CLOSE WINDOW

N1406: sgrol ma'i gsang ba'i sgrub thabs
Wyliee-texts based on the ACIP/ALL Input

རྩ་བསམས་ལ། །ཞུ་བས་འཁོར་ལོ་རྩིབས་བཞིར་གྱུར། །ལྟ་བ་སྟོང་པའི་ནང་ཉིད་དུ། །བདག་ཉིད་ལྷ་ཡི་རྣལ་འབྱོར་གནས། །རྩིབས་གཉིས་རྩེ་ལ་གྲི་གུག་བསམ། །གཉིས་པ་རལ་གྲི་མེ་འབར་བསམ། །འབར་བ་མེ་དང་འོད ་འཁྲུགས་ནས། །འཁོར་ལོ་དེ་ལ་མཚོན་ཆ་ནི། །ཆར་བ་བ་བ་ཕས་གསེར་པར་བསམ། །དེ་ནས་སྔགས་འདིས་འཁོར་ལོ་བསྐོར། །ོཾ་ཧྲི་ཏྲཾ་དྷ་ར་དྷ་ར། །ཙ་ཀྲ་ལོ་ག་མཱ་ར་ཡ་མཱ་ར་ཡ། བྷྲུཾ་བྷྲུཾ། རྩི་པི་ཙེ་རི། ཏ་ར་ཏ་ར། ཕཊ་ཕཊ་སྭཱཧཱ། དེ་ལྟར་དྲག་པོའི་སྔགས ་བཟླས་པས། །འཁོར་ལོ་སྐད་ཅིག་མི་སྤོང་འཁོར། །མཚོན་ཆའི་ཆར་དང་འོད་འཁྲུགས་པས། །གཞན་གྱི་རིག་སྔགས་སྨོད་པ་དང། །གདོན་དང་པར་ཆོང་གང་ཡིན་པ། །བཀུག་ལ་འཁྲོ་ལོ་མཚེན་ཆས་བཏུལ། །ཏིང་འཛིན་གསལ་དང་བཟླས་པ་ནི། ། ་བརྟོན?་བས་རབ་ཉུ་འདད?་ཕར་བྱ། །དེ་ལྟར་ཞག་ནི་ལྔ་ཙམ་བདུན། །གསུམ་གསུམ་བར་དུ་བྱས་གྱུར་ན། །ཕྱག་ན་རྡོ་རྗེའི་སྟོབས་ཀྱང་རྡུགས། །ཕྱིར་བཟློག་འཁོར་ལོ་སློབ་དཔོན་རྟག་པའི་རྡོ་རྗེས་མཛད་པ་རྫོགས་སོ།། །།མཁས་པ་ཆེན ་པོ་རྣ་པན་ཚས་འབར་གྱིས་བསྒྱུར་པའོ།། །།རྒྱ་གར་སྐད་དུ། ཏཱ་ར་གུ་ཏྱ(རྒྱུད་འགྲེལ་བང་ཆོང་ཉེར་འཚེ་ཞི་བ་དང། །འདོད་པའི་ཡོན་ཏན་འཕོལ་འགྱུར་ཞིང། །ཕྲིན་ལས་རྣམ་བཞི་བསྒྲུབ་པའི་ཕྱིར། །ལྷ་མོ་གསར་བའི་སྒྲུབ་ཐབས་བཤད། །དང་པོ་ཉམས་པའི་སྐྱོན་བྲལ་ཞིང། །བརྩོན་འགྲུས་ལྡན་པའི་སྐྱེས་བུ་ཡིས། །ཤིན་ཏུ ་དབེན་པའི་ས་ཕྱོགས་སུ། །མཎྜལ་ཁྲུ་གར་ཚང་དུ་བྱ། །དྲི་ཆེན་དྲི་ཆུས་ཆ་ག་ཆག་གདབ། །མཆོད་པ་ལྔ་ལྡན་ངས་རིས་དགྲམ། །ཕྱི་ནང་བར་ཆོད་ཞི་བར་བལྟ། །སྟན་ལ་ལེགས་འདུག་ནུབ་ཏུ་ལྟ། །སྐད་ཅིག་ལྷ་བསམ་འོད་ཀྱིས་སུ། །སྲིད་གསུམ ་ཞིང་སྦྱར་སྤྱན་དྲངས་ལ། །ཡན་ལག་བདུན་པོ་བློ་ཡིས་བྱ། །ཚང་མེད་བཞི་བསམ་སྟོང་ཉིད་བསྒོམ། ། ལས་མེ་བྱུང་གྲུ་གསུམ་དབྱིབས། །དཀར་པོ་བསམས་ལ་དེ་སྟེངས་སུ། ། བསམ་ཞུ་བས་ལྷ་མོ་བསྐྱེད། །མདོག་སྨུག་པོང་ཐུང་ཐོད་ཕྲེང་ཅན། །ཞལ་གཅིག ་ཕྱག་གཉིས་རྒོད་པའི་གདངས། །རུས་པའི་ཕྲེང་བས་སྐུ་བརྒྱན་ཅིང། །མེ་དཔུང་འབར་བའི་གདན་ལ་བཞུགས། །ཕྱག་གཡས་མདའ་གཞུ་རབ་ཏུ་འཛིན། །ུཏཔལ་ཐོད་པ་བྱང་སེམས་གང། །གཡོན་པ་ཐོད་དཀར་འཛིན་པ་བསྐྱེད། །སྙིང་གར་ཨེ་ཡི་ཆ་བྱད་ལ། ། ཡི ་མཚན་མ་འོད་འཕྲོས་པས། །ཡེ་ཤེས་དྲངས་པ་མཆོད་པ་ནི། །ཚིག་ཏུ་མ་ཡིན་བློ་ཡིས་དབུལ། །བཞིས་བསྟིམ་བྱིན་བརླབས་དབང་བསྐུར་བྱ། །བསྐྱེད་ལ་གསང་སྔགས་ཡིད་ལ་བཟླས། །ཁ་དོག་ལྔ་ལྡན་སྙིང་གར་བསམ། །བསྟོད་ལ་བཟླས་པ་བྱ་བ་ནི། །ོཾ་ཨཱ(རྒྱུད་འགྲེལ་སིཏུ་ཧཱུཾ། འབྲུ་བདུན་དངོས་གྲུབ་འབྱུང་བར་བྱེད། །བཞི་འམ་གཅིག་དང་བདུན་ན་འགྲུབ། །ཐུན་པར་གཏོང་མ་ཡང་དབུལ། །མིང་དང་གཏམ་ཡང་གསང་སྤྱོང་བྱ། །བཞེ་ལས་མེ་སུང་བདེ་བ་ད་བབ། བསྒྱིལ་ལ་ལྷན་སྐྱེས་བདེ་བ་བསྒོམ། །ེ་ཡི་ཨ་ལས་འོད་འཕྲོས ་པས། །འདོང་པའི་ཡོན་ཏན་དེ་བཀུག་ལ། །མཚན་ལྡན་སྣོད་དུ་བཀུག་བྱས་ལ། །རྟགས་རྫོགས་ལོངས་སྤྱོད་གཞན་དུ་མིན། །ཕྲིན་ལས་རྣམ་བཞི་སྐབས་དང་སྦྱར། །རིན་ཆེན་དང་འདྲ་བསྒྲུབ་པའི་ཐབས། །འཇིགས་པ་ཀུན་སྒྲོལ་བདེ་བ་སྟར། །ནད་མེད་གདོན་རྣམས་རང ་བཞིན་འགྱུར། །ཕོངས་པ་ཀུན་སྒྲོལ་འབྱོར་པར་ལྡན། །སངས་རྒྱས་ཀུན་གྱི་དབང་བསྐུར་འགྱུར། །སྦུབ་ཐབས་འགྲོ་ལ་ཕན་ཕྱིར་བཀོད། །ལྷག་པའི་ལྷ་ཡི་ཞལ་མཐོང་ཤོག་།བར་ཆད་ཉེ་བར་ཞི་གྱུར་ནས། །འགྲོ་རྣམས་དེ་ཡི་ཞལ་མཐོང་ཤོག་།སྒྲོལ་མ་གསང་པའི ་སྐྱབ་ཐབས། །དཔལ་རྟག་པའི་རྡོ་རྗེ་ལུང་བསྟན་པས་བཀོད་པ། གསང་པ་ཟ་མ་ཏོག་ཅས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོར་དན་དྷ་ར་དང། །ལོ་ཙ་བ་རྨས་བསྒྱུར་བའོ།། །།*། །རྒྱ་གར་སྐད་དུ། ཀཱ་རུ་ཎ་སྭ་དྷ་ནཾ་ཀ་རྨ་བི་ཉ ་