CLOSE WINDOW

N1407: thugs rje sgrol ma las sna tshogs pa'i sgrub thabs
Wyliee-texts based on the ACIP/ALL Input

སྐྱབ་ཐབས། །དཔལ་རྟག་པའི་རྡོ་རྗེ་ལུང་བསྟན་པས་བཀོད་པ། གསང་པ་ཟ་མ་ཏོག་ཅས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོར་དན་དྷ་ར་དང། །ལོ་ཙ་བ་རྨས་བསྒྱུར་བའོ།། །།*། །རྒྱ་གར་སྐད་དུ། ཀཱ་རུ་ཎ་སྭ་དྷ་ནཾ་ཀ་རྨ་བི་ཉ ་བོད་སྐད་དུ། ཐུགས་རྗེ་སྒྲོལ་མ་ལས་སྣ་ཚོགས་པའི་སྒྲུབ་ཐབས། །རྗེ་བཙུན་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །དབེན་པའི་གནས་སམས་ཕྱོགས་སུ། །སྲོག་ཆགས་སྤངས་པའི་སལ་ནི། །རིན་ཆེན་འབྲུལ་དྲི་དང་བཅས། །ཆུ་གཙང་ལ་ནི་སྔགས་ནི་བཟླས ་ཨོཾ་ཧྲིཾ་ཏྲཾ་ཧཱུཾ་ཕཊ་ཨོཾ་ཨཱ(རྒྱུད་འགྲེལ་དེ་ལ་བསྟིམ། །དེ་ནས་འབི་བྱ་བ་དང། །ལྐོལ་ཕོར་སྔགས་ཀྱིས་འོང་ཀྱིས་སྦྱང། །སྔགས་འདིས་ཚ་ཚ་གདབ་པར་བྱ། །ོཾ་ཧྲིཾ་ཏྲིཾ་ཧཱུཾ་ཕཊ་ཧྲཱི(རྒྱུད་འགྲེལ་པ་རྒྱས་པར་བྱ། །མེ་ཏོག་ལ་ནི་རྟེན་འབྲེལ་སྔགས། །ལན་བདུན་བཟླས་ཏེ་གཏོང་བས་ན། །རབ་ཏུ་གནས་པར་བྱ་བའོ། །རྟེན་ལ་བསྐོར་བ་བྱེད་པ་ནི། །ལྷ་ཡི་ང་རྒྱལ་ལྡན་པ་ཡིས། །སྙིང་གའི་སྔགས་ལས་འོང་འཕྲོས་པས། །རྟེན་དེ་སྟོང་བ་ཉིད་དུ་བསམ། །སྟོང ་པའི་དང་ལས་མཾ་ལས་ནི། །པདྨ་འདབ་བརྒྱད་བསམ་པར་བྱ། །དེ་སྟེང་ཧཱུཾ་སྔོན་ཞུ་བ་ལས། །ཐོད་པ་གྲི་གུག་སྐུ་དུ་བསམ། །སྙིང་གར་སྔགས་ཀྱི་འཁོར་ལོ་ལས། །འོད་འཕོས་སངས་རྒྱས་ཐམས་ཅད་དགུག་།བསྟིམ་ལ་མཆོད་པ་བསྟོད་པ་བྱ། །དེ་ནས ་བསྐོར་ང?་ཐ་མ་ལ་གྱིས། །བསྟོང་དང་སྔགས་བཟླས་གུས་པར་བྱ། །ཏིང་འཛིན་ལྷ་ཡི་ཐུགས་ཀ་ནས། །འོད་བྱུང་རང་ག་ལ་ཕོག་པ་ཡིས། །སྒྲིབ་དག་སྒྲོལ་མའི་སྐུ་རུ་གསལ། །སྔགས་འདིས་རབ་ཏུ་བསྐོར་བར་བྱ། །ོཾ་ཧྲིཾ་ཏྲིཾ་ཧཱུཾ་ཕཊ་ཨོཾ་ཨཱ(རྒྱུད་འགྲེལ་དེ་ལྟར་བསྐོར་བའི་ཆོ་གའོ། །སྦྱིན་སྲེག་ཆོ་ག་བྱ་བ་ནི། །ཡང་གྱི་ངོ་ཡི་ཚེས་བརྒྱད་ནས། །ཉ་ཡི་བར་དུ་བརྩམ་པར་བྱ། །སྣོད་གཙང་རས་ཀྱི་སྡོང་བུ་ལ། །མར་དཀར་གྱིས་ནི་མར་མེ་སྦར། །མེ་ལོང་ཁུད་དུ་ཏིལ་ལི་ན། །སྡིག་པ་ཡིན་ནི་གཟུགས་བྱས་ལ། ། ་མདུན་དུ་བཞག་ལ་སྤྱི་བོར་ནི། །ཀཾ་བསམས་ཞུ་བས་ལུས་ལ་ཐིམ། །དེ་ཡི་འོད་ཀྱིས་བདག་གིས་ནི། །སྡིག་པ་ཐམས་ཅད་ཤད་པ་ཡི། །ལམ་ནས་སྡིག་གཟུགས་དེ་ལ་བསྟིམ། །མེ་མར་ཧཱུཾ་ལས་སྒྲོལ་མར་བསྐྱེད། །ཡེ་ཤེས་དགུག་ལ་སོགས་པ་ནི། །སྔོན་གྱི་ཇི ་བཞིན་ཤེས་པར་བྱ། །དེ་ནས་སྡིག་པ་སྔགས་འདིས་བསྲེག་།ོཾ་ཧྲིཾ(རྒྱུད་འགྲེལ་ཀར་མེ་ཏོག་སྔོན་པོ་ལ། །སྔགས་བཏབ་ནམ་མཁའ་ཨི་ཕྱོགས་སུ་གཏོར། །ོཾ་ཧྲིཾ་ཧྲུཾ་རཀྵ་ས་མ་ཡ་བྷཡ་ཏེ་དྷ་ར་ཧུཾ་ཧུཾ་ཧུ་ཕཊ་ཕཊ། ལྷ་ཡིང་རྒྱལ་ལྡན་པས་སུ། །སྐུ་གཙུགས་མདུན་དུ་མཆོད་པ་དང། །གསོལ་བ་གང་ཅིང་འབར་པ། །ཁྲོ་མོ་ལྷ་ལ་བསྟོད་པ། །ཆོས ་ཉིད་མཉམ་པའི་ངང་ལས་ཀྱང། །མཛེས་མ་ཁྲོ་མོ་སྒྲོལ་མ་མཆོག་།ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །སྐུ་མདོག་དྲག་པོའི། བྲོ་ཚུལ་ཅན། །བོད་ཐུང་གསུས་འཕྱང་འགྱིང་བག་ཅན། །མགོ་ཕྲེང་བརྒྱ་ཡིས་སྐུ་ལ་བརྒྱན། །དུར་ཁྲོད་རོ་ཡི་དཀྱིལ་ན་བཞུགས། །སྐུ་གསུམ ་འཆང་བའི་ལྷ་མོ་ཁྱོད། །ཞལ་གཅིག་སྤྱན་གསུམ་ཧེ་ཧེ་སྒྲ། །ཡན་ལག་ཀླུ་བརྒྱད་རྒྱན་དང་ལྡན། །སྐུ་སྣད?་སྟག་གི་པགས་པས་དཀྲིས། །ལྗགས་འདྲིལ་མཆེ་པ་རབ་ཏུ་གཙིགས། །ཕྱག་བཞི་དང་པོ་ཕྲེང་བ་སྟེ། །ཐུགས་རྗེ་འགྲོ་འདྲེན་གྲི་གུག་གིས། །ཉོན ་མོངས་བག་ཆགས་རྩད་ནས་གཅོད། །མཛས་པའི་དང་རྟགས་ཨུཏཔལ་དང། །ཐོད་པ་དུག་ལྔ་རྣམ་འཛོམས་རྟགས། །ཁྲོ་མོ་ཁྱོད་ལ་དུས་གསུམ་དུ། །བདག་ནི་དྲན་བགྱིད་སྐྱབས་སུ་མཆི། །དུས་རྣམས་གདུག་པའི་བར་ཆད་རྣམས། །ཞི་བར་ཁྲོ་མོ་ཁྱོད་ཀྱིས ་མཛད། །རྒྱ་གར་བསིལ་བའི་སེང་ལྡེང་ཕུག་དུ་སློབ་དཔོན་རྟག་པའི་བཛས་མཛད་པ་པ་རྫོགས་སོ།། །།མཁས་པ་ཆེན་པོ་པ་རི་ལོ་ཙ་བས་བསྒྱུར་བའོ།། །།དུར་ཁྲོད་འཇིགས་པའི་གནས་ཉིད་དུ། །དྲག་པོ་བདུད་ཀྱི་ཉི་མ་ལ། །དཀྱིལ ་