CLOSE WINDOW

N1410: dpal u rgyan gyi rnal 'byor pa dang rnal 'byor ma'i rang byung gi longs spyod dur khrod kyi rtog pa zhes bya ba
Wyliee-texts based on the ACIP/ALL Input

གཟིགས་ཀྱི་རྒྱུད་བསྐོར་འདི། །རྨ་དང་བ་རི་གཉིས་ཀྱི་ལུགས། །དྷཱ་རྨམཱ་ཀཱི་རྟི་ཞེས་བྱ་བས། །བཅའ་དང་བླ་མ་གུས་སྟོན་ལ། །ཞུས་པ་རིན་ཆེན་ལྟ་བུ་འདི། །སྒྲོལ་མའི་ཞབས་ལ་གཏུགས་པར་སྨོན།། །། *། །རྒྱ་གར་སྐད་དུ། སེ་དནྟ་ཤྲཱི་ཡེ ་ཡོག་ནི་རྨ་ཤམ་ཤཱ་ན་ཀ་ལྔ་ནཱ་མ། །བོད་སྐད་དུ། །དཔལ་ཨུ་རྒྱན་གྱི་རྣལ་འབྱོར་དང། རྣལ་འབྱོར་མའི་རང་བྱུང་གི་ལོངས་སྤྱོད་དུར་ཁྲོད་ཀྱི་རྟོག་པ་ཞེས་བྱ་བ། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རྡོ་རྗེ་རྣལ་འབྱོར་མ་རྣམས་ལ་ཕྱག་འཚལ་ལོ། །ཤར་གྱི་དུར ་ཁྲོད་དབང་པོ་གཏུམ་དྲག་དཔག་ཆད་བཅུ་གཉིས་ཁོར་ཡུག་ལ། །དཔག་ཚད་ལྔ་ཞེང་དུ་གནས་པ། དབྱིབས་ནི་ཤིང་རྟ་རྐང་པ་གསུམ་པ་ལྟ་བུ། གཙོ་བོ་ཀླུ་སྒྲུབ་སྙིང་བོས་བྱིན་གྱིས་བརླེབས། །ཤིང་ནི་གསེར་མདོག་ལོམ་བརྒྱར་གྱེས་ཤིང། ཞིང་སྐྱོང་དཀར་པོ་གྲི་ཐོང ་གླང་ཆེན་གདོང། །ཕྱོགས་སྐྱོང་བརྒྱ་བྱིན་གླང་ཆེན་གདན་རིགས་བཅས། །རྡོ་རྗེ་མཁའ་འགྲོ་པྲེ་ཏ་ཡི་དགས་ཟ། །བྱང་ཆུབ་ཆེན་པོའི་མཆོད་རྟེན་གྱི་ས་འཛིན། །མཛའ་ཡས་སྔོན་པོའི་ཀླུ་ནི་འདུད་བྱེད་ཅིང། །ཐོད་པ་བརྩེགས་པའི་སྤྱིལ་བུས་ཀུན་བཀང་ཞིང། །དེ་ན་རྣལ ་འབྱོར་བའི་རྒྱལ་པོ་ཨཱ་རྱ་དེ་བ་ལ་སོགས་པ་ཤིན་ཏུ་མང་བ་བཞུགས་སོ། །རྣལ་འབྱོར་མ་ནི་མཛེས་མ་དང་སྙིང་སྟོབས་ཅན་མ་ལ་སོགས་པའོ། །དེ་དག་ནི་རྒྱུད་གསང་འདུས་ཀྱི་རྗེས་སུ་འཇུག་ཅིང་ཀླུ་སྒྲུབ་ཡིད་ལ་བྱེད་པའོ། །ལྷོའི་དུར་ཁྲོད་གཤིན་རྗེ་འབང་བའི་ནགས་ཚལ། དཔག ་ཚད་དྲུག་ཅུ་གཉིས་ཁོར་ཡུག་པ། །དཔག་ཚད་བཅོ་ལྔ་རྒྱང་གྲགས་གཅིག་།དབྱིབས་ནི་འཁོར་ལོ་འདྲ། །ཌོམྦི་ཧེ་རུ་ཡིས་བྱིན་གྱིས་བརླབས། །བཻ་དཱུ་རྱ་མདོག་ལོ་མ་བརྒྱད་གྱེས་ཤིང། ཞིང་སྐྱོང་ནག་པོ་གྲི་ཐོད་མ་ཧེ་གདོང། །ཕྱོགས་སྐྱོང་གཤིན་རྗེ་མ་ཧེ་གདན ་རིགས་བཅས། །རིན་ཆེན་མཁའ་འགྲོ་ཀང་ཀ་དབང་བསྐུར་བྱེད། །ཆོ་འཕྲུལ་སྟོན་པའི་མཆོད་རྟེན་གྱིས་ས་འཛིན། །དུང་སྐྱོང་དཀར་པོའི་ཀླུ་ནི་འདུད་བྱེད་ཅིང། །ཐོད་པ་རུས་པ་དུམ་དུའི་སྤྱིལ་བུས་བཀང། །རྣལ་འབྱོར་པ་ནི་ཨ་བ་དྷཱུ་ཏི་དང། །ཕག་མོ་ལ་སོགས་པའོ། །དེ ་དག་ནི་གསང་འདུས་དང། གཤིན་རྗེ་གཤེད་ནག་པོའི་རྗེས་སུ་འཇུག་ཅིང?་ཌོམཔི་ཧེ་རུ་ཀ་ཡིད་ལ་བྱེད་དོ། །ནུབ་ཀྱི་དུར་ཁྲོད་ཆུ་བདག་ཐོང་པ་ཅན་དཔག་ཚད་བཞི་བཅུ་བརྐྱང་ཁོར་ཡུག་ལག་དཔག་ཚད་བཅུ་གཉིས་ཞེང་དུ་གནས། །དབྱིབས་ནི་བ་ལང་སྤྱོད་ལྟ་བུ་ཟླུམ་པོ་སྟེ ་མཁས་བརྟ་དབྱངས་ཀྱིས་ནི་བྱིན་གྱིས་བརླབས། །བྱི་རུའི་མདོག་ཅན་ལོ་འདབ་རྒྱས། །ཞིང་སྐྱོང་དམར་པོ་གྲི་ཐོང་ཆུ་སྲིན་གདོང། །ཕྱོགས་སྐྱོང་ཆུ་ལྷ་ཆུ་སྲིན་གདན་རིགས་བཅས། །པདྨ་མཁའ་འགྲོ་ཆོས་སྟོན་ཀུན་དྷ་ར། ལྷ་ལས་བབས་པའི་མཆོད་རྟེན་གྱིས་ས་འཛིན། ། ་དམར་པོ་དགའ་པོའི་ཀླུ་རྣམས་འདུང་བྱེད་ཅིད་རོ་རྣམས་བརྩེགས་པའི་སྤྱིལ་བུས་ཀུན་བཀང་ཞིང། དེ་ནི་རྣལ་འབྱོར་པ་ནི་ཀུ་ཀུ་རི་པ་དང། རྣལ་འབྱོར་མ་ནི་སྙིང་པོའི་རྒྱུན་མ་དང། དེ་དག་ཐམས་ཅད་ནི་རྒྱུད་སྒྱ་འཕྲུལ་ཆེན་མོའི་རྗེས་སུ་འཇུག་ཅིང། སློབ ་དཔོན་རྟ་དབྱངས་ཡིད་ལ་བྱེད་པའོ། །བྱང་གེ་དུར་ཁྲོད་ལུས་ངན་འཇིགས་བྱེད་དང། །དཔག་ཚད་བརྒྱད་ཅུ་པ་ཁོར་ཡུག་ལ། དཔག་ཚད་ཉི་ཤུ་ཞེང་དུ་གནས། །དབྱིབས་ནི་ཤིང་རྟ་རྐང་པ་བཞི་པ་ལྟ་བུ། །སློབ་དཔོན་པདྨ་ཅན་གྱིས་བྱིན་གྱིས་བརླབས། །ནར་གར ་ལྗང་མདོག་ལོ་མ་བརྒྱར་གྱིས་ཤིང། །ཞིང་སྐྱོང་ལྗང་གུ་གྲི་ཐོད་ཁྱུ་མཆོག་གདོད། །ཕྱོགས་སྐྱོང་གནོད་སྦྱིན་ཁྱུ་མཆོག་གདན་རིག་བཅས། །ལས་ཀྱི་མཁའ་འགྲོ་ལས་འབྱོར་དམ་ཚིག་ལ། །བཀྲ་ཤིས་བརྩེགས་པའི་མཆོད་རྟེན་གྱིས་ས་འཛིན། །ལྗང་གུ་ཀདཀོ? ་ཊའི་ཀླུ་རབ་འདུད། །རོ་ཡི་སྤྱིལ་བུས་ཀུན་ནས་བཀང་བའི་ཞིང། །དེ་ན་རྣལ་འབྱོར་པ་ནི་བཟང་པོ་དང། །རྣལ་འབྱོར་མ་ནི་བརྡུད་མ་ལ་སོགས་པའོ། །དེ་དག་རྒྱང་དགེས་པ་རྡོ་རྗེའི་རྗེས་སུ་འཇུག་གཅིག་སློབ་དཔོན་མཚོ་སྐྱེས་རྗེས་སུ་དྲན་པར་བྱེད་དོ། །ཤར་ལྷོའི་དུ་འཁྲོད ་མེ་མཚམས་དཔལ་འདྲེན་དཔག་ཚད་བཅུ་གཉིས་ཁོང་ཡུག་ལ། །དཔག་ཚད་གསུམ་ནི་ཞེང་དུ་གནས། །དབྱིབས་ནི་སྐྱེས་པ་གཞོ་ནུའི་ལག་མཐིལ་ལྟ་བུ་སྟེ། གཙོ་བོ་ས་ར་ཧ་ཡིས་བྱིན་གྱིས་བརླབས། །ཤིང་ནི་ཨ་མྲའི་མདོག་ཅན་ལོ་འདབ་རྒྱས། །ཞིང་སྐྱོང ་སེར་པོ་གྲི་ཐོད་ར་སྐྱེས་གདོང། །ཕྱོགས་སྐྱོང་མེ་ལྷར་སྐྱེས་གདན་རིག་བཅས། །སྣ་ཚོགས་མཁའ་འགྲོ་རོ་ལངས་སྦྱིན་སྲེག་བྱེད། །པདྨ་སྤུངས་པའི་མཆོད་རྟེན་གྱིས་ས་འཛིན། །དཀར་པོ་པདྨ་ཆེན་པོའི་ཀླུ་རབ་འདུད། །ཡི་དགས་རོ་ཡི་སྤྱིལ་བུས་ཀུན་བཀང་ཞིང། །དེ ་ན་རྣལ་འབྱོར་པ་ནི་དྷུ་ན་ཀ་ན་ཀ་དང། རྣལ་འབྱོར་མ་ནི་པདྨ་རྡོ་རྗེ་ལ་སོགས་པའོ། །དེ་དག་ནི་རྒྱུད་བདེ་མཆོག་འཁོར་ལོའི་རྗེས་སུ་འཇུག་ཅིང་དཔལ་ས་ར་ཧ་པ་རྗེས་སུ་དྲན་པར་བྱེད་པའོ། །ལྷོ་ནུབ་ཀྱི་དུར་ཁྲོད་དབང་ལྡན་ཧ་ཧ་སྒྲོགས་ཞེས་པ་དཔག་ཚད་དྲུག་ཁོར ་ཡུག་ལ། དཔག་ཚད་བཞི་ནི་ཞེང་དུ་གནས། །དབྱིབས་ནི་པདྨ་དཀར་པོ་ཁ་བྱེ་བ་ལྟ་བུ་སྟེ། དཔལ་མཆོག་ནག་པོ་ཞབས་ཀྱི་བྱིན་གྱིས་བརླབས། །ིནྡྲ་ནཱི་ལའི་ཤིང་ནི་ལོ་འདབ་རྒྱས། །ཞིང་སྐྱོང་ནག་པོ་གྲི་ཐོད་མི་ཡི་གདོང། །ཕྱོགས་སྐྱོང་སྲིན་པོ་ཡི་དགས ་གདན་རིག་བཅས། །དམ་ཚིག་མཁའ་འགྲོ་གྱད་རྣམས་ཉེ་བར་སྟོན། །བདུད་འདུལ་ཆེན་པོའི་མཆོད་རྟེན་གྱིས་ས་འཛིན། །གཟི་ཅན་དཀར་དམར་མདོག་ཅན་ཀླུ་རབ་འདུར། །ཀེང་རུས་ཡི་དགས་ལོ་མའི་སྤྱིལ་བུས་གང། །དེ་ན་རྣལ་འབྱོར་པ་ནི་བྲམ་ཟེ་སྟོབས ་ཅན་གྱི་བུ་རྣལ་འབྱོར་པ་གསེར་མདོག་ཅན་དང། རྣལ་འབྱོར་མ་ནི་བཞིན་ཁྲོམ་ལ་སོགས་པའོ། །དེ་དག་ནི་རྒྱུད་སྙིང་པོ་གཉིས་དང། རྟ་མཆོག་གི་རྒྱུད་ཀྱི?་རྗེས་སུ་འཇུག་ཅིང་དཔལ་ནག་པོ་ཞབས་རྗེས་སུ་དྲན་པར་བྱའོ། །ནུབ་བྱང་དུར་ཁྲོད་བདེན་བྲལ་མུན་ཆེན ་ཞེས་པ་དཔག་ཚད་བཅུ་བཞི་པ་འཁོར་ཡུག་ལ། །དཔག་ཚད་བཅུ་གཉིས་ཞེང་དུ་གནས། །དབྱིབས་ནི་ཆུ་ཡི་རི་མོ་འཁྱིལ་བ་ལྟ་བུ་སྟེ། །མཁས་པ་ཀུ་ཀུར་པས་བྱིན་གྱིས་བརླབས། །ཤེལ་གྱི་མདོག་ཅན་ཤིའི་ན་ལོ་འདབ་རྒྱས། །ཞིང་སྐྱོང་སྡོན་པ་གྲི་ནོད་ཤ་བའི ་མདོག་།ཕྱོགས་སྐྱོང་རླུང་ལྷ་ཤ་བའི་གདན་རིག་བཅས། །ཐམས་ཅད་མཁའ་འགྲོ་གསང་བའི་ཆོས་སྟོན་ཅིང་།གཙུག་ཕུད་ངག་པའི་མཆོད་རྟེན་གྱི་ས་འཛིན། །པདྨ་དཀར་པོའི་ཀླུ་ནི་རབ་ཏུ་འདུར། །རྩ་སྤྱིལ་དུས་པའི་རྒྱན་སྤྲས་ཀྱིས་གང་ཞིང། །དེ་ན་རྣལ་འབྱོར་པ ་ནི་རྒྱུན་ཏུ་ཞུགས་པ་དང། རྣལ་འབྱོར་མ་ནི་ཞིང་ལ་སོགས་པའོ། །དེ་དག་ནི་རྒྱུད་རྣལ་འབྱོར་མའི་རྗེས་སུ་འཇུག་ཅིང་དཔལ་ཀུ་ཀུ་རི་རྗེས་སུ་དྲན་པར་བྱའོ། །བྱང་ཤར་གྱི་དུར་ཁྲོད་དྲུང་དུ་ཅ་ཚ་སྒྲོག་ཅེས་པ་བདག་ཚང་ཉི་ཤུ་ཁོར་ཡུག་ལ། །དཔག་ཚད་ལྔ་ནི་ཞེང་དུ ་གནས། །དབྱིབས་ནི་དགེ་སློང་གི་ལྷུང་བཟེད་ལྟ་བུ་སྟེ། མཁའ་འགྲོ་རྡོ་རྗེ་ཕག་མོས་བྱིན་གྱིས་བརླབས། །རིན་ཆེན་དུང་མདོག་ཤིང་ནི་ལོ་འདབ་རྒྱས། །ཞིང་སྐྱོང་དཀར་ཤམ་གྲི་ཐོང་རྟ་ཡི་གདོང། །ཕྱོགས་སྐྱོང་འབྱུང་པོ་རྟ་ཡི་གདན་རིག་བཅས། །འཇིག་རྟེན ་མཁའ་འགྲོ་བསྐྱོད་ཅིང་གཏོར་མ་འཛིན། །ཆོས་ཀྱི་འཁོར་ལོའི་མཆོད་རྟེན་གྱིས་ས་འཛིན། །ནོར་འཛིན་ན་རོས་མདོག་ཅན་ཀླུ་རབ་འདུད། །སོ་འཕག་བརྩེགས་པའི་སྤྱིལ་བུས་ཀུན་བཀང་ཞིང། །དེ་ན་རྣལ་འབྱོར་པ་ནི་དཔལ་ཧེ་རུ་ཀ་པ ་དང། རྣལ་འབྱོར་མ་ནི་བདག་མེད་མ་དང། བདུད་རྩི་མ་ལ་སོགས་པའོ། །དེ་ནི་རྒྱུད་ཁ་ས་མ་ཡ་ནམ་མཁའ་དང་མཉམ་པའི་རྗེས་སུ་འཇུག་ཅིང། རྡོ་རྗེ་ཕག་མོ་རྗེས་སུ་དྲན་པར་བྱེད་དོ། །དཔལ་དབུ་རྒྱན་གྱིས་རྣལ་འབྱོར་པ་དང་རྣལ་འབྱོར་མའི་རང་བྱུང་གི་ལོངས ་སྤྱོད་དུར་ཁྲོད་ཀྱི་རྟོག་པ་ཞེས་བྱ་བ། སློབ་དཔོན་བིར་བ་པས་མཛད་པ་ལས་བཏུས་པ། རྣལ་འབྱོར་པ་པྲཛྙཱ་ཤྲཱི་ཛྙཱ་ན་ཀཱི་རྟིས་རང་འགྱུར་མཛད་པའོ།། །།དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །འཁྲུལ་པ་མྱ་ང་མ་ཐང་ཆེན་ལ། །ཉོན ་