| Wylie | e-texts based on the ACIP/ALL Input |
སྲང་མངའ་ཨི་ལས། །གུ་རུ་ལྷུ་ཤོ་རིས་མཛད་པའོ།། །།རྒྱ་གར་སྐད་དུ། ཀཱ་རུ་ཎ་ཏཱ་ར་སཱ་དྷ་ནཾ། བོད་སྐད་དུ། ཐུགས་རྗེ་སྒྲོལ་མའི་སྒྲུབ་ཐབས་ཞེས་བྱ་བ། ཐུགས་རྗེ་ཉེ་འགྱུར་ཁྲོ་མོ་ལྷ་མོར་སྟོན། །མཐོ་རིས་ཐར་པའི་བགེགས ་རྣམས་སྒྲོལ་མཇད་མ། །འཇིགས་པ་ཆེན་པོ་བརྒྱང་སྐྱོབ་ཅིང། །འདོད་ཡོན་ལྔའི་གདུང་བ་སེལ། །ཕྲིན་ལས་བཞི་ཡིས་འགྲོ་དོན་མཛད། །རྟག་ཏུ་སེམས་ཅན་མདུན་དུ་ཞུགས། །གསོལ་བ་བཏབ་པས་མི་བསླུ་བའི། །སྒྲོལ་མ་རལ་གཅིག་མ་ལ་འདུད། ། ་བླ་མ་བརྒྱུང་བའི་བཀའ་དྲིན་གྱིས། །སྙན་རྒྱུད་ཞལ་ནས་ལུང་བསྟན་པའི། །སངས་རྒྱས་ཉིད་ཀྱི་གསུངས་པ་ནི། །གཉིས་པོ་འབྲེལ་འདོད་དོན་དུ་བྲི། །གསང་བ་བས་ཀྱང་ཆེས་གསང་བ། །ཟབ་པ་བས་ཀྱང་ཟབ་པ་ཉིད། །མཆོད་པ་བཞིན་དུ་འདོད ་པ་ཡིས། །ཐེག་ཆེན་རིགས་ལྡན་སྨིན་པ་ངེས། །ལྷ་ཡི་ཚན་མ་དུར་ཁྲོད་དང། །ཁང་སྟོང་དབེན་ལ་བཀྲ་ཤིས་པར། །མཆོད་ཡོན་ཞལ་ཟས་ལྡན་པ་ལ། །བསྡམ་བྱ་བསྡམ་པར་བྱས་ནས་ཀྱང། །འཇམ་པའི་སྟན་ལ་འདུག་ནས་ནི། །སྐད་ཅིག་ལེགས་ཉན་བདུན་པོ ་གསལ། །འོད་ཀྱི་སྲིད་གསུམ་གསལ་ནས་སུ། །བསྡུས་ཏེ་ཐམས་ཅད་སྟོང་སྔགས་གསལ། །དང་པོ་པདྨ་དམར་པོའི་སྟེང། །ས་བོན་པདྨ་ནང་དུ་ཧཱུཾ། །གྲི་གུག་ཧཱུཾ་བཅས་བྱུང་བ་ནི། །རལ་གཅིག་སྒྲོལ་མ་རྗེ་བཙུན་མ། །གཡོན་བརྐྱང་མགོ་བོ་ཕྲེང་བས་བརྒྱན། །ཐུང་ཞིང ་གསུས་པ་འཆང་ལྡིར་འཇིགས། །པདྨ་སྔོན་པོ་རི་ཡི་གདན། །ཕྱིན་ར་གསང་བའི་སྐུ་མདོག་འཆང། །ཞལ་གཅིག་སྤྱན་གསུམ་ཧེ་ཧེ་བཞད། །ཀླུ་བརྒྱད་སྟག་གི་པགས་པས་དཀྲིས། །བཅུ་དྲུག་གཉིས་པ་འོ་མས་བརྒྱན། །ལྔས་བརྒྱན་ལྗགས་འདྲིལ་མཆེ་གཙིཊ ་འཇིགས། །རུས་ཆེན་ཕྲེང་བ་རལ་གྲི་གུག་།རབ་རྟགས་བདེ་སྐྱོང་ཁམ་རལ་གཅིག་།དམར་ཟླུམ་མེ་སྟག་ཕུང་པོ་ཅན། །དབུ་རྒྱན་དུར་ཁྲོད་རིན་ཆེན་སྤྲས། །དགུག་དང་གཞུག་དང་མཆོད་བསྟོད་ནས། །ཡི་གེ་གསུམ་ནི་སྔགས་ཆེན་པོ། །ཕཊ་ནི་མཛའ་རུས་སྙིང་ཀར ་གནས། །འོད་ཟེར་ལྔ་དང་མཉམ་དུ་མཆུངས། །མི་ཤེས་བུད་ཤིང་བསྲེག་པའོ། །རྣལ་འབྱོར་སྤྱོད་པའི་རྗེས་འབྲངས་ནས། །དེ་ཡི་བཏུ་བའི་ཆོ་ག་བཤད། །དང་པོ་ས་ཡི་བར་ཕྱོགས་སྦྱིན། དབྱངས་ཡིག་བཞི་པས་རྣ་པར་བརྒྱན། །ར་ལ་ཞོན་ཅིང་འགྲོ་བའི་འོད། །ཐིག ་ལེ་ཟླ་ཚེས་ཡང་དག་ལྡན། །དེ་ནས་ཏྲཾ་ཡིག་སྦྱིན་པར་བྱ། །བཞི་པ་ཉིད་ཀྱི་རྣམ་པར་བརྒྱན། །རིང་པོ་དག་དང་ཡང་དག་ལྡན། །ཧཱུཾ་ཡིག་ཡང་ནི་སྦྱིན་པར་བྱ། །ཕཊ་ཀྱི་ཡི་གེ་དེ་ནས་སྦྱིན། །ཡོངས་རྫོགས་གྲུབ་པའི་སྔགས་ཉིད་དོ། །སྤྲོ་དང་བསྡུ་བའི་སྦྱོར་བ་ཡིས། ། ་དྲུག་པ་གསུམ་ན་འགྲུབ་པར་འགྱུར། །གསུམ་ཁ་གསལ་ཞིང་བརྟན་པས་སོ། །མཆོག་ཐུགས་གསུམ་སྟེ་ཁ་དོག་ལྔ། །ལྔ་སྤྱངས་ལྔ་གསལ་ལྔ་རུ་འགྲུབ། །ནམ་མཁའ་འབྲུག་སྒྲ་སྤྲིན་སངས་པ། །ཉི་མ་ཟླ་བ་གསལ་ཞིང་རྒྱས། །ཤེས་རབ་དངོས་ན་གནས་པ་ཡིས། །འབྱུང་བའི་ལྷ ་མོ་གཤེགས་བྱོན་ནས། །རང་ཉིད་དབྱིངས་ཀྱི་རྣམ་པ་ཡི། །གཉིས་ཀྱི་གཅིག་ཏུ་གཏུབས་ལ་རོལ། །ལྔ་ལས་ལྔ་འབྲོས་ལྔ་བཀུག་ལ། །བྷ་གར་ཐིམ་ནས་ལོངས་སྤྱོད་བདེ། །ཡིད་དུ་འོང་བ་ཐམས་ཅད་ལ། །དབྱིབས་དང་ངག་ནི་བརྟན་པས་བྱ། །རྒྱུ་བའི་བར་ཆོད་མི་རྒོད་དང། ། ་ས་དང་རྣལ་མ་སྐྱེ་ཚེར་དང། །དབང་པོའི་ཏིང་འཛིན་སྔགས་དང་བཅས། །གསལ་ན་ཐེ་ཚོམ་མི་བྱའོ། །གཅིག་ནས་ཕྱེད་དུ་འཇམ་དབྱངས་བསྒྲུབ། །ཆུ་གཙང་དཀར་གསུམ་སྒྱུར་རྩིལ། །སྔགས་བཟླས་བསྒྲུབས་ཏེ་ཐོ་རངས་བཏུང། །རིགས་གསུམ་གཙོ་བོར་ལྟ་བུར་འགྱུར། །ོཾ ་པྲཛྙ་བུཥྚིང་ཀུ་རུ་ལེ་སྭཱཧཱ། ཕན་ཡོན་བཞིན་དུ་འདོད་ཡིས། །སྐུ་གཟུགས་སྤྱན་སྔར་མཆོད་པ་དབུལ། །རྒྱུ་བ་བཟང་དུས་གསོལ་བཏབས་འགྲུབ། །བར་ཆོད་གཟུངས་ཀྱི་ཞི་བར་འགྱུར། ། མུ་ཀི་པ་ཤ་མན་ཡ་སྭཱཧཱ། །ཚང་པ་ཁྱབ་འཇུག་ཉི་ཟླས་ཀྱང། །དྲག་པོ་ཕྱོགས ་སྐྱོང་འདོད་ལྷས་ཀྱང། །པ་སྤུ་རྩེ་མོ་གནོད་མི་ནུས། །འཆི་བདག་ལས་རྒྱལ་འགྲོ་བ་བཞིན་།སྐྲ་དཀར་གཉེན་མ་སྐད་ངན་ནད། །དབུལ་བ་ལ་སོགས་མདོར་བསྡུས་པ། །ནང་སོགས་འཇིགས་པ་ཆེ་བརྒྱད་དུ། །སྡུག་བསྔལ་རབ་ཏུ་འཇོམས་པར་བྱེད། །བསྐུལ་བ་མེད་པར ་གོས་བཏུང་དང། །ཁང་བཟང་རིན་ཆེན་ཡོངས་དང་འདུ། །རལ་གྲི་དང་ནི་མིག་སྨན་དང། །རྐང་པ་བུམ་པ་བཟང་སོགས་འགྲུབ། །ཚིགས་བཅད་མཁན་དང་སྙན་ངགས་མཁན། །བློ་རྣོ་ཤེས་རབ་དྲི་མེད་འགྱུར། །གཞན་ཡང་ཅི་འདོད་དངོས་གྲུབ་ལ། །འཁོར་ལོ་ལས་ནི ་འབྱུང་བར་འགྱུར། །བདག་ལ་དྲི་བའི་མཐུ་མེད་ཀྱང། །བཀའ་རང་ཨབླ་མའི་གདམས་པ་ཡིས། །རལ་པ་གཅིག་མའི་སྒྲུབ་ཐབས་དཀོད། །འགལ་གཟིགས་མཁས་རྣམས་བཟོད་པ་མཛོད། །དང་པོའི་ལས་ཅན་དམན་དང་བར་མ་མཆོག་དག་ལས། །དངོས་གྲུབ་སྐལ་པ་སོ ་སོར་མོས་པ་རྣམས། །དང་ཅིང་མོས་པ་ཐམས་ཅད་མཐར་ཕྱིན་རྩེ་མོ་དགོད་པར་བྱ་ཕྱིར་བྲིས། །ཕན་ཡོན་དགོས་པ་འདི་ཡིས་གང་གིས་བསྒྲུབས་པ་མྱུར་དུ་འགྲུབ་པར་ཤོག་ཐུགས་རྗེ་སྒྲོལ་མའི་སྒྲུབ་ཐབས་དངོས་གྲུབ་ཕྲེང་བ་ཞེས་བྱ་བ། སློབ་དཔོན ་རྟག་བ་བཛྲ་མཛད་པ་རྫོགས་སོ། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་དོན་ཡོད་རྡོ་རྗེ་དང། བོད་ཀྱི་ལོ་ཙ་བ་མཁས་པ་པ་རིས་རྒྱ་དཔེ་པོང་དུ་སྦྱན་དྲངས་ནས། པ་སྤུག་རང་གི་གསེར་ཁང་དུ་བསྒྱུར་ཞིང་གཏན་ལ་ཕབ་པའོ།། །།རྗེ་བཙུན་མ ་