CLOSE WINDOW

N1418: pad+ma spyan ras gzigs dbang phyug gi pad+ma dra ba'i rim pas bcom ldan 'das kyi dkyil 'khor du mchod pa'i cho ga
Wyliee-texts based on the ACIP/ALL Input

ལས། །དེ་རིང་བདེ་བ་ཆེན་པོ་ཡི། །རོ་ཡིས་གང་བར་བྱེད་པའོ། ། ལ་ལ་ལི་ཧོ(རྒྱུད་འགྲེལ་བྱས་ལ་མཆོད་པའི་ལྷ་མོ་རྣམས་ལྷའི་ལུས་ལ་རབ་ཏུ་ཞུགས་པར་བསམས་ནས་དེའི་རྗེས་སུ་ཐོག་མར་ཡ་ཡིག་གིས་རླུང་གི་དཀྱིལ་འཁོར་ནག་པོ་གཞུའི་དབྱིབས་ཅན་བསམས་ནས་དེའི་སྟེང་དུ་ར་ཡིག་གིས་མེའི་དཀྱིལ་འཁོར་གྲུ་གསུམ་འབར་བས ་མཚན་བ་དེའི་སྟེང་དུ་བདུད་རྩིས་ཡོངས་སུ་གང་བའི་ཐོང་བ་བསམས་ནས་བདུད་རྩི་དེ་ཧཱུཾ་ཡིག་གིས་སྦར་བ་དང། ཨོཾ་ཡིག་གིས་བདུད་རྩིའི་རང་བཞིན་དུ་རྣམ་པར་བསྒོམས་ནས་ལྕེ་ལ་ཧཱུཾ་ཡིག་གིས་རྫོགས་པའི་རྡོ་རྗེས་བྱིན་གྱིས ་བརླབས་པར་བསམས་ནས་སྙིང་གར་གནས་པའི་དཀྱིལ་འཁོར་གྱི་འཁོར་ལོ་མཛའ་དག་བདུད་རྩིས་ཚིམ་པར་བྱའོ། །དེ་ནས་ཧྲི(རྒྱུད་འགྲེལ་རག་པ་བསྒོམ་པའི་དོན་དུ་རྣམ་པར་དཔྱད་པ་བརྩམ་པར་བྱ་སྟེ། གཅིག་དང་གཅིག་མིན་སོགས་བརྟགས་བས། །ཕྱི་རོལ་དངོས་པོ་མི་འགྲུབ་སྟེ། །དེ་ཉིད་ཕྱིར་ན་དེ་གཟུང་དང། །རྣམ་པར་ཤེས་པའང་ཡོད་མ་ཡིན། །དེས་ན་འདི་དག་རང་ཉིད་ཚུལ། །རང་ལ་དག ་ལས་གདན་ལ་ཁྱབ། །ཇི་བཞིན་ཡིན་དང་ཇི་བཞིན་མིན། །འགྲོ་བ་འདི་དག་རྟོགས་པར་བྱ། །འདི་དེ་དམ་པའི་དོན་ཅན་གྱི། །བྱང་ཆུབ་སེམས་སོ་འདི་དེ་ནི། །ཤེས་རབ་ཕ་རོལ་ཕྱིན་པའི་དངོས། །འདི་ཉིད་མཆོག་གི་སྟོང་ཉིད་ཀྱི། །ཡེ་ཤེས་དེ་ལས་དེ་བཞིན་དུ། ་རྣམ་དག་གཟུགས་ཉིད་དེ་ཡི་གཟུགས། །མེད་པ་ཉིད་ཕྱིར་དེ་དབྱེར་མེད། །དགེ་བའི་སེམས་བྱུང་སེམས་རང་བཞིན། །དཀྱིལ་འཁོར་པ་ཀུན་ཤེས་པར་བྱ། །ཞེས་པ་ལས་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ནོ། །དེའི་རྗེས་སུ་སྙིང་གའི་ཟླ་བར་པདྨ་ཕྲ་མོ་ལ་གནས་པའི ་པའི་སྒྲུབ་ཐབས་རྒྱལ་བ་དཔལ་ཡེ་ཤེས་ཀྱི་མཛད་པ་རྫོགས་སོ།། །།ཁ་ཆེའི་པཎ་ཌི་ཏ་སུ་མ་ན་ཤྲཱི་དང། བོད་ཀྱི་ལོ་ཙ་བ་དག་སློད་རིན་ཆེན་གྲུབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། །པདྨ་ཨཱ ་བ་ལོ་གི་ཏེ་ཤྭ་བྱ་པདྨ་ཛཱ་ལ་ཀྲ་མེ་ཎ་བྷ་ག་བ་ཏེ་མཎྜལ་པཱུ་ཛཱ་བི་དྷི། བོད་སྐད་དུ། །པདྨ་སྤྱན་རས་གཟིགས་དབང་ཕྱུག་གི་པདྨ་དྲ་བའི་རིམ་པས་བཅོམ་ལྡན་འདས་དཀྱིལ་འཁོར་དུ་མཆོད་པའི་ཆོ་ག། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་པདྨ་དྲ་བ ་ལ་ཕྱག་འཚལ་ལོ། །མཛའ་མེད་འཁོར་བའི་རྒྱ་མཚོ་ཡི། །ནང་དུ་རྒྱུ་བའི་འཇིག་རྟེན་རྣམས། །མངའ་བདག་ཐུགས་རྗེས་ནོན་པས་འདོན། །འཇིག་རྟེན་དབང་ཕྱུག་རྒྱལ་གྱུར་ཅིག། །ཀུན་མཁྱེན་གྱིས་ཀྱང་ལེགས་ཤེས་མིན། །ཟབ་ཅིང་རྒྱ་ཚེའི་ཆུ་གཏེར་ནི། །པདྨའི་ཕྱག ་གིས་ཐུགས་རྗེས་མཁྱེན། །བརླིང་བའི་མཛད་པ་ལ་ཕྱག་འཚལ། །བན་དུ་ཀ་དང་སེ་འབྲུ་མཚལ་བཟངས་པདྨ་རཱ་ག་དང། །རྒྱ་སྐྱེགས་ཁུ་བ་ཞུ་བ་དམར་པོའི་གདན་དང་པདྨ་གསེར། །སྣང་ལས་རྣམ་པར་རྒྱལ་ནས་ཐུགས་རྗེའི་དམར་པོ་མཆོག་གི་སྐུ། །འཇིག་རྟེན ་དབང་ཕྱུག་བླ་མ་འདི་ནི་མཆོག་གསལ་རྣམ་སྣང་བྱེད། །དེ་ནི་སེམས་ཅན་ཐམས་ཅད་ཡོན་ཏན་ཕུན་ཚོགས་ཀུན་འཛིན་པ། །འཇིག་རྟེན་དབང་གི་དབུ་ལ་རྟག་ཏུ་ཡང་དག་གནས་བཅས་པ། །འདོད་ཆགས་ལ་སོགས་ཉེས་བཞི་ལྡན་བདེ་བར་གཤེགས་པའི་གཙོ། །ཡོན ་ཏན་མང་པོ་ཡང་དག་གནས་པའི་འོད་དཔག་མེད་ལ་འདུད། །པདྨ་དཱ་ག་རྣམ་པར་བདར་དང་གསེར་དང་སྣང་བྱེད་འོད། །ཚོགས་རྣམས་རབ་འཛག་བྱུ་རུའི་སྡོད་པོ་ཚངས་དང་མཚལ་བཟངས་མཛེས། །མཁའ་མཉམ་སྣང་བ་མཛའ་ཡས་ཡོན་ཏན་རྒྱ་ཆེ་འོད་དཔག་མེད། །བཅོམ? ་ལྡན་འཇིག་རྟེན་མགོན་པོའི་ཅོད་པན་རྒྱན་གྱུར་ལ་ཕྱག་འཚལ། །གང་གིས་སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཀྱང་མི་ཤེས་པའི་སྦྱོད་པ་ནི་བདག་གི་པགས་པའི་མིག་གི་སྐུ་བཞི་པོའི་རང་གི་ངོ་བོ་དཀྱིལ་འཁོར་མཆོད་པའི་ཆོ་ག ་བརྗོད་པར་བྱའོ། །དེར་དག་ཉིད་བཞད་གང་དུ་བྱེད་པ་གལ་ཏེ་ཡང། །དེ་ལྟན་ཡང་དེའི་དྲིན་འདི་ཡིས། །ཚོགས་རྣམས་བདག་ལ་ཆེན་བོར་འཆར། །རང་གི་རྒྱུ་མཆིན་དེ་རྣམས་ནི། །ནོར་ལྷའི་ཕྲིན་ལས་བཟང་པོ་རྣམས། །དེ་ཕྱིར་གཞན་ལ་ཕན་དོན་དུ། །ཇི་བཞིན་བྱས་པ་མ ་ཡིན་ཡང། །ཡོངས་སུ་ངལ་གང་ལེགས་པ་ཡི། །ཤིན་ཏུ་ཆུང་གྱུར་ཀྱང་མཛེས་བྱེར། །མཆོད་པའི་ཆོ་ག་དམ་པའི་ལམ། །ལེགས་པ་དེ་འདི་མཉེས་གྱུར་ཅིག་།ཅུང་ཟད་ཅི་ཡང་ཤེས་བྱེད་པ། །ལས་ཐམས་ཅད་པ་བདག་གི་བརྗོད། །དང་པོ་རེ་ཤིག་ཚངས་པའི་ཡུད ་ཙམ་ལ་རྡོ་རྗེ་སློབ་དཔོན་སྟན་ལས་ལངས་ནས་གོས་ཡོངས་སུ་བགོས་ཏེ་ལྷའི་ངག་གི་ཐ་སྙད་བྱ་ཞིང་འཇིག་རྟེན་པའི་ཕལ་པའི་སྐད་ཀྱིས་འདྲིས་པ་ཡོངས་སུ་སྤངས་པ་འམ་མི་སྨྲ་བ་བྱས་པ་ཕྱི་རོལ་གྱི་སར་གཙད་སྤྲའི་ཆེད་དུ་ཡང་དག་པར་བརྟེན་པར་བྱའོ། །དེ་ལ་ཉི་མ ་སྔ་དྲོ་ཁ་ཤར་དུ་ཕྱོགས་པ་དང། ཉི་མ་གུང་ལ་ལྷོར་ཕྱོགས་པ་དང། རྒོངས་མོ་ནུབ་ཏུ་ཕྱོགས་པས་ཉེ་བར་འདུག་སྟེ་ལངས་ནས་རྟགས་ལ་གཅིག་དང་བཤད་ལམ་ལ་གསུམ་དང་དེ་བཞིན་དུ་ལག་པ་གཡོན་ལ་བཅུ་དང་གཉི་ག་ལ ་བདུན་པ་སྤྱིན་པར་བྱ་བས་དག་པར་མངོན་པར་འདོད་དོ་ཞེས་པའི་རིམ་པས་གཙང་སྦྲ་བྱའོ། །དེ་ནས་སླར་ཡང་ཁ་བཤལ་ནས་དལ་གྱིས་དལ་གྱིས་དཀྱིལ་འཁོར་གྱི་ཁང་པར་འཇུག་པར་བྱའོ། །ཞུགས་ནས་ཨོཾ་སརྦབ་ཏ་ཐཱ་ག་ཏཱ་ནཱཾ་པཱ་ད་བནདྷ་ནཾ་ཀ་རོ་མི་ཨོཾ་ན་མ: ་སརྦ་བུ་དྡྷ་བོ་དྷི་ས་ཏྭེ་བྷཡ(རྒྱུད་འགྲེལ་འཁོར་གྱི་ཤར་གྱི་ཆར་ཁ་ནུབ་གཏུ་ཕྱོགས་པའམ་གལ་ཏེ་མ་ཡིན་ཏེ་བྲིས་པའི་དཀྱིལ་འཁོར་མེད་ན་དེའི་ཚེ་སྟོན་པ་པོ་བླ་བཟང་པོས་གལ་ཏེ་ས་ལ་ཁ་ཤར་དུ་ཕྱོགས་པར་གྱུར་ནས་ཡེ་ཤེས་ཀྱི་ལྷ་ལ་མཆོད་པར་བྱའོ། །ཞེས་གསུངས་པའི་ཕྱིར། །དེ་ལ་ཨོཾ་བཛྲ ་ཨུ་ད་ཀེ་ཧཱུཾ་ཞེས་ཁྱོད་བའི་ཆུ་ལ་མངོན་པར་བསྔགས་ཏེ་ཆུའི་ཉེས་པ་བསལ་ནས་ལན་གསུམ་དུ་མགོ་ལ་མངོན་པར་བསྐུར་བར་བྱའོ། །དེ་ནས་ཨོཾ་བཛྲ་ཨུ་ད་ཀ་མ་མ་ཤྲཱི་པདྨ་ཨ་བ་ལོ་ཀི་ཏེ་ཤྲ་ར་མུ་ནི་བ་ར་མ་པ་ར་མ་ཨ་ནུ་ཏ་ནོ(རྒྱུད་འགྲེལ་ཞེས་པས་ལག་པ་དང་གདོང་ཁྲུས་བྱའོ། །དེ་ནས་བསམ་གཏན་གྱི་ཕྱག་རྒྱ་བཅིངས་ནས་བཅོམ་ལྡན་པདྨ་སྦྱན་རས་གཟིགས་དབང་ཕྱུག་ལ་བསྟོད་པས་བསྟོད་པར་བྱའོ། །སྐྱོན་མེད་ཡོན་ཏན་གྱིས་མཛེས་པ། རྒྱལ་བ་འོད་དཔག་མེད་ཀྱིས་རྒྱལ། །ཅོད? ་མན་བགྲ་ཤིས་སྦྱིན་པ་པོ། །ཐུགས་རྗེའི་བདག་ཉིད་ཁྱོད་ལ་འདུད། །པདྨ་མཆོག་གི་འོད་ཀྱི་ལུས། །པདྨ་མཆོག་གི་འཛིན་པ་དང། །པདྨའི་དཔལ་གྱི་གཏེར་གྱི་ཕྱག། །པདྨ་ཆེན་པོའི་གདན་ལ་བཞུགས། །རལ་པའི་དཀྱིལ་འཁོར་དམ་པ་འཆང། །ཐམས ་ཅད་མཁྱེན་པའི་འབྱུང་གནས་འཛིན། །སེམས་ཅན་འདོན་པར་བྱེད་ལ་མཁས། །སེམས་ཅན་དཔུགས་འབྱིན་མཛད་པའི་ཕྱག། དམན་དང་ཞན་ལ་རྗེས་བརྩེ་བ། །སེམས་ཅན་སྨིན་པར་མཛད་བ་ལ། །རྟག་ཏུ་སེམས་ཅན་ངེས་གནས་པ། །སེམས་དཔའ་ཆེན་པོ་བསྟོད་པའི ་བདག་།སེམས་དཔའ་སྙིང་པོ་མཆོད་པ་ལ། །རྒྱུ་མེད་སེམས་ཅན་མཉེས་གཤིན་པ། །སྨན་གྱི་རྒྱལ་པོ་དང་མཚུངས་པ། །ཉི་མ་ཟླ་བ་མེ་ཡི་སྤྱན། །ཤིན་ཏུ་རྣམ་པར་དག་ཡོན་བདག། །ཤིན་ཏུ་རྣམ་དག་གོ་འཕང་གནས། །ཤིན་ཏུ་རྣམ་དག་རབ་སྦྱིན་པ། །དམ་ཆོས་མཛོད ་ཀྱི་བདག་པོ་སྟེ། །ཡིད་བཞིན་ནོར་བུ་མཉམ་པའི་འོད། །ཐར་པའི་ལམ་ལ་རབ་གནས་པ། །སྣ་ཚོགས་འཇིགས་པ་འཕྲོག་པར་བྱེད། །ཡོན་ཏན་མགོན་པོ་ཁྱོད་ལ་འདུད། །ཐུགས་རྗེ་ཆེན་པོ་ཁྱོད་ལ་འདུད། །བྱམས་དང་དགའ་བ་ལ་ཕྱག་འཚལ། །ཕ་རོལ་ཕྱིན་པ་དྲུག་ཕྱག ་འཆལ། །ཁྱབ་བདག་ཆེན་པོ་ཁྱོད་ཞབས་ལ། །སལ་ལྟུང་ནས་བདག་ཕྱག་འཚལ། །ས་སྟེང་འཇིག་རྟེན་དག་བྱས་པ། །ཉེས་པ་ཟད་པར་མཛད་པ་ལ། །ཇི་ལྟར་མཁའ་འདི་ཕ་རོལ་མཛའ་མེད་ཅིང། །ཉི་མའི་རབ་གདུང་མཚུངས་མེད་ཇི་བཞིན་ཉིད། །ཇི་ལྟར་སངས་རྒྱས ་ཡོན་ཏན་མཛའ་མེད་ཉིད། །ཁྱེད་ཀྱི་བརྩེ་ཆེན་མཛའ་མེད་དེ་བཞིན་ཉིད། །ནམ་མཁའ་མ་ལུས་ཀུན་ཏུ་གནས། །རྟག་ཏུ་འགྲོ་དྲུག་རྒྱུ་བྱེད་པ། །ཀུན་ནས་འདོན་པར་བྱེད་འདོད་ཁྱོད། །སྲིད་པའི་བར་དུ་བདག་ཕྱག་འཚལ། །འཇིག་རྟེན་བླ་མ་འཕགས་པ་ཁྱོད་ཞབས་པདྨ་ལ། ། ་བདག་གིས་བསྟོད་པའི་བྱ་བ་འདི་དག་ཀུན་པུལ་ལས། །ཡང་དག་བྱུང་བའི་བསོད་ནམས་མངོན་བྱུང་ཉེར་ཐོབ་པ། །སྐྱེ་བོ་རྣམས་ཀྱི་རྟག་པ་ཁོ་ནར་འབྱུང་བར་གྱིས། །ལོང་བ་མགོན་མེད་ལམ་མེད་རབ་ཞུགས་པ། །སྲིད་པ་སྡིག་པའི་ཚོགས་སུ་ངེས་བྱིང་ལུས། །བསོད ་ནམས་འདི་ཡིས་ཉེས་པ་མ་ལུས་པ། །སླར་ནི་མི་སྐྱེ་མྱུར་དུ་གྲོལ་གྱུར་ཅིག། སྟུག་བསྔལ་རྣམས་པར་སྤངས་ཤིང་མུན་པའི་ཚོགས་བསལ་བ། །ཆགས་པ་ཉེ་བའི་ཆགས་བྲལ་འཁོད་པའི་རྒྱུ་ཚོགས་ཀྱིས། །འཁོར་བརྒྱུ་བ་པོར་རྒྱུར་ཡུལ་སྤྲུལ་མཆེ་བ་ཡི། །ཕྲག་ཏུ ་ཉེར་སོན་ཉེན་པ་བདག་ལའང་རབ་སྲུངས་ཤིག། དམ་པའི་ལམ་སྟོན་མཆོག་ཏུ་ཆེ་བའི་དོན་བཅས་འཛིན། །མཆོག་གི་དབང་ཕྱུག་དེང་ནི་མྱུར་དུ་ལམ་སྟོན་ཅིག་།ལས་ཀྱི་ཆུ་རླབས་གཡོ་བའི་དྲག་པོའི་ཡུལ་འཛིན་པ། །འཇིགས་པའི ་དབང་པོར་རབ་གྲགས་ཆུ་སྲིན་འཇིགས་རུང་མཚན། །འཁོར་བའི་རྒྱ་མཚོ་སྒྲོལ་བྱེད་སྐྱ་འཛིན་བཅོམ་ལྡན་འདས། །སྙིང་རྗེའི་གཏེར་གྱིས་མྱུར་དུ་ཕ་རོལ་བདག་དྲོངས་ཤིག་།འཇིག་རྟེན་ཁམས་ཀྱི་ལྷ་དབང་པདྨ་སྤྱན་རས་གཟིགས། །སེམས་ཅན་མ་ལུས ་སྲིད་པའི་སྡུག་བསྔལ་ཚོགས་རྣམས་འཕྲོག་།བདག་དང་འགྲོ་ཀུན་འཇིགས་འཕྲོག་བདག་ཉིད་ཆེན་པོ་ཁྱོད། །རྟག་ཏུ་མི་འབྲལ་མཐོང་པར་འདིར་ནི་ཡོད་གྱུར་ཅིག། སྐྱོ་དང་ཉེར་ཆགས་སྤངས་པ་མཚུངས་མེད་དྲི་བྲལ་བརྩོན་འགྲུས་ནི། །གཞན་ཕན་ངེས ་དགའ་བདག་ནི་ངེས་པར་བདག་ལ་དོགས་པ་མེད། །རྒྱ་ཆེ་ཡོན་ཏན་རྟག་ཏུ་ཕྱུག་པ་ཉེས་པ་རབ་རྒྱས་གྲོལ། །རབ་མཆོག་པདྨའི་ཕྱག་ཁྱོད་ཇི་བཞིན་ཁོ་ནར་བདག་གྱུར་ཅིག་ཅེས་བསྟོད་པ་བྱའོ། །དེ་ནས་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས ་ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །དེ་ལྟར་བསྒོམ་པ་བྱས་པ་བདག་ཉིད་སྔགས་ཀྱི་དཀྱིལ་འཁོར་བསྲུང་བའི་དོན་དུ་སྡིགས་མཛུབ་དང་མཐེ་བོའི་སེ་གོལ་རྣམས་ཀྱིས་ཤར་ལ་སོགས་པའི་ཕྱོགས་དང་ཕྱོགས་བྲལ་རྣམས་སུ་བགེགས་བསྐྲད ་པར་བྱ་སྟེ། ཨོཾ་ཨ་མྲི་ཏ་ཀུཎ?་ལི་ཧ་ན་ཧ་ན་ཧཱུཾ་ཕཊ་ཅེས་པའི་སྔགས་ཀྱིས་སོ། །དེ་ནས་རང་གི་སྙིང་གར་པཾ་ལས་སྐྱེས་པའི་པདྨ་དམར་པོ་དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཧྲིཾ(རྒྱུད་འགྲེལ་དང་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཐམས་ཅད་སྣང་བར་གྱུར་པར་རྣམ་པར་བསམ་པར་བྱའོ། །རང་གི་འདོད་པའི་ལྷའི་གཟུགས་རྣམས་དཀྱིལ་འཁོར་གྱི་འཁོར་ལོ་བླ་མ་རྣམས་དང་བཅས་པ་སྣང་བར་གྱུར་པར་བྱའོ ་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ད་ཡ་སཾ་ཕྲ་བ་ཀ་པྲ་ཏྱེ་ཀ་བུ་དྡྷ་བོ་དྷི་ས་ཏྭ་ཨཱཏྨ་ཀཾ་ཨ་ནུ་གྲ་ཧཱ་ཡ་ག་ག་ན་ཏ་ལེ་ཨཱ་བཾ་ར་བྷཱ་བ་ནྟུ་ཧཱུཾ་ཧཱུཾ་ཧཱུཾ་ཡུལམ་བྷཡཾ་ན་མ(རྒྱུད་འགྲེལ་ལྷ་མོ་རྣམས་དང་ཕྱི་རོལ་གྱི་རྣམ་པ་སྣ་ཚོགས་པའི་མེ་ཏོག་ལ་སོགས་པའི་ལྷ་མོ་རྣམས་ཀུན་ཏུ་སྤྲོས་ནས་དེ་ཉིད་ཡང་དག་པར་མཆོད་ཏེ་བདག་དེ་རྣམས་ལ་དབུལ་བར་བྱས་ནས་ཐལ་མོ་སྦྱར་ཏེ་ཕྱག་དང་བཅས་པར་བྱའོ། །དེ་བཞིན་དུ་སྔགས་ཀྱང་བཀླག་པར ་བྱའོ། ཨོཾ་སརྦ་ཏཱ་ཐཱ་ག་ཏ་པུ་ཥཔ་པུ་ཛཱ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡ་ཤྲཱི་ཡ་ཧཱུཾ་དེ་བཞིན་དུ་དྷཱུ་པ་ལ་སོགས་པ་རྣམས་སོ། །འདི་ལྟར་ནམ་མཁར་སྣང་བར་གྱུར་པའི་དཀྱིལ་འཁོར་མཆོད་པར་བྱའོ། །དེ་ནས་སྡིག་པ་བཤགས་པ་སྔོན་དུ་འགྲོ་བས་དཀོན་མཆོག་གསུམ་ལ ་སྐྱབས་སུ་འགྲོ་བའི་ཚིགས་སུ་བཅད་པ་བཀླག་པར་བྱའོ། །སངས་རྒྱས་བླ་མ་ཕྱག་འཚལ་ལོ། །སྐྱོབ་པའི་ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ཆེ་ལ་ཕྱག་འཚལ་ལོ། །གསུམ་ལའང་རྟག་ཏུ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆིས། །སྡིག་པ་ཐམས ་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང། །སངས་རྒྱས་བྱང་ཆུབ་ཡིད་ལ་བཟུང། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། ། ་བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ཤིང། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྦྱང་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འབྱུང་གྱུར་ཅིག། སྡིག་པ་ཐམས་ཅད་བཤགས་པ་དང། །བསོད ་ནམས་རྗེས་སུ་ཡི་དང་དང། །གང་འཕགས་ཡན་ལག་བརྒྱད་གསོ་སྦྱོང། །བྱས་སམ་ཀུན་ཏུ་སྤྱད་པར་བགྱིའོ་ཞེས་སོ། །དེ་ནས་སླར་ཡང་ཚངས་པའི་གནས་བཞི་བསྒོམ་པར་བྱས་ནས་དོན་དམ་པ་ལས་ཆོས་ཐམས་ཅད་བདག་མེད་པ་འདུས་བྱས་ཐམས་ཅད ་སྐད་ཅིག་པ་མྱ་ངན་ལས་འདས་པ་ཞི་བའོ་ཞེས་ཁམས་གསུམ་པ་སེམས་ཙམ་ཁོ་ནའོ་ཞེས་སྔགས་ཀྱི་དོན་བསྒོམ་པར་བྱའོ། །ོཾ་སྭ་བྷཱ་བ་ཤུདྡྷ(རྒྱུད་འགྲེལ་ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱ་ཏྨ་ཀོ་ཧཾ་ཞེས་སོ། །དེ་ནས་ནང་གི་མི་ཤེས་པའི་མུན་པས་ཡོངས་སུ་བསྐོར་བའི་སྙིང་གི་ཁུང་བུའི་ནང་དུ་སོན་པ་སེམས་ལ་གནས་པ་རྣམ་པར་བསམས་ནས་དེའི་མུན་པའི་རྣམ་པའི་རང་གི་ངོ་བོ་མི་ཤེས་པ་བཟློག་པའི་ཕྱིར ་སྙིང་གི་པདྨ་རབ་ཏཱ་རྒྱས་པ་ལ་བརྒྱ་ཕྲག་བཅུར་འོད་གསལ་བའི་ཉི་མ་ལ་སོགས་རྣམ་པར་བསྒོམ་པར་བྱའོ། །དེས་སེམས་དྲི་མ་མེད་པ་ཅན་དུ་བྱས་པ་ཀུན་ཏུ་བལྟ་བར་བྱའོ། །དེ་ལ་སེམས་ཀྱི་ནང་དུ་ཧཱུཾ་ཡོངས་སུ་གྱུར་པ་འཆད་བཞིན་པའི་རིམ་པས་རྡོ་རྗེའི ་གུར་ལ་སོགས་པའི་རིམ་པའོ། །དཔེར་ན་དང་པོར་རེ་ཞིག་ཆོས་འབྱུང་གི་ཕྱག་རྒྱ་གདེངས་ཀ་གྱེན་དུ་ཕྱོགས་པ་དཀར་པོ་ཟུར་གསུམ་འོག་ཏུ་རྩེ་མོ་ཕྱོགས་པ་བསྒོམ་པར་བྱའོ། །དེའི་དབུས་སུ་སྣ་ཚོགས་པདྨ་དང་སྣ་ཚོགས་རྡོ་རྗེའོ། །དེའི་འོག་ཏུ་ཡཾ ་ལས་སྐྱེས་པའི་རླུང་གི་དཀྱིལ་འཁོར་ནག་པོར་སྣང་བའོ། །དེའི་སྟེང་དུ་རཾ་ལས་སྐྱེས་པའི་མེའི་དཀྱིལ་འཁོར་དམར་པོ་ཟུར་གསུམ་པ་དེའི་སྟེང་དུ་བཾ་ལས་སྐྱེས་པའི་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་དེའི་སྟེང་དུ་ལམ་ལས་སྐྱེས་པའི་དབང་ཆེན ་གྱི་དཀྱིལ་འཁོར་སེར་པོ་གྲུ་བཞི། །དེའི་སྟེང་དུ་སུམ་ལས་སྐྱེས་པའི་ལྷུན་པོ་ཆོས་མངོན་པ་མཛོད་ཀྱི་འཇིག་རྟེན་གྱི་ཁམས་རྣམ་པར་གཞག་པར་གསུངས་པ་བཞིན་རི་བདུན་དང་གླིང་དང་བཅས་པ་དེའི་སྟེང་དུ་ཨ་ཡོངས་སུ་གྱུར་པའི་བླ་བ། །དེའི་སྟེང་དུ་པཾ ་ཡིག་སར་པོ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་པདྨ་དེའི་སྟེང་དུཾ་བ་ཡོངས་སུ་གྱུར་པའི་སྣ་ཚོགས་རྡོ་རྗེའོ། །དེའི་ལྟེ་བ་ལ་བྷྲུཾ་ལས་སྐྱེས་པའི་འཁོར་ལོ་དེའི་ལྟེ་བར་རྣམ་པར་སྣང་མཛད་ཀྱི་རང་གི་ངོ་བོ་ཡེ་ཤེས་ཀྱི་མཆོད་རྟེན་ཁང་པ་བརྩེགས་པ་བལྟ་བར་བྱའོ ་ཞེས་པ་རྒྱུད་ཐམས་ཅད་ལ་ངེས་པའོ། །ཁང་པ་བརྩེགས་པ་དེ་ཉིད་ལ་གྲུ་བཞི་པ་སྒོ་བཞི་པ་ཞེས་དཀྱིལ་འཁོར་གྱི་ཆོ་གར་བྲིས་པ་འཆད་བཞིན་པའི་རིམ་པས་ཐམས་ཅད་རྣམ་པར་བསམ་པར་བྱས་ནས་དེའི་བདག་ཉིད་མཆོད་པའི་ཡོ་བྱད་དུ་གྱུར་པར་དབུལ་བར ་བྱའོ། །ོཾ་སརྦ་ཏཱ་ཐཱ་ག་ཏ་པཱུ་ཛཱ་བཛྲ་སྭ་བྷཱ་ཨ་ཏྨ་ཀོ་ཧཾ་ཞེས་སོ། །དེ་ནས་མགོ་བོར་འཁོར་ལོ་རྩིབས་བཅུ་གཉིས་པ་དཀར་པོའི་སྟེང་དུ་ཨོཾ་ཡིག་དཀར་པོ་ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ་དེའི་རྗེས་སུ་མགྲིན་པར་པདྨ་དམར་པོ་འདབ་མ་བརྒྱད་པའི་སྟེང་དུ ་ཨ(རྒྱུད་འགྲེལ་གཡས་སུ་ཞལ་བསིལ་དང་མཆོད་ཡོན་གྱི་སྣོད་མདུན་གཡོན་དུ་བཞག་ནས་ཨོཾ་བཛྲ་ཨ་དྷ?་ཧཱུཾ་ཞེས་ཉེ་བར་རེག་ནས་སྐུའི་དབང་པོ་ལ་སོགས་པའི་ས་བོན་གསུམ་གྱིས་བྱིན་གྱིས་བརླབ་པོ། །དེ་ནས་ཞབས་བསལ་དེ་མཆོད་རྫས་གཞན་ལ་མངོན་པར་གཏོར་བར་བྱའོ། །ོཾ ་ཨརྒྷཾ་པྲ་ཏཱིཏསྩ་བཙ་པཱ?་བྱི་པྲ་ཏཱིཙྪ་བཛྲ་པུཥྚེ་ཨཱ་ཧཱུཾ་བཛྲ་དྷུ་པེ་ཨཱ་ཧཱུཾ། ཞེས་པ་ལ་སོགས་པ་རང་རང་གི་ཕྱག་རྒྱས་དབུལ་བར་བྱའོ། །དེ་ནས་རང་གི་དོན་གྱི་ཆོ་གས་བྲིས་པ་མ་ཡིན་པའི་དཀྱིལ་འཁོར་སྔར་གྱིས་རིམ་པས་ཡེ་ཤེས་སེམས་དཔའ་བཀུག་ནས་རྡོ་རྗེ་ལྕགས་ཀྱུ་ལ ་སོགས་པའི་རིམ་པས་ནང་དུ་གཞུག་བར་བྱའོ། །སླར་ཡང་ཀུན་ཏུ་སྤྲོས་ནས་སེམས་ཅན་ལ་ཕན་པའི་དོན་བྱེད་དུ་བཅུག་ནས་དམ་ཚིག་གི་དཀྱིལ་འཁོར་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དག་གཅིག་ཉིད་དུ་བྱས་ནས་དཀྱིལ་འཁོར་དང་དཀྱིལ་འཁོར་པ་རྣམས་རང ་རང་གི་སྙིང་པོའི་སྔགས་ཀྱིས་མཆོད་པར་བྱ་ཞིང་བཟླས་པ་དང་བསྟོད་པར་བྱས་བ་མཐར་གཤེགས་སུ་གསོལ་བར་བྱའོ། །ཞེས་པ་དཀྱིལ་འཁོར་དང་བྲལ་བ་རང་གི་དོན་གྱི་ཆོ་གར་མདོར་བསྡུས་བ་ལས་རྒྱས་པས་གཞན་གྱི་དོན་དུ་དཀྱིལ་འཁོར་ལ་བརྗོད་པར་བྱའོ་ཞེས ་པ་དང་པོར་སྦྱོར་བ་སྒྲུབ་པ་པོ་རང་གི་དོན་ཆོས་ཀྱི་སྐུའོ། །དེ་ནས་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཆོ་ག་རྒྱས་པས་དཀྱིལ་འཁོར་གྱི་ཆོ་ག་བརྗོད་པར་བྱའོ། །དེ་ལ་དང་པོ་རེ་ཞིག་དཀྱིལ་འཁོར་གྱི་གནས་ཞིང་གི་བདག་པོ་ལ་ཨ་ཀཱ་རོ་མུ་ཁཾ་སརྦ ་དྷ་རྨཱ་ཏཱཾ་ཨཱ་བྱ་ནུ་ཏཔ་ནཱ་ཏྭཱ་ཏ་ཅེས་པས་གཏོར་མ་སྦྱིན་པར་བྱའོ། །དེ་ལ་དཀྱིལ་འཁོར་དུ་ཉེ་བར་རུང་བའི་ས་ལ་བ་ལས་བྱུང་བ་བཅུ་ཕྱེད་ཀྱིས་ཉེ་བར་བྱུག་པར་བྱའོ། །དེ་ལ་སྔགས་ནི་ཨོཾ་ས་མནྟ་དྷ་ར་ཤུ་དྡྷེ་དྷ་ར་དྷ་ར་ཧཱུཾ། ཨོམ་ནི་རྨམ་ལ་ཤུདྡྷ་ཧཱུཾ། ཞེས་སོ། །དེ་ནས་ས་གཞི་དེ་ཁོ་ནའི ་བགེགས་བཟློག་པའི་དོན་དུ་ཞི་བ་ཅན་གྱི་སྦྱིན་སྲེག་བྱའོ། །དེ་ནས་སྔ་མ་བཞིན་དུ་ཐམས་ཅད་བྱས་ནས་གཡས་སུ་སྤོས་ཕོར་གཡོན་དུ་དྲིལ་བུ་བཟུང་ནས་ལྷ་སྤྱན་དྲང་བ་འདི་བཀླག་པར་བྱའོ། །དེ་ནི་རྡོར་སེམས་རང་ངོ་བོ། །དཀྱིལ་འཁོར་མཆོག་ནི་འགྲི་བར་བྱེད། །ལྷ ་རྣམས་བདག་ལ་གྲུབ་པའི་ཕྱིར། །མྱུར་དུ་བསྙེན་པར་མཛད་དུ་གསོལ་བ། །ཞེས་གསོལ་བ་གདབ་པར་བྱའོ། །དེ་ནས་སློབ་དཔོན་རྡོ་རྗེ་སེམས་དཔའ་ཨི་རང་གི་གཟུགས་སུ་བསམས་ནས་གཡོན་པ་དྲིལ་བུ་ཐོགས་གཡས་པ་ཁ་ཊཎཾ་ག་སྟེང་དུ་རྩེ་མོ་ལྔ་པའི་རྡོ་རྗེ་འཆང་བར ་བསམས་ནས་བདག་དེ་དང་འདྲ་བའི་ཕྱག་རྒྱ་བཅིངས་ནས་གཞན་སློབ་མ་རྣམས་ཤར་ལ་སོགས་པའི་ཕྱོགས་སུ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་བཞིའི་ལུས་སུ་ཡོངས་སུ་གཞག་ནས་དེ་རྣམས་ཀྱིས་དཀྱིལ་འཁོར་གྱི་སའི་སྟེང་གི་བླ་མ་སྔགས ་ཀྱིས་མཆོད་པར་བྱའོ། །དེ་ནས་དེ་རྣམས་རྡོ་རྗེ་དྲིལ་བུ་གསིལ་ཞིང་ཤར་དུ་མཉམ་པའི་རྐང་སྟབས་དང་རྗེས་སུ་རྐང་པ་ལ་སོགས་པ་རྐང་སྟབས་བཞི་ཡིས་གར་བྱས་ནས་རང་རང་གི་གནས་སུ་ཉེ་བར་འདུག་སྟེ་དེ་རྣམས་རྣམ་པར་སྣང་མཛད་ལ་སོགས་པ་རང་རང་གི་ཁ་དོག ་དང་ཕྱག་རྒྱས་མཚན་པར་གཞག་ནས་བླ་མ་རང་ཉིད་ཤར་དུ་མངོན་པར་ཕྱོགས་པ་ཇི་ལྟར་གནས་པ་དེ་བཞིན་ཁོ་ནར་འདུག་པར་བྱའོ། །དེ་ནས་སློབ་མ་དེ་རྣམས་རྡོ་རྗེ་སེམས་དཔའ་ཨི་རང་གི་ངོ་བོ་བླ་མ་ལ་རྡོ་རྗེ་མེ་ཏོག་ལ་སོགས་པའི་མཆོད་པ་བཅུ་གསུམ་བྱའོ། ། ་དེ་ལ་སྔགས་ནི་ཨོཾ་ཨོཾ་བཛྲ་པུཥཔེ་ཨཱ(རྒྱུད་འགྲེལ་ཨཱ(རྒྱུད་འགྲེལ་པས་རྡོ་རྗེ་དྲིལ་བུ་བཟུང་ནས། །ི་དམ་ཏེ་གུ་རུ་མཎྜལ་ཀཾ་ནི་རྱཱ་ཏཱ་ཡ་མི་ཞེས་པས་དབུལ་བར་བྱའོ། །ཞེས་པ་སློབ་མ་བཞི་ཡིས་རིམ་པས་མེད་ན་སློབ་དཔོན་གཅིག་བུ་ཁོ་ནས་ཐམས་ཅད་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའ་ཨི་རང་གི་ངོ་བོ་བླ་མ་རྡོ་རྗེ་དྲིལ་བུ་དང ་བཅས་པའི་ཕྱག་དག་གིས་པདྨའི་བསྐོར་བས་གར་གྱི་རྣམ་པས་རྐོར་སྟབས་བཞིས་རྗེས་སུ་རྐང་པ་ལ་སོགས་པས་ཡོངས་སུ་བསྐོར་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་པཱ་ད་བནད་ནཾ་ཀཱ་རོ་མི་ཞེས་པས་རྡོ་རྗེ་གསོར་བར་བྱས་དྲིལ་བུ་གཡོན་དུ་ཁ་གྱེན་དུ་ཕྱོགས་པར་བྱས་ནས་གནས ་བར་བྱའོ། །ཧཱུཾ་ཧཱུཾ་ཞེས་བརྗོད་ལ་བགེགས་བསྐྱུད་པར་བྱའོ། །སླར་ཡང་རཀྵ་རཀྵ་ཧཱུཾ་ཞེས་བརྗོད་ནས་དབང་ལྡན་ལ་སོགས་པར་གཡོན་བསྐོར་གྱིས་བལྟ་བར་བྱའོ། །སླར་ཡང་དབང་ལྡན་ལ་སོགས་པར་གཡས་བསྐོར་གྱིས་བལྟ་བར་བྱའོ། །དེ་ནས་རྡོ་རྗེའི་གྱུར་བསྒོམ་པར་བྱ ་སྟེ་སྔགས་འདི་རྣམས་ཀྱིས། །ོཾ་བཛྲ་མེ་དི་ནི་བཛྲི་བྷ་བ་བནྟ་ཧཱུཾ་ཕཊ། ཨོཾ་བཛྲི་པརྫ?་རུ་ཧཱུཾ་པོ་ཧཱུཾ་ཕཊ། ཨོཾ་བཛྲ་པྲཱ་ཀཱ་ར་ཧཱུཾ་ཕྲཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཤར་ཛཱ་ལ་ཏཱི་སིསྟཝཾ་ཕཊ། །ོཾ་བཛྲ་ཨ་ཙ་ན་གྲི་ཧ་ཧཱུཾ་ཕཊ། ཨོཾ་བཛྲ་བི་ད་ན་ཧཱུཾ་བཾ་ཧཱུཾ་ཕཊ། །ོཾ་བཛྲ་སུ་ཁ་ཨཱ་ས་ན་ཧཱུཾ་ཕཊ་ཅེས་བས་རྡོ ་རྗེའི་རེ་བའི་འབྱུང་བར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའ་ཨི་དམ་ཚིག་གི་ཕྱག་རྒྱ་གུང་མོ་གཉིས་ས་ལ་གནས་པར་བྱས་ནས། །ོཾ་བཛྲ་ཨུཏཱིཥྛ་ཞེས་པས་ནམ་མཁར་རྣམ་པར་བརྟག་ནས་དཀྱིལ་འཁོར་གདེག་པར་བྱའོ། །དེ་ནས་རྗེས་སུ་རྐང་པ་ལ་སོགས་པའི་རིམ་པ་བཞི་པོ ་བྱས་ནས་རྐང་བ་བརྡབ་པར་བྱས་ཏེ། །ཧཱུཾ་ཞེས་བརྗོད་པས་ཁྲོ་བོ་སྤྲོས་ནས། །ོཾ་བཛྲོ་ཏྲཧ?་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ། རིམ་བས་སྒོ་བཞི་བོའི་སྒོ་གླེགས་དབྱེ་བར་བྱའོ། །དེ་ནས་སྡིགས་མཛུབ་ཕུར་བའི་ཕྱག་རྒྱས་ཨོཾ་བཛྲ་མཎྜ་ལ་ཧཱུཾ་ཛ་ཞེས་བརྗོད ་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་དགུག་པར་བྱའོ། །དམ་ཚིག་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་པ་དག་གཅིག་ཏུ་བྱའོ། །དེ་ནས་སེང་ལྡེང་གི་ཕུར་པ་ལྔ་པོ་རྣམས་འབྲུ་ལྔ་རྣམས་ལ་གཞག་ནས་ཨོཾ་ཞེས་བརྗོད་ནས་དེ་ནས་ཕྱུག་སྟེ་སོ་མ་བཏང་བའི་ཕ་གུ་རྣམས་དབང་ལྡན་པ ་སོགས་པ་རྣམས་སུ་ཡོངས་སུ་གཞག་ནས་ཨོཾ་བཛྲ་ཀཱི་ལི་ཀཱི་ལི་ཡ་སརྦཱ་བིགྷ་བནདྷ་ཧཱུཾ་ཕཊ། ཅེས་བརྒྱད་ལྷག་པའི་བརྒྱ་ཡོངས་སུ་བཟླས་ནས་དབར་ལྡན་ལ་སོགས་པའི་ཕྱོགས་རྣམས་སུ་ཕུར་བུའི་གདབ་བོ། །ོཾ་གྷ་གྷ། གྷཝ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཋཊ་ན་ཀཱི་ལ་ཡ་ཀཱི་ལ་ཡ། སརྦ ་པཱ་བཾ་བིགྷཱཾ?་བཛྲ་ཀཱི་ལ་ཡ་བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་སྭཱཧཱ། ཞེ་བརྗོད་ནས་རྡོ་རྗེ་ཐོ་བས་ཕུར་བུས་གདབ་པར་བྱའོ། །དཀྱིལ་འཁོར་གྱི་སྙིང་པོར་རྒོ་བར་བྱེད་པ་འཇིགས་པའི་ཕྱིར་ཤར་སྒོར་ཕུར་བུས་གདབ་པོ། །འདིས་བགེགས་རྣམས་ཕུར་བུས་གདབ་པོ་ཞེས་པའི་དོན ་དེ་ནས་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བུམ་པ་དཀར་པོར་བྱས་ནས་སྣམ་བུ་དམར་པོས་དཀྲིས་ཏེ་འབྲུ་ལྔ་ལ་སོགས་པ་དང་བཅས་པ་མཆོད་ཡོན་དང་བཅས་ཤིང། །མཚན་མ་དང་བཅས་པར་བྱས་ནས་དེའི་སྟེང་དུ་པདྨ། །པདྨའི་སྟེང་དུ་ཟླ་བ་འམ་ཉི་མ། དེའི ་སྟེང་དུ་པདྨ་ལྕགས་ཀྱུ་འམ་བགེགས་མཐར་བྱེད་དམ་བདུད་རྩི་འཁྱིལ་པ་བསམས་ནས་དེའི་དབུས་སུ་རྡོ་རྗེ་ལྕགས་ཀྱུའི་རིམ་པས་ཡེ་ཤེས་པ་བཅུག་ནས་ཁ་བ་ཤལ་བའི་དོན་དང་དག་པའི་དོན་དུ་དཀྱིལ་འཁོར་གྱི་ཁང་པ་འམ་སྒོའི་གཡོན་དུ་གཞག་པར་བྱའོ ་གཞན་དུ་སློབ་དཔོན་རང་དམ་སློབ་མ་ཡིས་ལག་བ་ཅིག་པོ་ཞི་བ་ཅན་གྱི་སྦྱིན་སྲེག་མདོར་བསྡུས་པའི་ཆོ་ག་བྱེད་དུ་གཞུག་གོ་།དེ་ལ་དཀྱིལ་འཁོར་གྱི་ཁང་པར་དབང་པོ་ལ་སོགས་པ་འཇིག་རྟེན་སྐྱོང་བ་བཅུའི་ལྷ་དང་ལྷ་མ་ཡིན་ལ་སོགས་པ་རྣམས་དང། ་ཡི་དྭགས་ལ་སོགས་པ་དང། ཀླུ་རྣམས་ཀྱི་གཏོར་མ་གསུམ་གྱི་སྣོད་གསུམ་སྦྱིན་པར་བྱའོ། །དེ་ལ་རིམ་པ་ནི་ལོ་ཏོག་ནས་གྲོ། སོ་བ་འབྲས། མ་ཤ་མོན་སྲན་སྡེའུ། སྲན་ཆེན་ཨོ་སྐྱ་ཀ་སྲན་ཆུང་མ་སྡུ་ར་བདུན་དང། ཆང་དང་ཤ་དང་ཉ་ལ་སོགས་པ་བླངས་ནས ་སྣོད་གསུམ་པོ་རྣམས་སུ་བགོས་ནས་བཅུག་སྟེ། བྱིན་གྱིས་བརླབ་པར་བྱས་ནས་སྔགས་ཀྱིས་ཀྱང་བྱིན་གྱིས་བརླབ་པར་བྱའོ། །ོཾ་ཨིནྡྲཱ་ཡ། ཨགན་ཡེ། ཡ་མཱ་ཡ། ནཻ་རི་ཏི་ཡེ། བ་རུ་ཎཱ་ཡ། བཱུ་ཡེ་བེ། ཀུ་པེ་རཱ་ཡ། ཨི་ཤཱ་ནཱ་ཡ། ཨུ་རྡྷ་བྲཧམ་ཎེ། ཙནྡྲ་སཱུ་རྱ་བྷཡཾ(རྒྱུད་འགྲེལ་བྲི་ཐི་བྱཻ་སྭཱ་ཧཱ། ནཱ་གེ་བྷཡ(རྒྱུད་འགྲེལ་ཚངས་སོགས་ལྷ་ནི་ཐམས་ཅད་དང། །དབང་སོགས་འཇིག་རྟེན་སྲང་བའོ། །ཀླུ་དང་དྲི་ཟ་གནོད་སྦྱིན་རྣམས། །གཏོར་མ་འདི་ཡིས་ཚིམ་གྱུར་ཅིག་ཅེས་སོ། །ོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷ་རྨཱ་ཎཱ་ཨ་དྱཱ་ནུ་ཏཔ་ནྣ་ཏྭཱཏ། ཞེས་དད་མཆོད་ཡོན་དང་མེ་ཏོག་ལ་སོགས་པ་བྱིན་ནས ་ཨོཾ་བཛྲ་མུ(རྒྱུད་འགྲེལ་གཞན་གྱི་གཏོར་མའི་ལས་ལག་པ་གཉིས་ཀྱིས་བྱས་ནས་མི་སྨྲ་བར་འདུག་པར་བྱའོ། །དེ་ནས་དབང་བསྐུར་གསོལ་བ་འདེབས་བཞིན་པ་མཚན་ཉིད་ཉི་ཤུ་རྩ་ལྔ་དང་ལྡན་པ་ཡོངས་སུ་བརྟགས་ནས་དགུག་པར་བྱའོ། །སློབ་མ་འོངས་ནས་བླ་མ་ལ་ཕྱག་འཚལ་ཏེ ་མེ་ཏོག་ཐལ་མོས་གཟུང་ནས། །ོཾ་བཛྲ་བྷུ་མཱི་མཱ་ཧཱུཾ། ཨོཾ་བཛྲ་རེ་ཁེ་ཨ(རྒྱུད་འགྲེལ་འོད་ཟེར་འཕྲོས་པའི་དྲིན་གྱིས་བདག་ཉིད་ཀྱི། །མུན་པ་རབ་བཅོམ་དེ་ཉིད་རིན་ཆེན་གསལ་མཛད་པ། །རང་ཉིད་རྣམ་རྒྱས་མཐོན་བོས་མཚུངས་མེད་རྙོག་བྲལ་གཟིགས། །དེ་ཕྱིར་གསལ་མཛད་བླ་མ་འདི་ལ་ཕྱག་བྱེད་དོ་ཞེས་བརྗོད་དོ། ། ་བླ་མ་དེའི་ལྷ་ལྷག་པར་གནས་པར་བྱ་སྟེ་དེ་ཁོ་ནའོ། །ོཾ་བཛྲ་གནདྷེ། བཛྲ་པུཥཔེ། བཛྲ་དྷུ་རྤེ། བཛྲ་ཨཱ་ལོ་ཀེ་ཞེས་བཀླགས་ནས་སྙིང་གར་དྲི་དང། ཁ་ལ་བདུག་པ་དང། ལག་པ་གཡོན་དུ་མེ་ཏོག་དང། མིག་དག་ལ་མར་མེ་སྦྱིན་པར་བྱའོ། །དེ་ནས་ཨ ་ཤྭ་ཏྠ་འམ། ཨུ་དུཾ་བཱ་རའི་སོ་ཤིང་སོང་བཅུ་གཉིས་པ་རྩེ་མོར་མེ་ཏོག་དང་བཅས་པ་སློབ་མ་ལ་སྦྱིན་པར་བྱའོ། །དེ་སློབ་མ་དེས་སོས་ཀུན་ནས་རེག་ནས་བ་ལང་གི་ཀོ་བ་ཙམ་ཉེ་བར་བྱུགས་པའི་ས་ལ་དོར་བར་བྱའོ། །ལྷུང་བའི་དགེ་བ་དང་མི་དགེ་བ་རྣམ་པར་དབྱང ་པར་བྱས་ནས་རྡོ་རྗེ་བཞིན་དུ་ལྟུང་བ་ལས་དངོས་གྲུབ་པོ་ཞེས་རྒྱུད་ཐམས་ཅད་ནས་བཤད་པའི་ལུགས་སོ། །ོཾ་པདྨ་ནེ་ཏེ་ཧྲི་ཞེས་པ་སོ་ཤིང་དོར་བའི་སྔགས་སོ། །དེ་ནས་གཡས་སུ་ཉི་ཤུ་རྩ་གཅིག་པའི་ཀུ་ཤའི་རྩེ་མོ་བཟུང་ནས་གཡོན་དུ་བཅུ་གཉིས་པ་གཟུང་སྟེ། ་ཨོཾ་པདྨ་བཛྲི་ཎི་ཇི་ཞེས་པས་གླ་གཉིས་སུ་སྦྱིན་པར་བྱའོ། །དེ་ནས་རང་གི་ལག་པ་གཉིས་སུ་ལུས་ཚད་ཀྱིས་སྐུད་པ་བསྒྲིལ་བ་བཀུ་གནས་སུམ་བསྒྲིལ་དུ་བྱས་ནས་རྡོ་རྗེའི་མདུད་པ་བྱིན་ཏེ། ཨོཾ་པདྨ་ཨཾ་ཀུ་ཤ་ཧྲུཾ་ཕཊ་ཅེས་མངོན་པར་བསྔགས་ནས་ལག་པ་དག་ལ་བཅིང ་བར་བྱའོ། །གསེར་དང་བཅས་པའི་རིལ་བུ་ཡང་ངོ། །བཅིངས་པའི་བར་མཆད་པར་བགེགས་མཐར་བྱེད་ཀྱི་སྔགས་ཀྱིས་བསྲུང་བར་བྱའོ། །བུདྡྷ་མཻ་ཏྲི་བཛྲ་སྔོན་མའོ། །ཞེས་པའི་སྔགས་ཀྱིས་སེ་གོ་ལ་སྦྱིན་པར་བྱའོ། །ོཾ་བཛྲ་ཨུཥྛི་ཥི་ཞེས་པས་སློབ་མའི་གཙུགས?་ཏོར ་བཅིང་བར་བྱའོ། །སང་ཆོས་སྟོན་པར་འགྱུར་རོ་ཞེས་སློབ་མ་གཉིད་ལོག་ཏུ་གཞུག་པར་བྱའོ། །དགེ་པ་དང་མི་དགེ་བའི་རྨི་ལམ་བརྗོད་དོ་ཞེས་པའང་བཤད་པར་བྱའོ། །དེ་ནས་སློབ་དཔོན་རྡོ་རྗེ་དྲིལ་བུ་བཟུང་ནས་གསལ་ཞིང། །རྡོ་རྗེ་སྟེང་དུ་བདུག་སྦོས་གཟུང ་ནས། ཆོ་ག་དི་བཞིན་རིམ་ཇི་བཞིན། །སང་ནི་དཀྱིལ་འཁོར་བྲི་བར་བགྱི། །ལྷ་རྣམས་ལྷ་མོ་མཉམ་པར་བཅས། །ཉེ་བར་གནས་པས་མཛད་པར་རིགས། །ོཾ་སརྦ་ཏ་ཐཱ་ག་ཏ་ནཱཾ། པ་དཱ་བནད་ནཾ། ཀྵ་རོ་མི་ཞེས་པས་ཕྱག་བྱས་སྔར་བརྗོད་པའི་བཅོམ་ལྡན་འདས་ལ་བསྟོད་པ ་བཀླགས་ནས་མཆོད་ཡོན་ལ་སོགས་པ་ཕུལ་ཏེ། ལྷ་དང་རང་གི་མིང་སྙིང་པོར་བྱས་པས་རོལ་མོའི་སྒྲ་བསྒྲགས་ནས་གཏོར་མ་བྱིན་ཏེ། བཛྲ་མུ(རྒྱུད་འགྲེལ་གཙང་སྦྲ་ལ་སོགས་པ་བྱས་ཏེ། སློབ་མ་རྣམས་ཀྱིས་དགེ་བ་དང་མི་དགེ་བའི་རྨི་ལམ་བསྟན་ཏེ། མི་དགེ་བ་རྣམས་ལ་བགེགས་ལ་སོགས་པ་བསྲུང་བ་དང། ཞི་བའི་མེའི་ལས་ལ་སོགས་པ་བྱས་ནས་བསྲུང་བར་བྱའོ། །དེ་ནས་དཀྱིལ་འཁོར་བྲི་བའི་ཆོ་ག་བརྗོད ་བར་བྱའོ། །དེ་ལ་མཆོག་ནི་དཔག་ཚང་ཀྱི་གྲངས་སོ། །འབྲིང་རྒྱུར་གྲགས་ཏེ། ཆུང་དུ་ནི་ཀུན་ཏུ་ཁྲུ་ཡིས་སོ། །དེ་ལ་ཡང་ཁྲུ་བརྒྱ་ཡིས་འཁོར་ལོ་སྒྱུར་བས་སོ། །སའི་བདག་པོས་དེའི་ཕྱེད་ཀྱིས་སོ། །བློན་པོ་ཚན་པོས་ནི་དེའི་ཕྱེད་དོ། །སློབ་མ་དབང་བསྐུར་བ་ལ་དེའི་ཕྱེད་ངོ། །སློབ ་དཔོན་རང་གི་འདོད་པའི་ལྷ་མ་ཉེས་པའི་དོན་དུ་དཀྱིལ་འཁོར་གྱི་ཚར་བྱའོ། །དེའི་ཚད་ཙམ་མེད་པ་ལས་ལས་ཐམས་ཅད་པ་ལ་ཁྲུ་བཞིའོ། །དེ་ལ་བཅོམ་ལྡན་འདས་དཔལ་པདྨ་སྤྱན་རས་གཟིགས་དབང་ཕྱུག་གི་དཀྱིལ་འཁོར་འདི་ལ་ཁྲུ་བཞི་པ་ལ་སོགས་པའི ་རིམ་པ་ཇི་ལྟ་བར་ཁྲུ་བཞི་པ་ཐམས་ཅད་ནས་ཁྲུ་བཅུ་དྲུག་པའོ། །དེ་ལ་སྙིང་པོ་ནས་ཕྱོགས་རྣམས་སུ་ཁྲུ་གཉིས་པར་འགྱུར་རོ། །དེའི་ཁྲུ་གཉིས་པོ་ནི་ཆ་གཉིས་སུ་བྱས་ནས་དེའི་ནང་མའི་ཆ་གཅིག་ལ་ཡང་ཆ་གསུམ་གྱི་པདྨ་རིམ་པ་གསུམ་མོ། །ནང་དུ་འདབ་མ་བརྒྱད ་བའོ། དེའི་སུམ་ཆས་ཟེ་འབུའོ། །ཕྱི་རོལ་ཏུ་འདབ་མ་བཅུ་གཉིས། །དེའི་ཕྱི་རོལ་དུ་འདབ་མ་བཅུ་དྲུག་གོ་།ཞེས་པ་སྡོང་བུ་གཅིག་ལ། རིམ་པ་གསུམ་མོ། །ཆ་གཉིས་པའི་དང་པོ་ལ་བྱང་ཆུབ་སེམས་དཔའ་ཨི་སྣམ་བུའོ། །བར་མ་ལ་རི་མོ་ལྔ་ཕྲ་མོའོ། །ཕྱི་མ་ལ་རི་མོ་ལྔ ་སྤོམ་པོའོ། །རི་མོ་རྣམས་ཀྱི་རིམ་པ་འདི་ཡིན་ཏེ། དཀར་པོ་དང། སེར་པོ་དང། སྔོན་པོ་དང། ནག་པོ་དང། ཐམས་ཅད་ཀྱི་ནང་དུ་དམར་བའོ། །དེ་རིགས་ཀྱི་བདག་པོ་ཡིན་པའི་ཕྱིར་རོ། །ཞེས་པ་གྲུ་བཞི་བ་སྒྲོ་བཞི་བ་རྟ་བབས་བཞིས ་བརྒྱན་པ་དྲ་བ་དང་དྲ་བ་ཕྱེད་པ་དང། །མེ་ཏོག་གི་ཕྲེང་བ་དང། མེ་ལོང་ལ་སོགས་པས་བརྒྱན་པ། ཟླ་བ་དང་ཉི་མ་ལ་སོགས་པ་དང་ཡང་དག་པར་ལྡན་པ་བུམ་པ་དང་བཅས་པའོ། །དེ་ལྟར་དཀྱིལ་འཁོར་རྫོགས་ནས་དེའི་སྙིང་པོར་པདྨའི་མཚན་མ་དམར ་པོ་དེའི་སྟེང་དུ་ཟླ་བའི་མཚན་མ་གོ་ཡུའི་འབྲས་བུའི་ཚད་དུ་བྱའོ། །དེ་ལ་ཚོན་གདབ་པའི་དུས་སུ་ཚོན་སྣ་ལྔའི་སྣོད་ལྔ་བཀུག་སྟེ། དབུས་སུ་ཚོན་དམར་པོའི་སྣོད། ཤར་དུ་དཀར་པོ། ལྷོ་རུ་སེར་པོ། ནུབ་ཏུ་སྔོན་པོ། བྱང་དུ་ནག་པོ་ཡོངས་སུ་གཞག་ནས་དེ་རྣམས་ལ་ཧྲི། ། ་ཨོཾ་ཏྲཾ་ཨཱ(རྒྱུད་འགྲེལ་ས་བོན་ལྔ་པ་དགོད་པར་བྱའོ། །སྣོད་དེ་རྣམས་སུ་ཨོཾ་བཛྲ་ཛཝཱ་ལ་ཨཱ་ན་ལཱ་རྐ་ཧཱུཾ་ཞེས་པས་ནང་གི་ཚོན་ལས་འོད་ཟེར་སྤྲོ་བར་བྱའོ། །ོཾ་བཛྲ་བ་ཀ་ཞེས་བརྗོད་ནས་ཡེ་ཤེས་ཀྱི་རིམ་མོ་བཀུག་པར་བྱས་ནས་ཚོན་སྣ་ལྔ་ཡིས་རེ་ཁཱ་ལྔ་བོ་རིམ་པས་དབང་ལྡན་ལ་སོགས ་པར་རི་མོ་བྱ་ཞིང་ཀུན་ཏུ་བསྲུང་བ་ཡང་ངོ། །དེ་ནས་དབུས་སུའོ། །དེ་ནས་ཐམས་ཅད་དུ་རིམ་པ་བཞིན་ནོ། །དེ་བཞིན་དུ་དཀྱིལ་འཁོར་འདིའི་ཕྱི་རོལ་པདྨའི་ཕྲེང་བ་དམར་པོ། །དེའི་ཕྱི་རོལ་ཏུ་དུར་ཁྲོད་སྣ་ཚོགས་མདོག་།དེའི་ཕྱི་རོལ་དུ་འབར་བའི་ཕྲེང་བའོ། །ཞེས ་པ་ཐམས་ཅད་བྱའོ། །རྒྱས་པ་ནི་དེ་ཁོ་ན་ཉིད་བསྡུས་པར་བརྗོད་དོ། །དེ་བཞིན་དུ་ཁྲུ་བཞི་ལ་སོགས་པ་ནས་ཁྲུ་བརྒྱ་བ་དེ་སྲིད་རིམ་པ་འདི་ཁོ་ནའོ་ཞེས་སོ། །དཀྱིལ་འཁོར་རྫོགས་ནས་གཏོར་མ་སྦྱིན་པར་བྱའོ། །དེ་ནས་སློབ་དཔོན་ལངས་ནས་དཀྱིལ་འཁོར་གྱི ་ཤར་དུ་ཉེ་པར་འདུག་པར་བྱའོ། །ཉེ་བར་འདུག་ནས་སྔར་བརྗོད་པའི་རིམ་པས་བསྟོད་པ་ལ་སོགས་པ་བྱའོ། །དེའི་རྗེས་སུ་སྒྲུབ་ཐབས་སུ་བརྗོད་པའི་རིམ་པས་དཀྱིལ་འཁོར་རྣམ་པར་དག་པར་བསྒོམ་པར་བྱའོ། །དེ་ནས་མཆོད་པའི་ཡོ་བྱད་མཆོག་ཏུ་གྱུར་པ་ཐམས་ཅད ་ཕུལ་ནས་བསམ་གཏན་གྱི་ཕྱག་རྒྱ་བཅིངས་ཏེ་ཡིང་གཡོ་བ་མེད་པར་བྱས་ནས་ཧྲིཾ་ཡིག་ལས་འོད་ཟེར་ཀུན་དུ་སྤྲོས་ནས་དེའི་འོད་ཟེར་རྣམས་ཀྱི་ས་ཕྱོགས་ཐམས་ཅད་དུ་གནས་པའི་དེ་བཞིན་གཤེགས་པ་རྣམས་རང་གི་སྙིང་གར་རབ་ཏུ་ཞུགས་པར་བསམ་པར་བྱའོ། ་རྣམ་པར་བསམ་ནས་སླར་ཡང་རྣམ་པར་སྤྲོས་ནས་སེམས་ཅན་དེ་རྣམས་ལ་ཕན་བྱེད་དུ་བཅུག་ནས་སླར་ཡང་རབ་ཏུ་གཞུག་པར་བྱའོ། །དེའི་རྗེས་སུ་གཡས་དང་གཡོན་དུ་ཞབས་བསིལ། །དེ་བཞིན་དུ་སྔགས་དང་མཆོད་ཡོན་གྱི་སྣོད་གཉིས་ཕུལ་ནས་རྡོ་རྗེ་རྩེ་གསུམ ་གྱི་ཕྱག་རྒྱས་བྱིན་གྱིས་བརླབ་པར་བྱས་ནས། །ོཾ་ཨཱ(རྒྱུད་འགྲེལ་པར་བསྒོམ་པར་བྱའོ། །བྷཱུཾ་ཡིག་དཀར་པོ་མགོ་པོ་ལ། ཉི་མ་དང་མཚུངས་ཧྲཱི་ཞལ་ལ། །ཧཱུཾ་ཡིག་ནག་པོ་སྙིང་ག་རུ། །གསེར་གྱི་འོད་ཅན་ཨ(རྒྱུད་འགྲེལ་ཉིད་མཆོད་པར་བྱ་ཞིང་དབང་བསྐུར་བར་གསོལ་བ་གདབ་པར་བྱའོ། །ོཾ་ཨ་བྷི་ཥི་ཉྩཾ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏཱ(རྒྱུད་འགྲེལ་དེ་ནས་ཨོཾ་བཛྲ་རཱ་ཛཱ་ཧཱུཾ་ཞེས་པས་རྡོ་རྗེ་བྱིན་གྱིས་བརླབས་ནས། ཨོཾ་བཛྲ་གྷཎྚེ་ཨཱ(རྒྱུད་འགྲེལ་གྲི་ཧྞ་ཨི་ཧ་སནྣི་ཧི་ཏོ་བྷ་བ་ཨ་བྷི་ཥྛ་ནཾ་ཀུ་རུ་མེ་སྭཱཧཱ། ཞེས་པ་སྤྱན་དྲང་བའི་ཚིགས་སུ་བཅད་པ་བཀླག་གོ་།ོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ་བཛྲས་ཏྭེ་ནོ་པ་ཏི་ཥྛ་ཏི་བྷོ་མོ་བྷ་བ་སུ་ཏོ་ཥྱོ་མེ་བྷ་པ། ཨ་ནུ་རཱ་ཀ་ཏོ་མེ་བྷ་བ་སུ་པོ་ཥྱོ་མེ་བྷ་སརྦ་སིདྡྷྣ་མམེ་པྲ་ཡཙྪ་སརྦ་ཀ་རྨ་སུ ་ཙི་མི་ཅི་ཏྟཾ་ཤྲེ་ཡ(རྒྱུད་འགྲེལ་སྒྲ་བྱའོ། །དེ་ནས་བདེ་བ་ཅན་གྱིས་ངས་རྒྱས་ཀྱི་ཞིང་ན་གནས་པའི་ཡེ་ཤེས་ཀྱི་འཁོར་ལོ་ཡང་དག་པར་བཀུག་ནས་དཀྱིལ་འཁོར་ལ་བཅུག་པར་བསམ་ཏེ་དེ་ཡིད་ཀྱིས་ཕྱིའི་མེ་ཏོག་ལ་སོགས་པའི་མཆོད་པ་དང་གསང་བའི་མཆོད་པར་བྱའོ། །ཕྱག་བྱ་བ་ལ་སོགས་པ་ཡོངས ་སརྦ་དེ་ཏཱ་དེ་བ་ཏཱ་ནཾ་པཱ་ད་བནད་ནི་ཀ་རོ་ཞེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཕྲང་བའི་སྔགས་བཟླས་པར་བྱའོ། །ན་མོ་བྷ་ག་བ་ཏི་པདྨ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ། པོ་དྷི་སཏྭཱ་ཡ། མཧཱ་ས་ཏྭ་ཡ། མཧཱ་ཀཱ་རུ་ཎི་ཀ་ཡ། ཙ་ཏུ་རྨུ་ཁཱ་ཡ། དྭཱ་ད་ཤ་ན་ཏཱ་ཡ། བདྡེ?་པདྨ་ཨཾ་ཀུ ་ཤ། པཱ་ཤ། ཀ་པཱ་ལ། ཁ་ཊཝཱཾ་ག། རཏན་པཱ་ན་ཡེ་སྭ་བྷཱ་པྲཱ་བྷཱ་པཎྜ་ར་ནཱ་སི་ནཱི་ཨཱ་ལིངྒི་ཏ་ཀ་དྷ་རཱ་ཡ། དཱ་མི་ཙ་ཏུརྠ་བྷུ་ཛ་དེ་བསྟིན་པ་རུ་ན་ར་ཏཱ་ཡ་བི་ཤ་ཨཉྫ། ཤ་ཤི་མ་དྷཡ་ཤཱ་ཡི་ད་ཧ་སརྦ་མཱ་རཱ་ན་མ་དྷ་མ་དྷ་པཉ་ཏ་བཻ་ཏཱ་ལ་ཀུ་སྦྷཾ་ཌ་ཡ་ཀྵ་སཱཾ་བཛྲེ་ཎ་ཙེཥབཾ་ཧྲི་ད་ཡཱ་ནི ་བྷཾ་ཛི་བྷཾ་ཛ། མཾ་མ་ནོར་ཐཾ་པ་རི་པཱུ་ར་ཡ་སརྦ་བྷུ་མཱཾ་ཤྭ་ར་ཏུ་སྨྱ། ཧྲི(རྒྱུད་འགྲེལ་ཤེས་ཀྱི་དཀྱིལ་འཁྲོ་དག་འོ་མ་ལ་འོ་མ་བཞིན་གཅིག་ཏུ་འདྲེས་པ་ཉིད་དུ་བྱའོ། །དེ་ནས་སྒྲུབ་པའི་ཐབས་ཀྱི་རྗེས་སུ་འབྲངས་པས་དཀྱིལ་འཁོར་པ་རྣམས་ཀྱིས་རང་གི་གཟུགས་ཕྱག་དང་ཁ་དོག་ལ་སོགས་པ་བསམ་པ་ནས་ཨརྒྷཾ་པྲ་ཏཱི་ཙྪ་ཞེས་པས་ཕུལ ་ནས། མེ་ཏོག་ལ་སོགས་པའི་མཆོད་པ་རྣམས་ཀྱིས་རང་རང་གི་མིང་ཇི་ལྟ་བ་བཞིན་དུ་མཆོད་པར་བྱའོ། །དེ་ལ་ཇི་ལྟ་བ་བཞིན་དུ་རང་ལ་ལྷ་མོའི་གླུ་རྣམས་ཀྱིས་མཆོད་བཞིན་པ་དང། ཕྱིའི་པི་ཝང་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་གར་གྱིས་ཀུན་ཏུ་མཉེས་པར་བསམ ་པར་བྱའོ། །བཅོམ་ལྡན་འདས་མ་དེའི་སྔགས་རིམ་པ་བཞིན་དུ་བཟླས་པར་བྱས་ནས་མཆོད་པ་བྱའོ། །དེ་ལ་སྔར་ནི་སྒྲུབ་པའི་ཐབས་སུ་རིམ་པ་མིན་པས་བརྗོད་པ་འདིར་རིམ་པས་བཀླ་གོ། ཨོཾ་པཱོཾ་པཱོཾ་བཎ་ར་བཱ་སི་ནི་ར་ཧྭཱིཾ(རྒྱུད་འགྲེལ་པདམོ་ཨཱ(རྒྱུད་འགྲེལ་སི་ནི་ཧྲཱི། ཨོཾ་ཤཱ་ཛཱ་ལེ་ཧྲཱི། ཨོཾ་པདྨ་བྷྲི་ཀུ་ཊཱི་ཧྲཱི་ཨོཾ་པདྨ་ཤེ་ཁ་རེ་ཧྲཱི། ཞེས་པ་མེ་ལ་སོགས་པའི་ཕྱོགས་བྲལ་རྣ་ན་སུའོ། །ཞེས་པ་དང་པའི་འདབ་མ་བརྒྱད་ལའོ། །ོཾ་པདྨ་ཨུལྐེ་ཛྲཧྲི?། ཨོཾ་པདྨ་ཡ་ཡེ་དྲཱཾ། ཨོཾ་པདྨ་ཀྭ་མེ་ཤྭ་རི་ཛིཾ། །ོཾ་པདྨ་པ་ཏི་ཧྲིཾ། ཨོཾ་པརྨ་ནི་བྷུཡ་ཛདི། ཨོཾ ་པདྨ་ཙ་ཎ་ཤྭ་རི་ཧྲཱིཾ། ཨོམ་པདྨ་གུ་ཧཡེ་ཧྲིཾ། ཨོཾ་མཧཱ་པདམེ་ཧྲིཾ། ཨོཾ་པདྨ་ཙཎྜེ་ཧྲཱིཾ། ཨོཾ་པདྨ་ཨཱ་བྷེ་ཧྲཱི། ཨོཾ་པདྨ་གོ་ཥཱི་ཧྲཱིཾ། ཨོཾ་པདྨ་ཀོ་ཥེ་ཧྲིཾ། ཞེས་པ་གཉིས་པ་འདབ་མ་བཅུ་གཉིས་པ་འཁོར། །ོཾ་པདམེ་ཐ་རེ་ཧྲཱིཾ། ཨོཾ་པདྨ་མུ་ཁི་ཧྲི། ཨོཾ་པདྨ་ཙཎྜ་ཏྲཱི། ཨོཾ་པདྨའི་བྱོ་མ་དྲོ། ཨོཾ་པདྨ ་སཱ་གཱ་རི་ཎི་ཧྲཱིཾ། ཨོཾ་པདྨ་པྲ་བྷ་ཀ་རི་ཧྲཱིཾ། ཨོཾ་པདྨ་ཙིརྦ་མ་ཎི་ཧྭཱིཾ། ཨོཾ་པདྨ་ཀ་མ་ཧྲིཾ། ཨོཾ་པདྨ་ས་རི་ཧྲིཾ། ཨོཾ་པདྨ་ཨཉབྷེ་རེ་ཧཱུཾ། ཨོཾ་པདྨ་ལི། བི་ཧྲིཾ། ཨོཾ་པདྨ་ལི་ལི་ཧྲི། ཨོཾ་པདྨ་ཨུ་ཁེ་ཧྲཱིཾ། ཨོཾ་པདྨ་ནེ་ཏྱེ་ཧཱུཾ། ཨོཾ་པདྨ་ནི་དྷེ་ཧཱུཾ། ཨོཾ་པདྨ་ཡོཾ་གེ་ཤྭ་རེ་ཧྲཱིཾ། ཞེས་པ་འདབ་མ་བཅུ་དྲུག་པ་འཁོར ་ཨོཾ་པདྨ་ཨཾ་ཀུ་ཤ་ཛ(རྒྱུད་འགྲེལ་དྲུག་གི་དཀྱིལ་འཁོར་དང་དཀྱིལ་འཁོར་པའི་ལྷ་རྣམས་ཤར་དང་ལྷོ་ལ་སོགས་པའི་རིམ་པས་དང། དེ་བཞིན་དུ་མེ་ལ་སོགས་པའི་རིམ་པས་ལུགས་དང་མཐུན་པས་མཆོད་པར་བྱའོ། །སློབ་དཔོན་གྱིས་གཡོན་སྐོར་གྱིས། །དཀྱིལ་འཁོར་གྱི་གཡས ་བསྐོར་གྱིས་སོ། །ལྷ་འདི་རྣམས་ཀྱི་སྐུ་མདོག་དང་ཕྱག་དང་ཕྱག་མཚན་རྩི་རྣམ་པར་དག་པ་སྒྲུབ་པའི་ཐབས་ཀྱི་རྗེས་སུ་འབྲངས་ནས་རྟོགས་པར་བྱའོ། །དེ་ལ་ལྷ་དང་ལྷ་མོའི་རིམ་པ་གསུམ་ལ་ཁ་དོག་དཀར་པོ། སྒོ་སྐྱོང་གི་མཁའ་འགྲོ་མ་རྣམས་བསྒྲུབ་པའི་ཐབས་སུ་བརྗོད་པའི་སྐུ ་མདོག་དང་སྔགས་འདི་ལྟ་བུས་དཀྱིལ་འཁོར་གྱི་འཁོར་ལོ་ལ་ཡང་དག་པར་མཆོད་ནས་སླར་ཡང་སྔར་བརྗོད་པའི་བསྟོད་པས་བསྟོད་པར་བྱའོ། །བསྟོད་པས་སྐྱོ་བར་གྱུར་ན་བཟླས་པ་བྱའོ། །དེ་ནས་ཨོཾ་རཾ་ཨཱ(རྒྱུད་འགྲེལ་ལྷག་པར་གནས་པ་དང། ཁཾ་ཏྲཱཾ། ཨོཾ་ཧྲཱིཾ་ཧཱུཾ། ཞེས་པས་བདུད་རྩི་ལྔ་པོ་གཉིས་ཀ་ཞུ་ཞིང་ལྷུང་བར་བྱས་ནས་ཧཱུཾ་ཨཱ(རྒྱུད་འགྲེལ་མ་ད་ན་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་པཉྩ་ཨ་མྲི་ཏ་མ་ད་ན་པ་ར་མ་རཱ་སཱ་ཡ་ནཾ་བྷ་བ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཉྩ་ཨ་མྲི་ཏ་མ་ད་ན་མཾ་པདྨ་ཨཱ་བ་ལོ་ཀི་ཏེ་ཤྭ་ར། མུ་ནི་པ་ར་ས་རུ་པཾ་ས་མ་གྲ་དེ་བཱི་བྲིནཧ་ས་ཧི་ཏཾ། ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་བཛྲ་མེ་དི་ནི་ཧཱུཾ། ཨོཾ་བྷྲུཾ་ཧཱུཾ། ཨོཾ་ཏྲཻ་ལོ་ཀྱ་བཱི་ར ་ཧཱུཾ། ཨོ་ཙཎྜ་བཛྲ་པ་ཎཱ་ཡེ་ཧཱུཾ། ཨོཾ་བཛྲ་ཨ་མྲི་ཏ་ཨུ་ད་ཀ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨ་མྲི་ཏ་ཨུ་ད་ཀ། སརྦ་པྲེ་ཏ་པིཏདཱ་ཎི་སནྟ་དྲ་ཡ་ཧཱུཾ་ཞེས་པས་བདུད་རྩི་ལྔའི་ཆུས་ཀུན་ཏུ་ཚིམ་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ཁོར་ཡུག་ཏུ་གནས་པའི་བུམ་པ་རྣམས་ཀྱིས་མངོན་པར ་གཏོར་པར་བྱའོ། །དེ་ལ་དེ་རྣམས་ཀྱི་ངེས་པ་ཇི་ལྟ་བ་བཞིན་ནོ། །དཀྱིལ་འཁོར་གྱི་བདག་པོ་དང་ལྷན་ཅིག་དཀྱིལ་འཁོར་པ་རྣམས་བཞི་བཅུ་རྩ་བཞིར་འགྱུར་ཏེ། དཀྱིལ་འཁོར་གྱི་བདག་པོ་ནི་པདྨ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་སྟེ་ལྷ་མོ་ནི་གོས་དཀར་མོའོ་ཞེས་པས་དེ་ལ་བཞི ་བཅུ་རྩ་དྲུག་སྟེ། དེའི་ཕྱིར་བ་ལ་བུམ་པ་ཡོངས་སུ་བརྟག་པར་ལྷ་དང་མཚུངས་པའི་བུམ་པ་ཡོངས་སུ་གཞག་པར་བྱ་སྟེ། ལས་ཐམས་ཅད་པ་བགེགས་མཐར་བྱེད་ཀྱི་བུམ་པ་ནི་དེའི་སྟེང་དུ་ལྷག་པའོ། །ཡང་ན་བཅུ་ཉིད་དོ། །དེ་མེད་པ་ལས་ལྔའོ་ཞེས་པ་རྒྱད་ཐམས་ཅད་ལ་ངེས་པའོ། །དེ ་ལ་བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མའི་ཐ་དད་པ་མེད་པའི་ཕྱིར་བུམ་པ་གཅིག་བྱིན་གྱིས་བརླབ་པ་ཁོ་ནའོ་ཞེས་པ་ཁ་ཅིག་གོ་།དེ་རྣམས་ནི་ཁོར་ཡུག་ཏུ་གནས་པའི་བུམ་པ་དཀར་པོ། །མགྲིན་པ་གོས་དཀར་པོས་དཀྲིས་པ་འབྲུ་ལྔ་ལ་སོགས་པ་དང་ལྡན་པ་དེ་རྣམས ་ཡོངས་སུ་གཞག་ནས་མཆོད་ཡོན་དང་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་དེ། །སྔར་བརྗོད་པའི་བདུད་རྩི་ལྔས་ཀྱང་མངོན་པར་གཏོར་པར་བྱའོ། །ཞེས་པ་དཀྱིལ་འཁོར་མཆོད་པ་ཇི་ལྟར་འབྱོར་བ་བྱས་ནས་ལྷ་མོས་དཀྱིལ་འཁོར་གྱི་གཙོ་བོ་ལ་བསྟོད་པར་བྱའོ། ། ་ཕྱག་འཚལ་ཕྱག་འཚལ་རྡོ་རྗེ་ཆེ། །ཕྱག་འཚལ་ཕྱག་འཚལ་བདེ་བ་ཆེ། །ཕྱག་འཚལ་ཕྱག་འཚལ་པདྨ་ཆེ། །ཕྱག་འཚལ་ཕྱག་འཚལ་དགའ་བ་ཆེ། །ཕྱག་འཚལ་ཕྱག་འཚལ་འཕྲིན་ལས་ཆེ། །ཕྱག་འཚལ་ཕྱག་འཚལ་ཁྱབ་བདག་ཆེ། །ཁྱོད་ལས་རྡོ་རྗེ་དང་སེམས་དཔའ་། །ཁྱོད ་ལས་པདྨ་དྲི་མེད་མཛོས། །ཁྱོད་ལས་རིན་ཆེན་ལྷ་ཆེན་པོ། །སྣ་ཚོགས་རྡོ་རྗེ་དེ་བཞིན་ཉིད། །ཁྱོད་ལས་སངས་རྒྱས་དཔའ་པོ་ཆེ། །ཡང་དང་ཡང་དུ་འབྱུང་བར་བྱེད། །ཁྱོད་ལས་ཆོས་དང་དགེ་འདུན་ཡང། །ཁྱོད་ལས་ཕ་རོལ་ཕྱིན་པའི་ཚོགས། །བྱང་ཆུབ་སེམས་དཔའ་ ་སེམས་དཔའ་ཆེ། །ཁྱོད་ལས་གཟུངས་ཀྱི་དཀྱིལ་འཁོར་ཏེ། །ཁྱོད་ལས་སྔགས་དང་ཕྱག་རྒྱ་དང། །སླར་ཡང་ཁྲོ་བོའི་རྒྱལ་པོའི་ཚོགས། །ཞེས་པ་ལ་སོགས་པས་བསྟོད་པར་བྱའོ། །སླར་ཡང་བཟླས་པ་བྱ་ཞིང་དྲིལ་བུ་དཀྲོལ་པར་བྱའོ། །སྨོན་ལམ་གདབ་པར ་བྱ་སྟེ། བདག་ནི་བུད་མེད་ཉིད་མིན་བདག་ཁོལ་དངོས་མ་ཡིན། །རྨོངས་པ་ཉིད་མིན་ཡུལ་ད་ན་རྣམས་སུ་སྐྱེ་བ་མིན། །བདག་ནི་ལོག་ལྟ་ཅན་གྱི་སྐྱེ་བར་བྱུང་བ་མིན། །སྐྱེ་དང་སྐྱེ་བར་སངས་རྒྱས་གུས་པར་འགྱུར་བར་ཤོག། སྐྱེས་པ་དང་ནི་སྐྱེ་བཞིན་པ། མངལ་དུ ་གནས་པའི་ལུས་སུ་ཡང། །གང་དུ་སངས་རྒྱས་ལྷ་མེད་པར། །དེ་ཡི་རིགས་སུ་སྐྱེ་མ་གྱུར། །དམ་ཚིག་རྣམ་པར་བརྒྱད་ཞིག་གུས་པ་ཞན་དང་གོས་ངན་དང། །དྲི་མས་གོས་པའི་ལུས་དང་བརྩེ་མེད་སྡིག་པའི་ངང་ཚུལ་ཅན། །གཤིན་རྗེ་ཁོར་གཉེར ་འཇིགས་ཤང་ནད་ལྡན་སྡུག་བསྔལ་རབ་ཐོབ་པ། །སྐྱེ་བོ་མི་སྲུན་ཡོངས་སུ་གྱུར་ལ་འཇིག་རྟེན་མགོན་བདག་སྲུངས། །ཁྱོད་ཉིད་མ་དང་ཁྱོད་ཉིད་ལ། །ཁྱོད་ཉིད་གཉེན་ཁྱེད་ཉིད་བླ་མ། །ཁྱོད་ཉིད་རིག་པ་ཁྱོད་ཉིད་རྫས། །ཁྱོད་ཉིད་པད་དབང་ཐམས་ཅད་ཡོད། །ཀུན ་ཐོབ་ཡོད་དང་སྐྱབས་ཡོད་བྱེད། །ཀུན་ཚེ་ཐམས་ཅད་གནས་ཡོད་བྱེད་དེ། །བཅོམ་ལྡན་འདས་ཁྱོད་རབ་རྫོགས་བྱེད། །འཇིག་རྟེན་མགོན་ཀྱེ་བདག་ལ་སྲུངས། །དབུལ་བ་ཉིད་དང་འཆི་བའི་སྡུག་བསྔལ་མང་པོ་ཕྲོག་བྱེད་པ། །དགོངས་པའི་དོན་རྣམས་ཐམས་ཅད་ཕྱིན་པ་ཡོངས ་རྫོགས་པ། །འཇིག་རྟེན་མགོན་པོ་དཔལ་ཞེས་ལྔ་པོ་འདི་ནི་རྒྱལ་བྱེད་ཀྱི། །གཞན་པའི་ཡི་གེ་བརྒྱ་ཕྲག་འབྲས་མེ་ཕལ་བས་ཅི། །ཞེས་པ་སྨོན་ལམ་བྱས་ནས་གཏོར་མ་སྦྱིན་པར་བྱའོ། །དེ་ལ་མྱོས་བྱེད་དང་ཤ་དང་འབྲུ་བདུན་རྟུས་ཡོངས་སུ་གང་བར་བྱས་ནས ་བདུད་རྩི་ལྔའི་ཆུས་མངོན་པར་གཏོར་ཏེ། ཨོཾ་ཨཱ(རྒྱུད་འགྲེལ་བརླབ་པར་བྱའོ། །དེ་ནས་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱས་ནས་མཆོད་ཡོན་དང་མེ་ཏོག་དང་བདུག་པ་དང་མར་མེ་ལ་སོགས་པས་མཆོད་པར་བྱའོ། །དེ་ལ་སྔགས་ནི། ཨོཾ་ན་མོ་བྷ་ག་བ་ཏི་ཨཱ་རྱ་ཨཱ་པ་ལོ་ཀི་ཏེ་ཤྭརཱ་ཡ་།བྱོ་དྷི་ས་རྭ་ཡ། མ་ཧཱ་སཏཱ་ཡ། མ ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། དེ་བ་ཨ་སུ་ར། གུ་རུ་ཌ། ཀན་བྷ་རྦ(རྒྱུད་འགྲེལ་སྭཱཧཱ། ཨ་མཧཱ(རྒྱུད་འགྲེལ་མནྟཱ་སམཏ་ཥྚ(རྒྱུད་འགྲེལ་ཨོཾ་ཨཱ(རྒྱུད་འགྲེལ་མཆོད་པར་བྱའོ། །དེ་ནས་གཏོར་མ་དེ་རྣམས་གཤེགས་པའམ་མི་གཤེགས་པའོ། །སློབ་མ་དབང་བསྐུར་བ་བརྩམ་པར་བྱའོ། །དེའི་རྗེས་སུ་སློབ་མ་རྣམས་བརྒྱན་པར་བྱས་ནས་མེ་ཏོག་གི་ཕྲེང་བ་རྣམས་བཟུང་སྟེ། པུས་མོ་ས་ལ་གཙུགས་ནས་སྔགས་ཀྱི་ཚུལ་བྱུང་བ ་ཉིད་ལ་བསོད་ནམས་འདོད་པ་ཁ་ཅིག་དཀྱིལ་འཁོར་འདིར་རབ་ཏུ་འཇུག་པར་བྱེད་དེ། །འཇིག་རྟེན་ཕ་རོལ་ཉེར་བརྟེན་པའི། །དད་པ་མང་དུ་བྱས་ནས་ནི། །བློ་ལྡན་དཀྱིལ་འཁོར་འདིར་འཇུག་བྱའི། །འདིའི་འབྲས་བུ་གཉེར་མི་བྱ་ཞེས་རྗེས་སུ་བསྟན་ནས་སངས་རྒྱས་ཀྱི ་གཟུགས་བྱའོ། །དེ་ནས་དེ་རྣམས་ཁོ་ན་མལ་གསོལ་བ་འདེབས་སུ་གཞུག་གོ་།བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་པ་ལྟ།ར་།བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའ་ཨི་རྡོ་རྗེ་དེང་གསོལ་ཀྱི། །ཞེས་གསོལ་བ་གདབ་པ་དང་ལྡན་པའི ་སློབ་མ་རྣམ་པར་འདུད་པ་ལ། །མི་བསྐྱོད་པའི་གཟུགས་སུ་དམིགས་ནས། རང་གི་རིག་མ་སྐྱེས་བུ་རྡོ་རྗེ་ཅན་དུ་བསམས་ནས་རྡོ་རྗེ་སེམས་སུ་རབ་ཏུ་བསྒོམས་པས་ཁོར་ཡུག་གི་བུམ་པ་བརྒྱད་ཀྱི་ཆུས་གཏོར་བར་བྱའོ། །དེ་ནས་རྡོ་རྗེ་ཁུ་ཚུར་གྱིས་བུམ་པའི་ཆུ་བླངས་ནས། ་དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །གསང་བ་གསུམ་གྱི་གནས་ལས་བྱུང། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱེད། །ོཾ་བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་སློབ་མ་འཁོར་ལོ་སྒྱུར་བ་ལྟ་བུར་དབང་བསྐུར་བར་བྱའོ། ། ་ཆུའི་དབང་བསྐུར་བའི་ཆོ་ག་མེ་ལོང་ཡེ་ཤེས་སོ། །དེ་ནས་བཤད་མ་ཐག་པ་ལ་སོགས་པའི་རིམ་པས་གསེར་རམ་གོས་ལས་བྱས་པའི་ཅོད་པན་སློབ་མའི་མགོ་ལ་སྦྱིན་པར་བྱའོ། །རིན་ཆེན་འབྱུང་ལྡན་གྱི་རབ་ཏུ་སྦྱོར་བ་ལས་ནམ་མཁའ་ཨི་མཐིལ་དུ་སོན་པའི་དེ ་བཞིན་གཤེགས་པ་ཐམས་ཅད་རིགས་ཀྱི་བདག་བོའི་གཟུགས་ཀྱིས་ཅོད་པན་ཁོ་ནར་གནས་པར་བསམ་པར་བྱའོ། །ོཾ་ཨཱ(རྒྱུད་འགྲེལ་ཨ་བྷི་ཥི་ཉྩ་ཧཱུཾ། ཨོཾ་སརྦ་བཛྲི། རཏན་བཛྲི། དྷརྨཱ་བཛྲི། ཀརྨ་བིཛྲ། ཨ་བྷི་ཥིཉྩ་ཧཱུཾ། འདིས་ནང་གི་པདྨ་འདབ་བརྒྱད་ཀྱི་ཕྱོགས་སུ་གནས་པའི་ལྷ་མོ་བརྗོད་པ་རྣམས་དང། དབུས་ཀྱི་གོས་དཀར་མོ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མར་ཤེས་པར་བྱའོ་ཞེས་པས། མཉམ ་པ་ཉིད་ཀྱི་ཡེ་ཤེས་ཏེ་ཅོད་པན་གྱི་དབང་བསྐུར་བའོ། །དེ་ནས་རྡོ་རྗེ་ཆེན་པོ་རྩེ་མོ་ལྔ་པ་སྙིང་ག་ལ་སོགས་པའི་གནས་རྣམས་སུ་བཞག་ནས་ལག་པ་གཡས་པས་གཏད་པར་བྱའོ། །སློབ་མ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་འཇིག་རྟེན་དབང་ཕྱུག་གི་རྣམ་པ་ལ ་གཏད་པར་བྱའོ། །སངས་རྒྱས་རྡོ་རྗེ་དབང་བསྐུར་ལ། །དེ་རིང་ཁྱོད་ལ་དབང་བསྐུར་གྱུར། །སངས་རྒྱས་ཐམས་ཅད་རབ་བསྒྲུབ་ཕྱིར། །རྡོ་རྗེ་འདི་དེ་ཁྱོད་ཀྱིས་ཟུང། །ཞེས་བཀླགས་ནས་ལག་པ་གཡས་སུ་རྡོ་རྗེ་སྦྱིན་པར་བྱའོ། །སོ་སོར་རྟོག་པའི་ཡེ་ཤེས་རྡོ ་རྗེའི་དབང་བསྐུར་བའོ། །དེ་ནས་དོན་ཡོད་གྲུབ་པའི་གཟུགས་ཀྱིས་དྲིལ་བུ་ལག་པ་གཡོན་དུ་བྱིན་ནས་ཨོཾ་བཛྲ་ཨ་དྷི་པ་ཏི་སྟཾ། ཨ་བྷི་ཥིཉྩ་མི་ཏིཥྛ་བཛཝ་ས་མ་ཡ་སྟཝཾ། ཞེས་ཀླགས་ནས་ལག་པ་གཡོན་དུ་སྟེ་དྲིལ་བུའི་དབང་བསྐུར་བའི་ཆོ་ག་བྱ་བ་ནན ་ཏན་གྱི་ཡེ་ཤེས་སོ། །དེ་ནས་སློབ་མ་རྣམ་པར་སྣང་མཛད་དུ་བྱིན་གྱིས་བརླབས་ནས། མགོ་བོར་རྡོ་རྗེ་དྲིལ་བུ་བྱིན་ཏེ། ཨོཾ་བཛྲ་སཏྭ་སྟཝཾ། ཨ་བྷི་ཥིཉྩ་མི། བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ:། ཀྱེ་དཔལ་གཏི་མུག་རྡོ་རྗེ། ཀྱེ་དཔལ་ཞེ་སྡང་རྡོ་རྗེ། ཞེས་མིང་གི་དབང་བསྐུར་བར ་བྱའོ། ཞེས་པ་ལ་སོགས་པ་རིགས་དང་རྗེས་སུ་མཐུན་པའི་མིང་གི་དབང་བསྐུར་རོ། །ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །མངོན་པར་དབང་བསྐུར་པ་ལྔ་པོ་འདི་རྣམས་ཀྱིས་ཀྱང་སློབ་མ་སྔགས་དང་རྒུད་ཉན་པ་དང་བཤད་པ་དང ་སྒྲུབ་པ་ལ་དབར་བར་བྱས་པར་འགྱུར་རོ། །དབང་བསྐུར་པ་ལྔ་པོ་འདི་རིག་པའི་དབང་བསྐུར་བ་ཞེས་བརྗོད་པར་བྱ་སྟེ། ཐམས་ཅད་སྤྱན་མ་ལ་སོགས་པའི་རིག་མ་རྣམས་ཀྱིས་བྱ་བའི་ཕྱིར་རོ། །དེའི་བར་མ་ཆད་པར་འདུལ་བས་སློབ་མ་དོན་དུ་གཉེར་པ་དང ་ལྡན་པ་ལ། བླ་མས་སློབ་དཔོན་གྱི་དབང་བསྐུར་བས་དབང་བསྐུར་བར་བྱ་སྟེ། ཇི་ལྟར་གང་གིས་བདག་ནི་ཁྱོད་དྲིན་ལས། །རང་དང་གཞན་དོན་ནུས་འགྱུར་བ། །རྡོ་རྗེ་སློབ་དཔོན་གྱི་ནི་དབང། །ཐུགས་རྗེའི་གཏེར་གྱི་བདག་ལ་སྩོལ་ཞེས་གསོལ་བ་འདེབས་པ ་དང་ལྡན་པའི་སློབ་མ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སྟེང་དུ་གདུགས་དང་རྒྱལ་མཚན་དང་བླ་བྲེ་ལ་སོགས་པས་བརྒྱན་པ། ཤར་གྱི་སྒོར་སེངྒེའི་ཁྲི་ལ་གནས་པ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་སྟེང་དུ་རྡོ་རྗེ་སེམས་དཔའ་ཨི་གཟུགས་སུ་དམིགས་ནས་ཧཱུཾ་ཡིག ་ལས་སྐྱེས་པའི་རྡོ་རྗེར་བསམས་ནས། ཐོག་མཛའ་མེད་པའི་སེམས་དཔའ་ནི། རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་བསྙེམས་པའི་བདག་པོ་བདག་།དཔལ་མཆོག་དང་པོའི་སྐྱེས་བུ་ཁྱེད་ཅེས་དེ་ཁོ་ན་ཉིད་ཀྱིས ་གཟུང་བར་བྱའོ། །དེའི་རྗེས་སུ་ཨཱ(རྒྱུད་འགྲེལ་པར་བྱའོ། །དེའི་རྗེས་སུ། ཡིད་ཀྱི་ལུས་ནི་བསྟན་པའི་ཕྱིར། །ཕྱག་རྒྱའི་དམ་ཚིག་རབ་ཏུ་བརྗོད། །གང་གི་ལུས་ནི་ཐམས་ཅད་བརྟན། །དེས་ན་ཕྱག་རྒྱར་རབ་ཏུ་གྲགས། །ཞེས་པ་འདིས་རང་གི་འདོད་པའི་ལྷའི་སྐུ་དུ་ནང་གི་བདག་ཉིད་ཅན་གྱི ་ཕྱག་རྒྱ་ཆེན་པོ་ལྷག་པར་གནས་པ་ལ་འགྱུར་པར་བྱའོ། །དེའི་རྗེས་སུ་སློབ་དཔོན་རང་གི་སྙིང་ཀའི་ས་བོན་ལས་བྱུང་བ་ནམ་མཁར་ངས་པའི་ལྷའི་ཚོགས་ཀྱིས་མདོན་པར་དབང་བསྐུར་བཞིན་པར་བསམས་ནས། །དབང་བསྐུར ་ཕྱག་བྱས་པ། གསང་གསུམ་གནས་ལས་ཡང་དག་བྱུང། །སངས་རྒྱས་ཀུན་གྱི་སྦྱིན་པར་བྱེད། །ཅེས་མངོན་པར་དབང་བསྐུར་བྱའོ། །ཇི་ལར་གསུངས་པ། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་ལས། །ཁྱོད་ནི ་སློབ་དཔོན་འབྱུང་བར་འགྱུར། །ཞེས་སློབ་དཔོན་དུ་དབང་བསྐུར་བར་འདོད་དོ། །དེའི་ཆེད་དུ་སློབ་དཔོན་དུ་དབང་བསྐུར་བའི་དབང་དུ་བྱ་བ་དེའི་ཆེད་དུ་བྱིན། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང། དཀྱིལ་འཁོར་གྱི་རྣམ་པར་དག་པ་མདོར་བསྡུས་ནས་བཤད་པར་བྱ་སྟེ། །ཇི་ལྟར ་དཀྱིལ་འཁོར་པདྨ་ཞེས་སུ་བརྗོད། ཡིད་ཀྱི་དཀྱིལ་འཁོར་བཤད་བྱ་སྟེ། །ཁང་བརྩེགས་ཞེས་པ་ཡེ་ཤེས་ཏེ། །སེམས་ཀྱི་བརྩེགས་པ་ཡང་དག་བསྒྲེང། ཕུང་པོ་ལྔ་ཡི་རང་བཞིན་གྱིས། །སངས་རྒྱས་ལྔ་རུ་རབ་ཏུ་གྲགས། །དེ་ཕྱིར་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་དམིགས་པའི ་སློབ་མ་ལ་རྗེས་སུ་གནང་བ་སྦྱིན་པར་བྱའོ། །འཇིག་རྟེན་ཀུན་ལ་ཐམས་ཅད་ནས། །དངོས་གྲུབ་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་པ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཆོས་ཀྱི་གནས་སུ་རྡོ་རྗེ་དང། རིན་ཆེན་དང། ལས་དང་ཁྲོ་བོའི་སྒྲ་བཅུག་པའི་ཚིགས་སུ ་བཅད་པས་རྗེས་སུ་གནང་བ་སྦྱིན་པར་བྱའོ། །དེའི་རྗེས་སུ་རྡོ་རྗེའི་བརྟུལ་ཞུགས་སྦྱིན་པ་དང། །ལྟང་བསྟན་པ་དང། དབུགས་པ་སྦྱིན་ནོ་ཞེས་པ་རྒྱུད་ཐམས་ཅད་ཀྱི་རྗེས་སུ་འབྲེངས་པར་བྱའོ། །དེ་ལྟར་སློབ་དཔོན་དུ་དབང་བསྐུར་བས་རྡོ་རྗེ་རྣམ་པར་སྦྱང་བར་བྱའོ། ། ་གསང་བ་གསུམ་གྱི་དབང་བསྐུར་བས། །གསུང་ཤི་རྡོ་རྗེ་ཡང་རྣམ་པར་སྦྱར་བར་བྱ་སྟེ། དེ་ལྟ་བུའི་རིམ་པས་རྒྱུད་ཐམས་ཅད་ལ་བརྗོད་པའི་ཆོ་གས་དབང་བསྐུར་དགུས་གྲོལ་བ་སྦྱིན་པར་བྱའོ། །དེ་ལ་རིམ་པ་ནི། ཆུ་དང་ཅོད་པན་རྡོ་རྗེ་དང་ནི་དྲིལ་བུ་ལ་སོགས་མིང། །རིགས ་གསུམ་དམ་ཚིག་སྐལ་ལྡན་སློབ་དཔོན་གསང་བ་མཆོག་སོགས་ཀྱིས། །དབང་བསྐུར་རྣམ་པ་དགུ་པོ་གང་གི་མཚུངས་མེད་བསོད་ནམས་ཀྱིས། །སྐྱེར་འཇུག་སྲིད་པ་དག་པ་བླ་མའི་ཚོགས་དེ་ལ་ཕྱག་འཚལ་ཞེས་པ་ཕྱག་བྱས་ནས་དབང་བསྐུར་པ་ཐམས་ཅད་ཐོབ་ནས་ངེ་ནས་སློབ་མས་ལུས་ལ ་སོགས་པ་སྔོན་མའི་ཡོན་དབུལ་བར་བྱའོ། །བླ་མས་ཀྱང་ཞེན་པ་མེད་པའི་སེམས་ཀྱིས་བླངས་དེ་ལ་བཀྲ་ཤིས་བརྗོད་པར་བྱའོ། །དེ་ནས་བཅོམ་ལྡན་སངས་རྒྱས་བཀྲ་ཤིས་དང། །ཆོས་དང་དགེ་འདུན་བཀྲ་ཤིས་དང། །བསོད་ནམས་འདི་ཀུན་ཉིད་ཀྱིས་ནི། །སློབ་མ་རྣམས་ཀྱི་བཀྲ ་ཤིས་ཤོག་།ཕུན་སུམ་ཚོགས་པ་མངལ་བ་གསེར་གྱི་རི་བོ་འདྲ། འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པ་འདབ་འདྲའི་སྤྱན་མངའ་བ། །བཀྲ་ཤིས་དེས་ནི་ཁྱོད་ལ་ཞི་བར་བྱེད་གྱུར་ཅིག་།དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི ་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྟ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་མགུ་རྣམས་ལ་ཞི་བྱེད་པ། །དེ་ནི་ཁྱོད་ལ་འཇིག་རྟེན་བཀྲ་ཤིས་གཉིས་པའོ། །དགེ་འདུན་དམ་པའི་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག་།མི་དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད ་པའི་གནས། །ཚོགས་ཀྱི་མཆོག་རབ་དོ་ཆེ་ཤེས་དང་དཔལ་གྱི་གཞི། །དེ་ནི་ཁྱོད་ལ་འཇིག་རྟེན་བཀྲ་ཤིས་གསུམ་པའོ། །ཞེས་སློབ་མ་རྣམས་ལ་བཀྲ་ཤིས་སྦྱིན་པར་བྱའོ། དེ་རྣམས་བསྔགས་པ་དང། དེ་ནས་སློབ་མ་དེ་རྣམས་རེ་རེ་ནས་རིམ་པས་ཕྱག་འཚལ་ནས་འགྲོར ་བཞུག་གོ་།དེ་ནས་བླ་མ་སླབ་པར་མཆོག་པ་དང་བསྟོད་པ་བརྗོད་པ་ལ་སོགས་པ་ཐམས་ཅད་བྱའོ། །གཞན་ཡང་ཐིག་ལེའི་རྣལ་འབྱོར་ལ་སོགས་པ་བསྒོམ་པར་སྒྲུབ་ཐབས་སུ་བཤད་པའི་ཚོགས་བྱས་ནས་གཅིག་གམ་ལྔ་འམ་བདུན་ནམ་ལྔ་བཅུ་འམ། བརྒྱད ་ལྟག་པའི་བརྒྱར་གཏོར་མ་བྱིན་ནས་མཆོད་པ་བྱས་ཏེ་དཀྱིལ་འཁོར་དང་དཀྱིལ་འཁོར་གྱི་བདག་པོའི་ལྷ་རྣམས་བཟོད་པར་མཛོད་ཅིག་བཟོད་པ་མཛོད་ཅིག་ཅེས་བརྗོད་ནས་དཀྱིལ་འཁོར་ལ་བསྐོར་བ་བྱ་སྟེ་གཏོར་མ་ཡོད། །སླར་ཡང་ཉེ་བར་འདུག་སྟེ་ཡང ་དག་པར་བསྟོད་ནས་ཨོཾ་བཛྲ་མུ(རྒྱུད་འགྲེལ་སྩོལ། སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང། །སླར་ཡང་བྱོན་པར་མཛད་དུ་གསོལ། །ོཾ་བཛྲ་མུ(རྒྱུད་འགྲེལ་གྱི་རྡུལ་ཚོན་ནི་ཆུ་ཀླུང་གི་གནས་སུ་རབ་ཏུ་གཞུག་པར་བྱའོ། །གཞན་ཉིད་མ་གཉིས་པ་ལ་རྣམ་ཐོས་སྲས་ལ་སོགས་པའི་གཏོར་མ་སྦྱིན་པར་བྱའོ། །ཞེས་པ་རྒྱད་ལས་གསུངས་པ་དེས་པའོ། །པདྨ་སྤྱན་རས་གཟིགས་དབང་གི་།དཀྱིལ་འཁྲོ་མཆོད་པའི་ཆོ་ག་ནི། །འཇིག་རྟེན ་རྣམས་ལ་བན་འདོད་པས། །རྒྱལ་དཔལ་ཡེ་ཤེས་ཀྱིས་བྱས་པའི། །བསོད་ནམས་དེ་ལས་སྐྱེ་དགུར་བཅས། །རྟག་ཏུ་སྐྱེ་དགུ་བདེ་ལྡན་འགྱུར། །བདག་ཀྱང་བསོད་ནམས་འདི་ཡིས་ནི། །ཀུན་མཁྱེན་གོ་འཕང་ཐོབ་གྱུར་ཅིག་།ཞེས་པ་པདྨ་སྤྱན་རས་གཟིགས་དབང་ཕྱུག ་གི་པདྨ་དྲ་བའི་རིམ་པས་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་མཆོད་པའི་ཆོ་ག་རྫོགས་སོ།། །།རྒྱལ་བ་དཔལ་ཡེ་ཤེས་མིང་གཞན་པདྨ་རྡོ་རྗེ་ཞེས་བྱ་བས་མཛད་པ་རྫོགས་སོ།། །།ཁ་ཆེའི་པཎྚི་ཏ་ཆེན་པོ་སུ་མ་ན(རྒྱུད་འགྲེལ་དགེ་སློང་རིན་ཆེན་གྲུབ་ཀྱི་བསྒྱུར་ཅིང་ཞུགས་ཏེ་གཏན་ལ་ཕབ་པའོ།། །། *། །དཔལ་ནག་པོ་ཆེན་པོའི་རྒྱུད་འགྲེལ་བཞུགས་སོ།། །། *། །རྒྱ་གར་སྐད་དུ། །ཤྲཱི་མ་ཧཱ་ཀཱ་ལ་ཏནཊཱ་རུ་ཏྭ་ཀ་ལྤ་མ་ཧཱ་སྨ་ཤཱ་ན་མE་མ་ཊའཀཱ། བོད་སྐད་དུ། ་