱིལ་འཁོར་ནི། །རབ་ཏུ ་འཇིགས་བྱེད་མ་ལ་སོགས། །མཁའ་འགྲོའི་འཁོར་ལོ་གནས་པ་སྟེ། །དེ་ཡི་ཐུགས་ཀར་འོད་ཟེར་ནི། །ལྕགས་ཀྱུ་ཞགས་པའི་ཆུལ་དུ་སྤྲོ་ཞེས་བྱའོ། །བསྒྲུབ་བྱ་གསལ་བར་དམིགས་ནས་ནི། །གནས་ལྔ་ལྕགས་ཀྱུ་ཞུགས་ནས་ནི། །ཞགས་པས་ཡན་ལག ་བཅིངས་བྱ་སྟེ། །བཀུག་ནས་བཀའ་སྔོད་ལྟོ་བར་བསྟིམ། །དེ་ལྟར་དགུག་པའི་སྦྱོར་བ་ནི། །རྣལ་འབྱོར་བསམ་གཏན་གཅིག་པས་ནི། །རྒྱུན་མི་འཆད་པར་ཞེས་བྱའོ། །བླ་མ་རྡོ་རྗེ་འཛིན་པ་དང། །ཞེས་བྱ་བ་ལ་སོགས་པ་ནི་ཐམས ་ཅད་དུ་སྟོན་དུ་འགྲོ་བའི་ཚིག་སྟེ་གོ་སླའོ། །དྲག་པོའི་བསམ་གཏན་ལྡན་གྱུར་ནས་ཞེས་བྱ་བ་ནི། དེ་ནས་ཞེས་བྱ་བ་ནི། །དེ་ནས་རྣལ་འབྱོར་དབང་ཕྱུག་གི། །ཐུགས་ཀར་ལྷ་ཡི་འཁོར་ལོ་ནི། །མེ་ཡི་དབུས་སུ་གནས་པར་བསམ། །དེ་ཡི་ཐུགས་ཀའི་འོད ་ཟེར་ནི། །གྲི་གུག་ཕྲེང་བ་ལྟར་སྤྲོས་ཏེ། །བསྒྲུབ་བྱའི་ལུས་ནི་ཐམས་ཅད་ལ། །གྲི་གུག་འཁོར་ལོ་འཁོར་བའི་ཕྱིར། །དྲག་པོའི་བསམ་གཏན་ཞེས་བྱའོ། །གྲི་གུག་ཐོད་པ་ཐོགས་ཞེས་བྱ་བ་ནས། །བསམ་གཏན་སྔགས་ཀྱིས་བསད་པར་བྱ་བ་ནི། །དེ་ཡང ་བསམ་གཏན་ནི་པར་བུའི་སྔགས་ལས་མཚོན་ཆ་ལྟ་བུའི་འོད་སྤྲོས་ཏེ། །བསྒྲུབ་བྱའི་ཤ་ནི་གཅོད་པར་བསམ། །སྔགས་ཞེས་བྱ་བ་ནི་བདག་གི་ཐུགས་ཀའི་འོད་ཟེར་གྱིས། །གྲི་གུག་ཕྲེང་བ་ལྟར་སྤྲོས་ཏེ། །བསྒྲུབ་བྱའི་ལུས་ལ་འཁོར་བར་བྱ། །མཐུན་པའི ་དང་??་རྫས་ཞེས་བྱ་བ་ནི་བསྟེན་པའི་གཏོར་མ་སྟེ་རྒྱུན་ཏུ་སྦྱིན་པ་ཡི། །ཞག་བདུན་དུ་ཞེས་བྱ་བ་ནི་མདོར་བསྟན་པའི་ཚིག་གོ། བཀའ་སྩལ་ཏོ་ཞེས་བྱ་བ་ནི་སྡུད་པ་པོས་པར་བུའི་ཆོ་བསྡུས་ཏེ་འཁོར་ལ་བཤད་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་ནི ་སྔགས་ཀྱི་བྱེ་བྲག་ཞུས་པ་སྟེ་གོ་སླའོ། །དང་པོར་པར་བུ་བཅའ་བ་ཞེས་བྱ་བ་ནི། དང་པོར་ལྷ་ཡི་འཁོར་ལོ་ནི། །བར་བུ་ཉིད་ལ་བསྐྱེད་པའི་ཕྱིར། །དང་པོ་པར་ཕུ་བཅའ་བར་བཤད། །གཉིས་པ་ལྷ་ལ་བསྙེན་པར་འགྱུར་ཞེས་བྱ་བ་ནི། །ཉི་མ་གཉིས་པས ་ནི་ལྷའི་ནུས་པ་དང་ལྡན་པའི་ཕྱིར་རོ། །གསུམ་པ་བསྒྲུབ་བྱ་དགུག་ཅེས་བྱ་བ་ནི་གསུམ་པ་ཉིད་ཀྱིས་བསྒྲུབ་བྱ་དགུག་པའི་མཐུ་དང་ལྡན་པའི་ཕྱིར་རོ། །བཞི་པ་མྱོས་པར་བྱེད་ཅེས་བྱ་བ་ནི་བསྒྲུབ་བྱ་སྲོག་སྐྱོབ་པའི་ལྷ་དང་བྲལ་བའི་ཕྱིར་རོ། །ལྔ་བ་ནི་གཡོད ་པར་བྱེད་ཅེས་བྱ་བ་ནི་ཉི་མ་ལྔ་བས་གསོད་པའི་མཐུ་དང་ལྡན་པའི་ཕྱིར་རོ། །དྲུག་པས་ལྡོག་པ་མེད་པར་བྱེད་ཅེས་བྱ་བ་ནི་ཐེ་ཚོམ་དང་བྲལ་བའི་ཕྱིར་རོ། །ཕུང་པོ་རྣམ་ཤེས་བྲལ་བྱས་ཏེ་ཞེས་བྱ་བ་ནི། །ཉི་མ་བདུན་གྱི་སྦྱོར་བ་ཡིས། །རྣམ་ཤེས་བྲལ་བ་ནུས་པའི་ཕྱིར། །དེ་ཡི་སྦྱོར་བ་ལྡན ་པར་བྱ། གཙོ་བོའི་ཐུགས་ཀའི་འོད་ཟེར་ནི། །བསྒྲུབ་བྱའི་གནས་གསུམ་ལ་ཐིམ་སྟེ། །བསྒྲུབ་བྱའི་རྣམ་ཤེས་བདག་ཉིད་ནི། །ཡི་གེ་གསུམ་དུ་རབ་བྱུང་སྟེ། །བདག་གི་ཐུགས་ཀར་གཞུག་པར་བྱ། །ཧཱུཾ་དང་གཉིས་སུ་མེད་པ་ལས། །རྩ་བའི་སྔགས་ཀྱི་བཟླས་པ་ནི། །ཧཱུཾ་ལ་འཁོར་བར ་བཟླ་བར་བྱ། །བར་མ་སྐྱེ་བའི་བསམ་གཅན་ནི། །ཐུགས་ཀའི་ཧཱུཾ་ལས་བསྐྱེད་པ་སྟེ། །མདུན་གྱི་ནམ་མཁའ་ཨི་དཀྱིལ་འཁོར་དུ། །མངོན་པར་བྱང་ཆུབ་ལྔ་ཡིས་ནི། །ལྷ་ཡི་འཁོར་ལོ་རབ་སྐྱེད་དེ། །ཡེ་ཤེས་སྤྱན་དྲངས་ལ་སོགས་པའི། དབང་བསྐུར་མཆོད་བསྟོད་བདུད་རྩི་མྱང། ། ་དེ་དག་ཐམས་ཅད་བྱས་ནས་ནི། །སྙིང་གི་དབུས་གྱུར་པདྨར་ནི། །ཡི་གེ་རྣམས་ཀྱི་མཆོག་སྒྱུར་པ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །ཡེ་ཤེས་ཆེན་པོའི་ཐིག་ལེ་བསམ། །དེ་ཡང་བསམ་གྱིས་མི་ཁྱབ་སྟེ། །བསམ་གྱིས་མི་ཁྱབ་དེ་བསམས་ན། །དེས་ནི་གཟུངས་ནི་ཐོབ ་པའི་ཕྱིར། །དགའ་ལྡན་གནས་སུ་བསྐྱལ་ཞེས་བྱ། །འབྲས་བུ་ཆེན་པོ་ཞེས་བྱ་བ་ནི། །རྫོགས་པ་ཆེན་པོའི་རིམ་པ་སྟེ། །བར་པུའི་ལྟ་ཡི་བདག་ཉིད་ཀྱིས། །རྫོགས་པ་ཆེན་པོ་བསྒྲུབ?་པར་བྱ། །རྡོ་རྗེ་རྩེ་མོ་འབར་བ་ནི། །སེམས་དཔའ་ཨི་ཡི་གེ་བསམ་པར་བྱ། །ཚངས་པའི་སྒོ?་ཡི?་ནང ་དུ་ནི། བདེ་བའི་ཐིག་ལེ་བསམ་པར་བྱ། །རྡོ་རྗེ་རྩེ་མོ་འབར་བ་ལས། །ཡེ་ཤེས་མེ་བདུན་རབ་སྤྲོས་ཏེ། །ཕུང་པོ་ཁམས་རྣམས་གནོམ་པར་མཛད། །བདེ་ཆེན་ཧཾ་ལས་བྱུང་བ་ཡི། །བྱང་ཆུབ་སེམས་ཀྱི་ཆུ་བོས་བཀྲུ། །དེ་ལྟར་ཆུ་བདུན་རྫགས་པ་དང། །ཡེ་ཤེས་རླུང??་གིས ་རབ་འཇིག་སྟེ། །ལྷ་ཡི་ལེའུར་གསུངས་པ་ཡི། །ཐོག་མ་ཐ་མ་དབུས་མེད་ཅིང། །དཔེ་མེད་ཀུན་འགྲོ་ནམ་མཁའ་ཨི་ངོས། །འབྲས་བུ་ཆེན་པོར་རབ་ཏུ་བཤད། །དབང་ཕྱུག་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་པར་པུའི་ཆེ་བའི་ཡོན་ཏན་ཏེ་གོ་བླའོ། །གསང་བ་ཞེས ་བྱ་བ་ནི་འབྱུང་བར་དཀའ་བ་དང་ཐུན་མོང་མ་ཡིན་པའི་ཕྱིར་གསང་བའོ། །པར་པུའི་ཆོ་ག་འབའ་ཞིག་ཡོངས་སུ་བསྡུས་ཏེ་བཤད་པས་ན་པར་བུའི་ལེའུ་ཞེས་བྱའོ། །བར་པུའི་ལེའུའི་བཤད་པ་སྟེ་ལྔ་པའོ།། །།དེ་ནས་ཞེས་བྱ ་བ་ནི་སྦྱོར་ཀ་བྱེ་བྲག་གཞན་ལ་འཇུག་པ་སྟེ། འཁོར་གྱི་ཚོགས་རྣམས་ཀྱིས་ཞུས་པའོ། །གསང་བའི་པར་བུ་ཞེས་བྱ་བ་ནི་པར་བུ་ལས་གཞན་པའི་སྦྱོར་ཀ་བཀའ་ཨི་ཕྱིར་དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བཀའ་སྩལ་ཏོ་ཞེས་བྱ་བ་ནི་སྡུས་པ་པོས ་མདོར་བསྟན་པའོ། །དེ་ནས་གསོལ་པ་ཞེས་བྱ་བ་ནི་བཀའ་སྩལ་ཏོ་ཞེས་བྱ་བས་འཁོར་ལོའི་ཆོ་གའི་དོན་བསྡུས་པའོ། །དེ་ཡང་དང་པོ་འཁོར་ལོ་བཅའ་བ་ཞེས་བྱ་བ་ནས་གསང་པར་བྱའོ། །ཞེས་བྱ་བ་ནི་དོན་གསུམ་གྱིས་འགྲུབ་པར་འགྱུར་གྱི་གཞན་གྱིས ་ནི་མ་ཡིན་པའི་ཕྱིར་རོ། །གསོལ་བ་ཞེས་བྱ་བ་ནི་དོན་གསུམ་གྱི་བདག་ཉིད་རྒྱས་པར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཞེས་བྱ་བ་ནི་བཅོམ་ལྡན་འདས་འཁོར་ལོ་ཆེན་པོའི་ཏིང་ངེ་འཛིན་ལ་ཞུགས་ཞེས་བྱ་བའོ། །དང་པོར་ཞེས་བྱ་བ་ནི་འཁོར་ལོའི་ཆོ་གའི་སྔོན ་དུ་འགྲོ་བའོ། །རྣལ་འབྱོར་གྱི་དབང་ཕྱུག་ཅེས་བྱ་བ་ནི། །ནག་པོ་ཆེན་པོའི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་རྗེས་སུ་གནང་བ་ཐོབ་པའོ། །བསམ་གཏན་དང་ལྡན་པར་བྱས་ནས་ཞེས་བྱ་བ་ནི་སྔོན་དུ་བསྙེན་པ་རྫོགས་པར་གྱུར་པའོ། །དུར་ཁྲོད་གནས་སུ་ཞེས ་བྱ་བ་ནི་འཁོར་ལོ་ཡང་དུར་ཁྲོད་གནས་སུ་བསྒྲུབ་པའི་ཕྱིར་དེ་ནི་འཁོར་ལོ་བྲི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཆོ་གས་སྣག་ཚ་བྱ་ཞེས་བྱ་བ་ནི། །བདུད་རྩི་མཎྜལ་བྱས་ནས་སུ། །ཐོད་པར་སྣག་ཚ་ཚོགས་བྱ་སྟེ། །གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས། །ཕོག ་ནས་རང་བཞིན་མེད་པར་གྱུར། །དེར་ནི་ནག་པོ་ཆེན་པོ་ཡི། །ཆོ་གས་སྐུ་ནི་བསྐྱེད་པར་བྱ། །ཡེ་ཤེས་སྤྱན་དྲངས་ལ་སོགས་པའི། །ཡན་ལག་ཆོ་ག་ཀུན་བྱས་ཏེ། ནག་པོ་ཆེན་པོའི་ལྟོ་བར་ནི། །ཱ་ལི་ཀཱ་ལི་ལས་བྱུང་བའི། །ཟླ་བ་ཉི་མའི་དབུས་སུ་ནི། །ཧཱུཾ ་གི་བདག་ཉིད་བསམ་པར་བྱ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །རྩ་བའི་སྙིང་པོའི་སྔགས་སྤྲོས་ཏེ། །ཧཱུཾ་ལ་སྟོང་ཕྲག་བསྟིམ་པར་བྱ། །དེ་རྣམས་འོད་དུ་ཞུ་བ་ལས། །འཁོར་ལོའི་སྣག་ཚར་གྱུར་པར་བསམ། །ལྷོ་ནུབ་མཚམས་སུ་ཁ་བལྟས་ཏེ། །ཞེས་བྱ་བ་ནི་བསྐྱེད ་པའི་རིམ་པ་དང་ལྡན་པར་བྱའོ། །མི་མཐུན་སྒྲོ་ཞེས་བྱ་བ་ནི་བྱ་རོག་དང་འུག་པའི་སྒྲོས་བྱ་བའོ། །འཁོར་ལོ་བཞི་རིམ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བསྒྲུབ་བྱའི་མིང་ཡིག་གཞུག་ཅེས་བྱ་བ་ལ་ནི་ཧཱུཾ་གཉིས་ཀྱི་བར་དུའོ། །ཐོག་མ་གཡས་སུ་ཞེས་བྱ་བ་ནི་ཉི་མ་ཕྱེད ་ན་བྲི་བའོ། །སྟེང་མ་གཡོན་དུ་ཞེས་བྱ་བ་ནི་ཡིག་ལོག་ཏུ་བྲི་བ་སྟེ་ནམ་བྱེད་ན་བྲི་བའོ། །འཁོར་ལོའི་ནག་པོ་ཆེན་པོ་ཞེས་བྱ་བ་ནི་ཆོ་གར་བྱས་པའི་ཚོན་གྱིས་སྐུ་མཚན་ཉིད་དང་ལྡན་པར་བྲིས། ཞལ་དུ་བསྒྲུབ་བྱའི་མིང་ཡིག་དགོད་ཅེས་བྱ་བ་ནི་འགུགས་པའི་ཡི་གེའི ་བར་དུ་ལྡན་པར་བྱའོ། །དེ་ནས་གཞན་ཡང་ཞེས་བྱ་བ་ནི་འཁོར་ལོ་བྲི་ཚར་ནས་ལིང་གའི་ཆོ་ག་ལ་འཇུག་པར་བྱ་སྟེ། །དེ་ཡང་ཚ་བ་གསུམ་ཞེས་བྱ་བ་ལ་སོགས་པའོ། །ཆོ་གར་བྱ་བ་ལ་ནི་གོང་དུ་བསྟན་པའི་ལིང་གའི་རྒྱུ་སྟ་གོན་ལ་གནས་པའི་ཆོ་ག་རྫོགས་པར ་བྱ་བའོ། །སྙིང་གར་གཞུག་ཅེས་བྱ་བ་ནི་གྲོ་བ་ལ་རེ་བ་ལས་པ་དམརེ་འཁོར་ལོ་བྲིས་ཏེ། དབུས་སུ་ཨོཾ་གྱི་དང་པོ་དང་ཧཱུཾ་ཧཱུཾ་ཕཊ་ཕཊ་ཀྱི་མཛའ་ཅན་གྱི་སྔགས་བྲིས་ཏེ་གཞུག་པར་བྱའོ། །ལིང་ག་འཁོར་ལོའི་བར་དུ་གཞག་ཅེས་བྱ་བ་ནི། །སྣ་ཚོགས་དུག་ལ ་མཎྜལ་ནི། །མེ་ཡི་དབྱིབས་སུ་བྲི་བ་བྱ། །དེ་ནས་དེ་ཡི་དབྱིབས་སུ་ནི། །དཔའ་བོའི་ཐོད་རུས་ཕྱེ་མ་ཡིས། །ཧཱུཾ་གི་ཡི་གེ་བྲི་བར་བྱ། །དེ་ཡི་སྟེང་དུ་འཁོར་ལོ་ནི། །མཉམ་པའི་མྱུར་གུས་རབ་བརྟེན་ཏེ། །སྟེ་དང་འོག་ཏུ་བཞག་པར་བྱ། །དེ་ནས་ཆོ་གར་བྱ་བ་ནི། །གཙོ་བོའི་ལྷ་ཡི ་འཁོར་ལོ་ནི། །སྔོན་དུ་རྫོགས་པར་བྱས་ནས་ནི། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །འཁོར་ལོ་རང་བཞིན་མེད་བྱས་ནས། །དེར་ན་ཧཱུཾ་ལས་སྐྱེས་པ་ཡི། །ཉི་མའི་སྟེང་ན་རྡོ་རྗེའི་བྲག། དེ་ཡི་སྟེང་ན་ཧཱུཾ་གནས་པ། །ཧཱུཾ་ལས་གསལ་བར་སྤྲོ་བ་ནི། །འབར་བའི་ཆོགས ་སུ་རབ་སྤྲོས་ཏེ། །བགེགས་ཀྱི་ཚོགས་རྣམས་རབ་བཅོམ་ནས། །དེ་ནས་བསྲུང་བའི་འཁོར་ལོར་གྱུར། །དེ་ཡི་དབུས་སུ་ཆོས་འབྱུང་བསམ། །ཆོས་འབྱུང་དབུས་སུ་པད་ཉི་ལ། །དེ་ཡི་སྟེང་དུ་བསྒྲུབ་བྱ་ནི། །ཁ་དོག་ཉམས་པའི་གཟུགས་ཀྱིས ་གནས། །དེ་ཡི་སྙིང་གར་བསྐྱེད་པ་ནི། །ཆོ་ག་ལྔ་ཡི་སྦྱོར་བ་ཡིས། །ལྷ་ཡི་འཁོར་ལོ་བསྐྱེད་པར་བྱ། །ཚནདོ་ཧ་ཡི་བདག་མོ་སོགས། །ལྷ་མོ་གསུམ་ནི་བསྐྱེད་པར་བྱ། །སྐུ་མདོག་སྔོན་མོ་ཁྲོ་གཉེར་མ། །ཞལ་གཅིག་ཕྱག་གཉིས་འཇིགས་གཟུགས་མ། ། ་ལྕགས་ཀྱུ་ཞགས་པ་འཛིན་པ་སྟེ། །བརྒྱད་བསྐུམ་བསྒྲུབ་བྱའི་སྟེང་ན་འགྱིང། །དེ་ནས་གཙོ་བོའི་ལྟོ་བར་ནི། །རི་ལས་མེ་ཡི་དཀྱིལ་འཁོར་བསམ། །དེ་ཡི་དབུས་སུ་བསྐྱེད་པ་ནི། །བཀའ་སྡོད་མས་ཀྱི་ལྕེས་ཧཱུཾ་ལས་རྡོ་རྗེ་སྦུབ་མའི་ལོ་དང་བཅས་བསྐྱེད། །གཙོ་བོའི ་ཐུགས་ཀའི་འོད་ཟེར་གྱིས། །རང་བཞིན་འཁོར་ལོ་སྤྱན་དྲངས་བསྟིམ། །བདེ་གཤེགས་སྤྱན་དྲངས་དབང་བསྐུར་ནས། །རིགས་ཀྱི་བདག་པོས་རྒྱས་གདབ་བྱ། །དེ་ནས་ཐུགས་ཀའི་འོད་ཟེར་ནི། །ཕྱི་ཡི་སྙིང་པོ་སྤྲོས་པ་སྟེ། །སོ་སོའི་ཐུགས་ཀར་བརྒྱ ་ཕྲག་བསྟིམ། །དེ་ནས་མཆོད་པ་གཏོར་མ་ནི། །རྩ་བའི་སྔགས་ཀྱིས་དབུས་བར་བྱ། །དམ་ཚིག་ཆོ་ག་བྱས་ནས་ནི། །ནང་གི་སྙིང་པོས་བསྙེན་པ་ནི། །ཐུན་རེ་སྟོང་ཕྲག་རེ་རེ་བསྐྱལ། །དེ་ནས་དགུག་པའི་སྦྱོར་བ་ནི། །གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས། ། ་མཁའ་འགྲོ་རྣམས་ནི་བསྐུལ་ནས་སུ། །མཁའ་འགྲོ་གསུམ་གྱི་ཐུགས་ཀ་ནས། །སྦྲུལ་པའི་མཁའ་འགྲོ་མ་སྤྲུལ་ཏེ། །བསྒྲུབ་བྱ་གསལ་བར་དམིགས་བྱས་ལ། །གཙོ་བོའི་ལྟེ་བར་གཞུག་པར་བྱ། །དེ་ལྟར་དགུག་གཞུག་སྦྱོར་བ་ནི། །ཐུན་དྲུག་ཏུ་ནི་དགུག ་པར་བྱ། །དེ་ནས་ཞེས་བྱ་བ་ནི་གོ་སླའོ། །ཁྱི་འམ་དོམ་གྱི་ཐོད་པ་ལ། །བཙན་དུག་ཆ་བའི་རྫས་ཀྱིས་བྱུགས། །སྣ་ཚོགས་རྡོ་རྗེ་ནང་དུ་བྲི། །ལྟེ་བའི་རྡོ་རྗེ་སྙིང་པོ་ལས། །གསང་བའི་སྔགས་ནི་བྲི་བར་བྱ། །ཐོད་པ་དེར་ནི་འཁོར་ལོ་གཞུག། །སྐུད་པ་དམར་ནག ་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཐོད་པའི་འཁོར་ལོ་བྲི་ཞེས་བྱ་བ་ནི། འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། །དབུས་སུ་མེ་ཡི་འཁོར་ལོ་ནི། །རེ་ཕ་གསུམ་གྱིས་མཚན་པ་བྲི། །དབུས་སུ་ནང་གི་སྙིང་པོ་ནི། །བསད་པའི་ཡི་གེ་ལྡན་པར་བྲི། །དེ་ན་འཁོར་ལོ ་རྩིབས་ལ་ནི། །བསད་པའི་སྔགས་ནི་བྲི་བར་བྱ། །དེ་ཡང་གཡས་བསྐོར་གཡོན་བསྐོར་དུ། །འཁོར་ལོ་ལེགས་པར་བྲི་བར་བྱ། །ཕྱི་ཕྱིར་རྩ་བའི་རྫས་ཀྱིས་བྱུག་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཕུར་བུའི་རབ་གནས་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་ལེའུར ་ཤེས་པར་བྱའོ། །འཁོར་ལོ་མཎྜལ་སྟེང་གཞག་ནས་ཞེས་བྱ་བ་ནི་གོང་དུ་བསྟན་པའི་མཎྜལ་གྱི་སྟེང་དུ་འཁོར་ལོ་གཞག་ནས། །བསྐྱེད་པའི་རིམ་པ་ཚུལ་བཞིན་བསྒོམས་ཞེས་བྱ་བ་ནི། །སྔོན་དུ་ལྷ་ཡི་རྣལ་འབྱོར་ནི། །རྣལ་འབྱོར་བདག་ཉིད་ལྡན་པར་བྱ། །དེ་ནས ་མཎྜལ་འཁོར་ལོ་ནི། །ཇི་ལྟར་གོང་དུ་བསྟན་པ་བཞིན། །ལྷ་ཡི་འཁོར་ལོ་རྫོགས་པར་བསྐྱེད། །མཆོད་དང་གཏོར་མ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཐུགས་ཀའི་འོད་ཟེར་ཞེས་བྱ་བ་ནི་དགུག་གཞུག་གི་སྦྱོར་བ་སྟེ་གོང་དུ་བསྟན་པ་བཞིན་ནོ། །དཔལ་ལྡན་ནག་པོ ་ཁ་སྦྱོར་གྱིས་ཞེས་བྱ་བ་ནི་གཙོ་བོའི་ལྟོ་བར་གནས་པའི་བཀའ་སྡོད་ཁ་སྦྱོར་འཁོར་ལོའི་དབུས་སུ་མེ་ཡི་དཀྱིལ་འཁོར་བསམ། །བར་ཏུ་བསྒྲུབ་བྱ་གཞུག་པར་བྱ་ཞེས་བྱ་བ་ནི་མེ་ཡི་དཀྱིལ་འཁོར་དབུས་སུའོ། །བསྒྲུབ་བྱ་གསལ་བར་ཞེས་བྱ་བ་ནི་སྲོག་སྐྱོབ་པའི་ལྷ་དང ་བྲལ་བར་བསམ་པའོ། །གྲི་གུག་གི་ཧཱུཾ་ལས་སོ། །འོད་ཅེས་བྱ་བ་ནི་གྲི་གུག་ལྟ་བུ་སྤྲོས་ཏེ། །ལུས་ཀྱི་རྩ་གཅོད་པའི་ཕྱིར་སྲོག་གཅོད་པ་ཞེས་བྱ་བའོ། །ན་ས་གཡས་ཞེས་བྱ་བ་ནི་འབྱུང་བ་དང། འཇུག་པའི་རླུ་དོ། །སྙིང་གི་ཁྲག་ཅེས་བྱ་བ་ནི་སྲོག ་འཇིག་པའི་རླུང་སྙིང་ལ་གནས་པའོ། །འཐུང་ཞེས་བྱ་བ་ནི་གཙོ་བོ་དང་འཁོར་གྱི་ལྷ་རྣམས་ཀྱི་ལྕེས་ཧཱུཾ་ལས་རྡོ་རྗེ་སྦུབ་མའི་སྦྱོར་བ་ནི། །བསྒྲུབ་བྱའི་སྣ་ནས་ཞུགས་ནས་ནི། །སྙིང་གི་དབུས་ནས་འདྲེན་པ་ཡི། །ལུས་ཀྱི་བཅུང་རྣམས ་འཐུང་བར་བསམ། །འོད་ཟེར་ཞེས་བྱ་བ་ནི་འགུགས་པའི་སྦྱོར་བ་སྟེ་གོང་དུ་བསྟན་ཏོ། །ལན་བདུན་ཞེས་བྱ་བ་ནི་བདུན་ལ་སོགས་སྟོང་རྩ་བརྒྱད་ཀྱི་བར་དུའོ། །ལྕགས་ཀྱུའི་ཕྱག་རྒྱ་ཞེས་བྱ་བ་ནི་འགུགས་པའི་གྲི་གུག་གི་ཕྱག ་རྒྱའོ། སྔགས་ནི་ཨོཾ་གྱི་དང་པོ་དང་ཧཱུཾ་ཧཱུཾ་ཕཊ་ཕཊ་ཀྱི་མཛའ་ཅན་ནོ། །དགུག་པའི་སྤྱོར་བ་ལྡན་གྱུར་ནས། །བསང་བའི་ལས་ལ་འཇུག་པར་བྱ། །ཕུར་བུ་ཞེས་བྱ་བ་ནི་ཁྲོ་བོར་བསྐྱེད་པ་ཉིད་དོ། །ཉུངས་ཀར་ནི་ཆོ་གར་བྱས་པའོ། །གསང་བའི་སྔགས་ཞེས་བྱ ་པ་ནི་ཁྱད་པར་དུ་གསང་པའོ། །འདི་ནི་སྔགས་ཀྱི་རྒྱལ་པོ་སྟེ། །མ་བྱུང་འབྱུང་བར་མི་འགྱུར་རོ། །དེ་ཡང་ཨོཾ་གྱི་དང་པོ་དང་ཧཱུཾ་ཧཱུཾ་ཕཊ་ཕཊ་ཀྱི་མཛའ་ཅན་ནོ། །ལུས་ཀྱི་ཐིག་ལེ་ཞེས་བྱ་བ་ནི་ལྷའི་ལེའུར་བསྟན་པ་སྟེ་གོ་སླའོ། །ཐོད་པའི་འཁོར་ལོ་ཞེས་བྱ་བ་ནི་གོ ་སླའོ། །རྒྱ་གྲམ་དུ་ནི་བཅིང་བར་བྱ་ཞེས་བྱ་བ་ནི། །ཐོད་པ་སྟེང་དང་འོག་ཏུ་ནི། །རྡོ་རྗེ་རྒྱ་གྲམ་བསྐོ་བ་སྟེ། །དེ་ལྟར་སྔགས་ནི་བྲི་བར་བྱ། །ཕྱོགས་བཞིའི་རྭ་ནི་དབུས་མ་ལ། །སྔགས་ནི་སོ་སོ་བྲི་བར་བྱ། །ཡི་གེ་ཨོཾ་གྱི་དང་པོ་དང། །ཧཱུཾ་ཧཱུཾ་ཕཊ་ཀྱི་མཛའ་ ་ཆན་ནོ། །དེ་དག་བཟླས་ལ་འཁོར་ལོ་བཅིང་ཞེས་བྱ་བ་ནི། །གཙོ་བོའི་ཐུགས་ཀའི་དཀྱིལ་འཁོར་ནས། །ནང་གི་སྙིང་པོ་དང་བཅས་སྟེ། །སྤྲོས་པ་ཐོད་པའི་རྡོ་རྗེ་ལ། །སྟོང་ཕྲག་གཅིག་ནི་བསྟིམ་པར་བྱ། །དེ་ནས་མཆོད་རྟེན་ནག་པོ་ཞེས་བྱ་བ་ལ ་སོགས་པ་ནི་མནན་པ་ལས་ཀྱི་ཁང་བསྐད་པ་སྟེ་གོ་སྨའོ། །དེ་ནས་གཙོ་བོའི་འཁོར་ལོ་ཡི། །ཁྱད་པར་ལས་ནི་ཡིན་པར་བཤད། །ཡང་ན་ཞེས་བྱ་བ་ནི་མྱུར་དུ་བསད་པའི་རིམ་པ་ནི། །བཀའ་སྡོད་འཁོར་ལོ་བསྒྲུབ་པར་བྱ་བ་སྟེ། དུར་ཁྲོད ་འཇིགས་པའི་དབུས་སུ་ནི། །དཀྱིལ་འཁོར་འཁོར་ལོའི་ཁང་པ་བརྩིག་།དུར་ཁྲོད་འཁོར་ནི་ཐམས་ཅད་དམ། །ཕྱོགས་བཞི་གནོད་སྦྱིན་བསྒྲུབ་པར་བྱ། །དེ་ཡང་མཁའ་འགྲོ་རྒྱ་མཚོར་ནི་བསྒྲུབ་པའི་ཆོ་ག་རྒྱས་པར་བཤད། །འདི་ནི་འཁོར་རྣམས ་བསྒྲུབ་བྱ་ཡི། །འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་བཅས། །དབུས་སུ་མེ་ཡི་དཀྱིལ་འཁོར་ནི། །ལྟེ་བའི་མུ་ཁྱུད་ཟླུམ་པོ་ལ། །ཐོད་རློན་འབུར་དུ་བཀོད་པར་བྱ། །ཕྱི་རོལ་འཁོར་ལོའི་མུ་ཁྱུད་ནི། །རབ་གསུམ་དང་ལྡན་པར་བྱ། །ཤར་ལ་སོགས་པའི་རྩིབས་བརྒྱད་ལ། ། ་རབ་ཏུ་གཏུམ་པ་ལ་སོགས་པའི། །དུར་ཁྲོད་བརྒྱད་པོ་བྲི་བར་བྱ། །ཤིང་དང་ཕྱོགས་སྐྱོང་ལ་སོགས་པའི། །མཚན་ཉིད་ཐམས་ཅད་ལྡན་པར་བྱ། །དུར་ཁྲོད་རས་ལ་འཁོར་རྣམས་ཀྱི། །སྐུ་ནི་ལེགས་པར་བྲི་བར་བྱ། །དེ་ཡང་ཤར་ལ་སོགས་པ་ནི། །ནག་པོ ་དྲག་པོ་ལ་སོགས་དང། །ཁྭ་གདོང་ལ་སོགས་ཐམས་ཅད་ཀྱང། །དཀྱིལ་འཁོར་ལེའུ་ལས་གསུངས་ལྟར། །སྐུ་མདོག་ཕྱག་མཚན་བྲི་བར་བྱ། །དེ་ནས་རབ་གནས་བྱས་ནས་ཀྱང། །འཁོར་ལོའི་རྩིབས་རྣམས་སུ་ནི། །རིམ་པས་ལེགས་པར་དགོད་པར་བྱ། དེ ་ནས་ཐོད་པའི་ནང་དུ་ནི། །མི་ལ་སོགས་པའི་ཤ་ལྔ་དང། །ཆར་དང་བདུད་རྩི་ལ་སོགས་པའི། །མཐུན་པའི་རྫས་ཀྱིས་གཏོར་མ་ནི། །ལྟ་རྣམས་མདུན་དུ་གཞག་པར་བྱ། །དེ་ནས་བདག་ཉིད་རྣལ་འབྱོར་པ། །ལྷ་ཡི་འཁོར་ལོ་བསྐྱེད་པར་བྱ། །དེ་ནས་ཐུགས་ཀའི ་འོད་ཟེར་གྱིས། །འཁོར་ལོ་དག་པར་བྱས་ནས་ནི། །ནམ་མཁའ་ལྟ་བུའི་དབུས་སུ་ཡཾ། །རཾ་ལས་བྱུང་བའི་ཉི་མ་ལ། །དེ་སྟེང་ཧཱུཾ་ལས་རྡོ་རྗེའི་བྲག་།སྟོང་དུ་ཧཱུཾ་ནི་འབར་བ་ལ། །འོད་ཟེར་གུར་དང་དྲ་སོགས་གྱུར། །དེ་ཡི་དབུས་སུ་ཆོས་འབྱུང་བསམ། །ཆོས་འབྱུང ་དབུས་སུ་ཡཾ་ལ་སོགས། །ཡི་གེ་བཞི་ལས་བྱུང་བ་ཡི། །དཀྱིལ་འཁོར་རིམ་པས་བསྐྱེད་པར་བྱ། །སྟེང་དུ་བྲུཾ་ལས་འཁོར་ལོ་ནི། །དབུས་སུ་བྲུཾ་གྱིས་མཚན་པ་བསྐྱེད། །དེ་དག་ཡོངས་སུ་གྱུར་པ་ལས་སོ། །དཀྱིལ་འཁོར་འཁོར་ལོའི་ཁང་པ་བསྐྱེད། །དབུས་སུ་མེ་ཡི ་དཀྱིལ་འཁོར་ནི། །ཤིན་ཏུ་འབར་བའི་དབྱིབས་སུ་གནས། །འཁོར་ལོའི་རྩིབས་ནི་བརྒྱད་པོ་ལ། །དྲག་ཏུ་གཏུམ་པ་ལ་སོགས་པའི། །དུར་ཁྲོད་བརྒྱད་པོ་ཐམས་ཅད་ཀྱང། །ཤིན་ཏུ་འཇིགས་པའི་གཟུགས་ཀྱིས་གནས། །འཁོར་ལོའི་རྩིབས་ཀྱི་ཕྱི་རོལ་དུ། ། ་མེ་ཡི་དཀྱིལ་འཁོར་བསམ་བར་བྱ?་དེ་ནས་འཁོར་ལོ་དེ་དག་ཏུ། །ལྷ་ཡི་འཁོར་ལོ་བསྤྱེད་པར་བྱ། །དེ་ཡང་དབུས་ལ་སོགས་པ་ནི། སྣ་ཚོགས་པདྨ་ཉི་མ་ནི། །པཾ་དང་རཾ་ལས་བསྐྱེད་པར་བྱ། །དེ་ཡི་སྟེང་དུ་རོ་ཡི་གདན། །སྙིང་གར་ཧཱུཾ ་ལས་སོ་སོ་ཡི། །ཕྱག་མཚན་གསལ་བར་བསྐྱེད་པར་བྱ། །དེ་དག་ཡོངས་སུ་གྱུར་པ་ལས། །གཙོ་བོ་ལ་སོགས་ལྷ་རྣམས་བསྐྱེད། །ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་པ། །བརྐྱད་བསྙུམ་རོ་ཡི་གདན་ལ་གནས། །ཀུན་ཀྱང་འཇིགས་པའི་གཟུགས ་ཅན་ཏེ། །ལྷ་རྣམས་སྐུ་མདོག་ཕྱག་མཚན་ནི། །ལྷ་ཡི་ལེའུར་ཤེས་པར་བྱ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །རང་བཞིན་དཀྱིལ་འཁོར་སྤྱན་དྲངས་བསྟིམ། །བདེ་གཤེགས་སྤྱན་དྲངས་དབང་བསྐུར་མཆོད། །རིགས་ཀྱི་གཙོ་བོས་རྒྱས ་གདབ་བྱ། །དེ་ནས་ཐུགས་ཀའི་འོད་ཟེར་ནི། །ཕྱི་ཡི་སྙིང་པོར་རབ་སྤྲོས་ཏེ། །སོ་སོ་ཐུགས་ཀར་ཐིམ་པར་བྱ། །དེ་ནས་མཆོད་པ་གཏོར་མ་ནི། །རྩ་བའི་སྔགས་ལས་སོ་སོ་ཡི། །སྙིང་པོ་ལྡན་པས་དབུལ་པར་བྱ། །དེ་ནས་དམ་ཚིག་ཆོ་ག་ནི། ། ་སོ་སོའི་ཐུགས་ཀར་བསྐྱལ་བར་བྱ། །དེ་ནས་ནང་གི་སྙིང་པོ་ལ། །སོ་སོའི་སྙིང་པོ་རབ་ལྡན་ཏེ། །བསྙེན་པ་ཁྲི་ཕྲག་བསྐྱལ་བར་བྱ། །དེ་ནས་རྟགས་ཀྱི་རྣམ་པ་ལས། །འཇིགས་པ་བསྐྱེད་པར་མི་བྱ་སྟེ། །རང་གི་འདོད་པའི་དངོས་གྲུབ་ནི། །མཆོད་ནས་གསོལ་བ ་གདབ་ན་སྦྱིན། །དེ་ནི་དངོས་གྲུབ་ཐམས་ཅད་ལ། །ཐོགས་པ་མེད་པར་འགྲུབ་པར་འགྱུར། །དེ་ནས་ལས་སྦྱིན་བརྩམས་པར་བྱ། །དུར་ཁྲོད་ལས་བྱུང་རས་ལ་ནི། །སྐེ་ཚེ་བཙན་དུག་བདུར། །སྒྲུབ་པའི་རྣམ་པར་སྣང་མཛད་ཀྱིས། །རལ་ལ་ལེགས་པར་བྱུག ་པར་བྱ། །ཆོ་ག་བྱས་པའི་སྣག་ཆེ་ཡིས། །འཁོར་ལོའི་ཁང་པ་ལྟ་བུར་བྲི། །དབུས་སུ་མེ་ཡི་དཀྱིལ་འཁོར་ལ། །ནང་གི་སྙིང་པོས་བསྐོར་ནས་ནི། །དབུས་སུ་བསྒྲུབ་བྱའི་མིང་ཡིག་དགོད། །འཁོར་ལོ་ལྟེ་བའི་མུ་ཁྱུད་ལ། །བསད་པའི་སྔགས་ནི་བྲི་བར་བྱ། ། ་འཁོར་ལོ་ཤར་ཕྱོགས་རྩིབས་ལ་ནི། །རུ་ཏྲ་ཀཱ་ལ་ཡཀྵ་ཨོཾ་པུརྞ། ཀ་ལོ་ཡཾ་ཀཾ་ཀ་ཏྲ་ཏྲ། ལྷོ་ཕྱོགས་སུ་ནི་བཛྲ་ཙནྡྲ་ཀྲོ་དྷ་བི་ཤན་རུ་པ་ལ། ནུབ་ཕྱོགས་སུ་ནི་བཛྲ་པ་ཏ་ལ་བི་ཤ་ན་རུ་པ་ལ། བྱང་ཕྱོགས་སུ་ནི་བཛྲ་ཀཱ་ལ་མཧཱ་ཡཀྵ་བང་ཤར་དུ་བཛྲ་ག་ན་པ་ཏི། མ་བིད་ཏ་རུ་པ། ཤར ་ལྷོར་ན་མ་ཧཱུ་རུ་དུ་མེ་ཧོ་ཀུ་རུ་དུ། ཏྲི་ལུ་པ་བ་ཏྟརི། ལྷོ་ནུབ་སུང་ཏྟ་ཀ་ལ། པུ་ཏ་ཀ་ལ། ནུབ་བྱང་དུ་ནི་ཡཀྵ་ནར་ཏ་ཀར། ཤར་ཕྱོགས་སུ་ཀཱ་ཀ་སྱེ། ལྷོ་ཕྱོགས་སུ་ནི་སུ་ཀར་སྱཻ། ནུབ་ཕྱོགས་སུ་ཤྭན་སྱཻ། བྱང་ཕྱོགས་སུ་ཨུ་གུ་ཀ་སྱཻ། །བྱང་ཤར་དུ་ཡ་མ་དུ་ཏི། ཤར་ཕྱོགས་སུ་ཡ ་མ་དཱ་དྷི། ལྷོ་ནུབ་ཏུ་ཡ་མང་ཥྚརཾ་ནི། བྱང་ནུབ་ཏུ་ཡ་མེ་མཏ་ཐི་ན། དེ་དག་ནི་ལྷ་གི་སྟིང་པོ་སྟེ། འཁྲོ་ལོ་དག་པར་དགོད་པར་བྱ། །ཡི་གེ་ཨོཾ་གྱིས་དང་པོ་དང། །ཧཱུཾ་ཧཱུཾ་ཕཊ་ཀྱི་མཛའ་ཅན་ཏེ། །དབུས་སུ་གསང་པའི་ཡི་གེ་ནི། །བསྒྲུབ་བྱའི་མིང་དང་ལྡན་པར་བྱ། །མཆོད ་པ་གཏོར་མ་དབུལ་པ་ཡང། །མཐར་གྱུར་སྔགས་ཀྱི་དབུལ་བར་བྱ། །འཁོར་ལོ་ཕྱི་རོལ་མུ་ཁྱུད་ལ། །རྩ་བའི་སྔགས་ནི་བྲི་བར་བྱ། །དེ་ལྟར་འཁོར་ལོ་དྲིས་ནས་ནི། །རྒྱུད་དུ་གསུངས་པའི་རྫས་ལ་ནི། །ལིངྒ་སོར་བརྒྱད་བྱས་ནས་ནི། །སྙིང་གར་འཁོར་ལོ་བཅུག་ནས ་ནི། རང་གི་དཀྱིལ་འཁོར་དབུས་སུ་བཞག་།དེ་ནས་བདག་ཉིད་རྣལ་འབྱོར་ལྡན་བྱས་ནས། །གང་དུ་ལྟ་ཡི་འཁོར་ལོ་ནི། །འདིར་ནི་འཁོར་ལོ་རྫོགས་པར་བསྐྱེད། །ཡན་ལག་ཆོ་ག་ཀུན་བྱས་ཏེ། །འདིར་ནི་ནང་གི་སྙིང་པོ་དང། །ཁྭ་གདོང་ལ་སོགས་ལྷ་མོ་བཞི་དང། ། ་ཕྱག་རྒྱ་བཞི་དང་རབ་ལྡན་ནས། །སྔགས་ན་སྟོང་ཕྲག་གཅིག་ཏུ་ཡང། །བསྒྲུབ་བྱ་དགུག་གཞུག་སྦྱོར་བ་བྱ། །དེ་ནས་བསང་པའི་སྦྱོར་བ་ནི། །གསང་བའི་སྔགས་ལ་ལྷ་རྣམས་ཀྱི། །སྙིང་པོ་བསང་པའི་ཡི་གེ་བཅས། །ཐུན་རེ་སྟེང་ཕྲག་རེ་རེ་ནི། །བསད་པའི ་སྤྱོར་བ་ལྡན་པར་བྱ། །པུར་བུ་ཉིང་ཀར་ལ་སྔགས་ཏེ། སུམ་ཅུ་རྩ་གཉིས་སུ་ནི་གདབ། །དེ་ལྟར་ཞག་བདུན་བྱས་ནས་ནི། །ཅེ་སྤྱང་ཐོད་པར་གཞུག་པར་བྱ། །དུར་ཁྲོད་གནས་སུ་གནས་པ་ལས། །ཡང་ན་འཁོར་ལོ་གནས་སུ་གཞག་།རང་གི་ལུས་བརྟེན་པར་བྱ་བ་ནི ་གོང་དུ་བསྟན་པའི་འཁོར་ལོ་དེ། །ཐོད་པ་ཁ་སྦྱོར་ནང་དུ་ནི། །ལིངྒ་དང་བཅས་བཞག་པར་བྱ། །ཇི་སྲིད་མ་གྲུབ་བར་དུ་ནི། །བསད་པའི་སྦྱོར་བ་བྱ་བའི་ཕྱིར། །ལུས་ལ་རྟེན་ཞེས་བྱ་བའོ། །བསམ་གཏན་དང་ལྡན་པར་བྱ་ཞེས་བྱ་བ་ནི་ལྷ ་བཅུ་བདུན་གྱི་རྣལ་འབྱོར་དང། དེའི་སྔགས་དང་ལྡན་པའོ། །གང་ཞིག་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ོཾ་གྱི་དང་པོ་དང་ཧཱུཾ་གི་མཛའ་ཅན་ནི་གནད་ལ་བོར་བའོ། །བཀའ་སྩལ་པ་ཞེས་བྱ་བ་ནི་གསང་བའི་འཁོར་ལོ་བསྡུས་ཏེ་བསྟན་པའོ། །དེ་ནས་ཞེས་བྱ ་པ་ནི་འཁོར་ལོའི་ཆོ་ག་ལ་གཞན་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ་ཞེས་བྱ་བ་ནི་ཀླུ་འདུལ་པའི་ཏིང་ངེ་འཛིན་གྱི་འཁོར་ལ་ཞུས་པའོ། །དུར་ཁྲོད་ཀྱི་གཡམ་པ་ལ་སོགས་པ་ནི་གོ་སླའོ། །དུར་ཁྲོད་སྣག་ཚ་ཞེས་བྱ་བ་ནི་དུར་ཁྲོད་མ་རུངས་དབུས་སུ་ནི། ། ་བདུད་རྩི་མཎྜལ་བྱས་ནས་ཀྱང། །ཐོད་རློན་སྒྱེད་བུ་གཟུགས་པར་བྱ། །དེ་ཡི་སྟེང་དུ་མར་མེ་ནི། །དུར་ཁྲོད་རས་ལ་བདུད་རྩི་ཡི། །སྙིང་པོ་བྱས་ནས་མར་མེ་ནི། །མར་ནག་ཆེན་པོས་སྦར་པར་བྱ། །ཐོད་པ་དུམ་བུ་གཅིག་པ་ལ། །པདྨ་འདབ་བརྒྱད་བྲིས་ནས་ནི། །དབུས ་སུ་ནང་གི་སྙིང་པོ་བཀོད། །དེ་ནས་པདྨའི་འདབ་མ་ལ། །ཕྱི་ཡི་སྙིང་པོ་དགོད་པར་བྱ། །དེ་ནས་བར་མའི་མུ་ཁྱུད་ལ། །རྩ་བའི་སྔགས་ནི་དགོད་པར་བྱ། །དེ་ནས་མར་མེའི་ཐོག་ཏུ་བཞག་།ལྷ་ཡི་འཁོར་ལོ་རྫོགས་བྱས་ལ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། ། ་མང་མེ་རང་བཞིན་མེད་བྱས་ལ། །དེར་ནི་ནག་པོ་ཆེན་པོ་ཡི། །ཆོ་ག་ལྔ་ཡིས་བསྐྱེད་པར་བྱ། །དེ་ཡི་ལྟོ་བར་གནས་པ་ནི། །བཀའ་སྡོད་ཆོ་ག་གསུམ་གྱིས་བསྐྱེད། །དེ་ནས་ཐུགས་ཀའི་འོད་ཟེར་གྱ9ིས། །ཡེ་ཤེས་དབུགས་གཅུག་ལ་སོགས་པའི། །ཡན་ལག་ཆོ་ག ་ཐམས་ཅད་བྱ། །ཐུགས་ཀ་པདྨ་ཧི་མ་ལ། །གྲི་གུག་ཡུ་བར་ཧི་མ་ལ། །ཧཱུཾ་ལས་ནང་གི་སྙིང་པོར་ནི། །བསྐོར་སྟེ་ཐུགས་ཀ་ནས་སྤྲོས་པས། །སྟེང་གི་འཁོར་ལོར་ཐི་པར་བསམ། །དེ་ལྟར་བཟླས་པ་སྟོང་ཕྲག་གཅིག་།བཟླས་ནས་སྣག་ཚོས་བསྡུ ་བར་བྱ། །བསམ་གཏན་སྔགས་དང་ལྡན་གྱུར་པས་ཞེས་བྱ་བ་ནི་བདག་ཉིད་ལྔའི་འཁོར་ལོ་དང་ལྡན་པར་བྱའོ། །ནག་པོ་སྦྲུལ་དང་ལྡན་པར་བསྐྱེད་ཅེས་བྱ་བ་ནི་གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས། །འཁོར་ལོ་རང་བཞིན་མེད་པར་བྱ། །དེར་ནི་ནག་པོ་ཆེན་པོ་དང། །གོང་དུ ་བསྟན་པའི་ལྷ་མོ་གསུམ། །ཀླུ་རྣམས་ཆོ་ག་གསུམ་གྱིས་བསྐྱེད། །ཀླུ་ནི་ཡི་གེ་ཕུ་ལ་སོ། །དེ་ཡི་ཐུགས་ཀའི་འོད་ཟེར་གྱིས། །རང་བཞིན་སྤྱན་དྲངས་དཀྱིལ་འཁོར་བསྟིམ། །བདེ་གཤེགས་དབང་བསྐུར་བྱས་ནས་ནི། །དེ་ནས་ཕྱི་ཡི་སྙིང་པོ་ཡིས། །ཀུན་གྱི་ཐུགས ་ཀར་ཐིམ་པར་བྱ། །མཆོད་པ་ཞེས་བྱ་བ་ནི་གོ་སླའོ། །སྔགས་ཀྱི་བཟླས་པ་ཞེས་བྱ་བ་ནི་ནང་གི་སྙིང་པོ་དང་བཅས་པ་སྟེ། ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱའི་མཛའ་ཅན་ནོ། །གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས། །འཁོར་ལོ་ཀུན་ལ་ཁྱབ་པར་བྱ། །དེས་ནི་ཆར་ནི་འབེབས་པར་འགྱུར ་ཞེས་བྱའོ། །གལ་ཏེ་ཞེས་བྱ་བ་ནི་མ་ཕེབས་ན་སྤོགས་བའི་ཆོ་ག་སྟེ་གོ་སླའོ། །འཁོར་ལོ་བཟློག་ཅེས་བྱ་བ་ནི་ཀླུ་ལ་སོགས་པ་བཟློག་པ་བྲིའོ། །སྟེང་དུ་སྦྱིན་སྲེག་ཅེས་བྱ་བ་ནི་གསང་བའི་སྦྱིན་སྲེག་སྟེ་དེ་ཡང་གོང་གི་ལྷ་མོ་དང། །སྐུ་མདོག་ཕྱག་མཚན་མཐུན ་པར་བསྐྱེད། །སྔགས་བཟློག་ལ་ཞེས་བྱ་བ་ནི་སྭཱཧཱ་ནས་བྱའོ། །བསྒྲུབ་བྱ་ཞེས་བྱ་བ་ནི་གོ་སླའོ། །དེ་ནས་གཞན་ཡང་ཞེས་བྱ་བ་ནི་སེར་བ་སྲུང་བའི་འཁོར་ལོ་བྱ་བའའཇུག་པ་སྟེ། ཁ་ཏི་ཁ་ཡིས་འཁོར་ལོ་བྲི་ཞེས་བྱ་བ་ནི། །བདུད་ཅིས་ཕྱི་ནས་བྱུགས་ནས་སིན། ། ་འཁོར་ལོ་དབུས་སུ་གྲུ་བཞི་སྟེ། །དེར་ནི་བསྲུང་བའི་ཡུལ་མིང་གྲིས། །ཟུར་བཞི་སྣ་ཚོགས་རྡོ་རྗེ་ནི། །རྩེ་མོར་ཏྲུཾ་དང་ལྡན་པར་བྱ། །དེ་ཡི་ཕྱི་རོལ་གྲུ་ཞིར་དགོད། །རྡོ་རྗེ་བཞི་ཡི་བར་ཁྱམས་སུ། །བསྲུང་བའི་སྔགས་ནི་དྲི་བར་ཡ། །ཕྱི་རོལ་ཕྱོགས་ནི་བཞི་རྣམས་ལ། ་སྣ་ཚོགས་རྡོ་རྗེ་གྲི་བ་སྟེ། །དབུས་སུ་ཧཱུཾ་གི་སྙིང་པོ་ལྡན། །ཕྱི་རོལ་མུ་ཁྱུད་ཟླུམ་པོ་ལ། །རྩ་བའི་སྔགས་ནི་བྲི་བར་བྱ། །འཁོར་ལོ་མཎྜལ་སྟེང་བཞག་ནས། །བདག་ཉིད་ལྷ་ཡི་རྣལ་འབྱོར་ནི། །དང་པོ་རྫོགས་པར་བྱས་ནས་ནི། །གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས། ། ་འཁོར་ལོ་རང་བཞིན་མེད་བྱས་ནས། །དེར་ནི་ལྷ་ཡི་འཁོར་ལོ་ནི། །ལྷ་མོ་གསུམ་དང་བཅས་པ་སྟེ། །ཆོ་ག་གསུམ་གྱིས་རྫོགས་པར་སྐྱེད། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །ཡེ་ཤེས་འཁོར་ལོ་སྤྱན་དྲངས་བསྟིམ། །བདེ ་གཤེགས་དབང་བསྐུར་ལ་སོགས་པའི། །ཡན་ལག་ཆོ་ག་ཐམས་ཅད་བྱ། །དེ་ནས་གཙོ་བོའི་ལྟོ་བར་ནི། །ཧཱུཾ་གཉིས་བར་དུ་བསམ་བྱ་སྟེ། །དེ་ཡོངས་གྱུར་པས་རྡོ་རྗེ་ཡི། །བསྲུང་བའི་འཁོར་ལོས་བསྲུང་བར་བྱ། །དེ་ཡི་དབུས་སུ་བསྲུང་བྱ་ཡི། །ཡུལ་དང ་ལེགས་པར་བསམ་པར་བྱ། །དེ་ནས་བ་ཟླས་པ་བྱ་སྟེ། །ཡུལ་དང་ཞེས་བྱ་བ་ལ་སོགས་པའོ། །སྔགས་ནི་ཨོཾ་གྱི་དང་པོ་དང། ཧཱུཾ་ཧཱུཾ་ཕཊ་གྱི་མཛའ་ཅན་ནི། །ཕྱོགས་བཞིར་བཞག་པར་བྱ་བ་ནི། །གང་ཞིག་བསྲུང་བྱའི་ཡུལ་དུ་ནི། །ཕྱོགས་བཞིར ་གྲོང་གི་ཆོ་ག་བྱ། །དེ་ནས་གཞན་ཡང་ཞེས་བྱ་ངན་འཛམ་བཏ་ལ་བསྒྲུབ་པ་ལ་འཇུག་པར་བྱའོ། །གསལ་བར་བསྐྱེད་ཅེས་བྱ་བ་ནི། ལྷ་མོ་དང་བཅས་འཁོར་ལོ་ནི། །ཆོ་ག་གསུམ་གྱིས་རྫོགས་པར་བསྐྱེད། །སྔགས་ནི་ཨོཾ་གྱི་དང་པོ་དང། །སྭཱཧཱའི་མཛད?་ཅན་ཏེ ་ཆུ་སྦྱིན་དང་བསྙེན་པའི་ཆོ་གར་ཤེས་པར་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ་ཞེས་བྱ་བ་ནི་ཡན་ལག་གི་འཁོར་ལོ་འཁོར་ལ་བསྡུས་ཏེ་བཤད་པའོ། །འཁོར་ལོའི་ལེའུ་ཞེས་བྱ་བ་ནི་བསད་པ་ལ་སོགས་པའི་ལས་གྲུབ་པར་བསྟེན་པ་སྟེ་དེ་བསྡུས ་པའི་ལེའུའོ། །འཁོར་ལོའི་ལེའུ་ཡི་བཤད་པ་སྟེ་དྲུག་པའོ།། །།དེ་ནས་བྱ་བ་ནི་འཁྲོ་ལས་ཀྱི་ཁ་བསྐད་པར་བྱ་བ་དང། །མནན་པ་འབའ་ཞིག་གིས་བསང་བའི་ཕྱིར་ཞུས་པ་སྟེ་གོ་སླའོ། །དཀའ་སྩལ་ཏོ་ཞེས་བྱ་བ་ནི་མནན་པའི ་ཁྱད་པར་གསུངས་པའོ། །དེ་ནས་ཞེས་བྱ་བ་ནི་མནན་པའི་བསྒྲུབ་པར་བྱས་པ་ལ་འཇུག་བཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ་ཞེས་བྱ་བ་ནི་སྟོབས་ཆེན་པོའི་ཏིང་འཛིན་ལ་ཞུགས་ཞེས་བྱ་བའི་དོན་ཏོ། །དུར་ཁྲོད་ཅེས་བྱ་བ་ནི་དུར་ཁྲོད་ལ ་སོགས་པའི་གནས་བརྒྱད་དུའོ། །ཏིང་ངེ་འཛིན་དང་ལྡན་པར་གྱུར་ནས་ཞེས་པ་བ་ནི་སྔོན་དུ་བསྙེན་པ་རྫོགས་པའོ། །བསམ་གཏན་ཞེས་བྱ་བ་ནི་ཐུགས་ཀའི་གྲི་གུག་འོད་ཟེར་ངོ། །སྔགས་ཞེས་བྱ་བ་ནི་བཛྲ་ཀ་བ་ཙིའི་སྔགས་སོ། །མཱ་ཚཱ་མས་བཅད་པ་ཞེས་བྱ་བ་ནི་བསྲུང་པའི ་ཁོར་སྒྲོའོ། །ཀྲོང་པོ་ཞེས་བྱ་བ་ནི་ཡོ་སླའོ། །འཁོར་ལོ་བྲི་ཞེས་བྱ་བ་ནི་ཐོད་པའི་ནང་དུ་སྣ་ཚོགས་རྡོ་རྗེ་བྲི་བར་བྱའོ། །རྡོ་རྗེ་དབུས་ཀྱི་ལྟེ་བ་ལ་ནད་གི་སྙིང་པོ་དྲི་བར་བྱའོ། །རྡོ་རྗེ་རྭ་ཡི་དབུས་མ་ལ། །འཁོར་ཀོའི་སྔགས་ནི་དགོངས་པར་བྱ། །ཕྱོགས་བཞི་ལེགས་པར་བྲི་བར་བྱ། །དེ ་བི?་ཧྲི་ཀྲོལ་མུ་གྱུད་ལ། །བསད་པའི་སྔགས་ནི་དགོད་པར་བྱ། །དེ་ཡང་ཐོད་པ་གཉས་ལ་ནི། །ལུགས་དང་ལུགས་མིན་བྲི་བར་བྱ། །མིང་དང་ཡི་གེ་ལྡན་པར་བྲི་ཞེས་བྱ་བ་ནི་བསྒྲུབ་བྱའི་གཟུགས་བྲི་བ་སྟེ། །སྙིང་ག་ལ་སོགས་གནས་ལྔར་ནི། །བསྒྲུབ་བྱའི་མང་གི ་ཡི་གེ་ནི། ཧྲུཾ?་གི་བར་དུ་རྟ་ན་པར་བྱ། །འཁོར་ལོའི་ནང་དུ་གཞུག་ཅེས་བྱ་བ་ནི་གོ་སླའོ། །ཕྱི་རོལ་དུར་ཁྲོད་རས་ཀྱིས་གཏུམ་ཞེས་བྱ་བ་ནི་དུར་ཁྲོད་ནས་བྱུང་བའི་སྲད་དུས་རྒྱ་གྲམ་དུ་བཅིངས་པའོ། །མཆོད་པའི་ས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བསྐྱེད་པའི ་??་རིག་པ་ཚུལ་བཞིན་ཞེས་བྱ་བ་ནི། །དང་པོར་བདག་ཉིད་རྣལ་འབྱར་ནི། ལྷ་ཡི་འཁོར་ལོ་རྫོགས་པར་བྱ། །དེ་ཡི་ཐུགས་ཀའི་འོད་ཟེར་གྱིས། །འཁོར་ལོ་གནས་པའི་སྐུ་གཟུགས་ལ། །ཕོག་ནས་རང་བཞིན་མེད་པར་བྱ། །དེ་ནི་ལྟ་ཡི་འཁོར་ལོ་ནི། ཆོ་ག་གསུམ ་གྱིས་བསྐྱེད་པར་བྱ། །ཤིན་ཏུ་འཛོམས་མ་ལ་སོགས་པའི། །མཁའ་འགྲོ་གསུམ་ནི་བསྐྱེད་པར་བྱ། །སྐུ་མདོག་ནག་མོ་ཆེར་འཇིགས་མ། །གྲི་གུག་ཐོད་པ་འཛིན་པ་སྟེ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་འཇགས། །དེ་ནས་སུ་བཀའ་ཨི་འོད་ཟེར་གྱིས། །ཡེ ་ཤེས་འཁོར་ལོ་བ་སྟིམ་པའི་ཕྱིར། །བླ་མ་ཞེས་བྱ་བ་ལ་སོགས་པའི། །བདེ་གཤེགས་སྤྱན་དྲངས་དབང་བསྐུར་ནས། །ཐུགས་ཀའི་བདག་པོས་རྒྱས་གདབ་བྱ། །དེ་ནས་ཐུགས་ཀའི་འོད་ཟེར་ནི། །ཕྱི་ཡི་སྙིང་པོ་རབ་སྤྲོས་ཏེ། །ལྷ་རྣམས་སོ་སོའི་ཐུགས་ཀར་ཐིམ། ། ་དེ་ནས་མཆོད་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྔགས་ཀྱི་བཟླས་པ་ཞེས་བྱ་བ་ནི་དམ་ཚིག་དང་ལྡན་པར་བྱས་ཏེ། །ནང་གི་སྙིང་པོ་ལ་བསྙེན་པ་བསྐྱལ་བའོ། །ཐུགས་ཀའི་འོད་ཟེར་ཞེས་བྱ་བ་གཙོ་བོ་ལ་སོགས་པའི་ལྷ་རྣམས་ཀྱི ་ཐུགས་ཀ་ནས་སྤྲོས་པའོ། །བསྒྲུབ་བྱ་གསལ་ཞེས་བྱ་བ་ནི་སྲོག་སྐྱོབ་པའི་ལྷ་དང་བྲལ་བར་གསལ་བའི་ཕྱིར་རོ། །སྔགས་དང་ཞེས་བྱ་བ་ནི་དགུག་པའི་སྔགས་སོ། །གྲི་གུག་ཐོད་པ་ཐོགས་ཞེས་བྱ་བ་ནི་བསད་པའི་སྦྱོར་བ་ལ་འཇུག་པར་བྱ་བ་གསད་པའི་སྔགས་སོ། ། ་ཐུན་མཚམས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དུར་ཁྲོད་དབུས་སུ་ཞེས་བྱ་བ་ནི་མེ་ཐབ་ཀྱི་དབུས་སུ་བརྐོས་ཏེ་ཚ་བའི་རྫས་ཀྱིས་བྱུགས་པར་བྱའོ། །མདུན་གྱི་ཞེས་བྱ་བ་ནི་དེའི་དབུས་སོ། །དུར་ཁྲོད་ཀྱི་ཕག་བུ་ནི་འཁོར་ལོ་བྲི་ཞེས་བྱ་བ་ནི། །དབུས་སུ་སྣ་ཚོགས་རྡོ་རྗེ ་ལ། ཕྱི་རོལ་འཁོར་ལོ་རྩིབས་བརྒྱད་ལ། །སྣ་ཚོགས་རྡོ་རྗེ་ལྟེ་བ་ལ། །ནད་གི་སྙིང་པོ་དགོད་པར་བྱ། །རྡོ་རྗེ་རྭ་ཡི་སྙིང་པོ་ལ། །ཕྱི་ཡི་སྙིང་པོ་བྲི་བར་བྱ། །དེ་ནས་འཁོར་ལོ་རྩིབས་བརྒྱད་ལ། །ཡི་གེ་ཨོཾ་གྱི་དང་པོ་དང། །ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱའི། །མཛའ་ཅན་རིམ་པར ་དགོད་པར་བྱ། །དེ་ནས་འཁོར་ལོའི་སྟེང་དུ་ནི། །གོང་དུ་ལྷ་ཡི་འཁོར་ལོ་བསྐྱེད། །ཡེ་ཤེས་སྤྱན་དྲངས་ལ་སོགས་པའི། །ཡན་ལག་ཆོ་ག་རྫོགས་པར་བྱ། །དེར་ནི་གསད་པའི་སྦྱིན་བསྲེག་བྱ། །མནན་པས་བསད་པ་ཞེས་བྱ་བ་ནི་བསད་པ་འབའ་ཞིག་ཏུ་གསུངས ་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནི་མནན་པའི་དོན་འཁོར་གྱི་ཚོགས་ལ་བཤད་པའི་མནན་པའི་དོན་འབའ་ཞིག་སྟོན་པའི་ལེའུ་སྟེ། མནན་པའི་ལེའུའི་བཤད་པ་སྟེ་བདུན་པའོ།། །།དེ་ནས་ཞེས་བྱ་བ་ནི་ལས ་ཐམས་ཅད་ཀྱི་སྦྱོར་ཀ་ལ་འཇུག་པ་སྟེ་སྤྱིན་སྲེག་གི་ལས་ལ་འཇུག་པ་ཞུས་པའོ། །སྦྱིན་སྲེག་གི་ལས་ཞུས་པ་སྟེ་གོ་སླའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནི་སྦྱིན་སྲེག་གི་ཁྱད་པར་བསྟན་པའོ། །དེ་ནས་ཞེས་བྱ་བ་ནི་སྦྱིན་སྲེག་ལ ་འཇུག་པར་བྱ་ཞེས་པའོ། །དེ་ཡང་གསུངས་པ་ཁྱད་པར་བདུན་ཞེས་པ་ལ་སོགས་པ་ནི་མདོར་བསྟན་པ་ནི་གོ་སླའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་རྒྱས་པར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནི་བདག་ཉིད་ཆེན་པོའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་ཞེས་བྱ་བའི་དོན་ཏོ། །དང་པོར་བདག་ཉིད་ཅེས་བྱ་བ་ནི་མཆོད་པ་ལ་སོགས་པ་སྟེ་སྟོང་པ་ཉིད་ཀྱི་བར་དུ་ཚོགས་པར་བྱའོ། །བསྲུང་བའི་འཁོར་ལོ་བསྒོམ་པ་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་རམ་ལས་བྱུང་བའི་ཉི་མ་དང། ཧཱུཾ་ལས་བྱུང་བའི་རྡོ་རྗེ་བྲག་།དེ ་ཡི་སྟེང་དུ་ཧཱུཾ་གནས་པ། །སྤྲོ་དང་བསྡུ་བའི་འོད་ཟེར་གྱིས། །བསྐྲུང?་བའི་འཁོར་ལོ་བསྒོམ་པར་བྱ། །ཆོས་འབྱུང་ཨེ་ལས་བསྐྱེད་པའོ། །རྡོ་རྗེ་ནི་ཁཾ་ལས་བསྐྱེད་པའོ། །པདྨ་ནི་པཾ་ལས་བསྐྱེད་པའོ། །ཉི་མ་ནི་རཾ་ལས་བསྐྱེད་པའོ། །རོ་ནི་ཀཾ་ལས་བསྐྱེད་པའོ། །དེ་ཡི་སྟེང་དུ་ཧཱུཾ ་གནས་ཞེས་བྱ་བ་ནི་ཆོ་ག་ལྔས་གཙོ་བོ་བསྐྱེད་པ་སྟེ་གོ་སླའོ། །མདུན་གྱི་ནག་པོ་ཆེན་པོ་ཡང་ཞེས་བྱ་བ་ནི་བཀའ་སྡོད་ཀྱི་ལ་བོར་ལོ་བསྐྱེད་པ་སྟེ་དེ་ཡང་ཆོ་ག་གསུམ་གྱིས་བསྐྱེད་པའོ། །བཀའ་སྡོད་ལྷ་ཡི་འཁོར་ལོ་ནི། །མེ་ཡི་དབུས་སུ་གནས་པ་སྟེ། །པདྨའི ་དབང་ཕྱུག་ལ་སོགས་གསུམ། །སྐུ་མདོག་དམར་མོ་མེ་ལྟར་འབར། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། །མེ་ཐབ་ཐོད་པ་གནས་པ་སྟེ། བརྒྱབ་བསྐུམ་རོ་ཡི་སྟེང་ན་འགྱིད། །གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས། །ཡེ་ཤེས་འཁོར་ལོ་སྤྱན་དྲངས ་བསྟིམ། །བདེ་གཤེགས་སྤྱན་དྲངས་དབང་བསྐུར་ནས། །རིགས་ཀྱིས་བདྲག་པོ་རྒྱས་གདབ་བྱ། །དེ་ནས་ཐུགས་ཀའི་འོད་ཟེར་ནི། །ཕྱི་ཡི་སྙིང་པོ་བསྤྲོས་ཏེ། །ལྷ་རྣམས་ཐུགས་ཀར་ཐིམ་པར་བྱ། །མཆོད་པ་གཏོར་མ་དམ་ཚིག་གི་།ཆོ་གཾ་རམ་པས ་བྱས་ནས་ཀྱང། །གཉིས་མེད་ཐུགས་ཀར་ཞེས་བྱ་བ་ནི་ནང་གི་སྙིང་པོ་ལ་བསྙེན་པ་བྱའོ། །དེ་ནས་སྦྱིན་སྲེག་བརྩམ་པར་བྱ་ཞེས་བྱ་བ་ནི་སྦྱིན་སྲེག་གི་ལས་ལ་བརྡུག་པར་བྱ་བ་སྟེ། དེ་ཡང་རིང་དུ་སྤངས་པའི་དོན་ནི་སྐྱེ་བོ་རྨོངས་པར་བྱ་པའི་ཕྱིར་རོ། །འདིར ་ཤེས་པར་བྱ་བ་ནི་རྫས་ཀྱི་ཆོ་ག་སྟེ་སྔོན་དུ་འགྲོ་བའོ། །དེ་ཡང་རྐང་རྗེས་ས་ཞེས་བྱ་བ་ལ་སོཊ་པ་ཚོཊ་བར་བྱས་ལ་རྒྱུ་སྟ་གོན་གནས་པའི་ཆོ་ག་ལ་བྱས། །དེ་ནས་ལིང་ག་བྱས་ལ་བདག་ཉིད་ལྷའི་རྣལ་འབྱོར་རྫོགས་པར་བྱ་སྟེ། མགོ་ལུས་ཚ་བའི་རྫས ་ཀྱིས་བྱུགས་ཅེས་བྱ་བ་ནི་སྐེ་ཚེ་དང་ཉུངས་ཀར་དང་བཙན་དུག་གིས་གནས་སུམ་ཅུ་རྩ་གཉིས་སུ་བསྣུན་པའོ། །བསྒྲུབ་བྱ་བཀུག་ལ་བསྟིམ་ཞེས་བྱ་བ་ནི་གཙོ་བོ་དང་བཀའ་སྔོད་ཀྱི་འཁོར་གྱི་ཐུགས་ཀ་ནས་ཞགས་པ་དང་ལྕགས་ཀྱུའི་སྦྱོར་བས་བསྒྲུབ་བྱ་དགུག་པར་བྱའོ། ། ་དབྱེ་བའི་ཆོ་ག་ཞེས་བྱ་བ་ནི། སྔགས་ཀྱི་ལེའུ་རུ་ཤེས་པར་བྱའོ། །མགོ་བོ་ནས་རྐང་པའི་མཐིལ་གྱི་བར་ཤེས་བྱ་བ་ནི་ཐིག་ལེའི་གནས་སུམ་ཅུ་རྩ་གཉིས་སོ། །གསང་སྔགས་ཞེས་བྱ་བ་ནི་གཙོ་བོ་དང་བཀའ་སྡོད་ཀྱི་ཐུགས་ཀ་ནས་སྤྲོས་པའོ། །ཚེར་མ་ཞེས་བྱ་བ་ནི་ནིར་སུའི་བུར ་ལ་སོགས་པའོ། །འབུམ་ཕྲག་ཅེས་བྱ་བ་ནི་སྔགས་ཀྱི་གྲངས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དགང་གཟར་བླུགས་གཟར་ཞེས་བྱ་བ་ནི་ཉི་མའི་སྟེང་དུ་ཨོཾ་དང་ཧཱུཾ་གིས་མཚན་པའོ། །ཡཾ་ཤིང་དུག་གི་རིགས་ལས་བྱུང་བའི་ཤིང་ལ་ཆེ་བའི་རྫས་ཀྱིས་བྱུགས ་ཤིང་རེ་ཕས་མཚན་པའོ། །ཉུང་དམར་ལ་སོགས་པ་ནི་བདུད་རྩི་ལྔས་བསང་གཏོར་བྱ་ཞེས་རྩ་བའི་སྔགས་ཀྱིས་བྱིན་ཀྱིས་བརླབ་པའོ། །གཞན་ཡང་མཆོད་པ་དང་གཏོར་མ་ལ་སོགས་པ་ཡང་ཚོགས་པར་བྱའོ། །མེ་ཐབས་ཀྱི་མཚན་ཉིད་ནི་བྱེ་བྲག་ཏུ་མ ་བཤད་དེ་གོ་སླ་བའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ནི་མེ་ལྷ་བསྐྱེད་པར་བྱ་བ་ལ་འཇུག་།བསམ་གཏན་སྔགས་དང་ལྡན་གྱུར་ནས་ཞེས་བྱ་བ་ནི་བདག་ཉིད་ལྷའི་རྣལ་འབྱོར་དང་ལྡན་པར་བྱ་བ་སྟེ། དེ་ཡང་ཐུགས་ཀའི་འོད་ཟེར་གྱིས། །མེ་ཐབ་རང་བཞིན་མེད་བྱས་ལ ་དེར་ནི་རཾ་ལས་བྱུང་བའོ། །འབར་བའི་མེ་ནི་བསམ་པར་བྱ། །དེ་ནས་པད་ཉི་ཧཱུཾ་ཞེས་བྱ་བ་ལ་སོགས་པ་ནི་མེ་ལྷར་མཆོག་གི་མེ་ལྷ་བསྐྱེད་བསྟེ་གོ་སླའོ། །ཕྱག་རྒྱ་བཞིའི་སྦྱོར་བ་ཞེས་བྱ་བ་ནི་གཙོ་བོའི་ཐུགས་ཀ་ནས་ལྕགས་ཀྱུའི་ཕྱག་རྒྱས་བསྟིམ་པར་བྱའོ། །དེ་ཉིད་དུ་བདེ ་བར་དབང་བསྐུར་ཞིང་རྒྱས་གདབ་པོ། །ལྕེ་ལ་ཧཱུཾ་ཞེས་བྱ་བ་ནི་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་མོ་གསུམ་པ་བསམ་པར་བྱའོ། །ལན་བདུན་ཞེས་བྱ་བ་ནི་རྫས་ཀུན་ལ་ལན་བདུན་བདུན་དུ་དབུལ་བར་བྱའོ། །ཁྲོས་ཞེས་བྱ་བ་ནི་ཤིན་ཏུ་ཁྲོས་པའི་སེམས་ཀྱིས་སོ། །དབུལ་བའི་སྔགས་ནི་ཨོཾ ་གྱི་དང་པོ་དང་ཕཊ་ཀྱི་མཐར་ཅན་ཏེ། །དབུས་སུ་བསྒྲུབ་བྱའི་མིང་གི་ཡི་གེ་དང་ལྡན་པ་བྱའོ། །དེ་ནས་སྦྱིན་སྲེག་ཕུལ་ནས་དེ་ལ་བསྟོད་པ་བྱ་བ་སྟེ། གསང་བ་གསུམ་ལ་བྱུང་བ་ཡི། །དྲག་པོའི་མེ་ལྷ་རྒྱལ་པོ་ཁྱོད། །མདོག་ནག་གཟི་བརྗིད་འབར་བ་ཡི། །གཞོམ་མཛད ་ཁྱོད་ལ་ཕྱག་འཚལ་བསྟོད། །སྤྱན་གསུམ་འཇིགས་བྱེད་མཆེ་བ་གཅིགས། །ཕྱག་ན་མེ་ཐབ་བགྲང་ཕྲེང་འཛིན། །བརྐྱང་བསྐུམ་མེ་ཡི་དབུས་ན་འགྱིད། །གདུག་པ་བསྲེག་མཛད་ཁྱོད་ལ་བསྟོད། །ཐམས་ཅད་ཁྲོ་བོ་ཡི་སེམས་ཀྱིས། །འཇིགས་པ་ཆེན་པོའི་ཆ ་ལུགས་ཅན། །འཇིགས་པ་ཐམས་ཅད་སྒྲོལ་མཛད་པའི། །འབར་བ་ཚེ་ལ་ཕྱག་འཚལ་བསྟོད། །མེ་ལྷ་གཞལ་ཡས་ཁང་དུ་བསམ་ཞེས་བྱ་བ་ནི། །གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས། །མེ་ལྷའི་ཐུགས་ཀར་ཕོག་ནས་ནི། །ཐུགས་ཀར་ཆོས་འབྱུང་བསམ་པར ་བྱ། །དེ་དབུས་ལྷ་ཡི་འཁོར་ལོ་བསྐྱེད། །ཆོ་ག་ལྔ་འམ་གསུམ་གྱིས་བསྐྱེད། །ཅེས་བྱ་བ་ནི་གཙོ་བོའི་ཆོ་ག་ལྔས་བསྐྱེད་པའོ། །ཐུགས་ཀར་ཉི་མའི་དཀྱིལ་འཁོར་བསམ། །དེ་ཡི་སྟེང་དུ་བཀའ་སྡོད་ནི། །ལྷ་མོ་གསུམ་དང་བཅས་པ་བསྐྱེད། །དེ་ཡང་ཆོ་ག་གསུམ ་གྱིས་སྐྱེད། །ལྷ་མོ་སྐུ་མདོག་ཕྱག་མཚན་ནི། །གོང་དུ་བསྟན་པ་བཞིན་དུ་བསམ། །ཕྱག་རྒྱ་བཞི་དང་ལྡན་ཞེས་བྱ་ནི། །ལྕགས་ཀྱུ་ལ་སོགས་ཕྱག་རྒྱ་བཞིས། །དགུག་གཞུག་བཅིང་བ་ལ་སོགས་བྱ། །དེ་ཡང་སྔོན་གྱི་དམ་ཚིག་གིས། །བསྐུལ་བར་བྱ་བའི?? ་ཚིགས་བཅད་བརྗོད། །ཧཱུཾ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ནས་བདེ་གཤེགས་སྤྱན་དྲངས་ཏེ། །དབང་བསྐུར་ནས་ནི་རྒྱས་གདབ་བྱ། །དེ་ནས་འཁོར་ལོའི་ལྷ་རྣམས་ལ། །ལྟེ་ལ་ཧཱུཾ་ལས་རྡོ་རྗེ་བསམ། །དེ་ནས་སྦྱིན་སྲེད་དབུ་ལ་བྱ་སྟེ། །མེ་ནི་རབ་ཏུ་སྦར་བས་ཏེ། ་མེ་ལྷ་བསྐྱེད་པའི་སྔོན་དུའོ། །དགང་བླུགས་མར་ནི་རྒྱ་རྩ་བརྒྱད། ཐོག་མ་ཐ་མར་སྦྱིན་པར་བྱ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །ཕྱི་ཡི་སྙིང་པོ་བརྒྱ་ཕྲག་གཅིག་།ལྷ་རྣམས་ཐུགས་ཀར་བསྟིམ་པར་བྱ། །བདུད་རྩི་རཀྟ་ཞེས་བྱ་བ་ལ་སོགས་པ་ནི ་མཆོད་པར་བྱ་བ་སྟེ་གོ་སླའོ། །དེ་ནས་ལིངྒ་སྲེག་རྫས་རྣམས་དབུལ་བར་བྱ་ཞེས་བྱ་བ་ནི། ལིངྒ་ལ་སོགས་སྲེག་རྫས་རྣམས། །གོ་རིམ་བཞིན་དུ་དབུལ་བར་བྱའོ། །དེ་ཡང་ཡམ་ཤིང་དང། ལིངྒ་དང་མིང་གི་ཡི་གེ་དང། །བསྒྲུབ་པར་བྱས་པའི་ལ་དུ་དང། ཆན ་དང། ཤ་ལྔ་དང། ཉ་ཤ་དང། ཆང་དང། ཡུངས་ནག་དང། ལ་ཕུག་དང། ལྕགས་ཕྱེ་དང། དེ་དག་གོ་རིམ་བཞིན་དུ་དབུལ་བར་བྱའོ། །རྩ་བའི་སྙིང་པོ་སྔགས་ལ་ཞས་བྱ་བ་ནི། །ལྷ་མོ་གསུམ་གྱི་སྙིང་པོ་དང། །བསད་པའི་ཡི་གེ་ལྡན་པས་དབུལ། །དེ་ཡང་པདྨ ་བརྟི་བྷི་ཧཱུཾ་ཧུ་མནྟ་དང། མཧཱ་བ་ལ་ཧེ་ཧེ་ཀ་རནྟ་དང། ས་མ་ས་ན་རཱུ་པ་ནི། དེ་དག་སྙིང་པོའི་སྔགས་ལ་ནི། །བརྟགས་ཏེ་སྦྱིན་སྲེག་དབུལ་བར་བྱ། །དེ་ནས་བྱ་བ་ལ་སོགས་པ་ནི་དུས་ཀྱི་ངེས་པ་བསྟན་པ་སྟེ་གོ་སླའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནི་ཐུན ་མོང་གི་སྦྱིན་སྲེག་བསྡུས་ཏེ་འཁོར་རྣམས་ལ་བཤད་པའོ། །དེ་ནས་ཞེས་བྱ་བ་ནི་མྱུར་དུ་བསད་པའི་ཕྱིར་བསད་པའི་སྦྱིན་སྲེག་བརྩམ་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནི་བསད་པའི་སྦྱིན་སྲེག་གི་འཁོར་ལོའི་ཏིང་ངེ་འཛིན་ལ་ཞུས་བའོ ་དེ་ཡང་མེ་ཐབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེར་ནི་གསང་བའི་དོན་སྦས་པའི་ཕྱིར་དོན་གྱི་གོ་རིམ་འཁྲུགས་པར་གནས་པའོ། །མ་ཐབ་ཀྱིས་བསླངས་པ་ཞེས་བྱ་ནི་མེའི་ཕྱོགས་ནས་བསླངས་པའོ། །ཐབ་མཐོ་གང་གི་ཚད་དུ་བྱ་ཞེས་བྱ་བ་ནི་མཐོ་གང་ནི ་གསད་བའི་སྐུ་ཚད་དེ། །དབྱིབས་ནི་རྩིངས་དྲུག་པར་བྱའོ། །དེའི་ཕྱི་ནང་ཚ་བའི་རྫས་ཀྱིས་བྱུག་པར་བྱ་སྟེ། །ཁ་ཁྱེར་ལ་གྲི་གུག་གི་ཕྲེང་བས་བཏང་བར་བྱའོ། །འོག་མའི་ཟུར་གསུམ་ལ་ནི་ཐོད་པ་བྲི་བར་བྱའོ། །དེ་ནས་བདག་ཉིད་རྣལ་འབྱོར་ནི། །ལྷ་ཡི་འཁོར་ལོ ་རྫོགས་བྱས་ལ། །ལིངྒ་དང་ནི་ཡམ་ཤིང་དང། །མིང་གི་ཡི་གེ་བཏུ་བ་དང། །ཤ་ལྔ་དང་ནི་བདུད་རྩི་ཁྲག་།ཏིལ་མར་མར་ཆེན་ལ་སོགས་པ། །དེ་དག་ཚོགས་པར་བྱས་པ་ནི། །ཟུར་གསུམ་ཞེས་བྱ་བ་ནས་ལ་དུ་ཞེས་བྱ་བའི་བར་དུ་བསྟན་པའོ། །ཞིང་གི་གདན་ཞེས་བྱ་བ ་ལ་སོགས་པ་དང་ལྡན་པར་བྱས་ལ། །རྣལ་འབྱོར་ཐུགས་ཀའི་འོད་ཟེར་གྱིས། །བསྒྲུབ་བྱ་བཀུག་ལ་ལིངྒ་བསྟིམ། །དེ་ནས་བསད་པའི་ཆོ་ག་ནི། །སྔོན་དུ་འགྲོ་བ་རྫོགས་པར་བྱ། །དེ་ནས་བཀའ་སྡོད་བསྐྱེད་པར་བྱ། །གཙོ་བོའི་ཐུགས་ཀའི ་འོད་ཟེར་གྱིས། །མེ་ཐབ་རང་བཞིན་མེད་བྱས་ཏེ། །ཧཱུཾ་ལས་བྱུང་བའི་རྡོ་རྗེའི་བྲག་།ཉི་མའི་སྟེང་དུ་བསམ་པར་བྱ། །དེ་སྟེང་ཧཱུཾ་ལས་བྱུང་བ་ཡི། །འོད་ཀྱི་གདུག་པ་བཅམ་བྱ་སྟེ། །གྲི་གུག་གུར་དང་སྣ་ཚོགས་གྱུར། །དེ་ཡི་དབུས་སུ་ཆོས་འབྱུང་བསམ། །དེར་ནི་ཞེས་བྱ ་བ་ནི་ཆོས་འབྱུང་གི་དབུས་སུའོ། །རཾ་ལས་མེ་ཐབ་བསམ་ཞེས་བྱ་བ་ནི་མེའི་དཀྱིལ་འཁོར་རོ། །ནང་དུ་ནག་པོ་ཆེན་པོ་བསྐྱེད་ཅེས་བྱ་བ་ནི་ནག་པོ་ཆེན་པོ་ལ་སོགས་པའི་ལྷ་མོ་གསུམ་བསྐྱེད་པར་བྱའོ། །སྣ་ཚོགས་པདྨ་ཞེས་བྱ་བ་ལ་སོགས་པ་ནི་ཆོ་ག་གསུམ་གྱིས ་བསྐྱེད་པ་སྟེ་གོ་སླའོ། །མཁའ་འགྲོ་མ་ནི་སྐེམ་བྱེད་ལ་སོགས་པ་གསུམ་པོ་དེ་དག་ཀྱང་སྐུ་མདོག་སྔོན་པོ་ཞལ་གཅིག་མ། །ཕྱག་གཉིས་མ། སྤྱན་གསུམ་པ་ཁྲོ་བོའི་གཟུགས་ཏེ་གྲི་གུག་དང་ཐོད་པ་འཛིན་པའོ། །དེ་ནས་གཙོ་བོའི་ལྟོ་བར་ནི། །རཾ་ལས་མེ་ཐབ ་བསམ་པར་བྱའོ། །དེ་ཡི་དབུས་སུ་ཉི་མ་དང། །ཧཱུཾ་ལས་བྱུང་བའི་གྲི་གུག་བསམ། །ཡུ་བར་ཉི་མ་ཡིས་ནི་མཚན། །ཞལ་ནི་སྣ་ཚོགས་མེའི་འོད་ཅེས་བྱ་བ་ནི་ཞལ་མེ་ཐབ་ཀྱི་དབྱིབ་སུ་གནས་པ་སྟེ། །ཐུགས་ཀའི་གྲི་གུག་ལས་སྣ་ཚོགས་པའི་མེ་འབར་བའོ། ། ་གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས། །རང་བཞིན་དཀྱིལ་འཁོར་སྤྱན་དྲངས་བསྟིམ། །བདེ་གཤེགས་དབང་བསྐུར་རྒྱས་གདབ་བྱ། །ཕྱི་ཡི་སྙིང་པོས་ཁྱབ་བྱས་ནས། །མཆོད་དང་གཏོར་མ་ལ་སོགས་བྱ། །དམ་ཚིག་ཆོ་ག་བྱས་ནས་ནི། །ནང་གི་སྙིང་པོས་བསྙེན ་པ་བྱ། དེ་ནས་ཚེར་མའི་མེ་སྦར་ཞེས་བྱའོ། །དེ་ནི་རྩ་བའི་སྔགས་ཀྱིས་ནི། །ཏིལ་མར་ཉི་ཤུ་རྩ་གཅིག་སྦྱིན། །རྣལ་འབྱོར་ཐུགས་ཀའི་འོད་ཟེར་གྱིས། །བསྒྲུབ་བྱ་བཀུག་ནས་ལིང་གར་བསྟིམ། །ཞེས་བྱ་བ་ནི་བརྒྱ་རྩ་བརྒྱད་དུ་བཀུག་པར ་བྱས་ནི། །ནག་པོ་ཆེན་པོའི་ཞལ་དུ་བྲུབས་ཞེས་བྱའོ། །འོད་ཟེར་ནག་པོའི་གཟུགས་སུ་སྤྲོས་ཞེས་བྱ་བ་ནི། །ཡང་ན་ཐུགས་ཀའི་འོད་ཟེར་གྱིས། །བསྒྲུབ་བྱ་དགུག་པ་བྱས་ནས་ནི། །དུག་གཏོར་དུ་ནི་སྦྲུག་པར་བྱ་ཞེས་བྱའོ། །དུག་གཏོར་གྱི་དུག་ལ་སོགས་པའི་རྫས ་ཐམས་ཅད་དུ་བྱའོ། །སྦྲུག་ཅེས་བྱ་བ་ནི་བསྒྲུབ་བྱའི་ལུས་ཀྱི་བཅུད་ཚངས་པའི་བུ་ག་ནས་བབ་ཕྱིར་རོ། །དེ་ནས་བཏུབ་པར་བྱ་བ་ནི་དཔལ་ལྡན་ཞེས་བྱ་བ་ནས། བཏུབ་པར་བྱ་བའི་པར་དུ་བསྟན་པའོ། །རྣོ་བའི་གཟུགས་ཀྱིས་བསྒྲུབ་བྱ་དགུག་ཅེས་བྱ་བ་ནི་ལྕགས ་ཀྱུ་དང། ཞགས་པའི་འོད་ཀྱིས་བསྒྲུབ་བྱ་བཀུག་ནས་མེ་ཐབ་སྟེང་དུ་མགོ་འཇུག་བཟློག་ནས་བཞག་གོ་།དེ་ཡང་བསྒྲུབ་བྱའི་གནས་གསུམ་དུ་རྣམ་ཤེས་ཀྱིས་བདག་ཉིད་ཡི་གེ་གསུམ་དུ་བསམ། སྙིང་པོ་སྔགས་ཀྱིས་དབུལ་བར་བྱ་ཞེས་བྱ་བ་ནི་སྙིང་པོའི ་སྔགས་ཀྱི་ཡིན་གྱིས་གཞན་གྱིས་ནི་མ་ཡིན་པའི་ཕྱིར་རོ། །ཡང་ལྷ་མོ་གསུམ་དང་ལྡན་པའི་རེའུ་ཏྲི་དང། བཱི་ཤ་ནི་དང། ཙ་ན་ཏི་ཧ་རོ་དང། དེ་དག་གི་སྙིང་པོའི་སྔགས་ལ་ཧཱུཾ་དང་གསང་བའི་ཡི་གེ་དང་ལྡན་པར་བྱ་བའོ། །རྫས་ནི་ཡམ་ཤིང་དང། ཡི་གེ ་དང། མིང་གི་ཡི་གེ་དང། ལ་དུ་དང། ཤ་ལྔ་དང། བདུད་རྩི་ལྔ་དང། ཁྲག་གོ་།དེ་དག་གི་བསྒྲུབ་བྱའི་རླུང་སྒོ་ནས་ཞུགས་ཏེ་གསུམ་དང་ལྡན་པས་ཚངས་པའི་བུ་ག་ནས་བྱུང་ཏེ་ལྷའི་འཁོར་ལོའི་ཞལ་དུ་དབུལ་བར་བྱའོ། །བརྒྱ་རྩ་བརྒྱད་ཅེས་བྱ་བ་ནི་རྫས ་རེ་རེ་ལ་བརྒྱ་རྩ་བརྒྱད་དོ། །བདུན་ཞེས་བྱ་བ་ནི་སྦྱིན་སྲེག་བདུན་དུ་བྱས་པའོ། །དེ་མ་ཐག་ཏུ་ཞེས་བྱ་བ་ནི་མྱུར་བའི་ཁྱད་པར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནི་གསང་བའི་སྦྱིན་སྲེག་བསྡུས་ཏེ་འཁོར་ལ་བཤད་པའོ། །སྦྱིན ་སྲེག་གི་ཆོ་ག་གསད་པའི་བྱ་བའི་ལེའུའོ། །སྦྱིན་སྲེག་གི་ལེའུའི་བཤད་པ་སྟེ་བརྒྱད་བའོ།། །།དེ་ནས་ཞེས་བྱ་བ་ནས་ཇི་ལྟར་ལས་ལ་ས་ཞེས་བྱ་བ་ནི་སྔགས་ཀྱི་དབྱེ་བ་སྟེ་གོ་སླའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནི་སྔགས ་ཀྱི་རྒྱུ་འབྱུང་བའི་ཏིང་ངེ་འཛིན་ལ་ཞུགས་པའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཞེས་བྱ་བ་ནི་སྔགས་ཀྱི་རྒྱུ་ཡང་ཡིན་ལ་སྔགས་ཉིད་ཀྱིས་ཀྱང་ཡིན་པའི་ཕྱིར་རོ། །དེ་ཡང་སྔགས་ནི་ལྷའི་འཁོར་ལོ་དང་ཐ་མི་དད་པའི་ཕྱིར་རྒྱུའི་འཁོར་ལོའི་ཏིང་ངེ་འཛིན་ལ་འཇུག་པར་བྱའོ། ་དེ་ཡང་ནམ་མཁའ་ཨི་དབུས་སུ་ནི། །ཧཱུཾ་ལས་བྱུང་བའི་རྡོ་རྗེའི་བྲག། དེ་སྟེང་ཧཱུཾ་ནི་བསམ་པར་བྱ། །ཧཱུཾ་ལས་བྱུང་བའི་འོད་ཟེར་གྱིས། །བསྲུང་བའི་འཁོར་ལོ་བསྒོམ་བྱས་ཏེ། །དེ་ཡི་དབུས་སུ་ཆོས་འབྱུང་བསམ། །ཡི་གེ་རྣམས་ཀྱི་མཆོག་གྱུར་པ་ཞེས་བྱ་བ་ནི་ཆོས་འབྱུང་གི ་ནང་དུ་ཨཱ་ལི་ཀཱ་ལི་ལེགས་པར་བསམ་པར་བྱ། །རྩ་བའི་སྙིང་པོའི་སྔགས་ཞེས་བྱ་བ་ནི་ཨཱ་ལི་ཀཱ་ལི་ལས་རྩ་བ་དང་སྙིང་པོ་བཏུ་བར་བྱའོ། །སྔགས་ཞེས་བྱ་བ་ནི་སྔགས་མ་ཡིན་བའི་ཐེ་ཚོམ་སྤང་བའི་ཕྱིར་ཡི་གེ་བཅུ་བའོ། །བཀའ་སྩལ་ཏོ་ཞེས་བྱ་བ་ནི ་སྔགས་འབྱུང་པའི་རྒྱུ་བཏུས་ཏེ་འཁོར་ལ་བཤད་པའོ། །དེ་ནས་ཞེས་བྱ་བ་ནི་སྔགས་བཏུ་བ་ལ་འཇུག་པ་དང། དངོས་པོ་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ་ཞེས་བྱ་བ་ནི་ཡི་གེ་བཏུ་བའི་འཁོར་ལོའི་ཏིང་ངེ་འཛིན་ལ་ཞུགས་ཞེས་བྱ་བའོ། །དང་པོ ་རིག་བྱེད་རྒྱལ་པོ་ནི་ཨོའོ། །དང་པོའི་ལྔ་པ་ནི་ཨཽ་རིང་པོའོ། །གཉིས་པའི་ལྔ་པ་ནི་པའོ། །དང་པོའི་ཐིག་ལེ་ནི་ཨ་ཐུང་དུའོ། །གཉིས་པའི་ལྔ་པའི་ལྔ་པ་ནི་མཱོ། བརྒྱད་མཛའ་ཞེས་བྱ་བ་ནི་ཧ(རྒྱུད་འགྲེལ་ལའོ། གཉིས་པའི་དྲུག་པའི་དང་པོ་ནི་ཡའོ། །བརྒྱད་མཛའ་ཞེས་བྱ་བ་ནི་ཧ(རྒྱུད་འགྲེལ་བཅས་པ་ནི་ཨ་ཐུང་ངུའོ། །གཉིས་ནི་ཧཱུཾ་གཉིས་སོ། །ཚེག་དྲག་ནི་ཨ(རྒྱུད་འགྲེལ་བརྒྱད་པའི་མཛའ་ཅན་ནི་ཧའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནི་ཕྱིའི་སྙིང་པོ་བསྡུས་ཏེ། འཁོར་ལ་བཤད་པའོ། །དེ་ནས་ཞེས་བྱ་བ་ནས་ཡི་གེ་བཏུ་བའི་རིམ་པ་ཞེས་བྱ་བ་ནི་ཐུགས་ཀྱི་ཡི་གེ་བཏུ་བ་སྟེ་གོ་སླའོ། །བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ་ཞེས་བྱ་བ་ནི་ནང་གི་སྙིང་པོ་བསྡུས་པའི་ཏིང་ངེ་འཛིན་ལ་ཞུགས་པའོ། །དང་པོའི་ཡི་གེ་ཞེས་བྱ་བ་ནི་ཨའོ། །དང་པོའི་ལྔ་པ་ནི་ཞེས་བྱ་བ་ནི་རིང་པོའོ། །གཉིས་པའི་ལྔ་པ་ཞེས་བྱ་བ་ནི་ངའོ། །དང་པོའི་ཐུང་དུ་ནི་ཨ་ཐུང་དུའོ། །གཉིས་པའི་ལྔ་པ ་མཛའ་ལྡན་པ་ནི་མའོ། །ང་རྒྱད་པའི་མཛའ་ཅན་ཧིའོ། །གཉིས་པའི་དང་པོ་ནི་ཀའོ། །གཉིས་པའི་དྲུག་པའི་གསུམ་པ་ནི་ལའོ། །གཉིས་པའི་དྲུག་པའི་དང་པོ་ནི་ཡའོ། །ལྔ་པའི་ལྔ་པ་ནི་མའོ། །བརྒྱད་པའི་མཛའ་ཅན་ནི་ཧའོ། །དང་པོའི་གསུམ་པ་ནི་ཨུའོ། །ཚེག་དྲག ་ནི་མཛའ་མའི་ཨའོ། །གཉིས་པའི་བདུན་པའི་གཉིས་པ་ནི་ཥའོ། །རིགས་མེད་མཛའ་ནི་ཨ་ཐུང་དུའོ། །གཉིས་པའི་ལྔ་པའི་མཛའ་ལྡན་ནི་མའོ། །ཆགས་པའི་ཡི་གེ་རའོ། །གཉིས་པའི་གསུམ་པ་གའོ། །གཉིས་པའི་བཞི་པའི་དང་པོ་ནི་ཧའོ། །དང་པོའི་གསུམ ་པ་ནི་ཨི་ཐུང་ངུའོ། །གཉིས་པའི་ལྔ་པའི་མཐར་ལྡན་པ་ནི་མའོ། །སྡེ་ཚན་བརྒྱད་པ་ནི་ཧའོ། །གཉིས་པའི་དང་པོ་ནི་ཀའོ། །གཉིས་པའི་དྲུག་པའི་གསུམ་པ་ནི་ལའོ། །གཉིས་པ་དྲུག་པའི་དང་པོ་ནི་ཡའོ། །སྡེ་ཚན་གཉིས་པའི་དབུས་མ་ནི་ར་འོ། །གཉིས་པའི ་གསུམ་པ་ནི་གའོ། །གཉིས་པའི་བཞི་པའི་དང་པོ་ཏའོ། །དང་པོའི་གསུམ་པ་ནི་ཨུའོ། །དང་པོའི་དང་པོ་ནི་ཨའོ། །གཉིས་པའི་ལྔ་པའི་དང་པོ་ནི་པའོ། །གཉི་གའི་འབྲེལ་པ་ནི་རའོ། །གཉིས་པའི་ལྔ་པའི་གསུམ་པ་ནི་བའོ། །དང་པོའི་གཉིས་པ་ནི་ཨོའོ། ། ་བརྒྱད་པའི་བརྒྱད་པ་ནི་ཥའོ། །སྡེ་ཚན་བརྒྱད་པའི་མཛའ་ལྡན་པ་ནི་ཧའོ། །ཐིག་ལེ་ནི་ངའོ། །ཟླ་བའི་མིག་ནི་ཨ་ཐུང་ངུའོ། །དང་པོའི་གསུམ་པ་ནི་ཨུའོ། །འདི་ནི་སྔགས་ཀྱི་རྒྱལ་པོའོ། །མ་བྱུང་འབྱུང་བར་མི་འགྱུར་ལ། །འབུམ་ཕྲག་གསུམ་བཟླས་ཐམས་ཅད་འགྲུབ། ། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནི་འཁོར་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ་བསྡུས་ཏེ་བཤད་པའོ། །དེ་ནས་ཞེས་བྱ་བ་ནས་ཞེས་བྱ་བ་ནས་ཇི་ལྟར་ལགས་ཞེས་བྱ་བ་ནི་རྩ་བའི་སྔགས་བཏུ་བཏེ་གོ་སླའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནི་སྐུའི་འཁོར་ལོ་ཏིང་ངེ ་འཛིན་ལ་ཞུགས་ཞེས་བྱ་བའི་དོན་ཏོ། །གཉིས་པའི་བཞི་པའི་དང་པོ་ནི་ཏའོ། །བཞི་པའི་གསུམ་པ་ནི་དའོ། །གཉིས་པའི་དྲུག་པའི་དང་པོ་ནི་ཡའོ། །གཉིས་པའི་བཞི་པའི་གཉིས་པ་ནི་ཐའོ། །དྲག་པོ་ནི་ཨ(རྒྱུད་འགྲེལ་པོའི་ལྔ་པ་ནི་ཨཽ་རིང་པོའོ། །གཉིས་པའི་ལྔ་པ་ནི་མའོ། །བརྒྱད་མཛའ་ཞེས་བྱ་བ་ནི་ཧའོ། །གཉིས་པའི་དང་པོ་ནི་ཀའོ། །གཉིས་པའི་དྲུག་པའི་གསུམ་པ་ནི་ལ་ཉིད་དོ། །གཉིས་པའི་དྲུག་པོའི་དང་པོ་ནི་རླུང་གི་ས་བོན་ནོ། །བརྒྱད་མཛའ་གཉིས་ཀྱི་སྒྲ་ནི་ཥ་ཥའོ། །གཉིས ་པའི་བཞི་པའི་མཐར་གནས་པ་ནི་ནའོ། །གཉིས་པའི་དྲུག་པའི་དང་པོ་ནི་ཡའོ། །དང་པོའི་དང་པོ་ནི་ཨ་ཐུང་ངུའོ། །གཉིས་པའི་ལྔ་པའི་དང་པོ་ནི་ལ་ཉིད་དོ། །གཉིས་པའི་དང་པོ་ནི་ཀ་ཁོ་ནའོ། །མ་ནིང་གི་ཡི་གེ་ནི་རའོ། །དང་པོའི་གཉིས་པ་ནི་ཨའོ། །གཉིས་པའི ་གསུམ་པ་ནི་མཐར་ལྡན་པ་ཞེས་བྱ་བ་ནའོ། །གཉིས་པའི་ལྔ་པ་ནི་ངའོ། །དང་པོའི་བཞི་ནི་ཨི་རིང་པོའོ། །བརྒྱད་པའི་མཛའ་ཅན་དང་པོ་ནི་ཤའོ། །གཉིས་པའི་ལྔ་པ་ནི་ངའོ། །ཚེག་དྲག་ནི་ཐ་མའི་ཨ(རྒྱུད་འགྲེལ་པའོ། བརྒྱད་པའི་གསུམ་པ་ནི་སའོ། །གཉིས་པའི་གཉིས་པའི་དང་པོ་ནི་ཙ་ཉིད་དོ། །རིགས་བྱེད་གཉིས་པ་ནི་ཨིའོ། །ལྔ་པའི་ལྔ་པ་ནི་མའོ། །དང་པོའི་ལྔ་པ་ནི་ཨོས་བརྒྱན་པའོ། །གཉིས་པའི་དང་པོ་ནི་ཀའོ། །གཉིས་པའི་དྲུག་པའི་གསུམ་པ་ནི་ལའོ། །དང ་པོའི་ལྔ་པ་ནི་ཨོ་ཉིད་དོ། །གཉིས་པའི་དྲུག་པའི་དང་པོ་ནི་ཡའོ། །གཉིས་པའི་ལྔ་པའི་དང་པོ་ནི་པའོ། །གཉིས་པའི་གསུམ་པའི་དང་པོ་ནི་ཊའོ། །ཆགས་པའི་ཡི་གེ་ནི་མེའི་ས་བོན་ནོ། །དང་པོའི་གཉིས་པ་ནི་ཨིའོ། །མ་ནིང་གི་ཡི་གེ་ནི་ར ་ཉིད་དོ། །གཉིས་པའི་བཞི་པའི་གསུམ་པ་ནི་ཌའོ། །གཉིས་པའི་བཞི་པའི་མཛའ་ལྡན་པ་ནི་ན་ཉིད་དོ། །གཉིས་པའི་བཞི་པའི་དང་པོ་ནི་ཏ་ཉིད་དོ། །ཆགས་པའི་ཡི་གེ་ནི་ར་ཉིད་དོ། །གཉིས་པའི་དྲུག་བའི་དང་པོ་ནི་ཡའོ། །བྱེ་བྲག་གཉིས་པ་ནི་ཡ་གཉིས་ཏེ། ་གཉིས་པའི་དྲུག་པའི་དང་པོ་ནི་རླུང་གི་ས་བོན་ནོ། །ཚེག་དྲག་ནི་ཐ་མའི་ཨ(རྒྱུད་འགྲེལ་དང་པོའི་གཉིས་པ་ནི་ཨིའོ། །གཉིས་པའི་བཞི་པ་ནི་ཛཧའོ། །གཉིས་པའི་ལྔ་པ་ནི་ངའོ། །བརྒྱད་མཛའ་ཨི་གསུམ་པ་ནི་སའོ། །གཉིས་པའི་ལྔ་པ་ནི་མ་ཉིད་དོ། །ཆགས་པའི་ཡི་གེ་ནི་རའོ། །བརྒྱད་མཛའ་གསུམ་པ་ནི་སའོ། །དང་པོའི་གཉིས་ང་ནི་ཨིའོ། ་གཉིས་པའི་བཞི་པའི་??་པ་ནི་ད་གཉིས་སོ། །དང་པོའི་བཞི་པ་ནི་ཨའོ། །གཉིས་པའི་བཞི་པའི་གསུམ་པ་ནི་དའོ། །གཉིས་པའི་ལྔ་པ་ནི་ངའོ། །གཉིས་པའི་གསུམ་པ་ནཾ་ཌའོ། །དང་པོའི་གསུམ་པ་ནི་ཨུའོ། །བརྒྱད་པའི་མཛའ་ཅན་གཉིས་པ་ནི་ཥའོ ་གཉིས་པའི་གསུམ་པའི་དང་པོ་ནི་ཌའོ། །གཉིས་པའི་གཉིས་པ་ནི་ཁ་གཉིས་སོ། །ཚེག་དྲག་ནི་ཨ་དྲག་པོའོ། །སྡེ་ཚན་བརྒྱད་པའི་མཛའ་ལྡན་པ་ནི་ཧའོ། །དང་པོའི་གཉིས་པ་ནི་ཨིའོ། །གཉིས་པའི་ལྔ་པ་ནི་མ་གཉིས་སོ། །བར་དུ་ཆགས་པའི་ཡི་གེ་ནི་ར ་གཉིས་སོ། །གཉིས་པའི་བཞི་བ་ནི་གྷའོ། །ཆགས་པཱི་ཡི་གེ་ནི་རའོ། །དང་པོའི་གཉིས་པ་ནི་ཨིའོ། །བརྒྱད་མཛའ་ཨི་གཉིས་པ་ནི་ཥའོ། །གཉིས་པའི་གསུམ་པའི་ལྔ་པ་ནི་ཎའོ། །ཚེག་དྲག་ཐམས་ཅད་ནི་ཨ(རྒྱུད་འགྲེལ་བཞི་པ་ནི་བྷའོ། །གཉིས་པའི་བཞི་པའི་ལྔ་པ་ནི་ནའོ། །གཉིས་པའི་བཞི་པ་ནི་བྷའོ། །བརྒྱད་པའི་མཛའ་ཅན་གཉིས་ནི་ཧ་གཉིས་སོ། །གཉིས་པའི་གསུམ་པའི་ལྔ་པ་ནི་ཎའོ། །གཉིས་པའི་གསུམ་པའི་བཞི་པ་གཉིས་ནི་དྷ་གཉིས་སོ། །བརྒྱད་མཛའ་ནི་ཧའོ། །གཉིས་པའི་ལྔ་པའི ་དང་པོ་ནི་པ་གཉིས་སོ། །གཉིས་པའི་དང་པོ་ནི་ཙ་གཉིས་སོ། །གཉིས་པའི་བཞི་པའི་གསུཾ་པ་ནི་དའོ། །དང་པོའི་གཉིས་པ་ནི་ཨིའོ། །གཉིས་པའི་བཞི་པའི་ལྔ་པ་ནི་ནའོ། །གཉིས་པའི་ལྔ་པའི་ལྔ་པ་ནི་མའོ། །དང་པོའི་བཞི་པ་ནི་ཨེའོ། །གཉིས་པའི་གསུམ་པ་ནི་གའོ། ། ་དང་པོའི་བཞི་བ་ནི་ཨེའོ། །གཉིས་པའི་དང་པོའི་ལྔ་པ་ནི་ངའོ། །བརྒྱད་པའི་མཛའ་ཅན་ནི་ཧའོ། །དང་པོའི་གསུམ་བ་ནི་ཨུའོ། །ཟླ་བ་མིག་ནི་ཨ་བུ་ངོ། །གཉིས་པའི་ངང་པོའི་ལྔ་པ་ངའོ། །གཉིས་པའི་ལྔ་བའི་གཉིས་པ་ནི་ཕའོ། །གཉིས་པའི་གསུམ་པའི་དང་པོ་ནི་ཊའོ ་བརྒྱད་མཛའ་ཨི་གསུམ་པ་ནི་སའོ། །གཉིས་པའི་ལྔ་བའི་གསུམ་བ་ནི་པའོ། །བརྒྱད་མཐར་ལྡན་པ་ནི་ཧའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བཞེས་བྱ་བ་ནི་སྐུའི་འཁོར་ལོའི་སྔགས་བཏུས་ཏེ་འཁོར་ལ་བཤད་པའོ། །འདི་ནི་སྔགས་ཀྱིས་རྒྱལ་པོ་སྟེ། ། ་འབུམ་ཕྲག་གཅིག་བཟླས་བ་ཡིས་ཐམས་ཅད་འགྲུབ་པར་འགྱུར། །སྐུ་གསུང་ཐུགས་ཀྱི་ཡི་གེའི་བཏུ་པའི་རིམ་པ་བསྟན་པའི་ལེའུའོ། །ཡི་གེ་བཅུ་བའི་ལེའུའི་བཤད་པ་སྟེ་དགུ་པའོ།། །།དེ་ནས་ཞེས་བྱ་བ་ནི་དམ་ཚིག་གི་འཁོར ་ལོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་སྟེ་གོ་སླའོ། །དེ་ཡང་མཁའ་འགྲོ་མ་རྒྱ་མཚོ་ལས། །དམ་ཚིག་ལྡན་པས་དངོས་གྲུབ་ནི། །ཐམས་ཅད་འགྲུབ་པར་དཔའ་བོས་གསུངས། །དམ་ཚིག་མི་ལྡན་ཐམས་ཅད་ནི། །དངོས་གྲུབ་ཀུན་ལ་བདུད་ཀྱིས་ནི། །ལས་རྣམས ་བར་དུ་གཅོད་པར་འགྱུར། །དེ་བས་དམ་ཚིག་ཐམས་ཅད་ནི། །འབར་བས་མང་པོས་སྤྱད་པར་བྱ་ཞེས་གསུངས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་བཅོམ་ལྡན་འདས་དམ་ཚིག་ཆེན་པོའི་འཁོར་ལོའི་ཏིང་ངེ་འཛིན་ལ་ཞུགས་པའོ། །བླ་མ་ཞེས ་