| Wylie | e-texts based on the ACIP/ALL Input |
པར་བྱ། །ལྷ་མོ་ངན་གསང་གི་ལས་ལ་སྦྱར། །ཁ་ཡི་གདོང་བ་སྲང་མདའ་ནག་མོ་ཞེས་བྱ་བ། །སློབ་དཔོན་རྟག་པའི་བཛྲས་མཛད་པ།། །།རྗེ་བཙུན་སྒྲོལ་མ་ཐུགས་རྗེ་སྒྲོལ། །དངོས་གྲུབ་སྒྲོལ་མ་གུས་བཏུ་དེ། །ཕྱག་འཚལ་སྐྱབས་འགྲོ་བྱིན་གྱིས ་རློབས། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྗེ་བཙུན་སྒྲོལ་མ་དངོས་གྲུབ་བླ་ན་མེད་པའི་གསང་ལྟར་བསླུབ་པའི། སྒྲུབ་ཐབས་ཀྱི་མན་ངག་མེ་ཏོག་གི་ཕྲེང་བ་ལྟ་བུའི་མན་ངག་ནི། འདིར་ཆོས་འདི་ལ་མོས་ཤིང་གུས་པས། སྐྱེ་བ་འདི་ཉིད་ལ་སྒྲོལ་མའི་གོ་འཕང ་ཐོབ་པར་འདོད་པས། རྒྱུ་བཞི་སྟེ་འཁོར་བ་ལ་གཤེད་མར་མཐོང་བ་དང། །ཟས་ནོར་ལ་དུག་དུ་མཐོང་བ་དང། །འཁོར་བའི་ལས་འབྲས་བུ་དན་སོང་གསུམ་དུ་མཐོང་བ་དང། བྱས་པ་དོན་མེད་ཅིང་འབྲལ་ཞིང་མི་རྟག་པར་ཤེས་པ་དང། སངས་རྒྱས ་ཀྱི་ཆོས་འདོད་པ་ཚད་པས་གདུངས་པ་ཆུ་འདོད་པ་ལྟ་བུ་བརྩོན་འགྲུས་ཅན་དེ་ལ་འབྱུང་གི་།གཞན་ལ་མ་ཡིན་པས། ཀུན་ལ་སྤེལ་ན་རང་གི་དམ་ཚིག་ཉམས་ཤིང་དངོས་གྲུབ་རིང་ལ་དོན་མེད་པར་འགྱུར་རོ། །དེ་ཡང་སྡོམ་པ་གསུམ་གྱི་ལུང་སྒྲུབ་ཐབས་ཇི ་ལྟ་བ་བཞིན་དུ་བྱས་ལ། །ལམ་དུ་བླངས་ནས་སངས་རྒྱས་སྒྲོལ་མ་ཐོབ་པར་འདོད་པ་ལ་དོན་གསུམ་སྟེ། །བསྐྱེད་པའི་རིམ་པ་ཐུན་མོང་པ་ཡིན་པའི་ཚོགས་ལམ་དང། །རྫོགས་པའི་རིམ་པ་ཐུན་མོང་མ་ཡིན་པ་ཡེ་ཤེས་ཀྱི་ལམ་དང། གཞན་མ་དད་པ་བཟློག་པ་ལས ་ཚོགས་ཡིད་བཞིན་གྱི་ནོར་བུ་ལྟ་བུ་དང་གསུམ་མོ། །སྒྲུབ་ཐབས་བཞིན་བསྐྱེད་རིམ་རྫོགས་ནས་རང་གི་ཐུགས་ཀའི་ཉི་ཟླའི་སྟེང་དུ་ཏཾ་ལྗང་སྔོན་མཛའ་མར་དཔའ་མོ་འབྲུ་ལྔའི་འོད་ཟེར་ཁ་དོག་ལྔའི་འོད་ཀྱིས་འཇའ་ཚོན་ལྟར་བསམས་ནས། སྔགས་བཟླས་ཏེ། དམིགས ་པ་དོལ་བལྟས་པས་འོང་འཕྲོས་ཏེ། འགྲོ་བ་ལྔའི་རྒྱུད་སྦྱངས་པ་དང། རང་གི་དུག་ལྔ་སྦྱངས་བསྲེགས་ཏེ། འགྲོ་བ་དྲུག་གི་ས་བོན་ཡེ་ཤེས་ལྔའི་འོད་ཀྱིས་བསྲེགས་པས། སེམས་ཅན་གྱི་དོན་ཐ་མི་དད་པའོ། །སླར་འདུས་པ་ལས། རང་གི་ཕུང་པོ་ལྔ་རྡོ་རྗེ་སྦོལ ་མ་དང། འཁོར་ལོ་སྐྲོལ་མ་དང། རིན་ཆེན་སྒྲོལ་མ་དང། པདྨ་སྒྲོལ་མ་དང། ལས་ཀྱི་སྒྲོལ་མར་གྱུར་པ་དང། སྣང་ལ་རང་བཞིན་མེད་པ་དང། གསལ་འཛིན་པ་མེད་པ་བསྒོམ། ཐུན་བཞིའི་སྦྱོར་བས་བྱའོ། །དེའི་གྲོགས་གཏོར་མ་དང། མཆོད་པ་དང། བསྐོར་བ ་དང་??་མཎྜལ་དང། བསྟོད་པ་དང། གཟུངས་དང་ཚ་ཚ་གདབ་པ་ལ་སོགས་པས་བསྐངས་ཏེ། བསྐྱེད་རིམ་ལམ་དུ་བསླང་བའོ། །རྫོགས་པའི་རིམ་པ་བསྒོམ་པ་ལ་དོན་བཞི་སྟེ། སྣ་ཚོགས་ལམ་ཁྱེར་དང། ཉི་མ་ལམ་ཁྱེར་དང། ནམ་མཁའ་ལམ་ཁྱེར་རོ། །སྣ་ཚོགས ་ནི་རྒྱ་ཆེ་སྟེ། སྐར་མ་ལྟར་སྣང་བ་སྣ་ཚོགས་འདི། །གཟུང་བའི་ཡུལ་ཆགས་སྡང་གཉིས་ལ་བརྟེན་ནས། ངན་སོང་གི་སྡུག་བསྔལ་མྱོང་བར་བྱེད་པས། དེ་ཟིལ་གྱིས་མནན་པ་ནི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པར་བྱའོ། །མྱ་ངན་འདས་པའི་ཆོས་ཀྱང་རྨི ་ལམ་ལྟ་བུར་ཤེས་པར་བྱ། །དེ་ལས་ཆེས་ལྷག་པའི་ཆོས་ཅིག་ཡོད་ནའང། སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུར་ཤེས་པར་བྱའོ། །དངོས་པོར་རང་རྒྱུད་པའི་ཞེན་པ་ལོག་སྟེ། རྒྱུ་མར་ཤེས་པར་གཟུང་བས་སྟོང་ཞིང་འཛིན་པས་དབེན་པ་ཐབས་ལྟའི་རྣལ་འབྱོར་དང ་ཤེས་རབ་སྟོང་པ་དེ་རྒྱུ་སྟོང་པ་དབྱེར་མེད་པ་ལམ་ཡིན་པར་རྒྱལ་བའི་བཀའ་ལས་གསུངས་སོ། །དེ་བས་ན་ལྷའི་ལུས་སྒྱུ་མ་ལྟ་བུ་དང། དག་སྔགས་འབྲུག་སྒྲ་ལྟ་བུ་དང། སེམས་ཏིང་ངེ་འཛིན་གསལ་བ་ནམ་མཁའ་ཨི་ངོ་བོར་འདས་པ་ནི། རྫོགས་པའི ་རིམ་པའི་ལམ་དང་པོའོ། །ལམ་གཉིས་པ་ཉི་མ་ནི། །ལུས་ཀྱི་སྒྲོལ་མ་བསྒོམ་སྟེ། འབྱུང་བ་རིམ་པར་བརྩེགས་ལ་སྒོ་གཉིས་བཅས་ལ། བདག་པོ་ནང་དུ་བསྡད་ལ། ཁང་པ་དབུས་མར་མེ་སྒྲོན་བཏང་ལ་གདུགས་ཀྱི་འོད་ཕབ་ལ་ལམ་པོ་ཆེ་ནས་འཐོན་ཏེ། ཡུལ་བཞི་རུ ་གནས་ལ། ཕྱི་རོལ་ཐམས་ཅད་ལ་མི་སྤྲད་པར་བྱས་ལ། མར་མེ་རླུང་གིས་བསྐྱོད་པར་བྱས་ལ། རང་གི་དགོན་པ་ནོར་བུ་རིན་པོ་ཆེ་དེ་ལ་རྐུན་མོས་མི་ཁྱེར་བའི་མེལ་ཚེ་ལ་བརྩོན་པར་བྱས་ལ། དབུལ་འཕོངས་པར་མི་འགྱུར་རོ། །གསུམ་པ་ཐབས་ཁྱད་པར་ཅན་གྱི ་ལམ་གྱིས། །སངས་རྒྱས་མྱུར་དུ་ཐོབ་པར་བྱ་བ་ནི། མིའི་བུ་མོ་ཤེས་རབ་སྒྲོལ་མ་བསྟེན་ལ་བྱ་སྟེ། དབང་པོ་འབྲིང་པོ་རྟོག་པ་ཟིལ་གྱིས་མནན་པ་ནི། ཚད་དང་ལྡན་པའི་བུ་མོ་དང། དམ་ཚིག་ཏུ་ལྡན་པ་གསང་སྤྱོད་ཀྱི་རྟན་དང། འབའ་ཡུལ་ལ་སུ་རུང་བའི་ཕོ་ཉས། ་སྟེང་འོག་ལས་ཐམས་ཅད་བྱ་སྟེ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྐྱེ་ཆུ་བཞིན་ཕབ་ནས། དོན་དམ་དང་གཉིས་སུ་མེད་པའི་སེམས་རྫིང་བཞིན་དུ་བསྐྱིལ་ལ། ཕྱི་ནང་གཟུང་འཛིན་སྣ་ཚོགས་ཐམས་ཅད་སྐད་ཅིག་མ་ཡེ་ཤེས་ཀྱི་འོང་དུ་བསྡུས་ནས། བདེ་བ་ཆེན་པོར ་བསྒོམ། །སྒོ་ལྔ་ཡུལ་ཐམས་ཅད་བཞི་རུ་བསྡུས་ལ་དེ་ཡང་གཅིག་གི་ངོ་བོར་གསལ་བ་ཐུན་དང་ཐུན་མཚམས་སུ་བཅད་ལ་བསྒོམ་མོ། །དང་པོ་རབ་གྱི་དབང་དུ་བྱས་ན། ནམ་མཁའ་ལམ་ཁྱེར་བསྒོམ་པར་བྱ་སྟེ། རྟེན་མེད་ལམ་དུ་འཇུག་པ་ནི། ནམ་མཁའ་རྣམ་པ ་གསུམ་སྟེ། ནང་གི་ནམ་མཁའ་དང། ཕྱིའི་ནམ་མཁའ་དང། པར་སྣང་གི་ནམ་མཁའ་ཨོ། །ནང་གི་ནམ་མཁའ་ལ་གཉིས་ཏེ། ཤེས་པར་བྱ་བ་ལ་གསུམ་དང། བཞག་པར་བྱ་བ་ལ་གསུམ་མོ། །ཤེས་པར་བྱ་བ་གསུམ་ནི། ཕྱི་ནང་བཅུང་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང ་གི་སེམས་སུ་ཤེས་པར་བྱ་བ་དང། སམས་ཉིང་སྤྲོས་པ་ཉེ་བར་ཞི་བ་དང། དེ་བདེ་ཆེན་ཟུང་འཇུག་འོང་གསལ་བའོ། །བཞག་པར་བྱ་བ་གསུམ་ནི། ནང་ཟབ་མོའི་གཏན་ཚིགས་གསུམ་སྟེ། བླ་མ་དམ་པའི་གདམས་ངག་གིས་ཐོག་མ་བར་གསུམ་དབྱིབས་དང་ཁ་དོག་ངོས ་གཟུང་རྟེན་བཙལ་བ་ལ་སོགས་པ་དང། ཟབ་མོ་དབང་གི་དུས་དང། སྣང་སྟོང་དབྱེར་མེད་ཀྱི་མཚམས་ནི་གཉུག་མའི་སྒྲོལ་མ་སྟེ། འཁོར་བ་ལས་སྒྲོལ་བའི་སྒྲོལ་མའོ། །ཕྱིའི་ནམ་མཁའ་ལ་བཞི་སྟེ། དཔེ་དོན་ལ་བསྲེ་བ་དང། དོན་དཔེ་ལ་བསྟིམ་པ་དང། དེ་གཉིས་དབྱེད ་མེད་དུ་གནས་ལ་གནས་པ་དང། ཉིད་གསུམ་གཅིག་ཏུ་གོ་བར་བྱ་བའོ། །བར་སྣང་གི་ནམ་མཁའ་ལ་དྲུག་སྟེ། བེམས་པོའི་སྣ་རྩེ་དང། འོད་ཀྱི་སྣ་ཙེ་དང། དྲན་པའི་སྣ་རྩེ་དང། དུས་ཀྱི་སྣ་རྩེ་དང། དབྱིབས་ཀྱི་སྣ་རྩེ་དང། མྱོང་བའི་སྣ་རྩེ་དང། ཐུན་དུ་བཅང་ལ ་བསྒོམ་པའོ། །དེ་དག་ལ་འབང་པས་བསྐྱེད་པའི་རིམ་པ་བརྟན་ཞིང་ཞལ་མཐོང་བ་དང། སྣང་རྟགས་ཐམས་ཅད་སྒྱུ་མར་མྱོང་བ་དང། ངོ་བོ་མ་སྐྱེས་པའི་ཆོས་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ནས། མཐོང་བ་དག་ནས་ས་དང་ལམ་ལ་འཇུག་སྟེ། མཐར་ཕྱིན་པར ་འགྱུར་རོ། །ང་ནི་གསུམ་པ་ལས་ཀྱི་ཚོགས་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པས། འགྲོ་བ་མ་དད་པ་དང་པར་བྱ་བ་དང། དང་པ་ཕྱིར་མི་ལྡོག་པར་བྱ་བ་དང། སྐྱེ་བོ་ངན་པ་བསྟན་པ་ལ་སྡང་བཚར་བཅད་པར་བྱ་བའི་ཕྱིར། ཕན་གདགས་དང་ཚར ་བཅང་བར་བྱ་སྟེ། རྒྱལ་བའི་བཀའ་དང་བླ་མའི་གདམས་ངག་གི་རྗེས་སུ་འབྲང་སྟེ། སྣོད་དང་མི་མཚུངས་པ་རྣམས་ལ་བསྟན་པ་ན་རང་ངན་སོང་དུ་འགྲོ་སྟེ། སྔོན་གྱི་པཎྜི་ཏ་རྣམས་སོང་བའི་གཏམ་རྒྱུད་ལས་ཤེས་པར་བྱའོ། །མཆེམས་མེད་པ་བྱེད་པའི་སྐྱེ་བོ་བླ ་མ་དང་ཆོས་ཀྱི་བར་ཆད་བྱེད་པ་དེ། ཁ་སྦྱོར་དབྱེ་བར་འདོད་ན་བདག་རྗེ་བཙུན་མའི་བསྐྱེད་རིམས་བརྟན་པ་དང། ཐུགས་ཀའི་འཁོར་ལོ་འབུམ་ཚོ་དྲུག་འཐན་པས་ངེས་ཤེས་རབ་ངོས་ནི་དུས་ཀྱི་གནད་དང་སྦྱར་བ་སྟེ། རྗེ་བཙུན་མ་འབྱུང་བ་ལྔའི་ལྷ་མོ་དེས་ཡང་མེ་ལྷ ་གཏམ་གྱི་ངོ་བོར་རྒྱུ་བ་ན། ཁྲོ་མོ་ཆེན་མོ་དབྱིངས་ཀྱི་འོད་ཀྱིས་གྲི་གུག་གིས་སྙིང་ནས་དྲལ། །སྔགས་ལ་ཆེ་གེ་མོ་ཨ་མུ་ཀཾ་མཱ་ར། ཞེས་པ་ནི་གཉིས་ཞེས་བྱའོ། །བཀུག་སྟེ་ཀ་པཱ་ལར་བཅུག་སྟེ། རལ་གྲིས་གཏུབས་ལ། ཁོའི་སྲོག་རླུང་གི་དོན ་སྙིང་ལྔ་སྲོག་པ་རྩ་ནས་དྲངས་ནས། ཁྲོ་མོའི་ཞལ་དུ་གསོལ་ཏེ། ཤ་ཟོས་ཁྲག་རྡུབས་དུས་པ་འཆོས། ཤེས་པ་རླུང་ལ་བསྟིམས་པ་སྟེ། ལྷ་མོའི་ཐུགས་ནམ་མཁའ་སྟོང་པར་ཕྱལ་གྱིས་གཏང་སྟེ། ནམ་ཕྱེད་ན། བརྒྱ་འམ་སྟོང་དུ་བྱ། ཉིན་ཕྱེད་དང། ཐོ་རང་སུ་བྱས་ན ་བསྒྲུབ་བྱ་ལུས་སེམས་ཁ་སྦྱར་བྱེད་པར་འགྱུར་རོ། །ད་ནི་འདོད་པའི་ཡོན་ཏན་ལྔ་སྟེ་བཟའ་བ་དང་བཏུང་བ་དང། དྲི་ཞིམ་པ་དང་གོས་དང། ཡུལ་དང་མི་ཡིད་དུ་འོང་བ་དང། དགྲ་དང་ཐམས་ཅད་དབང་དུ་རང་ཇི་ལྟ་བར་བསྒྲུབ་པ་ནི། ཡིད་བཞིན་ནོར་རྙེད་པ་ལྟ་བུ་སྟེ། རྣལ་འབྱོར ་པ་ཆོས་ཀྱི་བར་ཆད་འཚོ་བས་མི་འབྱུང་བ་ནི། སྔར་བསྟན་པ་ལྟ་བུ། ཐུགས་ཀ་ནས་ཉི་ཟླའི་སྟེང་ན་འོད་ཟེར་ལྔའི་འཁོར་ལོ་གནས་པ་ལས། འོད་ཟེར་ལྔ་འཕྲོས་ཏེ་རང་གར་འདོད་པའི་རང་གི་ག་པཱ་ལ་དུམ་བུ་གཅིག་པ་མཛེས་ཤིང་རྒྱ་ཆེ་བའི་ནང་དུ་འོངས་པར་བསམས་ཏེ། ་ཐམས་ཅད་རང་གིས་སིདྡྷི་ཧཱུཾ་ཞེས་འོངས་པར་བསམས་བཙམ་གྱིས། །རྒྱལ་པོའི་བསོད་ནམས་ཙམ་ཡང་འབྱུང་བར་འགྱུར་རོ། །དེ་བས་ན་ཡིད་དུ་འོང་བ་ཐམས་ཅད་ལ་ཞེས་པའོ། །དེ་གང་གིས་འགྲུབ་ན་ལྷ་གསལ་བ་དང། ངག་བརྟན་པས་སྟེ་བཟླས་པས་འགྲུབ ་པ་དང། དུས་ཀྱི་གནད་ལ་ངལ་སོ་ནུས་པ་དེས་སོ། །ད་ནི་རྣལ་འབྱོར་བ་འཇིགས་པ་ཆེན་པོ་བརྒྱད་དང། མི་རྒོད་མ་རུངས་པ་བཅིངས་ཞིང་བཟློག་པར་བྱ་སྟེ། དབེན་པར་བག་ཡོངས་སུ་རྒྱུ་བ་ནི། བདག་གང་ཡང་རུང་བའི་ལམ་དུ་རྒྱུ་བའི་དུས་སུ། གོམ་པ་འབོར་ཁར་རྗེ ་བཙུན་སྒྲོལ་མ་ཡིང་ལ་དྲན་པར་ཐལ་གྱིས་བྱ་བ་དང། གཡས་པའི་རོགས་པོ་སྤངས་ལ། དེ་མ་ཡིན་པའི་རོགས་ཀྱིས་ཐད་ཀར། སྤྱི་གཙུག་ཨུཏཔ་ལའི་ཕྱག་རྒྱ་བཅིང་ལ། ཡི་དམ་གྱི་གསོལ་བ་གདབ། གོས་ཀྱི་བཤམ་གྱི་སྣ་ལ་ནང་གི་ཡི་གེ་པཾ་ལས་པདྨའི་སྟེང ་རུ་ཏཾ་ལྗང་སྔོན་བསམས་ལ། དེའི་འོད་ཀྱིས་འཇིགས་པ་བརྒྱད་གང་འོད་དུ་བོས་པ་དེ་གོས་ཁུང་དུ་ཧྲིལ་གྱི་དྲིལ་ལ། རྒྱུ་བ་གཉིས་ཀ་བཅད་ལ། བསྒྲུབ་བྱ་མཚམས་ཚུན་ཆད། །ཕྱག་མཚན་རུས་ཕྲེང་གིས་བཅད་དེ། །འགུལ་མི་ཤེས་པར་བྱས་ནས། ལམ་གྱི་ས་ཆུམས། ་ཅིག་བཏུམས་ལ་སྔགས་བདུན་ནམ་ཉི་ཤུ་རྩ་གཅིག་བརྗོད་དོ། །མདུད་པ་དམར་པོ་བཅིངས་ལ་སྔགས་ཨ་མུ་ཀཾ་པཱ་ཤཾ་མ་ནཱ་ཡ་སྭཱཧཱ། དེ་རྣམས་རེས་འཇོག་མ་ཡིན་པར་དུས་གཅིག་ཏུ་བྱ་བའི་མན་ངག་གོ། །འཇིགས་པ་ཐར་ནས་མདུད་པམ་བཀྲོལ་ན་སྡིག་པ་ཆེའོ། ། ་རྟེན་འབྲེལ་དེ་རྣམས་ཚང་ན་ཐེ་ཚོམ་མེད་དོ། །ད་ནི་ཤེས་རབ་བློ་འཕེལ་བསྒྲུབ་པར་བྱ་སྟེ། ཡང་སྔར་བསྟན་པའི་རྣལ་འབྱོར་དང་ལྡན་པས། ཆོས་ཀྱི་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པར་བྱ་བ་ནི། ཚེས་གཅིག་ནས་གཟུང་ན། ཙན་ཏྲ་རུས་པའི་བར་དུ་སྒྲུབ ་པར་བྱ་སྟེ། ཞག་ལྔར་ཆུ་གཙང་ལ་སྔགས་བཏབ་ཏེ། ཐོ་རངས་དུས་ཀྱི་གནད་ལ་སྦྱར་སྟེ་བཏུང་ངོ། །དེ་ནས་ཞག་ལྔར་དཀར་གསུམ་ལ་བཏགས་ཏེ་དུས་གསུམ་དུ་བཏུ་ངོ། །དེ་ནས་ཞག་ལྔར་སྦྱར་རྩི་གཞན་གྱིས་མ་འཕགས་པ་ལ་སྔགས་བཏབ་ལ་བཏུང་སྟེ། དེའི ་སྔགས་ནི་འདིའོ། །ོཾ་པྲཛྙཱ་པཱུཥྚི་པཱུ་ཥྚཾ་ཀུ་རུ་སྭའ་ཧཱ། ཞེས་མཐར་རྟེན་གྱིས་བཟླས་ཏེ། ཐོ་རངས་འཐུངས་ན་འགྲུབ་པོ། །ནང་མ་རེ་ལ་ཤལོ་ཀ་སུམ་སྟོང་ཟིན་ནོ། །གལ་ཏེ་མ་གྲུབ་ན་ཡོན་ཏན་ལ་སོགས་པ་སྟེ། སྔར་བསྟན་པ་ལྟར་བསྙེན་པ་གྲུབ་ནས། རང་ཇི་ལྟར་འདོད་པ ་བཞིན་དུ་འདོད་པ་ཐམས་ཅད་བསྒྲུབས་ནས། རྟེན་ལྷ་མོ་བྱིན་བརླབས་ལྡན་པ་ལ། གཡོན་པའི་ས་དང། མོའི་དུས་སུ་མཆོད་པ་དང། གཏོར་མས་མཉེས་པར་བྱས་ལ། བསྟོད་པ་དང་གསོལ་བ་བཏབ་སྟེ། སྔགས་ཀྱི་མཛའ་རྟེན། དེ་མ་ཏ་རེ་ཨེ་ཀ་ཛ་ཊི་མ་ནི་སནདྷི་ཧཱུཾ་ནས ་པས་འགྲུབ་པོ་ཆུ་ཤེལ་གྱི་སྦྱོར་བ་བཞིན་ནོ། །གཞན་ཡང་འགྲོ་བ་ཐམས་ཅད་དབང་དུ་བསྡུ་བར་འདོད་ན། སྔགས་འདི་མཐར་བརྟེན་བྱ་སྟེ། ན་མོ་བྷ་ག་ཉར་ཏེ། ཨུཥྞི་ཥ་ས་དྷ་རེ་དྷ་ར་ན་ཏྭི་ཡེ་སྭཱཧཱ། གི་ཝཾ་ལ་ལན་བརྒྱ་རྩ་བརྒྱད་བསྔགས་ནས་དཔྲལ་བའི་ཐིག་ལེ ་བྱས་ན། གང་ལ་ལྟས་པ་དེ་དགའ་བར་འགྱུར་རོ། །མིག་རྫས་ལ་ལན་བརྒྱ་རྩ་བརྒྱད་བསྔགས་ཏེ། མིག་ལ་བཀུས་ན་གང་འཕྲད་པ་དེ་དགའ་བར་འགྱུར་རོ། །ཆུ་ཁྱོར་གང་ལ་སྔགས་ལན་བདུན་བཟླས་ཏེ། འཐུངས་ན་མ་སླང་བར་ཟས་རྙེད་པར ་འགྱུར་རོ། །ཚོགས་ཀྱི་ནང་དུ་འགྲོན། རང་གི་གོས་ཀྱི་མཛའ་མ་ནས། ལག་པ་གཡོན་པས་བཟུང་ལ་ཉི་ཤུ་རྩ་གཅིག་བཟླས་ཏེ་ཕྱིན་ན་ཚིག་བཙན་ཞིང་བདེན་པར་འགྱུར་རོ། །ཤགས་འདེབས་ན་ལན་ཐེབས་ཤིང་མི་འདའ་བར་འགྱུར་རོ། །ལམ་དུ་འགྲོ་ན་དུས་དང་སྦྱང ་ན་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །གཟུངས་རིངས་རྟག་ཏུ་བཟླས་ན། བདུད་དང་ནག་པོའི་ཕྱོགས་ཀྱི་མི་ཚུགས་ཤིང། དགྲ་དང་བགེགས་ཀྱིས་མི་ཐུབ་པར་འགྱུར་རོ། །གཞན་ཡང་ཕན་ཡོན་དང། ཕན་ཡོན་གྱིས་ཉམས་སུ་བླང་པའི་མན་ངག་།བླ་མ་དམ་པ་རྣམས་ལས ་ཇི་ལྟར་ཤེས་པར་བྱའོ། །ལས་ཚོགས་པའོ། །སངས་རྒྱས་ཀུན་གྱི་ཐུགས་རྗེ་ཉེར་བསྡུས་པ། །རྗེ་བཙུན་སྒྲོལ་མ་དྲན་པས་འདོད་སྒྲུབ་མ། །དེའི་སྒྲུབ་ཐབས་དཀའ་འགྲེལ་མན་ངག་ཉམས་སུ་བླང་ཐབས་འཇུག་ཚུགས་འདིས། །མུན་པ་བསལ་ནས་འགྲོ་བའི་དོན་བཀོད་བདག ་གིས་སློབ་པར་ཤོག་།རྗེ་བཙུན་མ་སྒྲོལ་མའི་མན་ངག་མེ་ལོང་དངས་པ་ཞེས་བྱ་བརྫོགས་སོ།། །།བེམས་པོའི་སྣ་རྩེ་དང་འོད་ཀྱི་དང། དྲན་པའི་དང། དུས་ཀྱི་དང། དབྱིབས་ཀྱི་དང། མྱོང་བའི་སྣ་རྩེའོ། །རྟག་པའི་བཛྲ་ནས་བརྒྱུད་པའི་དངོས་གྲུབ་བརྟན ་གཟིགས་ཀྱི་རྒྱུད་བསྐོར་འདི། །རྨ་དང་བ་རི་གཉིས་ཀྱི་ལུགས། །དྷཱ་རྨམཱ་ཀཱི་རྟི་ཞེས་བྱ་བས། །བཅའ་དང་བླ་མ་གུས་སྟོན་ལ། །ཞུས་པ་རིན་ཆེན་ལྟ་བུ་འདི། །སྒྲོལ་མའི་ཞབས་ལ་གཏུགས་པར་སྨོན།། །། *། །རྒྱ་གར་སྐད་དུ། སེ་དནྟ་ཤྲཱི་ཡེ ་